ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 19 · folio 195b

ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

པ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མྱེད་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་ལྔ་པ། །ནང་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 19 · folio 196a

མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

ཕྱི་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱི་ནང་སྟོང་

པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོང་

པ་ཉིད་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་

Vol. 19 · folio 196b

རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་འཇིག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་འཇིག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མངོན་པར་བསྒྲུབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་བྱས་སྟོང་པ་

ཉིད་འཇིག་པ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུས་མ་བྱས་

Vol. 19 · folio 197a

སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐའ་ལས་འདས་པ་སྟོང་

པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་

བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་མངོན་པར་འདུ་བྱ་བ་

Vol. 19 · folio 197b

མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་

མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་པ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་

ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་པ་མེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

Vol. 19 · folio 198a

བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་འཇིག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པ་

སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མངོན་པར་བསྒྲུབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་པ་མྱེད་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

Vol. 19 · folio 198b

པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲན་

པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་དམྱིགས་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་འཇིག་པ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་མངོན་པར་འདུ་བྱ་བ་མེད་པས། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ། །ཡང་དག་པར་སྤོང་བ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་

པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འགག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་

Vol. 19 · folio 199a

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དབང་པོ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དབང་པོ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་མངོན་པར་བསྒྲུབ་པར་བྱའོ། །དབང་པོ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དབང་པོ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དབང་པོ་རྣམས་

འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །སྟོབས་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་རྣམས་འཇིག་པ་མྱེད་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་

ཆུབ་ཀྱི་ཡན་ལག་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་

Vol. 19 · folio 199b

ལམ་ཡན་ལག་བརྒྱད་པ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་ལམ་ཡན་

ལག་བརྒྱད་པ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་མངོན་

པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་འགག་པ་མྱེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

བསམ་གཏན་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བསམ་གཏན་རྣམས་འཇིག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚད་མྱེད་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚད་མྱེད་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་

Vol. 19 · folio 200a

ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚད་མྱེད་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚད་མྱེད་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །ཚད་མྱེད་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ། །རྣམ་པར་ཐར་བ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པ་རྣམས་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པ་རྣམས་འགག་པ་མྱེད་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

Vol. 19 · folio 200b

བསྒྲུབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

པར་བྱའོ། །རྣམ་པར་ཐར་པའི་སྒོ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་རྣམས་

དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མངོན་པར་ཤེས་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མངོན་པར་ཤེས་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མངོན་པར་ཤེས་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

མངོན་པར་ཤེས་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མངོན་པར་ཤེས་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་རྣམས་མངོན་པར་འདུ་བྱ་བ་མེད་

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

Vol. 19 · folio 201a

ཏིང་ངེ་འཛིན་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་འདུ་

བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་

པའི་སྟོབས་རྣམས་མངོན་པར་འདུ་བྱ་བ་མེད་པས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་

རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་

འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། མྱི་འཇིགས་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། མི་འཇིགས་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། མྱི་འཇིགས་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། མྱི་འཇིགས་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱི་

Vol. 19 · folio 201b

འཇིགས་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་དམྱིགས་པ་མྱེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་དམྱིགས་པ་མྱེད་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

Vol. 19 · folio 202a

རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྒྱུན་ཏུ་

ཞུགས་པའི་འབྲས་བུ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འཇིག་

པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་བ་མྱེད་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་

དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དགྲ་བཅོམ་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་

Vol. 19 · folio 202b

ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དགྲ་བཅོམ་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དགྲ་བཅོམ་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དགྲ་བཅོམ་

པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དགྲ་བཅོམ་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བྱང་ཆུབ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བྱང་ཆུབ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བྱང་ཆུབ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བྱང་ཆུབ་

དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རང་བྱང་ཆུབ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་

གྱི་རྣམ་པ་ཤེས་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགག་པ་མྱེད་

Vol. 19 · folio 203a

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་པ་

མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཐོབ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་

མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་ཐོབ་པར་མྱི་བྱེད་དེ། ནམ་ཆོས་གང་ཡང་ཐོབ་པར་མྱི་བྱེད་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མྱི་

