ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 17 · folio 331a

ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །

དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་

Vol. 17 · folio 331b

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་

བ་དང་། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་

རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་

Vol. 17 · folio 332a

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་

ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་བདེ་

ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་།

མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་

Vol. 17 · folio 332b

བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། ཕྱི་སྟོང་བ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། །ཕྱི་སྟོང་

པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་བ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་

བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། ཕྱི་ནང་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་

ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་

Vol. 17 · folio 333a

བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། སྟོང་པ་ཉིད་

སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་མཚན་མ་ཡོད་

ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་རྟག་ཅེས་བྱ་

བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་

Vol. 17 · folio 333b

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་

ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་

རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་ཡབ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་བདག་ཅེས་བྱ་བ་

དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་

Vol. 17 · folio 334a

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། །འདུས་བྱས་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

འདུས་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་

བྱས་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་

བ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་དབེན་ཞེས་

Vol. 17 · folio 334b

བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་།

མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་བ་ཉིད་རྟག་ཅེས་བྱ་བ་དང་།

མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་བདག་ཅེས་བྱ་བ་

དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཞི་

ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་

ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་

པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་

Vol. 17 · folio 335a

མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་

མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྨོན་པ་

ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མེད་པ་སྟོང་པ་ཉིད་

བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མེད་པ་སྟོང་པ་ཉིད་

སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་

Vol. 17 · folio 335b

དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་

དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་རྟག་ཅེས་

བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་བདག་ཅེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མི་

བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

Vol. 17 · folio 336a

ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

རང་གི་མཚན་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་

Vol. 17 · folio 336b

མཚན་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་

ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས་

མྱི་དམྱིགས་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་

པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་

སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་

སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་བདེ་

ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་

Vol. 17 · folio 337a

དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་

དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་།

མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་

རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས།

ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་

Vol. 17 · folio 337b

པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། དངོས་པོ་མྱེད་བའི་ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་

བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

Vol. 17 · folio 338a

དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བ་དང་།

མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་

སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་

པར་སྤོང་བ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

ཡང་དག་པར་སྤོང་བ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་

པར་སྤོང་བ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་

Vol. 17 · folio 338b

པར་སྤོང་བ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

རྫུ་འཕྲུལ་གྱི་རྐང་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་

བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་སྡུག་ཅེས་བྱ་བ་དང་། མྱི་

Vol. 17 · folio 339a

སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས། དབང་པོ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

སྟོབས་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་སྡུག་ཅེས་བྱ་བ་

དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་

མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

Vol. 17 · folio 339b

གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་

ཡན་ལག་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་

རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་ཞེས་བྱ་

Vol. 17 · folio 340a

བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་

ལག་བརྒྱད་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། འཕགས་པའི་བདེན་པ་རྣམས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་

Vol. 17 · folio 340b

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། བསམ་གཏན་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། བསམ་གཏན་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། ཚད་མྱེད་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

ཚད་མྱེད་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་

Vol. 17 · folio 341a

རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

ཚུལ་གྱིས། ཚད་མྱེད་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་

པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་

ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་

Vol. 17 · folio 341b

ཚུལ་གྱིས། རྣམ་པར་ཐར་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་

གྱིས། རྣམ་པར་ཐར་བ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས།

རྣམ་པར་ཐར་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་བ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་

རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་

པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་

གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་

ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་

Vol. 17 · folio 342a

པར་འཇུག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་

མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

སྨོན་པ་མྱེད་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་

ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་ཞེས་བྱ་བ་དང་། མྱི་

Vol. 17 · folio 342b

དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་

ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་སྨོན་པ་ཡོད་

ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་བདེ་

ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་སྡུག་

ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་དབེན་ཞེས་བྱ་

བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་མཚན་མ་

ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་

Vol. 17 · folio 343a

འཛིན་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

ཏིང་ངེ་འཛིན་རྣམས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་

འཛིན་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་སྟོང་

ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་

རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བྱ་བ་དང་།

སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་སྡུག་ཅེས་བྱ་བ་དང་།

མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་དབེན་ཞེས་བྱ་བ་དང་། མྱི་

Vol. 17 · folio 343b

དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་

ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་རྟག་ཅེས་བྱ་བ་

དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་

སྟོབས་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

དེ་བཞིན་གཤེགས་པའི་སྟོབས་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་

Vol. 17 · folio 344a

ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་བདག་ཅེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མི་འཇིགས་པ་རྣམས་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་

མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་ཅེས་བྱ་བ་དང་།

མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་དབེན་ཞེས་བྱ་བ་དང་།

Vol. 17 · folio 344b

མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་མཚན་མ་ཡོད་

ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་

པ་ཆེན་པོ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་བདག་ཅེས་

བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་ཞི་ཞེས་བྱ་བ་དང་། མ་ཞི་

ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་

པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་

Vol. 17 · folio 345a

བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་

བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་

གྱིས། སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

སྙིང་རྗེ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་

གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞི་ཞེས་བྱ་བ་དང་།

མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་འདྲེས་པ་རྣམས་སྟོང་ཞེས་བྱ་

Vol. 17 · folio 345b

བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་

པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །

དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདེ་ཞེས་བྱ་བ་དང་།

Vol. 17 · folio 346a

སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་

འོང་བའི་འབྲས་བུ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་

ཅིག་ཕྱིར་འོང་བའི་འབྲས་བུ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་

ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མི་འོང་བའི་འབྲས་བུ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་

Vol. 17 · folio 346b

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མི་འོང་བའི་འབྲས་བུ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་

གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མྱི་འོང་བའི་འབྲས་བུ་སྨོན་པ་ཡོད་ཅེས་བྱ་པ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས།

དགྲ་བཅོམ་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་

ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

རང་བྱང་ཆུབ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་བདག་ཅེས་

Vol. 17 · folio 347a

བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་ཞི་ཞེས་བྱ་བ་དང་།

མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་

པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་

པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་

Vol. 17 · folio 347b

བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་

ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བ་དང་། བདག་

མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་

བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ལན་ཅིག་

ཕྱིར་འོང་བའི་འབྲས་བུ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དགྲ་བཅོམ་པ་ཉིད་འདུས་མ་བྱས་

Vol. 17 · folio 348a

ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རང་བྱང་ཆུབ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རྒྱུན་ཏུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་གནས་པར་མི་བྱའོ། །ཕྱིར་མྱི་འོང་བ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དགྲ་བཅོམ་པ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རང་བྱང་ཆུབ་སྦྱིན་པའི་

གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ས་གཉིས་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་གསུམ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་བཞི་པ་ལ་

དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་ལྔ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་དྲུག་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ས་བདུན་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་བརྒྱད་པ་ལ་

དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ས་དགུ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ས་བཅུ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་ལས་མྱི་བརྟན་པར་འགྱུར་བའི་ཕྱིར་རོ། །

Vol. 17 · folio 348b

ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་

རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བརྩོན་འགྲུས་ཀྱི་

ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཡང་དག་པར་སྤོང་བ་རྣམས་ཡོངས་

སུ་རྫོགས་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་

བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སྟོབས་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་

གནས་པར་མྱི་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་

Vol. 17 · folio 349a

པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་བྱའོ། །ཞེས་བྱ་

བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པ་དང་།

ཐོས་ནས་ཀྱང་དེ་བཞིན་ཉིད་དུ་གཞན་ལ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཚད་མྱེད་གྲངས་མྱེད་པར་འགྲོའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་

ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཇི་འདྲ་བ་དེ་འདྲ་བ་ཉིད་དུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་

བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་དྲི་དང་བྱུག་པ་དང་ཕྱེ་མ་དང་།

ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་བ་དན་མང་པོས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ་ཕུ་དུད་དུ་བྱའོ་མཆོད་པར་བྱའོ། །དེ་བཞིན་གཤེགས་པ་དེ་དག་ལ་ན་བཟའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་གིས་ཀྱང་མཆོད་པར་བྱའོ། །ཞེས་བྱ་བ་དེ་ལྟར་

Vol. 17 · folio 349b

ཡང་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་དུ་དགོད་པར་བྱའོ། །ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་

བར་མི་བྱའོ། །མྱིག་ལྔ་བསྒྲུབ་པར་བྱ་སྟེ། ལྔ་གང་ཞེ་ན་ཤའི་མྱིག་དང་ལྷའི་མྱིག་དང་ཤེས་རབ་ཀྱི་མྱིག་དང་ཆོས་ཀྱི་མྱིག་དང་སངས་རྒྱས་ཀྱི་མྱིག་བསྒྲུབ་པར་བྱའོ། །ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཏིང་ངེ་འཛིན་ཐམས་ཅད་

ཡོངས་སུ་བསྒྲུབ་པར་བྱའོ། །ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ་ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ། །ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །གཟུངས་

ཀྱི་སྒོ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །མྱི་འཇིགས་པ་བཞི་ཡོངས་

སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱམས་པ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་

པར་མྱི་བྱའོ། །ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ། །

Vol. 17 · folio 350a

ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །

བརྒྱད་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རྒྱུན་ཏུ་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །པོ་ཟོས་ན་ལན་བདུན་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རིགས་ནས་རིགས་

སུ་འགྲོ་བའོ་ཞེའམ། གཅིག་གིས་ཆོད་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །གང་ཟག་མགོ་མཉམ་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཚེ་ཟད་པའོ་ཞེ་འམ། ཉོན་མོངས་པ་ཟད་པའོ་ཞེས་བྱ་བར་

དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རྒྱུན་ཏུ་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ལོག་པར་ལྟུང་བ་མྱེད་པའི་ཆོས་ཅན་ནོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བ་སྟེ་

འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཕྱིར་མྱི་འོང་བ་

སྟེ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དགྲ་བཅོམ་པ་སྟེ་

ཚེ་འདི་ཉིད་ལ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རང་སངས་རྒྱས་སོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །

Vol. 17 · folio 350b

ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་བཟླས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ཀྱི་ཡེ་ཤེས་ལ་གནས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱའོ་ཞེས་བྱ་

བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སངས་རྒྱས་

ཀྱི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པར་སོང་སྟེ། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་

སྙོམས་པར་ཞུགས་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བདག་གི་ཚེ་ནི་ཚད་མྱེད་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་

པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བདག་གི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་ཡང་བསོད་ནམས་བརྒྱས་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཤར་ཕྱོགས་ཀྱི་འཇིག་

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་།

Vol. 17 · folio 351a

བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་བ་དང་། བྱང་ཤར་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ཤར་ལྷོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་

རྒྱ་ཅི་ཙམ་ཡོད་པ་དང་། ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ནུབ་བྱང་གི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དེ་ཙམ་གྱི་ཐ་གྲུར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་བསྒྲུབ་བོ་ཞེས་བྱ་

བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བདག་གིས་བྱང་ཆུབ་ཀྱི་ཤིང་ལས་དྲི་སེམས་ཅན་

གང་གིས་ཚོར་ཡང་རུང་སྟེ། དེ་དག་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནོད་པ་མྱེད་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཉན་ཐོས་ཀྱི་སེམས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་

པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སེམས་ཅན་གང་གིས་བྱང་ཆུབ་ཀྱི་ཤིང་གི་དྲི་དེ་ཚོར་བར་གྱུར་པ་དེ་དག་གི་ལུས་

སམ་སེམས་ལ་ནད་གང་ཡང་མྱེད་པར་གྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བདག་གིས་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཚོར་བའི་སྒྲ་ཡོད་པར་མ་

འགྱུར་ཅིག །འདུ་ཤེས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །འདུ་བྱེད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །རྣམ་པར་ཤེས་པའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །ཁམས་ཀྱི་སྒྲ་དང་། སྐྱེ་མཆེད་ཀྱི་སྒྲ་དང་། རྟེན་ཅིང་

Vol. 17 · folio 351b

འབྲེལ་བར་འབྱུང་བའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །བཟོད་པའི་ཕ་རོལ་ཏུ་ཕྱིན་

པའི་སྒྲ་ཡོད་པར་མ་འགྱུར་ཅིག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་

གནས་པར་མི་བྱའོ། །ནང་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཕྱི་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཕྱི་ནང་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྒྲ་

ཡོད་པར་མ་འགྱུར་ཅིག །ཆེན་པོ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །དོན་དམ་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །འདུས་བྱས་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །འདུས་མ་བྱས་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་

དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །རང་བཞིན་སྟོང་པ་ཉིད་

ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་

འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །

Vol. 17 · folio 352a

ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཡང་དག་པར་སྤོང་བ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་

ཅིག། དབང་པོ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག། ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །སྟོབས་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་

པའི་སྒྲ་ཡོད་པར་མ་འགྱུར་ཅིག །འཕགས་པའི་བདེན་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བསམ་གཏན་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཚད་མྱེད་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །རྣམ་པར་ཐར་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྒྲ་ཡོད་

པར་མ་འགྱུར་ཅིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྒྲ་ཡོད་པར་མ་འགྱུར་ཅིག །མངོན་པར་ཤེས་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཏིང་ངེ་འཛིན་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །

གཟུངས་ཀྱི་སྒོ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །མྱི་འཇིགས་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །སོ་སོ་ཡང་དག་

