No title in the text — opening words: སངས་རྒྱས་ལ་ཕྱག་འཚལ་ལོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 53 · folio 9a

༄༅། །སངས་རྒྱས་ལ་ཕྱག་

འཚལ་ལོ། །སྒྱུ་མའི་ནགས་ཚལ་མང་པོ་དེ་དང་དེར། །རི་དགས་གསད་ཕྱིར་བློན་པོ་ཌོམྦི་འགྲོ། །ལོག་འགྲོ་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །མདའ་ལྔ་ཡོད་དེ་ལྔ་ཀ་ཤར་གྱིས་བཏོན། །ཌོམྦི་གཞུ་བཀང་གཟུང་ནས་རྣམ་པར་

འདུག །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །གཞུ་མེད་རྒྱུད་མེད་སྨྱུག་མེད་མདེའུ་མེད། །ཌོམྦི་ཐེ་ཚོམ་མེད་དེ་ངེས་པར་བསད། །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་

ཞུགས། །རྒྱལ་བ་རིགས་ལྔ་དབུ་རྒྱན་བྱས་ནས་སུ། །རི་དགས་བསད་པ་སླར་ལ་སོས་པར་བྱ། །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །ཌོམྦིའི་གླུ་རྫོགས་སོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words