ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 25 · folio 280a

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་

དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་

འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་

རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་

རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་

Vol. 25 · folio 280b

ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་

སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་

ཡན་ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་

ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་

ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

Vol. 25 · folio 281a

དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་

ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་

ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་

ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་

Vol. 25 · folio 281b

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་

བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་

བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་རྣམས་སྒོམ་མོ། །དབང་པོ་ལྔ་བསྒོམས་པས། འཁོར་

བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 25 · folio 282a

གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་

འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་

སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་

Vol. 25 · folio 282b

པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་

ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་མགོན་མྱེད་པ། སྡུག་བསྔལ་བ། ཁ་ཟས་དང་། གོས་ཀྱིས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་དག་ཁྱེད་ཚུར་ཤེག་ང་ལས་

ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་

མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག །དེ་ནི་ཁྱེད་ལ་ཡུན་རིང་པོར་དོན་དང་ཕན་པ་དང་

བདེ་བར་འགྱུར་གྱིས། འདི་ལྟར་དོན་འདི་ནི་ཕ་བིའི་ཡིན་གྱི། བདག་གི་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དོན་འདི་ནི་བདག་གིས་ཡུན་རིང་པོ་ནས་སེམས་ཅན་རྣམས་ཀྱི་དོན་དུ་བསྒྲུབས་པ་ཡིན་ནོ་ཞེས་དེ་ལྟར་ཁྱེད་ཀྱིས་བདག་གི་ཡིན་

པར་སོམས་ལ། སེམས་ཅན་རྣམས་ལ་ཡོངས་སུ་ཐོང་ཤིག །སྦྱིན་པ་དེས་ཀྱང་ཚུལ་ཁྲིམས་ལ་སྦྱོར་ཅིག །བཟོད་པ་ལ་སྦྱོར་ཅིག །བརྩོན་འགྲུས་ལ་སྦྱོར་ཅིག །བསམ་གཏན་ལ་སྦྱོར་ཅིག །ཤེས་རབ་ལ་སྦྱོར་ཅིག །ནང་སྟོང་

Vol. 25 · folio 283a

པ་ཉིད་ལ་སྦྱོར་ཅིག །ཕྱི་སྟོང་པ་ཉིད་ལ་སྦྱོར་ཅིག །ཕྱི་ནང་སྟོང་པ་ཉིད་ལ་སྦྱོར་ཅིག །སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །ཆེན་པོ་སྟོང་པ་ཉིད་ལ་སྦྱོར་ཅིག །དོན་དམ་པ་སྟོང་པ་ཉིད་ལ་སྦྱོར་ཅིག །འདུས་བྱས་སྟོང་པ་

ཉིད་ལ་སྦྱོར་ཅིག །འདུས་མ་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྦྱོར་ཅིག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །རང་བཞིན་སྟོང་པ་ཉིད་ལ་སྦྱོར་ཅིག །

ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱོར་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྦྱོར་ཅིག །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་ལ་སྦྱོར་ཅིག །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་ཅིག །ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་ཅིག །དབང་པོ་རྣམས་ལ་སྦྱོར་ཅིག །སྟོབས་རྣམས་ལ་སྦྱོར་ཅིག །བྱང་ཆུབ་ཀྱི་ཡན་ལག་

རྣམས་ལ་སྦྱོར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་ཅིག །འཕགས་པའི་བདེན་པ་རྣམས་ལ་སྦྱོར་ཅིག །བསམ་གཏན་རྣམས་ལ་སྦྱོར་ཅིག །ཚད་མྱེད་པ་རྣམས་ལ་སྦྱོར་ཅིག །གཟུགས་མྱེད་པའི་སྙོམས་པར་

འཇུག་པ་རྣམས་ལ་སྦྱོར་ཅིག །རྣམ་པར་ཐར་པ་བརྒྱད་ལ་སྦྱོར་ཅིག །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར་ཅིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྦྱོར་ཅིག

མངོན་པར་ཤེས་པ་རྣམས་ལ་སྦྱོར་ཅིག །ཏིང་ངེ་འཛིན་རྣམས་ལ་སྦྱོར་ཅིག །གཟུངས་ཀྱི་སྒོ་རྣམས་ལ་སྦྱོར་ཅིག །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོར་ཅིག །མྱི་འཇིགས་པ་བཞི་ལ་སྦྱོར་ཅིག །སོ་སོ་ཡང་དག་པར་རིག་

Vol. 25 · folio 283b

པ་བཞི་ལ་སྦྱོར་ཅིག །སྙིང་རྗེ་ཆེན་པོ་ལ་སྦྱོར་ཅིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྦྱོར་ཅིག །དེ་ཙམ་གྱིས་དགའ་བར་མ་སེམས་པར་གོང་དུ་འཕགས་པའི་ཆོས་ཟག་པ་མེད་པ་རྣམས་ལ་ཁོད་ཅིག །འདི་ལྟ་སྟེ། རྒྱུན་ཏུ་ཞུགས་

པའི་འབྲས་བུ་ལ་ཁོད་ཅིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཁོད་ཅིག །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཁོད་ཅིག །དགྲ་བཅོམ་པ་ཉིད་ལ་ཁོད་ཅིག །རང་བྱང་ཆུབ་ལ་ཁོད་ཅིག །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལ་ཁོད་ཅིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་

སྨྱིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་འཐར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་ཏེ། སེམས་ཅན་རྣམས་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །རྐྱེན་གང་དང་མ་ལྡན་པས་ཁྱེད་ཚུལ་ཁྲིམས་ངན་པ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་།

བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་།

གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 25 · folio 284a

གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ཏེ། དེ་དག་སྡོམ་པའི་ཚུལ་ཁྲིམས་

མ་ཞིག་པ་མ་གོད་པ་མ་འདྲེས་པ་སྐྱོན་མྱེད་པ་མཉམས་པ་རང་དབང་ཡོད་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། ཏིང་ངེ་འཛིན་གྱི་རྒྱུར་འགྱུར་བ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་

གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་

པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་

རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་

བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་

Vol. 25 · folio 284b

ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་

ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་

གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་སེམས་འཁྲུགས་

པ་དང་། གནོད་སེམས་སུ་གྱུར་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་གནོད་སེམས་སུ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་།

གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་

དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་

Vol. 25 · folio 285a

པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་བཟོད་པ་སྒོམ་སྟེ། འཁྲུག་པ་མྱེད་པ་དང་། གནོད་སེམས་མེད་པའི་སེམས་སུ་གྱུར་པ་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས་

འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་

པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལར་གནས། དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་བ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་

ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

Vol. 25 · folio 285b

རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་

གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ལེ་ལོ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་

དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་།

བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་

འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་བརྩོན་འགྲུས་རྩོམ་སྟེ། ལེ་ལོ་མྱེད་ཅིང་བརྩོན་འགྲུས་རྩོམ་པར་གྱུར་པ་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས།

Vol. 25 · folio 286a

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་

གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་

ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་

ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་

Vol. 25 · folio 286b

པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། སྙིང་

རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་སེམས་གཡེངས་པར་གྱུར་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མི་ལྡན་པས་ཁྱེད་སེམས་གཡེངས་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་

བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་བ་དང་། ཁྱིམ་དང་། ནོར་དང་། འབྲུ་

དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་དེ་དག་བསམ་གཏན་སྒོམ་སྟེ། སེམས་གཡེང་བ་མྱེད་ཅིང་མཉམ་

པར་གཞག་པར་གྱུར་པ་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་

Vol. 25 · folio 287a

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས།

སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས།

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམིགས་པ་སྟོང་པ་

ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་

གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་

བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་

Vol. 25 · folio 287b

གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ཤིང་། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་

སྨིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་འཐར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་གནས་ཤིང་། སེམས་ཅན་ཤེས་རབ་འཆལ་པར་གྱུར་པ་བློ་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ཤེས་རབ་འཆལ་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་

ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་

དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་

དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། རྨོངས་པ་མྱེད་ཅིང་། ཤེས་རབ་དང་ལྡན་པར་གྱུར་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

Vol. 25 · folio 288a

པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས།

ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་

ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས།

རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་

ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་

གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་

འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་

Vol. 25 · folio 288b

མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་

བཞི་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པའི་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་

འཐར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་དྲུག་གོ །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་དེ་ལྟ་བུའི་གོ་བགོ་བར་བྱ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཇི་ལྟ་བུ་ཞིག་ཡོད་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱི་ཡོངས་སུ་རྟོག་

པར་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་

Vol. 25 · folio 289a

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །

རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་ལམ་མོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ལམ་མོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །

རབ་འབྱོར་རང་བཞིན་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་རང་གི་མཚན་

Vol. 25 · folio 289b

ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ལམ་མོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་

སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་

བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་འཕགས་པའི་བདེན་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་བསམ་གཏན་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཚད་མྱེད་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་བྱང་ཆུབ་སེམས་

Vol. 25 · folio 290a

དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་

པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །

རབ་འབྱོར་མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་གཟུངས་ཀྱི་སྒོ་

རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་མྱི་འཇིགས་པ་བཞི་ནི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མྱི་བྱ་བ་དང་། གང་ལ་མ་བསླབས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

Vol. 25 · folio 290b

བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡོད་དམ། རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མྱི་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་མེད་དེ། ཆོས་ཐམས་ཅད་ལ་མ་

བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཇི་ལྟར་བསླབ་པར་བགྱི་སྟེ། བཅོམ་ལྡན་འདས་འདི་སྙེད་དོ་ཞེས་བགྱི་བའམ། འདི་དག་གོ་ཞེས་བགྱི་བ་དང་། འཇིག་རྟེན་པའི་ཆོས་ནི་འདི་དག་གོ །འཇིག་

རྟེན་ལས་འདས་པའི་ཆོས་ནི་འདི་དག་གོ །ཟག་པ་དང་བཅས་པའི་ཆོས་ནི་འདི་དག་གོ །ཟག་པ་མྱེད་པའི་ཆོས་ནི་འདི་དག་གོ །འདུས་བྱས་ཀྱི་ཆོས་ནི་འདི་དག་གོ །འདུས་མ་བྱས་ཀྱི་ཆོས་ནི་འདི་དག་གོ །སོ་སོའི་སྐྱེ་བོའི་

ཆོས་ནི་འདི་དག་གོ །རྒྱུན་ཏུ་ཞུགས་པའི་ཆོས་ནི་འདི་དག་གོ །ལན་ཅིག་ཕྱིར་འོང་བའི་ཆོས་ནི་འདི་དག་གོ །ཕྱིར་མྱི་འོང་བའི་ཆོས་ནི་འདི་དག་གོ །དགྲ་བཅོམ་པའི་ཆོས་ནི་འདི་དག་གོ །རང་སངས་རྒྱས་ཀྱི་ཆོས་ནི་འདི་དག་

གོ །བྱང་ཆུབ་སེམས་དཔའི་ཆོས་ནི་འདི་དག་གོ །སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ །ཞེས་བགྱི་བ་ནི་སྤྲོས་པ་མ་མཆིས་པ་འཕྲོ་བར་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །

དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་བསླབས་ཤིང་། བླ་ན་

Vol. 25 · folio 291a

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་ཆོས་ཐམས་ཅད་སྟོང་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་

བསླབས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་ཁྱོད་ཀྱིས་གཞན་ཡང་གང་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ན། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙེད་དོ་ཞེས་བྱ་བ་འམ། འདི་དག་གོ་ཞེས་བྱ་བ་དང་། འཇིག་རྟེན་པའི་ཆོས་ནི་འདི་དག་གོ །འཇིག་རྟེན་ལས་འདས་པའི་ཆོས་ནི་འདི་དག་གོ །ཟག་པ་དང་བཅས་པའི་ཆོས་

ནི་འདི་དག་གོ །ཟག་པ་མྱེད་པའི་ཆོས་ནི་འདི་དག་གོ །འདུས་བྱས་ཀྱི་ཆོས་ནི་འདི་དག་གོ །འདུས་མ་བྱས་ཀྱི་ཆོས་ནི་འདི་དག་གོ །སོ་སོའི་སྐྱེ་བོའི་ཆོས་ནི་འདི་དག་གོ །རྒྱུན་ཏུ་ཞུགས་པའི་ཆོས་ནི་འདི་དག་

གོ །ལན་ཅིག་ཕྱིར་འོང་བའི་ཆོས་ནི་འདི་དག་གོ །ཕྱིར་མྱི་འོང་བའི་ཆོས་ནི་འདི་དག་གོ །དགྲ་བཅོམ་པའི་ཆོས་ནི་འདི་དག་གོ །རང་སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ །བྱང་ཆུབ་སེམས་དཔའི་ཆོས་ནི་འདི་

དག་གོ །སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ་ཞེས་བྱ་བར་ཆོས་རྣམ་པར་དབྱེ་བར་འགྱུར་ཞེས་བྱ་བ་ནི། རབ་འབྱོར་ཅི་སེམས་ཅན་འདི་དག་གིས་དེ་ལྟར་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བར་ཤེས་སམ། གལ་ཏེ་ཤེས་

ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་བྱེད་དེ། རབ་འབྱོར་སེམས་ཅན་འདི་དག་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་

Vol. 25 · folio 291b

བར་མྱི་ཤེས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་རྣམ་པར་དགོད་པར་བྱས་ཤིང་། སེམས་ཅན་རྣམས་

ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས། ཐོག་མ་ཉིད་དུ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། མངོན་པར་འདུ་བྱ་བ་མ་གཏོགས་པར་འདི་ལ་

ཆོས་གང་ཡང་ངོ་བོ་ཉིད་ཀྱིས་དམྱིགས་སུ་མྱེད་དོ་ཞེས་བྱ་བར་ཡོངས་སུ་བརྟག་པར་བྱའོ། །དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་དེ་ལྟར་རྟོག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ།

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་

ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་

ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་

པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་བཞི་འམ། ཡང་དག་པར་སྤོང་བ་བཞི་འམ། རྫུ་འཕྲུལ་གྱི་རྐང་པ་བཞི་འམ། དབང་

Vol. 25 · folio 292a

པོ་ལྔ་འམ། སྟོབས་ལྔ་འམ། བྱང་ཆུབ་ཀྱི་ཡན་ལག་བདུན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་བཞི་འམ། བསམ་གཏན་བཞི་འམ། ཚད་མྱེད་པ་བཞི་འམ། གཟུགས་

མྱེད་པའི་སྙོམས་པར་འཇུག་པ་བཞི་འམ། རྣམ་པར་ཐར་པ་བརྒྱད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་

རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུའམ། མྱི་འཇིགས་པ་བཞི་འམ། སོ་སོ་ཡང་དག་པར་རིག་པ་བཞི་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ལ་ཡང་མངོན་པར་ཆགས་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་

མངོན་པར་ཞེན་པར་མྱི་འགྱུར་རོ། །སྟོང་པ་ཉིད་ཀྱང་དམྱིགས་སུ་མྱེད་ན། གང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་

མངོན་པར་ཞེན་པ་མྱེད་པར་ཆོས་ཐམས་ཅད་ཀྱིས་རྣམ་པར་སྤྱོད་དོ། །དེ་བསླབས་པ་འདི་ལ་གནས་ཤིང་། སེམས་ཅན་འདི་དག་ཅི་ལ་སྤྱོད་ཅེས་སེམས་ཅན་གྱི་སྤྱོད་པ་ལ་ལྟ་སྟེ། དེ་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་ཡང་དག་

