བྱ་བ་བསྡུས་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཀྲི་ཡ་སཾ་གྲ་ཧ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 62 · folio 227b

༄༅༅། །རྒྱ་གར་སྐད་དུ། ཀྲི་ཡ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། བྱ་བ་

བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་མགོན་རྡོ་རྗེ་སེམས་བཏུད་ནས། །སློབ་མ་དམ་པས་བསྐུལ་དབང་ལས། །གཞུང་ཆེན་དམ་པའི་མན་ངག་ལས། །འདི་ནི་བདག་གིས་བརྩམ་པར་བྱ། །བསྙེན་པ་ལ་སོགས་ས་སྦྱང་བ་ནི་ཡོངས་སུ་གཟུང་

བ་དང་། རྩིག་རྨང་ཡང་དག་གཞན་དང་ཤིང་གི་ལས་རྣམས་དང་། །ལྷ་ནི་རབ་ཏུ་གནས་དང་དེ་བཞིན་གཎྜཱི་དང་། །རྒྱལ་མཚན་གཟུགས་དང་དེ་བཞིན་བྱ་བའི་ལྷ་རྣམས་ལ། །བླ་མ་སློབ་མ་བརྟག་པ་དང་། །བླ་མ་གསོལ་བཏབ་དེ་ནས་ནི། །བླ་མས་སྔགས་དང་བསྙེན་པ་བྱ། །དེ་ནས་

ས་ནི་ཡོངས་སུ་བརྟག །དེ་ལ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པའི་སྦྱིན་བདག་གིས་དང་པོ་སློབ་དཔོན་ཡོངས་སུ་བརྟག་པར་བྱ་སྟེ། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་བྲལ་བ་དང་། གཞན་གྱི་ཚུལ་འབྱེད་པ་དང་། སེམས་ཅན་རྣམས་ལ་ཞེ་སྡང་དང་། །

ངན་ཤེས་ཀྱི་ཁེངས་པ་དང་། ཤིན་ཏུ་ཆགས་པ་དང་། ཤིན་ཏུ་མྱོས་ཤིང་བག་མེད་པ་དང་། བདག་ལ་བསྟོད་པ་དང་། གཞན་གྱི་སྐྱོན་བརྗོད་པའི་སློབ་དཔོན་དེ་ཡོངས་སུ་སྤང་བར་བྱའོ། །བླ་མས་ཀྱང་རྣམ་པ་དེ་ལྟ་བུའི་སློབ་མ་ཡོངས་སུ་སྤང་བར་བྱའོ། །གང་ཡང་དད་དང་ཤེས་རབ་

སྙིང་རྗེ་ལྡན་པ་དང་། །ཁྲོ་མེད་བརྩོན་འགྲུས་ལྡན་ཞིང་སེམས་ཅན་སླུ་བ་ཡང་། །རྣམ་པ་དེ་བཞིན་རིགས་པར་བླ་མས་ཡོངས་སུ་བརྟག །དེ་ལའང་སློབ་མའི་རྗེས་སུ་མཐུན་པར་བླ་མས་བསྒྲུབ། །གང་ཡང་དད་པ་དང་ཤེས་རབ་དང་བརྩེ་བ་དང་ལྡན་པ་དང་། ལུང་དུ་སྟོན་པ་དང་། སྙན་

དངགས་དང་སྡེབ་སྦྱོར་གྱི་བཀོད་པ་དང་། རྩིས་ཀྱི་བསྟན་བཅོས་རབ་ཏུ་རིག་པ་གཏམ་བརྗོད་པ་ལ་རབ་ཏུ་མཁས་པ་སྣ་ཚོགས་པའི་རི་མོ་དང་། སྣ་ཚོགས་པའི་ཡུལ་སྐད་དང་། རིན་པོ་ཆེ་དང་གསེར་དང་སྐྱེས་པ་དང་བུད་མེད་དང་། གླང་པོ་ཆེ་དང་རྟ་རྣམས་ཀྱི་མཚན་ཉིད་ཡང་དག་པར་

Vol. 62 · folio 228a

རིག་པ་དང་། སྤོས་སྦྱོར་དང་གླུ་དང་རོལ་མོ་དང་སྣ་ཚོགས་པའི་མཚོན་ཆ་དང་། སྨན་དང་མིག་འཕྲུལ་དང་། ཁམས་སྨྲ་བ་དང་ཚད་ཀྱི་བསྟན་བཅོས་ཤེས་པ་དང་། གླུ་ལ་སོགས་པ་ལ་མཁས་པ་དང་། སེན་མོ་བྲེག་པ་ལ་སོགས་པའི་བཟོ་རིག་པ་དང་། འདོད་

པའི་བསྟན་བཅོས་དང་། ཤེས་རབ་དང་ནུས་པར་ལྡན་པ། མཁས་ཤིང་སྨྲ་བའི་སྤོབས་པ་ཅན་སྒྲུབ་པ་དང་ལྡན་པ་རྟག་ཏུ་སྤྲོ་ཞིང་ཉོན་མོངས་པ་བཟོད་པ། བླ་མ་དང་རྣལ་འབྱོར་མ་དང་དམ་ཚིག་དང་དཀོན་མཆོག་གསུམ་ལ་སོགས་པ་རྣམས་ལ་གུས་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་

པ་བཅུ་ལ་ཆགས་ཤིང་འཇིགས་པ་དང་། སྐྱུག་བྲོ་བ་དང་། འཚེར་ངོ་དང་བྲལ་བའོ། །རབ་ཏུ་གནས་པའི་དཀྱིལ་འཁོར་འདྲི་བ་དང་། ལས་སྣ་ཚོགས་བསྐྱང་བ་ལ་མཁས་པ། བླ་མའི་བཀའ་མཆོག་ཏུ་ཡོངས་སུ་བསྐྱང་བ་དེ་བླ་མའི་བཀའ་དང་བདེ་གཤེགས་བཀའ་ལས་

འདས་པ་དང་། །སྤུན་ལ་ཁྲོ་དང་ཉེས་པ་སྒྲོགས་པ་དང་། །སེམས་ཅན་བྱམས་པ་སྤངས་དང་བྱང་ཆུབ་སེམས་སྤངས་དང་། །དམ་ཆོས་སྨོད་དང་གསང་སྒྲོགས་ཕུང་པོ་ཉོན་མོངས་དང་། །ཐེག་ཆེན་ཐེ་ཚོམ་ཟ་དང་སྡུག་ལ་བྱམས་པ་དང་། །བདེ་སྡུག་ཆོས་ལ་རྟོག་ཅིང་དད་ཅན་སེམས་

སུན་འབྱིན། དམ་ཆོས་རྙེད་པ་མི་རྟེན་བུད་མེད་ཀུན་སྨོད་པ། །རྩ་བའི་ལྟུང་བྲལ་དེ་ནི་སློབ་དཔོན་བཟང་པོ་ཡིན། །རྣམ་པ་དེ་ལྟ་བུའི་ཡོན་ཏན་ཀུན་གྱིས་བརྒྱན་ཅིང་སྐྱོན་ཐམས་ཅད་དང་བྲལ་བས་དཀྱིལ་འཁོར་འདྲི་བ་ན་དང་པོར་རྣལ་འབྱོར་པས་དགེ་བའི་ཉི་མ་དང་སྐར་མ་ལ་སོགས་

པ་ལ་ཁང་པར་ཞུགས་ཏེ་མདུན་དུ་མཎྜལ་བྱས་ལ། ཇི་ལྟར་ནུས་པའི་ཡོན་ཕུལ་ནས་སྙིམ་པ་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། བདག་དགེ་བསྙེན་ཆེ་གེ་མོ་ཞེས་བགྱི་བ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པས་དེའི་ཕྱིར་བདེ་བར་

གཤེགས་པའི་གསུང་རབ་མཐའ་དག་རྟོགས་པ་ཁྱོད་ཀྱིས་བདག་ལ་གནང་བར་མཛོད་ཅིག་ཅེས་པ་འདིས་སློབ་དཔོན་ལ་སྦྱིན་བདག་གིས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་བརྩམས་ནས་སློབ་དཔོན་གྱིས་ཚོགས་བསགས་པའི་ཁྱེད་དུ་སྔོན་དུ་བསྙེན་པ་བྱའོ། །དེ་སྐད་

Vol. 62 · folio 228b

དུ་ཡང་། སྔོན་དུ་བསྙེན་པ་ཚོགས་བསགས་དང་། །བགེགས་རྣམས་རྣམ་པར་གཞོམ་པར་བྱ། །ཐམས་ཅད་མཁྱེན་པའི་ལམ་ཤེས་ནི། །བསྙེན་པ་མེད་པས་འགྲུབ་མི་འགྱུར། །ཞེས་སོ། །དེ་ནས་འཁོར་ལོའི་གཙོ་བོའི་སྔགས་འབུམ་བཟླས་པ་བྱའོ། །ཡང་ན་རང་གི་ཡི་དམ་

ལྷའི་སྔགས་ལན་འབུམ་བཟླས་སོ། །དཀྱིལ་འཁོར་པ་རྣམས་ཀྱི་སོ་སོའི་ཁྲི་བཟླས་པ་བྱའོ། །དེ་ལ་དགེ་བའི་ཉི་མ་དང་གཟའ་ལ་སོགས་པ་ལ་མཆོད་པ་སྔོན་དུ་འགྲོ་བས་ས་ཡོངས་སུ་བརྟག་པར་བྱའོ། །གལ་ཏེ་མི་འདོད་པའི་ཤིང་ལ་སོགས་པ་དང་ལྡན་པའི་ས་གཞི་ནི་དེ་འདིར་

