ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 22 · folio 32b
པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྐྱེ་མཆེད་དྲུག་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རེག་བྱ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཚོར་བ་བསམ་གྱིས་མྱི་ཁྱབ་པའི་ཕྱིར།
བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྲེད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། ལེན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྲིད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །
སྐྱེས་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རྒ་ཤི་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཚུལ་ཁྲིམས་ཀྱི་
ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། །
བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ནང་
སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཕྱི་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཕྱི་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །
སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཆེན་པོ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དོན་དམ་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་
Vol. 22 · folio 33a
མྱི་ཁྱབ་པ་བསྟན་ཏོ། །འདུས་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །འདུས་མ་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །མཐའ་ལས་འདས་
པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་
གྱིས་མྱི་ཁྱབ་པ་བསྟན་ཏོ། །རང་བཞིན་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསམ་
གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །
ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དྲན་པ་ཉེ་བར་གཞག་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར།
བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཡང་དག་པར་སྤོང་བ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དབང་པོ་བསམ་གྱིས་མྱི་
ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྟོབས་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །འཕགས་པའི་ལམ་
Vol. 22 · folio 33b
ཡན་ལག་བརྒྱད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །འཕགས་པའི་བདེན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །བསམ་གཏན་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །
ཚད་མྱེད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རྣམ་པར་ཐར་པ་བརྒྱད་བསམ་གྱིས་མྱི་ཁྱབ་པའི་ཕྱིར།
བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསམ་གྱིས་མྱི་
ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །མངོན་པར་ཤེས་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཏིང་ངེ་འཛིན་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །གཟུངས་ཀྱི་སྒོ་བསམ་
གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །མྱི་འཇིགས་པ་བཞི་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་
པ་བསྟན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞི་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སྙིང་རྗེ་ཆེན་པོ་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ཐམས་ཅད་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་
Vol. 22 · folio 34a
བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པ་བསྟན་ཏོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདུ་ཤེས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདུ་བྱེད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། གལ་ཏེ་མྱིག་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
Vol. 22 · folio 34b
གལ་ཏེ་རྣ་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྣ་བསམ་གྱིས་མྱི་
ཁྱབ་ཅེས་བྱ་བར་འདུ་ཤེས་བ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལྕེ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལུས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་
ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཡིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྒྲ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དྲི་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །
Vol. 22 · folio 35a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རོ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རེག་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཆོས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱིག་གི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣ་བའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྣའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལྕེའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་བ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
Vol. 22 · folio 35b
སེམས་དཔའ་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུས་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱིག་གི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣ་བའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྣའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལྕེའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Vol. 22 · folio 36a
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་
མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་
Vol. 22 · folio 36b
ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སའི་ཁམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་
འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཆུའི་ཁམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱེའི་ཁམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རླུང་གི་ཁམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ནམ་མཁའི་ཁམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་
བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཤེས་པའི་ཁམས་བསམ་
གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མ་རིག་པ་
Vol. 22 · folio 37a
བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་
འདུ་བྱེད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཤེས་
པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱིང་དང་གཟུགས་
བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྐྱེ་མཆེད་དྲུག་བསམ་
གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རེག་པ་བསམ་གྱིས་མྱི་
ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཚོར་བ་བསམ་གྱིས་མྱི་ཁྱབ་
ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྲེད་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
Vol. 22 · folio 37b
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ལེན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྲིད་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྐྱེ་བ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྒ་ཤི་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
Vol. 22 · folio 38a
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་
པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཕྱི་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཕྱི་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 22 · folio 38b
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཆེན་པོ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དོན་དམ་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། གལ་ཏེ་འདུས་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དོར་བ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
Vol. 22 · folio 39a
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རང་བཞིན་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱི་དམྱིགས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་
པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དངོས་པོ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་
Vol. 22 · folio 39b
ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཡང་དག་པར་སྤོང་བ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་
ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྫུ་འཕྲུལ་གྱི་རྐང་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་
ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དབང་པོ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་
བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྟོབས་རྣམས་བསམ་གྱིས་མྱི་
ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་
རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འཕགས་པའི་
Vol. 22 · folio 40a
ལམ་ཡན་ལག་བརྒྱད་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འཕགས་པའི་བདེན་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་བསམ་གཏན་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཚད་མྱེད་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཐར་པ་བརྒྱད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
Vol. 22 · folio 40b
རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མངོན་པར་ཤེས་པ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཏིང་ངེ་འཛིན་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུངས་ཀྱི་སྒོ་རྣམས་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མྱི་འཇིགས་པ་བཞི་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སོ་སོ་ཡང་དག་པར་རིག་པ་བཞི་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་
Vol. 22 · folio 41a
པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྙིང་རྗེ་ཆེན་པོ་བསམ་གྱིས་མྱི་
ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭོ་བརྒྱད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
གལ་ཏེ་ཐམས་ཅད་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། གལ་ཏེ་ལམ་གྱི་རྣམ་པ་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མྱི་ཁྱབ་ཅེས་བྱ་བར་འདུ་ཤིས་པ་མྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུ་ཞིག་མོས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ། སངས་
Vol. 22 · folio 41b
རྒྱས་མང་པོ་བསྙེན་བཀུར་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སུ་མྱི་རྟོག་རྣམ་པར་མྱི་རྟོག་གོ། གཟུགས་ཀྱི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །གཟུགས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་
རྟོག་གོ། ཚོར་བར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །འདུ་ཤེས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །འདུ་ཤེས་ཀྱི་མཚན་མར་མྱི་
རྟོག་རྣམ་པར་མྱི་རྟོག་གོ །འདུ་ཤེས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འདུ་བྱེད་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །འདུ་བྱེད་ཀྱི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །འདུ་བྱེད་ཀྱི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །
རྣམ་པར་ཤེས་པར་མྱི་རྟོག་རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །མྱིག་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །མྱིག་གི་མཚན་མར་
མྱི་རྟོག་རྣམ་པར་མྱི་རྟོག་གོ །མྱིག་གི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །རྣ་བར་མྱི་རྟོག། །རྣམ་པར་མྱི་རྟོག་གོ །རྣ་བའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྣ་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྣར་མྱི་
Vol. 22 · folio 42a
རྟོག་རྣམ་པར་མྱི་རྟོག་གོ །སྣའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྣའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལྕེར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལྕེའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལྕེའི་
རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཡིད་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །ཡིད་ཀྱི་མཚན་
མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཡིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །གཟུགས་སུ་མྱི་རྟོག །རྣམ་ར་མི་རྟོག་གོ །གཟུགས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །གཟུགས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ།
སྒྲར་མྱི་རྟོག་རྣམ་པར་མྱི་རྟོག་གོ །སྒྲའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྒྲའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །དྲིར་མྱི་རྟོག །རྣམ་པར་མྱི་རྟོག་གོ །དྲིའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །དྲིའི་རང་བཞིན་དུ་རྟོག། རྣམ་
པར་མྱི་རྟོག་གོ། །རོར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རོའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རོའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རེག་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །རིག་གི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རེག་
གི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཆོས་སུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །ཆོས་ཀྱི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །ཆོས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མྱིག་གི་རྣམ་པར་ཤེས་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ།