Vol. 25 · folio 292b

པ་མ་ཡིན་པའི་འཛིན་པ་ལ་སྤྱོད་དེ། ཀྱེ་མ་སེམས་ཅན་འདི་དག་ནི་ཡང་དག་པ་མ་ཡིན་པའི་འཛིན་པ་ལས་དགྲོལ་བར་བྱ་ན་དཀའ་བ་བྱེད་དོ་ཞེས་ནས། དེའི་ཚེ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འདི་སྐད་དུ་སྟོན་ཏོ། །

ཀྱེ་སེམས་ཅན་དག་ཚུར་ཤེག །སྦྱིན་པ་བྱིན་ཅིག་དེས་ཁྱེད་ལོངས་སྤྱོད་དང་ལྡན་པར་འགྱུར་གྱིས། ལོངས་སྤྱོད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་འདེམས་ཏེ། ཀྱེ་སེམས་

ཅན་དག་ཚུར་ཤེག]ཚུལ་ཁྲིམས་སྲུངས་ཤིག་ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་བཟོད་པ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་བཟོད་པ་སྒོམས་ཤིག་བཟོད་པ་དེས་ཀྱང་

རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་བརྩོན་འགྲུས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་བརྩོན་འགྲུས་རྩོམས་ཤིག་བརྩོན་འགྲུས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་

ཡང་མྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་ཏིང་ངེ་འཛིན་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཤེས་རབ་

ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཤེས་རབ་སྒོམས་ཤིག །ཤེས་རབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །

ནང་སྟོང་པ་ཉིད་སྒོམས་ཤིག་ནང་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཕྱི་སྟོང་པ་ཉིད་སྒོམས་ཤིག་ཕྱི་སྟོང་པ་

Vol. 25 · folio 293a

ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཕྱི་ནང་སྟོང་པ་ཉིད་སྒོམས་ཤིག་ཕྱི་ནང་སྟོང་པ་ཉིད་དེས་ཀྱང་རློམ་

སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་སྟོང་པ་ཉིད་སྟོང་པ་ཉིད་སྒོམས་ཤིག །སྟོང་པ་ཉིད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་

ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཆེན་པོ་སྟོང་པ་ཉིད་སྒོམས་ཤིག་ཆེན་པོ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་

ཡང་མྱེད་དོ། །དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དོན་དམ་པ་སྟོང་པ་ཉིད་སྒོམས་ཤིག་དོན་དམ་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་

མྱེད་དོ། །དེ་བཞིན་དུ་འདུས་བྱས་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་འདུས་བྱས་སྟོང་པ་ཉིད་སྒོམས་ཤིག་འདུས་བྱས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །

དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་འདུས་མ་བྱས་སྟོང་པ་ཉིད་སྒོམས་ཤིག་འདུས་མ་བྱས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་

བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམས་ཤིག་མཐའ་ལས་འདས་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་

Vol. 25 · folio 293b

མེད་དོ། །དེ་བཞིན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམས་ཤིག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་

སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་དོར་བ་མྱེད་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དོར་བ་མྱེད་པ་སྟོང་པ་ཉིད་སྒོམས་ཤིག །དོར་བ་མྱེད་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །

དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རང་བཞིན་སྟོང་པ་ཉིད་སྒོམས་ཤིག །རང་བཞིན་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །

དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཆོས་ཐམས་ཅད་སྟོང་པ་ཉིད་སྒོམས་ཤིག །ཆོས་ཐམས་ཅད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་

མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རང་གི་མཚན་ཉིད་སྟོང་པ་ཉིད་སྒོམས་ཤིག །རང་གི་མཚན་ཉིད་སྟོང་པ་ཉིད་

དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་མྱི་དམྱིགས་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །མྱི་དམྱིགས་པ་སྟོང་པ་ཉིད་སྒོམས་ཤིག །མྱི་དམྱིགས་

པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམས་

Vol. 25 · folio 294a

ཤིག། དངོས་པོ་མྱེད་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ངོ་བོ་ཉིད་

སྟོང་པ་ཉིད་སྒོམས་ཤིག །ངོ་བོ་ཉིད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམས་ཤིག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་འདེམས་

ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དྲན་པ་ཉེ་བར་གཞག་པ་རྣམས་སྒོམས་ཤིག །དྲན་པ་ཉེ་བར་གཞག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་

རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཡང་དག་པར་སྤོང་བ་རྣམས་སྒོམས་ཤིག །ཡང་དག་པར་སྤོང་བ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རྫུ་འཕྲུལ་

གྱི་རྐང་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམས་ཤིག །རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་

དབང་པོ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དབང་པོ་རྣམས་སྒོམས་ཤིག །དབང་པོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་སྟོབས་རྣམས་ལ་འདེམས་

Vol. 25 · folio 294b

ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སྟོབས་རྣམས་སྒོམས་ཤིག །སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བྱང་ཆུབ་

ཀྱི་ཡན་ལག་རྣམས་སྒོམས་ཤིག །བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་

ཚུར་ཤེག །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམས་ཤིག །འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་

ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །འཕགས་པའི་བདེན་པ་རྣམས་སྒོམས་ཤིག །འཕགས་པའི་བདེན་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་བསམ་

གཏན་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བསམ་གཏན་རྣམས་སྒོམས་ཤིག །བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཚད་མྱེད་པ་

རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཚད་མྱེད་པ་རྣམས་སྒོམས་ཤིག །ཚད་མྱེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམས་ཤིག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག

Vol. 25 · folio 295a

དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྣམ་པར་ཐར་པ་རྣམས་སྒོམས་ཤིག །རྣམ་པར་ཐར་པ་དེ་དག་གིས་ཀྱང་

རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་རྣམས་སྒོམས་ཤིག །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམས་ཤིག །རྣམ་པར་ཐར་པའི་སྒོ་

སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་

དག་ཚུར་ཤེག །མངོན་པར་ཤེས་པ་རྣམས་སྒོམས་ཤིག །མངོན་པར་ཤེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་འདེམས་ཏེ།

ཀྱེ་སེམས་ཅན་དག་ཚུར་ཤེག །ཏིང་ངེ་འཛིན་རྣམས་སྒོམས་ཤིག །ཏིང་ངེ་འཛིན་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ལ་འདེམས་

Vol. 25 · folio 295b

ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །གཟུངས་ཀྱི་སྒོ་རྣམས་སྒོམས་ཤིག །གཟུངས་ཀྱི་སྒོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་

བཅུ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམས་ཤིག །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་

མྱེད་དོ། །དེ་བཞིན་དུ་མི་འཇིགས་པ་བཞི་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །མྱི་འཇིགས་པ་བཞི་སྒོམས་ཤིག །མྱི་འཇིགས་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་

ཡང་མྱེད་དོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སོ་སོ་ཡང་དག་པར་རིག་པ་བཞི་སྒོམས་ཤིག །སོ་སོ་ཡང་དག་པར་རིག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །

དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སྙིང་རྗེ་ཆེན་པོ་སྒོམས་ཤིག །སྙིང་རྗེ་ཆེན་པོ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་

བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམས་ཤིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །

དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྒོམས་ཤིག །རྒྱུན་ཏུ་ཞུགས་པའི་འབྲས་བུ་དེས་ཀྱང་རློམ་སེམས་སུ་མ་

Vol. 25 · folio 296a

བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒོམས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་

བུ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཕྱིར་མྱི་འོང་བའི་འབྲས་བུ་སྒོམས་ཤིག །ཕྱིར་མྱི་འོང་བའི་འབྲས་བུ་

དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །དགྲ་བཅོམ་པ་ཉིད་སྒོམས་ཤིག །དགྲ་བཅོམ་པ་དེས་ཀྱང་རློམ་སེམས་

སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མྱེད་དོ། །དེ་བཞིན་དུ་རང་བྱང་ཆུབ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རང་བྱང་ཆུབ་སྒོམས་ཤིག །རང་བྱང་ཆུབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་

གང་ཡང་མྱེད་དོ། །དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམས་ཤིག །ལམ་གྱི་རྣམ་པ་ཤེས་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་

གང་ཡང་མྱེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམས་ཤིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་

