ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 19 · folio 310a

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །བསམ་གཏན་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་

མཆིས་པར་བལྟའོ། །ཚད་མྱེད་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་རྫོགས་

པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །རྣམ་པར་ཐར་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་

པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །རྣམ་པར་ཐར་

པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །མངོན་པར་ཤེས་པ་རྣམས་མངོན་པར་རྫོགས་པར་འཚང་

རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ཏིང་ངེ་འཛིན་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་

པར་བལྟའོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་

Vol. 19 · folio 310b

མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །མི་འཇིགས་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་

མཆིས་པར་བལྟའོ། །སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སྙིང་རྗེ་ཆེན་པོ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་

མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ལན་ཅིག་ཕྱིར་འོང་བའི་

འབྲས་བུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ཕྱིར་མྱི་འོང་བའི་འབྲས་བུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །དགྲ་བཅོམ་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །རང་

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་

Vol. 19 · folio 311a

ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་

པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སེམས་ཅན་གྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །གཟུགས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་

མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབིཔ་མ་མཆིས་པར་བལྟའོ། །ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །

འདུ་ཤེས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །འདུ་བྱེད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས། ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱིག་གི་སྟོབས། ཡོངས་སུ་འགྲུབ་པ་མ་མཆིས་

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣ་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྣའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལྕེའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་

Vol. 19 · folio 311b

མཆིས་པར་བལྟའོ། །ལུས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཡིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །གཟུགས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྒྲའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་ཏྲ་འགྲུབ་པ་མ་མཆིས་པར་བལྟའོ། །དྲིའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རོའི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རེག་གི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་

མཆིས་པར་བལྟའོ། །ཆོས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱིག་གི་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣ་བའི་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྣའི་

རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལྕེའི་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་

Vol. 19 · folio 312a

ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལུས་ཀྱི་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་

པ་མ་མཆིས་པར་བལྟའོ། །ཡིད་ཀྱི་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལྕེའི་འདུས་ཏེ་རེག་པའི་སྟོབས་ཡོངས་སུ་

འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་

Vol. 19 · folio 312b

རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལྕེའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་

མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་

འགྲུབ་པ་མ་མཆིས་པར་བལྟའོ། །སའི་ཁམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཆུའི་ཁམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མེའི་ཁམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རླུང་གི་ཁམས་

ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ནམ་མཁའི་ཁམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མ་རིག་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་

Vol. 19 · folio 313a

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །འདུ་བྱེད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་

པར་བལྟའོ། །རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱིང་དང་གཟུགས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྐྱེ་མཆེད་དྲུག་གི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རེག་པའི་སྟོབས་ཡོངས་སུ་འགྲུབ་

པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཚོར་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །

སྲེད་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལེན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྲིད་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྐྱེ་བའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྒ་ཤིའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་

Vol. 19 · folio 313b

པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པར་བལྟའོ། །ནང་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཕྱི་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཕྱི་ནང་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །

སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཆེན་པོ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །འདུས་

Vol. 19 · folio 314a

བྱས་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་

སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་

མཆིས་པར་བལྟའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་

པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རང་བཞིན་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་

པ་མ་མཆིས་པར་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་

འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པར་བལྟའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་

Vol. 19 · folio 314b

པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཡང་དག་པར་

སྤོང་བ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དབང་པོ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྟོབས་

རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་

པར་བལྟའོ། །འཕགས་པའི་བདེན་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བསམ་གཏན་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་

Vol. 19 · folio 315a

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཚད་མྱེད་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་

པ་མ་མཆིས་པར་བལྟའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣམ་པར་ཐར་པ་རྣམས་ཀྱི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པར་བལྟའོ། །མངོན་པར་ཤེས་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཏིང་ངེ་འཛིན་རྣམས་ཀྱི་སྟོབས་ཡོངས་སུ་

འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །གཟུངས་ཀྱི་སྒོ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་

འགྲུབ་པ་མ་མཆིས་པར་བལྟའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །མྱི་འཇིགས་པ་རྣམས་ཀྱི་སྟོབས་

Vol. 19 · folio 315b

ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སྙིང་རྗེ་ཆེན་པོའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་

ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཕྱིར་མྱི་འོང་བའི་འབྲས་བུའི་

སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །དགྲ་བཅོམ་པ་ཉིད་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་

ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །རང་བྱང་ཆུབ་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོབས་ཡོངས་

སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་

Vol. 19 · folio 316a

རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཆེན་མོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་ལྔའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤ་

ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་གྱུར་པ་དེ་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས།

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཇི་སྲིད་ཅིག་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ལགས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཇི་སྙེད་ཅིག་བསྙེན་བཀུར་བ་ལགས།

གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་ཚུལ་གྱིས་མོས་པར་གྱུར་པ་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་

ནས་སྤྱད་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་

ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

Vol. 19 · folio 316b

ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་བསྙེན་བཀུར་ནས། འདིར་འོངས་ཤིང་འདིར་སྐྱེས་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་ཚད་མྱེད་དཔག་

ཏུ་མྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། དེ་སེམས་དང་པོ་བསྐྱེད་ཕྱིན་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་

པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་

པའོ། །དེས་དེ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མྱེད་དཔག་ཏུ་མྱེད་པ་བསམ་གྱིས་མྱི་ཁྱབ་པ་མཚུངས་པ་མྱེད་པ་བསྙེན་བཀུར་ནས། འདིར་འོངས་ཤིང་འདིར་སྐྱེས་པ་

སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང་ངམ་ཐོས་ན། བདག་གིས་སྟོན་པ་མཐོང་ངོ་ཞེས་བྱ་བར་སེམས་བསྐྱེད་པར་འགྱུར་རོ། །བདག་གིས་སྟོན་པ་ཐོས་སོ་ཞེས་བྱ་བར་

Vol. 19 · folio 317a

སེམས་སྐྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མྱི་གཉིས་པ་དང་། མྱི་དམྱིགས་པའི་ཚུལ་དུ་དོན་དང་ཚུལ་གྱིས་རྗེས་སུ་འབྲང་

བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་པ་འམ་བལྟ་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་མྱེད་དོ། །ལྟ་བ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་ཉན་མྱི་ལྟའོ། །ཆོས་ལ་སེམས་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་

མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་

ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །

ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་ནི་དེ་དག་

Vol. 19 · folio 317b

གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དོན་དམ་པ་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མེད་པའི་ཕྱིར། འདུས་བྱས་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་

མྱེད་པའི་ཕྱིར། འདུས་མ་བྱས་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། མཐའ་ལས་འདས་པ་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མྱེད་

པ་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དོར་བ་མེད་པ་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རང་བཞིན་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་

ལ་སེམས་མྱེད་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། མྱི་དམྱིགས་པ་སྟོང་པ་

ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་

མྱེད་པའི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཡང་དག་པར་སྤོང་བ་

རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དབང་པོ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་

Vol. 19 · folio 318a

ཕྱིར། སྟོབས་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། འཕགས་པའི་ལམ་ཡན་ལག་

བརྒྱད་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། འཕགས་པའི་བདེན་པ་རྣམས་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བསམ་གཏན་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་

སེམས་མྱེད་པའི་ཕྱིར། ཚད་མྱེད་པ་རྣམས་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རྣམ་པར་

ཐར་པ་རྣམས་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་

པ་དང་སྨོན་པ་མྱེད་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། མངོན་པར་ཤེས་པ་རྣམས་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཏིང་ངེ་འཛིན་རྣམས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་

སེམས་མྱེད་པའི་ཕྱིར། གཟུངས་ཀྱི་སྒོ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། མྱི་འཇིགས་པ་རྣམས་ནི་

དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། ཆོས་ལ་སེམས་མེད་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་རྣམས་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར།

Vol. 19 · folio 318b

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དེ་དག་གིས་མྱི་

ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱིར་མྱི་འོང་བའི་འབྲས་བུ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། དགྲ་བཅོམ་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། རང་བྱང་ཆུབ་

ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མྱི་ཐོས་མྱི་

མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་བརྩོན་

པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་

དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཅིང་འཕེལ་བ་དང་། འགྲིབ་པར་མཐོང་བ་མེད་པས་ཆོས་གང་ལ་ཡང་མྱི་སྤོང་སྟེ། ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མྱི་འགྱུར་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་

Vol. 19 · folio 319a

བར་མྱི་འགྱུར་ཞིང་། དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་སེམས་བསྐྱེད་པ་ཙམ་གྱིས་འགྲུབ་པར་

འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ནམ་ཡང་མའི་མངལ་དུ་མྱི་སྐྱེ་ལ། ནམ་ཡང་མངོན་པར་ཤེས་པ་རྣམས་དང་མྱི་འབྲལ་ཞིང་ཉོན་མོངས་པ་གང་དང་ཡང་མྱི་འགྲོགས་ལ། ཉན་ཐོས་ཀྱི་སེམས་དང་། རང་སངས་

རྒྱས་ཀྱི་སེམས་དང་། ལྷན་ཅིག་མྱི་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དེ་ལྟ་བུའི་རྣམ་གྲངས་ཡོད་དེ་རབ་འབྱོར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་སངས་རྒྱས་བརྒྱ་ཕྲག་མང་པོ་

དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་མཐོང་ཞིང་དེ་དག་གི་དྲུང་དུ་དམྱིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒོམས་པ་དང་། བརྩོན་

འགྲུས་བརྩམས་པ་དང་། བསམ་གཏན་བསྐྱེད་པ་དང་། ཤེས་རབ་བསྒོམས་པ་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། རིམ་གྲོ་མེད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་ནས་གུད་དུ་འདོང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་

Vol. 19 · folio 319b

ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་འདོང་བ་སྟེ། དེ་དག་ནི་ད་ལྟར་བྱུང་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་

བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་བར་འགྱུར་ཏེ། ལུས་དང་སེམས་ཀྱིས་མཐུན་པར་སྤྱོད་པར་མྱི་འགྱུར་རོ། །དེ་དག་ནི་ཤེས་རབ་འཆལ་བར་འགྱུར་བའི་ལས་སྩོགས་པ་ཡིན་ཏེ། དེ་དག་ཤེས་རབ་འཆལ་བར་འགྱུར་བའི་ལས་

བྱས་ཤིང་བསྩགས་པ་དེས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། སྤོང་བར་འགྱུར་ཏེ། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་ཤིང་བསྩགས་པ་དང་། ཆོས་བརླྷག་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་

དེས། ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་མང་པོ་དང་། ལོ་བྱེ་བ་བརྒྱ་ཕྲག་མང་པོ་དང་། ལོ་བྱེ་བ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར།

སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་

ཚེ། མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་

Vol. 19 · folio 320a

པ་འབྱུང་བའི་ཚེ་ཡང་། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་དུ་འཕང་བར་འགྱུར་ཏེ། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་རོ། །དེར་འཕངས་ཏེ་དེར་སྐྱེས་ནས་

ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་

གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་འཕང་བར་འགྱུར།

དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་རོ། །དེར་འཕངས་ཏེ་དེར་སྐྱེས་ནས་ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་

པོར་འདོང་བའི་ཚེ། མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་

ཚེ་ཡང་། ཤར་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་འཕང་བར་འགྱུར། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་རོ། །དེར་འཕངས་ཏེ་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་

ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་

Vol. 19 · folio 320b

འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་། ལྷོ་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །ནུབ་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །བྱང་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་

དག་ཏུ་འཕང་བར་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་

སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །འོག་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སེམས་

ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །དེ་དག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེར་ཡང་མྱེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་

འབྱུང་སྟེ། དེ་དག་དེ་ལྟར་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆོས་འཇིག་པར་འགྱུར་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེས་ཏེ། དེ་དག་ཡང་སེམས་ཅན་

དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་འབབ་པར་འགྱུར་རོ། །དེ་དག་ཏུ་ཡང་མྱེས་ཡོངས་སུ་འཇིག་པ་

འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །དེ་དག་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་

Vol. 19 · folio 321a

བྱུང་ནས་ཀྱང་དེ་དག་ནས་ཤི་འཕོས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་། བྱང་

ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་།

སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེ་དག་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་དེ་བཞིན་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བའི་ལས་ཟད་ནས། ཇི་སྟེ་བརྒྱ་ལ་

མྱིར་སྐྱེ་བ་ཐོབ་ན་ཡང་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་། བསྩགས་པ་དང་། བསྒྲུབས་པ་དང་། ཆང་པ་དང་། རྫོགས་པའི་རྣམ་པར་སྨིན་པ་དེས། དེ་དག་གང་དང་གང་དུ་སྐྱེ་བ་དེ་དང་དེར་དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། ཕྱག་དར་བའི་

རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་སུ་སྐྱེ་བར་འགྱུར། སྨིག་མ་མཁན་གྱི་རིགས་སུ་སྐྱེ་བར་འགྱུར། དེ་དག་དེར་སྐྱེས་ནས་ཀྱང་དམུས་ལོང་དུ་འགྱུར་བ་ཡིན། ཞར་བར་འགྱུར་བ་ཡིན། སྣ་མེད་པར་འགྱུར་བ་ཡིན། ལྕེ་མྱེད་པར་འགྱུར་བ་

ཡིན། ལག་པ་མྱེད་པར་འགྱུར་བ་ཡིན། རྐང་པ་མྱེད་པར་འགྱུར་བ་ཡིན། མཛེ་ཅན་དུ་འགྱུར་བ་ཡིན། ཤ་བཀྲ་ཅན་དུ་འགྱུར་བ་ཡིན། སྒུར་པོར་འགྱུར་བ་ཡིན། གང་ན་སངས་རྒྱས་ཀྱི་སྒྲ་མྱེད་པ་དང་། ཆོས་ཀྱི་སྒྲ་མྱེད་པ་དང་། དགེ་འདུན་གྱི་སྒྲ་མྱེད་པ་དེ་དག་ཏུ་

རྟག་ཏུ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས་ནི་ཆོས་འཇིག་པར་འགྱུར་བའི་སུག་ལས་བགྱིས་པ་དང་། བསྩགས་པ་འདིའི་

Vol. 19 · folio 321b

གཟུགས་བརྙན་ཙམ་དུ་ཡང་མ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཅིང་བཤད་པའི་ཚེ། ཕྱིར་སྤང་བར་སེམས་ཅིང་འདི་སྐད་དུ་འདི་ལ་ཁྱེད་དང་བདག་ཅག་གིས་

བསླབ་པར་མྱི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་

ཟེར་ཞིང་། དེ་བདག་ཉིད་ཀྱང་ཕྱིར་སྤོང་ལ། སེམས་ཅན་གཞན་ཡང་མོས་པ་མྱེད་པར་བྱེད་ཅིང་། བདག་གི་བསམ་པ་ཉམས་པར་བྱས་ནས་གཞན་གྱི་བསམ་པ་ཉམས་པར་བྱེད་པ་བདག་གི་བསམ་པ་གདུག་པར་བྱས་ནས་གཞན་གྱི་བསམ་པ་

གདུག་པར་བྱ་བར་དགའ་བ་བདག་ཉིད་ཆུད་གསོན་ཅིང་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མྱི་ཤེས་མྱི་རིག་པས་ཕྱིར་སྤང་བར་འདོད་ལ། གཞན་ཡང་དེ་བཞིན་དུ་འཛིན་དུ་འཇུག་

པར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་སྐན། ཤ་ར་དྭ་ཏིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བ་ཡང་མ་གནང་ན་འཕྲད་པ་ལྟ་ཅི་སྨོས་ཏེ། འགྲོགས་པ་ལྟ་སྨོས་ཀྱང་མྱི་སྨོས་སོ། །དེ་ཅིའི་

ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ཆོས་ལ་སྐྱོན་དུ་འདོགས་པར་རིག་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་ནི་བླུན་པོའི་ཚུལ་ཅན་ཕྱོགས་ནག་པོའི་ཚུལ་ཅན་དུ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་