བགྱིད་པ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱི་དགེ་བའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །དགེ་བའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །འཇིག་རྟེན་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་

མྱི་བྱེད་དོ། །ཟག་པ་དང་བཅས་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །ཟག་པ་མྱེད་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །ཁ་ན་མ་ཐོ་བ་མྱེད་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །འདུས་བྱས་ཀྱི་ཆོས་

རྣམས་ཐོབ་པར་མྱི་བྱེད་དོ། །འདུས་མ་བྱས་ཀྱི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་གི་ཕྱིར་ཡང་དམྱིགས་པའི་ཚུལ་གྱིས། ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ནས་

ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས།

Vol. 19 · folio 203b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད་དམ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བྱེད། དམྱིགས་པར་

མྱི་བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད། དམྱིགས་པར་མྱི་བགྱིད་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་མྱི་བྱེད་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། མྱི་དམྱིགས་པ་དང་། མྱི་ལེན་པ་དང་། མྱི་གནས་པ་དང་། མྱི་འདོར་བ་དང་། མངོན་པར་ཆགས་པ་མེད་པ། དེ་ལྟར་ཐོབ་པར་བྱེད་དེ། གང་ཡང་ཐོབ་པར་བྱེད་པ་མྱེད་དོ། །ཀཽ་ཤི་ཀ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་

པར་མྱི་བྱེད་དེ། གང་ཡང་ཐོབ་པར་མྱི་བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དམྱིགས་

པ་མ་མཆིས་པ་དང་། འཇིག་པ་མ་མཆིས་པའི་སླད་དུ། ཉེ་བར་གནས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་མྱི་བགྱིད་པའོ་ཞེས། དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་

Vol. 19 · folio 204a

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བགྱིད་པ་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པ་དེ་ལྟ་བུའི་རྣམ་གྲངས་ཡོད་

དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོབ་པོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོག་གོ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་པོ་

མྱེད་པའོ་སྙམ་དུ་དེ་ལྟར་འདུ་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའོ། །རབ་འབྱོརད་དེ་ནི་

རྣམ་གྲངས་གང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའི་རྣམ་གྲངས་སོ། །གསོལ་པ། བཅོམ་

ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་གང་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཚོར་

བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འདུ་ཤེས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མྱིག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣ་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྣ་ལ་ཡིད་

Vol. 19 · folio 204b

ཆེས་པར་མྱི་འགྱུར་རོ། །ལྕེ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལུས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཡིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྒྲ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །དྲི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རོ་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །རེག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཆོས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

རྣ་བའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་

རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སའི་ཁམས་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །ཆུའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མེའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རླུང་གི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་

Vol. 19 · folio 205a

ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མ་རིག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མྱིང་དང་གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་

རོ། །སྐྱེ་མཆེད་དྲུག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྲེད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལེན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྲིད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

སྐྱེ་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྒ་ཤི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་

འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་

འགྱུར་རོ། །ཕྱི་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ལ་ཡིད་

ཆེས་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་

Vol. 19 · folio 205b

པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་

མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །དབང་པོ་ལྔ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྟོབས་ལྔ་ལ་ཡིད་

ཆེས་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་བཞི་ལ་ཡིད་ཆེས་པར་མི་འགྱུར་རོ། །བསམ་གཏན་བཞི་ལ་ཡིད་ཆེས་པར་མྱི་

འགྱུར་རོ། །ཚད་མྱེད་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡིད་ཆེས་པར་

མི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ལ་

ཡིད་ཆེས་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །མྱི་འཇིགས་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ལ་ཡིད་ཆེས་པར་མྱི་

འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་

Vol. 19 · folio 206a

མྱི་འགྱུར་རོ། །དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རང་བྱང་ཆུབ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།

བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་ཤེས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་

འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་

ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

Vol. 19 · folio 206b

ཆེས་པས། སྒྲ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དྲི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རོ་ལ་ཡིད་ཆེས་

པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་

ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།

བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་

འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་རྣམ་པར་

ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

རྣ་བའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

Vol. 19 · folio 207a

ཆེས་པས། ལྕེའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་

འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

པས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།

བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་འདུས་ཏེ་རེག་པ་

ལས་བྱུང་བའི་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པས། ཆུའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱེའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 19 · folio 207b