ལ་སྙིང་པོ་གང་ཡང་མྱེད་དོ། །ཞེས་དེ་དེ་ལྟར་སེམས་ཅན་རྣམས་ལ་འདེམས་པ་དང་། རྗེས་སུ་སྟོན་པ་བྱེད་ཅིང་བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཀྱང་། གང་ལ་ཡང་མངོན་པར་ཞེན་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མངོན་

Vol. 25 · folio 296b

པར་ཞེན་པ་མྱེད་པ་སྟེ། དེ་ནི་འདི་ལྟར་དེ་དག་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། གང་གིས་མངོན་པར་ཞེན་པར་བྱ་བའི་ངོ་བོ་ཉིད་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། །རབ་

འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཀྱང་གང་ལ་ཡང་མི་གནས་ཏེ། དེ་གནས་པ་མྱེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་གནས་

སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་གནས་སོ། །དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་དང་པོ་ནི། བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །

གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་བསམ་གཏན་གཉིས་པ་ནི་བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བསམ་གཏན་

གསུམ་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་གསུམ་པ་ནི་བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་

Vol. 25 · folio 297a

མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་བཞི་པ་ནི་བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །

གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བྱམས་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱམས་པ་ནི་བྱམས་

པའི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་སྙིང་རྗེ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་

ན། དེ་ནི་འདི་ལྟར་སྙིང་རྗེ་ནི་སྙིང་རྗེའི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་དགའ་བ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་

ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དགའ་བ་ནི་དགའ་བའི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བཏང་སྙོམས་

ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བཏང་སྙོམས་ནི་བཏང་སྙོམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་

ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རང་བཞིན་

Vol. 25 · folio 297b

གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་

ན། དེ་ནི་འདི་ལྟར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་

གྱིས་སྟོང་ངོ་། །དེ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆུང་ཟད་མྱེད་པའི་སྐྱེ་མཆེད་ནི་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་

གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་ཤེས་མྱེད་འདུ་ཤེས་མྱེད་

མྱིན་སྐྱེ་མཆེད་ནི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ། དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །

དེ་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་

མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་

Vol. 25 · folio 298a

ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞོག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་དྲན་པ་ཉེ་བར་གཞག་པ་

བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་

པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་ཡང་དག་པར་སྤོང་བ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་གྱིས་སྟོང་

ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་

ཕྱིར་ཞེ་ན། དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་

སྟོང་ངོ་། །དེ་དབང་བོ་ལྔ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབང་བོ་རྣམས་ནི་དབང་བོ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་

པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་སྟོབས་ལྔ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོབས་རྣམས་ནི་སྟོབས་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་

Vol. 25 · folio 298b

གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་

རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་ཀྱང་དེ་

ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་

གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་འཕགས་པའི་བདེན་པ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །

གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་

མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་

དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་མངོན་པར་ཤེས་པ་ལྔ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མངོན་པར་ཤེས་པ་

Vol. 25 · folio 299a

རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་རྒྱུན་ཏུ་ཞུགས་པའི་

འབྲས་བུ་འཐོབ་ཀྱང་དེ་ལ་མྱི་གནས་སོ། །དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་ཀྱང་དེ་ལ་མྱི་གནས་སོ། དེ་ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་ཀྱང་དེ་ལ་མྱི་གནས་སོ། །དེ་དགྲ་བཅོམ་པ་ཉིད་འཐོབ་ཀྱང་དེ་ལ་མྱི་གནས་སོ། །དེ་རང་བྱང་ཆུབ་འཐོབ་ཀྱང་

དེ་ལ་མྱི་གནས་སོ། །གསོལ་པ། ཅིའི་སླད་དུ་མྱི་གནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གཉིས་ཀྱིས་ཕྱིར་མྱི་གནས་ཏེ། གཉིས་གང་ཞེ་ན། ངོ་བོ་ཉིད་དང་ངོ་བོ་ཉིད་མྱེད་པ་སྟེ། དེ་གཉིས་ཀྱི་ཕྱིར་གང་ལ་གནས་པ་འམ། གང་གིས་

གནས་པ་འམ། གང་གནས་པར་འགྱུར་བ་དེ་ལྟ་བུའི་འབྲས་བུ་དེ་དག་ལ་མྱེད་དོ། །དེ་ཙམ་གྱིས་དགའ་བར་ཡང་མྱི་འཛིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་བདག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མྱི་བྱ་བ་མ་ཡིན་ཏེ། དེ་ལ་

གནས་པར་མྱི་བྱའོ། །བདག་གིས་ལན། ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མྱི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མྱི་བྱའོ། །བདག་གིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་མྱི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མྱི་བྱའོ། །བདག་གིས་

དགྲ་བཅོམ་པ་ཉིད་ཐོབ་པར་མྱི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མྱི་བྱའོ། །བདག་གིས་རང་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པར་མྱི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མྱི་བྱའི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་

རྫོགས་པར་འཚང་རྒྱ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །དེ་ཅིའི་ཕྱིར་

Vol. 25 · folio 299b

ཞེ་ན། བདག་གིས་ནི་ས་དང་པོ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་གཉིས་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་གསུམ་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་

དོ། །བདག་གིས་ནི་ས་བཞི་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་ལྔ་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་དྲུག་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་

མ་བསྐྱེད་དོ། །བདག་གིས་ནི་ས་བདུན་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་བརྒྱད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་དགུ་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་

ཡང་མ་བསྐྱེད་དོ། །བདག་གིས་ནི་ས་བཅུ་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། བླ་ན་མྱེད་པ་ཡང་

Vol. 25 · folio 300a

དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ་སྙམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་གཡེང་བ་མྱེད་པར་ལུས་སམ། ངག་གམ། ཡིད་ཀྱིས་གང་

སྤྱོད་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་མྱི་སྤྱོད་པ་མྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་ཀྱི་སེམས་ལ་གནས་ནས། ཡིད་གཡེང་བ་མྱེད་པར་བྱང་ཆུབ་ཀྱི་ལམ་སྒྲུབ་བོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་

མ་སྐྱེས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ཇི་ལྟ་བུ་

ཞེས་བྱས་ན། གང་མངོན་པར་འདུ་མྱི་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་མ་སྐྱེས་པའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་

ཀྱི་ཆོས་ཉིད་དེ་བཞིན་དུ་གནས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་

གནས་ཉིད་ནི་དེ་བཞིན་དུ་གནས་སོ། །དེ་ལ་གང་ཡང་ཆོས་ཀྱི་གནས་ཉིད་དེ་ལྟ་བུ་མི་ཤེས་པ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་སྐྱེད་དེ། ལམ་དེས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་དོ། །གསོལ་པ། བཅོམ་

ལྡན་འདས་ཅི་ལགས། སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་མ་སྐྱེས་པའི་ལམ་གྱིས། བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ།

Vol. 25 · folio 300b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་ཀྱང་སྐྱེས་ལ་མ་སྐྱེས་ཀྱང་མ་སྐྱེས་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་པ་ཡང་མ་ལགས། མ་སྐྱེས་པ་ཡང་མ་ལགས་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ནི་ལམ་གྱིས་འཐོབ་པ་ཡང་མ་ཡིན། ལམ་མ་ཡིན་པས་འཐོབ་པ་ཡང་མ་

ཡིན་ཏེ། བྱང་ཆུབ་ཉིད་ཀྱང་ལམ་མོ། །ལམ་ཉིད་ཀྱང་བྱང་ཆུབ་པོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་ཉིད་ཀྱང་ལམ་ལ། ལམ་ཉིད་ཀྱང་བྱང་ཆུབ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

བྱང་ཆུབ་སྔ་ནས་འཐོབ་པར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།

མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་བརྗོད་དོ་ཞེས་ཀྱང་ཅིའི་སླད་དུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་