དག་གི་ངག་མཉན་པར་སེམས་པ་འམ། དེ་དག་ལ་ཡིད་ཆེས་པར་བྱ་བར་སེམས་པ་དེ་དག་ཀྱང་ཚུལ་མ་ཡིན་པའི་འཇིགས་པས་ཕུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པ་དེ་ནི་ཆོས་ལ་སྐྱོན་འདོགས་

Vol. 19 · folio 322a

པར་རིག་པར་བྱ་སྟེ། སེམས་ཅན་དམྱལ་བ་པ་འམ། བྱོལ་སོང་གི་སྐྱེ་གནས་པ་འམ། གཤིན་རྗེའི་འཇིག་རྟེན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་པར་སྐྱེས་པའི་

དེའི་ལུས་ཀྱི་ཚད་ད་དུང་མ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པའི་ལུས་ཀྱི་ཚད་ནི་མ་གླེང་ཤིག། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཆོས་ལ་སྐྱོན་འདོགས་

པ་དེའི་ལུས་ཀྱི་ཚད་ཐོས་ན་མོད་ལ་ཁྲག་ཏུ་སྐྱུག་པར་འགྱུར་བ་འམ། འཆི་བ་འམ་སྲོག་ལ་བབས་པའི་སྡུག་བསྔལ་ལམ། མྱ་ངན་གྱི་ཟུག་རྔུ་སྐྱེ་བ་འམ། ལྡུམ་བུ་བརྔས་པ་ལྟར་སྐམས་ཞིང་རྙིས་པར་འགྱུར་དུ་འོང་སྟེ། གང་ཟག་དང་

སྐྱེས་པ་དེའི་ལུས་ཀྱི་ཚད་ནི་ཐོས་ན་ཡང་ཉེས་པ་དེ་ལྟ་བུ་ཡོད་པ་དེ་ཙམ་མོ། །དེའི་ལུས་ཀྱི་ཚད་ནི་དེ་ཡིན་ནོ་ཞེས་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྐབས་དབྱེ་བ་མ་མཛད་དོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་

བསྟན་དུ་གསོལ། ཆོས་འཇིག་པར་འགྱུར་བའི་སུག་ལས་བགྱིས་ཤིང་བསྩགས་པ་དེས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་ལུས་འདི་འདྲ་བ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བགྱི་བས་ནི་མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་རོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་། བསྩགས་པ་དང་། ཚང་བར་བྱས་པ་དང་། རྫོགས་པར་བྱས་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐང་བ་དེས། འདི་སྲད་ཅིག་ཏུ་

སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །འདི་སྲིད་ཅིག་ཏུ་བྱོལ་སོང་གི་ནང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །འདི་སྲིད་ཅིག་ཏུ་གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱས་པ་དེ་ཉིད་ཀྱིས་ཀྱང་མ་བྱུང་བའི་སྐྱེ་བོ་

Vol. 19 · folio 322b

རྣམས་ལ་སྣང་བ་བྱས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་སོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་ཀྱང་དཀར་ཞིང་རིགས་དང་ལྡན་པའི་གང་ཟག་རྣམས་ནོངས་པ་སྤོང་ཞིང་བདག་ཅག་གིས་

དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏུ་འོང་ངོ་། །ཞེས་སྲོག་གི་དོན་དུ་ཡང་དམ་པའི་ཆོས་མྱི་སྤོང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་གང་ཟག་

དམ་པའི་ཆོས་སྤོང་བའི་ནོངས་པ་བརྗོད་པ་འདི་ཐོས་ན་བདག་ཅག་ཀྱང་ངན་སོང་དག་ཏུ་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མྱོང་དུ་འོང་ངོ་། །དེ་བཞིན་གཤེགས་པ་མྱི་མཐོང་བ་དང་། ཆོས་མྱི་ཐོས་པ་དང་། དགེ་འདུན་བསྙེན་ཅིང་བཀུར་དུ་མྱེད་པར་འགྱུར་དུ་འོང་ངོ་།

སངས་རྒྱས་འབྱུང་བ་མྱེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སུ་འོང་ངོ་། །མྱི་ཕོངས་པར་འགྱུར་དུ་འོང་ངོ་། །ཤིན་ཏུ་འཇུངས་པའི་སེམས་དང་ལྡན་པར་འགྱུར་དུ་འོང་ངོ་ཞེས་བགྱི་བར་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམ་པར་བགྱིའོ། །ཡང་ཚེ་དང་ལྡན་པ་

རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིག་གི་ལས་བགྱིས་ཤིང་བསྩགས་པས་ནི་ཆོས་འཇིག་པར་འགྱུར་བའི་ལས་བགྱིས་ཤིང་བསྩགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

ཚིག་གི་ལས་བྱས་ཤིང་བསྩགས་པས་ཆོས་འཇིག་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པར་འགྱུར་ཏེ། རབ་འབྱོར་སྐྱེས་བུ་གླེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྐྱོན་གདགས་པར་སེམས་ཤིང་ཕྱིར་སྤོང་བར་སེམས་པ་དེ་དག་ཀྱང་ཆོས་དང་འདུལ་བ་དེ་

