ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 15 · folio 31b

དེ་ཆོས་ཀྱི་གནས་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་གནས་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་གནས་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་སྐྱོན་

མྱེད་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་སྐྱོན་མེད་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་སྐྱོན་མེད་པ་ཉིད་མ་

ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཡང་དག་པའི་མཐའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའི་ཕྱི་ནང་

དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་མོས་པར་གྱུར་ཏེ། དེ་ལྟར་མོས་པར་གྱུར་ནས། དད་པའི་རྗེས་སུ་འབྲང་བས་ཆོས་

ཉིད་ཚད་མར་བགྱིས་ཏེ་ཆོས་ཐམས་ཅད་མྱི་དམྱིགས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ། དེ་དེ་ལྟར་མོས་པར་གྱུར་ནས་དེས་ཆོས་གང་ཡང་མཚན་མ་མ་མཆིས་པ་དང་། ཡིད་ལ་བགྱི་བ་མ་མཆིས་པའི་སླད་དུ་

ཡོངས་སུ་བཟུང་བ་མ་མཆིས་ཏེ། ཆོས་ཐམས་ཅད་གཟུང་དུ་མ་མཆིས། གཏང་དུ་མ་མ་མཆིས་པའི་སླད་དུ་ཡོངས་སུ་གཟུང་བར་བགྱི་བའམ། གཏང་བར་བགྱི་བ་དེ་ལྟ་བུའི་ཆོས་གང་ཡང་དེས་མ་དམྱིགས་ཏེ། ཆོས་ཐམས་ཅད་ལ་རློམ་སེམས་མ་མཆིས་པའི་

སླད་དུ་དེ་ནི་མྱ་ངན་ལས་འདས་པས་ཀྱང་རློམ་སེམས་སུ་འགྱུར་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟར་གང་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། གཟུགས་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་།

Vol. 15 · folio 32a

འདུ་ཤེས་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མྱིག་ཡོངས་སུ་མྱི་འཛིན་པ་དང་། རྣ་བ་ཡོངས་སུ་མྱི་འཛིན་

པ་དང་། སྣ་ཡོངས་སུ་མྱི་འཛིན་པ་དང་། ལྕེ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། །གཟུགས་ཡོངས་སུ་མྱི་འཛིན་པ་དང་།

སྒྲ་ཡོངས་སུ་མྱི་འཛིན་པ་དང་། དྲི་ཡོངས་སུ་མྱི་འཛིན་པ་དང་། རོ་ཡོངས་སུ་མྱི་འཛིན་པ་དང་། རེག་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། །མྱིག་གི་རྣམ་པར་ཤེས་

པ་ཡོངས་སུ་མྱི་འཛིན་པ་དང་། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། སྣའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་

པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་།

ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མྱིག་གི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་

Vol. 15 · folio 32b

བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སའི་ཁམས་ཡོངས་སུ་མྱི་འཛིན་པ་དང་།

ཆུའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། མྱེའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རླུང་གི་ཁམས་ཡོངས་སུ་མྱི་འཛིན་པ་དང་། ནམ་མཁའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་

ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མ་རིག་པ་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། མྱིང་དང་གཟུགས་ཡོངས་སུ་མྱི་འཛིན་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་པ་དང་།

རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྲེད་པ་ཡོངས་སུ་མྱི་འཛིན་པ་དང་། ལེན་པ་ཡོངས་སུ་མྱི་འཛིན་པ་དང་། སྲིད་པ་ཡོངས་སུ་མྱི་འཛིན་པ་དང་། སྐྱེ་བ་ཡོངས་སུ་མྱི་འཛིན་པ་དང་། རྒ་ཤི་ཡོངས་སུ་མྱི་འཛིན་པ་དང་། །ཆོས་

ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་

པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་

Vol. 15 · folio 33a

བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོར་བ་མྱེད་

པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་།

དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམས་

ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཡང་དག་པར་སྤྱོད་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མྱི་འཛིན་པ་དང་།

ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། དབང་པོ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སྟོབས་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ།

བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། འཕགས་པའི་བདེན་

པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། བསམ་གཏན་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཚད་མྱེད་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་

Vol. 15 · folio 33b

ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རྣམ་པར་ཐར་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་

སུ་བཟུང་བ་མ་མཆིས་པའི་སླད་དུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་

སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མངོན་པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཏིང་ངེ་འཛིན་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་

སུ་བཟུང་བ་མ་མཆིས་པའི་སླད་དུ། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ།

མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་པ་དང་།

ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་

ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་

Vol. 15 · folio 34a

པའི་སླད་དུ། དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རང་བྱང་ཆུབ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ལམ་གྱི་རྣམ་པ་

ཤེས་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་།

ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མ་ནོར་བ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། གཞན་མ་ཡིན་པ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་

ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་ཀྱི་དབྱིངས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ།

ཆོས་ཀྱི་གནས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་སྐྱོན་མྱེད་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཡང་དག་པའི་མཐའ་ཡོངས་སུ་

མྱི་འཛིན་པ་འདི་ནི། ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་

པ། འོན་ཀྱང་སྨོན་ལམ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མྱི་འདའ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མ་རྫོགས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་རྫོགས། རྫུ་འཕྲུལ་གྱི་རྐང་པ་

Vol. 15 · folio 34b

བཞི་ཡོངས་སུ་མ་རྫོགས། དབང་པོ་ལྔ་ཡོངས་སུ་མ་རྫོགས། སྟོབས་ལྔ་ཡོངས་སུ་མ་རྫོགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་རྫོགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་རྫོགས། འཕགས་པའི་བདེན་པ་བཞི་ཡོངས་སུ་མ་རྫོགས།

བསམ་གཏན་བཞི་ཡོངས་སུ་མ་རྫོགས། ཚད་མྱེད་པ་བཞི་ཡོངས་སུ་མ་རྫོགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མ་རྫོགས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་རྫོགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་

