ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 21 · folio 182a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་ལ་ཆགས་པ་དང་མ་ཆགས་པ་དེ་དག་ཀྱང་མཆིས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་

སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་ནི་གང་ཡིན་མ་ཆགས་པ་ནི་གང་ཡིན། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་

པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མྱི་མཁས་པས། གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འདུ་ཤེས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འདུ་བྱེད་སྟོང་པ་

ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱིག་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣ་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྣ་སྟོང་པ་ཞེས་བྱ་བར་འདུ་ཤེས་

ན་ཆགས་པའོ། །ལྕེ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལུས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྒྲ་སྟོང་པ་ཞེས་

བྱ་བར་འདུ་ཤེས་ན་ཆགས་པའོ། །དྲི་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རོ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རེག་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཆོས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱིག་གི་

རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྣའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལྕེའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་

Vol. 21 · folio 182b

འདུ་ཤེས་ན་ཆགས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །

རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལྕེའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་

པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་

ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སའི་ཁམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཆུའི་ཁམས་སྟོང་པ་ཞེས་བྱ་

བར་འདུ་ཤེས་ན་ཆགས་པའོ། །མྱེའི་ཁམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རླུང་གི་ཁམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ནམ་མཁའི་ཁམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཤེས་པའི་

ཁམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མ་རིག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འདུ་བྱེད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱིང་

Vol. 21 · folio 183a

དང་གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྐྱེ་མཆེད་དྲུག་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རེག་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་

ན་ཆགས་པའོ། །སྲེད་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལེན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྲིད་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྐྱེ་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྒ་

ཤི་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་

འདུ་ཤེས་ན་ཆགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་

ན་ཆགས་པའོ། །ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཕྱི་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་

པར་འདུ་ཤེས་ན་ཆགས་པའོ། །ཆེན་པོ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དོན་དམ་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འདུས་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འདུས་

མ་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དོར་བ་མྱེད་པ་སྟོང་

Vol. 21 · folio 183b

པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རང་བཞིན་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་

འདུ་ཤེས་ན་ཆགས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡང་དག་པར་སྤོང་བ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྫུ་འཕྲུལ་ཀྱི་རྐང་

པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དབང་པོ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྟོབས་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་

ཆགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འཕགས་པའི་བདེན་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བསམ་གཏན་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་

པའོ། །ཚད་མྱེད་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཐར་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མངོན་པར་ཤེས་པ་རྣམས་

Vol. 21 · folio 184a

སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཏིང་ངེ་འཛིན་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །གཟུངས་ཀྱི་སྒོ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་བཞིན་གཤེགས་པའི་སྟོབས་

རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མྱི་འཇིགས་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བྱམས་པ་ཆེན་པོ་སྟོང་པ་ཞེས་བྱ་

བར་འདུ་ཤེས་ན་ཆགས་པའོ། །སྙིང་རྗེ་ཆེན་པོ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་པ་ཞེས་བྱ་བར་འདུ་

ཤེས་ན་ཆགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དགྲ་བཅོམ་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །

རང་བྱང་ཆུབ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མྱི་མཁས་པས། འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཚེས་

ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་ལྟར་བྱུང་པའི་ཆོས་རྣམས་ལ་དེ་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་

Vol. 21 · folio 184b

དམྱིགས་པའི་ཚུལ་དུ་སེམས་དང་པོ་བསྐྱེད་པ་ཉེ་བར་བཟུང་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ནང་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ཕྱི་ནང་

སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །འདུས་མ་བྱས་

སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་ན་

ཆགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ངོ་བོ་

ཉིད་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ན་ཆགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ན་ཆགས་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་

སྤྱོད་ན་ཆགས་པའོ། །དབང་པོ་རྣམས་ལ་སྤྱོད་ན་ཆགས་པའོ། །སྟོབས་རྣམས་ལ་སྤྱོད་ན་ཆགས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ན་ཆགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན་ཆགས་པའོ། །འཕགས་པའི་

Vol. 21 · folio 185a

བདེན་པ་རྣམས་ལ་སྤྱོད་ན་ཆགས་པའོ། །བསམ་གཏན་རྣམས་ལ་སྤྱོད་ན་ཆགས་པའོ། །ཚད་མྱེད་པ་རྣམས་ལ་སྤྱོད་ན་ཆགས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །རྣམ་

པར་ཐར་པ་རྣམས་ལ་སྤྱོད་ན་ཆགས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་ན་ཆགས་པའོ། །མངོན་པར་

ཤེས་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་ན་ཆགས་པའོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ན་ཆགས་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་ན་ཆགས་པའོ། །མྱི་འཇིགས་པ་རྣམས་ལ་སྤྱོད་ན་ཆགས་

པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །བྱམས་པ་ཆེན་པོ་ལ་སྤྱོད་ན་ཆགས་པའོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་ན་ཆགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ན་ཆགས་པའོ། །རྒྱུན་ཏུ་ཞུགས་

པའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །དགྲ་བཅོམ་པ་ཉིད་ལ་སྤྱོད་ན་ཆགས་པའོ། །རང་བྱང་ཆུབ་ལ་སྤྱོད་ན་ཆགས་པའོ། །ལམ་

གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ན་ཆགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་

རྣམས་ཀྱི་ཆགས་པ་མྱེད་པ་གང་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །ཚོར་བ་ལ་

Vol. 21 · folio 185b

ཚོར་བ་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །འདུ་ཤེས་ལ་འདུ་ཤེས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །འདུ་བྱེད་ལ་འདུ་བྱེད་ཅེས་བྱ་བར་འདུ་ཤེས་པ་མྱེད་དོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །འདས་པའི་

ཆོས་རྣམས་ལ་འདས་པའི་ཚེས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །དེ་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་པ་ཞིག་སྦྱིན་ནོ། །སྦྱིན་པ་འདི་ལྟ་བུ་ཞིག་སྦྱིན་ནོ་ཞེ་འམ།

བདག་གིས་ནི་ཚུལ་ཁྲིམས་ཤིག་བསྲུང་ངོ་། །ཚུལ་ཁྲིམས་འདི་ལྟ་བུ་ཞིག་བསྲུང་ངོ་ཞེ་འམ། བདག་གིས་ནི་བཟོད་པ་ཞིག་བསྒོམ་མོ། །བཟོད་པ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེ་འམ། བདག་གིས་ནི་བརྩོན་འགྲུས་ཤིག་བརྩམ་མོ། །བརྩོན་འགྲུས་འདི་

ལྟ་བུ་ཞིག་བརྩམ་མོ་ཞེ་འམ། བདག་གིས་ནི་བསམ་གཏན་ལ་མཉམ་པར་གཞག་གོ །བསམ་གཏན་འདི་ལྟ་བུ་ཞིག་ལ་མཉམ་པར་གཞག་གོ་ཞེ་འམ། བདག་གིས་ནི་ཤེས་རབ་ཅིག་བསྒོམ་མོ། ཤེས་རབ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེ་འམ། བདག་

གིས་ནི་བསོད་ནམས་ཤིག་བསྐྱེད་དོ། །བསོད་ནམས་འདི་ལྟ་བུ་ཞིག་བསྐྱེད་དོ། །བསོད་ནམས་འདི་ཙམ་ཞིག་བསྐྱེད་དོ། །བདག་གིས་ནི་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་པར་བྱའོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་

བྱའོ། །བདག་གིས་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེ་འམ། བདག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་

Vol. 21 · folio 186a

མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་

པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་

པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱེད་ཅིང་མྱི་རྒྱུ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དག་

ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆགས་པ་མྱེད་པ་དག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་

རྣམ་གྲངས་གང་གིས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པར་འགྱུར་བ་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་

འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་སེམས་སུ་འདུ་ཤེས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འདུ་

ཤེས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་དང་། ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཕྱི་སྟོང་པ་ཉིད་དུ་འདུ་ཤེས་པ་དང་།

Vol. 21 · folio 186b

ཕྱི་ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཆེན་པོ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དོན་དམ་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། འདུས་བྱས་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། འདུས་མ་བྱས་སྟོང་པ་ཉིད་དུ་འདུ་ཤེས་

པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། རང་བཞིན་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདུ་ཤེས་

པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་འདུ་ཤེས་

པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་སུ་འདུ་ཤེས་པ་དང་། ཡང་དག་པར་སྤོང་བ་རྣམས་སུ་འདུ་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་འདུ་ཤེས་པ་དང་། དབང་པོ་རྣམས་སུ་འདུ་ཤེས་པ་དང་། སྟོབས་རྣམས་སུ་འདུ་ཤེས་པ་དང་། བྱང་ཆུབ་

ཀྱི་ཡན་ལག་རྣམས་སུ་འདུ་ཤེས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པར་འདུ་ཤེས་པ་དང་། འཕགས་པའི་བདེན་པ་རྣམས་སུ་འདུ་ཤེས་པ་དང་། བསམ་གཏན་རྣམས་སུ་འདུ་ཤེས་པ་དང་། ཚད་མྱེད་པ་རྣམས་སུ་འདུ་ཤེས་པ་དང་།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་འདུ་ཤེས་པ་དང་། རྣམ་པར་ཐར་པ་རྣམས་སུ་འདུ་ཤེས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་འདུ་ཤེས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་

དང་། སྨོན་པ་མེད་པར་འདུ་ཤེས་པ་དང་། མངོན་པར་ཤེས་པ་རྣམས་སུ་འདུ་ཤེས་པ་དང་། ཏིང་ངེ་འཛིན་རྣམས་སུ་འདུ་ཤེས་པ་དང་། གཟུངས་ཀྱི་སྒོ་རྣམས་སུ་འདུ་ཤེས་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་འདུ་ཤེས་པ་དང་། མྱི་

Vol. 21 · folio 187a

འཇིགས་པ་རྣམས་སུ་འདུ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་སུ་འདུ་ཤེས་པ་དང་། བྱམས་པ་ཆེན་པོར་འདུ་ཤེས་པ་དང་། སྙིང་རྗེ་ཆེན་པོར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

