ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 15 · folio 240b
སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་
ཀྱི་ཕྱིར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ།
རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།
ཀྱི་ཕྱིར་མི་དམིགས་སོ། །རབ་འབྱོར་གཟུགས་ནི་ཆུ་ཟླ་ལྟ་བུ། ཚོར་བ་ནི་ཆུ་ཟླ་ལྟ་བུ། འདུ་ཤེས་ནི་ཆུ་ཟླ་ལྟ་བུ། འདུ་བྱེད་ནི་ཆུ་ཟླ་ལྟ་བུ། རྣམ་པར་ཤེས་པ་ནི་ཆུ་ཟླ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །
དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོན་དམ་པ་
སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་
དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མི་དམིགས་པ་
Vol. 15 · folio 241a
སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རབ་འབྱོར་གཟུགས་
ནི་སྨིག་རྒྱུ་ལྟ་བུ། ཚོར་བ་ནི་སྨིག་རྒྱུ་ལྟ་བུ། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། འདུ་བྱེད་ནི་སྨིག་རྒྱུ་ལྟ་བུ། རྣམ་པར་ཤེས་པ་ནི་སྨིག་རྒྱུ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་
དམིགས་སོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་
སོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །འདུས་བྱས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོར་བ་མེད་
པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་
སོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མྱི་དམིགས་སོ། །རབ་འབྱོར། གཟུགས་ནི་སྤྲུལ་པ་ལྟ་བུ། ཚོར་བ་ནི་
སྤྲུལ་པ་ལྟ་བུ། འདུ་ཤེས་ནི་སྤྲུལ་པ་ལྟ་བུ། །འདུ་བྱེད་ནི་སྤྲུལ་པ་ལྟ་བུ། རྣམ་པར་ཤེས་པ་ནི་སྤྲུལ་པ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཕྱི་སྟོང་
Vol. 15 · folio 241b
ཉིད་ཀྱི་ཕྱིར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །འདུས་བྱས་སྟོང་ང་ཉིད་ཀྱི་ཕྱིར་
མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །
རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་མི་
དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་
པས། བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་བ་དང་། སྐྲག་པར་མི་འགྱུར་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐེག་པ་ལ་གསར་དུ་ཞུགས་པ་ཡང་ཡིན་ལ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ཀྱང་མི་མཁས་པ་ཞིག་སྟེ། དགེ་བའི་བཤེས་གཉེན་གྱི་ལག་ཏུ་ཡང་མ་འོངས་ན། འཇིགས་ཤིང་སྔང་བ་དང་། སྐྲག་པར་ཡང་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བསྟན་པ་འདི་ཐོས་ན། མི་འཇིགས་མི་སྔང་། མི་སྐྲག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་
Vol. 15 · folio 242a
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལྡན་པའི་སེམས་ཀྱིས། གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས།
ཚོར་བ་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་
མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྡུག་བསྔལ་
ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་སྡུག་
བསྔལ་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་
ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
Vol. 15 · folio 242b
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་བདག་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
ཀྱིས། ཚོར་བ་བདག་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་བདག་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
ཀྱིས། འདུ་བྱེད་བདག་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
སེམས་ཀྱིས། གཟུགས་ཞི་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་ཞི་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
སེམས་ཀྱིས། འདུ་ཤེས་ཞི་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་ཞི་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
སེམས་ཀྱིས། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
Vol. 15 · folio 243a
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྟོང་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ལྡན་པའི་སེམས་ཀྱིས། ཚོར་བ་སྟོང་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་སྟོང་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་སྟོང་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་མཚན་མ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་མཚན་མ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་
དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་
Vol. 15 · folio 243b
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྨོན་པ་
མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་སྨོན་པ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་
ཤེས་སྨོན་པ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས།
རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་སེམས་ཀྱིས། ཚོར་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་ཅེས་
Vol. 15 · folio 244a
བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་
དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་དབེན་
ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མི་རྟག་པའི་
རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་
མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
Vol. 15 · folio 244b
ཡིད་ལ་བྱ་བས། རྣམ་པར་ཤེས་པ་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་
སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། འདུ་བྱེད་སྡུག་བསྔལ་པའི་རྣམ་པར་རྟོག་པར་བྱེད་དེ། དེ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྡུག་བསྔལ་བའི་རྣམ་
པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་བདག་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་བདག་
མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་བདག་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