ཕྱིན་པ་ལ་ཡིད་ཆེས་པས། རླུང་གི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ནམ་མཁའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མ་རིག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་

འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་

ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིང་དང་གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་མཆེད་དྲུག་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་

འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་

ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲེད་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལེན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲིད་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་

Vol. 19 · folio 208a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྒ་ཤི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།

བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་

ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱི་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་

ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱི་ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོང་པ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་

འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆེན་པོ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དོན་དམ་པ་སྟོང་པ་

Vol. 19 · folio 208b

ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུས་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

འདུས་མ་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡིད་ཆེས་པས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་

འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་བཞིན་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་

ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡིད་

ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ངོ་བོ་ཉིད་

སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

Vol. 19 · folio 209a

བམ་པོ་བཅུ་དྲུག་པ། །བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དྲན་པ་ཉེ་བར་གཞག་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡིད་ཆེས་པས། ཡང་དག་པར་སྤོང་བ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་

འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དབང་པོ་ལྔ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོབས་ལྔ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་

ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་

ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་བདེན་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

བསམ་གཏན་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚད་མྱེད་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

ཡིད་ཆེས་པས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པ་བརྒྱད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་

Vol. 19 · folio 209b

ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མངོན་པར་ཤེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས།

བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཏིང་ངེ་འཛིན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུངས་ཀྱི་སྒོ་རྣམས་ལ་

ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པས། མྱི་འཇིགས་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྙིང་རྗེ་ཆེན་པོ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡིད་ཆེས་པར་

མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

Vol. 19 · folio 210a

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་

ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་བྱང་ཆུབ་ལ་ཡིད་ཆེས་པར་མྱི་འགྱུར་བ་

ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

པས། གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་འདུ་ཤེས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་ཤེས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་འདུ་བྱེད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་

Vol. 19 · folio 210b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མྱིག་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

པས། མིག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣ་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་སྣར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལྕེར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལུས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་ཡིད་ཆེས་པས། ལུས་ལ་ཡིད་ཆེས་པར་མི་འགྱུར་རོ། །རབ་འབྱོར་ཡིད་དུ་མི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་གཟུགས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྒྲར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྒྲ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དྲིར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 19 · folio 211a

ཡིད་ཆེས་པས། དྲི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རོར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རོ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་རེག་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཆོས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

རྣ་བའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྣའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་རྣམ་པར་ཤེས་པ་ལ་ཡིད་ཆེས་

པར་མྱི་འགྱུར་རོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལུས་

ཀྱི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པར་

Vol. 19 · folio 211b

མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པར་མྱི་དམྱིགས་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྣའི་འདུས་ཏེ་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།

ལྕེའི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་འདུས་ཏེ་རེག་པ་ལ་ཡིད་

ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

Vol. 19 · folio 212a

རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

པས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་ཡིད་ཆེས་པས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སའི་ཁམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་ཡིད་ཆེས་པས། སའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཆུའི་ཁམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆུའི་ཁམས་ལ་ཡིད་ཆེས་པར་

Vol. 19 · folio 212b

མྱི་འགྱུར་རོ། །རབ་འབྱོར་མྱེའི་ཁམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱེའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རླུང་གི་ཁམས་སུ་མྱི་

དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རླུང་གི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ནམ་མཁའི་ཁམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ནམ་མཁའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ།

དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མ་རིག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་

པ་ལ་ཡིད་ཆེས་པས། མ་རིག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་འདུ་བྱེད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་

རོ། །རབ་འབྱོར་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མྱིང་དང་གཟུགས་སུ་མྱི་

དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིང་དང་གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྐྱེ་མཆེད་དྲུག་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 19 · folio 213a

ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་མཆེད་དྲུག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རེག་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཚོར་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་