པར་རིག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བྱམས་པ་ཆེན་པོའི་སྒྲ་ཡོད་པར་མ་འགྱུར་ཅིག །སྙིང་རྗེ་ཆེན་པོའི་སྒྲ་ཡོད་པར་མ་འགྱུར་ཅིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྒྲ་ཡོད་པར་མ་

Vol. 17 · folio 352b

འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྒྱུན་ཏུ་ཞུགས་པའི་སྒྲ་ཡོད་བར་མ་འགྱུར་ཅིག། ལན་ཅིག་ཕྱིར་འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །ཕྱིར་མྱི་འོང་བའི་སྒྲ་ཡོད་པར་མ་འགྱུར་ཅིག །དགྲ་བཅོམ་པའི་སྒྲ་ཡོད་པར་མ་འགྱུར་ཅིག་

ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །རང་སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །བྱང་ཆུབ་སེམས་དཔའི་སྒྲ་ཡོད་པར་མ་འགྱུར་ཅིག །སངས་རྒྱས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མྱི་

བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས།

བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམྱིགས་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམྱིགས་པའི་ཚུལ་

གྱིས་གནས་པར་མྱི་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་

ཏིའི་བུའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ཞིག་ལ་

གནས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་མི་གནས་པ་སྟེ། དེ་གཟུགས་ལ་མྱི་གནས།

Vol. 17 · folio 353a

ཚོར་བྱ་ལ་མྱི་གནས། འདུ་ཤེས་ལ་མྱི་གནས། འདུ་བྱེད་ལ་མྱི་གནས། རྣམ་པར་ཤེས་པ་ལ་མྱི་གནས་སོ། །མྱིག་ལ་མྱི་གནས། རྣ་བ་ལ་མྱི་གནས། སྣ་ལ་མྱི་གནས། ལྕེ་ལ་མྱི་གནས། ལུས་ལ་མྱི་གནས།

ཡིད་ལ་མྱི་གནས་སོ། །གཟུགས་ལ་མྱི་གནས། སྒྲ་ལ་མྱི་གནས། དྲི་ལ་མྱི་གནས། རོ་ལ་མྱི་གནས། རེག་ལ་མྱི་གནས། ཆོས་ལ་མྱི་གནས་སོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱི་གནས། རྣ་བའི་རྣམ་པར་ཤེས་པ་ལ་མྱི་གནས། སྣའི་རྣམ་པར་

ཤེས་པ་ལ་མྱི་གནས། ལྕེའི་རྣམ་པར་ཤེས་པ་ལ་མྱི་གནས། ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས། ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས་སོ། །མྱིག་གི་འདུས་ཏེ་རེག་པ་ལ་མྱི་གནས། རྣ་བའི་འདུས་ཏེ་རེག་པ་ལ་མྱི་གནས། སྣའི་

འདུས་ཏེ་རེག་པ་ལ་མྱི་གནས། ལྕེའི་འདུས་ཏེ་རེག་པ་ལ་མྱི་གནས། ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་གནས། ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་གནས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས། རྣ་བའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་ལ་མྱི་གནས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་

གནས་སོ། །སའི་ཁམས་ལ་མྱི་གནས། ཆུའི་ཁམས་ལ་མི་གནས། མྱེའི་ཁམས་ལ་མྱི་གནས། རླུང་གི་ཁམས་ལ་མྱི་གནས། ནམ་མཁའི་ཁམས་ལ་མྱི་གནས། རྣམ་པར་ཤེས་པའི་ཁམས་ལ་མྱི་གནས་སོ། །མ་རིག་པ་ལ་མྱི་གནས། འདུ་བྱེད་ལ་

མྱི་གནས། རྣམ་པར་ཤེས་པ་ལ་མྱི་གནས། མྱིང་དང་གཟུགས་ལ་མྱི་གནས། སྐྱེ་མཆེད་དྲུག་ལ་མྱི་གནས། རེག་པ་ལ་མྱི་གནས། ཚོར་བ་ལ་མྱི་གནས། སྲེད་པ་ལ་མྱི་གནས། ལེན་པ་ལ་མི་གནས། སྲིད་པ་ལ་མི་གནས། སྐྱེ་བ་ལ་མི་གནས། རྒ་ཤི་ལ་

Vol. 17 · folio 353b

མྱི་གནས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་མྱི་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་སོ། །ནང་སྟོང་པ་ཉིད་ལ་མྱི་གནས། ཕྱི་སྟོང་པ་ཉིད་ལ་མྱི་གནས། ཕྱི་ནང་སྟོང་པ་ཉིད་ལ་མྱི་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་གནས། ཆེན་པོ་སྟོང་པ་ཉིད་ལ་མྱི་གནས། དོན་དམ་པ་སྟོང་པ་ཉིད་ལ་མི་གནས།