ཡོངས་སུ་སྤང་བར་བྱའོ། །དེ་ནས་ཡང་ས་གཞི་གང་ཞིག་གི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པས་ཨ་ཤྭཏྠ་དང་ཨརྫུ་ན་དང་། པླཀྵ་དང་། པ་ལཱ་ཤ་དང་། ནྱ་གྲོ་དྷ་དང་། ཤ་མ་ལཱི་དང་། བ་ཀུ་ལ་དང་། ཨུ་དུམྦཱ་ར་དང་། ཚེར་མ་ཅན་གྱི་ཤིང་རྣམས་ནི་བུ་དང་བུད་མེད་

དང་། ནོར་རྣམས་རྣམ་པར་བྲལ་བ་དང་། དགྲའི་འཇིགས་པ་དང་། ཡོ་བྱད་ཉམས་པ་དང་། འཁོར་ཡོངས་སུ་ཉམས་པ་དང་། སོ་བ་ལ་སོགས་པའི་འབྲུ་རྣམ་པར་ཉམས་པ་སྟེར་བར་འགྱུར་བ་དེ་རྣམས་སྤང་ངོ་ཞེས་ཏེ། དེ་སྐད་དུ་ཡང་། དབང་པོར་ནྱ་གྲོ་དྷ་དགོད་ཨུ་

དུམྦཱ་ར་དེ་བཞིན་དུ། གཤིན་རྗེར་དགོད་ཅིང་ཨ་ཤྭཏྠ་ནི་ནུབ་ཏུ་དགོད། པླཀྵ་བྱང་ཕྱོགས་ཤིན་ཏུ་དགེ་མཐར་བྱ། འདི་ནི་ཟློས་པས་ལོག་པར་ཡང་ནི་གནས་པར་འགྱུར། །ཞེས་སོ། །ཡང་ས་གཞི་གང་ཞིག་དབྱུག་པ་དང་། ཤིང་རྟ་ཐཱ་ཀ་ཌ་དང་། འཁྲབ་བློ་དང་།

ལྟོ་འགྲོ་དང་། རུས་སྦལ་དང་། གཞུ་དང་མགོ་ཆེ་བ་དང་། རྔ་མུརྫ་དང་། ཟུར་གསུམ། རླུང་ཡབ་ཀྱི་རྣམ་པ་དང་། ཀྱོག་པོ་དང་། འོད་དང་མི་མཉམ་པར་འབབ་པ་དེ་རྣམས་ནི་ངེས་པར་ཕྱུགས་དང་། ནོར་དང་འབྲུ་ཟད་པ་དང་། མིག་ནད་དང་། བཅིང་བས་འཚིར་ང་

དང་། ཆོམ་རྐུན་དང་མེའི་འཇིགས་པའི་ཕྱིར་དང་། བུད་མེད་ཉམས་པ་དང་། མིའི་བདག་པོའི་འཇིགས་པ་དང་། ལོངས་སྤྱོད་ཉམས་པ་དང་དབུལ་པོ་དང་། མྱ་ངན་དང་། ཉེས་པ་སྟེར་བར་འགྱུར་བ་རྣམས་སོ། །གང་ཡང་མེ་དང་གཤིན་རྗེ་དང་། སྲིན་པོ་དང་། ཆུ་

Vol. 62 · folio 229a

དང་། རླུང་གི་ཕྱོགས་རྣམས་སུ་བོ་བའི་ཉེས་པས་ལྟུང་བ་དང་། ནད་དང་དབུལ་བ་དང་། དགྲ་ཡིས་འཇོམས་པར་འགྱུར་བའི་སའི་རང་བཞིན་རྣམས་སོ། །ཡང་ས་གང་ཁྱི་དང་ཅེ་སྤྱང་དང་རྔ་མོ་རྣམས་སྣོད་བཅོམ་པའི་དགྲ་དང་མི་དགེ་བ་སྟེར་བར་

འགྱུར་བ་རྣམས་དང་། ཞག་དང་མར་ཁུ་དང་། ཚྭ་སྣ་དང་། བྱའི་དྲི་མ་དང་། མི་འདོད་པའི་འབྲས་བུ་སྟེར་བའི་ས་གཞི་རྣམས་དང་། གནོད་སྦྱིན་གྱི་གནས་དང་། དུར་ཁྲོད་དང་། ལྟོས་འགྲོའི་ཚང་ནག་པོའི་ས་རྣམས་སྤང་བར་བྱའོ། །གང་དུ་ཀླུའི་མཚོ་དང་།

ལྷ་མ་ཡིན་ལ་སོགས་པའི་གནས་དང་། ལྷའི་གནས་རྣམས་ཡོད་པའི་ས་གཞི་དེ་ཡང་མི་དགེ་བའོ། །གང་ཡང་ཕྱོགས་དང་ཕྱོགས་མཚམས་གང་དང་གང་ལ་ཡང་ཚེར་མའི་ཤིང་དང་། འཁྲི་ཤིང་དང་། ཚང་ཚིང་དང་། ཤིང་ཀླུ་སྐམ་ཡོད་པའི་ས་གཞི་དེ་ཡང་མི་ཤིས་པའོ་

ཞེས་སོ། །དེ་ནས་དགེ་བའི་མཚན་ཉིད་རྣམས་ནི་ས་གཞི་གང་ཞིག་དགའ་བ་དང་། སྟན་བཟང་པོ་དང་། ཡངས་པ་དང་། ཟླུམ་པོ་དང་། གྲུ་བཞི་རྣམས་སོ། །དེ་རྣམས་ནི་བྱ་བའི་དོན་དང་། དངོས་གྲུབ་རབ་ཏུ་སྟེར་བ་དང་། བློ་གྲོས་འཕེལ་བ་དང་། ནོར་དང་འབྲུ་རྣམས་འཕེལ་

བར་འགྱུར་རོ། །ཡང་གང་ལ་ཤར་དང་། བྱང་དང་། དབང་ལྡན་གྱི་ཕྱོགས་རྣམས་གཞོལ་བར་གྱུར་པ་དེ་ནས་དཔལ་དང་བདེ་བར་བྱེད་པར་འགྱུར་རོ། །གང་ལ་ཡང་རོ་ལྡན་བྱང་ཕྱོགས་ཀྱི་ཆ་ལ་རྫིང་བུ་མཆོག་ལ་མེ་ཏོག་དཀར་པོ་དང་དམར་པོ་དང་། པདྨའི་ཚོགས་ཀྱིས་བརྒྱན་པ།

ཨུཏྤལ་སྔོན་པོ་ཤིན་ཏུ་མང་པོ་དང་ཀུ་མུ་ཏ་དང་། དྲི་བཟངས་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་འཁྲིགས་པ། ཁྱད་པར་དུ་འཕགས་པ་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་གང་བ། ཉ་དང་རུས་སྦལ་ལ་སོགས་པས་ཡོངས་སུ་གང་བ། རྟག་ཏུ་རྩྭ་སྔོན་པོ་ལྡན་པའོ་ཞེས་སོ། །ཤར་ཕྱོགས་

ཀྱི་ཆ་ལ་ཨ་མྲ་དང་། ཛམྦུ་དང་། ཀ་དམ་པའི་ལྗོན་ཤིང་ཡོད་པའོ། །དེ་ལ་དེ་བཞིན་དུ་བར་དུ་ཛཱ་བ་བནྡུ་ཀཱ་མ་ལ་སོགས་པའི་མེ་ཏོག་ཤིང་ཇི་སྙེད་པ་ཞེས་སོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སྐྱེས་བུ་ནཱ་ག་དང་། ནཱ་ག་གེ་སར་དང་། བི་ར་དཱ་ཏ་དང་། ཙམ་པ་ཀ་དང་། ཨ་ཤོ་ཀ་དང་།

Vol. 62 · folio 229b

ཁྱད་པར་དུ་བ་ཀུ་ལའི་ཤིང་ཡོད་པའོ། །དེའི་བར་དུ་ཛཱ་ཏི་དང་། ཀུ་མུ་ཏ་དང་། སྣ་མ་དང་། དྲི་བཟང་པོའི་ཤིང་རྣམས་སོ། །མེ་ཏོག་དཀར་པོའི་ཤིང་ཇི་སྙེད་པ་རྣམས་རབ་ཏུ་ཤིས་སོ། །དེ་བཞིན་དུ་ནུབ་ཕྱོགས་སུ་ཨ་ཤྭཏྠ་དང་། ཨུ་དུམྦཱ་ར་དང་། བ་ཀུ་ལ་དང་། པ་ན་སའི་ཤིང་

རྣམས་ཡོད་པ་འོ་མ་ཅན་གྱི་ཤིང་ཇི་སྙེད་པ་དེ་རྣམས་ཐམས་ཅད་ནུབ་ཀྱི་ཕྱོགས་སུ་རབ་ཏུ་ཤིས་སོ། །དེའི་བར་དུ་མེ་ཏོག་ནག་པོའི་ཤིང་རྣམས་ཤིས་སོ། །གཞན་ཡང་སྤྱིར་པི་ཝང་དང་། གླིང་བུ་དང་། ཁྱུ་མཆོག་དང་། རྔའི་སྒྲ་དང་ལྡན་པ་ནི་ཕུན་སུམ་ཚོགས་པར་བྱེད་པའི་ས་གཞིའོ། །