མྱིག་གི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིག་གི་རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣ་བའི་རྣམ་པར་ཤེས་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣ་བའི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །
Vol. 22 · folio 42b
རྣམ་པར་མྱི་རྟོག་གོ། །རྣ་བའི་རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྣའི་རྣམ་པར་ཤེས་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྣའི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། སྣའི་རྣམ་པར་ཤེས་པའི་རང་
བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལྕེའི་རྣམ་པར་ཤེས་པར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ལྕེའི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལྕེའི་རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །ལུས་ཀྱི་རྣམ་
པར་ཤེས་པར་མྱི་རྟོག་རྣམ་པར་མྱི་རྟོག་གོ །ལུས་ཀྱི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཡིད་ཀྱི་རྣམ་པར་ཤེས་པར་མྱི་རྟོག །རྣམ་པར་མྱི་
རྟོག་གོ །ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིག་གི་འདུས་ཏེ་རེག་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིག་གི་འདུས་ཏེ་རེག་
པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིག་གི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣ་བའི་འདུས་ཏེ་རེག་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣ་བའི་འདུས་ཏེ་རེག་པའི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ།
རྣ་བའི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྣའི་འདུས་ཏེ་རེག་པར་མྱི་རྟོག་རྣམ་པར་མྱི་རྟོག་གོ །སྣའི་འདུས་ཏེ་རེག་པའི་མཚན་རམ་མྱི་རྟོག་རྣམ་པར་མྱི་རྟོག་གོ །སྣའི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ།
ལྕེའི་འདུས་ཏེ་རེག་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལྕེའི་འདུས་ཏེ་རེག་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལྕེའི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལུས་ཀྱི་འདུས་ཏེ་རེག་པར་མྱི་རྟོག །རྣམ་པར་མྱི་
Vol. 22 · folio 43a
རྟོག་གོ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཡིད་ཀྱི་འདུས་ཏེ་རེག་པའར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཡིད་ཀྱི་
འདུས་ཏེ་རེག་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་ག །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །རྣ་བའི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྣའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཙོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་རྟོག །རྣམ་པར་མྱི་རྟོག་གོ།
ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་རྟོག།
རྣམ་པར་ཀྱི་རྟོག་གོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཙོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་
Vol. 22 · folio 43b
ཀྱིས་ཚོར་བར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སའི་ཁམས་སུ་
མྱི་རྟོག །རྣམ་པར་མྱི་རྟོག་གོ །སའི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཆུའི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཆུའི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་
པར་མྱི་རྟོག་གོ། །ཆུའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མྱེའི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱེའི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མྱེའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་
གོ། །རླུང་གི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རླུང་གི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རླུང་གི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ནམ་མཁའི་ཁམས་སུ་ཀྱི་རྟོག། རྣམ་པར་མྱི་རྟོག་གོ །
ནམ་མཁའི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ནམ་མཁའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རྣམ་པར་ཤེས་པའི་ཁམས་ཀྱི་མཚན་
མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མ་རིག་པར་མྱི་རྟོག། རྣམ་པར་མྱི་རྟོག་གོ །མ་རིག་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མ་རིག་པའི་རང་
བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། འདུ་བྱེད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །འདུ་བྱེད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འདུ་བྱེད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །རྣམ་པར་ཤེས་པར་མྱི་རྟོག།
Vol. 22 · folio 44a
རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཤེས་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིང་དང་གཟུགས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱིང་
དང་གཟུགས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །མྱིང་དང་གཟུགས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྐྱེ་མཆེད་དྲུག་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྐྱེ་མཆེད་དྲུག་གི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །
སྐྱེ་མཆེད་དྲུག་གི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རེག་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རེག་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རེག་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཚོར་བར་མྱི་རྟོག །རྣམ་
པར་མྱི་རྟོག་གོ། ཚོར་བའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཚོར་བའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྲེད་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ། སྲེད་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྲེད་པའི་
རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ལེན་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ལེན་པའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ལེན་པའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྲིད་པར་མྱི་རྟོག །རྣམ་པར་མྱི་རྟོག་
གོ །སྲིད་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྲིད་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྐྱེ་བར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྐྱེ་བའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྐྱེ་བའི་རང་བཞིན་དུ་མྱི་རྟོག །
རྣམ་པར་མྱི་རྟོག་གོ །རྒ་ཤིར་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྒ་ཤིའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྒ་ཤིའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །འདོད་པའི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །འདོད་
Vol. 22 · folio 44b