འདུས་བྱས་སྟོང་པ་ཉིད་ལ་མྱི་གནས། འདུས་མ་བྱས་སྟོང་པ་ཉིད་ལ་མི་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མྱི་གནས། དོར་བ་མེད་པ་སྟོང་པ་ཉིད་ལ་མྱི་གནས། རང་བཞིན་སྟོང་པ་ཉིད་ལ་མྱི་གནས།

ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་

གནས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་གནས། ཡང་དག་པར་སྤོང་བ་རྣམས་ལ་མི་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་གནས། དབང་པོ་རྣམས་ལ་མྱི་གནས། སྟོབས་རྣམས་ལ་མི་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་གནས། འཕགས་

པའི་ལམ་ཡན་ལག་བརྒྱད་པ་ལ་མི་གནས་སོ། །འཕགས་པའི་བདེན་པ་རྣམས་ལ་མྱི་གནས། བསམ་གཏན་རྣམས་ལ་མྱི་གནས། ཚད་མྱེད་པ་རྣམས་ལ་མྱི་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་གནས། རྣམ་པར་ཐར་པ་རྣམས་ལ་མྱི་

གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་གནས། མངོན་པར་ཤེས་པ་རྣམས་ལ་མྱི་གནས། ཏིང་ངེ་འཛིན་རྣམས་ལ་མྱི་གནས། གཟུངས་

Vol. 17 · folio 354a

ཀྱི་སྒོ་རྣམས་ལ་མྱི་གནས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་གནས་མྱི་འཇིགས་པ་རྣམས་ལ་མྱི་གནས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་གནས། བྱམས་པ་ཆེན་པོ་ལ་མྱི་གནས། སྙིང་རྗེ་ཆེན་པོ་ལ་མྱི་གནས།

སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ལ་མྱི་གནས་སོ། །ཐམས་ཅད་ཤེས་པ་ཉིད་ལ་མྱི་གནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་གནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་གནས་སོ། །རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་དེ་བཞིན་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཚོར་བ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན།

འདུ་ཤེས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུ་བྱེད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་

ཡིན། རྣ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་

ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྒྲ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དྲི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རོ་ལ་གནས་

བ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རེག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆོས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

Vol. 17 · folio 354b

རྣ་བའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ཀྱི་

རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་

རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པ་

ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་

ཡིན། ལུས་ཀྱི་འདུས་ཏེ་རེག་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་

པ་ཡང་མ་ཡིན། ཆུའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱེའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རླུང་གི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ནམ་མཁའི་ཁམས་ལ་

Vol. 17 · folio 355a

གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མ་རིག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུ་བྱེད་ལ་གནས་པ་

ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིང་དང་གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་མཆེད་དྲུག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་

རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལེན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

སྲིད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་

པ་ཡང་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན།

མྱི་གནས་པ་ཡང་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ནང་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་

པ་ཡང་མ་ཡིན། ཕྱི་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆེན་པོ་སྟོང་པ་

Vol. 17 · folio 355b

ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུས་བྱས་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལ་གནས་

པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་

ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རང་བཞིན་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རང་གི་མཚན་ཉིད་

སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ངོ་བོ་ཉིད་

སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

ཡང་དག་པར་སྤང་བ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དབང་པོ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྟོབས་རྣམས་

ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འཕགས་པའི་ལམ་ཡིན་ལག་བརྒྱད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འཕགས་པའི་

Vol. 17 · folio 356a

བདེན་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བསམ་གཏན་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཚད་མྱེད་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཐར་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་

ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མངོན་པར་ཤེས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་

ཡང་མ་ཡིན། ཏིང་ངེ་འཛིན་རྣམས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་

ཡང་མ་ཡིན། མྱི་འཇིགས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བྱམས་པ་ཆེན་པོ་ལ་གནས་ལ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཐམས་ཅད་ཤེས་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།

ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པར་བྱ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་

Vol. 17 · folio 356b

ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །གནས་པར་བྱའོ། །དེ་ནས་འཁོར་དེའི་ནང་ནས། ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་

རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་ཀྱི་སྒྲ་དང་གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པར་གྱུར་ན། ཤེས་པར་རུང་གི །གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འཆད་པ་དང་། རྗོད་པ་དང་། སྟོན་པ་དང་། རྣམ་པར་

