ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 17 · folio 58b

ལྕེའི་འདུས་ཏེ་རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་

པ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། མྱིག་

Vol. 17 · folio 59a

གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་

རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ལུས་ཀྱི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་

ལས་བྱུང་བའི་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་

ཅིང་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་

བའི་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །སའི་ཁམས་ནི་

Vol. 17 · folio 59b

སའི་ཁམས་ལ་མེད་ཅིང་མྱི་དམྱིགས་སོ། །སའི་ཁམས་ནི་ཆུའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཆུའི་ཁམས་ནི་ཆུའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཆུའི་ཁམས་ནི་སའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སའི་ཁམས་དང་ཆུའི་ཁམས་ནི་མེའི་ཁམས་

ལ་མེད་ཅིང་མྱི་དམྱིགས་སོ། །མྱེའི་ཁམས་ནི། མེའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །མེའི་ཁམས་ནི་སའི་ཁམས་དང་། ཆུའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་ནི། རླུང་གི་ཁམས་ལ་མྱེད་ཅིང་

མྱི་དམྱིགས་སོ། །རླུང་གི་ཁམས་ནི་རླུང་གི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རླུང་གི་ཁམས་ནི་སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་ནི་

ནམ་མཁའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ནམ་མཁའི་ཁམས་ནི་སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སའི་ཁམས་དང་

ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ལ་མེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་

ནི། སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་ནི་མ་རིག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་ནི། འདུ་བྱེད་ལ་མྱེད་ཅིང་མྱི་དམྱིགས་སོ། །

འདུ་བྱེད་ནི། འདུ་བྱེད་ལ་མྱེད་ཅིང་མྱི་དམྱིགས་སོ། །འདུ་བྱེད་ནི། མ་རིག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་། འདུ་བྱེད་ནི། རྣམ་པར་ཤེས་པ་ལ་མྱེད་ཅིང་མི་དམྱིགས་སོ། །རྣམ་པར་ཤེས་པ་ནི། །རྣམ་པར་ཤེས་པ་ལ་མྱེད་ཅིང་

Vol. 17 · folio 60a

མྱི་དམྱིགས་སོ། །རྣམ་པར་ཤེས་པ་ནི་མ་རིག་པ་དང་། འདུ་བྱེད་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་མྱིད་དང་གཟུགས་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱིང་དང་གཟུགས་ནི་མྱིང་དང་གཟུགས་ལ་མྱེད་ཅིང་མྱི་

དམྱིགས་སོ། །མྱིང་དང་གཟུགས་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་ནི་སྐྱེ་མཆེད་དྲུག་ལ་མྱེད་ཅིང་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་ལ་མྱེད་ཅིང་མྱི་

དམྱིགས་སོ། །སྐྱེ་མཆེད་དྲུག་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་ནི་རེག་པ་ལ་མེད་ཅིང་མྱི་དམྱིགས་སོ། །

རེག་པ་ནི་རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །རེག་པ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་།

སྐྱེ་མཆེད་དྲུག་དང་རེག་པ་ནི་ཚོར་བ་ལ་མེད་ཅིང་མྱི་དམྱིགས་སོ། །ཚོར་བ་ནི་ཚོར་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །ཚོར་བ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །

མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་ནི་སྲེད་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྲེད་པ་ནི་སྲེད་པ་ལ་མེད་ཅིང་མི་དམྱིགས་སོ། །སྲེད་པ་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་

པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ལ་མེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་ནི་ལེནད་

Vol. 17 · folio 60b

པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལེནད་པ་ནི་ལེནད་པ་ལ་མེད་ཅིང་མི་དམྱིགས་སོ། །ལེནད་པ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་། ཚོར་བ་དང་སྲེད་པ་ལ་མེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་

དང་རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་ནི་སྲིད་པ་ལ་མེད་ཅིང་མྱི་དམྱིགས་སོ། །སྲིད་པ་ནི་སྲིད་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྲིད་པ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མྱིང་

དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་། སྲིད་པ་དང་ལེན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་ནི་སྐྱེ་བ་

ལ་མེད་ཅིང་མྱི་དམྱིགས་སོ། །སྐྱེ་བ་ནི་སྐྱེ་བ་ལ་མེད་ཅིང་མྱི་དམྱིགས་སོ། །སྐྱེ་བ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་ལ་མེད་ཅིང་མྱི་དམྱིགས་སོ། །མ་རིག་པ་དང་། འདུ་བྱེད་དང་།

རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་དང་སྐྱེ་བ་ནི་རྒ་ཤི་ལ་མྱེད་ཅིང་མྱི་དམྱིགས་སོ། །རྒ་ཤི་ནི་རྒ་ཤི་ལ་མྱེད་ཅིང་མྱི་དམྱིགས་སོ། །རྒ་ཤི་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་

པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་དང་སྲིད་པ་དང་། སྐྱེ་བ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

Vol. 17 · folio 61a

ལ་མེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་

སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་

པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་

Vol. 17 · folio 61b

པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་

ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ལ་མེད་ཅིང་མི་དམྱིགས་སོ། །ཕྱི་ནང་

སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །

སྟོང་པ་ཉིད་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ཆེན་

པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་

པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ནི།

Vol. 17 · folio 62a

འདུས་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་

པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ལ་མྱེད་ཅིང་མི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་

སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་

པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་

སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱེད་ཅིང་མི་དམྱིགས་སོ། །

མཐའ་ལས་འདས་པ་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་

སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ནི་

Vol. 17 · folio 62b

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།

སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་

སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དོར་བ་མེད་པ་

སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་

སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་།

དོར་བ་མེད་པ་སྟོང་པ་ཉིད་ནི། རང་བཞིན་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་

Vol. 17 · folio 63a

སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་

སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།

མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མེད་ཅིང་མི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱེད་

ཅིང་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་

སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་མྱེད་ཅིང་མི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་

སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་

པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།

Vol. 17 · folio 63b

ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་

བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་

སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་།

རང་གི་མཚན་ཉིད་སྟོང་པ་ཉིད་ནི། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་

སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་

ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་

ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་

Vol. 17 · folio 64a

ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་ནི། དངོས་པོ་མེད་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི། ནང་སྟོང་པ་

ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་

མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་

སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་

དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ནི། ངོ་བོ་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ངོ་བོ་ཉིད་སྟོང་པ་ཉིད་

ལ་མྱེད་ཅིང་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།

མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་

Vol. 17 · folio 64b

པ་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།

མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་

མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་

ཉིད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་

དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་

མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི། ཡང་དག་པར་སྤོང་བ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་རྣམས་ལ་མྱེད་

ཅིང་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་རྣམས་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་

Vol. 17 · folio 65a

རྐང་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་

དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དབང་པོ་རྣམས་ནི་དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དབང་པོ་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་

དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་རྣམས་ནི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སྟོབས་རྣམས་ནི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སྟོབས་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་ཀྱི་རྐང་

པ་དང་། དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི།

བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དང་།

ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ལམ་ལ་མེད་ཅིང་མྱི་དམྱིགས་སོ། །ལམ་ནི་ལམ་ལ་མྱེད་ཅིང་མྱི་དམྱིགས་སོ། །ལམ་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་

འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ནི་བསམ་གཏན་རྣམས་ལ་མེད་ཅིང་མྱི་

Vol. 17 · folio 65b

དམྱིགས་སོ། །བསམ་གཏན་རྣམས་ནི་བསམ་གཏན་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །བསམ་གཏན་རྣམས་ནི་འཕགས་པའི་བདེན་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་རྣམས་ནི་ཚད་མྱེད་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །

ཚད་མེད་པ་རྣམས་ནི་ཚད་མེད་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་ནི་འཕགས་པའི་བདེན་པ་དང་། བསམ་གཏན་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་རྣམས་ནི་གཟུགས་མེད་པའི་སྙོམས་པར་

འཇུག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མེད་ཅིང་མྱི་དམིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི། འཕགས་པའི་བདེན་པ་དང་། བསམ་

གཏན་དང་། ཚད་མེད་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཐར་པ་རྣམས་ནི།

རྣམ་པར་ཐར་པ་རྣམས་ལ་མྱེད་ཅིང་མྱི་དམིགས་སོ། །རྣམ་པར་ཐར་པ་རྣམས་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་

གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་རྣམས་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། མཐར་ཀྱིས་གནས་

པའི་སྙོམས་པར་འཇུག་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་རྣམས་ལ་མྱེད་ཅིང་མྱི་