པའི་ཁམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །འདོད་པའི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །གཟུགས་ཀྱི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །གཟུགས་ཀྱི་ཁམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ།
གཟུགས་ཀྱི་ཁམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །གཟུགས་མྱེད་པའི་ཁམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །གཟུགས་མྱེད་པའི་ཁམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །གཟུགས་མྱེད་མྱེད་པའི་ཁམས་ཀྱི་རང་
བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་
རྟོག་གོ །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་
རྟོག་གོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །བསམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །ཤེས་རབ་
Vol. 22 · folio 45a
ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ནང་
སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ནང་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །ནང་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཕྱི་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཕྱི་སྟོང་པ་ཉིད་ཀྱི་མཚན་
མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཕྱི་ནང་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རང་
བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྟོང་པ་ཉིད་སྟོང་བ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །ཆེན་པོ་
སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །དོན་དམ་པར་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །དོན་དམ་
པ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །འདུས་བྱས་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འདུས་བྱས་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །
རྣམ་པར་མྱི་རྟོག་གོ། །འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །འདུས་མ་བྱས་སྟོང་པ་ཉིད་ཀྱི་དུ་མྱི་རྟོག །རྣམ་པར་མྱི་རྟོག་རྟོག །འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །འདུས་མ་
Vol. 22 · folio 45b
བྱས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མཐའ་ལས་འདས་པ་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མཐའ་ལས་འདས་པ་སྟོང་པ་ཉིད་
ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་
བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། དོར་བ་མྱེད་པ་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག་རྣམ་པར་མི་རྟོག་གོ །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །
རང་བཞིན་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །རང་བཞིན་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཆོས་ཐམས་ཅད་སྟོང་པ་ཉིད་དུ་མྱི་རྟོག །རྣམ་
པར་མྱི་རྟོག་གོ །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རང་གི་མཚན་
ཉིད་སྟོང་པ་ཉིད་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་མར་
མྱི་རྟོག། རྣམ་པར་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་
Vol. 22 · folio 46a
རྟོག་གོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ངོ་བོ་
ཉིད་སྟོང་ཕ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །དངོས་པོ་
མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག་གོ། རྣམ་པར་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །དྲན་པ་ཉེ་བར་
གཞག་པ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་སུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་
ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་
དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དབང་པོ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དབང་པོ་རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །དབང་པོ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །སྟོབས་རྣམས་སུ་མྱི་རྟོག།
རྣམ་ར་མྱི་རྟོག་གོ །སྟོབས་རྣམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྟོབས་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་
Vol. 22 · folio 46b
ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པའི་
མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འཕགས་པའི་བདེན་པ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །འཕགས་པའི་བདེན་པ་རྣམས་ཀྱི་མཚན་མར་
མྱི་རྟོག །རྣམ་པར་མྱི་རྟོག་གོ། །འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །བསམ་གཏན་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །བསམ་གཏན་རྣམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །བསམ་
གཏན་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཚད་མྱེད་པ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཚད་མྱེད་པ་རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །ཚད་མྱེད་པ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་
མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་
རྣམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཐར་པ་བརྒྱད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྣམ་པར་ཐར་པ་བརྒྱད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་
པར་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་མྱི་རྟོག །རྣམ་པར་མྱི་རྟོག་གོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ། །མཐར་ཀྱིས་གནས་པའི་སྙོམས་པར་
Vol. 22 · folio 47a
འཇུག་པ་དགུའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པར་མྱེད་པར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།
མཚན་མ་མྱེད་པ་དང་། སྨོན་པ་མྱེད་པི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་དུ་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །མངོན་པར་ཤེས་བ་རྣམས་སུ་མྱི་
རྟོག། རྣམ་པར་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་སུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཏིང་ངེ་འཛིན་
རྣམས་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་སུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་
གོ །གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་བཅུར་མྱི་རྟོག །རྣམ་པར་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་བཅུའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །དེ་བཞིན་གཤེགས་
པའི་སྟོབས་བཅུའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱི་འཇིགས་པ་བཞིར་མྱི་རྟོག །རྣམ་པར་མྱི་རྟོག་གོ །མྱི་འཇིགས་པ་བཞིའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །མྱི་འཇིགས་པ་བཞིའི་རང་བཞིན་དུ་མྱི་རྟོག་རྣམ་པར་མྱི་རྟོག་གོ། །སོ་སོ་ཡང་
དག་པར་རིག་པ་བཞིར་མྱི་རྟོག་རྣམ་པར་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་བཞིའི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །སྙིང་རྗེ་ཆེན་པོར་མྱི་རྟོག།