བཅྭོ་བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འདུ་ཤེས་པར་གྱུར་ཏེ། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དག་ཏུ་འདུ་ཤེས་ནས། དགེ་བའི་རྩ་བ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས་བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་ཡོངས་སུ་བསྔོ་བ་དེར་ཡང་འདུ་ཤེས་པ་དེ་དག་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པ་སྟེ། ཆགས་པ་དེ་དག་ལ་ཆགས་པར་གྱུར་ན།

ཆགས་པ་མྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་ཤེས་ཀྱི་རང་བཞིན་

ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་བྱེད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བའི་རང་བཞིན་ཡོངས་སུ་བསྔོ་

བར་མྱི་ནུས་སོ། །སྣའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལུས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །གཟུགས་ཀྱི་རང་བཞིན་

ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྒྲའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དྲིའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རེག་གི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆོས་

Vol. 21 · folio 187b

ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མིག་གི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་

མྱི་ནུས་སོ། །ལྕེའི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་འདུས་ཏེ་རེག་

པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་འདུས་ཏེ་རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་འདུས་ཏེ་རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་

སོ། །ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་

བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་

མྱི་ནུས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སའི་ཁམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་

ནུས་སོ། །ཆུའི་ཁམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱེའི་ཁམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རླུང་གི་ཁམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ནམ་མཁའི་ཁམས་ཀྱི་རང་བཞིན་ཡོངས་སུ་

Vol. 21 · folio 188a

བསྔོ་བར་མྱི་ནུས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མ་རིག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་བྱེད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིང་དང་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྐྱེ་མཆེད་དྲུག་གི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རེག་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྲེད་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལེན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྲིད་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྐྱེ་བའི་རང་བཞིན་ཡོངས་སུ་

བསྔོ་བར་མྱི་ནུས་སོ། །རྒ་ཤིའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བཟོད་པའི་ཕ་རོལ་ཏུ་

ཕྱིན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ནང་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྟོང་པ་ཉིད་

སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་

Vol. 21 · folio 188b

བར་མྱི་ནུས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་

མྱི་ནུས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་གི་

མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ངོ་བོ་ཉིད་སྟོང་པ་ཉིད་

ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་

རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དབང་པོ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྟོབས་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

བསམ་གཏན་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚད་མྱེད་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་

Vol. 21 · folio 189a

པར་ཐར་པ་བརྒྱད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་

པ་དང་། སྨོན་པ་མྱེད་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་རང་

བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱི་འཇིགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་

ཡོངས་སུ་བསྔོ་བར་མྱི་ནུས་སོ། །བྱམས་པ་ཆེན་པོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྙིང་རྗེ་ཆེན་པོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་

སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དགྲ་བཅོམ་

པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་བྱང་ཆུབ་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་

སུ་བསྔོ་བར་མྱི་ནུས་སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་ཏམ། ཡང་དག་པར་བསྐུལ་ལམ། ཡང་དག་པར་སྤྲོ་བ་བསྐྱེད་

Vol. 21 · folio 189b

དམ། ཡང་དག་པར་དགའ་བར་བྱ་ན། ཡང་དག་པར་རྗེས་སུ་སོང་བའི་ཡིད་ཀྱིས་གཞན་ཡང་དག་པར་བསྟན་པར་བྱའོ། །ཡང་དག་པར་བསྐུལ་བར་བྱའོ། །ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །དེ་ཡང་

ཅི་ནས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་

ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ནང་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་།

ཕྱི་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཕྱི་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། སྟོང་པ་ཉིད་སྟོང་

པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དོན་དམ་པ་སྟོང་པ་ཉིད་

Vol. 21 · folio 190a

ལ་སྤྱོད་པའི་ཚེ། བདག་ནི་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་འདུས་བྱས་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་

འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་མཐའ་ལས་འདས་པ་སྟོང་པ་ཉིད་

ལ་སྦྱོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ།

བདག་ནི་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རང་བཞིན་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཆོས་ཐམས་ཅད་སྟོང་

པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་

མྱི་འགྱུར་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་

དོ། །ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་

Vol. 21 · folio 190b

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཡང་

དག་པར་སྤོང་བ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་

རྟོག་པར་མྱི་འགྱུར་བ་དང་། དབང་པོ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་དབང་པོ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། སྟོབས་རྣམས་ལ་སྤྱོད་པའི་ཚེ། བདག་ནི་སྟོབས་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་

བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པའི་ཚེ། བདག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པའི་ཚེ། བདག་ནི་འཕགས་པའི་ལམ་

ཡན་ལག་བརྒྱད་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་འཕགས་པའི་བདེན་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། བསམ་གཏན་

རྣམས་ལ་སྤྱོད་པའི་ཚེ། བདག་ནི་བསམ་གཏན་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་ཚད་མྱེད་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། གཟུགས་

མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པའི་ཚེ། བདག་ནི་རྣམ་པར་ཐར་པ་བརྒྱད་

Vol. 21 · folio 191a

ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པའི་ཚེ། བདག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་

མྱི་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པའི་ཚེ། བདག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་

མྱི་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པའི་ཚེ། བདག་ནི་ཏིང་ངེ་འཛིན་རྣམས་ལ་སྤྱོད་དོ་ཞེས་བྱ་བར་

རྣམ་པར་རྟོག་པར་མྱི་འགྱུར་བ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པའི་ཚེ། བདག་ནི་དེ་

བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་མྱི་འཇིགས་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། སོ་སོ་ཡང་དག་པར་

རིག་པ་རྣམས་ལ་སྤྱོད་པའི་ཚེ། བདག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པའི་ཚེ། བདག་ནི་བྱམས་པ་ཆེན་པོ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། སྙིང་རྗེ་ཆེན་

པོ་ལ་སྤྱོད་པའི་ཚེ། བདག་ནི་སྙིང་རྗེ་ཆེན་པོ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པའི་ཚེ། བདག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་

Vol. 21 · folio 191b

རྟོག་པར་མྱི་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་ལན་ཅིག་

ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ལ་སྤྱོད་

པའི་ཚེ། བདག་ནི་དགྲ་བཅོམ་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རང་བྱང་ཆུབ་ལ་སྤྱོད་པའི་ཚེ། བདག་ནི་རང་བྱང་ཆུབ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་

སྤྱོད་པའི་ཚེ། བདག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་

འགྱུར་བ་དེ་ལྟར་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྐུལ་བར་བྱ། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ། ཡང་དག་པར་དགའ་བ་བསྐྱེད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་གཞན་བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་པར་བྱའོ། །ཡང་དག་པར་བསྐུལ་བར་བྱའོ། །ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །དེ་ཡང་དག་པར་བསྟན་པ་དེ་དང་ཡང་དག་པར་བསྐུལ་བ་དེ་དང་། ཡང་དག་

པར་སྤྲོ་བ་བསྐྱེད་པར་བྱ་བ་དེ་དང་། ཡང་དག་པར་དགའ་བ་བསྐྱེད་པར་བྱ་བ་དེས་གཞན་ཡང་དག་པར་སྟོན་ཅིང་ཡང་དག་པར་བསྐུལ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་ཅིང་ཡང་དག་པར་དགའ་བར་བྱེད་པའི་ཚེ། རྨ་འབྱུང་བར་མྱི་འགྱུར་ཞིང་སངས་རྒྱས་

Vol. 21 · folio 192a

ཀྱིས་གནང་བའི་ཡང་དག་པར་བསྐུལ་བས་ཡང་དག་པར་བསྐུལ་བ་ཡིན་ཏེ། དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ།། །།ཤེས་རབ་ཀྱི་

ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་ལྔ་པ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ། །ཞེས་བྱ་བ་གནང་སྟེ། རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ལ་ཆགས་པའི་རྣམ་པ་དེ་ལྟ་བུ་དག་སྟོན་པ་ལེགས་སོ་ལེགས་སོ། །རབ་འབྱོར་དེ་བས་ན་ཁྱོད་ལ་ཆགས་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་དག་བསྟན་པར་བྱས། དེ་དག་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །བཅོམ་ལྡན་འདས་

དེ་ལྟར་བགྱིའོ་ཞེས་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་གྱུར་པ་དེ་སྲིད་དུ་ཆགས་པའོ། །གང་ཡང་འདས་པ་དང་མ་བྱོན་པ་དང་

ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆགས་པ་ཐམས་ཅད་དང་བྲལ་བ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མཚན་

མར་ཡིད་ལ་བྱེད་ཅིང་། ཡིད་ལ་བྱས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །གང་ཡང་དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་དང་དེ་མ་

Vol. 21 · folio 192b

ཡིན་པའི་སེམས་ཅན་གཞན་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཚན་མར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །

དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེ་དག་ནི་མཚན་མར་ཡིད་ལ་བྱ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དགེ་བའི་རྩ་བ་ཡང་མཚན་མར་ཡིད་ལ་བྱ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་

ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བྱས། མངོན་པར་འདུ་མ་བྱས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བར་མྱི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་སངས་

མ་རྒྱས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་པོ་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །

གང་རང་བཞིན་མ་ཡིན་པ་དེ་ནི་མ་བྱས་པའོ། །གང་མ་བྱས་པ་དེ་ནི་མངོན་པར་འདུ་མ་བྱས་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་རང་བཞིན་གཅིག་པོ་རང་བཞིན་མ་ཡིན་པ་མ་བྱས་པ་མངོན་པར་འདུ་མ་བྱས་

པ། ཤེས་ན་ཆགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་དེ་ནི་འདི་ལྟར་ཤེས་

Vol. 21 · folio 193a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་རྟོགས་རྣམ་པར་མ་ཤེས། མངོན་པར་སངས་མ་རྒྱས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མྱི་ཁྱབ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ། །གཟུགས་ཀྱིས་མ་ཤེས་སོ། །ཚོར་བས་མ་ཤེས་སོ། །འདུ་ཤེས་ཀྱིས་མ་ཤེས་སོ། །འདུ་བྱེད་ཀྱིས་མ་ཤེས་སོ། །རྣམ་པར་ཤེས་པས་མ་

ཤེས་སོ། །མྱིག་གིས་མ་ཤེས་སོ། །རྣ་བས་མ་ཤེས་སོ། །སྣས་མ་ཤེས་སོ། །ལྕེས་མ་ཤེས་སོ། །ལུས་ཀྱིས་མ་ཤེས་སོ། །ཡིད་ཀྱིས་མ་ཤེས་སོ། །གཟུགས་ཀྱིས་མ་ཤེས་སོ། །སྒྲས་མ་ཤེས་སོ། །དྲིས་མ་ཤེས་སོ། །རོས་