པར་མྱི་འགྱུར་རོ། །རབ་འབྱོར་སྲེད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲེད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལེན་པར་མྱི་དམྱིགས་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལེན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྲིད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲིད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྐྱེ་བར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་བ་ལ་ཡིད་ཆེས་པར་

མྱི་འགྱུར་རོ། །རབ་འབྱོར་རྒ་ཤིར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྒ་ཤི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་

པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

Vol. 19 · folio 213b

ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་

འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ནང་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་

ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཕྱི་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱི་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་

རོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱི་ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་

Vol. 19 · folio 214a

ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོང་པ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་

དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆེན་པོ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དོན་དམ་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་

འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུས་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡིད་ཆེས་པས། འདུས་མ་བྱས་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མཐའ་

ལས་འདས་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་

ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དོར་བ་མེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་

Vol. 19 · folio 214b

རང་བཞིན་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་བཞིན་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་

དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་དུ་མྱི་

དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོརད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

Vol. 19 · folio 215a

པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པར་འགྱུར་ཏེ། དེ་ལྟར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡང་དག་པར་སྤོང་བ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ།

དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དབང་པོ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡིད་ཆེས་པས། དབང་པོ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྟོབས་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོབས་རྣམས་

ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་

རོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །

རབ་འབྱོར་འཕགས་པའི་བདེན་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་བདེན་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་

Vol. 19 · folio 215b

བསམ་གཏན་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བསམ་གཏན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཚད་མྱེད་པ་རྣམས་སུ་མྱི་དམྱིགས་

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚད་མྱེད་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་དམྱིགས་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་སུ་མྱི་དམྱིགས་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་དམྱིགས་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་

མྱེད་པ་དང་། སྨོན་པ་མྱེད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡིད་ཆེས་པར་མྱི་

འགྱུར་རོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མངོན་པར་ཤེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

Vol. 19 · folio 216a

འབྱོར་ཏིང་ངེ་འཛིན་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཏིང་ངེ་འཛིན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་

གཟུངས་ཀྱི་སྒོ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུངས་ཀྱི་སྒོ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དེ་བཞིན་

གཤེགས་པའི་སྟོབས་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་

མྱི་འཇིགས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱི་འཇིགས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་

རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྙིང་རྗེ་ཆེན་པོར་མྱི་དམྱིགས་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྙིང་རྗེ་ཆེན་པོ་ལ་ཡིད་ཆེས་པར་མི་འགྱུར་རོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་མྱི་དམྱིགས་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་

Vol. 19 · folio 216b

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཕྱིར་མི་འོང་བའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་

ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དགྲ་བཅོམ་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རང་བྱང་ཆུབ་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

ཡིད་ཆེས་པས། རང་བྱང་ཆུབ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལམ་

གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒྱུ་

Vol. 19 · folio 217a

གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མི་བགྱིད། ཆུང་བར་མྱི་བགྱིད་དོ། །ཚོར་བ་ཆེ་བར་མི་བགྱིད་

ཆུང་བར་མྱི་བགྱིད་དོ། །འདུ་ཤེས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །འདུ་བྱེད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པར་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །མྱིག་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རྣ་བ་ཆེ་བར་

མི་བགྱིད་ཆུང་བར་མི་བགྱིད་དོ། །སྣ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལྕེ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཟུགས་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །སྒྲ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དྲི་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རོ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རེག་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆོས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་རྣམ་པར་ཤེས་པ་ཆེ་བར་མྱི་

བགྱིད་ཆུང་བར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་

ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་

Vol. 19 · folio 217b

ཆུང་བར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སའི་ཁམས་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆུའི་ཁམས་ཆེ་བར་མྱི་བགྱིད་

ཆུང་བར་མྱི་བགྱིད་དོ། །མྱེའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རླུང་གི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ནམ་མཁའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མ་རིག་པ་

ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འདུ་བྱེད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིང་དང་གཟུགས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རེག་པ་ཆེ་བར་

མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྲེད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལེན་པ་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །སྲིད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྐྱེ་བ་ཆེ་བར་མྱི་བགྱིད་ཆུང་བར་

མྱི་བགྱིད་དོ། །རྒ་ཤི་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད། ཆུང་བར་མྱི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ནང་སྟོང་པ་ཉིད་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་