Vol. 22 · folio 47b
རྣམ་པར་མྱི་རྟོག་གོ །སྙིང་རྗེ་ཆེན་པོའི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །སྙིང་རྗེ་ཆེན་པོའི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭོ་བརྒྱད་ཀྱི་མཚན་མར་མྱི་རྟོག། རྣམ་པར་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་ཀྱི་
མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག། རྣམ་པར་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་མར་མྱི་རྟོག་རྣམ་པར་མྱི་རྟོག་གོ །
ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མར་མྱི་རྟོག །རྣམ་པར་མྱི་རྟོག་གོ །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་རང་བཞིན་དུ་མྱི་རྟོག །རྣམ་པར་མྱི་རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་བསམ་གྱིས་མྱི་ཁྱབ་བོ། །ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །འདུ་ཤེས་བསམ་གྱིས་མྱི་ཁྱབ་བོ། །འདུ་བྱེད་བས་མ་གྱིས་མྱི་
ཁྱབ་བོ། །རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །མྱིག་བསམ་གྱིས་མྱི་ཁྱབ་བོ། །རྣ་བ་བསམ་གྱིས་མྱི་ཁྱབ་བོ། །སྣ་བསམ་གྱིས་མྱི་ཁྱབ་བོ། །ལྕེ་བསམ་གྱིས་མྱི་ཁྱབ་བོ། །ལུས་བསམ་གྱིས་མྱི་ཁྱབ་བོ། །ཡིད་བསམ་གྱིས་མྱི་ཁྱབ་བོ། །གཟུགས་
བསམ་གྱིས་མྱི་ཁྱབ་བོ། །སྒྲ་བསམ་གྱིས་མྱི་ཁྱབ་བོ། །དྲི་བསམ་གྱིས་མྱི་ཁྱབ་བོ། །རོ་བསམ་གྱིས་མྱི་ཁྱབ་བོ། །རེག་བསམ་གྱིས་མྱི་ཁྱབ་བོ། །ཆོས་བསམ་གྱིས་མྱི་ཁྱབ་བོ། །མྱིག་གི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །རྣ་བའི་རྣམ་པར་
Vol. 22 · folio 48a
ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །སྣའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །ལྕེའི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །ལུས་ཀྱི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །ཡིད་ཀྱི་རྣམ་པར་ཤེས་པ་བསམ་གྱིས་
མྱི་ཁྱབ་བོ། །མྱིག་གི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་བོ། །རྣ་བའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་བོ། །སྣའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་བོ། །ལྕེའི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་བོ། །ལུས་ཀྱི་འདུས་ཏེ་རེག་པ་བསམ་
གྱིས་མྱི་ཁྱབ་བོ། །ཡིད་ཀྱི་འདུས་ཏེ་རེག་པ་བསམ་གྱིས་མྱི་ཁྱབ་བོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་པོ། །རྣ་བའི་འདུས་ཏེ་རེག་པ་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་བསམ་གྱིས་མྱི་ཁྱབ་བོ། །ལྕེའི་འདུས་ཏེ་རེག་པ་འི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །སའི་
ཁམས་བསམ་གྱིས་མྱི་ཁྱབ་བོ། །ཆུའི་ཁམས་བསམ་གྱིས་མྱི་ཁྱབ་བོ། །མྱེའི་ཁམས་བསམ་གྱིས་མྱི་ཁྱབ་བོ། །རླུང་གི་ཁམས་བསམ་གྱིས་མྱི་ཁྱབ་བོ། །ནམ་མཁའི་ཁམས་བསམ་གྱིས་མྱི་ཁྱབ་བོ། །རྣམ་པར་ཤེས་པའི་ཁམས་བསམ་
གྱིས་མྱི་ཁྱབ་བོ། །མ་རིག་པ་བསམ་གྱིས་མྱི་ཁྱབ་བོ། །འདུ་བྱེད་བསམ་གྱིས་མྱི་ཁྱབ་བོ། །རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་བོ། །མྱིང་དང་གཟུགས་བསམ་གྱིས་མྱི་ཁྱབ་བོ། །སྐྱེ་མཆེད་དྲུག་བསམ་གྱིས་མྱི་ཁྱབ་བོ། །རེག་པ་བསམ་
གྱིས་མྱི་ཁྱབ་བོ། །ཚོར་བ་བསམ་གྱིས་མྱི་ཁྱབ་བོ། །སྲེད་པ་བསམ་གྱིས་མྱི་ཁྱབ་བོ། །ལེན་པ་བསམ་གྱིས་མྱི་ཁྱབ་བོ། །སྲེད་པ་བསམ་གྱིས་མྱི་ཁྱབ་བོ། །སྐྱེ་བ་བསམ་གྱིས་མྱི་ཁྱབ་བོ། །རྒ་ཤི་བསམ་གྱིས་མྱི་ཁྱབ་བོ། །སྦྱིན་པའི་ཕ་རོལ་
Vol. 22 · folio 48b
ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་བོ། །བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་
བསམ་གྱིས་མྱི་ཁྱབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་བོ། །ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །ཕྱི་སྟོང་པ་ཉིད་བསམ་གྱས་མྱི་ཁྱབ་བོ། །ཕྱི་ནང་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་
བསམ་གྱིས་མྱི་ཁྱབ་བོ། །ཆེན་པོ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །དོན་དམ་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །འདུས་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །འདུས་མ་བྱས་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །མཐའ་ལས་
འདས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །དོར་བ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །རང་བཞིན་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །ཆོས་ཐམས་ཅད་སྟོང་
པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་
ཁྱབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །དྲན་པ་ཉེ་བར་གཞག་པ་རྣམས་བསམ་གྱིས་མྱི་ཁྱབ་བོ། །ཡང་དག་པར་སྤོང་བ་རྣམས་བསམ་གྱིས་མྱི་ཁྱབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བསམ་གྱིས་མྱི་
ཁྱབ་བོ། །དངོས་པོ་རྣམས་བསམ་གྱིས་མྱི་ཁྱབ་བོ། །སྟོབས་རྣམས་བསམ་གྱིས་མྱི་ཁྱབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བསམ་གྱིས་མྱི་ཁྱབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསམ་གྱིས་མྱི་ཁྱབ་བོ། །འཕགས་པའི་
Vol. 22 · folio 49a
བདེན་པ་རྣམས་བསམ་གྱིས་མྱི་ཁྱབ་བོ། །བསམ་གཏན་རྣམས་བསམ་གྱིས་མྱི་ཁྱབ་བོ། །ཚད་མྱེད་པ་རྣམས་བསམ་གྱིས་མྱི་ཁྱབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསམ་གྱིས་མྱི་ཁྱབ་བོ། །རྣམ་པར་ཐར་པ་
བརྒྱད་བསམ་གྱིས་མྱི་ཁྱབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསམ་གྱིས་མྱི་ཁྱབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསམ་གྱིས་མྱི་ཁྱབ་བོ། །མངོན་པར་ཤེས་པ་རྣམས་བསམ་
གྱིས་མྱི་ཁྱབ་བོ། །ཏིང་ངེ་འཛིན་རྣམས་བསམ་གྱིས་མྱི་ཁྱབ་བོ། །གཟུངས་ཀྱི་སྒོ་རྣམས་བསམ་གྱིས་མྱི་ཁྱབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་མྱི་ཁྱབ་བོ། །མྱི་འཇིགས་པ་བཞི་བསམ་གྱིས་མྱི་ཁྱབ་བོ། །སོ་སོ་ཡང་དག་པར་
རིག་པ་བཞི་བསམ་གྱིས་མྱི་ཁྱབ་བོ། །སྙིང་རྗེ་ཆེན་པོ་བསམ་གྱིས་མྱི་ཁྱབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསམ་གྱིས་མྱི་ཁྱབ་བོ། །ཐམས་ཅད་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་བསམ་གྱིས་མྱི་ཁྱབ་བོ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མྱི་ཁྱབ་བོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་བསྙེན་བཀུར་བ་དང་། དགེ་བའི་
བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་ད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །རབ་འབྱོར་ཀྱིས་གསོལད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལད་
ཏུ་ཕྱིན་ད་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། རབ་འབྱོརད་གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོརད་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ཟབ་བོ། །
Vol. 22 · folio 49b
རབ་འབྱོར་ད་འདུ་ཤེས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོརད་འདུ་བྱེད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་ད་པ་ཟབ་བོ། །རབ་འབྱོར་ད་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་