མ་རྫོགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མ་རྫོགས། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་རྫོགས། ཏིང་ངེ་འཛིན་རྣམས་ཡོངས་སུ་མ་རྫོགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་རྫོགས་

དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་

ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་མ་ལགས། ཡང་དག་པར་སྤོང་བ་རྣམས་ནི་ཡང་

དག་པར་སྤོང་བ་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་མ་ལགས། དབང་པོ་རྣམས་ནི་དབང་པོ་མ་ལགས། སྟོབས་རྣམས་ནི་སྟོབས་མ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ལགས། འཕགས་པའི་

ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས། འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་མ་ལགས། བསམ་གཏན་རྣམས་ནི་བསམ་གཏན་མ་ལགས། ཚད་མེད་པ་རྣམས་ནི་ཚད་མེད་པ་མ་ལགས།

Vol. 15 · folio 35a

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་མ་ལགས། རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་མ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་ལགས། མངོན་པར་ཤེས་པ་རྣམས་

ནི་མངོན་པར་ཤེས་པ་མ་ལགས། ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་མ་ལགས། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་མ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་མ་ལགས། མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་མ་

ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་མ་ལགས། སྙིང་རྗེ་ཆེན་པོ་ནི། སྙིང་རྗེ་ཆེན་པོ་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས།

ཆོས་མ་ལགས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། གཟུགས་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། འདུ་ཤེས་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་

འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མྱིག་ཡོངས་སུ་མྱི་འཛིན་པ་དང་། རྣ་བ་ཡོངས་སུ་མྱི་འཛིན་པ་དང་། སྣ་ཡོངས་སུ་མྱི་འཛིན་པ་དང་། ལྕེ་ཡོངས་སུ་མྱི་འཛིན་པ་དང་། ལུས་

ཡོངས་སུ་མྱི་འཛིན་པ་དང་། ཡིད་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། གཟུགས་ཡོངས་སུ་མྱི་འཛིན་པ་དང་། སྒྲ་ཡོངས་སུ་མྱི་འཛིན་པ་དང་། དྲི་ཡོངས་སུ་མི་འཛིན་པ་དང་། རོ་ཡོངས་སུ་མྱི་འཛིན་པ་དང་།

Vol. 15 · folio 35b

རེག་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། སྣའི་རྣམ་པར་ཤེས་པ་ཡོངས་སུ་

མྱི་འཛིན་པ་དང་། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་

མྱི་འཛིན་པ་དང་། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་

འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་

སུ་མྱི་འཛིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་

སུ་མ་བཟུང་བའི་སླད་དུ། སའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། ཆུའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། མྱེའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རླུང་གི་ཁམས་ཡོངས་སུ་མྱི་འཛིན་པ་དང་། ནམ་མཁའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རྣམ་

པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མ་རིག་པ་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དང་། མྱིང་དང་གཟུགས་ཡོངས་སུ་

Vol. 15 · folio 36a

མྱི་འཛིན་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་པ་དང་། རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྲེད་པ་ཡོངས་སུ་མི་འཛིན་པ་དང་། ལེན་པ་ཡོངས་སུ་མྱི་འཛིན་པ་དང་། སྲིད་པ་ཡོངས་སུ་མྱི་

འཛིན་པ་དང་། སྐྱེ་བ་ཡོངས་སུ་མྱི་འཛིན་པ་དང་། རྒ་ཤི་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་

པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་

ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆེན་པོ་སྟོང་པ་ཉིད་

ཡོངས་སུ་མྱི་འཛིན་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཐོག་

མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་

མྱི་འཛིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་

Vol. 15 · folio 36b

ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མྱི་འཛིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། དབང་པོ་རྣམས་ཡོངས་སུ་མྱི་འཛིན་པ་དང་།

སྟོབས་རྣམས་ཡོངས་སུ་མྱི་འཛིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མྱི་འཛིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། འཕགས་པའི་བདེན་པ་རྣམས་ཡོངས་

སུ་མྱི་འཛིན་པ་དང་། བསམ་གཏན་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཚད་མྱེད་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་མྱི་འཛིན་པ་དང་། མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་

མི་འཛིན་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མྱི་འཛིན་པ་དང་། མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། སོ་སོ་ཡང་དག་པར་

རིག་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་

འཛིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་བྱང་ཆུབ་ཡོངས་སུ་མྱི་འཛིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་

Vol. 15 · folio 37a

ཡོངས་སུ་མྱི་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དེ་བཞིན་ཉིད་ཡོངས་སུ་མི་འཛིན་པ་དང་། མ་ནོར་བ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་།

གཞན་མ་ཡིན་པ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཀྱི་གནས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་སྐྱོན་མྱེད་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཡང་དག་

པའི་མཐའ་ཡོངས་སུ་མྱི་འཛིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་

འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ཞིག །ཅིའི་ཕྱིར་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བགྱི་སྟེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདི་ལྟར་ཆོས་གང་ཡོད་པ་མ་ཡིན་ཞིང་མྱི་དམྱིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ནས་ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་རྣམས་མྱེད་ཅིང་མྱི་དམྱིགས་པ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་

Vol. 15 · folio 37b

ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་

དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་།

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་མྱེད་ཅིང་མྱི་དམྱིགས་སོ། །ཚོར་བ་མྱེད་ཅིང་མྱི་དམྱིགས་

སོ། །འདུ་ཤེས་མྱེད་ཅིང་མྱི་དམྱིགས་སོ། །འདུ་བྱེད་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་གོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་།

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་

Vol. 15 · folio 38a

དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མྱིག་

མྱེད་ཅིང་མྱི་དམྱིགས་སོ། །རྣ་བ་མྱེད་ཅིང་མྱི་དམྱིགས་སོ། །སྣ་མྱེད་ཅིང་མྱི་དམྱིགས་སོ། །ལྕེ་མྱེད་ཅིང་མྱི་དམྱིགས་སོ། །ལུས་མྱེད་ཅིང་མྱི་དམྱིགས་སོ། །ཡིད་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་

པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་

དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་མྱེད་ཅིང་མྱི་དམྱིགས་སོ། །སྒྲ་མྱེད་ཅིང་མྱི་དམྱིགས་སོ། །དྲི་མྱེད་ཅིང་མྱི་དམིགས་སོ། །རོ་མྱེད་ཅིང་མྱི་དམིགས་སོ། །རེག་མྱེད་ཅིང་མྱི་དམྱིགས་སོ། །ཆོས་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་

སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་

དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་།

Vol. 15 · folio 38b

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །སྣའི་རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་

ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་

པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་

མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །

སྣའི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་

མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། །རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མྱིག་

Vol. 15 · folio 39a

གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་ཅིང་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་ཅིང་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མེད་ཅིང་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

མྱེད་ཅིང་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་ཅིང་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་

པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་

མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ཀྱི་ཕྱིར། སའི་ཁམས་མྱེད་ཅིང་མྱི་དམྱིགས་སོ། །ཆུའི་ཁམས་མྱེད་ཅིང་མྱི་དམྱིགས་སོ། མྱེའི་ཁམས་མྱེད་ཅིང་མྱི་དམྱིགས་སོ། །རླུང་གི་ཁམས་མྱེད་ཅིང་མྱི་དམྱིགས་སོ། །ནམ་མཁའི་ཁམས་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་

ཁམས་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་

དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་།

Vol. 15 · folio 39b

མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མ་རིག་པ་མྱེད་ཅིང་མྱི་དམྱིགས་སོ། །འདུ་བྱེད་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱེད་ཅིང་མྱི་དམྱིགས་སོ། །

མྱིང་དང་གཟུགས་མྱེད་ཅིང་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་མྱེད་ཅིང་མྱི་དམྱིགས་སོ། །རེག་པ་མྱེད་ཅིང་མྱི་དམྱིགས་སོ། །ཚོར་བ་མྱེད་ཅིང་མྱི་དམྱིགས་སོ། །སྲེད་པ་མྱེད་ཅིང་མི་དམྱིགས་སོ། །ལེན་པ་མྱེད་ཅིང་མྱི་དམྱིགས་སོ། །སྲིད་པ་མྱེད་ཅིང་མྱི་

དམྱིགས་སོ། །སྐྱེ་བ་མྱེད་ཅིང་མྱི་དམྱིགས་སོ། །རྒ་ཤི་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་

དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་

ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་

Vol. 15 · folio 40a

དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་།

རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །ཡང་དག་པར་

སྤོང་བ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །དབང་པོ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །སྟོབས་རྣམས་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་ཅིང་མྱི་དམིགས་སོ། །འཕགས་པའི་

ལམ་ཡན་ལག་བརྒྱད་པ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་

པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་

དང་། མི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འཕགས་པའི་བདེན་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། བསམ་གཏན་རྣམས་མྱེད་ཅིང་མྱི་དམྱིགས་སོ། །ཚད་མྱེད་པ་

རྣམས་མྱེད་ཅིང་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་མྱེད་ཅིང་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་

Vol. 15 · folio 40b

ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མྱེད་ཅིང་མྱི་དམིགས་སོ། །མངོན་པར་ཤེས་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་མྱེད་ཅིང་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་

མྱེད་ཅིང་མྱི་དམྱིགས་སོ། །མྱི་འཇིགས་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་མྱེད་ཅིང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་

ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་

སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་ཅིང་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་ཅིང་མྱི་དམྱིགས་སོ། །

དགྲ་བཅོམ་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །རང་བྱང་ཆུབ་མྱེད་ཅིང་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་།

ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་

Vol. 15 · folio 41a

མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་

སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། དེ་བཞིན་ཉིད་མྱེད་ཅིང་མྱི་དམྱིགས་སོ། །མ་ནོར་བ་དེ་བཞིན་ཉིད་མྱེད་ཅིང་མྱི་དམྱིགས་སོ། །གཞན་མ་ཡིན་པ་དེ་བཞིན་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཆོས་ཉིད་མྱེད་ཅིང་མྱི་དམྱིགས་སོ། །

ཆོས་ཀྱི་དབྱིངས་མྱེད་ཅིང་མྱི་དམྱིགས་སོ། །ཆོས་ཀྱི་གནས་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཆོས་སྐྱོན་མྱེད་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཡང་དག་པའི་མཐའ་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་

པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་

པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྒྱུན་ཏུ་ཞུགས་པའང་མྱེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའང་མྱེད་ཅིང་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའང་མྱེད་ཅིང་མྱི་དམྱིགས་སོ། །དགྲ་བཅོམ་པའང་མྱེད་ཅིང་མྱི་དམྱིགས་སོ། །

རང་སངས་རྒྱས་ཀྱང་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ཡང་མྱེད་ཅིང་མྱི་དམྱིགས་སོ། །སངས་རྒྱས་ཀྱང་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་དམིགས་སུ་མེད་པའི་ཕྱིར། ནང་སྟོང་པ་ཉིད་མྱེད་ཅིང་མྱི་

Vol. 15 · folio 41b

དམྱིགས་སོ། །ཕྱི་དམྱིགས་སུ་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཕྱི་ནང་དམིགས་སུ་མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། སྟོང་པ་ཉིད་

སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དོན་དམ་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །འདུས་བྱས་

སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། འདུས་བྱས་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། འདུས་མ་བྱས་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་སུ་མེད་པའི་

ཕྱིར། མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར།

དོར་བ་མྱེད་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་དམིགས་སུ་མྱེད་པའི་ཕྱིར། རང་བཞིན་སྟོང་པ་ཉིད་མྱེད་ཅིང་མི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་

སོ། །རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མྱི་དམྱིགས་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། དངོས་པོ་མྱེད་

པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་

Vol. 15 · folio 42a

པའི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་

པ་དང་། དེ་ལྟར་རྟོག་ཅིང་སེམས་པའི་ཚེ། སེམས་ཞུམ་པ་མྱེད་ཅིང་ཡོངས་སུ་ཞུམ་པ་མྱེད་ལ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །

སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱི་

རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚོར་བ་ནི་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་

ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་མྱིག་གི་རང་བཞིན་དང་བྲལ་བ་

Vol. 15 · folio 42b

སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣ་བ་ནི་རྣ་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྣ་ནི་སྣའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྕེ་

ནི་ལྕེའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལུས་ནི་ལུས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡིད་ནི་ཡིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་

སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྒྲ་ནི་སྒྲའི་རང་བཞིན་དང་

བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲི་ནི་དྲིའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། རོ་ནི་རོའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་

Vol. 15 · folio 43a

སོ། །རེག་ནི་རེག་གི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ནི་ཆོས་ཀྱི་རང་བཞིན་དང་བྲལ་བ་

སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་ནི། མྱིག་གི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་

བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། རྣ་བའི་རྣམ་པར་ཤེས་པ་ནི། རྣ་བའི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྣའི་རྣམ་པར་ཤེས་པ་ནི། སྣའི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་ཤེས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི།

ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་ནི།

Vol. 15 · folio 43b

མྱིག་གི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣ་བའི་འདུས་ཏེ་རེག་པ་ནི། རྣ་བའི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་

བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྣའི་འདུས་ཏེ་རེག་པ་ནི། སྣའི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྕེའི་འདུས་ཏེ་རེག་པ་ནི། ལྕེའི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་

ཏུ་ཤེས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་ཤེས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་

Vol. 15 · folio 44a

རབ་ཏུ་ཤེས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ནི་སའི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆུའི་ཁམས་ནི་ཆུའི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མྱེའི་

ཁམས་ནི་མྱེའི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རླུང་གི་ཁམས་ནི་རླུང་གི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ།

Vol. 15 · folio 44b

དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་ནི་མ་རིག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་

བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་

པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རེག་པ་ནི་རེག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚོར་

Vol. 15 · folio 45a

བ་ནི་ཚོར་བའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་ནི་སྲེད་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལེན་པ་ནི་ལེན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲིད་པ་ནི་སྲིད་པའི་རང་བཞིན་དང་བྲལ་བ་སྟེ། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྐྱེ་བ་ནི་སྐྱེ་བའི་

རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒ་ཤི་ནི་རྒ་ཤིའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་

Vol. 15 · folio 45b

པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཕྱི་སྟོང་པ་ཉིད་ནི་ཕྱི་

སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 15 · folio 46a

ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུས་བྱས་སྟོང་པ་ཉིད་ནི། འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་

བ་བཞིན་དུ་རབ་ཏུ་ཤེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་

བལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་

Vol. 15 · folio 46b

ཅད་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་

བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་

ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་བཞི་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་

པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པར་སྤོང་བ་བཞི་ནི་ཡང་དག་པར་སྤོང་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

Vol. 15 · folio 47a

ཤེས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབང་

པོ་ལྔ་ནི་དབང་པོའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྟོབས་ལྔ་ནི་སྟོབས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་དང་བྲལ་པ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་གི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཕགས་པའི་བདེན་པ་བཞི་ནི་འཕགས་པའི་བདེན་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་

ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བསམ་གཏན་བཞི་ནི་བསམ་གཏན་གྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚད་མྱེད་པ་བཞི་

ནི་ཚད་མྱེད་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་གཟུགས་མྱེད་པའི་སྙོམས་

Vol. 15 · folio 47b

པར་འཇུག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཐར་པ་བརྒྱད་ནི་རྣམ་པར་ཐར་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་རང་བཞིན་དང་བྲལ་བ་སྟེ།

དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་

པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

Vol. 15 · folio 48a

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མྱི་འཇིགས་པ་བཞི་ནི་མྱི་འཇིགས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སོ་སོ་ཡང་དག་པར་རིག་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་སོ། །བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་

ཆེན་པོའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་

པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི། རྒྱུན་ཏུ་ཞུགས་པའི་

འབྲས་བུའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་

དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་

Vol. 15 · folio 48b

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་ནོར་བ་དེ་བཞིན་ཉིད་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་

རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་དང་བྲལ་བ་

སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཉིད་ནི་ཆོས་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

Vol. 15 · folio 49a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་གནས་ཉིད་ནི་ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་

ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་སྐྱོན་མྱེད་པ་ཉིད་ནི་ཆོས་སྐྱོན་མྱེད་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་

དག་པའི་མཐའ་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེའི་ཕྱིར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །སྨྲས་པ། ཚེ་དང་

ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། འདུ་ཤེས་ཀྱི་རང་བཞིན་ནི་ཇི་ལྟ་བུ། འདུ་བྱེད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། མྱིག་གི་རང་བཞིན་ནི་ཇི་ལྟ་བུ། རྣ་བའི་རང་

བཞིན་ནི་ཇི་ལྟ་བུ། སྣའི་རང་བཞིན་ནི་ཇི་ལྟ་བུ། ལྕེའི་རང་བཞིན་ནི་ཇི་ལྟ་བུ། ལུས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཡིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། སྒྲའི་རང་བཞིན་ནི་ཇི་ལྟ་བུ། དྲིའི་རང་བཞིན་ནི་ཇི་ལྟ་བུ།

Vol. 15 · folio 49b

རོའི་རང་བཞིན་ནི་ཇི་ལྟ་བུ། རེག་གི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། སྣའི་རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། ལྕེའི་རྣམ་པར་

ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། མྱིག་གི་འདུས་ཏེ་རེག་པའི་རང་བཞིན་ནི་ཇི་ལྟ་བུ། རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ནི་ཇི་ལྟ་བུ། སྣའི་འདུས་ཏེ་

རེག་པའི་རང་བཞིན་ནི་ཇི་ལྟ་བུ། ལྕེའི་འདུས་ཏེ་རེག་པའི་རང་བཞིན་ནི་ཇི་ལྟ་བུ། ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་ཇི་ལྟ་བུ། ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་ཇི་ལྟ་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། རྣ་

བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་

བཞིན་ནི་ཇི་ལྟ་བུ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། སའི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆུའི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མྱེའི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རླུང་གི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ།

ནམ་མཁའི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མ་རིག་པའི་རང་བཞིན་ནི་ཇི་ལྟ་བུ། འདུ་བྱེད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། མྱིང་དང་གཟུགས་ཀྱི་རང་བཞིན་

ནི་ཇི་ལྟ་བུ། སྐྱེ་མཆེད་དྲུག་གི་རང་བཞིན་ནི་ཇི་ལྟ་བུ། རེག་པའི་རང་བཞིན་ནི་ཇི་ལྟ་བུ། ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། སྲེད་པའི་རང་བཞིན་ནི་ཇི་ལྟ་བུ། ལེན་པའི་རང་བཞིན་ནི་ཇི་ལྟ་བུ། སྲིད་པའི་རང་བཞིན་ནི་ཇི་ལྟ་བུ། སྐྱེ་བའི་རང་བཞིན་ནི་ཇི་ལྟ་

Vol. 15 · folio 50a

བུ། རྒ་ཤིའི་རང་བཞིན་ནི་ཇི་ལྟ་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཇི་ལྟ་བུ། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་ཇི་ལྟ་བུ། བཟོད་པའི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་ཇི་ལྟ་བུ། བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པའི་རང་བཞིན་ནི་ཇི་ལྟ་བུ། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་ཇི་ལྟ་བུ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་ཇི་ལྟ་བུ། ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཕྱི་སྟོང་པ་

ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། འདུས་བྱས་སྟོང་པ་

ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་

བུ། རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དངོས་པོ་མྱེད་པ་སྟོང་པ་ཉིད་

ཀྱི་རང་བཞིན་ནི་ཇི་ལྟ་བུ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དྲན་པ་ཉེ་བར་གཞག་པ་བཞིའི་རང་བཞིན་ནི་ཇི་ལྟ་བུ། ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ།

རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། དབང་པོ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། སྟོབས་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ནི་ཇི་

Vol. 15 · folio 50b

ལྟ་བུ། འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། བསམ་གཏན་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚད་མྱེད་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཐར་པ་རྣམས་ཀྱི་རང་

བཞིན་ནི་ཇི་ལྟ་བུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་ཇི་ལྟ་བུ། མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ།

ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མི་འཇིགས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་ནི་

ཇི་ལྟ་བུ། བྱམས་པ་ཆེན་པོའི་རང་བཞིན་ནི་ཇི་ལྟ་བུ། སྙིང་རྗེ་ཆེན་པོའི་རང་བཞིན་ནི་ཇི་ལྟ་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་ཇི་ལྟ་བུ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་

བཞིན་ནི་ཇི་ལྟ་བུ། ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ནི་ཇི་ལྟ་བུ། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རང་བྱང་ཆུབ་ཀྱི་རང་བཞིན་ནི་ཇི་ལྟ་བུ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་

ནི་ཇི་ལྟ་བུ། དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཀྱི་གནས་

ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་སྐྱོན་མེད་པའི་རང་བཞིན་ནི་ཇི་ལྟ་བུ། ཡང་དག་པའི་མཐའི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཚོར་བའི་རང་བཞིན་ནི་

Vol. 15 · folio 51a

དངོས་པོ་མྱེད་པའོ། །འདུ་ཤེས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །འདུ་བྱེད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱིག་གི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣ་བའི་རང་

བཞིན་ནི་དངོས་པོ་མྱེད་པའོ། །སྣའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལྕེའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལུས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཡིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །གཟུགས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྒྲའི་རང་བཞིན་ནི་

དངོས་པོ་མྱེད་པའོ། །དྲིའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རོའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རེག་གི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆོས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣ་

བའི་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྣའི་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཡིད་ཀྱི་རྣམ་པར་

ཤེས་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རང་

བཞིན་ནི་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་

Vol. 15 · folio 51b

བཞིན་ནི་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སའི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆུའི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱེའི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་

པའོ། །རླུང་གི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ནམ་མཁའི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མ་རིག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །འདུ་བྱེད་ཀྱི་རང་བཞིན་ནི་

དངོས་པོ་མྱེད་པའོ། །རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །མྱིང་དང་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྐྱེ་མཆེད་དྲུག་གི་རང་བཞིན་ནི་དངོས་པོ་མྱེད་པའོ། །རེག་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཚོར་བའི་རང་བཞིན་ནི་དངོས་པོ་མྱེད་

པའོ། །སྲེད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལེན་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྲིད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྐྱེ་བའི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྒ་ཤིའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །

བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཕྱི་

ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །འདུས་བྱས་སྟོང་པ་

Vol. 15 · folio 52a

ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་

པོ་མེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་

པོ་མྱེད་པའོ། །མི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དབང་པོ་རྣམས་ཀྱི་

རང་བཞིན་ནི་དངོས་པོ་མྱེད་པའོ། །སྟོབས་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ནི་དངོས་པོ་མེད་པའོ། །འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་

པའོ། །བསམ་གཏན་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཚད་མྱེད་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣམ་པར་ཐར་པ་རྣམས་ཀྱི་རང་བཞིན་ནི་དངོས་

པོ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱི་རང་

Vol. 15 · folio 52b

བཞིན་ནི་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མྱི་འཇིགས་

པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །བྱམས་པ་ཆེན་པོའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོའི་རང་བཞིན་ནི་དངོས་པོ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །

དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རང་བྱང་ཆུབ་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །དེ་བཞིན་

ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །གཞན་མ་ཡིན་པ་དེ་བཞིན་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆོས་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་དངོས་པོ་མྱེད་

པའོ། །ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཆོས་སྐྱོན་མྱེད་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཡང་དག་པའི་མཐའི་རང་བཞིན་ནི་དངོས་པོ་མྱེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟར་གཟུགས་ལ་