མ་ཤེས་སོ། །རེག་གིས་མ་ཤེས་སོ། །ཆོས་ཀྱིས་མ་ཤེས་སོ། །མྱིག་གི་རྣམ་པར་ཤེས་པས་མ་ཤེས་སོ། །རྣ་བའི་རྣམ་པར་ཤེས་པས་མ་ཤེས་སོ། །སྣའི་རྣམ་པར་ཤེས་པས་མ་ཤེས་སོ། །ལྕེའི་རྣམ་པར་ཤེས་པས་མ་ཤེས་སོ། །

ལུས་ཀྱི་རྣམ་པར་ཤེས་པས་མ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པས་མ་ཤེས་སོ། །མྱིག་གི་འདུས་ཏེ་རེག་པས་མ་ཤེས་སོ། །རྣ་བའི་འདུས་ཏེ་རེག་པས་མ་ཤེས་སོ། །སྣའི་འདུས་ཏེ་རེག་པས་མ་ཤེས་སོ། །ལྕེའི་འདུས་ཏེ་རེག་

པས་མ་ཤེས་སོ། །ལུས་ཀྱི་འདུས་ཏེ་རེག་པས་མ་ཤེས་སོ། །ཡིད་ཀྱི་འདུས་ཏེ་རེག་པས་མ་ཤེས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །སྣའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །སའི་

Vol. 21 · folio 193b

ཁམས་ཀྱིས་མ་ཤེས་སོ། །ཆུའི་ཁམས་ཀྱིས་མ་ཤེས་སོ། །མྱེའི་ཁམས་ཀྱིས་མ་ཤེས་སོ། །རླུང་གི་ཁམས་ཀྱིས་མ་ཤེས་སོ། །ནམ་མཁའི་ཁམས་ཀྱིས་མ་ཤེས་སོ། །རྣམ་པར་ཤེས་པའི་ཁམས་ཀྱིས་མ་ཤེས་སོ། །མ་རིག་

པས་མ་ཤེས་སོ། །འདུ་བྱེད་ཀྱིས་མ་ཤེས་སོ། །རྣམ་པར་ཤེས་པས་མ་ཤེས་སོ། །མྱིང་དང་གཟུགས་ཀྱིས་མ་ཤེས་སོ། །སྐྱེ་མཆེད་དྲུག་གིས་མ་ཤེས་སོ། །རེག་པས་མ་ཤེས་སོ། །ཚོར་བས་མ་ཤེས་སོ། །སྲེད་པས་མ་ཤེས་སོ། །

ལེན་པས་མ་ཤེས་སོ། །སྲིད་པས་མ་ཤེས་སོ། །སྐྱེ་བས་མ་ཤེས་སོ། །རྒ་ཤིས་མ་ཤེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཤེས་སོ། །ནང་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ཕྱི་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་

ཀྱིས་མ་ཤེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ཆེན་པོ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །འདུས་བྱས་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །

མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །རང་བཞིན་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་མ་

ཤེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་མ་ཤེས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་

Vol. 21 · folio 194a

མ་ཤེས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་མ་ཤེས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་མ་ཤེས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་མ་ཤེས་སོ། །དབང་པོ་རྣམས་ཀྱིས་མ་ཤེས་སོ། །སྟོབས་རྣམས་

ཀྱིས་མ་ཤེས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་མ་ཤེས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་མ་ཤེས་སོ། །འཕགས་པའི་བདེན་པ་རྣམས་ཀྱིས་མ་ཤེས་སོ། །བསམ་གཏན་རྣམས་ཀྱིས་མ་ཤེས་སོ། །ཚད་མྱེད་པ་རྣམས་ཀྱིས་

མ་ཤེས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་མ་ཤེས་སོ། །རྣམ་པར་ཐར་པ་བརྒྱད་ཀྱིས་མ་ཤེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་མ་ཤེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མྱེད་པ་དང་། སྨོན་པ་མྱེད་པས་མ་ཤེས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་མ་ཤེས་སོ། །ཏིང་ངེ་འཛིན་རྣམས་ཀྱིས་མ་ཤེས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱིས་མ་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུས་མ་ཤེས་སོ། །མྱི་

འཇིགས་པ་རྣམས་ཀྱིས་མ་ཤེས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་མ་ཤེས་སོ། །བྱམས་པ་ཆེན་པོས་མ་ཤེས་སོ། །སྙིང་རྗེ་ཆེན་པོས་མ་ཤེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་མ་ཤེས་སོ། །རྒྱུན་ཏུ་ཞུགས་

པའི་འབྲས་བུས་མ་ཤེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་མ་ཤེས་སོ། །ཕྱིར་མྱི་འོང་བའི་འབྲས་བུས་མ་ཤེས་སོ། །དགྲ་བཅོམ་པ་ཉིད་ཀྱིས་མ་ཤེས་སོ། །རང་བྱང་ཆུབ་ཀྱིས་མ་ཤེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་མ་ཤེས་

སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་བདུན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་

