ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 17 · folio 138a
དེའི་ཚེ་འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་ཞེས་བགྱི་བར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།
མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སའི་ཁམས་ཞེས་བགྱི་བར་སའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཆུའི་ཁམས་ཞེས་བགྱི་བར་ཆུའི་ཁམས་ལ་མི་དམྱིགས་
ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མེའི་ཁམས་ཞེས་བགྱི་བར་མེའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རླུང་གི་ཁམས་ཞེས་བགྱི་བར་
རླུང་གི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ནམ་མཁའི་ཁམས་ཞེས་བགྱི་བར་ནམ་མཁའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །
དེའི་ཚེ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བགྱི་བར་རྣམ་པར་ཤེས་པའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མ་རིག་པ་ཞེས་བགྱི་བར་མ་རིག་པ་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་
Vol. 17 · folio 138b
པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་འདུ་བྱེད་ཅེས་བགྱི་བར་འདུ་བྱེད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་
ཤེས་པ་ལ་མྱི་དམིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མྱིང་དང་གཟུགས་ཞེས་བགྱི་བར་མྱིང་དང་གཟུགས་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་
བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྐྱེ་མཆེད་དྲུག་ཅེས་བགྱི་བར་སྐྱེ་མཆེད་དྲུག་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་རེག་པ་ཞེས་བགྱི་བར་རེག་པ་ལ་མི་
དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཚོར་བ་ཞེས་བགྱི་བར་ཚོར་བ་ལ་མི་དམིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སྲེད་པ་
ཞེས་བགྱི་པར་སྲེད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ལེན་པ་ཞེས་བགྱི་བར་ལེན་པ་ལ་མྱི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་
ནི་སྲིད་པ་ཞེས་བགྱི་བར་སྲིད་པ་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སྐྱེ་བ་ཞེས་བགྱི་བར་སྐྱེ་བ་ལ་མྱི་དམིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་
ནི་རྒ་ཤི་ཞེས་བགྱི་བར་རྒ་ཤི་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་
Vol. 17 · folio 139a
ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བགྱི་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།
མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བསམ་
གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་ཤིང་མྱི་
ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ནང་སྟོང་པ་ཉིད་ཅེས་བགྱི་བར་ནང་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཕྱི་སྟོང་པ་ཉིད་ཅེས་བགྱི་
བར་ཕྱི་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བགྱི་བར་ཕྱི་ནང་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་
པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བགྱི་བར་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བགྱི་བར་ཆེན་པོ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་
Vol. 17 · folio 139b
མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བགྱི་བར་དོན་དམ་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་
འདི་ནི་འདུས་བྱས་སྟོང་པ་ཉིད་ཅེས་བགྱི་བར་འདུས་བྱས་སྟོང་པ་ཉིད་ལ་མྱི་དམིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བགྱི་བར་འདུས་མ་བྱས་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་
མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བགྱི་བར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་
པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བགྱི་བར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་
ཅེས་བགྱི་བར་དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བགྱི་བར་རང་བཞིན་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་
པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བགྱི་བར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རང་གི་མཚན་
ཉིད་སྟོང་པ་ཉིད་ཅེས་བགྱི་བར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བགྱི་བར་མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་
Vol. 17 · folio 140a
ལན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བགྱི་བར་དངོས་པོ་མེད་པ་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་
འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བགྱི་བར་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བགྱི་བར་དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བགྱི་བར་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཡང་དག་པར་སྤོང་བ་རྣམས་ཞེས་བགྱི་བར་ཡང་དག་པར་སྤོང་བ་རྣམས་ལ་
མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཞེས་བགྱི་བར་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་
པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་དབང་པོ་རྣམས་ཞེས་བགྱི་བར་དབང་པོ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སྟོབས་རྣམས་ཞེས་བགྱི་བར་སྟོབས་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་
མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བགྱི་བར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །
Vol. 17 · folio 140b
དེའི་ཚེ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བགྱི་བར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་འཕགས་པའི་བདེན་པ་རྣམས་ཞེས་བགྱི་བར་
འཕགས་པའི་བདེན་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བསམ་གཏན་རྣམས་ཞེས་བགྱི་བར་བསམ་གཏན་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་
པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཚད་མེད་པ་རྣམས་ཞེས་བགྱི་བར་ཚད་མྱེད་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་