བྱེ་བྲག་ཏུ་རིགས་དང་མཐུན་པ་སྣ་ཚོགས་པས་གང་བ་གཟུང་ངོ་། །འདི་ལྟ་སྟེ། ཁ་དོག་དཀར་པོ་དང་ཞོ་དང་འོ་མ་དང་། མར་ལ་སོགས་པ་དྲི་ཞིམ་པོ་དང་། རོ་མངར་བ་རྣམས་ནི་བྲམ་ཟེ་རྣམས་ཀྱི་འོས་སོ། །ཁ་དོག་དམར་བ་དང་སྣ་མའི་མེ་ཏོག་དང་། པདྨ་དང་། ཨུཏྤལ་དང་།

ཙམ་པ་ཀ་དང་། ནཱ་ག་གེ་སར་ལ་སོགས་པའི་དྲི་རྣམས་དང་། རོ་བསྐ་བ་ནི་རྒྱལ་རིགས་རྣམས་ཀྱིའོ། །ཁ་དོག་སེར་པོ་དང་ཆང་དང་གླང་པོའི་ཆང་གི་དྲི་རྣམས་དང་རོ་སྐྱུར་བ་ནི་རྗེའུ་རིགས་རྣམས་ཀྱིའོ། །ཁ་དོག་ནག་པོ་དང་དྲི་མེད་པ་དང་རོ་ཚ་བ་དང་། ཁ་བ་ནི་དམངས་རིགས་རྣམས་

ཀྱིའོ། །ས་ཁྲུ་གང་ཚད་ཙམ་བརྐོས་ནས་དེ་ཡིས་དེ་བཞིན་དུ་དགང་བར་བྱ་སྟེ། དམའ་བ་དང་ལྷག་པ་དང་མཉམ་པ་གང་དུ་གནས་པ་དེའི་དམན་པ་དང་མཆོག་དང་བར་མ་རྣམས་སོ། །ཡང་ན་ཁྲུ་དོའི་ཚད་གྲུ་བཞིར་དོང་བརྐོས་ཏེ་དེའི་དབུས་སུ་མཎྜལ་བྱས་ནས་ཤར་གྱི་ཕྱོགས་སུ་མེ་ཏོག་

དཀར་པོ་གཞག་པར་བྱའོ། །དེ་བཞིན་དུ་ནུབ་དང་བྱང་དང་གཤིན་རྗེའི་ཕྱོགས་སུ་དམར་པོ་དང་སྔོན་པོ་དང་སེར་པོའི་མེ་ཏོག་རྣམས་གཞག་པར་བྱ་སྟེ། གང་མ་སྐམས་པ་དེ་ནི་དེའི་འོས་སུ་འགྱུར་རོ། །དེ་ལ་དེ་བཞིན་དུ་དོང་དེའི་ཤར་ལ་སོགས་པའི་ཕྱོགས་སུ་བུམ་པ་སོ་མ་བཏང་བའི་སྟེང་དུ་

སོ་བཏང་བའི་ཁམ་ཕོར་རྣམས་སུ་དཀར་པོ་ལ་སོགས་པའི་རིམ་པས་བའི་མར་གྱིས་མར་མེ་རབ་ཏུ་སྤར་ནས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་དཀར་པོ་ལ་སོགས་པའི་རིམ་པས་གང་རབ་ཏུ་འབར་བ་དེའི་ས་དེ་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་འོས་སོ། །དེ་བཞིན་དུ་དམར་པོ་དང་སེར་པོ་

Vol. 62 · folio 230a

དང་ནག་པོ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ཀྱི་དེའི་ས་གཞིར་འགྱུར་རོ། །དེ་བཞིན་དུ་ཀུ་ཤ་དང་ཤ་ར་དང་ཨུ་ཤི་ར་དང་དཱུར་བ་རྣམས་གང་མང་བའི་ས་ནི་གོ་རིམས་བཞིན་དུ་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་འོས་སོ། །ཁ་ཅིག་གི་འདོད་

པས་བྱང་ན་གཙང་པོ་ཆེན་པོ་འབབ་པའི་འགྲམ་དུའོ་ཞེས་སོ། །ཁ་ཅིག་གི་འདོད་པས་ལྷོ་ཕྱོགས་ན་འབབ་པའི་འགྲམ་དུ་གྲོང་ཁྱེར་ལ་སོགས་པའི་གཞིའོ་ཞེས་སོ་དེ་བཞིན་དུ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ས་གཞིར་མ་གྱུར་ན་ཇི་ལྟར་རྙེད་པའི་ས་གཞི་རྣམ་པར་སྦྱངས་པས་རང་གི་

རིགས་བསྒྲུབ་པར་བྱས་ནས་ཡོངས་སུ་གཟུང་བར་བྱའོ། །གང་དུ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པའི་ས་ལ། དེ་བཞིན་དུ་ས་གཞི་བའི་ལྕི་བ་ལས་བ་ལང་གི་ཀོ་བའི་ཚད་ཙམ་དུ་གྲྭ་བཞི་པའི་མཎྜལ་བྱས་ཏེ་དང་པོའི་ཐུན་ལ་མཆོད་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གྱི་

རྣལ་འབྱོར་དང་ལྡན་པས་སློབ་དཔོན་མཉམ་པར་གཞག་སྟེ། དེར་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ནས། ཕྱོགས་བཅུ་ན་བཞུགས་པའི་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་དཔུང་པ་བཟང་པོའི་ཚིགས་སུ་བཅད་པས་མཉེས་པར་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་

ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ལྷ་ལ་སོགས་པ་རྣམས་ལ་གཞི་ཇི་སྙེད་པ་འདི་སྩལ་དུ་གསོལ་ཞེས་ཚིགས་སུ་བཅད་པ་འདིས་ཞུ་བར་བྱའོ། །ཁམས་གསུམ་ས་གཞི་གང་རྣམས་ལ། །ཆེན་པོའི་ཆེན་པོ་གནས་གྱུར་པ། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་ལྷ་མ་ཡིན་ལ་

སོགས། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཁྱེད་རྣམས་བདག་ལ་གནང་བར་མཛོད། །ས་གཞི་བཟང་པོའི་ཆ་འདི་རུ། །ཕུན་ཚོགས་གཙུག་ལག་ཁང་གྱུར་པ། །གྲགས་པའི་གཞི་རུ་གྱུར་པ་དང་། །ལུས་ཅན་ཀུན་གྱི་འཚོ་ཕྱིར་དང་། །ཐོས་བསམ་ལ་སོགས་

སྤེལ་བ་དང་། །དམ་པའི་ཆོས་ནི་རབ་བསྒྲུབ་ཕྱིར། །མཆོད་རྟེན་ལ་སོགས་བཤད་པ་རྣམས། །གང་དང་གང་གིས་ཡིད་འདོད་ལ། །འདི་ཡི་ཉེས་ལེགས་རྣམ་དག་ཕྱིར། །བདག་ནི་ཆེ་གེ་མོ་ཞེས་བགྱི། །སྙན་པའི་གྲགས་པ་བསྐྱེད་པར་བྱ། །ཁྱེད་རྣམས་ཀོ་ལོང་མི་འགྱུར་

Vol. 62 · folio 230b

ན། །བདག་ལ་རྨི་ལམ་ལ་སོགས་བརྟག །དགེ་བའི་ས་གཞི་བདག་ལ་སྩོལ། །ཞེས་པ་འདི་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ལངས་ནས་བྱང་ཕྱོགས་སུ་ཕྱིན་ནས་སློབ་དཔོན་ལྷོར་ཞལ་མངོན་པར་ཕྱོགས་ཏེ། མདུན་དུ་སའི་རང་བཞིན་གྱི་སྣོད་དུ་ཟླ་བ་ཕྱེད་པའི་རྣམ་པའི་ཐབ་

ཁུང་ཡོངས་སུ་བརྟག་པར་བྱའོ། །ས་ནག་པོ་དང་། ཐལ་བ་ལ་སོགས་པ་ཇི་ལྟར་རྙེད་པའི་ཁུ་བས་ཉེ་བར་བྱུགས་ཏེ། དུར་ཁྲོད་ཀྱི་སོལ་བའི་ཕྱེ་མའི་རྡུལ་ཚོན་གདབ་སྟེ་མེ་ཏོག་སྔོན་པོ་གཅལ་དུ་དགྲམ་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་བྱས་ནས་

མདུན་དུ་ལྷོ་ཕྱོགས་ཀྱི་ཆ་ལ་མེ་ཏོག་སྔོན་པོའི་ཚོགས་འཕངས་ཏེ་མཆོད་ཡོན་གྱི་དུང་གི་སྣོད་གཞག་པར་བྱའོ། །གཡོན་དུ་ཡུངས་ཀར་དང་། ཚ་བའི་མར་ཁུ་དང་། ཁྲག་དང་དུག་དང་། ཚྭ་དང་། སྐྱེ་ཚེ་དང་། རོ་བསྲེགས་པའི་ཐལ་བ་དང་། རས་བལ་གྱི་སྙིང་པོ་དང་། ཁར་བའི་

ཕྱེ་མ་དང་། རྒྱ་སྐྱེགས་དང་། མིའི་རུས་པའི་ཕྱེ་མ་དང་། ནིམ་པའི་ལོ་མ་ལ་སོགས་པ་རྣམས་དང་། ཞག་དང་སྨྱོ་བྱེད་ཀྱི་ལོ་མའི་ཁུ་བ་བསྲེས་ཏེ་ནིམ་པ་དང་། ཡོངས་འདུ་ས་བརྟོལ་དང་། བྷ་ལཱ་ཏ་ཀ་དང་། མྱོས་བྱེད་ཀྱི་ཤིང་དང་། ཚེར་མ་དང་། ཁ་བའི་ཤིང་གི་རྩ་བའི་ཆ་ལས་