Vol. 15 · folio 245a
ཡིད་ལ་བྱ་བས། འདུ་བྱེད་བདག་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་བདག་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་
དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་ཞི་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་ཞི་བའི་རྣམ་པར་རྟོགས་
པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་ཞི་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་ཞི་བའི་རྣམ་
པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་ཞི་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་
བས། གཟུགས་སྟོང་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྟོང་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་
Vol. 15 · folio 245b
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྟོང་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྟོང་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྟོང་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མཚན་མ་མེད་པའི་རྣམ་པར་རྟོགས་
པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མཚན་མ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་
ཤེས་མཚན་མ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མཚན་མ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མཚན་མ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྨོན་པ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་
Vol. 15 · folio 246a
སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྨོན་
པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ།
དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་
ཤེས་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་
Vol. 15 · folio 246b
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་དབེན་པའི་
རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་
ཤེས་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས། རྣམ་པར་ཤེས་པ་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ལ་གཟུགས་མྱི་རྟག་ཅེས་
བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་བདག་མེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་ཞེ་ཞེས་བྱ་བར་དེ་མྱི་
དམྱིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་དམྱིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྨོན་པ་མྱེད་ཅེས་བྱ་བར་དེ་མྱི་
Vol. 15 · folio 247a
དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་
མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་ཞི་ཞེས་བྱ་བར་དེ་
མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་མཚན་མ་མྱེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །ཚོར་བ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་མི་རྟག་ཅེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་ཀྱིས་ཆོས་བསྟན་ཏོ། །འདུ་ཤེས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་
ཆོས་བསྟན་ཏོ། །འདུ་ཤེས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །
འདུ་ཤེས་མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་ཤེས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་མི་རྟག་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་སྡུག་
Vol. 15 · folio 247b
བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། འདུ་བྱེད་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་སྟོང་ཞེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་
དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །འདུ་བྱེད་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་
དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར། དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་སྟོང་ཞེས་
བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་
མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །རྣམ་པར་ཤེས་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ་སྙམ་མོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་སྡང་སྐྲག་པར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་
Vol. 15 · folio 248a
དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མྱི་ལྡན་པས། གཟུགས་གང་མྱི་རྟག་པའི་རྩམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས་གཟུགས་གང་
སྡུག་བསྔལ་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་བདག་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་
དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་ཞི་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་སྟོང་པའི་
རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་
དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་མངོན་པར་
འདུ་བྱ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། གཟུགས་གང་དབེན་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །
ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མྱི་ལྡན་པས། ཚོར་བ་གང་སྡུག་བསྔལ་
Vol. 15 · folio 248b
བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་བདག་མྱེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་
དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་ཞི་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་སྟོང་པའི་རྣམ་པར་ཡིད་ལ་
བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་
རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་
ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི། ཡིད་ལ་བྱ་བ་དང་མི་ལྡན་པས། ཚོར་བ་གང་དབེན་པའི། རྣམ་པར་ཡིད་ལ་བྱེད་པ་དེ། མི་དམིགས་པའི་ཚུལ་གྱིས་
ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས།
འདུ་ཤེས་གང་སྡུག་བསྔལ་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་བདག་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་