སྙམ་དུ་སེམས། སངས་རྒྱས་ཞིག་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །སངས་རྒྱས་ནི་བྱང་ཆུབ་ཐོབ་པར་མྱི་མཛད་དེ། སངས་རྒྱས་ཉིད་ཀྱང་བྱང་ཆུབ་བོ། །བྱང་ཆུབ་

Vol. 25 · folio 301a

ཉིད་ཀྱང་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སྔ་ནས་ཐོབ་པར་འགྱུར་རོ་ཞེས་སྨྲས་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་

པར་བྱས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། ནང་སྟོང་པ་ཉིད་ཡོངས་སུ་

རྫོགས་པར་བྱས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དོན་དམ་པ་

སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། རང་གི་མཚན་ཉིད་སྟོང་

པ་ཉིད་ཡོངས་སུ་རྫོགས་པར་བྱས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

Vol. 25 · folio 301b

པ་ཉིད་ཡོངས་སུ་རྫོགས་པར་བྱས། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱས། དབང་པོ་ལྔ་ཡོངས་སུ་རྫོགས་

པར་བྱས། སྟོབས་ལྔ་ཡོངས་སུ་རྫོགས་པར་བྱས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱས། འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་

བྱས། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱས། ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱས།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བྱས། མངོན་པར་ཤེས་པ་རྣམས་ཡོངས་སུ་

རྫོགས་པར་བྱས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱས་

སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཤིང་།

རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

Vol. 25 · folio 302a

རྫོགས་པར་སངས་རྒྱས་ཕྱིན་ཆད་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་

གྱིས་དབེན་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་དང་གཞན་གྱི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། དེ་ཡོངས་སུ་དག་པར་བྱས་པས་སངས་རྒྱས་ཀྱི་ཞིང་

ཡོངས་སུ་དག་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་གནས་ངན་ལེན་ནི་གང་ལགས། ངག་གི་གནས་ངན་ལེན་ནི་གང་ལགས། ཡིད་ཀྱི་གནས་ངན་ལེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་

ཀྱི་ལས་མྱི་དགེ་བ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནས་ངན་ལེན་ཏོ། །ངག་གི་ལས་མྱི་དགེ་བ་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པའི་ཚིག་དང་། ཚིག་

ཀྱལ་པ་ནི་བྱང་ཆུབ་སེམས་དཔའི་ངག་གི་གནས་ངན་ལེན་ཏོ། །ཡིད་ཀྱི་ལས་མི་དགེ་བ་ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་སེར་

སྣའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །ཚུལ་ཁྲིམས་ངན་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །སེམས་འཁྲུག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་

Vol. 25 · folio 302b

ལེན་ཏོ། །ལེ་ལོའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །གཡེང་བའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །མཉམ་པར་མ་བཞག་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་

ངན་ལེན་ཏོ། །ཤེས་རབ་འཆལ་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་དྲན་པ་

ཉེ་བར་གཞག་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །ཡང་དག་པར་སྤོང་བ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་

ངན་ལེན་ཏོ། །དབང་པོ་ལྔ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །སྟོབས་ལྔ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་

གནས་ངན་ལེན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །འཕགས་པའི་བདེན་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །བསམ་གཏན་བཞི་

དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །ཚད་མྱེད་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་

གནས་ངན་ལེན་ཏོ། །རྣམ་པར་ཐར་པ་བརྒྱད་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རྣམ་པར་

Vol. 25 · folio 303a

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་ཏུ་བྱེད་པ་འམ།

དེ་ལ་འདོད་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པ་འམ། དེ་ལ་འདོད་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་

གཞན་ཡང་ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱེད་པ་འམ། དེ་ལ་འདོད་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པ་འམ། དེ་ལ་འདོད་པ་སྐྱེད་པ་ནི་བྱང་ཆུབ་སེམས་

དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་རང་བྱང་ཆུབ་མངོན་དུ་བྱེད་པ་འམ། དེ་ལ་འདོད་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་གཟུགས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཚོར་བའི་

འདུ་ཤེས་ནི་གནས་ངན་ལེན་ཏོ། །འདུ་ཤེས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདུ་བྱེད་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མིག་གི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་

བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྣའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལྕེའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལུས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཡིད་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །གཟུགས་ཀྱི་འདུ་ཤེས་

ནི་གནས་ངན་ལེན་ཏོ། །སྒྲའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །དྲིའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རོའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རེག་གི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཆོས་ཀྱི་འདུ་ཤེས་ནི་གནས་ངན་ལེན་

Vol. 25 · folio 303b

ཏོ། །མྱིག་གི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་བའི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྣའི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལྕེའི་རྣམ་པར་ཤེས་པའི་འདུ་ཤེས་ནི་

གནས་ངན་ལེན་ཏོ། །ལུས་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མྱིག་གི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་བའི་འདུས་ཏེ་རེག་

པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྣའི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལྕེའི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཡིད་ཀྱི་

འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྣའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཡིད་ཀྱི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཆུའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མྱེའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རླུང་

གི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ནམ་མཁའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མ་རིག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདུ་བྱེད་ཀྱི་

Vol. 25 · folio 304a

འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མྱིང་དང་གཟུགས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྐྱེ་མཆེད་དྲུག་གི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རེག་པའི་

འདུ་ཤེས་ནི་གནས་ངན་ལེན་ཏོ། །ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྲེད་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལེན་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྲིད་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྐྱེ་བའི་འདུ་

ཤེས་ནི་གནས་ངན་ལེན་ཏོ། །རྒ་ཤིའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །བུད་མྱེད་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྐྱེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདོད་པའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །

གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །གཟུགས་མྱེད་པའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །དགེ་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མྱི་དགེ་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འཇིག་རྟེན་

པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འཇིག་རྟེན་ལས་འདས་པའི་འདུ་ཤེས་ནི་གནས་ངན་ལེན་ནོ། །ཟག་པ་དང་བཅས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཟག་པ་མྱེད་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདུས་བྱས་ཀྱི་འདུ་

ཤེས་ནི་གནས་ངན་ལེན་ཏོ། །འདུས་མ་བྱས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཏེ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གནས་ངན་ལེན་དེ་ཐམས་ཅད་རྣམ་པར་སྤངས་ཤིང་བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་སྟེ། གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ཏེ། དེ་ཟས་འདོད་པ་ལ་ནི་

Vol. 25 · folio 304b

ཟས་ཡོངས་སུ་གཏོང་ངོ་། །སྐོམ་འདོད་པ་ལ་ནི་སྐོམ། གོས་འདོད་པ་ལ་ནི་གོས། བཞོན་པ་འདོད་པ་ལ་ནི་བཞོན་པ། མལ་ཆ་འདོད་པ་ལ་ནི་མལ་ཆ། མེ་ཏོག་འདོད་པ་ལ་ནི་མེ་ཏོག །བདུག་སྤོས་འདོད་པ་ལ་ནི་བདུག་སྤོས། སྤོས་འདོད་པ་

ལ་ནི་སྤོས། ཕྲེང་བ་འདོད་པ་ནི་ཕྲེང་བ། བྱུག་པ་འདོད་པ་ལ་ནི་བྱུག་པ། གནས་འདོད་པ་ལ་ནི་གནས། ནོར་དང་འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་། དངུལ་

འདོད་པ་ལ་ནི་ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་དངུལ་ཡོངས་སུ་གཏོང་ངོ་། །མིའི་རྐྱེན་དང་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་འདོད་པ་ལ་ནི་དེ་དག་

ཡོངས་སུ་གཏོང་སྟེ། གཞན་ཡང་མིའི་རྐྱེན་དང་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་བ་ལ་ཡང་དག་པར་སྐུལ་ཞིང་རབ་ཏུ་བཀོད་དེ། དེའི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་

བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་སྔོའོ། །དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་སྐུལ་ལོ། །བདག་ཀྱང་བཟོད་པ་སྒོམ་མོ། །གཞན་ཡང་བཟོད་པ་ལ་