སྐྱེས་པ་རྣམས་བཞག་སྟེ་དུག་དང་། ཁྲག་དང་། མར་ཁུ་བསྲེས་ལ་རྩེ་གཉིས་བཅུག་པའི་ཡམ་ཤིང་ངོ་། །མར་དང་ཏིལ་དང་། ནས་དང་ཀུ་ཤ་དང་མེ་ཏོག་དང་། སྤོས་རྣམས་ཀྱང་ངོ་། །དེ་ནས་མྱོས་བྱེད་དང་། ནིམ་པ་དང་། ཡོངས་འདུ་ས་བརྟོལ་དང་། བྷ་ལཱ་ཏ་ཀ་དང་།

ཁ་བ་དང་། ཚེར་མ་ཅན་གྱི་ཤིང་སྐམ་པོ་ལ་ལྕགས་དང་། འཁར་བ་དང་། རྡོ་དང་། དུར་ཁྲོད་དང་། གཏུམ་པོའི་ཁྱིམ་ནས་བྱུང་བའི་མེ་ལ་མེ་རབ་ཏུ་སྦར་བར་བྱའོ། །དེ་ལ་ཡང་མེ་འབར་བའི་དབུས་སུ་ཧཱུྃ་སྔོན་པོ་ལས་ཡང་དག་པར་བྱུང་བ་ཁ་དོག་སྔོན་པོ་གོས་སྔོན་པོ་ཅན་རྒྱན་

གྱིས་བརྒྱན་པ་ཁྲོ་ཞིང་འཇིགས་སུ་རུང་བའི་གཟུགས་ཅན་ཞལ་མཆེ་བ་གཙིགས་པ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་མིག་གཅིག་འཛུམ་ཞིང་ལྟ་བའི་སྤྱན་གསུམ་དང་བཞིན་ཁྲོ་གཉེར་དང་ལྡན་པའོ། །ཕྱག་གཡས་ན་རལ་གྲི་དང་དབྱུག་པ་འཛིན་པ། གཡོན་ན་ཞགས་པ་དང་

Vol. 62 · folio 231a

སྤྱི་བླུགས་འཛིན་པ། དེ་ལྟ་བུར་གྱུར་པའི་མེའི་ཁྲོ་བོ་བསྒོམ་པར་བྱའོ། །དེ་དང་མཚུངས་པའི་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ནས་མཆོད་པ་བྱས་ལ་དམ་ཚིག་གི་མེ་གཞུག་པར་བྱའོ། །དེའི་རྗེས་སུ་ཨོཾ་ཀཱི་ལི་ཀཱི་ལ་བཛྲ་སརྦ་བི་གྷྣཱཾ་ཀཱི་ལ་ཡ་ཧཱུྃ་

ཕཊ། འདིས་བགེགས་ཐམས་ཅད་ལ་ཕུར་བུས་གདབ་པར་བྱའོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། འདིས་

བགེགས་ཐམས་ཅད་གསད་པར་བྱའོ། །ཨོཾ་བཛྲ་ཡཀྵ་སརྦ་པཱ་པཾ་ཁཱ་ད་ཡ་ཧཱུྃ་ཕཊ། འདིས་སྡིག་པ་ཐམས་ཅད་བཟའ་བར་བྱའོ། །དེ་ནས་མེ་ལ་མར་གྱི་དགང་བླུགས་གསུམ་དབུལ་ལོ། །ལག་པ་པུས་མོའི་ཕྱི་ངོས་སུ་བྱས་པས་སོ། །ཨོཾ་ཀྲོ་དྷ་ཨགྣ་ཡེ་ཛ་ཧི་ཀྲོ་དྷ་ཡ་ཧཱུྃ་ཕཊ། སྔགས་འདིས་

སྲེག་རྫས་ཐམས་ཅད་སྦྱིན་པར་བྱའོ། །དེ་ནས་མེ་ལ་ཞལ་བསིལ་ཕུལ་ནས་དེའི་སྙིང་གར་བགེགས་མཐར་བྱེད་བལྟས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་ཕུལ་ལ། དམ་ཚིག་སེམས་དཔའ་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཨཱཿབིགྷྣཱཾནྟ་ཀྲྀཏ་སརྦ་

པཱ་པཾ་ད་ཧ་ན་ཧཱུྃ། སྔགས་འདིས་སྔོན་བཞིན་དུ་སྲེག་རྫས་སྦྱིན་པར་བྱའོ། །དགང་བླུགས་གང་བར་ཕུལ་ནས་གཤེགས་སུ་གསོལ་ལོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་ཞལ་བསིལ་ལ་སོགས་པ་ཕུལ་ནས། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་ལོ། །

དེ་ནས་ལངས་ནས་ས་ཕྱོགས་གཙང་སར་མགོ་ལྷོར་ཕྱོགས་ཏེ་ཉལ་བར་བྱའོ། །དེ་ལ་རང་གི་ཁ་ལ་ལག་པ་གཡོན་པས་དགབ་པར་བྱ་སྟེ། སྔགས་འདི་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་སོ། །ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ནི་སྭཱ་ཧཱ། ཨོཾ་དཾ་ཏཱ་ལི་སྭཱ་ཧཱ། རྨི་ལམ་བཟང་

ངན་གྱི་མཚན་མ་བརྟག་པར་བྱའོ། །རྨི་ལམ་ན་མི་དགེ་བའི་མཚན་མ་བྱུང་བ་དེ་འདིར་འཆད་པར་འགྱུར་བའི་ཆོ་གས་སྟོང་ཕྲག་ཉི་ཤུའི་སྦྱིན་སྲེག་གིས་གྲོལ་བར་འགྱུར་རོ། །ཐམས་ཅད་ལ་འབུམ་ཕྲག་གཅིག་སྟེ་མདོར་བསྡུས་ནས་བཤད་དོ། །དེ་ནས་བགེགས་མེད་པའི་ས་གཞི་ལ་སྔ་

Vol. 62 · folio 231b

བར་ལངས་ཏེ་དམ་ཚིག་ལ་རང་གི་ཡི་དམ་ལྷའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་གྱིས་ཉེ་བར་སྤྱད་པ་ལྔ་དང་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ནས། དེ་ནས་གྲོ་གའམ་དར་བཟང་པོ་ལ་རྩིབས་བརྒྱད་པའི་འཁོར་ལོ་བྲི་བར་བྱའོ། །ལྟེ་བ་ལ་མཾ་གི་ཡི་གེ་བྲིའོ། །མཾ་ཡིག་གི་དབུས་

སུ་ཨོཾ་མཱ་རཱི་ཙྱཻ་ཨཱསྨིན་བྷཱུ་བྷཱ་གེ་སརྦ་དུཥྚ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱ་མ་བ་ཀཱ་ཥ་མ་ཀུ་རུ་སྭཱ་ཧཱ། ནང་གི་མུ་ཁྱུད་ལ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བ་རཱ་ལི་བཱ་རཱ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚ་ནཱཾ་མུ་ཁཾ་བནྡྷ་བནྡྷ་ཙཀྵུར་སྱ་བྷཱུ་བྷཱ་གཱ་སྱ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཤར་གྱི་རྩིབས་ལ། ཨོཾ་ཨརྐྐ་མ་སི་ཨ་སྱ་བྷཱུ་ད་གཱ་

སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། ལྷོའི་རྩིབས་ལ། ཨོཾ་མརྐྐ་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། ནུབ་ཀྱི་རྩིབས་ལ། ཨོཾ་ཏེ་ཛོ་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། བྱང་གི་རྩིབས་ལ། ཨོཾ་ནེ་ར་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། དབང་ལྡན་གྱི་རྩིབས་ལ། ཨོཾ་ཙི་བཱ་ར་མ་སི་ཨ་སྱ་བྷཱུ་བྷཱ་

གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། རླུང་གི་རྩིབས་ལ། ཨོཾ་བྷ་ན་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། བདེན་བྲལ་གྱི་རྩིབས་ལ། ཨོཾ་གུལྨ་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། མེའི་རྩིབས་ལ། ཨོཾ་ཨུ་ད་ཡ་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཕྱིའི་

མུ་ཁྱུད་ལ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལེ། བ་དཱ་ལེ། བ་རཱ་ལེ། བ་རཱ་ཧཱ་མུ་ཁི་ཨསྨིན་བྷཱུ་བྷཱ་གཱ་སྱ་སརྦ་དུཥྚ་བིགྷྣཱཾ་མུ་ཁཉྩ་ཀྵུ་བནྡྷ་བནྡྷ། ཨ་སྱ་བྷཱུ་བྷཱ་གཱ་སྱ་ཤཱནྟིཾ་པུཥྚིཾ་རཀྵཾ་ཀུ་རུ་སྭཱ་ཧཱ། སྔགས་འདིས་ཡང་སྤྲ་ཚིལ་གྱི་རས་ཀྱིས་དྲིལ་ནས་སྨྱུག་མ་ཤིན་ཏུ་རིང་མོའི་རྩེ་མོའམ་རྒྱལ་མཚན་གྱི་རྩེ་མོར་

གཞག་པར་བྱ་སྟེ་གདན་དང་བཅས་པའོ། །དེ་ནས་ས་གཞི་ལས་བགེགས་དང་ལོག་འདྲེན་ཐམས་ཅད་ཤིན་ཏུ་རིང་དུ་འབྲོས་པར་འགྱུར་ཏེ་སླར་བཟློག་པར་ལྟ་ག་ལ་འགྱུར། ས་ཕྱོགས་འདི་ནི་ངེས་པར་གཙུག་ལག་ཁང་ལ་སོགས་པར་དངོས་གྲུབ་ཏུ་འགྱུར་རོ་ཞེས་སོ། །ས་