Vol. 21 · folio 194b

ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་གཟུགས་མྱི་དམྱིགས་

པ་དང་། ཚོར་བ་མྱི་དམྱིགས་པ་དང་། འདུ་ཤེས་མྱི་དམྱིགས་པ་དང་། འདུ་བྱེད་མྱི་དམྱིགས་པ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། མྱིག་མྱི་དམྱིགས་པ་དང་། རྣ་བ་མྱི་དམྱིགས་པ་དང་། སྣ་མྱི་དམྱིགས་པ་དང་། ལྕེ་མྱི་དམྱིགས་པ་དང་།

ལུས་མྱི་དམྱིགས་པ་དང་། ཡིད་མྱི་དམྱིགས་པ་དང་། གཟུགས་མྱི་དམྱིགས་པ་དང་། སྒྲ་མྱི་དམྱིགས་པ་དང་། དྲི་མྱི་དམྱིགས་པ་དང་། རོ་མྱི་དམྱིགས་པ་དང་། རེག་མྱི་དམྱིགས་པ་དང་། ཆོས་མྱི་དམྱིགས་པ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་

དམྱིགས་པ་དང་། རྣ་བའི་རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། སྣའི་རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པ་

དང་། མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། སྣའི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། ཡིད་

ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་།

ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པ་དང་། སའི་ཁམས་མྱི་དམྱིགས་པ་དང་། ཆུའི་

Vol. 21 · folio 195a

ཁམས་མྱི་དམྱིགས་པ་དང་། མྱེའི་ཁམས་མྱི་དམྱིགས་པ་དང་། རླུང་གི་ཁམས་མྱི་དམྱིགས་པ་དང་། ནམ་མཁའི་ཁམས་མྱི་དམྱིགས་པ་དང་། རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་པ་དང་། མ་རིག་པ་མྱི་དམྱིགས་

པ་དང་། འདུ་བྱེད་མྱི་དམྱིགས་པ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པ་དང་། མྱིང་དང་གཟུགས་མྱི་དམྱིགས་པ་དང་། སྐྱེ་མཆེད་དྲུག་མྱི་དམྱིགས་པ་དང་། རེག་པ་མྱི་དམྱིགས་པ་དང་། ཚོར་བ་མྱི་དམྱིགས་པ་དང་། སྲེད་པ་མྱི་དམྱིགས་པ་དང་།

ལེན་པ་མྱི་དམྱིགས་པ་དང་། སྲིད་པ་མྱི་དམྱིགས་པ་དང་། སྐྱེ་བ་མྱི་དམྱིགས་པ་དང་། རྒ་ཤི་མྱི་དམྱིགས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་དང་། བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་མྱི་དམྱིགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་དང་། ནང་སྟོང་པ་ཉིད་མྱི་དམྱིགས་པ་དང་། ཕྱི་སྟོང་པ་ཉིད་མྱི་

དམྱིགས་པ་དང་། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དང་། ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་པ་དང་། དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་པ་དང་། འདུས་མ་

བྱས་སྟོང་པ་ཉིད་མྱི་དམྱིགས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། རང་བཞིན་སྟོང་པ་ཉིད་མྱི་དམྱིགས་པ་དང་། ཆོས་

ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དང་། དངོས་པོ་

Vol. 21 · folio 195b

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དང་། དྲེན་པ་ཉེ་བར་གཞག་པ་མྱི་དམྱིགས་པ་དང་། ཡང་དག་པར་སྤོང་བ་མྱི་དམྱིགས་པ་དང་། རྫུ་འཕྲུལ་གྱི་རྐང་པ་མྱི་དམྱིགས་པ་དང་། དབང་པོ་མྱི་དམྱིགས་པ་དང་། སྟོབས་མྱི་དམྱིགས་པ་དང་། བྱང་ཆུབ་

ཀྱི་ཡན་ལག་མྱི་དམྱིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་པ་དང་། འཕགས་པའི་བདེན་པ་མྱི་དམྱིགས་པ་དང་། བསམ་གཏན་མྱི་དམྱིགས་པ་དང་། ཚད་མྱེད་པ་མྱི་དམྱིགས་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

མྱི་དམྱིགས་པ་དང་། རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་པ་དང་། མངོན་པར་ཤེས་

པ་མྱི་དམྱིགས་པ་དང་། ཏིང་ངེ་འཛིན་མྱི་དམྱིགས་པ་དང་། གཟུངས་ཀྱི་སྒོ་མྱི་དམྱིགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་མྱི་དམྱིགས་པ་དང་། མྱི་འཇིགས་པ་མྱི་དམྱིགས་པ་དང་། སོ་སོ་ཡང་དག་པར་རིག་པ་མྱི་དམྱིགས་པ་དང་། བྱམས་པ་

ཆེན་པོ་མྱི་དམྱིགས་པ་དང་། སྙིང་རྗེ་ཆེན་པོ་མྱི་དམྱིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་པ་དང་། ཕྱིར་མྱི་འོང་

བའི་འབྲས་བུ་མྱི་དམྱིགས་པ་དང་། དགྲ་བཅོམ་པ་ཉིད་མྱི་དམྱིགས་པ་དང་། རང་བྱང་ཆུབ་མྱི་དམྱིགས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་

འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པ་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