ཞེས་བགྱི་བར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཐར་པ་བརྒྱད་ཅེས་བགྱི་བར་རྣམ་པར་ཐར་པ་བརྒྱད་ལ་མྱི་དམྱིགས་ཤིང་མྱི་ལེན་
མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བགྱི་བར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་
བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བགྱི་བར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།
མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མངོན་པར་ཤེས་པ་རྣམས་ཞེས་བགྱི་བར་མངོན་པར་ཤེས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཏིང་ངེ་
Vol. 17 · folio 141a
འཛིན་རྣམས་ཞེས་བགྱི་བར་ཏིང་ངེ་འཛིན་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་གཟུངས་ཀྱི་སྒོ་རྣམས་ཞེས་བགྱི་བར་གཟུངས་ཀྱི་སྒོ་རྣམས་ལ་མྱི་
དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བགྱི་བར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་
མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མྱི་འཇིགས་པ་བཞི་ཞེས་བགྱི་བར་མྱི་འཇིགས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་
ཞེས་བགྱི་བར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་བྱམས་པ་ཆེན་པོ་ཞེས་བགྱི་བར་བྱམས་པ་ཆེན་པོ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་
ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྙིང་རྗེ་ཆེན་པོ་ཞེས་བགྱི་བར་སྙིང་རྗེ་ཆེན་པོ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ཅེས་བགྱི་བར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ།
བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་དག་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།
Vol. 17 · folio 141b
མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་། ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་།
འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་། འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་། སྣ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེ་ཡང་
དག་པར་རྗེས་སུ་མྱི་མཐོང་། ལུས་ཡང་དག་པར་རྗེས་སུ་མྱི་མཐོང་། ཡིད་ཡང་དག་པར་རྗེས་སུ་མྱི་མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། སྒྲ་ཡང་དག་པར་རྗེས་སུ་མི་མཐོང་། དྲི་ཡང་དག་པར་རྗེས་སུ་མྱི་མཐོང་། རོ་ཡང་དག་པར་རྗེས་སུ་མྱི་མཐོང་།
རེག་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལྕེའི་རྣམ་པར་
ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་།
སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལྕེའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་
པར་རྗེས་སུ་མྱི་མཐོང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལུས་ཀྱི་འདུས་ཏེ་རེག་པའི་
Vol. 17 · folio 142a
རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། སའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཆུའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། མྱེའི་ཁམས་ཡང་དག་
པར་རྗེས་སུ་མི་མཐོང་། རླུང་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། མ་རིག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། འདུ་བྱེད་ཡང་དག་པར་རྗེས་སུ་མྱི་མཐོང་།
རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིང་དང་གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་། སྐྱེ་མཆེད་དྲུག་ཡང་དག་པར་རྗེས་སུ་མི་མཐོང་། རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། སྲེད་པ་ཡང་དག་པར་རྗེས་
སུ་མི་མཐོང་། ལེན་པ་ཡང་དག་པར་རྗེས་སུ་མི་མཐོང་། སྲིད་པ་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་། རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡང་དག་པར་རྗེས་སུ་མྱི་མཐོང་། ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆེན་པོ་སྟོང་པ་ཉིད་ཡང་དག་
པར་རྗེས་སུ་མི་མཐོང་། དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་།
Vol. 17 · folio 142b
ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་གི་
མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མྱི་དམྱིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མྱེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། ཡང་དག་པར་སྤོང་བ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། དབང་པོ་རྣམས་ཡང་དག་པར་
རྗེས་སུ་མི་མཐོང་། སྟོབས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མི་མཐོང་། འཕགས་པའི་བདེན་པ་རྣམས་ཡང་དག་པར་རྗེས་སུ་མི་
མཐོང་། བསམ་གཏན་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། ཚད་མྱེད་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་། མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དག་པར་རྗེས་སུ་མི་མཐོང་། མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། ཏིང་ངེ་འཛིན་རྣམས་
ཡང་དག་པར་རྗེས་སུ་མི་མཐོང་། གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མི་མཐོང་། མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་། སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་
Vol. 17 · folio 143a
མི་མཐོང་། བྱམས་པ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་། སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མྱི་མཐོང་། ཐམས་ཅད་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་
མཐོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་
གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་གང་
ལགས་པ་དེ་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་
སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་འདུ་ཤེས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་ཤེས་མ་ལགས་ཏེ། དེ་ལྟར་ན་འདུ་ཤེས་
དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་ཤེས་ཀྱི་མ་སྐྱེས་པ་གང་ལགས་པ་
དེ་འདུ་ཤེས་མ་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་
Vol. 17 · folio 143b
སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་
རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་
མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་མ་སྐྱེས་པ་གང་ལགས་པ་དེ་མྱིག་མ་ལགས་ཏེ། དེ་ལྟར་ན་མྱིག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་
དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་མ་སྐྱེས་པ་གང་ལགས་པ་དེ་མྱིག་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བ་མ་ལགས་ཏེ། དེ་ལྟར་ན་རྣ་བ་དང་མ་སྐྱེས་
པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བ་མ་ལགས་སོ། །
བཅོམ་ལྡན་འདས་སྣའི་མ་སྐྱེས་པ་གང་ལགས་པ་དེ་སྣ་མ་ལགས་ཏེ། དེ་ལྟར་ན་སྣ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་
མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་མ་སྐྱེས་པ་གང་ལགས་པ་དེ་སྣ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་མ་སྐྱེས་པ་གང་ལགས་པ་དེ་ལྕེ་མ་ལགས་ཏེ། དེ་ལྟར་ན་ལྕེ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་
Vol. 17 · folio 144a
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་མ་སྐྱེས་པ་གང་ལགས་པ་དེ་ལྕེ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་མ་སྐྱེས་པ་གང་
ལགས་པ་དེ་ལུས་མ་ལགས་ཏེ། དེ་ལྟར་ན་ལུས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་
སླད་དུ་ལུས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ལུས་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཡིད་མ་ལགས་ཏེ། དེ་ལྟར་ན་ཡིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཡིད་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་
ལགས་ཏེ། དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་
སླད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་སྒྲའི་མ་སྐྱེས་པ་གང་ལགས་པ་དེ་སྒྲ་མ་ལགས་ཏེ། དེ་ལྟར་ན་སྒྲ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་
འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྒྲའི་མ་སྐྱེས་པ་གང་ལགས་པ་དེ་སྒྲ་མ་ལགས་སོ། །བཅོམ་ལྡན་འདས་དྲིའི་མ་སྐྱེས་པ་གང་ལགས་པ་དེ་དྲི་མ་ལགས་ཏེ། དེ་ལྟར་ན་དྲི་དང་མ་
Vol. 17 · folio 144b
སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲིའི་མ་སྐྱེས་པ་གང་ལགས་པ་དེ་དྲི་མ་ལགས་
སོ། །བཅོམ་ལྡན་འདས་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་ཏེ། དེ་ལྟར་ན་རོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། །བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་
ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་སོ། །བཅོམ་ལྡན་འདས་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་ཏེ། །དེ་ལྟར་ན་རེག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་མ་
སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་ཏེ། དེ་ལྟར་ན་ཆོས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། །བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་
དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་རྣམ་པར་ཤེས་པ་དང་མ་སྐྱེས་པ་
དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་
Vol. 17 · folio 145a
ལགས་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་
སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་
ལགས་པ་དེ་རྣ་བའི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་སྣའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་སྣའི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་སྣའི་རྣམ་པར་ཤེས་པ་མ་ལགས་སོ། །
བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་
ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་
ལགས་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་
Vol. 17 · folio 145b
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ།
དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་
དུ་ཡིད་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་མྱིག་གི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་དང་མ་སྐྱེས་པ་དེ་གཉིས་
སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་
མྱིག་གི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་
འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་སྣའི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་
Vol. 17 · folio 146a
མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་སྣའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་
དེ་ལྕེའི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་
པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་དང་
མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་
ལགས་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་
སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་
འདས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་
Vol. 17 · folio 146b
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་
ལགས་སོ། །བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་
མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་
གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་
སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་མ་སྐྱེས་པ་
དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་
Vol. 17 · folio 147a
སྐྱེས་པ་གང་ལགས་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་གུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་
ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་
ལགས་ཏེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་
དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སའི་ཁམས་མ་ལགས་ཏེ།
དེ་ལྟར་ན་སའི་ཁམས་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་
སླད་དུ་སའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆུའི་ཁམས་མ་ལགས་ཏེ། དེ་ལྟར་ན་ཆུའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
Vol. 17 · folio 147b