བསྲུང་བའི་ཕྱིར་མེ་འབར་བའི་དབུས་སུ་བཾ་ཡིག་ལས་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་བདུད་རྩིའི་འོད་ཟེར་གྱི་ཕྲེང་བ་ལ་རལ་པ་དང་ཅོད་པན་བཅིངས་ཤིང་སྤྱན་གསུམ་པ་མཆོད་ཕྱིར་ཐོགས་དཀར་པོ་དང་གོས་ལ་སོགས་པས་རྣམ་པར་བརྒྱན་པ། ཕྱག་

Vol. 62 · folio 232a

གཡས་པས་མི་འཇིགས་པ་དང་བགྲང་ཕྲེང་བསྣམས་པ། གཡོན་པ་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ། ཞི་བའི་མེ་ལྷ་དཀར་པོ་རྣམ་པར་བསྒོམས་ལ། ཡེ་ཤེས་ཀྱི་མེ་སྤྱན་དྲང་བར་བྱའོ། །ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི་ཤིང་དང་། ཤ་ལའི་

བཟའ་བ་དང་། འབྲས་ཡོས་དང་། ནས་དང་ཞོ་དང་། འོ་མ་དང་། ཙནྡན་དང་། མེ་ཏོག་དང་། ཀུ་ཤའི་རྩེ་མོ་དང་། དཱུར་བའི་རྩེ་མོས་སྔོན་བཞིན་དུ་ཉུག་པར་བྱའོ། །ཨོཾ་པཱ་ཀཱགྣ་ཡེ་སྭཱ་ཧཱ། སྔགས་འདིས་དམར་གསུམ་དང་བསྲེས་པའི་ཏིལ་གྱིས་སྦྱིན་སྲེག་སྟོང་ཕྲག་གཅིག་

བྱའོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།ལྷ་ཡི་རྣལ་འབྱོར་ལྡན་གྱུར་པས། །ས་ནི་མཆོད་པའི་ཆོ་ག་ཡིས། །ལྷ་ནི་སྟེང་དུ་བཏེག་བྱས་ནས། །དེ་ནས་ས་ནི་སྦྱང་བར་བྱ། །དེ་ལ་སློབ་དཔོན་

གྱིས་རང་གི་ཡི་དམ་ལྷའི་རྣལ་འབྱོར་དང་ལྡན་པས་ཉི་མ་ནུབ་པའི་དུས་སུ་གཞོན་ནུ་མ་ཅིག་ཁ་ཤར་དུ་ཕྱོགས་ཏེ་མཆོད་ཅིང་བསྟོད་ནས། ཀྱེ་བཅོམ་ལྡན་འདས་མ་དགེ་བ་དང་མི་དགེ་བ་གསུངས་ཤིག་ཅེས་བྱའོ། །ཨ་ཀ་པ་ཏ་ཙ་ས་ཧ་བ་ཛ་རྣམས་ལས་ཚིག་གི་དང་པོ་ལ་སྨྲ་བ་

དེ་བརྫུན་པར་སྨྲ་བར་མི་འགྱུར་བར་རྗེས་སུ་དཔག་པར་བྱའོ། །དེ་ལ་ས་གཞི་རེའུ་མིག་དགུར་བྱས་ལ་ཇི་ལྟར་དེའི་ལན་ཨ་ཡིག་དང་པོར་གྱུར་ན་དེའི་ངེས་པས་ཤར་ཕྱོགས་སུ་རྐང་པས་ལྷག་པའི་ཁྲུ་གང་གི་འོག་ན་བྲམ་ཟེ་རྣམས་ཀྱི་རུས་པའོ། །དེ་མ་བཏོན་པའི་ཉེས་པ་ནི་རིགས་

དང་ཆུང་མ་འཆི་བ་དང་མེའི་འཇིགས་པའོ། །ཚིག་གི་ལན་ལ་ཀ་དང་པོར་གྱུར་ན་མེར་རྒྱལ་རིགས་ཀྱི་རུས་པའི་སེལ་ཏེ། རྐང་པ་གཉིས་ཀྱི་ལྷག་པའི་ཁྲུ་གང་གི་འོག་ཏུའོ། །གལ་ཏེ་དེ་མ་བཏོན་ན་དེས་ནད་སྣ་ཚོགས་དང་། མེའི་འཇིགས་པ་དང་། ནོར་ཉམས་པ་དང་།

རྒྱལ་པོས་འཚིར་བ་སྟེར་བར་བྱེད་པར་འགྱུར་རོ། །ཚིག་གི་ལན་ལ་པ་དང་པོར་གྱུར་ན་ལྷོ་ཕྱོགས་ན་རྐང་པས་དམན་པའི་ཁྲུ་དོའི་འོག་ན་རྗེའུ་རིགས་ཀྱི་རུས་པའོ། །དེ་མ་བཏོན་ན་ཕྱི་དང་ནང་གི་ཚ་བ་དང་ནོར་ཉམས་པར་འགྱུར་རོ། །ཚིག་གི་ལན་ལ་ཏ་དང་པོར་གྱུར་ན་སྲིན་པོའི་

Vol. 62 · folio 232b

ཕྱོགས་ན་དམངས་རིགས་ཀྱི་རུས་པ་སྟེ་ཁྲུ་དོའི་འོག་ནའོ། །གལ་ཏེ་དེ་མ་བཏོན་ན་དེས་སྣ་ཚོགས་པའི་ནད་དང་། འཚིར་བ་དང་སྲེག་པའི་འཇིགས་པ་དང་། ཁྱིམ་བདག་འཆི་བར་འགྱུར་རོ། །ཚིག་གི་ལན་ལ་ཙ་དང་པོར་གྱུར་ན་ཆུ་བདག་གི་ཕྱོགས་ན་བྲམ་ཟེའི་རུས་པ་སྟེ་རྐང་པས་

ལྷག་པའི་ཁྲུ་དོའི་འོག་ནའོ། །གལ་ཏེ་དེ་མ་བཏོན་ན་ཁྱིམ་མེས་ཚིག་པར་འགྱུར་རོ། །ཚིག་གི་ལན་ལ་ས་དང་པོར་གྱུར་ན་རླུང་གི་ཕྱོགས་ན་ས་བདག་གི་རིགས་ཀྱི་རུས་པ་སྟེ་ཕྱེད་དང་བཅས་པའི་ཁྲུ་དོའི་འོག་ཏུའོ། །དེ་མ་བཏོན་ན་མྱ་ངན་དང་། བུད་མེད་ལོག་པར་སྤྱོད་པར་

འགྱུར་རོ། །ཚིག་གི་ལན་ལ་ཧ་དང་པོར་གྱུར་ན་བྱང་ཕྱོགས་ན་རྐང་པ་གསུམ་ལྷག་པའི་ཁྲུ་དོའི་འོག་ན་རྗེའུ་རིགས་ཀྱི་རུས་པའི་སེལ་ལོ། །དེ་མ་བཏོན་ན་མི་དང་མི་མོ་ཚེ་ཐུང་བར་འགྱུར་རོ། །ཚིག་གི་ལན་ལ་བ་དང་པོར་གྱུར་ན་ཁྲུ་གསུམ་གྱི་འོག་ན་དམངས་

རིགས་ཀྱི་རུས་པའོ། །ཡང་ན་ཞུམ་བུའི་རུས་པའམ་ལྕགས་སམ་སོལ་བའོ། །དེ་མ་བཏོན་པར་གྱུར་ན་རིགས་དང་ནོར་ཉམས་པར་འགྱུར་རོ། །ཚིག་གི་ལན་ལ་ཛ་དང་པོར་གྱུར་ན་དེའི་དབུས་ན་གཉིས་སྐྱེས་ཀྱི་རུས་པའོ། །དེ་མ་བཏོན་ན་རྒྱལ་པོས་འཚིར་བ་དང་དེའི་ཆད་པ་

དང་ནོར་ཟད་པའི་ཉེས་པ་རྣམས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་དུ་ཉེས་པ་དཔག་ཏུ་མེད་པ་བྱེད་པར་འགྱུར་བའི་ཕྱིར་རུས་པ་རྣམས་གདོན་པར་བྱའོ། །དེ་ནས་གཞོན་ནུ་མའི་མདུན་དུ་མཆོད་པ་བྱས་ནས་ཡུངས་ཀར་དང་ནིམ་པའི་ལོ་མ་ལ་སོགས་པ་ཆང་པ་གཡས་པས་

གཟུང་སྟེ་གཡས་ཕྱོགས་སུ་བསྐོར་ཞིང་ཆང་པ་གཡོན་པས་གཟུང་ཞིང་གཡོན་ཕྱོགས་སུ་བསྐོར་ནས་མེ་ལ་ལན་གསུམ་དུ་འཕང་བར་བྱའོ། །ཞལ་བསིལ་གྱི་ཆུ་ཡང་འཕང་བར་བྱ་སྟེ་སྔགས་འདི་དག་གིས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། དེའི་རྗེས་སུ་ཨརྐའི་

བལ་གྱི་སྟོང་བུ་སྦྱར་ཏེ། ཛྱོ་ཏི་ཤ་མ་ཏིའི་མར་ཁུའམ། ཏིལ་ནག་པོའི་མར་མེ་རབ་ཏུ་སྦྱར་ཏེ་རུས་པ་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཕྱོགས་གང་དུ་མར་མེའི་རྩེ་མོ་རྒྱུག་པ་དེ་ལ་ངེས་པར་རུས་པ་ཡོད་པར་རིག་པར་བྱའོ། །ཡང་གང་དུ་རུས་པ་ཡོད་པ་དེར་མར་མེ་རྡུལ་གྱིས་ཉེ་

