འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ
Sanskrit title (Tibetan script, as in the text) བཛྲ་ཤྲཱི་བྷཻ་ར་བ་ནཱ་མ་སྟུ་ཏི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 47 · folio 220a
༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲཱི་བྷཻ་ར་བ་ནཱ་མ་སྟུ་ཏི། བོད་སྐད་དུ། འཇམ་དཔལ་འཇིགས་བྱེད་
མཚན་གྱི་བསྟོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ་འཇིགས་བྱེད་འཇིགས་པའི་གཟུགས། །རྔམ་བྱེད་རྒྱལ་པོ་འཇིགས་པའི་རོལ་ཐབས་ཅན། །དུར་ཁྲོད་གནས་ན་རོལ་སྐུའི་ཆ་ལུགས་ལྡན། །ཚངས་ཆེན་ཁྱབ་མཇུག་གཞོན་ནུ་ལྷ་ཚོགས་དང་། །དབང་
ཕྱུག་ཐགས་བཟངས་རིས་རྣམས་མ་ལུས་ཞལ་དུ་གསོལ། །ཁྲོས་མཛད་རྔམ་ཁྲོ་རུ་ལུ་རུ་ལུ་སྟེ། །ཐོད་པ་དབུ་མར་ཁྲག་བཅས་ཞལ་དུ་གསོལ། །ཆེ་ཕྲན་མང་པོའི་ཟར་བུས་མགྲིན་ཞུགས་བརྒྱན། །གླང་པོ་ཆེ་ཡི་པགས་པའི་ན་བཟའ་ཅན། །ཞལ་དགུ་ཁྲོས་གཙིགས་འཇམ་
Vol. 47 · folio 220b
དཔལ་ཆོས་ཀྱི་སྐུ། །མ་ཧེའི་ཞལ་འཛིན་བྱོལ་སོང་སྐྲག་མཛད་ཅིང་། །རྭ་མདོག་ཨིནྡྲ་ནཱི་ལའི་འོད་འཕྲོ་ཞིང་། །ཧཱུཾ་དང་ཆེམ་དང་སྒྲ་ཆེན་འཇིགས་པར་སྒྲོགས། །ཞལ་ནས་ལྗགས་འདྲིལ་ཧེ་ཧེ་ཧེ་ཧེ་ཛཱ། །སྟོན་ཀའི་ཆར་སྤྲིན་གཞོན་ནུ་འཇིགས་པའི་ཞལ། །ནམ་མཁའི་ཨཱཉྩའི་
མདོག་འདྲ་སྔོན་པོར་སྣང་། །པད་དང་པདྨ་རཱ་གའི་མདོག་འདྲ་གཉིས། །གསེར་བསྲེགས་དང་མཚུངས་ཆེ་བའི་ཡོན་ཏན་ལྡན། །ཤེལ་དང་དུང་འདྲ་ཟླ་བ་ཞི་བའི་ཚུལ། །སྲེ་ཡ་ཀ་ལྟར་དུང་ཁ་རབ་ཏུ་དྲག །དགུ་པ་བཞིན་ཁྲོས་བྱིས་པའི་རྒྱན་གྱིས་བརྒྱན། །ཐོད་པ་ལྔ་བཅུ་སེ་རལ་
ཁར་བསྣམས་པ། །རྐང་ཚིལ་ཁྲག་དང་ཞག་བཅས་གློ་སྙིང་གསོལ། །སྲི་ཀ་དུཥྚཱན་ཧཱུཾ་ན་མ་ར་ན། ཤཱནྟིཾ་པུཥྚ་མ་ཧཱ་མ་ར་ཛ། ལས་རྣམས་མ་ལུས་རྫོགས་པ་མཐར་ཕྱིན་པས། །སེམས་ཅན་ཁམས་རྣམས་མ་ལུས་ཀུན་དོན་མཛོད། །གྲི་གུག་ལ་སོགས་རྫོགས་པའི་མཚན་མར་ལྡན། །
དབུ་མགོ་ཆེན་པོའི་ཚོགས་ནི་གྱེན་དུ་སྒྲེང་། །ཡན་ལག་རགས་པའི་ལྟོ་ནི་ཐུར་དུ་བཤལ། །ཛཱ་ཛཱ་ཀཻ་ཀཻ་ཧཱུཾ་ཧཱུཾ་ཧ་ལ་ཧ། ཧ་ཧ་ཡ་ཡ་མ་མ་ར་ར་ཞེས། ཙ་ཚ་ལས་རྣམས་མ་ལུས་ཀུན་མཛད་པ། །སློབ་དཔོན་སྐུར་དང་དེ་ཡི་དཀོར་ཁྱེར་དང་། །ཀུན་ལ་གནོད་བྱེད་དམ་པ་སྐུར་པ་དང་། །དམ་
ཚིག་དག་ལ་མི་གནས་སྒྲོལ་བར་བྱེད། །རྡོ་རྗེ་ཐོད་དབྱིག་འཇིགས་པའི་སྒྲ་དང་ལྡན། །མི་དང་མ་ཧེ་ལ་སོགས་དེ་བཞིན་བྱ་རོག་འུག །བྱ་རྒོད་ཞབས་ཀྱིས་གནོན་པའི་སྐུ་ཙར་བཞུགས། །ཧ་ལ་མགྲིན་བཟང་མར་ཁུ་ཆེན་པོ་གསོལ། །ཨ་ཤྭད་ལ་སོགས་ཤིང་དབུས་དགྱེས་པར་གསོལ། །
སྤྱང་ཀི་ཀངྒ་འབར་བ་ཅེ་སྤྱང་དང་། །བྱ་རོག་ཁྲ་དང་མ་ཧཱ་རུ་ལུ་ནི། །གདུག་པ་ཅན་རྣམས་མ་ལུས་ཤ་ཟ་བའི། །ཚོགས་ཀྱི་ཕྱོགས་ནི་དེ་བཞིན་སྤྲིན་ལྟར་གཏིབས། །དེ་འདྲའི་དབུས་ཀྱི་གཞལ་ཡས་ཁང་པ་ན། །ཚུལ་དུ་བཞུགས་པས་སེམས་ཅན་འགྲོ་དོན་མཛད། །རོལ་མཛད་
ཐུགས་རྗེས་སྤྲུལ་ལ་ཕྱག་འཚལ་ལོ། །གདུག་པ་ཞལ་དུ་གསོལ་ལ་ཕྱག་འཚལ་ལོ། །ལས་རྣམས་མཐར་ཕྱིན་མཛད་ལ་ཕྱག་འཚལ་ལོ། །ཁྲོ་ཚོགས་འཇིགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཨུཏྤལ་སྔོ་འདྲའི་སྐུ་ལ་ཕྱག་འཚལ་ལོ། །ཉི་མ་བརྒྱ་ཡི་གཟི་ལྡན་ཕྱག་འཚལ་ལོ། །
Vol. 47 · folio 221a
འགའ་ཞིག་མཚན་ནི་འཛིན་ཞིང་བསྟོད་པ་དང་། །དེ་ཡི་ཡོན་ཏན་ཕྱོགས་ཙམ་བཟུང་ནས་ཀྱང་། །ཡིད་ལ་གནས་ཀྱི་གཞན་དུ་མི་སྨྲ་ན། །དངོས་གྲུབ་སྟེར་ཞིང་ལས་རྣམས་མ་ལུས་འགུགས། །འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ། སློབ་དཔོན་ལས་ཀྱི་
རྒྱལ་པོས་མཛད་པ་རྫོགས་སོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words