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆུའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་
མེའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱེའི་ཁམས་མ་ལགས་ཏེ། དེ་ལྟར་ན་མྱེའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་
ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མེའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱེའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རླུང་གི་ཁམས་མ་ལགས་ཏེ། དེ་ལྟར་ན་རླུང་གི་ཁམས་དང་མ་སྐྱེས་པ་
དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་
རླུང་གི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་ཏེ། དེ་ལྟར་ན་ནམ་མཁའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་
ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་
Vol. 17 · folio 148a
གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་མ་སྐྱེས་པ་གང་
ལགས་པ་དེ་མ་རིག་པ་མ་ལགས་ཏེ། དེ་ལྟར་ན་མ་རིག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
ལགས་ཏེ། དེའི་སླད་དུ་མ་རིག་པའི་མ་སྐྱེས་པ་གང་ལགས་པ་དེ་མ་རིག་པ་མ་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་མ་
སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིང་དང་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱིང་དང་གཟུགས་མ་ལགས་ཏེ། དེ་ལྟར་ན་མྱིང་དང་གཟུགས་
དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིང་དང་གཟུགས་ཀྱི་མ་སྐྱེས་པ་གང་
Vol. 17 · folio 148b
ལགས་པ་དེ་མྱིང་དང་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་མཆེད་དྲུག་མ་ལགས་ཏེ། དེ་ལྟར་ན་སྐྱེ་མཆེད་དྲུག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་མཆེད་དྲུག་མ་ལགས་སོ། །བཅོམ་ལྡན་འདས་རེག་པའི་མ་སྐྱེས་པ་གང་ལགས་པ་དེ་རེག་པ་མ་
ལགས་ཏེ། དེ་ལྟར་ན་རེག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་
པའི་མ་སྐྱེས་པ་གང་ལགས་པ་དེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་
འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སྲེད་པའི་མ་སྐྱེས་པ་གང་ལགས་པ་དེ་སྲེད་པ་མ་ལགས་ཏེ།
དེ་ལྟར་ན་སྲེད་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྲེད་པའི་མ་
སྐྱེས་པ་གང་ལགས་པ་དེ་སྲེད་པ་མ་ལགས་སོ། །བཅོམ་ལྡན་འདས་ལེན་པའི་མ་སྐྱེས་པ་གང་ལགས་པ་དེ་ལེན་པ་མ་ལགས་ཏེ། དེ་ལྟར་ན་ལེན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་
Vol. 17 · folio 149a
འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་པ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལེན་པའི་མ་སྐྱེས་པ་གང་ལགས་པ་དེ་ལེན་པ་མ་ལགས་སོ། །བཅོམ་ལྡན་འདས་སྲིད་པའི་མ་སྐྱེས་པ་གང་ལགས་པ་
དེ་སྲིད་པ་མ་ལགས་ཏེ། དེ་ལྟར་ན་སྲིད་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་
ཏེ། དེའི་སླད་དུ་སྲིད་པའི་མ་སྐྱེས་པ་གང་ལགས་པ་དེ་སྲིད་པ་མ་ལགས་སོ། །བཅོམ་ལྡན་འདས་སྐྱེ་བའི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་བ་མ་ལགས་ཏེ། དེ་ལྟར་ན་སྐྱེ་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་བའི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་རྒ་ཤིའི་མ་སྐྱེས་པ་གང་
ལགས་པ་དེ་རྒ་ཤི་མ་ལགས་ཏེ། དེ་ལྟར་ན་རྒ་ཤི་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་
མ་ལགས་ཏེ། དེའི་སླད་དུ་རྒ་ཤིའི་མ་སྐྱེས་པ་གང་ལགས་པ་དེ་རྒ་ཤི་མ་ལགས་སོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་
སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་
Vol. 17 · folio 149b
དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་
སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
མ་ལགས་སོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
Vol. 17 · folio 150a
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་
ལགས་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་
ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ནང་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་
ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནང་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་
ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཕྱི་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཕྱི་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་
བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཕྱི་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཕྱི་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཕྱི་ནང་སྟོང་པ་ཉིད་དང་མ་
Vol. 17 · folio 150b
སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཕྱི་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་
པ་དེ་ཕྱི་ནང་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་
ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆེན་པོ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཆེན་པོ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་
པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆེན་པོ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆེན་པོ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་དེ་གང་ལགས་པ་དེ་དོན་
དམ་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དོན་དམ་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་
ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དོན་དམ་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུས་བྱས་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་འདུས་
Vol. 17 · folio 151a
བྱས་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་
འདུས་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུས་བྱས་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་
སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུས་མ་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུས་
མ་བྱས་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་
གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མཐའ་ལས་
འདས་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་
ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་
Vol. 17 · folio 151b
པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་
སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དོར་བ་མྱེད་པ་སྟོང་
པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་བཞིན་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་བཞིན་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་བཞིན་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཆོས་
ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་
དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རང་གི་མཚན་
ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་
Vol. 17 · folio 152a
ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་
མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་
ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དངོས་པོ་མྱེད་
པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་
མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་
གང་ལགས་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་
Vol. 17 · folio 152b
སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་
ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་
རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་
མ་ལགས་ཏེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ལགས་ཏེ། དེ་ལྟར་ན་ཡང་དག་
པར་སྤོང་བ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡང་དག་པར་སྤོང་བ་རྣམས་
ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས་ཏེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་
གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྫུ་འཕྲུལ་གྱི་རྐང་
Vol. 17 · folio 153a
པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་དབང་པོ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དབང་པོ་རྣམས་མ་ལགས་ཏེ། དེ་ལྟར་ན་དབང་པོ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དབང་པོ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དབང་པོ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་སྟོབས་རྣམས་ཀྱི་མ་སྐྱེས་པ་
གང་ལགས་པ་དེ་སྟོབས་རྣམས་མ་ལགས་ཏེ། དེ་ལྟར་ན་སྟོབས་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་
ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སྟོབས་རྣམས་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས་ཏེ། དེ་ལྟར་ན་
བྱང་ཆུབ་ཀྱི་ཡན་ལག་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ།
དེའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས་སོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ལགས་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་
ཏེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་
Vol. 17 · folio 153b
དད་པ་མ་ལགས་ཏེ། དེའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ལགས་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་སོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འཕགས་པའི་བདེན་པ་རྣམས་མ་
ལགས་ཏེ། དེ་ལྟར་ན་འཕགས་པའི་བདེན་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
ལགས་ཏེ། དེའི་སླད་དུ་འཕགས་པའི་བདེན་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འཕགས་པའི་བདེན་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་བསམ་གཏན་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བས་མ་གཏན་རྣམས་མ་ལགས་ཏེ། དེ་ལྟར་ན་
བསམ་གཏན་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བསམ་
གཏན་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བསམ་གཏན་རྣམས་མ་ལགས་སོ། །བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཚད་མྱེད་པ་རྣམས་མ་ལགས་ཏེ། དེ་ལྟར་ན་ཚད་མྱེད་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚད་མྱེད་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཚད་མྱེད་པ་རྣམས་མ་ལགས་སོ། །
བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
Vol. 17 · folio 154a
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་
གང་ལགས་པ་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཐར་པ་རྣམས་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཐར་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་
སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཐར་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཐར་པ་རྣམས་
མ་ལགས་སོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་
མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མཐར་ཀྱིས་གནས་པའི་སྙོམས་པར་
འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
Vol. 17 · folio 154b
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ལགས་སོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མངོན་པར་ཤེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་མངོན་པར་ཤེས་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མངོན་པར་ཤེས་པ་རྣམས་མ་ལགས་སོ། །
བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཏིང་ངེ་འཛིན་རྣམས་མ་ལགས་ཏེ། དེ་ལྟར་ན་ཏིང་ངེ་འཛིན་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་
ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཏིང་ངེ་འཛིན་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཏིང་ངེ་འཛིན་རྣམས་མ་ལགས་སོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུངས་ཀྱི་
སྒོ་རྣམས་མ་ལགས་ཏེ། དེ་ལྟར་ན་གཟུངས་ཀྱི་སྒོ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ།
དེའི་སླད་དུ་གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུངས་ཀྱི་སྒོ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་
Vol. 17 · folio 155a