Vol. 15 · folio 249a
གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་ཞི་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་
ལྡན་པས། འདུ་ཤེས་གང་སྟོང་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་
གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་
ལྡན་པས། འདུ་ཤེས་གང་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་ཤེས་གང་དབེན་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་
དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་
དང་མི་ལྡན་པས། འདུ་བྱེད་གང་སྡུག་བསྔལ་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་བདག་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་
དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་ཞི་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་
Vol. 15 · folio 249b
ལྡན་པས། འདུ་བྱེད་གང་སྟོང་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་
ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་
མི་ལྡན་པས། འདུ་བྱེད་གང་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། འདུ་བྱེད་གང་དབེན་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་
པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་
ལྡན་པས། རྣམ་པར་ཤེས་པ་གང་སྡུག་བསྔལ་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་བདག་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་
དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་ཞི་བའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་
མི་ལྡན་པས། རྣམ་པར་ཤེས་པ་གང་སྟོང་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་
Vol. 15 · folio 250a
དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་
རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་པ་གང་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས། རྣམ་པར་ཤེས་
པ་གང་དབེན་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་པ་མེད་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་
རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རྣམ་པ་དང་། དབེན་པའི་རྣམ་པར་རྟོགས་པར་བྱེད་པ་དང་། བཟོད་པ་དང་། མོས་པ་འདི་
ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
Vol. 15 · folio 250b
ལ་བྱ་བས། གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་
རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྨོན་པ་མེད་
ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
ལྡན་པའི་ཡིད་ལ་བྱ་བས། གཟུགས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་
ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་
Vol. 15 · folio 251a
ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་
བྱ་བས། ཚོར་བ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་
ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་
བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས། འདུ་ཤེས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་
Vol. 15 · folio 251b
ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མི་རྟག་
ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
ལ་བྱ་བས། འདུ་བྱེད་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་
རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མངོན་པར་འདུ་བྱ་
བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་
Vol. 15 · folio 252a
རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་
བས། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་
དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ། །དེ་ལྟར་དེ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། མི་གཏོང་ཞིང་བརྩོན་འགྲུས་མི་འདོར་བ་འདི་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བའི་
Vol. 15 · folio 252b
ཆོས་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་སྐབས་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་
སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་བདག་མེད་ཙེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་
ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས། གཟུགས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་
ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་
Vol. 15 · folio 253a
ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་
འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྨོན་པ་མེད་ཅེས་བྱ་བར་དེ་མི་
དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་
དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་
བས། གཟུགས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་
Vol. 15 · folio 253b
དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་
རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་
འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་
ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་
Vol. 15 · folio 254a
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་
སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་
ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་
དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས།
ཚོར་བ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་།
Vol. 15 · folio 254b
མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་
ཤེས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་
ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
ལ་བྱ་བས། འདུ་ཤེས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་
ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
Vol. 15 · folio 255a
ཡིད་ལ་བྱ་བས། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་
འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་།
ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་
ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་དབེན་ཞེས་བྱ་
བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་
Vol. 15 · folio 255b
མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས།
འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་
ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས། འདུ་བྱེད་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་
རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་
Vol. 15 · folio 256a
པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་
སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་
དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་དབེན་
ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་།
Vol. 15 · folio 256b
མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་
ཤིས་པ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་
ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
ལ་བྱ་བས། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་
དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
Vol. 15 · folio 257a
ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་
བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མའི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་
དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་
པར་ཤེས་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
Vol. 15 · folio 257b
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས། གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་
ཀྱང་གཟུགས་སོ། །ཚོར་བའི་སྟོང་པ་ཉིད་ཀྱིས། ཚོར་བ་སྟོང་པ་མ་ཡིན་གྱི། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཀྱི་སྟོང་པ་ཉིད་ཀྱིས། འདུ་ཤེས་སྟོང་པ་མ་ཡིན་གྱི། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་དོ།།
སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཀྱི་སྟོང་པ་ཉིད་ཀྱིས། འདུ་བྱེད་སྟོང་པ་མ་ཡིན་གྱི། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་
པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མིག་གི་སྟོང་པ་ཉིད་ཀྱིས། མིག་སྟོང་པ་མ་ཡིན་གྱི། མིག་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གོ། །རྣ་བའི་སྟོང་པ་ཉིད་ཀྱིས། རྣ་བ་སྟོང་པ་མ་ཡིན་གྱི།
རྣ་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣ་བའོ། །སྣའི་སྟོང་པ་ཉིད་ཀྱིས། སྣ་སྟོང་པ་མ་ཡིན་གྱི། སྣ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྣའོ། །ལྕེའི་སྟོང་པ་ཉིད་ཀྱིས། ལྕེ་སྟོང་པ་མ་ཡིན་གྱི། ལྕེ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་
ཀྱང་ལྕེའོ། །ལུས་ཀྱི་སྟོང་པ་ཉིད་ཀྱིས་ལུས་སྟོང་པ་མ་ཡིན་གྱི། ལུས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལུས་སོ། །ཡིད་ཀྱི་སྟོང་པ་ཉིད་ཀྱིས། ཡིད་སྟོང་པ་མ་ཡིན་གྱི། ཡིད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་དོ། །གཟུགས་
ཀྱི་སྟོང་པ་ཉིད་ཀྱིས། གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །སྒྲའི་སྟོང་པ་ཉིད་ཀྱིས་སྒྲ་སྟོང་པ་མ་ཡིན་གྱི། སྒྲ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྒྲའོ། །དྲིའི་སྟོང་པ་ཉིད་ཀྱིས་
Vol. 15 · folio 258a
དྲི་སྟོང་པ་མ་ཡིན་གྱི། དྲི་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དྲིའོ། །རོའི་སྟོང་པ་ཉིད་ཀྱིས། རོ་སྟོང་པ་མ་ཡིན་གྱི། རོ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རོའོ། །རེག་གི་སྟོང་པ་ཉིད་ཀྱིས། རེག་སྟོང་པ་མ་ཡིན་གྱི། རེག་ཉིད་ཀྱང་སྟོང་པ་ཉིད་
དོ། །སྟོང་པ་ཉིད་ཀྱང་རེག་གོ། །ཆོས་ཀྱི་སྟོང་པ་ཉིད་ཀྱིས། ཆོས་སྟོང་པ་མ་ཡིན་གྱི། ཆོས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཆོས་སོ། །མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། མིག་གི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། མིག་གི་རྣམ་
པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། རྣ་བའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣ་
བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། སྣའི་རྣམ་པར་ཤེས་པའི་སྟོང་པ་མ་ཡིན་གྱི། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་
ཀྱིས། ལྕེའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལུས་
ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་
ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས། མིག་གི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་
Vol. 15 · folio 258b
ཀྱིས། རྣ་བའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས། སྣའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་
རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས། ལྕེའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་། ལྕེའི་འདུས་ཏེ་
རེག་པའོ། །ལུས་ཀྱི་འདུས་ཏེ། རེག་པའི་སྟོང་པ་ཉིད་ཀྱིས། ལུས་ཀྱི་འདུས་ཏེ། རེག་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ། རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་
ཏེ་རེག་པའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། མིག་
གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་
ཉིད་ཀྱིས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་
སྟོང་པ་ཉིད་ཀྱིས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
Vol. 15 · folio 259a
བའི་སྟོང་པ་ཉིད་ཀྱིས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལུས་ཀྱི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བའོ། །སའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། སའི་ཁམས་སྟོང་པ་མ་ཡིན་གྱི། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། ཆུའི་ཁམས་སྟོང་པ་མ་ཡིན་གྱི། ཆུའི་ཁམས་ཉིད་ཀྱང་སྟོང་པ་