ཉིད་ལ་རབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་སྐྱོན་བཏགས་

Vol. 19 · folio 323a

ཤིང་ཕྱིར་སྤངས་བས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱོན་

བཏགས་ཤིང་ཕྱིར་སྤངས་པས་ཆོས་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པར་འགྱུར་རོ། །ཆོས་ཕྱིར་སྤངས་པས་དགེ་འདུན་ཕྱིར་སྤངས་པར་འགྱུར་རོ། །དགེ་འདུན་ཕྱིར་སྤངས་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཕྱིར་སྤངས་པར་འགྱུར་རོ། །འཇིག་རྟེན་པའི་

ཡང་དག་པའི་ལྟ་བ་ཕྱིར་སྤངས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤངས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤངས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤངས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་

སྤངས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤངས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤངས་པར་འགྱུར་རོ། །ནང་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ཕྱི་ནང་སྟོང་པ་

ཉིད་ཕྱིར་སྤངས་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །འདུས་

མ་བྱས་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཕྱིར་

སྤངས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ངོ་བོ་ཉིད་

Vol. 19 · folio 323b

སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ཕྱིར་སྤངས་པར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ཕྱིར་སྤངས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་

ཕྱིར་སྤངས་པར་འགྱུར་རོ། །དབང་པོ་ལྔ་ཕྱིར་སྤངས་པར་འགྱུར་རོ། །སྟོབས་ལྔ་ཕྱིར་སྤངས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཕྱིར་སྤངས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕྱིར་སྤངས་པར་འགྱུར་རོ། །

འཕགས་པའི་བདེན་པ་བཞི་ཕྱིར་སྤངས་པར་འགྱུར་རོ། །བསམ་གཏན་བཞི་ཕྱིར་སྤངས་པར་འགྱུར་རོ། །ཚད་མྱེད་པ་བཞི་ཕྱིར་སྤངས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཕྱིར་སྤངས་པར་འགྱུར་རོ། །རྣམ་པར་

ཐར་པ་བརྒྱད་ཕྱིར་སྤངས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཕྱིར་སྤངས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཕྱིར་སྤངས་པར་འགྱུར་རོ། །མངོན་པར་ཤེས་

པ་ལྔ་ཕྱིར་སྤངས་པར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ཕྱིར་སྤངས་པར་འགྱུར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་ཕྱིར་སྤངས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཕྱིར་སྤངས་བར་འགྱུར་རོ། །མྱི་འཇིགས་པ་བཞི་ཕྱིར་སྤངས་

པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཕྱིར་སྤངས་བར་འགྱུར་རོ། །བྱམས་པ་ཆེན་པོ་ཕྱིར་སྤངས་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཕྱིར་སྤངས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཕྱིར་སྤངས་པར་འགྱུར་རོ། །

ཐམས་ཅད་ཤེས་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕྱིར་སྤངས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕྱིར་སྤངས་པས། བསོད་ནམས་

Vol. 19 · folio 324a

མ་ཡིན་པའི་ཕུང་པོ་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་ཡོངས་སུ་བཟུང་བས་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་

ཡི་དགས་ཀྱི་ནང་དུ་སྡུག་བསྔལ་དང་ཡིད་མྱི་བདེ་བ་ཚད་མྱེད་གྲངས་མྱེད་པ་མྱོང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སླར་སྤོང་བ་དེ་དག་རྣམ་པ་དུ་ཞིག་གིས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླར་སྤོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །གསོལ་པ། བཞི་གང་དང་གང་

ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ། རབ་འབྱོར་རྒྱུ་དང་པོ་དེས་ན། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །ཆོས་ཟབ་མོ་རྣམས་ལ་ཡིད་ཆེས་པ་དང་། དད་ཅིང་མོས་པ་མེད་པ་ཡིན་ཏེ། རྒྱུ་གཉིས་པ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་

སྐྱེས་བུ་གླེན་པ་དེ་དག་ནི་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ཏེ། བརྩོན་འགྲུས་མེད་ཅིང་ཕུང་པོ་ལྔ་ལ་མངོན་པར་ཞེན་པས་རྒྱུ་གསུམ་པ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་

སྐྱེས་བུ་གླེན་པ་དེ་དག་ནི་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། དེ་དག་བདག་བསྟོད་ཅིང་གཞན་སྨོད་པར་གྱུར་པས་རྒྱུ་བཞི་པ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་

Vol. 19 · folio 324b

གིས་སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་

སུག་པར་མཆིས་པ་རྣམས་ཀྱིས་མོས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་

པོའི་ལག་ཏུ་ལྷུང་བ་རྣམས་ཀྱིས་མོས་པར་དཀའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཅི་ཙམ་དུ་ཟབ་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་རང་བཞིན་མྱེད་པ་ནི་གཟུགས་སོ། །རབ་འབྱོར་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་ལ་རང་བཞིན་མྱེད་པ་ནི་ཚོར་བའོ། །རབ་འབྱོར་འདུ་ཤེས་ནི་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་ཤེས་ལ་རང་བཞིན་མྱེད་པ་ནི་འདུ་ཤེས་སོ། །རབ་འབྱོར་འདུ་བྱེད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ལ་རང་བཞིན་མེད་པ་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པ་ནི་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཤེས་པའོ། །རབ་འབྱོར་མྱིག་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་ལ་རང་བཞིན་མྱེད་པ་ནི་མྱིག་གོ། །རབ་འབྱོར་རྣ་བ་ནི་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བ་ལ་རང་བཞིན་མྱེད་པ་ནི་རྣ་བའོ། །རབ་འབྱོར་སྣ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣ་ལ་རང་བཞིན་མྱེད་པ་ནི་སྣའོ། །རབ་འབྱོར་ལྕེ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་