གཟུགས་ཀྱི་རང་བཞིན་མྱེད་པ་དང་། ཚོར་བ་ལ་ཚོར་བའི་རང་བཞིན་མྱེད་པ་དང་། འདུ་ཤེས་ལ་འདུ་ཤེས་ཀྱི་རང་བཞིན་མྱེད་པ་དང་། འདུ་བྱེད་ལ་འདུ་བྱེད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། མྱིག་ལ་

Vol. 15 · folio 53a

མྱིག་གི་རང་བཞིན་མྱེད་པ་དང་། རྣ་བ་ལ་རྣ་བའི་རང་བཞིན་མྱེད་པ་དང་། སྣ་ལ་སྣའི་རང་བཞིན་མྱེད་པ་དང་། ལྕེ་ལ་ལྕེའི་རང་བཞིན་མྱེད་པ་དང་། ལུས་ལ་ལུས་ཀྱི་རང་བཞིན་མྱེད་པ་དང་། ཡིད་ལ་ཡིད་ཀྱི་རང་བཞིན་མེད་པ་དང་།

གཟུགས་ལ་གཟུགས་ཀྱི་རང་བཞིན་མྱེད་པ་དང་། སྒྲ་ལ་སྒྲའི་རང་བཞིན་མྱེད་པ་དང་། དྲི་ལ་དྲིའི་རང་བཞིན་མྱེད་པ་དང་། རོ་ལ་རོའི་རང་བཞིན་མྱེད་པ་དང་། རེག་ལ་རེག་གི་རང་བཞིན་མྱེད་པ་དང་། ཆོས་ལ་ཆོས་ཀྱི་རང་བཞིན་མེད་པ་དང་། མྱིག་གི་རྣམ་

པར་ཤེས་པ་ལ་མྱིག་གི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་ལ་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། སྣའི་རྣམ་པར་ཤེས་པ་ལ་སྣའི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། ལྕེའི་རྣམ་པར་ཤེས་པ་ལ་ལྕེའི་རྣམ་པར་

ཤེས་པའི་རང་བཞིན་མྱེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པ་ལ་མྱིག་གི་འདུས་ཏེ་རེག་པའི་རང་

བཞིན་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པ་ལ་རྣ་བའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། སྣའི་འདུས་ཏེ་རེག་པ་ལ་སྣའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། ལྕེའི་འདུས་ཏེ་རེག་པ་ལ་ལྕེའི་འདུས་ཏེ་རེག་པའི་རང་བཞིན་མེད་པ་དང་། ལུས་ཀྱི་

འདུས་ཏེ་རེག་པ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་།

རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་

Vol. 15 · folio 53b

ཀྱིས་ཚོར་བ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཀྱི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་མྱེད་པ་དང་། སའི་ཁམས་ལ་སའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། ཆུའི་ཁམས་ལ་ཆུའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། མྱེའི་ཁམས་ལ་མྱེའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། རླུང་གི་ཁམས་ལ་རླུང་གི་ཁམས་

ཀྱི་རང་བཞིན་མེད་པ་དང་། ནམ་མཁའི་ཁམས་ལ་ནམ་མཁའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་མྱེད་པ་དང་། མ་རིག་པ་ལ་མ་རིག་པའི་རང་བཞིན་མེད་པ་དང་། འདུ་བྱེད་

ལ་འདུ་བྱེད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མེད་པ་དང་། མྱིང་དང་གཟུགས་ལ་མྱིང་དང་གཟུགས་ཀྱི་རང་བཞིན་མྱེད་པ་དང་། སྐྱེ་མཆེད་དྲུག་ལ་སྐྱེ་མཆེད་དྲུག་གི་རང་བཞིན་མེད་པ་དང་། རེག་པ་ལ་རེག་པའི་རང་

བཞིན་མྱེད་པ་དང་། ཚོར་བ་ལ་ཚོར་བའི་རང་བཞིན་མྱེད་པ་དང་། སྲེད་པ་སྲེད་པའི་རང་བཞིན་མེད་པ་དང་། ལེན་པ་ལ་ལེན་པའི་རང་བཞིན་མྱེད་པ་དང་། སྲིད་པ་ལ་སྲིད་པའི་རང་བཞིན་མེད་པ་དང་། སྐྱེ་བ་ལ་སྐྱེ་བའི་རང་བཞིན་མྱེད་པ་དང་།

རྒ་ཤི་ལ་རྒ་ཤིའི་རང་བཞིན་མྱེད་པ་དང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའི་རང་བཞིན་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིན་པའི་རང་བཞིན་མེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་མྱེད་

Vol. 15 · folio 54a

པ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པའི་རང་བཞིན་མྱེད་པ་དང་། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་།

ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་

ཀྱི་རང་བཞིན་མྱེད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་

ཀྱི་རང་བཞིན་མྱེད་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཀྱི་རང་

བཞིན་མྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་མི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་

བཞིན་མྱེད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་

རང་བཞིན་མྱེད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་ཉེ་བར་གཞག་པའི་རང་བཞིན་མེད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྤོང་བའི་རང་བཞིན་མྱེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་མྱེད་པ་དང་། དབང་

Vol. 15 · folio 54b

པོ་རྣམས་ལ་དབང་པོའི་རང་བཞིན་མྱེད་པ་དང་། སྟོབས་རྣམས་ལ་སྟོབས་ཀྱི་རང་བཞིན་མྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་མྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕགས་པའི་ལམ་གྱི་རང་

བཞིན་མྱེད་པ་དང་། འཕགས་པའི་བདེན་པ་རྣམས་ལ་འཕགས་པའི་བདེན་པའི་རང་བཞིན་མྱེད་པ་དང་། བསམ་གཏན་རྣམས་ལ་བསམ་གཏན་གྱི་རང་བཞིན་མྱེད་པ་དང་། ཚད་མྱེད་པ་རྣམས་ལ་ཚད་མྱེད་པའི་རང་བཞིན་མྱེད་པ་དང་། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་རང་བཞིན་མྱེད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་རྣམ་པར་ཐར་པའི་རང་བཞིན་མེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པའི་རང་བཞིན་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་རང་བཞིན་མེད་པ་དང་། མངོན་པར་ཤེས་པ་རྣམས་