ཡང་དག་པར་སྐུལ་ལོ། །བདག་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བདག་ཀྱང་བསམ་གཏན་ལ་སྙོམས་པར་འཇུག་གོ །གཞན་ཡང་བསམ་གཏན་ལ་ཡང་དག་པར་སྐུལ་ལོ། །བདག་

ཀྱང་ཤེས་རབ་སྒོམ་མོ། །གཞན་ཡང་ཤེས་རབ་ལ་ཡང་དག་པར་སྐུལ་ཞིང་། གཞོག་གོ །འདུལ་ལོ། རབ་ཏུ་འགོད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་

Vol. 25 · folio 305a

དག་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་། དཀོན་མཆོག་གསུམ་ལ་འབུལ་བ་བྱེད་ཀྱང་། དེ་འདི་སྙམ་དུ་དགེ་བའི་རྩ་

བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྤྱན་སྔ་འམ། སངས་རྒྱས་ཀྱི་མཆོད་

རྟེན་གྱི་དྲུང་དུ་ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དཀྲོལ་བ་བྱེད་ཀྱང་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་རྫས་ཀྱི་སྒྲ་ཡིད་དུ་འོང་བ་རྟག་ཏུ་རྒྱུན་མྱི་ཆད་པར་འབྱུང་བར་གྱུར་ཅིག་ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་

གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་རྫས་ཀྱི་སྤོས་ཀྱིས་ཡོངས་སུ་བཀང་ཞིང་། སངས་རྒྱས་རྣམས་སམ། སངས་རྒྱས་ཀྱི་མཆོད་རྟེན་དག་ལ་འབུལ་བ་བྱེད་ཀྱང་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་

གི་སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་རྒྱུན་མི་ཆད་པར་ལྷ་རྫས་ཀྱི་སྤོས་ཀྱི་ངད་ལྡང་བར་གྱུར་ཅིག །ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །རོ་བརྒྱ་དང་ལྡན་པའི་ཁ་

ཟས་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་ལ་འབུལ་བར་བྱེད་ཅིང་། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས། བདག་གི་སངས་རྒྱས་ཀྱི་ཞིང་དེར། བདག་བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་མནབས་སྩལ་རོ་བརྒྱ་དང་ལྡན་པ་མངོན་པར་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

Vol. 25 · folio 305b

སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ལྷ་རྫས་ཀྱི་བྱུག་པ་ཡོངས་སུ་འབུལ་བར་བྱེད་ཀྱང་། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་ལྷ་རྫས་ཀྱི་རེག་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་འདི་སྙམ་དུ་ཡིད་ཀྱིས་བསམས་པ་ཙམ་གྱིས་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། སེམས་ཅན་ཐམས་ཅད་ལ་

དབུལ་ཞིང་། ཡོངས་སུ་གཏང་བར་བྱའོ་སྙམ་དུ་སེམས་ཏེ། དེ་དེ་ལྟར་སེམས་པའི་ཚེ། འདི་སྙམ་དུ་དགེ་བའི་རྩ་བ་འདིས། བདག་གི་སངས་རྒྱས་ཀྱི་ཞིང་དེར། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་སངས་རྒྱས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཡིད་ཀྱིས་བསམས་པ་ཙམ་གྱིས་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་། རེག་ཡོངས་སུ་གྲུབ་པར་གྱུར་ཅིག་

ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་དང་པོ་

ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་དང་པོ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་གཉིས་པ་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གཉིས་པ་ལ་

Vol. 25 · folio 306a

འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་གསུམ་པ་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གསུམ་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་བཞི་པ་ལ་མཉམ་པར་གཞག་

གོ །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་བཞི་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བྱམས་པ་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་བྱམས་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་སྙིང་རྗེ་ལ་མཉམ་པར་གཞག་གོ །

སེམས་ཅན་ཐམས་ཅད་ཀྱང་སྙིང་རྗེ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་དགའ་བ་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་དགའ་བ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བཏང་སྙོམས་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་

ཅད་ཀྱང་བཏང་སྙོམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་། རྣམ་ཤེས་མཐའ་

ཡས་སྐྱེ་མཆེད་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་ཆུང་ཟད་མེད་པའི་

སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་མཉམ་པར་གཞག་གོ །སེམས་ཅན་ཐམས་ཅད་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་དྲན་པ་ཉེ་བར་གཞག་པ་

རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྤོང་བ་རྣམས་ལ་འགོད་དོ། །

Vol. 25 · folio 306b

མ་ལ་བདག་ཉིད་ཀྱིས་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་དབང་པོ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དབང་པོ་རྣམས་ལ་

འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་སྟོབས་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྟོབས་རྣམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་

ཡན་ལག་རྣམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་

པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་འགོད་དོ་སྙམ་སྟེ། དེ་དེ་ལྟར་སེམས་པའི་ཚེ། དེ་འདི་སྙམ་དུ་དགེ་བའི་རྩ་བ་

འདིས། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད། བསམ་གཏན་བཞི་དང་མྱི་འབྲལ་ཞིང་། ཚད་མྱེད་པ་བཞི་དང་མྱི་འབྲལ་བ་དང་། གཟུགས་མྱེད་

པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དག་དང་། སྨོན་པ་མྱེད་པ་དག་དང་མྱི་འབྲལ་བར་ཤོག་ཤིག །ཅེས་བྱ་བར་སེམས་སྐྱེད་དོ། །

རབ་འབྱོར་དེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དེ། ནམ་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ། བླ་ན་མྱེད་

Vol. 25 · folio 307a

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། དེ་བདག་ཉིད་ཀྱང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ཀྱང་དགེ་བའི་རྩ་བ་དང་ལྡན་པ་ཡིན། སེམས་ཅན་དེ་དག་ཐམས་

ཅད་ཀྱང་། དགེ་བའི་རྩ་བ་དང་ལྡན་པར་བྱེད་པ་ཡིན་ཏེ། དེ་བདག་ཉིད་ཀྱི་ལུས་ཀྱང་མཛེས་པ་ཡིན། སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་འདི་ལྟ་སྟེ། བསོད་ནམས་ཀྱིས་ཡོངས་

སུ་བཟུང་བའི་ཕྱིར། གཟུགས་བཟང་ཞིང་མཛེས་ལ། ཡིད་དུ་འོང་བའི་གཟུགས་མངོན་པར་འགྲུབ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་དེ་ལྟར་ཡོངས་སུ་དག་པར་བྱེད་དོ། །ཅི་ནས་ཀྱང་ངན་སོང་

གསུམ་དུ་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། ལྟ་བ་རྣམ་པར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དུ་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། བུད་མྱེད་དང་། སྐྱེས་པར་གདགས་པའི་མྱིང་ཡང་མྱི་

སྲིད་པ་དང་། ཐེག་པ་གཉིས་སུ་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མྱེད་པར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། ཡོངས་སུ་འཛིན་པར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། བདག་དང་

བདག་གིར་བྱ་བར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། ཕྱིན་ཅི་ལོག་ཏུ་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་། འབྲས་བུར་གདགས་པའི་མྱིང་ཡང་མྱི་སྲིད་པ་དང་།

གཞན་དུ་ན་སེམས་ཅན་དེ་དག་འདོད་པ་བཞིན་དུ་ཤིང་རླུང་གིས་བཏབ་པ་འམ། ཕྱི་ནང་གི་དངོས་པོ་དག་ལས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མྱེད་པའི་སྒྲ་དང་། སྨོན་པ་མྱེད་པའི་སྒྲ་དང་། མྱི་སྐྱེ། མྱི་འགག་པའི་སྒྲ་དང་། ཆོས་

Vol. 25 · folio 307b

ཐམས་ཅད་ངོ་བོ་ཉིད་མྱེད་པའི་སྒྲ་དང་། ཆོས་ཐམས་ཅད། ཆོས་ཐམས་ཅད་ཀྱིས་སྟོང་པའི་སྒྲ་འབྱུང་བ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ། ངོ་བོ་ཉིད་མེད་པའི་སྒྲ་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་

པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད། ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །གང་སྟོང་པ་དེ་ལ་ནི་མཚན་མ་མྱེད་དོ། །གང་ལ་མཚན་མ་མྱེད་པ་དེ་ལ་ནི་སྨོན་པ་མྱེད་དོ་ཞེས་བྱ་བར་ཆོས་བསྟན་པའི་སྒྲ་ཉིན་མཚན་རྒྱུན་མྱི་ཆད་པར་འགྲོ་ཡང་རུང་།

འདུག་ཀྱང་རུང་། སྡོང་ཀྱང་རུང་། ཉལ་ཡང་རུང་སྟེ། རྟག་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་དོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་ནས་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་ཐམས་ཅད་ལེགས་པ་རྗོད་

པར་འགྱུར་ཏེ། སེམས་ཅན་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་དེ་ཐམས་ཅད་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་དེས་ཆོས་བསྟན་ན། སེམས་ཅན་གང་ཡང་འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་ནོ། །ཞེས་བྱ་བར་ཐེ་ཚོམ་ཟ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི། ཆོས་མ་ཡིན་པ་

གང་ཡང་མྱེད་དེ། ཐམས་ཅད་ཀྱང་ཆོས་སོ། །དེ་ལ་སེམས་ཅན་གང་མྱི་དགེ་བའི་རྩ་བས་ནོན་པ་དང་། སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་པ། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ།

Vol. 25 · folio 308a

བདག་ཏུ་ལྟ་བར་བྱིང་བ་ནས་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བར་དུ་བྱིང་བ། རྟག་པ་འམ། ཆད་པའི་མཐའ་ལ་གནས་པ། ལོག་པར་འཛིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་ལ་ནི། ཡང་དག་པར་རྫོགས་པའི་

སངས་རྒྱས་ཡིན་པར་འདུ་ཤེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་ལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་འདུ་ཤེས་པ་དེ་དག་ནི། ཆོས་མ་ཡིན་པ་ལ་ཡང་ཆོས་སོ་ཞེས་ཟེར། ཆོས་ལ་ཡང་ཆོས་མ་ཡིན་ནོ་ཞེས་ཟེར་ཏེ།

དེ་དག་ཆོས་ལ་སྤོང་བར་འགྱུར་ཏེ། དེ་ལྟར་ཆོས་སྤངས་ནས་ལུས་ཞིག་པའི་འོག་ཏུ། ཤི་ནས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ལྟ་བུ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་འཁོར་བའི་ཁོངས་སུ་ཆུད་པའི་སེམས་ཅན་དེ་དག། སྡིག་པར་ལྟ་བའི་རྣམ་པ་དེ་དག་ལས་རྣམ་པར་འགྲོལ་ཏེ། དེ་ལྟར་རྣམ་པར་བཀྲོལ་ནས་ངེས་པའི་ཕུང་པོར་རབ་ཏུ་འགོད་

དེ། དེར་བཀོད་པའི་རྣམས་ཕྱིན་ཅད་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡོངས་སུ་སྦྱངས་པས་སེམས་ཅན་རྣམས་

འཇིག་རྟེན་པའི་ཆོས་སམ། འཇིག་རྟེན་ལས་འདས་པའི་ཆོས་སམ། ཟག་པ་དང་བཅས་པའི་ཆོས་སམ། ཟག་པ་མེད་པའི་ཆོས་སམ། འདུས་བྱས་ཀྱི་ཆོས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་གནས་པར་མི་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བདུན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

Vol. 25 · folio 308b

གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བགྱི་བའམ། མ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པ་སྟེ། མ་ངེས་པ་མ་ཡིན་ནོ།

གསོལ་པ། ཉན་ཐོས་ཀྱི་ཕུང་པོ་འམ། རང་སངས་རྒྱས་ཀྱི་ཕུང་པོ་འམ། སངས་རྒྱས་ཀྱི་ཕུང་པོ་འམ། ཕུང་པོ་གང་དུ་ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཕུང་

པོར་ངེས་པ་འམ། རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཕུང་པོར་ངེས་པའོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ངེས་ཞེས་བགྱི་འམ། འོན་ཏམ་ཕྱིར་མྱི་ལྡོག་པ་ངེས་ཞེས་བགྱི་འམ། འོན་ཏམ་སྲིད་པ་ཐ་མ་པ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ནི་ངེས་པའོ། །ཕྱིར་མྱི་ལྡོག་པ་ནི་ངེས་པའོ། །སྲིད་པ་གཅིག་གིས་ཐོག་པ་ནི་ངེས་པའོ། །གསོལ་པ་བཅོམ་ལྡན་འདས་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་འམ་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་

ཡིན་ཏེ། རབ་འབྱོར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངན་སོང་དུ་མི་སྐྱེའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་ཏུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་འམ། ཕྱིར་མི་འོང་བ་འམ། དགྲ་བཅོམ་པ་འམ།

རང་སངས་རྒྱས་ངན་སོང་དུ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་སེམས་དང་པོ་བསྐྱེད་པ་

Vol. 25 · folio 309a

ནས་ཉེ་བར་བཟུང་སྟེ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤང་

བའི་དོན་དུ་གནས་པ་དེ་ནི། ངན་སོང་དུ་སྐྱེ་བར་འགྱུར་བའི་གནས་མྱེད་དོ། །ལྷ་ཚེ་རིང་པོར་སྐྱེ་བའི་གནས་མྱེད་དོ། །གང་ན་དགེ་བའི་ཆོས་རྣམས་མྱི་སྤྱོད་པ་དེ་ལྟ་བུར་སྐྱེ་བའི་གནས་མྱེད་དོ། །གླེན་པ་དང་། ལྐུགས་པར་འགྱུར་བའི་ཡུལ་དུ། སྐྱེ་བའི་

གནས་མྱེད་དོ། །མཐའ་འཁོབ་ཀྱི་ཀླ་ཀློ་དང་། མི་སྲུན་ཞིང་འཁོར་བཞི་རྒྱུར་མྱེད་པའི་ཡུལ་དུ་སྐྱེ་བའི་གནས་མྱེད་དོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་གནས་མྱེད་དོ། །གང་ན་སངས་རྒྱས་ཀྱི་སྒྲ་མྱི་གྲག་པ་དང་། ཆོས་ཀྱི་སྒྲ་མྱི་གྲག་པ་དང་། དགེ་འདུན་

གྱི་སྒྲ་མི་གྲག་པ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །བྱ་བ་མ་ཡིན་པའི་ལྟ་བར་ལྟུང་བའི་གནས་མྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ནི། མྱི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་དགེ་བའི་

རྩ་བ་དང་ལྡན་ཞིང་། ཚུལ་དང་མྱི་འདྲ་བའི་གནས་སུ་མྱི་སྐྱེ་བ་ལགས་ན། གང་འདི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱང་བྱོལ་སོང་གི་རྒྱུད་དུ་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱི་དགེ་བའི་ལས་ཀྱིས་བྱོལ་སོང་གི་རྒྱུད་དུ་སྐྱེ་བ་མ་ཡིན་གྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་། སེམས་ཅན་རྣམས་ཀྱི་དོན་

Vol. 25 · folio 309b

དུ་ཡོངས་སུ་འཛིན་ཅིང་། རབ་འབྱོར་དེ་ལྟར་ཐབས་མཁས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཤིང་། དེ་ལ་ལ་ལ་ཞིག་གསོད་དུ་འོངས་ཀྱང་བླ་ན་མྱེད་པའི་བཟོད་པས་བདག་ཡོངས་སུ་གཏོང་ཞིང་། སེམས་ཅན་དེ་

དག་ལ་གནོད་པར་མྱི་བྱེད་པ་དེ་ལྟ་བུའི་ཐབས་མཁས་པ་དག་དགྲ་བཅོམ་པ་འམ། རང་སངས་རྒྱས་དག་ལ་ཡོད་དམ། རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་ཡང་། བྱོལ་སོང་གི་སྐྱེ་གནས་ཀྱི་རྒྱུད་ཀྱི་ཉེས་པས་མྱི་གོས་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དགེ་བའི་