Vol. 19 · folio 325a

ན། རབ་འབྱོར་ལྕེ་ལ་རང་བཞིན་མྱེད་པ་ནི་ལྕེའོ། །རབ་འབྱོར་ལུས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ལ་རང་བཞིན་མྱེད་པ་ནི་ལུས་སོ། །རབ་འབྱོར་ཡིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་ཡིད་ལ་རང་བཞིན་མྱེད་པ་ནི་ཡིད་དོ། །རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་རང་བཞིན་མྱེད་པ་ནི་གཟུགས་སོ། །རབ་འབྱོར་སྒྲ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

སྒྲ་ལ་རང་བཞིན་མྱེད་པ་ནི་སྒྲའོ། །རབ་འབྱོར་དྲི་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲི་ལ་རང་བཞིན་མྱེད་པ་ནི་དྲིའོ། །རབ་འབྱོར་རོ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རོལ་རང་བཞིན་མྱེད་པ་ནི་རོའོ། །

རབ་འབྱོར་རེག་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་ལ་རང་བཞིན་མྱེད་པ་ནི་རེག་གོ། རབ་འབྱོར་ཆོས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ལ་རང་བཞིན་མྱེད་པ་ནི་ཆོས་སོ། །རབ་འབྱོར་མྱིག་གི་རྣམ་

པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་མྱིག་གི་རྣམ་པར་ཤེས་པའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་

རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་རྣ་བའི་རྣམ་པར་ཤེས་པའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་སྣའི་རྣམ་པར་ཤེས་པའོ། །རབ་འབྱོར་

ལྕེའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་ལྕེའི་རྣམ་པར་ཤེས་པའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

Vol. 19 · folio 325b

ལུས་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་

པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་མིག་གི་འདུས་ཏེ་རེག་པའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་རྣ་བའི་འདུས་ཏེ་རེག་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་

སྣའི་འདུས་ཏེ་རེག་པའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་ལྕེའི་འདུས་ཏེ་རེག་པའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་ཡིད་ཀྱི་འདུས་ཏེ་རེག་

པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་རྣ་བའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མེད་པ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་

Vol. 19 · folio 326a

མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་

སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སའི་ཁམས་ནི། མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སའི་ཁམས་ལ་

རང་བཞིན་མྱེད་པ་ནི་སའི་ཁམས་སོ། །རབ་འབྱོར་ཆུའི་ཁམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆུའི་ཁམས་ལ་རང་བཞིན་མྱེད་པ་ནི་ཆུའི་ཁམས་སོ། །རབ་འབྱོར་མྱེའི་ཁམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་

ཞེ་ན། རབ་འབྱོར་མྱེའི་ཁམས་ལ་རང་བཞིན་མྱེད་པ་ནི་མྱེའི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རླུང་གི་ཁམས་ལ་རང་བཞིན་མྱེད་པ་ནི་རླུང་གི་ཁམས་སོ། །རབ་འབྱོར་ནམ་

མཁའི་ཁམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནམ་མཁའི་ཁམས་ལ་རང་བཞིན་མྱེད་པ་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

Vol. 19 · folio 326b

རྣམ་པར་ཤེས་པའི་ཁམས་ལ་རང་བཞིན་མེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་མ་རིག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མ་རིག་པ་ལ་རང་བཞིན་མྱེད་པ་ནི་མ་རིག་པའོ། །རབ་འབྱོར་འདུ་བྱེད་ནི་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ལ་རང་བཞིན་མྱེད་པ་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཤེས་

པའོ། །རབ་འབྱོར་མྱིང་དང་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་དང་གཟུགས་ལ་རང་བཞིན་མྱེད་པ་ནི་མྱིང་དང་གཟུགས་སོ། །རབ་འབྱོར་སྐྱེ་མཆེད་དྲུག་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

སྐྱེ་མཆེད་དྲུག་ལ་རང་བཞིན་མེད་པ་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པ་ལ་རང་བཞིན་མྱེད་པ་ནི་རེག་པའོ། །རབ་འབྱོར་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

ཚོར་བ་ལ་རང་བཞིན་མྱེད་པ་ནི་ཚོར་བའོ། །རབ་འབྱོར་སྲེད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲེད་པ་ལ་རང་བཞིན་མྱེད་པ་ནི་སྲེད་པའོ། །རབ་འབྱོར་ལེན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པ་ལ་རང་

བཞིན་མྱེད་པ་ནི་ལེན་པའོ། །རབ་འབྱོར་སྲིད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པ་ལ་རང་བཞིན་མྱེད་པ་ནི་སྲིད་པའོ། །རབ་འབྱོར་སྐྱེ་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་ལ་རང་བཞིན་མྱེད་པ་ནི་སྐྱེ་

བའོ། །རབ་འབྱོར་རྒ་ཤི་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤི་ལ་རང་བཞིན་མེད་པ་ནི་རྒ་ཤིའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་སྦྱིན་

Vol. 19 · folio 327a

པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་

པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་

སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆེན་པོ་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

Vol. 19 · folio 327b

རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ལ་རང་བཞིན་མེད་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ལ་རང་བཞིན་མེད་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་

མ་བྱས་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

མཐའ་ལས་འདས་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མེད་པ་ནི་ཐོག་

མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བཞིན་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་རང་བཞིན་སྟོང་པ་ཉིད་དོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་

ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་

ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ལ་རང་བཞིན་མེད་པ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པ་སྟོང་

Vol. 19 · folio 328a

པ་ཉིད་ལ་རང་བཞིན་མྱེད་པ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །

རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་

མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་ལ་རང་བཞིན་མྱེད་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་

སྤོང་བ་ལ་རང་བཞིན་མྱེད་པ་ནི་ཡང་དགེ་པར་སྤོང་བ་རྣམས་སོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་ལ་རང་བཞིན་མྱེད་པ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །རབ་འབྱོར་

དབང་པོ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབང་པོ་ལ་རང་བཞིན་མྱེད་པ་ནི་དབང་པོ་རྣམས་སོ། །རབ་འབྱོར་སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་ལ་རང་བཞིན་མེད་པ་ནི་སྟོབས་རྣམས་

སོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་ལ་རང་བཞིན་མེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རང་བཞིན་མྱེད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

Vol. 19 · folio 328b

རབ་འབྱོར་འཕགས་པའི་བདེན་པ་ལ་རང་བཞིན་མྱེད་པ་ནི་འཕགས་པའི་བདེན་པ་རྣམས་སོ། །རབ་འབྱོར་བསམ་གཏན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་ལ་རང་བཞིན་མྱེད་པ་ནི་བསམ་གཏན་རྣམས་སོ། །

རབ་འབྱོར་ཚད་མྱེད་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་མྱེད་པ་ལ་རང་བཞིན་མྱེད་པ་ནི་ཚད་མྱེད་པ་རྣམས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

ཕྱིར་ཞེ་ན། རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་རང་བཞིན་མྱེད་པ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་

ཐར་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཐར་པ་རྣམས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ལ་རང་བཞིན་

མྱེད་པ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་

མ་མྱེད་པ་དང་སྨོན་པ་མྱེད་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་ལ་རང་

བཞིན་མྱེད་པ་ནི་མངོན་པར་ཤེས་པ་རྣམས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་ལ་རང་བཞིན་མྱེད་པ་ནི་ཏིང་ངེ་འཛིན་རྣམས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ནི་མ་བཅིངས་

Vol. 19 · folio 329a

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་ལ་རང་བཞིན་མྱེད་པ་ནི་གཟུངས་ཀྱི་སྒོ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་

གཤེགས་པའི་སྟོབས་ལ་རང་བཞིན་མྱེད་པ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱི་འཇིགས་པ་ལ་རང་བཞིན་མྱེད་པ་ནི་མྱི་འཇིགས་པ་རྣམས་སོ། །

རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་ལ་རང་བཞིན་མྱེད་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་

ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་ལ་རང་བཞིན་མྱེད་པ་ནི་སྙིང་རྗེ་ཆེན་པོའོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་རང་བཞིན་མྱེད་པ་ནི་སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ལ་རང་བཞིན་མྱེད་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་

མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་རང་བཞིན་མྱེད་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་རང་བཞིན་མྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་གཟུགས་

Vol. 19 · folio 329b

ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་གཟུགས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་

དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །

རབ་འབྱོར་འདུ་ཤེས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་ཤེས་སོ། །རབ་འབྱོར་འདུ་ཤེས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་ཤེས་སོ། །རབ་འབྱོར་འདུ་ཤེས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་ཤེས་སོ། །རབ་འབྱོར་འདུ་

བྱེད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་བྱེད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་

དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་བྱེད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་

Vol. 19 · folio 330a

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་

མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །

རབ་འབྱོར་མྱིག་གི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་མྱིག་གོ། རབ་འབྱོར་མིག་གི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་

མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གོ། རབ་འབྱོར་མྱིག་གི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་མིག་གོ། རབ་འབྱོར་རྣ་བའི་སྔོན་གྱི་མཐའ་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའོ། །རབ་འབྱོར་རྣ་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་

ནི་རྣ་བའོ། །རབ་འབྱོར་རྣ་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའོ། །རབ་འབྱོར་སྣའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའོ། །རབ་འབྱོར་སྣའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའོ། །རབ་འབྱོར་སྣའི་ད་ལྟར་བྱུང་

Vol. 19 · folio 330b

བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའོ། །རབ་འབྱོར་ལྕེའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་

བཞིན་ནི་ལྕེའོ། །རབ་འབྱོར་ལྕེའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའོ། །རབ་འབྱོར་ལྕེའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའོ། །རབ་འབྱོར་ལུས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་སོ། །རབ་འབྱོར་ལུས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་སོ། །རབ་འབྱོར་ལུས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་སོ། །རབ་འབྱོར་

ཡིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་དོ། །རབ་འབྱོར་ཡིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་

མྱེད་པའི་རང་བཞིན་ནི་ཡིད་དོ། །རབ་འབྱོར་ཡིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་ཡིད་དོ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་

ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་གཟུགས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་གཟུགས་ཀྱི་

Vol. 19 · folio 331a

ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་སོ། །རབ་འབྱོར་སྒྲའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་

དངོས་པོ་མྱེད་པའི་རང་བཞིན་ནི་སྒྲའོ། །རབ་འབྱོར་སྒྲའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྒྲའོ། །རབ་འབྱོར་སྒྲའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་

ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྒྲའོ། །རབ་འབྱོར་དྲིའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲིའོ། །རབ་འབྱོར་དྲིའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲིའོ། །རབ་འབྱོར་དྲིའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དྲིའོ། །རབ་འབྱོར་རོའི་སྔོན་གྱི་

མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རོའོ། །རབ་འབྱོར་རོའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རོའོ། །

རབ་འབྱོར་རོའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རོའོ། །རབ་འབྱོར་རེག་གི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་

མྱེད་པའི་རང་བཞིན་ནི་རེག་གོ། རབ་འབྱོར་རེག་གི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་གོ། རབ་འབྱོར་རེག་གི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་

Vol. 19 · folio 331b

ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་གོ། རབ་འབྱོར་ཆོས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་སོ། །རབ་འབྱོར་ཆོས་ཀྱི་ཕྱི་མའི་མཐའ་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་སོ། །རབ་འབྱོར་ཆོས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་སོ། །

རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་རྣམ་པར་ཤེས་པའོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་རྣམ་པར་ཤེས་པའོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་

པའི་རང་བཞིན་ནི་མྱིག་གི་རྣམ་པར་ཤེས་པའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་རྣམ་པར་ཤེས་པའོ། །རབ་འབྱོར་རྣ་

བའི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་རྣམ་པར་ཤེས་པའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་རྣམ་པར་ཤེས་པའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་

Vol. 19 · folio 332a

དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་རྣམ་པར་ཤེས་པའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་སྣའི་རྣམ་པར་

ཤེས་པའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་རྣམ་པར་ཤེས་པའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་

མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་

མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །

རབ་འབྱོརད་ལུས་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་

མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །

Vol. 19 · folio 332b

རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་

དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་འདུས་ཏེ་རེག་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་འདུས་ཏེ་རེག་

པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་འདུས་ཏེ་རེག་པའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་སྔོན་

གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་འདུས་ཏེ་རེག་པའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་འདུས་ཏེ་རེག་པའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་

འདུས་ཏེ་རེག་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་

Vol. 19 · folio 333a

པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་

ཏེ་རེག་པའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་ཏེ་རེག་པའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་ཏེ་རེག་པའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་

པའི་རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་ལུས་ཀྱི་འདུས་

ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །

Vol. 19 · folio 333b

རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་

པའི་རང་བཞིན་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི། རྣ་བའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ།

རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་

Vol. 19 · folio 334a

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་

ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་པའི་སྔོན་གྱི་མཐའ་མ་བཅིངས་མ་

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་

ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་

བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་

རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་

Vol. 19 · folio 334b

ཀྱིས་ཚོར་བའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །

རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ཡིད་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སའི་ཁམས་ཀྱི་སྔོན་

གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་སའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་

མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་སའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་

ཆུའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་འབྱོར་ཆུའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་འབྱོར་ཆུའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་

Vol. 19 · folio 335a

འབྱོར་མེའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱེའི་ཁམས་སོ། །རབ་འབྱོར་མྱེའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ།

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱེའི་ཁམས་སོ། །རབ་འབྱོར་མེའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་

མྱེའི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་ཕྱི་མའི་མཐའ་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་

དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་ནམ་

མཁའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་

Vol. 19 · folio 335b

པར་ཤེས་པའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་

ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་མ་རིག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་

དངོས་པོ་མྱེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་མ་རིག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་མ་རིག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་འདུ་བྱེད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་

བྱེད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་བྱེད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་

རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་

སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་

Vol. 19 · folio 336a

པའོ། །རབ་འབྱོར་མྱིང་དང་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ། །རབ་འབྱོར་མྱིང་དང་གཟུགས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ་རབ་འབྱོར་མྱིང་དང་གཟུགས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ། །

རབ་འབྱོར་སྐྱེ་མཆེད་དྲུག་གི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་སྐྱེ་མཆེད་དྲུག་གི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་

མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་སྐྱེ་མཆེད་དྲུག་གི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་རེག་པའི་སྔོན་གྱི་མཐའ་མ་

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། །རབ་འབྱོར་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། །

རབ་འབྱོར་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། །རབ་འབྱོར་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་

མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

Vol. 19 · folio 336b

འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་སྲེད་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲེད་པའོ། །རབ་འབྱོར་སྲེད་པའི་ཕྱི་མའི་མཐའ་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲེད་པའོ། །རབ་འབྱོར་སྲེད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་

སྲེད་པའོ། །རབ་འབྱོར་ལེན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་ལེན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་ལེན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་སྲིད་པའི་སྔོན་གྱི་

མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲིད་པའོ། །རབ་འབྱོར་སྲིད་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་

བཞིན་ནི་སྲིད་པའོ། །རབ་འབྱོར་སྲིད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྲིད་པའོ། །རབ་འབྱོར་སྐྱེ་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་སྐྱེ་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་སྐྱེ་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་

Vol. 19 · folio 337a

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་རྒ་ཤིའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་

བཞིན་ནི་རྒ་ཤིའོ། །རབ་འབྱོར་རྒ་ཤིའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྒ་ཤིའོ། །རབ་འབྱོར་རྒ་ཤིའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྒ་ཤིའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །

རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་

བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་

པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

Vol. 19 · folio 337b

ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་

ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་

གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་

Vol. 19 · folio 338a

མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་

བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །

རབ་འབྱོརད་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་

ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་

མེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་

Vol. 19 · folio 338b

མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་

ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་ནང་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་

བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་

རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་སྔོན་གྱི་

མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་

པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་

སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དོན་དམ་པ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words