འབྱེད་པ་དང་། གསལ་བར་བྱེད་བ་དང་། གཏན་ལ་ཕབ་པར་སྟོན་པ་དེ་ནི་ཤེས་པར་མྱི་རུང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་

གང་སྨྲས་པ། དེ་ཤེས་བར་མྱི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོརད་ཤེས་པར་མྱི་རུང་ངོ་། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི། གང་མ་བརྗོད་པ་དེ་ནི་ཐོས་པར་མྱི་རུང་ངོ་། །གང་

ཐོས་པར་མྱི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང་། ཉན་པ་དང་ཤེས་པར་བྱེད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡིག་མྱེད་པའོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་སྤྲུལ་པ་ཞིག་སྤྲུལ་སྟེ། སྤྲུལ་པ་དེས་ཀྱང་དགེ་སློང་དང་

དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་མངོན་པར་སྤྲུལ་ལ། དེ་ནས་སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། འཁོར་དེར་སུས་ཀྱང་བསྟན་པར་གྱུར་པའམ།

Vol. 17 · folio 357a

སུས་ཀྱང་ཐོས་པའམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །

སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་སྟེ་དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་ཆོས་སྟོན་པར་མཐོང་ན། ལྷའི་བུ་དག་

ལ་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པ་འམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མྱི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །

སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་རིའི་སུལ་དུ་འཁོད་དེ་སངས་རྒྱས་ཀྱི་ལེགས་པ་ཡང་བརྗོད། ཆོས་དང་དགེ་འདུན་གྱི་ལེགས་པ་ཡང་བརྗོད་ལ། དེ་གཉིས་ལས་སྒྲ་བརྙན་གྱི་

དབྱངས་བྱུང་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། སྒྲ་བརྙན་གཅིག་པོ་དེས། སྒྲ་བརྙན་གཉིས་པའི་སྒྲ་ཤེས་པར་བྱས་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྲ་

བརྙན་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཚན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་དེ་བཞིན་གཤེགས།

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་མངོན་པར་སྤྲུལ་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་ཡང་མངོན་པར་སྤྲུལ་ནས། དེས་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་ན། ལྷའི་བུ་དག་དེ་ལ་དྲི་

Vol. 17 · folio 357b

སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པའམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། །སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐྱེ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་

པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་

གསལ་བར་བྱེད་ཀྱང་། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་

སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚོར་བ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་ཤེས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་བྱེད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །འདུ་ཤེས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འདུ་བྱེད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་

ཡིན་ནོ། །རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །མྱིག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ནི་ཟབ་པ་

མ་ཡིན་ཕྲ་བ་མ་ཡིན། ཡིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིད་ནོ། །རྣ་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལྕེའི་

Vol. 17 · folio 358a

རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ལུས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྒྲ་ནི་ཟབ་པ་མ་ཡིན་ཕྲ་བ་མ་

ཡིན། དྲི་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རོ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རེག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆོས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྒྲའི་རང་བཞིན་ནི་ཟབ་པ་

མ་ཡིན་ཕྲ་བ་མ་ཡིན་ནོ། །དྲིའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རེག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིག་གི་རྣམ་པར་

ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་

ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པའི་

རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་

ནོ། །མྱིག་གི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་འདུས་ཏེ་

Vol. 17 · folio 358b

རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་བ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་

ཕྲ་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་བྲ་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་

རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་

མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།

མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །

ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་

ནོ། །སའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆུའི་ཁམས་ནི་ཟབ་པ་མ་ཡིན་པ་བ་མ་ཡིན། མྱའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རླུང་གི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ནམ་མཁའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཤེས་

Vol. 17 · folio 359a

པའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆུའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱེའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་

ནོ། །རླུང་གི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མ་རིག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། འདུ་བྱེད་

ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཤེས་པ་ནི་ཟབ་བ་མ་ཡིན། མྱིང་དང་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྐྱེ་མཆེད་དྲུག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན།

སྲེད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལེན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྲིད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྐྱེ་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྒ་ཤི་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་

བ་མ་ཡིན་ནོ། །འདུ་བྱེད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །

རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྲེད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལེན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྲིད་པའི་རང་བཞིན་ནི་ཟབ་པ་མ་ཡིན་

ཕྲ་བ་མ་ཡིན་ནོ། །སྐྱེ་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྒ་ཤིའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། བཟོད་པའི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words