ཆོས་གང་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མྱི་བྱ་བའི་དགེ་

བའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་དེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་

པོ་བྱང་ཆུབ་ལ་འདུག་གི་བར་དུ་དགེ་བའི་ཆོས་གང་ཡང་ཡོངས་སུ་རྫོགས་པར་མྱི་བྱ་བ་མྱེད་དོ། །དགེ་བའི་ཆོས་གང་ཡོངས་སུ་རྫོགས་པར་མ་བྱས་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་

ལྟ་བུ་མེད་དེ་དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་

Vol. 25 · folio 310a

ལ་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱང་ཡོངས་སུ་སྤོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་པ་ངན་སོང་ངམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་འཕགས་པ་ཟག་པ་མྱེད་པ་ཡིན་

ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས། བདེ་བར་གཤེགས་པ་དེ་དེ་ལགས་ཏེ། དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མྱི་མངའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་བྱོལ་

སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་མངོན་པར་སྤྲུལ་པ་མཛད་ཅིང་། དེ་མངོན་པར་སྤྲུལ་ནས་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དེ་ལྟ་བུ་ཡོད་དམ་མྱེད། གསོལ་པ། བཅོམ་ལྡན་འདས་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

དེས། དེ་བཞིན་གཤེགས་པ་བྱོལ་སོང་གི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་མྱོང་བར་

འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མྱེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་

དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཅི་རིགས་ཅི་ཚུལ་དུ་ཡོངས་སུ་སྨིན་པར་བྱེད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་མངོན་པར་སྤྲུལ་ན། སྤྲུལ་པ་དེས་དགྲ་བཅོམ་པའི་ལས་བྱས་ཤིང་། ལས་དེས་གཞན་གྱི་

Vol. 25 · folio 310b

དགེ་བ་སྐྱེ་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པ་

ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ཅི་རིགས་ཅི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟ་བུའི་ལུས་དེས་སྡུག་བསྔལ་དུའང་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཡང་ཉམས་སུ་མྱི་མྱོང་ངོ་། །རབ་འབྱོར་དེ་ཇི་སྙམ་དུ་སེམས།

སྒྱུ་མའི་མཁན་པོས་སྒྱུ་མ་ལས་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་ཤིག་བསྟན་ཏམ། གཞན་ཡང་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ན། དེ་དག་གླང་པོའི་གཟུགས་སམ། རྟའི་གཟུགས་སམ་གླང་གི་གཟུགས་སམ། སྲོག་ཆགས་ཀྱི་རིགས་

གཞན་དག་ཏུ་འང་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མྱེད་པ་དང་ལྡན་པ་ཡང་ཆེད་

དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱད་དེ། སྡུག་བསྔལ་གྱི་ཚོར་བར་འགྱུར་བ་གང་ཡང་མྱེད་དོ། །རབ་འབྱོར་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་ཞིང་། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པ་ནི། ཐབས་ཤིན་ཏུ་མཁས་པ་སྟེ། དེ་ནི་ངོ་

མཚར་ཆེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་གང་དང་གང་ལ་གནས་ཤིང་། དེ་ལྟ་བུའི་ཐབས་མཁས་པ་བགྱིད་ཀྱང་། ལས་དེ་ལྟ་བུས་མྱི་གོས་པར་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་

Vol. 25 · folio 311a

བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་དེ། ཐབས་མཁས་པ་དེ་དག་གིས་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་

གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་དེས་དེ་ལ་གང་ཡང་རེག་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་རེག་པར་བྱེད་པ་དང་། གང་གིས་རེག་པར་བྱ་བ་

དང་། གང་ལ་རེག་པར་བྱ་བ་དེ་ལྟ་བུའི་ཆོས་གསུམ་པོ་དེ་དག་ཐམས་ཅད་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་རེག་པར་མྱི་བྱེད་དོ། །སྟོང་པ་

ཉིད་ཀྱིས་ཆོས་གང་ལ་ཡང་རེག་པར་མྱི་འགྱུར་རོ། །སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་མྱི་དམྱིགས་སོ། །དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཞན་ལ་མྱི་གནས་ཀྱི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་གནས་ཤིང་། རྣམ་པ་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་མ་ཆུད་པ་

དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་ཆོས་ཐམས་ཅད་འདུ་བ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་ཆོས་གང་

Vol. 25 · folio 311b

ཡང་ཁོངས་སུ་ཆུད་པ་འམ། ཁོངས་སུ་མ་ཆུད་པ་ཞེས་བགྱི་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་མྱི་སྟོང་ངམ། གསོལ་པ། བཅོམ་ལྡན་འདས་སྟོང་ངོ་། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་སྟེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ན། ཐམས་ཅད་སྟོང་པ་ཉིད་དུ་མ་འདུས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ཤིང་། ཕྱོགས་བཅུའི་

ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆི་བ་དང་། འཇིག་རྟེན་གྱི་ཁམས་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱིད་པ་

དང་། ཆོས་ཉན་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་པའི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་

སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་

Vol. 25 · folio 312a

ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །འཇིག་རྟེན་གྱི་ཁམས་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །གཞན་དུ་

ན་མྱིང་དང་བརྡར་གདགས་པ་ཉེ་བར་བཟུང་ཞིང་བསྟན་པ་མ་གཏོགས་ཏེ། གདགས་པ་ཀུན་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ངོ་། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མྱི་སྟོང་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་

མྱི་སྟོང་སྟེ། གདགས་པའི་རྒྱུད་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མྱི་སྟོང་པ་ཞིག་ཡིན་ན་ནི། ཉི་ཚེ་བའི་སྟོང་པ་ཉིད་དུ་འགྱུར་ཏེ། དེ་ཡང་སྟོང་པ་ཉིད་ཚེ་བ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་། ལྷའི་མྱིག་དང་། ལྷའི་རྣ་བ་དང་།

རྫུ་འཕྲུལ་གྱི་རྣམ་པ་དང་། ཕ་རོལ་ཀྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་དང་། འཆི་འཕོ་ཤེས་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་མ་བསྐྱེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་འདུས་ཏེ། མངོན་པར་ཤེས་པ་དེ་དག་

ལས་བྱང་ཆུབ་ཡོངས་སུ་བཙལ་བར་བྱའོ། །དེ་ཚོལ་བའི་ཚེ། ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པས་བདག་ཉིད་ཀྱིས་ཀྱང་དགེ་བའི་ཆོས་ཐམས་ཅད་མཐོང་། གཞན་ཡང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་ཏེ། དགེ་བའི་ཆོས་དེ་དག་

Vol. 25 · folio 312b

ལ་མངོན་པར་ཞེན་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་གང་ལ་མངོན་པར་ཞེན་ཅིང་། རོ་མྱོང་བར་བྱེད་པར་མངོན་པར་ཞེན་པར་འགྱུར་བ་མྱེད་དེ། སྟོང་པ་

ཉིད་ནི་རོ་མྱོང་བར་བྱེད་པ་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ལྷའི་མྱིག་

མངོན་པར་སྒྲུབ་སྟེ། ལྷའི་མྱིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། དེ་ཆོས་དེ་དག་ལ་གནས་ཤིང་ལས་མངོན་པར་སྒྲུབ་བོ། །ལས་མངོན་པར་སྒྲུབ་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་ནམ་སེམས་ཅན་དག་ཏུ་

གདགས་པར་དམྱིགས་པ་མྱེད་དོ། །དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པར་བྱ་བའི་ཆོས་

གང་ཇི་སྙེད་པ་དེ་དག་བྱེད་དོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་

པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་

ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ།

Vol. 25 · folio 313a

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་

རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ།

སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་

པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་། ཉིང་ཤ་ཉིད་གིས་

ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་

པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱོད་ངན་སོང་

གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏེ།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words