གཤེགས་པའི་སྟོབས་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས་སོ། །བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་འཇིགས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་
མྱི་འཇིགས་པ་རྣམས་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱི་འཇིགས་པ་
རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་འཇིགས་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་དང་། མ་
སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་
སྐྱེས་པ་གང་ལགས་པ་དེ་སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་བྱམས་པ་ཆེན་པོ་མ་ལགས་ཏེ། དེ་ལྟར་ན་བྱམས་པ་ཆེན་པོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་བྱམས་པ་ཆེན་པོ་མ་ལགས་སོ། །
Vol. 17 · folio 155b
བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་སྙིང་རྗེ་ཆེན་པོ་མ་ལགས་ཏེ། དེ་ལྟར་ན་སྙིང་རྗེ་ཆེན་པོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་སྙིང་རྗེ་ཆེན་པོ་མ་ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་
ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ཏེ། དེ་ལྟར་ན་དེ་
བཞིན་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དེ་བཞིན་ཉིད་
ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཉིད་མ་ལགས་ཏེ། དེ་ལྟར་ན་ཆོས་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་མ་སྐྱེས་པ་གང་
Vol. 17 · folio 156a
ལགས་པ་དེ། ཆོས་ཀྱི་དབྱིངས་མ་ལགས་ཏེ། དེ་ལྟར་ན་ཆོས་ཀྱི་དབྱིངས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཀྱི་དབྱིངས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཀྱི་དབྱིངས་མ་ལགས་སོ། །བཅོམ་ལྡན་འདས་ཆོས་སྐྱོན་མྱེད་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་སྐྱོན་མྱེད་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཆོས་སྐྱོན་མྱེད་པ་ཉིད་དང་
མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་མ་
སྐྱེས་པ་གང་ལགས་པ་དེ་ཆོས་སྐྱོན་མྱེད་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པའི་མཐའི་མ་སྐྱེས་པ་གང་ལགས་པ་དེ་ཡང་དག་པའི་མཐའ་མ་ལགས་ཏེ། དེ་ལྟར་ན་ཡང་དག་པའི་མཐའ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་
མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡང་དག་པའི་མཐའི་མ་སྐྱེས་པ་གང་ལགས་པ་དེ་ཡང་དག་པའི་མཐའ་མ་ལགས་སོ། །
བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་ལགས་ཏེ། དེ་ལྟར་ན་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་ལགས་སོ། །བཅོམ་ལྡན་འདས་ཐམས་
Vol. 17 · folio 156b
ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཐམས་ཅད་ཤེས་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཐམས་ཅད་ཤེས་པ་ཉིད་དང་མ་སྐྱེས་བ་དེ་གཉིས་སུ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཐམས་ཅད་ཤེས་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ལམ་གྱི་རྣམ་པ་ཤེས་
ཉིད་མ་ལགས་ཏེ། དེ་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
ལགས་ཏེ། དེའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། དེ་ལྟར་
ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །བཅོམ་ལྡན་འདས་གཟུགས་
ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་
Vol. 17 · folio 157a
ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་འདུ་ཤེས་ཀྱི་
འགྲིབ་པ་གང་ལགས་པ་དེ་ནི་འདུ་ཤེས་མ་ལགས་ཏེ། དེ་ལྟར་ན་འདུ་ཤེས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་
མ་ལགས་ཏེ། དེའི་སླད་དུ་འདུ་ཤེས་ཀྱི་འགྲིབ་པ་གང་ལགས་པ་དེ་འདུ་ཤེས་མ་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་འགྲིབ་པ་
གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་
མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་འགྲིབ་པ་གང་ལགས་པ་དེ་ནི་མྱིག་མ་ལགས་ཏེ། དེ་ལྟར་ན་མྱིག་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
Vol. 17 · folio 157b
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འགྲིབ་པ་གང་ལགས་པ་དེ་མྱིག་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་འགྲིབ་
གང་ལགས་པ་དེ་ནི་རྣ་བ་མ་ལགས་ཏེ། དེ་ལྟར་ན་རྣ་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ།
དེའི་སླད་དུ་རྣ་བའི་འགྲིབ་པ་གང་ལགས་པ་དེ་རྣ་བ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་འགྲིབ་པ་གང་ལགས་པ་དེ་ནི། སྣ་མ་ལགས་ཏེ། དེ་ལྟར་ན་སྣ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་
འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འགྲིབ་པ་གང་ལགས་པ་དེ་སྣ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་འགྲིབ་པ་གང་ལགས་པ་དེ་ནི་ལྕེ་མ་ལགས་ཏེ། དེ་ལྟར་ན་ལྕེ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་
ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འགྲིབ་པ་གང་ལགས་པ་དེ་ལྕེ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་
འགྲིབ་པ་གང་ལགས་པ་དེ་ནི་ལུས་མ་ལགས་ཏེ། དེ་ལྟར་ན་ལུས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་
ཏེ། དེའི་སླད་དུ་ལུས་ཀྱི་འགྲིབ་པ་གང་ལགས་པ་དེ་ལུས་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཡིད་མ་ལགས་ཏེ། དེ་ལྟར་ན་ཡིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་
Vol. 17 · folio 158a
འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཡིད་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་
དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །
བཅོམ་ལྡན་འདས་སྒྲའི་འགྲིབ་པ་གང་ལགས་པ་དེ་ནི་སྒྲ་མ་ལགས་ཏེ། དེ་ལྟར་ན་སྒྲ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་
ཏེ། དེའི་སླད་དུ་སྒྲའི་འགྲིབ་པ་གང་ལགས་པ་དེ་སྒྲ་མ་ལགས་སོ། །བཅོམ་ལྡན་འདས་དྲིའི་འགྲིབ་པ་གང་ལགས་པ་དེ་ནི་དྲི་མ་ལགས་ཏེ། དེ་ལྟར་ན་དྲི་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་
གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲིའི་འགྲིབ་པ་གང་ལགས་པ་དེ་དྲི་མ་ལགས་སོ། །བཅོམ་ལྡན་འདས་རོའི་འགྲིབ་པ་གང་ལགས་པ་དེ་ནི་རོ་མ་ལགས་ཏེ། དེ་ལྟར་ན་རོ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་
སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རོའི་འགྲིབ་པ་གང་ལགས་པ་དེ་རོ་མ་ལགས་སོ། །བཅོམ་ལྡན་འདས་རེག་གི་འགྲིབ་པ་གང་ལགས་པ་དེ་ནི་རེག་མ་ལགས་ཏེ། དེ་ལྟར་ན་རེག་
དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི། གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་གི་འགྲིབ་པ་གང་ལགས་
Vol. 17 · folio 158b
པ་དེ་རེག་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཆོས་མ་ལགས་ཏེ། དེ་ལྟར་ན་ཆོས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཀྱི་འགྲིབ་པ་གང་ལགས་པ་དེ་ཆོས་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་
ན་མྱིག་གི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་
རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་
གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་རྣ་
བའི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་སྣའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་སྣའི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་
དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་སྣའི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་རྣམ་པར་
Vol. 17 · folio 159a
ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་
འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་
ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་
ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ཡིད་ཀྱི་
རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་རྣམ་པར་ཤེས་པའི་
འགྲིབ་པ་གང་ལགས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་མྱིག་གི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་
Vol. 17 · folio 159b
འདས་རྣ་བའི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་སྣའི་འདུས་ཏེ་རེག་པ་མ་ལགས་ཏེ།
དེ་ལྟར་ན་སྣའི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འདུས་
ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་སྣའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་
མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་
ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་
མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་
Vol. 17 · folio 160a
ལགས་ཏེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་
མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ།
དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་
སླད་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་
ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི།
སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་
Vol. 17 · folio 160b
གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་
ལགས་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་
གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་
ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་
སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ལགས་པ་དེ། ཡིད་ཀྱི་འདུས་ཏེ་
Vol. 17 · folio 161a
རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སའི་ཁམས་མ་ལགས་ཏེ། དེ་ལྟར་ན་སའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་ཆུའི་ཁམས་ཀྱི་
གྲིབ་པ་གང་ལགས་པ་དེ་ནི་ཆུའི་ཁམས་མ་ལགས་ཏེ། དེ་ལྟར་ན་ཆུའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆུའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ཆུའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་མྱེའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི། མེའི་ཁམས་མ་ལགས་ཏེ། དེ་ལྟར་ན་མྱེའི་ཁམས་དང་འགྲིབ་
པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མེའི་ཁམས་ཀྱི་འགྲིབ་པ་གང་
ལགས་པ་དེ་མེའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་རླུང་གི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རླུང་གི་ཁམས་མ་ལགས་ཏེ། དེ་ལྟར་ན་རླུང་གི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་
ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རླུང་གི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་རླུང་གི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་ནམ་མཁའི་ཁམས་
Vol. 17 · folio 161b
ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནམ་མཁའི་ཁམས་མ་ལགས་ཏེ། དེ་ལྟར་ན་ནམ་མཁའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་
ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནམ་མཁའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ལགས་ཏེ། །
དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་
ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་འགྲིབ་པ་གང་ལགས་པ་དེ་ནི་མ་རིག་པ་མ་ལགས་ཏེ། དེ་ལྟར་ན་མ་རིག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མ་རིག་པའི་འགྲིབ་པ་གང་ལགས་པ་དེ་མ་རིག་པ་མ་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་
འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་
བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་
Vol. 17 · folio 162a
ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་འགྲི། བ་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱིང་
དང་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་མྱིང་དང་གཟུགས་མ་ལགས་ཏེ། དེ་ལྟར་ན་མྱིང་དང་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་
ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་མྱིང་དང་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་སྐྱེ་མཆེད་དྲུག་གི་འགྲིབ་པ་གང་ལགས་པ་དེ་ནི་སྐྱེ་མཆེད་དྲུག་མ་ལགས་ཏེ། དེ་ལྟར་ན་སྐྱེ་མཆེད་དྲུག་
དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་མཆེད་དྲུག་གི་འགྲིབ་པ་གང་
ལགས་པ་དེ་སྐྱེ་མཆེད་དྲུག་མ་ལགས་སོ། །བཅོམ་ལྡན་འདས་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་རེག་པ་མ་ལགས་ཏེ། དེ་ལྟར་ན་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་
ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་པའི་འགྲིབ་པ་གང་ལགས་པ་དེ་རེག་པ་མ་ལགས་སོ། །བཅོམ་ལྡན་འདས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་
དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་འགྲིབ་པ་གང་ལགས་པ་དེ་
Vol. 17 · folio 162b
ཚོར་བ་མ་ལགས་སོ། །བཅོམ་ལྡན་འདས་སྲེད་པའི་འགྲིབ་པ་གང་ལགས་པ་དེ་ནི་སྲིད་པ་མ་ལགས་ཏེ། དེ་ལྟར་ན་སྲེད་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྲེད་པའི་འགྲིབ་པ་གང་ལགས་པ་དེ་སྲེད་པ་མ་ལགས་སོ། །བཅོམ་ལྡན་འདས་ལེན་པའི་འགྲིབ་པ་གང་ལགས་པ་དེ་ནི་ལེན་པ་མ་ལགས་ཏེ། དེ་ལྟར་ན་ལེན་པ་དང་འགྲིབ་པ་དེ་གཉིས་སུ་
མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལེན་པའི་འགྲིབ་པ་གང་ལགས་པ་དེ་ལེན་པ་མ་ལགས་སོ། །
བཅོམ་ལྡན་འདས་སྲིད་པའི་འགྲིབ་པ་གང་ལགས་པ་དེ་ནི་སྲིད་པ་མ་ལགས་ཏེ། དེ་ལྟར་ན་སྲིད་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་
མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྲིད་པའི་འགྲིབ་པ་གང་ལགས་པ་དེ་སྲིད་པ་མ་ལགས་སོ། །བཅོམ་ལྡན་འདས་སྐྱེ་བའི་འགྲིབ་པ་གང་ལགས་པ་དེ་ནི་སྐྱེ་བ་མ་ལགས་ཏེ། དེ་ལྟར་ན་སྐྱེ་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་བའི་འགྲིབ་པ་གང་ལགས་པ་དེ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་
རྒ་ཤིའི་འགྲིབ་པ་གང་ལགས་པ་དེ་ནི་རྒ་ཤི་མ་ལགས་ཏེ། དེ་ལྟར་ན་རྒ་ཤི་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་
Vol. 17 · folio 163a
བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྒ་ཤིའི་འགྲིབ་པ་གང་ལགས་པ་དེ་རྒ་ཤི་མ་ལགས་སོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ།
དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་
གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
Vol. 17 · folio 163b
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་
སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་
སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་
ལགས་སོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ནང་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་
འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནང་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཕྱི་སྟོང་
Vol. 17 · folio 164a
པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཕྱི་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་
ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཕྱི་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཕྱི་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཕྱི་ནང་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་
མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཕྱི་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཕྱི་ནང་སྟོང་
པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་
ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཆེན་པོ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཆེན་པོ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་
གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆེན་པོ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཆེན་པོ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་མ་ལགས་
Vol. 17 · folio 164b
ཏེ། དེ་ལྟར་ན་དོན་དམ་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དོན་
དམ་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་འདུས་བྱས་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་འདུས་བྱས་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་
མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུས་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་འདུས་བྱས་
སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུས་མ་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ལགས་སོ། །
བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་
ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་
Vol. 17 · folio 165a
ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །
བཅོམ་ལྡན་འདས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་
དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དོར་བ་མེད་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་འགྲིབ་པ་
གང་ལགས་པ་དེ་ནི་རང་བཞིན་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་བཞིན་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་
མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་བཞིན་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་རང་བཞིན་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་ཏེ།
དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་
Vol. 17 · folio 165b
ཐམས་ཅད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་
གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་
ལགས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་
ལགས་སོ། །བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་
པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་
Vol. 17 · folio 166a
གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་
པ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་
ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་
ལགས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་
གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱི་བགྲིབ་པ་གང་ལགས་པ་དེ་ནི་ཡང་
དག་པར་སྤོང་བ་རྣམས་མ་ལགས་ཏེ། དེ་ལྟར་ན་ཡང་དག་པར་སྤོང་བ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་
ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡང་དག་པར་སྤོང་བ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words