Vol. 21 · folio 196a

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་

ཏེ་གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་

སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་

འགྱུར་བ་དེ་ལྟ་བུའི་གཟུགས་མྱེད་དོ། །གལ་ཏེ་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བརྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་བདེ་ཞེས་བྱ་བ་འམ་

སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་

མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ། མྱི་རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཚོར་བ་མྱེད་དོ། །གལ་

ཏེ་འདུ་ཤེས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་ཤེས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་ཤེས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་

Vol. 21 · folio 196b

མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་ཤེས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་ཤེས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་བ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་འདུ་ཤེས་མྱེད་དོ། །གལ་ཏེ་འདུ་བྱེད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་པ་དེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་

ཏེ་འདུ་བྱེད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་

རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་འདུ་བྱེད་མྱེད་དོ། །གལ་ཏེ་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་

ཏེ་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་

Vol. 21 · folio 197a

ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པའམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་མྱིག་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་བདག་

ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་

བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིག་མྱེད་དོ། །གལ་ཏེ་རྣ་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་

བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ།

བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣ་བ་མྱེད་དོ། །གལ་ཏེ་སྣ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 21 · folio 197b

ལ་སྤྱོད་དོ། །གལ་ཏེ་སྣ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣ་སྡུག་

ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་

སྣ་མྱེད་དོ། །གལ་ཏེ་ལྕེ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལྕེ་མྱེད་དོ། །གལ་ཏེ་ལུས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་ལུས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་བདག་ཅེས་བྱ་བ་འམ་

བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་

Vol. 21 · folio 198a

སྡུག་བསྔལ་བའམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ། མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལུས་མྱེད་དོ། །གལ་ཏེ་ཡིད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་རྟག་ཅེས་བྱ་བ་

འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་

གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཡིད་མྱེད་དོ། །གལ་ཏེ་གཟུགས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ། །གལ་ཏེ་གཟུགས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ། མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ་

སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་གཟུགས་མྱེད་དོ། གལ་ཏེ་སྒྲ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་

Vol. 21 · folio 198b

ཏེ་སྒྲ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་སྡུག་ཅེས་བྱ་བ་འམ་མྱི་

སྡུག་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྒྲ་མྱེད་

དོ། །གལ་ཏེ་དྲི་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།

དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་དྲི་མྱེད་དོ། །གལ་ཏེ་རོལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་

རོ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་བདག་ཅེས་བྱ་བའམ་བདག་མྱེད་

ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པའམ་བདེ་བ་འམ་སྡུག་

Vol. 21 · folio 199a

བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རོ་མྱེད་དོ། །གལ་ཏེ་རེག་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་རྟག་ཅེས་བྱ་བ་འམ་མྱི་རྟག་

ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་བདེ་ཞེས་བྱ་བའམ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་བདག་ཅེས་བྱ་བའམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་

གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རེག་མྱེད་དོ། །གལ་ཏེ་ཆོས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆོས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆོས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆོས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་ཆོས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་

མི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཆོས་མྱེད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 21 · folio 199b

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ།

བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་རྟག་

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་

རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པའམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣ་བའི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་སྣའི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་

Vol. 21 · folio 200a

རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་

སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྣའི་རྣམ་

པར་ཤེས་པ་མྱེད་དོ། །གལ་ཏེ་ལྕེའི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་

ལྕེའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ། །གལ་ཏེ་ལྕེའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ། བདག་མྱེད་

པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལྕེའི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་

བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་འདི་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་བདག་ཅེས་

Vol. 21 · folio 200b

བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་

མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལུས་ཀྱི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་པ་འམ། བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་མྱིག་གི་

འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་བདེ་ཞེས་བྱ་

བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་

Vol. 21 · folio 201a

པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ།

སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་

སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་

མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་

པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་སྣའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་སྣའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

Vol. 21 · folio 201b

དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྣའི་འདུས་ཏེ་རེག་པ་མྱེད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལྕེའི་འདུས་ཏེ་རེག་པ་མྱེད་དོ། །

གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་

བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་

འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་

Vol. 21 · folio 202a

སྡུག་པར་འགྱུར་བ་དེ་ལྟ་བུའི་ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་

བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་

མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་

འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཡིད་ཀྱི་འདུས་ཏེ་རེག་པ་མྱེད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བའམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་

ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ།

Vol. 21 · folio 202b

སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བརྟག་ཅེས་བྱ་བའམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་

པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ། མྱི་

སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣ་

བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ།

མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་

Vol. 21 · folio 203a

མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པའམ་མ་མྱི་སྡུག་པར་

འགྱུར་བ་དེ་ལྟ་བུའི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་

བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་

ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་

མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་

རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་

Vol. 21 · folio 203b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་

མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་

འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་

ལྟ་བུའི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱེད་དོ། །གལ་ཏེ་སའི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 21 · folio 204a

སྤྱོད་དོ། །གལ་ཏེ་སའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་

འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སའི་ཁམས་མྱེད་དོ། །གལ་ཏེ་ཆུའི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆུའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་

བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆུའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆུའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་

ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆུའི་ཁམས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་

བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཆུའི་ཁམས་མྱེད་དོ། །གལ་ཏེ་མྱེའི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱེའི་ཁམས་རྟག་