Vol. 19 · folio 218a

བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་

ཆུང་བར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཆེ་

བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་

ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དངོས་པོ་མྱེད་པའི་ངོ་

བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་

དོ། །དབང་པོ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྟོབས་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་མྱི་བགྱིད་ཆུང་བར་

མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བསམ་གཏན་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཚད་མེད་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་

Vol. 19 · folio 218b

པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རྣམ་པར་ཐར་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མྱེད་པ་དང་། སྨོན་པ་མྱེད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཏིང་ངེ་འཛིན་རྣམས་ཆེ་བར་མི་བགྱིད། ཆུང་བར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་ཆེ་བར་མི་བགྱིད། ཆུང་

བར་མི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་མྱི་བགྱིད། ཆུང་བར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །སྙིང་རྗེ་ཆེན་

པོ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །དགྲ་བཅོམ་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རང་བྱང་ཆུབ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །

བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུ་

ཤེས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུ་བྱེད་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །མྱིག་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་

Vol. 19 · folio 219a

བགྱིད་དོ། །སྣ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལྕེ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལུས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུགས་འདུ་བར་མྱི་བགྱིད་

ཡངས་པར་མྱི་བགྱིད་དོ། །སྒྲ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དྲི་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རོ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རེག་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆོས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །

མྱིག་གི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །

ལུས་ཀྱི་རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །

སྣའི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །མྱིག་གི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ལྕེའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །སའི་ཁམས་འདུ་བར་

Vol. 19 · folio 219b

མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆུའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱེའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རླུང་གི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ནམ་མཁའི་ཁམས་འདུ་བར་མྱི་བགྱིད་ཡངས་

པར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མ་རིག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །འདུ་བྱེད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱིང་

དང་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །སྐྱེ་མཆེད་དྲུག་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རེག་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྲེད་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་

དོ། །ལེན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །སྲིད་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྐྱེ་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྒ་ཤི་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་

བགྱིད་ཡངས་པར་མི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ནང་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་

དོ། །སྟོང་པ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་

Vol. 19 · folio 220a

མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་

དོ། །དོར་བ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདུ་

བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྫུ་

འཕྲུལ་གྱི་རྐང་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དབང་པོ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྟོབས་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་

བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །བསམ་གཏན་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚད་མྱེད་པ་

རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཐར་པ་བརྒྱད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་

Vol. 19 · folio 220b

འཇུག་པ་དགུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཏིང་ངེ་འཛིན་

རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་

བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྙིང་རྗེ་ཆེན་པོ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྒྱུན་དུ་ཞུགས་པའི་

འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཕྱིར་མི་འོང་པའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དགྲ་བཅོམ་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །

རང་བྱང་ཆུབ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི། གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་ཤེས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་ཚད་མཆིས་པར་མྱི་བགྱིད་

ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མིག་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣ་ཚད་

Vol. 19 · folio 221a

མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེ་ཚད་མཆིས་པར་མྱི་བགྱིད་དོ། །ལུས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་

པར་མྱི་བགྱིད་དོ། །གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྒྲ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དྲི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རོ་ཚད་མཆིས་པར་མྱི་བགྱིད་

ཚད་མ་མཆིས་པར་མྱི་བགྱིད་དོ། །རེག་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆོས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་

དོ། །རྣ་བའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་

མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད།

ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་

བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་

Vol. 19 · folio 221b

བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་

མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆུའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱེའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་

མཆིས་པར་མྱི་བགྱིད་དོ། །རླུང་གི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ནམ་མཁའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་

པར་མྱི་བགྱིད་དོ། །མ་རིག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིང་དང་

གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་

མ་མཆིས་པར་མྱི་བགྱིད་དོ། །སྲེད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལེན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྲིད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་བ་ཚད་མཆིས་པར་

Vol. 19 · folio 222a

མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྒ་ཤི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་

མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། །ནང་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་

པར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆེན་པོ་

སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་

ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་

པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words