Vol. 17 · folio 66a

དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། རྣམ་པར་ཐར་པའི་སྒོ་རྣམས་ལ་མྱེད་

ཅིང་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་རྣམས་ནི། རྣམ་པར་ཐར་པའི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་རྣམས་ནི། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་

ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

དང་། རྣམ་པར་ཐར་པའི་སྒོ་རྣམས་ནི། མངོན་པར་ཤེས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་རྣམས་ནི། ཏིང་ངེ་འཛིན་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ནི་འཕགས་

པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དང་

Vol. 17 · folio 66b

བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །གཟུངས་

ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་

ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མི་འཇིགས་པ་རྣམས་ལ་མྱེད་ཅིང་མྱི་

དམྱིགས་སོ། །མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །མྱི་འཇིགས་པ་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་རྣམས་

ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་

དང་མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ནི། བྱམས་པ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོ་ལ་མྱེད་ཅིང་མི་དམྱིགས་སོ། །བྱམས་པ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་

ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་

Vol. 17 · folio 67a

པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་

རྗེ་ཆེན་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་ནི་བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །བརྒྱད་པའི་ཆོས་རྣམས་ནི་བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམིགས་སོ། །

བརྒྱད་པའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་ལ་མྱེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་དང་བརྒྱད་པའི་ཆོས་རྣམས་ནི། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །

རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་དང་བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་

འོང་བའི་ཆོས་རྣམས་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་དར། བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་

ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ནི། ཕྱིར་མྱི་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའི་ཆོས་རྣམས་ནི། ཕྱིར་མྱི་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཕྱིར་མི་འོང་བའི་ཆོས་རྣམས་ནི། རིགས་

Vol. 17 · folio 67b

ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་དང་རྒྱུན་ཏུ་ཞུགས་པའི་ཆོས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་དང་། ཕྱིར་མི་འོང་བའི་

ཆོས་རྣམས་ནི། དགྲ་བཅོམ་པའི་ཆོས་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །དགྲ་བཅོམ་པའི་ཆོས་རྣམས་ནི། དགྲ་བཅོམ་པའི་ཆོས་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །དགྲ་བཅོམ་པའི་ཆོས་རྣམས་ནི་རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་

ཆོས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་དང་། ཕྱིར་མྱི་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་ནི་སོ་སོའི་སྐྱེ་བོའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་ནི་རིགས་ཀྱི་ས་ལ་མེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་

ས་དང་རིགས་ཀྱིས་ནི་བརྒྱད་པའི་ས་ལ་མེད་ཅིང་མྱི་དམྱིགས་སོ། །བརྒྱད་པའི་ས་ནི་བརྒྱད་པའི་ས་ལ་མེད་ཅིང་མྱི་དམྱིགས་སོ། །བརྒྱད་པའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་

ནི་མཐོང་བའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །མཐོང་བའི་ས་ནི་མཐོང་བའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །མཐོང་བའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་བརྒྱད་པའི་ས་དང་མཐོང་བའི་ས་ནི་

བསྲབས་པའི་ས་ལ་མེད་ཅིང་མི་དམྱིགས་སོ། །བསྲབས་པའི་ས་ནི་བསྲབས་པའི་ས་ལ་མེད་ཅིང་མྱི་དམྱིགས་སོ། །བསྲབས་པའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་ལ་མྱེད་ཅིང་མི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་།

བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་ནི་འདོད་ཆགས་དང་བྲལ་བའི་ས་ལ་མེད་ཅིང་མྱི་དམྱིགས་སོ། །འདོད་ཆགས་དང་བྲལ་བའི་ས་ནི། འདོད་ཆགས་དང་བྲལ་བའི་ས་ལ་མེད་ཅིང་མྱི་དམྱིགས་སོ། །འདོད་ཆགས་དང་བྲལ་བའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་།

Vol. 17 · folio 68a

བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་ནི། བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་

མྱི་དམྱིགས་སོ། །བྱས་པ་རྟོགས་པའི་ས་ནི་བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱས་པ་རྟོགས་པའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་ལ་མྱེད་ཅིང་

མྱི་དམྱིགས་སོ། །སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་ནི། རང་སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་སངས་རྒྱས་ཀྱི་ས་ནི་རང་

སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་སངས་རྒྱས་ཀྱི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་མི་དམིགས་སོ། །

སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱིས་ནི། བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མྱི་དམིགས་སོ། །བྱང་ཆུབ་

སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མི་དམྱིགས་སོ། །བྱང་ཆུབ་སེམས་དཔའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་།

རང་སངས་རྒྱས་ཀྱི་ས་ལ་མེད་ཅིང་མི་དམིགས་སོ། །སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་

Vol. 17 · folio 68b

ས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མེད་ཅིང་མྱི་དམྱིགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི། སོ་སོའི་སྐྱེ་བོའི་ས་དང་།

རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་

ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ལ་

མྱེད་ཅིང་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་ཅིང་མི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱེད་ཅིང་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་མྱེད་ཅིང་མི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་ནི་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བ་ནི་

ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བ་ནི་རྒྱུན་ཏུ་ཞུགས་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་ཕྱིར་མི་འོང་བ་ལ་མེད་ཅིང་མི་དམིགས་སོ། །ཕྱིར་མྱི་འོང་བ་ནི་ཕྱིར་མྱི་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །

ཕྱིར་མི་འོང་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ནི་དགྲ་བཅོམ་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །དགྲ་བཅོམ་པ་ནི་དགྲ་བཅོམ་པ་ལ་མེད་ཅིང་མྱི་དམྱིགས་སོ། །དགྲ་

Vol. 17 · folio 69a

བཅོམ་པ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ནི་རང་སངས་རྒྱས་ལ་མྱེད་ཅིང་མྱི་དམྱིགས་སོ། །

རང་སངས་རྒྱས་ནི་རང་སངས་རྒྱས་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་སངས་རྒྱས་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ལ་མྱེད་ཅིང་མི་དམྱིགས་སོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།

དགྲ་བཅོམ་པ་དང་། རང་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།

དགྲ་བཅོམ་པ་དང་། རང་སངས་རྒྱས་ལ་མེད་ཅིང་མྱི་དམིགས་སོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མེད་ཅིང་མི་དམྱིགས་སོ། །

དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །དེ་བཞིན་གཤེགས་པ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །

བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལ་མེད་ཅིང་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདམས་ཤིང་རྗེས་སུ་བསྟན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །གདམས་ཤིང་རྗེས་སུ་བསྟན་པ་ནི། གདམས་ཤིང་རྗེས་སུ་བསྟན་པ་ལ་

Vol. 17 · folio 69b

མེད་ཅིང་མྱི་དམྱིགས་སོ། །གདམས་ཤིང་རྗེས་སུ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ཆོས་ཐམས་ཅད་མྱེད་ཅིང་དམྱིགས་སུ་མྱེད་བས། བྱང་ཆུབ་སེམས་དཔའ་མྱེད་

ཅིང་དམྱིགས་སུ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་

དུ་མྱིང་དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་།

རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི། གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་འདུ་ཤེས་མ་ཡིན། དེ་ནི་འདུ་བྱེད་མ་ཡིན།

དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མྱིག་ཅེས་བྱ་བ་དང་། རྣ་བ་ཞེས་བྱ་བ་དང་། སྣ་ཞེས་བྱ་བ་དང་། ལྕེ་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་

ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མིག་མ་ཡིན། དེ་ནི་རྣ་བ་མ་ཡིན། དེ་ནི་སྣ་མ་ཡིན། དེ་ནི་ལྕེ་མ་ཡིན། དེ་ནི་ལུས་མ་ཡིན། དེ་ནི་ཡིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་

Vol. 17 · folio 70a

ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། སྒྲ་ཞེས་བྱ་བ་དང་། དྲི་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་།

རེག་ཅེས་བྱ་བ་དང་། ཆོས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། དེ་ནི་སྒྲ་མ་ཡིན། དེ་ནི་དྲི་མ་ཡིན། དེ་ནི་རོ་མ་ཡིན། དེ་ནི་རེག་མ་

ཡིན། དེ་ནི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མིག་གི་

རྣམ་པར་ཤེས་པ་ཞེས་བྱ་བ་དང་། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། སྣའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ།

འདི་ལྟར་མྱིང་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་མི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མིག་གི་རྣམ་པར་ཤེས་པ་མ་ཡིན། དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ཡིན། དེ་ནི་སྣའི་རྣམ་པར་ཤེས་པ་མ་ཡིན། དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ཡིན།

དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན། དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་དང་། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བ་དང་། སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་དང་། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་

Vol. 17 · folio 70b

ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མ་ཡིན། དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ཡིན། དེ་ནི་སྣའི་འདུས་ཏེ་རེག་པ་

མ་ཡིན། དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན། དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན། དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ།

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་

བ་ཞེས་བྱ་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མི་

འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ལྕེའི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མྱིང་མ་ཡིན་ཏེ། དེའི་

ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སའི་ཁམས་ཞེས་བྱ་བ་དང་། ཆུའི་ཁམས་ཞེས་བྱ་བ་དང་། མྱེའི་ཁམས་ཞེས་བྱ་བ་དང་། རླུང་གི་ཁམས་ཞེས་བྱ་བ་དང་། ནམ་མཁའི་ཁམས་

Vol. 17 · folio 71a

ཤེས་བྱ་བ་དང་། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་སའི་ཁམས་མ་

ཡིན། དེ་ནི་ཆུའི་ཁམས་མ་ཡིན། དེ་ནི་མྱེའི་ཁམས་མ་ཡིན། དེ་ནི་རླུང་གི་ཁམས་མ་ཡིན། དེ་ནི་ནམ་མཁའི་ཁམས་མ་མིན། དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་

པ་དེ་ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི། མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། མྱིང་དང་གཟུགས་

ཞེས་བྱ་བ་དང་། སྐྱེ་མཆེད་དྲུག་ཅེས་བྱ་བ་དང་། རེག་པ་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། སྲེད་པ་ཞེས་བྱ་བ་དང་། ལེན་པ་ཞེས་བྱ་བ་དང་། སྲིད་པ་ཞེས་བྱ་བ་དང་། སྐྱེ་བ་ཞེས་བྱ་བ་དང་། རྒ་ཤི་ཞེས་བྱ་བ་འདི་ནི། གློ་བུར་དུ་མྱིང་དུ་བཏགས་པ་

སྟེ། འདི་ལྟར་མྱིང་ནི་གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་གང་ན་ཡང་མྱི་གནས་སོ། །མྱིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན། དེ་ནི་མྱིང་དང་གཟུགས་མ་ཡིན། དེ་ནི་སྐྱེ་མཆེད་དྲུག་མ་

ཡིན། དེ་ནི་རེག་པ་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་སྲེད་པ་མ་ཡིན། དེ་ནི་ལེན་པ་མ་ཡིན། དེ་ནི་སྲིད་པ་མ་ཡིན། དེ་ནི་སྐྱེ་བ་མ་ཡིན། དེ་ནི་རྒ་ཤི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་ནི་མྱིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་

ནི་མྱིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་

Vol. 17 · folio 71b

པ་མྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་མྱིང་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་

ལྟ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་

གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་སྟེ། མྱིང་ལ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱིང་

མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་

མྱི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་

ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ་ཤེས་རབ་ཀྱི་

Vol. 17 · folio 72a

ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་

ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ནང་སྟོང་པ་ཉིད་མྱེད། ནང་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་

གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཕྱི་སྟོང་པ་ཉིད་མྱེད། ཕྱི་སྟོང་པ་ཉིད་ལ་

ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་འདི་ནི་མྱིང་

ཙམ་སྟེ། མྱིང་ལ་ཡང་ཕྱི་ནང་སྟོང་པ་ཉིད་མྱེད། ཕྱི་ནང་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་

ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་སྟོང་པ་ཉིད་སྟོང་པ་ཉིད་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་

པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཆེན་པོ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཆེན་པོ་སྟོང་པ་ཉིད་མྱེད། ཆེན་པོ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། དེ་ཅིའི་ཕྱིར་

Vol. 17 · folio 72b

ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་དོན་དམ་

པ་སྟོང་པ་ཉིད་མྱེད། དོན་དམ་པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །

འདི་ལྟ་སྟེ། འདུས་བྱས་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་འདུས་བྱས་སྟོང་པ་ཉིད་མྱེད། འདུས་བྱས་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ།

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། འདུས་མ་བྱས་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་འདུས་མ་བྱས་སྟོང་པ་ཉིད་མྱེད། འདུས་མ་བྱས་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་

གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་

མཐའ་ལས་འདས་པ་སྟོང་པ་ཉིད་མྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ།

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

Vol. 17 · folio 73a

མྱིང་གང་ཡིན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་

འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་དོར་བ་མེད་པ་སྟོང་པ་ཉིད་མྱེད། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་

སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་རང་བཞིན་སྟོང་པ་ཉིད་མྱེད། རང་བཞིན་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་།

རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་

མྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་

ཙམ་མོ། །འདི་ལྟ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་མྱེད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་

པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་མྱི་དམྱིགས་པ་སྟོང་པ་ཉིད་མྱེད། མྱི་དམྱིགས་

Vol. 17 · folio 73b

པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ།

དངོས་པོ་མྱེད་པ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་མྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་

མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ངོ་བོ་ཉིད་སྟོང་པ་ཉིད་མྱེད། ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་

གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་དངོས་པོ་མྱེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་མྱིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་

ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་

དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མྱེད། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་མྱིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། །

Vol. 17 · folio 74a

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཡང་དག་པར་སྤོང་བ་རྣམས་བྱེད། ཡང་

དག་པར་སྤོང་བ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་

རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དབང་པོ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་དབང་པོ་

རྣམས་མྱེད། དབང་པོ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དབང་པོ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་

ཏིའི་བུ། འདི་ལྟ་སྟེ། སྟོབས་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་སྟོབས་རྣམས་མྱེད། སྟོབས་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སྟོབས་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ།

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་

Vol. 17 · folio 74b

ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་མིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་།

འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། འཕགས་པའི་བདེན་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་

མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་འཕགས་པའི་བདེན་པ་རྣམས་མྱེད། འཕགས་པའི་བདེན་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། འཕགས་པའི་བདེན་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ།

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བསམ་གཏན་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་བསམ་གཏན་རྣམས་མྱེད། བསམ་གཏན་རྣམས་ལ་ཡང་

མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། བསམ་གཏན་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ།

ཚད་མེད་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཚད་མྱེད་པ་རྣམས་མྱེད། ཚད་མེད་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཚད་མྱེད་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ།

Vol. 17 · folio 75a

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་ཏེ། མྱིང་ལ་ཡང་གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་མྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མྱིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ།

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། རྣམ་པར་ཐར་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྣམ་པར་ཐར་པ་རྣམས་མེད། རྣམ་པར་ཐར་པ་རྣམས་ལ་ཡང་མིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་

གང་ཡིན་པ་དང་། རྣམ་པར་ཐར་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་གློ་

བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་མྱིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་

ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་

དུ་བཏགས་པ་སྟེ། མྱིང་ལ་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

Vol. 17 · folio 75b

མྱིང་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མངོན་པར་ཤེས་པ་རྣམས་ཞེས་

བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་མངོན་པར་ཤེས་པ་རྣམས་མྱེད། མངོན་པར་ཤེས་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། མངོན་པར་ཤེས་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་

དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ཏིང་ངེ་འཛིན་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཏིང་ངེ་འཛིན་རྣམས་མྱེད། ཏིང་ངེ་འཛིན་

རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་གཟུངས་ཀྱི་སྒོ་རྣམས་མྱེད། གཟུངས་ཀྱི་སྒོ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དེ་གཉིས་ཀ་

ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་དེ་བཞིན་གཤེགས་

པའི་སྟོབས་རྣམས་མྱེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་

Vol. 17 · folio 76a

དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མྱི་འཇིགས་པ་བཞི་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་མྱི་འཇིགས་པ་རྣམས་མྱེད། མྱི་འཇིགས་པ་རྣམས་ལ་ཡང་མྱིང་མྱེད་དོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། མྱི་འཇིགས་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སོ་སོ་ཡང་དག་

པར་རིག་པ་བཞི་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་མྱེད། སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་གང་

ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། བྱམས་པ་ཆེན་པོ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་བྱམས་པ་ཆེན་པོ་

མྱེད། བྱམས་པ་ཆེན་པོ་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། བྱམས་པ་ཆེན་པོ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་

ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་སྙིང་རྗེ་ཆེན་པོ་མྱེད། སྙིང་རྗེ་ཆེན་པོ་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་གཉིས་ཀ་

ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་སངས་

Vol. 17 · folio 76b

རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ།

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཐམས་ཅད་ཤེས་པ་ཉིད་མྱེད། ཐམས་ཅད་ཤེས་པ་ཉིད་ལ་ཡང་མྱིང་མྱེད་དོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཐམས་ཅད་ཤེས་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ལམ་

གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་

དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་མྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མྱིང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་

སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་དཔེར་ན། བདག་བདག་

Vol. 17 · folio 77a

ཅེས་བྱ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་སེམས་ཅན་སེམས་ཅན་ཞེས་བྱ་སྟེ། སེམས་ཅན་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་སྲོག་སྲོག་ཅེས་བྱ་སྟེ། སྲོག་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་འགྲོ་བ་

འགྲོ་བ་ཞེས་བྱ་སྟེ། འགྲོ་བ་ཤིན་ཏུ་མངོན་པར་མ་གྲུབ་པོ། །དཔེར་ན་གསོ་བ་གསོ་བ་ཞེས་བྱ་སྟེ། གསོ་བ་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་སྐྱེས་བུ་སྐྱེས་བུ་ཞེས་བྱ་སྟེ། སྐྱེས་བུ་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་གང་ཟག་གང་ཟག་ཅེས་བྱ་སྟེ། གང་

ཟག་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་ཤེད་ཅན་ཤེད་ཅན་ཞེས་བྱ་སྟེ། ཤེད་ཅན་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་ཤེད་བདག་ཤེད་བདག་ཅེས་བྱ་སྟེ། ཤེད་བདག་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་བྱེད་པ་པོ་བྱེད་པ་པོ་ཞེས་བྱ་སྟེ། བྱེད་པ་པོ་

ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་ཚོར་བ་པོ་ཚོར་བ་པོ་ཞེས་བྱ་སྟེ། ཚོར་བ་པོ་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་ཤེས་པ་པོ་ཤེས་པ་པོ་ཞེས་བྱ་སྟེ། ཤེས་པ་པོ་ཤིན་ཏུ་མངོན་པར་མ་གྲུབ་བོ། །དཔེར་ན་མཐོང་བ་པོ་མཐོང་བ་པོ་ཞེས་བྱ་སྟེ། མཐོང་བ་པོ་ཤིན་ཏུ་

མངོན་པར་མ་གྲུབ་པོ། །ཞེས་ཅིའི་ཕྱིར་དེ་སྐད་དུ་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སེམས་ཅན་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་

པར་འགྱུར་བ་ལྟ་ག་ལ་ཡོད། སྲོག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འགྲོ་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གསོ་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་

མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེས་བུ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གང་ཟག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཤེད་ཅན་ཤིན་ཏུ་མྱེད་ཅིང་

Vol. 17 · folio 77b

མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཤེད་བདག་ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱེད་པ་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།

ཚོར་བ་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཤེས་པ་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མཐོང་བ་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་

བ་ལྟ་ག་ལ་ཡོད། གཟུགས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་ཤེས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་

འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་བྱེད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན།

དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྣ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་

པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གཟུགས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་

མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྒྲ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དྲི་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་

Vol. 17 · folio 78a

པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རེག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་རྣམ་

པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྣའི་རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན།

དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་

ཡོད། ཡིད་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་

ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་

བ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་

Vol. 17 · folio 78b

ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་

བའི་ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སའི་ཁམས་ཤིན་ཏུ་མྱེད་ཅིང་

མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཆུའི་ཁམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱེའི་ཁམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་

ཡོད། རླུང་གི་ཁམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ནམ་མཁའི་ཁམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཤེས་པའི་ཁམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་

ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མ་རིག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འདུ་བྱེད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ཤིན་ཏུ་

མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱིང་དང་གཟུགས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེ་མཆེད་དྲུག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་

ཡོད། རེག་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྲེད་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་

Vol. 17 · folio 79a

ལ་ཡོད། ལེན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྲིད་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེ་བ་ཤིན་ཏུ་མེད་ཅིང་མྱི་དམྱིགས་ན།

དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྒ་ཤི་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ནང་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཕྱི་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་

འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།

ཆེན་པོ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འདུས་བྱས་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་

Vol. 17 · folio 79b

མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་

ལྟ་ག་ལ་ཡོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དོར་བ་མེད་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་བཞིན་སྟོང་པ་

ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན།

དེ་མངོན་པར་འགྲུབ་པར་འ་གྱུར་བ་ལྟ་ག་ལ་ཡོད། མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དངོས་པོ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།

ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། །དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་

མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་

འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དབང་པོ་རྣམས་ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྟོབས་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་ཀྱི་ཡན་ལག་རྣམས་

Vol. 17 · folio 80a

ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འཕགས་པའི་བདེན་པ་རྣམས་

ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚད་མྱེད་པ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་

པར་འགྱུར་བ་ལྟ་ག་ལ་ཡོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཐར་པ་བརྒྱད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་

ཡོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་

མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མངོན་པར་ཤེས་པ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཏིང་ངེ་འཛིན་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།

གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མྱི་འཇིགས་པ་བཞི་ཤིན་ཏུ་མྱེད་ཅིང་

མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སོ་སོ་ཡང་དག་པར་རིག་པ་བཞི་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱམས་པ་ཆེན་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་

Vol. 17 · folio 80b

པར་འགྱུར་བ་ལྟ་ག་ལ་ཡོད། སྙིང་རྗེ་ཆེན་པོ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཉན་ཐོས་

ཤིན་ཏུ་མེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་སངས་རྒྱས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་

འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བདག་བདག་ཅེས་ཀྱང་བྱ་

སྟེ། བདག་ཤིན་ཏུ་མངོན་པར་གྲུབ་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་གང་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་ཟེར་བ་དེ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་པ་ཡིན། སྨྲས་པ་གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་འདུ་བ་ལས་བྱུང་

བའི་ངོ་བོ་ཉིད་མེད་དོ། །འདུ་ཤེས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །

རྣ་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྣ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལྕེ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལུས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཡིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་

Vol. 17 · folio 81a

ཉིད་མྱེད་དོ། སྒྲ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །དྲི་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རོ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རེག་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཆོས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་

དོ། །མྱིག་གི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྣའི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་

ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་འདུ་བ་ལས་བྱུང་

བའི་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་འདུ་བ་ལས་

བྱུང་བའི་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་

བའི་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་འདུ་བ་ལས་བྱུང་བའི་

ངོ་བོ་ཉིད་མྱེད་དོ། །སའི་ཁམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཆུའི་ཁམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །མེའི་ཁམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རླུང་གི་ཁམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ནམ་མཁའི་ཁམས་ལ་

Vol. 17 · folio 81b

འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །མ་རིག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་

དོ། །མྱིང་དང་གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྐྱེ་མཆེད་དྲུག་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རེག་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྲེད་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་

དོ། །ལེན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །སྲིད་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྐྱེ་བ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྒ་ཤི་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་

བའི་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ནང་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་

ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་འདུ་བ་ལས་

བྱུང་བའི་ངོ་བོ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་

Vol. 17 · folio 82a

ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ།

མྱི་དམིགས་པ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འདུ་བ་ལས་བྱུང་བའི་ངོ་བོ་

ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །དབང་པོ་རྣམས་ལ་འདུ་བ་ལས་བྱུང་བའི་

ངོ་བོ་ཉིད་མྱེད་དོ། །སྟོབས་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་འདུ་

བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བསམ་གཏན་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཚད་མྱེད་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣམ་པར་

ཐར་པ་བརྒྱད་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །

མངོན་པར་ཤེས་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་འདུ་བ་ལས་བྱུང་བའི་ངོ་བོ་

Vol. 17 · folio 82b

ཉིད་མྱེད་དོ། །མྱི་འཇིགས་པ་བཞི་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །བྱམས་པ་ཆེན་པོ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །སྙིང་རྗེ་ཆེན་པོ་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཆོས་ཐམས་

ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱི་རྟག་པ་སྟེ།

གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་ཤེས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་མྱི་རྟག་

པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིག་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་

མ་ཡིན་ནོ། །ལུས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུགས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྒྲ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དྲི་མྱི་རྟག་པ་

སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རོ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རེག་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིག་གི་རྣམ་པར་ཤིས་པ་མྱི་རྟག་པ་སྟེ། གང་དང་

Vol. 17 · folio 83a

ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་མྱི་རྟག་པ་སྟེ།

གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །

རྣ་བའི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ།

གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་སྟེ། གང་

དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་

སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སའི་ཁམས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆུའི་ཁམས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མེའི་

ཁམས་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རླུང་གི་ཁམས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ནམ་མཁའི་ཁམས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་མྱི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words