Vol. 62 · folio 233a

བར་འཐིབས་པར་འགྱུར་རོ། །དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ནས་མེ་ཏོག་གིས་བརྒྱན་ཅིང་འབྲས་ཡོས་ཀྱིས་མཆོད་ནས་གདུག་པ་ཅན་གྱིས་ཉེ་བར་བསྒྱུར་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ལངས་ནས་མེའི་ཕྱོགས་ནས་རླུང་གི་ཕྱོགས་སུ་སློབ་དཔོན་ཞལ་

མངོན་པར་ཕྱོགས་ཏེ་སེང་ལྡེང་གི་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་རབ་ཏུ་འབར་བའི་དབུས་སུ་ཁྲག་དང་ཐལ་བས་བྱུགས་པའི་གོས་འཛིན་པ་ཚངས་སྐུད་དང་ལྡན་པ་རི་དྭགས་རླུང་ལ་ཞོན་པ་མགྲིན་པ་རིད་བ་མགོ་རལ་པའི་ཐོར་ཚུགས་བཅིངས་པ་མིག་གསུམ་པ་གཡོ་བའི་བདག་ཉིད་ཅན་

རཾ་ཡིག་ལས་སྐྱེས་པའི་དབྱུ་གུ་རྩེ་གསུམ་དང་། བགྲང་ཕྲེང་དང་། བ་དན་དང་། སྤྱི་བླུགས་ཀྱིས་མཚན་པའི་ལག་པ་བཞི་དང་ལྡན་པ་ནག་པོ་དང་། དམར་མོ་འདྲེས་མ་ཐལ་བའི་རྡུལ་གྱིས་ལུས་ལ་གོས་པ་དྲག་པོ་རླུང་གི་མེ་ལྷ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་མེ་ལ་སོགས་

པའང་སྤྱན་དྲང་བར་བྱའོ། །ཡུངས་འབྲུ་ལྔ་དང་། གནྡྷ་མུ་ཏ་དང་། སྤང་སྤོས་དང་། རྨ་བྱའི་གཙུག་ཕུད་རྣམས་ཚ་བའི་མར་ཁུ་དང་བསྲེས་ཏེ་གཞན་ཏིལ་ལ་སོགས་པའི་སྲེས་རྫས་ཀྱིས་སྦྱིན་སྲེག་བྱའོ། །ཨོཾ་མ་རུ་ཏ་ཨགྣ་ཡེ་སྭཱ་ཧཱ། སྔགས་འདིས་གདུག་པ་ཅན་

སྐྲོད་པའི་སྦྱིན་སྲེག་བྱའོ། །དེའི་རྗེས་སུ་ལངས་ཏེ་ཉལ་བར་བྱའོ། །དེ་ནས་སློབ་དཔོན་དགེ་བའི་ཉི་མ་གཉིས་པ་ལ་རང་གི་ཡི་དམ་ལྷའི་རྣལ་འབྱོར་བྱས་ནས་གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་ཞིང་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་དང་ཉེར་སྤྱོད་ལ་སོགས་པ་ཕུལ་ནས་

ཞུ་བར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་དཔུང་། །བཅོམ་ནས་

གཙུག་ལག་ཁང་སོགས་བགྱི། །ཞེས་པ་ལན་གསུམ་བརྗོད་པར་བྱའོ། །སའི་ལྷ་མོ་ལ་གསོལ་བ་བཏབ་ནས་ས་སྦྱང་བའི་ཕྱིར་སེལ་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ལུས་ཀྱི་གནས་ལ་སེལ་ཡོད་ན་སྐྱེས་བུ་རྣམས་ཀྱི་ཟུག་རྔུར་བྱེད་པ་དེ་བཞིན་དུ་ཁང་ས་གང་ཞིག་ལ་

Vol. 62 · folio 233b

སེལ་ཡོད་ན། དེ་ལ་གནས་པའི་སྐྱེས་བུ་རྣམས་ལ་མི་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །ཁྱིམ་གང་ལ་སེལ་ཡོད་པ་དེར་ལྷ་དང་གཉིས་སྐྱེས་གནས་ཀྱང་མཆོད་པར་མི་འགྱུར་རོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་། དམངས་རིགས་རྣམས་ཀྱང་འདོད་པ་ཆེ་བ་

དང་། ཆོས་ལ་སྨོད་པ་དང་། སྡིག་པ་སྤྱོད་པ་དང་། བཀྲ་ཤིས་དང་། སྦྱིན་སྲེག་དང་། བཟླས་པའི་བྱ་བ་རྣམས་སྤང་བ་དང་། ཕ་དང་མ་དང་བླ་མ་ཡང་སུན་འབྱིན་པ་དང་། དབུལ་པོ་དང་། ནད་ཀྱིས་མནར་བ་དང་། སྡིག་པའི་གྲོགས་པོ་རྣམས་མང་པོར་འགྱུར་རོ། །

གཞན་ཡང་བ་ལང་གི་མགོའི་རུས་པས་ནི་ཕྱུགས་དང་ནོར་ཉམས་པར་འགྱུར་རོ། །རྟའི་མགོ་བོས་ནི་ཁྱིམ་བདག་ནོར་དང་ལྡན་ཞིང་མཚོན་ཆས་འཚོ་བར་འགྱུར་རོ། །བ་ལང་གི་རུས་པ་སྤྱི་རྣམས་ཀྱིས་སྡུག་བསྔལ་གྱི་རྣམ་པ་རྣམས་ཉེ་བར་སྐྱེད་པར་བྱེད་དོ། །མིའི་རྐེད་པའི་རུས་

པས་ནི་རིགས་ཉམས་པར་བྱེད་དོ། །མི་རུས་སྤྱི་རྣམས་ཀྱིས་ནི་བདག་པོ་ཉམས་པ་དང་། ནོར་ཉམས་པ་དང་། གསོད་པ་དང་། འཆིང་བ་དང་། བུད་མེད་འཕྱོ་བ་དང་། ཚངས་སྤྱོད་འཇོམས་པ་ལ་སོགས་པའི་ཉེས་པ་རྣམས་སུ་འགྱུར་རོ། །བུང་བུ་དང་བུང་བུའི་རུས་པ་རྣམས་

ཀྱིས་ནི་བདག་པོ་འཇིགས་པ་དང་། ཉེ་བར་སྐྲོད་པར་ཡང་འགྱུར་རོ། །ཁྱིམ་བྱའི་རུས་པས་ནི་སྡུག་བསྔལ་བར་བྱེད་དོ། །གླང་པོ་ཆེའི་རུས་པས་ནི་བུད་མེད་རྣམས་ངན་དུ་སྤྱོད་པར་འགྱུར་རོ། །ལུག་གི་རུས་པས་ནི་ནོར་མེད་པ་དང་བློ་གྲོས་དམན་པར་ཡང་འགྱུར་རོ། །མྱུར་

འགྲོའི་རུས་པས་ནི་བ་ལང་གི་རིགས་ཉམས་པར་འགྱུར་རོ། །རའི་རུས་པ་རྣམས་ཀྱིས་ཀྱང་ངོ་། །རི་དྭགས་དང་གཟིག་དང་། ཅེ་སྤྱང་གི་རུས་པ་རྣམས་ཀྱིས་ནི་ཁྱིམ་བདག་ཕ་རོལ་གྱིས་ཉེ་བར་འཚེ་བར་འགྱུར་རོ། །སྟག་གི་རུས་པས་ནི་འཚེ་བ་དང་དགྲའི་འཇིགས་པར་བཤད་

དོ། །ཕུབ་མས་ནི་འབྲུ་རྣམས་ཉམས་པར་བྱེད་དོ། །རྡུལ་གྱིས་ནི་གཞན་དུ་འཁྱམས་པར་བྱེད་དོ། །ཐལ་བ་དང་སོལ་བ་དག་གིས་ནི་སྲེག་པའི་ཉེས་པའོ། །ཕག་གི་རུས་པས་ནི་ནད་དུ་བྱེད་དོ། །ར་གན་གྱིས་ནོར་ཉམས་པར་བྱེད་དོ། །ཟངས་མས་ཀྱང་ངོ་། །རི་དྭགས་དང་བྱ་

Vol. 62 · folio 234a

དང་སྲིན་པོའི་རུས་པ་རྣམས་ཀྱིས་འཆིའོ། །བྱི་བའི་ཐོད་པས་ནོར་དང་འབྲུ་རྣམ་པར་ཉམས་པར་བྱེད་དོ། །སྦྲེ་མོ་དང་གཡི་དག་གི་རུས་པས་གཉེན་རྣམས་དང་འཁོན་པར་བྱེད་དོ། །སྦྲུལ་གྱི་རུས་པས་སྟོབས་དང་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་རོ། །ལུག་

གི་རུས་པས་ཚེ་ཐུང་བའོ། །ལྕགས་ཀྱིས་མིག་ནད་དོ། །རྡོ་ཡིས་འཇིགས་པ་དང་སེམས་གཡེང་བར་བྱེད་དོ། །རྩྭ་སྐམ་པོས་ནད་དོ། །ལོ་མ་སྐམ་པོས་གཞན་གྱི་བྲན་དུ་འགྱུར་རོ། །སྐྲ་ཡིས་སྡུག་པའོ། །མིའི་ཐོད་པས་ནི་བུ་དང་གཉེན་རྣམས་དང་བྲལ་བར་བྱེད་དོ། །ཤིང་