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱེའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱེའི་ཁམས་བདག་ཅེས་བྱ་

Vol. 21 · folio 204b

བ་འམ་བདག་མེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱེའི་ཁམས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་

རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱེའི་ཁམས་མྱེད་དོ། །གལ་ཏེ་རླུང་གི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རླུང་གི་

ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རླུང་གི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རླུང་

གི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རླུང་གི་ཁམས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན།

གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རླུང་གི་ཁམས་མྱེད་དོ། །གལ་ཏེ་ནམ་མཁའི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་དོ། །གལ་ཏེ་ནམ་མཁའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནམ་མཁའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནམ་མཁའི་ཁམས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནམ་མཁའི་ཁམས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་

Vol. 21 · folio 205a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ། མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ནམ་

མཁའི་ཁམས་མྱེད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྐྱོད་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་

བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པར་ཤེས་པའི་ཁམས་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་

དྲུག་པ། །གལ་ཏེ་མ་རིག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མ་རིག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མ་རིག་པ་བདེ་ཞེས་

བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མ་རིག་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མ་རིག་པ་སྡུག་ཅེས་

Vol. 21 · folio 205b

བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་

བ་དེ་ལྟ་བུའི་མ་རིག་པ་མྱེད་དོ། །གལ་ཏེ་འདུ་བྱེད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་

བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་སྡུག་

ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་

འགྱུར་བ་དེ་ལྟ་བུའི་འདུ་བྱེད་མྱེད་དོ། །གལ་ཏེ་རྣམ་པར་ཤེས་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ། །གལ་ཏེ་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་

Vol. 21 · folio 206a

པ་འམ། སྡུག་པ་འམ། མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པར་ཤེས་པ་མྱེད་དོ། །གལ་ཏེ་མྱིང་དང་གཟུགས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིང་དང་གཟུགས་རྟག་

ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིང་དང་གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིང་དང་གཟུགས་བདག་

ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིང་དང་གཟུགས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་

རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིང་དང་གཟུགས་མྱེད་དོ། །གལ་ཏེ་སྐྱེ་མཆེད་དྲུག་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་

ཏེ་སྐྱེ་མཆེད་དྲུག་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་མཆེད་དྲུག་ཞེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་

མཆེད་དྲུག་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་མཆེད་དྲུག་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན།

གང་རྟག་པའམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྐྱེ་མཆེད་དྲུག་མྱེད་དོ། །གལ་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།

Vol. 21 · folio 206b

གལ་ཏེ་རེག་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་པ་བདག་

ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ་བདེ་བ་

འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རེག་པ་མྱེད་དོ། །གལ་ཏེ་ཚོར་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་

མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ།

བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཚོར་བ་མྱེད་དོ། །གལ་ཏེ་སྲེད་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲེད་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲེད་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲེད་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 21 · folio 207a

པ་ལ་སྤྱོད་དོ། །གལ་ཏེ་སྲེད་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ།

བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྲེད་པ་མྱེད་དོ། །གལ་ཏེ་ལེན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལེན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལེན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལེན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལེན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ།

བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ལེན་པ་མྱེད་དོ། །གལ་ཏེ་སྲིད་པ་ལ་མྱི་སྤྱོད་ན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲིད་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲིད་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲིད་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲིད་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་

Vol. 21 · folio 207b

པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྲིད་པ་མྱེད་དོ། གལ་ཏེ་སྐྱེ་བ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་སྐྱེ་བ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་བ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་བ་སྡུག་

ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་

བུའི་སྐྱེ་བ་མྱེད་དོ། །གལ་ཏེ་རྒ་ཤི་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྒ་ཤི་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྒ་ཤི་བདེ་ཞེས་བྱ་བ་འམ། སྡུག་

བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྒ་ཤི་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྒ་ཤི་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྒ་ཤི་མྱེད་དོ། །གལ་ཏེ་སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་

Vol. 21 · folio 208a

བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་

བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་

པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། གལ་

ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བའམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །

གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བཟོད་པའི་ཕ་

Vol. 21 · folio 208b

རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་

མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་

བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ། མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གལ་ཏེ་བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་གྱི་ཕ་

Vol. 21 · folio 209a

རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ། མྱི་རྟག་པ་འམ། བདེ་བ་འམ་

སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །

གལ་ཏེ་ནང་སྟོང་པ་ཉིད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནང་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ།

Vol. 21 · folio 209b

སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནང་སྟོང་པ་ཉིད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ།

མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ནང་

སྟོང་པ་ཉིད་མྱེད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་བདེ་

ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་

སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་

སྡུག་པར་འགྱུར་བ་དེ་ལྟ་བུའི་ཕྱི་སྟོང་པ་ཉིད་མྱེད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་

Vol. 21 · folio 210a

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་

བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཕྱི་ནང་སྟོང་པ་ཉིད་མྱེད་དོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་

སྟོང་པ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་པ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །གལ་ཏེ་

ཆེན་པོ་སྟོང་པ་ཉིད་ལ་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་བདེ་ཞེས་བྱ་

བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words