ལ། མངོན་པར་ཤེས་པའི་རང་བཞིན་མེད་པ་དང་། ཏིང་ངེ་འཛིན་རྣམས་ལ། ཏིང་ངེ་འཛིན་གྱི་རང་བཞིན་མེད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་གཟུངས་ཀྱི་སྒོའི་རང་བཞིན་མྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དེ་བཞིན་

གཤེགས་པའི་སྟོབས་ཀྱི་རང་བཞིན་མེད་པ་དང་། མྱི་འཇིགས་པ་བཞི་ལ་མྱི་འཇིགས་པའི་རང་བཞིན་མྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོ་སོ་ཡང་དག་པར་རིག་པའི་རང་བཞིན་མྱེད་པ་དང་། བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོའི་རང་

བཞིན་མྱེད་པ་དང་། སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོའི་རང་བཞིན་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་མྱེད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་མྱེད་

Vol. 15 · folio 55a

པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་མྱེད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཕྱིར་མི་འོང་བའི་འབྲས་བུའི་རང་བཞིན་མྱེད་པ་དང་། དགྲ་བཅོམ་པ་ཉིད་ལ་དགྲ་བཅོམ་པ་ཉིད་ཀྱི་རང་

བཞིན་མྱེད་པ་དང་། རང་བྱང་ཆུབ་ལ་རང་བྱང་ཆུབ་ཀྱི་རང་བཞིན་མྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་མྱེད་

པ་དང་། དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། མ་ནོར་བ་དེ་བཞིན་ཉིད་ལ་མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཆོས་ཉིད་ལ་ཆོས་ཉིད་

ཀྱི་རང་བཞིན་མེད་པ་དང་། ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མྱེད་པ་དང་། ཆོས་ཀྱི་གནས་ཉིད་ལ་ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཆོས་སྐྱོན་མྱེད་པ་ཉིད་ལ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་རང་བཞིན་མྱེད་པ་དང་། ཡང་དག་པའི་

མཐའ་ལ་ཡང་དག་པའི་མཐའི་རང་བཞིན་མྱེད་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མྱེད་དོ། །ཚོར་བ་ལ་ཚོར་བའི་མཚན་ཉིད་མེད་དོ། །འདུ་ཤེས་ལ་འདུ་ཤེས་ཀྱི་མཚན་ཉིད་མྱེད་དོ། །

འདུ་བྱེད་ལ་འདུ་བྱེད་ཀྱི་མཚན་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །མྱིག་ལ་མྱིག་གི་མཚན་ཉིད་མྱེད་དོ། །རྣ་བ་ལ་རྣ་བའི་མཚན་ཉིད་མེད་དོ། །སྣ་ལ་སྣའི་མཚན་ཉིད་མེད་དོ། །ལྕེ་ལ་ལྕེའི་མཚན་ཉིད་མྱེད་དོ། །

ལུས་ལ་ལུས་ཀྱི་མཚན་ཉིད་མྱེད་དོ། །ཡིད་ལ་ཡིད་ཀྱི་མཚན་ཉིད་མྱེད་དོ། །གཟུགས་ལ་གཟུགས་ཀྱི་མཚན་ཉིད་མྱེད་དོ། །སྒྲ་ལ་སྒྲའི་མཚན་ཉིད་མྱེད་དོ། །དྲི་ལ་དྲིའི་མཚན་ཉིད་མྱེད་དོ། །རོ་ལ་རོའི་མཚན་ཉིད་མྱེད་དོ། རེག་ལ་རེག་གི་མཚན་

Vol. 15 · folio 55b

ཉིད་མྱེད་དོ། །ཆོས་ལ་ཆོས་ཀྱི་མཚན་ཉིད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱིག་གི་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་མེད་དོ། །སྣའི་རྣམ་པར་ཤེས་པ་ལ་སྣའི་རྣམ་པར་ཤེས་པའི་མཚན་

ཉིད་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་

རེག་པ་ལ་མྱིག་གི་འདུས་ཏེ་རེག་པའི་མཚན་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པ་ལ་སྣའི་འདུས་ཏེ་རེག་པའི་མཚན་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་ལྕེའི་འདུས་ཏེ་རེག་པའི་

མཚན་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལ། མྱིག་གི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བའི་མཚན་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྣའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བའི་མཚན་ཉིད་མྱེད་

དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལ། ལྕེའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བའི་མཚན་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་མྱེད་དོ། །ཡིད་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་མེད་དོ། །སའི་ཁམས་ལ་སའི་ཁམས་ཀྱི་མཚན་ཉིད་མྱེད་དོ། །ཆུའི་ཁམས་ལ་ཆུའི་ཁམས་ཀྱི་མཚན་ཉིད་མེད་དོ། །མྱེའི་ཁམས་ལ་མྱེའི་ཁམས་

Vol. 15 · folio 56a

ཀྱི་མཚན་ཉིད་མྱེད་དོ། །རླུང་གི་ཁམས་ལ་རླུང་གི་ཁམས་ཀྱི་མཚན་ཉིད་མྱེད་དོ། །ནམ་མཁའི་ཁམས་ལ་ནམ་མཁའི་ཁམས་ཀྱི་མཚན་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་ཤེས་པའི་ཁམས་ཀྱི་

མཚན་ཉིད་མྱེད་དོ། །མ་རིག་པ་ལ་མ་རིག་པའི་མཚན་ཉིད་མེད་དོ། །འདུ་བྱེད་ལ་འདུ་བྱེད་ཀྱི་མཚན་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་མཚན་ཉིད་མྱེད་དོ། །མྱིང་དང་གཟུགས་ལ་མྱིང་དང་གཟུགས་ཀྱི་མཚན་ཉིད་མྱེད་དོ། །སྐྱེ་