ཟབ་བོ། །རབ་འབྱོརད་མྱིག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཟབ་བོ། །རབ་འབྱོར་རྣ་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེ་
ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྒྲ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དྲི་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། །རབ་འབྱོར་རོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །
རབ་འབྱོར་རེག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆོས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །
རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ཟབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་
Vol. 22 · folio 50a
མྱིག་གི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་
ཀྱི་འདུས་ཏེ་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆུའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱེའི་ཁམས་ཟབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རླུང་གི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ནམ་མཁའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་
Vol. 22 · folio 50b
ཤེས་པའི་ཁམས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མ་རིག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འདུ་བྱེད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་
པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱིང་དང་གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྐྱེ་མཆེད་དྲུག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །
རབ་འབྱོར་རེག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཚོར་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྲེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་
ལེན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྲིད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྐྱེ་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྒ་ཤི་ཟབ་
པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་བོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ནང་སྟོང་པ་ཉིད་ཟབ་པའི་
Vol. 22 · folio 51a
ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་བོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཟབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་
མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་
ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་བོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་
པ་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་པའི་ཕྱིར། །
Vol. 22 · folio 51b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཡང་དག་པར་སྤོང་བ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྫུ་འཕྲུལ་གྱི་
རྐང་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དབང་པོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྟོབས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་
བྱང་ཆུབ་ཀྱི་ཡན་ལག་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་འཕགས་པའི་བདེན་པ་ཟབ་
པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་བསམ་གཏན་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཚད་མྱེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་
འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དགུ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་བོ། །རབ་འབྱོར་མངོན་པར་ཤེས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཏིང་ངེ་འཛིན་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གཟུངས་ཀྱི་སྒོ་ཟབ་པའི་ཕྱིར།
Vol. 22 · folio 52a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་མྱི་འཇིགས་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་བོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭོ་བརྒྱད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་བོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོ་སྟེ། ཆོས་རིན་པོ་ཆེའི་ཕུང་པོ་རྣམས་
སྒྲུབ་པའོ། །འདི་ལྟ་སྟེ། དགེ་བཅུའི་ལས་ཀྱི་ལམ་སྒྲུབ་པའོ། །བསམ་གཏན་བཞི་སྒྲུབ་པའོ། །ཚད་མྱེད་པ་བཞི་སྒྲུབ་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒྲུབ་པའོ། །མངོན་པར་ཤེས་པ་ལྔ་སྒྲུབ་པའོ། །དྲན་པ་
ཉེ་བར་གཞག་པ་བཞི་སྒྲུབ་པའོ། །ཡང་དག་པར་སྤོང་བ་བཞི་སྒྲུབ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒྲུབ་པའོ། །དབང་པོ་ལྔ་སྒྲུབ་པའོ། །སྟོབས་ལྔ་སྒྲུབ་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒྲུབ་པའོ། །འཕགས་པའི་ལམ་ཡན་ལག་
བརྒྱད་པ་སྒྲུབ་པའོ། །འཕགས་པའི་བདེན་པ་བཞི་སྒྲུབ་པའོ། །རྣམ་པར་ཐར་པ་བརྒྱད་སྒྲུབ་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲུབ་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་
Vol. 22 · folio 52b
པ་སྒྲུབ་པའོ། །ཏིང་ངེ་འཛིན་རྣམས་སྒྲུབ་པའོ། །གཟུངས་ཀྱི་སྒོ་རྣམས་སྒྲུབ་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྒྲུབ་པའོ། །མྱི་འཇིགས་པ་བཞི་སྒྲུབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་སྒྲུབ་པའོ། །སྙིང་རྗེ་ཆེན་པོ་སྒྲུབ་པའོ། །སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྒྲུབ་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒྲུབ་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་སྒྲུབ་པའོ། །དགྲ་བཅོམ་པ་ཉིད་སྒྲུབ་པའོ། །རང་བྱང་ཆུབ་སྒྲུབ་པའོ། །ལམ་གྱི་རྣམ་པ་ཤེས་པ་
ཉིད་སྒྲུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །བཅོམ་ལྡན་འདས་གཟུགས་དག་པ་དང་། ཚོར་བ་དག་པ་དང་། འདུ་ཤེས་དག་པ་དང་། འདུ་
བྱེད་དག་པ་དང་། རྣམ་པར་ཤེས་པ་དག་པ་དང་། མྱིག་དག་པ་དང་། རྣ་བ་དག་པ་དང་། སྣ་དག་པ་དང་། ལྕེ་དག་པ་དང་། ལུས་དག་པ་དང་། ཡིད་དགེ་པ་དང་། གཟུགས་དག་པ་དང་། སྒྲ་དག་པ་དང་། དྲི་དག་པ་དང་། རོ་དག་པ་དང་།
རེག་དག་པ་དང་། ཆོས་དག་པ་དང་། མྱིག་གི་རྣམ་པར་ཤེས་པ་དག་པ་དང་། རྣ་བའི་རྣམ་པར་ཤེས་པ་དག་པ་དང་། སྣའི་རྣམ་པར་ཤེས་པ་དག་པ་དང་། ལྕེའི་རྣམ་པར་ཤེས་པ་དག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དག་པ་དང་། ཡིད་
ཀྱི་རྣམ་པར་ཤེས་པ་དག་པ་དང་། མྱིག་གི་འདུས་ཏེ་རེག་པ་དག་པ་དང་། རྣ་བའི་འདུས་ཏེ་རེག་པ་དག་པ་དང་། སྣའི་འདུས་ཏེ་རེག་པ་དག་པ་དང་། ལྕེའི་འདུས་ཏེ་རེག་པ་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དག་པ་དང་། ཡིད་ཀྱི་འདུས་ཏེ་
རེག་པ་དག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ལུས་
Vol. 22 · folio 53a
ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། སའི་ཁམས་དག་པ་དང་། ཆུའི་ཁམས་དག་པ་དང་། མྱེའི་ཁམས་དག་པ་དང་། རླུང་གི་ཁམས་དག་
པ་དང་། ནམ་མཁའི་ཁམས་དག་པ་དང་། རྣམ་པར་ཤེས་པའི་ཁམས་དག་པ་དང་། མ་རིག་པ་དག་པ་དང་། འདུ་བྱེད་དག་པ་དང་། རྣམ་པར་ཤེས་པ་དག་པ་དང་། མྱིང་དང་གཟུགས་དག་པ་དང་། སྐྱེ་མཆེད་དྲུག་དག་པ་དང་། རེག་པ་དག་པ་དང་།