ཉིད་དོ། །སྟོང་པ་ཉིད་ཀྱང་ཆུའི་ཁམས་སོ། །མྱེའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། མྱེའི་ཁམས་སྟོང་པ་མ་ཡིན་གྱི། མྱེའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མྱེའི་ཁམས་སོ། །རླུང་གི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། རླུང་གི་ཁམས་སྟོང་པ་མ་ཡིན་
གྱི། རླུང་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། ནམ་མཁའི་ཁམས་སྟོང་པ་མ་ཡིན་གྱི། ནམ་མཁའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །
རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། རྣམ་པར་ཤེས་པའི་ཁམས་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པའི་སྟོང་པ་ཉིད་ཀྱིས། མ་རིག་པ་སྟོང་པ་
Vol. 15 · folio 259b
མ་ཡིན་གྱི། མ་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཀྱི་སྟོང་པ་ཉིད་ཀྱིས། འདུ་བྱེད་སྟོང་པ་མ་ཡིན་གྱི། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། རྣམ་པར་
ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིང་དང་གཟུགས་ཀྱི་སྟོང་པ་ཉིད་ཀྱིས། མྱིང་དང་གཟུགས་སྟོང་པ་མ་ཡིན་གྱི། མྱིང་དང་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མྱིང་
དང་གཟུགས་སོ། །སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་ཀྱིས། སྐྱེ་མཆེད་དྲུག་སྟོང་པ་མ་ཡིན་གྱི། སྐྱེ་མཆེད་དྲུག་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །རེག་པའི་སྟོང་པ་ཉིད་ཀྱིས། རེག་པ་སྟོང་པ་མ་ཡིན་གྱི། རེག་པ་ཉིད་ཀྱང་སྟོང་པ་
ཉིད་དོ། །སྟོང་པ་ཉིད་ཀྱང་རེག་པའོ། །ཚོར་བའི་སྟོང་པ་ཉིད་ཀྱིས། ཚོར་བ་སྟོང་པ་མ་ཡིན་གྱི། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཚོར་བའོ། །སྲེད་པའི་སྟོང་པ་ཉིད་ཀྱིས། སྲེད་པ་སྟོང་པ་མ་ཡིན་གྱི། སྲེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །
སྟོང་པ་ཉིད་ཀྱང་སྲེད་པའོ། །ལེན་པའི་སྟོང་པ་ཉིད་ཀྱིས། ལེན་པ་སྟོང་པ་མ་ཡིན་གྱི། ལེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལེན་པའོ། །སྲིད་པའི་སྟོང་པ་ཉིད་ཀྱིས། སྲིད་པ་སྟོང་པ་མ་ཡིན་གྱི། སྲིད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་
ཉིད་ཀྱང་སྲིད་པའོ། །སྐྱེ་བའི་སྟོང་པ་ཉིད་ཀྱིས། སྐྱེ་བ་སྟོང་པ་མ་ཡིན་གྱི། སྐྱེ་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྐྱེ་བའོ། །རྒ་ཤིའི་སྟོང་པ་ཉིད་ཀྱིས། རྒ་ཤི་སྟོང་པ་མ་ཡིན་གྱི། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྒ་ཤིའོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས།
Vol. 15 · folio 260a
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་སྟོང་པ་མ་ཡིན་གྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་
སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ནང་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ཕྱི་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི།
ཕྱི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཀྱིས། ཕྱི་ནང་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ཕྱི་ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་
སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ཆེན་པོ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི།
Vol. 15 · folio 260b
ཆེན་པོ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དོན་དམ་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དོན་དམ་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་
དོ། །འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། འདུས་བྱས་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། འདུས་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། འདུས་
མ་བྱས་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། འདུས་མ་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི།
མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ཐོག་མ་དང་ཐ་མ་མེད་པ་སྟོང་
པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཐོག་མ་དག་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དོར་བ་མེད་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དོར་བ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དོར་བ་མེད་
པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། རང་བཞིན་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། རང་བཞིན་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ཆོས་
ཐམས་ཅད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། རང་གི་
Vol. 15 · folio 261a
མཚན་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་སྟོང་པ་
ཉིད་དོ། །སྟོང་པ་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་
པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས། དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་མ་ཡིན་གྱི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པའི་སྟོང་པ་ཉིད་ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་
མ་ཡིན་གྱི། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བའི་སྟོང་པ་ཉིད་ཀྱིས། ཡང་དག་པར་སྤོང་བ་རྣམས་སྟོང་པ་མ་ཡིན་གྱི། ཡང་དག་པར་སྤོང་བ་ཉིད་ཀྱང་སྟོང་པ་ཉིད་
ངོ་། །སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པའི་སྟོང་པ་ཉིད་ཀྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་པ་མ་ཡིན་གྱི། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་
པོའི་སྟོང་པ་ཉིད་ཀྱིས། དབང་པོ་རྣམས་སྟོང་པ་མ་ཡིན་གྱི། དབང་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཀྱི་སྟོང་པ་ཉིད་ཀྱིས། སྟོབས་རྣམས་སྟོང་པ་མ་ཡིན་གྱི། སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྟོབས་
Vol. 15 · folio 261b
རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་སྟོང་པ་ཉིད་ཀྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པ་མ་ཡིན་གྱི། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་
སྟོང་པ་ཉིད་ཀྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་མ་ཡིན་གྱི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པའི་སྟོང་པ་ཉིད་ཀྱིས། འཕགས་