མཆེད་དྲུག་ལ་སྐྱེ་མཆེད་དྲུག་གི་མཚན་ཉིད་མྱེད་དོ། རེག་པ་ལ་རེག་པའི་མཚན་ཉིད་མྱེད་དོ། །ཚོར་བ་ལ་ཚོར་བའི་མཚན་ཉིད་མྱེད་དོ། །སྲེད་པ་ལ་སྲེད་པའི་མཚན་ཉིད་མྱེད་དོ། །ལེན་པ་ལ་ལེན་པའི་མཚན་ཉིད་མྱེད་དོ། །སྲིད་པ་ལ་སྲིད་པའི་མཚན་

ཉིད་མྱེད་དོ། །སྐྱེ་བ་ལ་སྐྱེ་བའི་མཚན་ཉིད་མེད་དོ། །རྒ་ཤི་ལ་རྒ་ཤིའི་མཚན་ཉིད་མེད་དོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པའི་མཚན་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་

པའི་མཚན་ཉིད་མྱེད་དོ། །བཟོད་པའི་ཕ་རོལད་ཏུ་ཕྱིན་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིནད་པའི་མཚན་ཉིད་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པའི་མཚན་ཉིད་མྱེད་དོ། །བསམ་གཏན་གྱི་ཕ་རོལ་

ཏུ་ཕྱིན་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པའི་མཚན་ཉིད་མེད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མྱེད་དོ། །ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་

ཉིད་ཀྱི་མཚན་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་

Vol. 15 · folio 56b

ལ་དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་

པ་སྟོང་པ་ཉིད་ཀྱི་མཚན་ཉིད་མེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་

ཀྱི་མཚན་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་

ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་

མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་ཉེ་བར་གཞག་པའི་མཚན་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྤོང་བའི་མཚན་ཉིད་མྱེད་དོ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་མྱེད་དོ། །དབང་པོ་རྣམས་ལ་

དབང་པོའི་མཚན་ཉིད་མེད་དོ། །སྟོབས་རྣམས་ལ་སྟོབས་ཀྱི་མཚན་ཉིད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕགས་པའི་ལམ་གྱི་མཚན་ཉིད་མྱེད་དོ། །འཕགས་པའི་

བདེན་པ་རྣམས་ལ་འཕགས་པའི་བདེན་པའི་མཚན་ཉིད་མྱེད་དོ། །བསམ་གཏན་རྣམས་ལ་བསམ་གཏན་གྱི་མཚན་ཉིད་མྱེད་དོ། །ཚད་མྱེད་པ་རྣམས་ལ་ཚད་མྱེད་པའི་མཚན་ཉིད་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཟུགས་མྱེད་པའི་སྙོམས་

Vol. 15 · folio 57a

པར་འཇུག་པའི་མཚན་ཉིད་མྱེད་དོ། །རྣམ་པར་ཐར་པ་རྣམས་ལ་རྣམ་པར་ཐར་པའི་མཚན་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་ཉིད་མྱེད་དོ། །རྣམ་པར་

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་མངོན་པར་ཤེས་པའི་མཚན་ཉིད་མྱེད་དོ། །ཏིང་ངེ་འཛིན་

རྣམས་ལ་ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་གཟུངས་ཀྱི་སྒོའི་མཚན་ཉིད་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ། དེ་བཞིན་གཤེགས་པའི་སྟོབས་ཀྱི་མཚན་ཉིད་མྱེད་དོ། །མྱི་འཇིགས་པ་བཞི་ལ་མྱི་འཇིགས་པའི་

མཚན་ཉིད་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་མྱེད་དོ། །བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོའི་མཚན་ཉིད་མྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོའི་མཚན་ཉིད་མྱེད་དོ། །སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་བཅྭོ་བརྒྱད་ལ། སངས་རྒྱས་ཀྱི་ཆོས་ཀྱི་མཚན་ཉིད་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་ཉིད་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་

མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཕྱིར་མྱི་འོང་བའི་འབྲས་བུའི་མཚན་ཉིད་མྱེད་དོ། །དགྲ་བཅོམ་པ་ཉིད་ལ་དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །རང་བྱང་ཆུབ་ལ་རང་བྱང་ཆུབ་ཀྱི་མཚན་ཉིད་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་

རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་དོ། །མ་ནོར་བ་དེ་བཞིན་ཉིད་ལ་མ་ནོར་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་

Vol. 15 · folio 57b

དོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་དོ། །ཆོས་ཉིད་ལ་ཆོས་ཉིད་ཀྱི་མཚན་ཉིད་མྱེད་དོ། །ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་མྱེད་དོ། །ཆོས་ཀྱི་གནས་ཉིད་ལ་ཆོས་ཀྱི་གནས་ཉིད་ཀྱི་མཚན་

ཉིད་མྱེད་དོ། །ཆོས་སྐྱོན་མྱེད་པ་ཉིད་ལ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་མཚན་ཉིད་མྱེད་དོ། །མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མྱེད་དོ། །མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་

རང་བཞིན་མྱེད་དོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་

དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་

ཕྱིར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོརད་ཇི་ལྟར་ན། ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བ་ཡིན། །རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །

ཚོར་བ་ཚོར་བས་སྟོང་སྟེ་དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམྱིགས་སོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་

མྱི་དམྱིགས་སོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་མྱིག་གིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་

Vol. 15 · folio 58a

སོ། །རྣ་བ་རྣ་བས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །སྣ་སྣས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ལྕེ་ལྕེས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་

བ་ཡང་མྱི་དམྱིགས་སོ། །ལུས་ལུས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཡིད་ཡིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་གཟུགས་

ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །སྒྲ་སྒྲས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །དྲི་དྲིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །རོ་རོས་སྟོང་

སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །རེག་རེག་གིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཆོས་ཆོས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ།

སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ལུས་ཀྱི་རྣམ་

པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words