ཚོར་བ་དག་པ་དང་། སྲེད་པ་དག་པ་དང་། ལེན་པ་དག་པ་དང་། སྲིད་པ་དག་པ་དང་། སྐྱེ་བདག་པ་དང་། རྒ་ཤི་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ནང་སྟོང་པ་ཉིད་དག་པ་དང་། ཕྱི་སྟོང་པ་ཉིད་དག་པ་དང་། ཕྱི་ནང་སྟོང་པ་
ཉིད་དག་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དག་པ་དང་། ཆེན་པོ་སྟོང་པ་ཉིད་དག་པ་དང་། དོན་དམ་པ་སྟོང་པ་ཉིད་དག་པ་དང་། འདུས་བྱས་སྟོང་པ་ཉིད་དག་པ་དང་། འདུས་མ་བྱས་སྟོང་པ་ཉིད་དག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་
དག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དག་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་དག་པ་དང་། རང་བཞིན་སྟོང་པ་ཉིད་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དག་པ་དང་། མྱི་དམྱིགས་
པ་སྟོང་པ་ཉིད་དག་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དྲན་པ་ཉེ་བར་གཞག་པ་དག་པ་དང་། ཡང་དག་པར་སྤོང་བདག་པ་དང་། རྫུ་འཕྲུལ་
Vol. 22 · folio 53b
གྱི་རྐང་པ་དག་པ་དང་། དབང་པོ་དག་པ་དང་། སྟོབས་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་དག་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་པ་དང་། འཕགས་པའི་བདེན་པ་དག་པ་དང་། བསམ་གཏན་དག་པ་དང་། ཚད་མྱེད་པ་དག་པ་དང་།
གཟུགས་མྱེད་པའི་སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པ་དག་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དག་པ་དང་། མངོན་
པར་ཤེས་པ་དག་པ་དང་། ཏིང་ངེ་འཛིན་དག་པ་དང་། གཟུངས་ཀྱི་སྒོ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་པ་དང་། མྱི་འཇིགས་པ་བཞི་དག་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དག་པ་དང་། སྙིང་རྗེ་ཆེན་པོ་དག་པ་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་པ་དང་། ཐམས་ཅད་ཤེས་པ་ཉིད་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་
པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལྟ་བུ་བསྟན་པའི་ཚེ། བར་ཆད་མང་དུ་མྱི་འབྱུང་བ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བར་ཆད་མང་པོ་འབྱུང་སྟེ། དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀླག་པ་དང་། བསྟན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་།
བསྒོམ་པར་བྱ་བ་ལ་བར་ཆད་དུ་མྱི་འགྱུར་བར་བྲི་ན་ཡང་མྱུར་དུ་བྲི་བར་བྱའོ། །ཀླག་ན་ཡང་མྱུར་དུ་ཀླག་གོ །བསྟན་ན་ཡང་མྱུར་དུ་བསྟན་ཏོ། །ཚུལ་བཞིན་དུ་ཡིད་ལ་བྱ་ན་ཡང་མྱུར་དུ་ཚུལ་བཞིན་དུ་ཡིད་ལ་བྱའོ། །བསྒོམ་ན་ཡང་མྱུར་དུ་བསྒོམ་མོ། །
Vol. 22 · folio 54a
རབ་འབྱོར་དེ་བས་ན་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟླ་བ་གཅིག་གིས་བྲི་བར་བྱས་ན་ཡང་དེས་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཉིས་སམ། གལ་ཏེ་ཟླ་བ་
གསུམ་མམ། གལ་ཏེ་ཟླ་བ་བཞིའམ། གལ་ཏེ་ཟླ་བ་ལྔའམ། གལ་ཏེ་ཟླ་བ་དྲུག་གམ། གལ་ཏེ་ལོའི་བར་གྱིས་བྲི་བར་བྱས་ན་ཡང་དེ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཟླ་བ་གཅིག་གིས་བསྟན་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་
བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ལོའི་བར་གྱིས་བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་
འབྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མྱི་བྲི་བ་དང་། མྱི་ཀླག་པ་དང་། མྱི་བསྟན་པ་དང་། ཁ་ཏོན་མྱི་བགྱི་བ་དང་། ཡིད་ལ་མྱི་བགྱི་བ་དང་། མྱི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་
ཅན་དག་བར་ཆད་མྱི་བགྱིད་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཅི་ནས་ཀྱང་མྱི་བྲི་བ་དང་། མྱི་ཀླག་པ་དང་། མྱི་བསྟན་པ་དང་། ཁ་ཏོན་མྱི་བྱ་བ་དང་། ཚུལ་
བཞིན་དུ་ཡིད་ལ་མྱི་བྱ་བ་དང་། མྱི་བསྒོམ་པའི་ཕྱིར་བདུད་སྡིག་ཏོ་ཅན་བར་ཆད་མྱི་བྱེད་པ་ཡང་མ་ཡིན་མོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་
དང་། བསྒོམ་པ་རྣམས་ལ་བར་ཆད་བྱ་བར་མྱི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
Vol. 22 · folio 54b
ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བགྱི་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱི་བ་དང་། བསྒོམ་པ་ལ་བདུད་སྡིག་ཏོ་ཅན་བགེགས་བགྱིད་པར་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སངས་རྒྱས་
ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །
ཤ་ར་དྭ་ཏིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་། འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་མཐུས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་བཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དགོངས་ཤིང་ཡོངས་སུ་འཛིན་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
འདྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱིས་ཡོངས་སུ་ཟིན་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ། བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མྱི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་ནི་གང་དུ་ལྟར་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་
Vol. 22 · folio 55a
ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་འདྲི་བ་ལ་དགོངས་པ་མཛད་པ་དང་། ཀློག་ཅིང་སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་ལོ་དགོངས་པ་མཛད་པ་ནི་ཆོས་ཉིད་ཀྱིས་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེས་ཀྱང་བདག་ནི་སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་རྨོ་འདི་འདྲིའོ། །ཀློག་གོ། སྟོན་ཏོ། ཁ་ཏོན་དུ་བྱེད་དོ། །ཚུལ་
བཞིན་དུ་ཡིད་ལ་བྱེད་དོ། །སྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་རྨོ་འདི་འབྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་
དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། སྒོམ་མོ་འཚལ་ཀུན་ཀྱང་སངས་རྒྱས་ཀྱི་མཐུ་ལགས་སམ། ཀུན་ཀྱང་སངས་རྒྱས་ཀྱིས་བཟུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
ཇི་སྐད་དུ་སྨྲས་པ་བཞིན་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་ཐམས་ཅད་ཀྱང་སངས་རྒྱས་
ཀྱི་མཐུ་ཡིན་པར་རིག་པར་བྱའོ། །དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་བཟུང་བ་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་
Vol. 22 · folio 55b
པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཚད་དང་གྲངས་མ་མཆིས་པ།
བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གིས་མཁྱེན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་། ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་སངས་རྒྱས་བཅོམ་
ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཐུགས་སུ་ཆུད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་དག་ནི། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་
མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཚད་མྱེད་གྲངས་མྱེད་པ་དེ་དག་གིས་མཁྱེན་ཏོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཅ་ཤིང་ཐུགས་སུ་ཆུད་