སྐམ་པོས་དབུལ་པོར་འགྱུར་རོ། །སོའི་རུས་པས་བཞོན་པ་ཉམས་པར་བྱེད་དོ། །ཞུམ་བུའི་བྱང་ཁོག་གིས་བུ་དང་བུད་མེད་དང་འབྲལ་བར་བྱེད་དོ། །མགྲིན་པའི་རུས་པས་འཆི་བར་བྱེད་དོ། །ལྕགས་སྒྲོག་གིས་ཆུང་མ་དང་ལྷན་ཅིག་པ་དང་འབྲལ་བར་བྱེད་དོ། །མིའི་

ཐལ་གོང་གི་རུས་པས་ནད་མང་པོ་སྟེར་བར་བྱེད་དོ། །སོག་པས་ནོར་ཉམས་པར་བྱེད་དོ། །དཔུང་པས་ཕ་རོལ་གྱིས་བརྙས་པར་བྱེད་དོ། །རྫའི་སྣོད་ཆག་པོས་བུ་དང་བྲལ་བར་བྱེད་དོ། །ཁྲའི་རྐང་པས་ནོར་དང་བུད་མེད་ཉམས་པར་བྱེད་དོ། །གྱོ་དུམ་གྱིས་སྡུག་

བསྔལ་དང་མིག་ནད་དུ་ཡང་འགྱུར་རོ། །དུད་འགྲོའི་རུས་པས་མྱ་ངན་སྟེར་རོ། །ཕྱུགས་ཀྱི་རུས་པས་ལྟོགས་པ་དང་སྐོམ་པ་སྟེར་རོ། །ཀཱ་ཤེ་རུ་ཀའི་རུས་པས་ཕག་དང་མི་དག་ཞེ་སྡང་དང་ནད་དུ་ཡང་བྱེད་དོ། །ཞ་ཉེས་ནི་རྐེད་ནད་དོ། །ལྕགས་གསུམ་གྱི་སེལ་གྱིས་

དགའ་བ་ཉམས་པར་བྱེད་དོ། །བརླའི་རུས་པས་བུད་མེད་ངན་དུ་སྤྱོད་པར་འགྱུར་རོ། །བྱིན་པའི་རུས་པས་འཆི་བ་སྟེར་རོ། །རུས་པ་ཚིག་པོས་འཆིང་བར་བྱེད་དོ། །འདྲེག་མཁན་གྱི་སྣོད་ཀྱིས་ཕ་རོལ་གྱིས་འཚེ་ཞིང་སྡུག་བསྔལ་དང་དབུལ་པོར་འགྱུར་རོ། །རྟ་རྨིག་གིས་

རིང་དུ་འཁྱམས་པ་དང་། ཉམས་པ་དང་། ཉོན་མོངས་པས་འཚེ་བར་འགྱུར་རོ། །ཚེར་མས་རིང་དུ་འཁྱམས་པའོ། །ཤལ་མ་ལིས་འཆིང་བར་བྱེད་དོ། །སོར་གདུབ་དང་རྨ་བྱ་བྲིས་པས་མྱ་ངན་དང་འདོད་པ་ཉམས་པ་རབ་ཏུ་སྟེར་རོ། །འཁར་བས་ནི་ནོར་ཉམས་པར་བྱེད་དོ། །

Vol. 62 · folio 234b

ལྷང་ཚེར་དང་ལྷམ་གྱིས་ངན་པ་རབ་ཏུ་སྟེར་རོ། །རྩ་བའི་རུས་པས་ནོར་ཉམས་པར་བྱེད་དོ། །ཏ་ལུ་ཀའི་རུས་པས་སེམས་རྨོངས་པར་བྱེད་དོ། །ཕྲག་པ་དང་འགྲམ་པའི་རུས་པས་འཆི་བ་དང་ནོར་ཉམས་པའོ། །མ་ཧེའི་རུས་པས་བུ་མོ་སྐྱེ་བར་བྱེད་དོ། །སྤྲེའུའི་རུས་པས་དོན་ཉམས་

པའོ། །རྔ་མོའི་རུས་པ་རྣམས་ཀྱིས་སྦྱིན་བདག་འཆིའོ། །འཆད་པར་འགྱུར་བའི་དབང་ཕྱུག་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། རྡོ་རྗེ་འཇིགས་པ་དང་། ཕུར་བུ་དང་། རྣམ་ཐོས་སྲས་དང་། བདུད་རྩི་འོད་དང་། ཟླ་འོད་དང་། རྡོ་རྗེ་རྒྱས་པ་

དང་། བཟང་སྐྱོང་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་རྒྱུ་རྣམས་ཀྱི་རེ་མིག་བཅུ་གསུམ་པོ་རྣམས་ལ་སེལ་གནས་ན་རིགས་མི་འཕེལ་བ་དང་བུ་མེད་པའི་ཉེས་པ་སྟེར་བར་འགྱུར་རོ། །ལྷ་མ་ཡིན་དང་རྡོ་རྗེ་ལས་དང་རྡོ་རྗེ་མེ་དང་། ཉི་འོད་འབར་བ་དང་། རྡོ་རྗེ་དྲི་དང་།

བྱམས་པ་དང་། སྤོས་ཀྱི་གླང་པོ་དང་། ཀུན་དུ་བཟང་པོ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་སེམས་དཔའ་རྣམས་ཀྱི་རེ་མིག་དགུ་ལ་སེལ་ཡོད་ན་བུད་མེད་འཆི་བར་འགྱུར་རོ། །ད་ནི་དགེ་བའི་མཚན་རྣམས་བཤད་པར་བྱ་སྟེ། དེ་ལ་སྦལ་པའི་རུས་པས་ཆོས་དང་ནོར་སྟེར་བར་བྱེད་

དོ། །གསེར་གྱིས་ནོར་དང་བུ་སྟེར་བར་བྱེད་དོ། །འབྲུ་ཡིས་བདེ་བ་འབབ་པར་བྱེད་དོ། །ཉ་ཕྱིས་ཀྱིས་བདེ་བ་དང་ཞི་བ་སྟེར་བར་བྱེད་དོ། །རུས་སྦལ་གྱི་རུས་པས་ནི་རིག་པ་ཐོབ་པ་དང་རྒྱས་པར་བྱེད་དོ། །དུང་གིས་འདོད་པ་དང་ཡོ་བྱད་རབ་ཏུ་སྟེར་རོ། །བ་ལང་གི་རོས་ནོར་དང་འབྲུ་

སྟེར་རོ། །མུ་ཏིག་གི་འབྲས་བུས་དཔལ་སྟེར་རོ། །བྱི་རུས་ནད་མེད་པར་བྱེད་དོ། །དངུལ་གྱིས་ཞི་བར་བྱེད་དོ། །རུས་སྦལ་དང་སྦལ་པ་གསོན་མའམ་མི་གསོན་པ་ཡང་རུང་སྟེ། དགེ་བ་རབ་ཏུ་སྟེར་རོ། །དབང་པོ་དང་མེ་དང་། གཤིན་རྗེ་དང་། མཚན་མོ་སྤྱོད་པ་དང་། ཆུ་བདག་

དང་། རླུང་གི་ཕྱོགས་རྣམས་སུ་གནས་པའི་ཁྲོན་པས་ནི་གོ་རིམས་བཞིན་དུ་མེ་ཡིས་འཇིགས་པ་དང་། དགྲ་ཡིས་འཇིགས་པ་དང་། འཐབ་མོ་དང་། བུ་འཆི་བ་དང་། བུད་མེད་གཡེམ་པ་དང་། བུད་མེད་འཆི་བར་བྱེད་དོ། །བྱང་ཕྱོགས་ན་གནས་པའི་ཁྲོན་པས་ནི་རྒྱས་

Vol. 62 · folio 235a

པར་བྱེད་དོ། །དབང་ལྡན་ན་ཡོད་པོས་ཞི་བར་བྱེད་དོ། །གཙང་པོས་འཁོར་བའམ་ཕྱོགས་གཉིས་ན་གཙང་པོ་ཡོད་པའི་ས་དེ་དགེ་བར་བྱེད་དོ། །གཤིན་རྗེའི་ཕྱོགས་ན་གཙང་བ་ཡོད་ན་མི་དགེ་བར་བྱེད་དོ། །ལྷོ་དང་ནུབ་ན་ནགས་དང་རི་དྭགས་གནས་པས་དགེ་བར་

བྱེད་དོ། །ས་གཞི་གང་ཞིག་ཚ་བའི་དུས་ན་བསིལ་བ་གྲང་བའི་དུས་སུ་དྲོ་བ་དང་། དབྱར་གྱི་དུས་སུ་སྙོམས་པ་དེས་རིགས་བཞི་པོ་རྣམས་དགེ་བར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ནས་ཁང་པའི་དབུས་སུ་སའི་ལྷ་མོ་རྣམ་པར་བསྒོམས་ཏེ་མཆོད་པ་

ལ་སོགས་པ་བྱས་ནས་སླར་ཞུ་བར་བྱ་སྟེ། རྣམ་པ་ཀུན་དུ་ཁྱོད་ཕྱག་འཚལ། །ཀྱེ་ཧོ་ལྷ་མོས་རབ་ཏུ་སྩོལ། །དཀོན་མཆོག་གསུམ་གྱི་བཞུགས་གནས་ཕྱིར། །གཙུག་ལག་ཁང་ནི་བཞེངས་པར་བྱ། །ཨོཾ་ཧཱུྃ་ཛཾ་ཛཾ་སྭཱ་ཧཱ། ཞེས་པ་ནི་ས་བླང་བའི་སྔགས་སོ། །དེ་ནས་མཆོད་པ་