པའི་བདེན་པ་རྣམས་སྟོང་པ་མ་ཡིན་གྱི། འཕགས་པའི་བདེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་གྱི་སྟོང་པ་ཉིད་ཀྱིས། བསམ་གཏན་རྣམས་སྟོང་པ་མ་ཡིན་གྱི། བསམ་གཏན་ཉིད་ཀྱང་སྟོང་པ་ཉིད་
དོ། །སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མྱེད་པའི་སྟོང་པ་ཉིད་ཀྱིས། ཚད་མྱེད་པ་རྣམས་སྟོང་པ་མ་ཡིན་གྱི། ཚད་མྱེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཚད་མྱེད་པ་རྣམས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་སྟོང་པ་
ཉིད་ཀྱིས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པ་མ་ཡིན་གྱི། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་ཀྱི་སྟོང་པ་ཉིད་ཀྱིས། རྣམ་
པར་ཐར་པ་རྣམས་སྟོང་པ་མ་ཡིན་གྱི། རྣམ་པར་ཐར་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་ཀྱིས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་
པ་མ་ཡིན་གྱི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྟོང་པ་ཉིད་
Vol. 15 · folio 262a
ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པར་ཤེས་པའི་སྟོང་པ་ཉིད་ཀྱིས། མངོན་པར་ཤེས་པ་རྣམས་སྟོང་པ་མ་ཡིན་གྱི། མངོན་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་
སོ། །ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་ཀྱིས། ཏིང་ངེ་འཛིན་རྣམས་སྟོང་པ་མ་ཡིན་གྱི། །ཏིང་ངེ་འཛིན་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོའི་སྟོང་པ་ཉིད་ཀྱིས། གཟུངས་ཀྱི་སྒོ་རྣམས་སྟོང་པ་མ་ཡིན་གྱི།
གཟུངས་ཀྱི་སྒོ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་སྟོང་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་
པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མྱི་འཇིགས་པའི་སྟོང་པ་ཉིད་ཀྱིས། མྱི་འཇིགས་པ་རྣམས་སྟོང་པ་མ་ཡིན་གྱི། མྱི་འཇིགས་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་ཀྱང་མི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པའི་སྟོང་པ་ཉིད་
ཀྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་མ་ཡིན་གྱི། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་ཀྱིས། སྙིང་རྗེ་ཆེན་པོ་སྟོང་པ་མ་ཡིན་གྱི། སྙིང་རྗེ་ཆེན་
པོ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྟོང་པ་ཉིད་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། སྟོང་པ་ཉིད་
Vol. 15 · folio 262b
ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཐབས་མཁས་པའོ། །ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསྟན་པ་འདི་ཐོས་ན་མྱི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་
པ། བམ་པོ་བཅུ་དགུ་པ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན།
མྱི་འཇིགས་མྱི་སྔང་སྐྲག་པར་མི་འགྱུར་བའི་དགེ་བའི་བཤེས་གཉེན་དེ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་མྱི་རྟག་ཅེས་པ་
བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་མྱི་རྟག་ཅེས་བྱ་བར་དེ་མྱི་
དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་མྱི་རྟག་ཅེས་བྱ་བར་དེ་མྱི་
དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་འདུ་བྱེད་མི་རྟག་ཅེས་བྱ་བར་དེ་མྱི་
Vol. 15 · folio 263a
དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་
མྱི་རྟག་ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་
གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་སྡུག་བསྔལ་ཞེས་བྱ་བར་དེ་མྱི་དམྱིགས་པའི་
ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་
དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་བྱེད་སྡུག་
བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་
Vol. 15 · folio 263b
རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་བྱེད་བདག་མེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་ཞི་ཞེས་བྱ་
Vol. 15 · folio 264a
བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་
ཚོར་བ་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་
འདུ་ཤེས་ཞི་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་འདུ་
བྱེད་ཞི་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རྣམ་པར་
ཤེས་པ་ཞི་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ།
རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་སྟོང་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་
Vol. 15 · folio 264b
རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་
ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་བྱེད་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱིས་སར་ཡོངས་སུ་སྔོར་
མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་
འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་བྱེད་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
Vol. 15 · folio 265a
མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། །གང་དེ་ལ་གཟུགས་
སྨོན་པ་མྱེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་སྨོན་
པ་མྱེད་ཅེས་བྱ་བར་དེ་མི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་སྨོན་
པ་མྱེད་ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་
བྱེད་སྨོན་པ་མྱེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་རྣམ་
པར་ཤེས་པ་སྨོན་པ་མྱེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་
Vol. 15 · folio 265b
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་ཤེས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་བྱེད་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་
ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་
རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་
དེ་ལ་གཟུགས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཚོར་བ་
Vol. 15 · folio 266a
དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་
དེ་ལ་འདུ་ཤེས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་འདུ་
བྱེད་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣམ་པར་ཤེས་པ་
དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་མྱི་རྟག་ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་།
དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་
ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་སྣ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་
Vol. 15 · folio 266b
ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་
པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མིག་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་
སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་།
དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་སྣ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་
ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་
Vol. 15 · folio 267a
ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་
ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་བདག་མྱེད་ཅེས་
བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རྣ་བ་བདག་མེད་ཅེས་བྱ་བར་དེ་མི་
དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་སྣ་བདག་མེད་ཅེས་བྱ་བར་དེ་མི་
དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་ལྕེ་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་
གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་
Vol. 15 · folio 267b
སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་བདག་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་།
དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་
གཉེན་ནི། གང་དེ་ལ་མྱིག་ཞི་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །
གང་དེ་ལ་རྣ་བ་ཞི་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་སྣ་ཞི་
ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་ལྕེ་ཞི་ཞེས་བྱ་བར་དེ་
མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་ལུས་ཞི་ཞེས་བྱ་བར་དེ་མྱི་
དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་ཞི་ཞེས་བྱ་བར་དེ་མྱི་དམྱིགས་
Vol. 15 · folio 268a
པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་
སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རྣ་བ་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་
རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་སྣ་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་
སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་ལྕེ་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་
ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་ལུས་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་
སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་སྟོང་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་
Vol. 15 · folio 268b
འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་སྣ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་
གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་
Vol. 15 · folio 269a
གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་རྣ་བ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་
ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་སྣ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་
ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་
ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་སྨོན་པ་མེད་ཅེས་བྱ་བར་དེ་མྱི་དམིགས་པའི་
ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་
པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ།
Vol. 15 · folio 269b
རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་
འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་སྣ་མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་
ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མི་འཇུག་པའོ། །གང་དེ་ལ་ལྕེ་མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་
ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་
ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་
པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མིག་དབེན་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་
སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རྣ་བ་དབེན་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་
Vol. 15 · folio 270a
ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱིས་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་སྣ་དབེན་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་
སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་ལ་ལྕེ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་
བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་
བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་
རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི།
གང་དེ་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་
སྒྲ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་
Vol. 15 · folio 270b
དྲི་མྱི་རྟག་ཅེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རོ་མྱི་རྟག་
ཅེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་རེག་མྱི་རྟག་ཅེས་
བྱ་བར་དེ་མི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་ཆོས་མྱི་རྟག་ཅེས་
བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མྱི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་
ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་སྒྲ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་
ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མྱི་འཇུག་པའོ། །གང་དེ་ལ་དྲི་སྡུག་བསྔལ་ཞེས་བྱ་བར་དེ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words