དོ། །ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་
ལ་བྱེད་པ་དང་། སྒོམ་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་གིས་ཀྱང་། འདི་ལྟར་བདག་ཅག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ། །ཞེས་བྱ་བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གང་ཡང་བྱང་
Vol. 22 · folio 56a
ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་
ཏེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་
པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་འཆང་བ་དེ་དག་ཀྱང་དོན་ཆེ་བ་དང་། ལེགས་པ་ཆེ་བ་དང་། འབྲས་བུ་ཆེ་བ་དང་། རྣམ་པར་སྨྱིན་པ་ཆེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིར་མྱི་ལྡོག་པའི་ས་ཡོངས་སུ་ནོན་གྱི་བར་དུ་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་དུ་སྐྱེ་བར་མྱི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་
ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་
འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །
Vol. 22 · folio 56b
སྟོང་པ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་དང་ནམ་
ཡང་བྲལ་བར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་བཞིན་
སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །
དངོས་པོ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་ནམ་ཡང་བྲལ་
བར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དབང་པོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྟོབས་རྣམས་དང་ནམ་ཡང་བྲལ་བར་
མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བསམ་གཏན་
རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང་ནམ་ཡང་བྲལ་བར་མྱི་
Vol. 22 · folio 57a
འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མངོན་
པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །
མྱི་འཇིགས་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ནམ་ཡང་བྲལ་
བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་
བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་
དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ།
དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་རྨྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་
Vol. 22 · folio 57b
པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། བླ་ན་མྱེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་
ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་ནི་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མོས་པ་དམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར།
ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་
པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་
ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་འམ།
བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་
Vol. 22 · folio 58a
ན་སྤྱོད་པར་འགྱུར་ཏེ། དེ་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་
འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་
ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་།
ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་
བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་། བྱང་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་
གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དགོངས་པའོ། །ཤ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ། དམ་པའི་ཆོས་
Vol. 22 · folio 58b
ནུབ་པར་མྱི་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་།
ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་བྲིས་ནས་ཀྱང་། མེ་ཏོག་
དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པ་དེ་དག་ཀྱང་ངས་དགོངས་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་
བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་
དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མྱེད་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་
གྱིས་གཟིགས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བརྗོད་དོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བསྟེན་ནོ། །བསྔགས་སོ། །ཤ་ར་དྭ་ཏིའི་བུ་
Vol. 22 · folio 59a
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་
དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །
བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་
Vol. 22 · folio 59b
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་།
ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་
འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་
Vol. 22 · folio 60a
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་
བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་
སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟེང་གི་ཕྱོགས་ཀྱི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་
གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་
Vol. 22 · folio 60b
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་ཏེ། དེ་ལ་ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཏེ། ཐོས་ནས་
ཀྱང་མོས་པར་འགྱུར་རོ། །མོས་པར་བྱས་ནས་ཀྱང་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པར་འགྱུར་རོ། །ཤ་ར་དྭ་
ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་མོས་པར་བྱེད་པ་དང་། མོས་པར་བྱས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་
ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་མང་པོ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་།
དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ཉན་ཅིང་། ཐོས་ནས་མོས་པར་བགྱིད་པ་དང་། མོས་པར་བགྱིས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་
Vol. 22 · folio 61a
དེ་ལྟ་བུ་ཇི་སྙེད་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་
མང་དུ་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མྱི་འཇུམ་ཡོངས་སུ་མྱི་འཇུམ། མྱི་འཇིགས་མྱི་སྔང་། སྐྲག་པར་མྱི་འགྱུར་བ་དེ་ལྟ་བུ་
ནི་མྱི་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས། ཡོངས་སུ་དྲིས་པའི་ཕྱིར་ཏེ། དེ་འང་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་
དང་རིགས་ཀྱི་བུ་མོ་དེ་དག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་
Vol. 22 · folio 61b
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འདུས་བྱས་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་
པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་
ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པ་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words