ལ་སོགས་པ་ཕུལ་ནས། ཡང་དག་པར་མཆོད་དེ་སའི་ལྷ་མོ་ཡིད་ཀྱིས་བཏེག་སྟེ་ནམ་མཁའ་ལ་དགོད་པར་བྱའོ། །དེ་ལ་རེ་མིག་བརྒྱད་ཅུ་རྩ་གཅིག་གི་ལྷ་རྣམས་མཆོད་པའི་ཕྱིར་ཕྱོགས་བཞིའི་ཕྱོགས་རྣམས་སུ་རྩ་བཞི་བཅུའི་རང་བཞིན་གྱི་ལྷ་མོ་བཞི་བཅུ་རྣམས་བསྒོམ་པར་བྱའོ། །

དེ་རྣམས་ལ་དང་པོར་མཆོད་པར་བྱའོ། །དེ་ལ་ཤར་ཕྱོགས་ཀྱི་ཕྱི་རོལ་ཏུ་དང་པོ་དབང་ལྡན་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྤྱང་་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་གྱུར་

པ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་པ་རྣམས་ནི་ཞལ་ནུབ་ཏུ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཕྱི་རོལ་དུ་དང་པོ་མེ་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་

འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣམས་ཞལ་བྱང་དུ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་ཡང་ནུབ་ཕྱོགས་ཀྱི་ཕྱི་རོལ་དུ་དང་པོ་བདེན་བྲལ་ནས་གོ་རིམས་ཇི་ལྟ་བ་

Vol. 62 · folio 235b

བཞིན་དུ་རྩ་བཅུ་སྟེ། ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེས་དང་། ཆོས་རྣམས་ལ་དབང་བའི་རང་བཞིན་ཏེ། དེ་བཞིན་དུ་ཤར་དུ་ཕྱོགས་ནས་བཞུགས་པའོ། །དེ་བཞིན་དུ་བྱང་ཕྱོགས་

ཀྱི་ཕྱི་རོལ་དུ་དང་པོ་རླུང་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ། ནོར་རྒྱུན་མ་དང་། རིན་ཆེན་སྣང་མ་དང་། གཙུག་ཏོར་རྣམ་པར་རྒྱལ་མ་དང་། འོད་ཟེར་ཅན་དང་། རི་ཁྲོད་ལོ་མ་ཅན་དང་། སྒོ་མཐའ་ཡས་མ་དང་། ཛཱཾ་གུ་ལི་དང་། ཙུན་ད་དང་། ཤེས་རབ་སྤེལ་མ་

དང་། སངས་རྒྱས་ཀུན་གྱི་མཛོད་ལྡན་མ་རྣམས་ཏེ་གཟུངས་མ་བཅུའི་རང་བཞིན་རྣམས་ནི་ཞལ་ལྷོར་མངོན་པར་ཕྱོགས་པའོ། །དེ་ལ་རབ་ཏུ་དགའ་བ་ལ་ཕྱོགས་པ་བཅུ་ནི་དམར་པོ་དང་། དཀར་པོ་དང་། དམར་སྐྱ་དང་། ནག་པོ་དང་། སེར་པོ་དང་། གསེར་དང་།

ནམ་མཁའ་དང་། སྐྱ་བོ་དང་། དཀར་པོ་དང་། སེར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་པ་སྟེ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་འཛིན་པའོ། །གཡོན་པ་རྣམས་ན་ཡིད་བཞིན་གྱི་ནོར་བུ་དང་། པདྨ་དཀར་པོ་དང་། སྣ་ཚོགས་པདྨའི་སྟེང་ན་ཉི་མ་དང་། ཨུཏྤལ་སྔོན་པོ་

དང་། མརྒད་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་དང་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་དང་། པདྨའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དམར་པོ་དང་། རལ་གྲིས་མཚན་པའི་ཨུཏྤ་ལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་

རྣམས་འཛིན་པའོ། །སྦྱིན་པ་ལ་སོགས་པ་རྣམས་ནི་དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། སེར་པོ་དང་། སྐྱ་བོ་དང་། ནག་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་ཏེ་ཕྱག་གཡས་པ་རྣམས་ནི་ཡིད་བཞིན་གྱི་ནོར་བུ་འཛིན་པ་རྣམས་

སོ། །གཡོན་ན་འབྲས་ཀྱི་སྙེ་མ་འཛིན་པ་དང་། ཨ་ཤོ་ཀའི་ལོ་མ་དང་པདྨ་དཀར་པོ་དང་། ཨུཏྤལ་སྔོན་པོ་དང་། པདྨ་དཀར་པོ་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་དང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། པདྨ་སེར་པོ་ལ་གནས་པའི་རྡོ་རྗེ་དང་།

Vol. 62 · folio 236a

ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་རྣམས་འཛིན་པའོ། །ཚེ་ལ་དབང་བ་ལ་སོགས་པ་རྣམས་ནི་དམར་པོ་དང་། དཀར་པོ་དང་། སེར་པོ་དང་།

ལྗང་གུ་དང་། སྣ་ཚོགས་པའི་མདོག་དང་། ནག་པོ་དང་། སྐྱ་བོ་དང་། སེར་པོ་དང་། སྔོན་པོ་དང་། དཀར་པོའི་མདོག་རྣམས་སོ། །ཕྱག་གཉིས་ཏེ་གཡས་པ་རྣམས་ན་པདྨ་འཛིན་པའོ། །གཡོན་པ་ན་པདྨ་རཱ་ག་ལ་གནས་པའི་འོད་དཔག་མེད་ཀྱི་སྐུ་དང་། རྡོ་རྗེ་

དམར་པོ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སྣ་ཚོགས་རྡོ་རྗེ་དང་། ཁ་དོག་སྣ་ཚོགས་པའི་འཁྲི་ཤིང་དང་། པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་དང་། པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་དང་། ཨུཏྤ་ལ་དང་། ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། པདྨ་ལ་

གནས་པའི་བུམ་པ་བཟང་པོ་ཕྱག་ན་བསྣམས་པའོ། །ནོར་རྒྱུན་མ་ལ་སོགས་པ་རྣམས་ནི་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྐྱ་བོ་དང་། སྔོན་པོ་དང་། དཀར་པོ་དང་། ལྗང་གུ་དང་། དཀར་པོ་དང་། སྐྱ་བོ་དང་། སེར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་པ་

སྟེ་ཕྱག་གཡས་པ་ན་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །གཡོན་པ་རྣམས་ན་འབྲས་ཀྱི་སྙེ་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། ནོར་བུ་ཆུ་ཤེལ་གྱི་བུམ་པ་དང་། ཁབ་དང་སྐུད་པ་དང་། རྨ་བྱའི་སྒྲོ་དང་། དུག་གི་མེ་ཏོག་གི་སྙེ་མ་དང་། གཏེར་གྱི་བུམ་པ་

ཆེན་པོ་དང་། ཕྲེང་བ་འཕྱང་བའི་སྤྱི་བླུགས་དང་། ཨུཏྤལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་འཛིན་པ་རྣམས་སོ། །ལྷ་མོ་བཞི་བཅུ་པོ་ནི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་

པའོ། །དེ་ནས་མཆོད་པའི་སྔགས་ནི། ཨོཾ་ཨཱཿཔྲ་མུ་དི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བི་མ་ལཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་པྲ་བྷཱ་ཀ་རཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨརྩིཥྨ་ཏྱཻ་ན་མཿསྭཱ་ཧཱ། ཨོཾ་སུ་དུརྫ་ཡཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨ་བྷི་མུ་ཁཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་དུ་རཾ་ག་མཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨ་ཙ་ལཱ་ཡཻ་

Vol. 62 · folio 236b

ན་མཿསྭཱ་ཧཱ། ཨོཾ་སཱ་དྷུ་མ་ཏྱཻ་ན་མཿསྭཱ་ཧཱ། ཨོཾ་དྷརྨ་མེ་གྷཱ་ཡཻ་ན་མཿསྭཱ་ཧཱ། ཞེས་པས་མཆོད་པར་བྱའོ། །ཨོཾ་དཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཀྵཱནྟི་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཱིརྱ་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་དྷྱཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ།

ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨུ་པ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ནཱ་མཿསྭཱ་ཧཱ། ཨོཾ་པྲ་ཎི་དྷཱ་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨཱ་ཡུརྦ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཙིཏྟ་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་པ་རི་སྐཱ་ར་བ་ཤི་ཏ་ཡཻ་ན་མཿ

སྭཱ་ཧཱ། ཨོཾ་ཀརྨ་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨུ་པ་པཏྟི་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་རྀ་དྷི་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨ་དྷི་མུཀྟི་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་པྲ་ཎི་དྷ་ན་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཛྙཱ་ན་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་དྷརྨ་བ་ཤི་ཏཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བ་སུ་མ་ཏྱཻ་ན་མཿསྭཱ་ཧཱ།

ཨོཾ་རཏྣོ་ལྐཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨུཥྞཱི་ཥ་བི་ཛ་ཡཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་ན་མཿསྭཱ་ཧཱ། ཨོཾ་པརྞ་ཤ་བ་རྱཻ་ན་མཿསྭཱ་ཧཱ། ཨོཾ་ཛཱཾ་གུ་ལྱཻ་ན་མཿསྭཱ་ཧཱ། ཨོཾ་ཨ་ནནྟ་མུ་ཁྱཻ་ན་མཿསྭཱ་ཧཱ། ཨོཾ་ཙུནྡཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་པྲཛྙཱ་བརྡྷ་ནྱཻ་ན་མཿསྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཀོ་ཥ་བ་ཏྱཻ་ན་མཿསྭཱ་ཧཱ།

དེའི་རྗེས་སུ་རེ་མིག་བརྒྱད་ཅུ་རྩ་གཅིག་གི་གནས་སུ་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་ལྷ་རྣམས་བསྒོམ་པར་བྱའོ། །རང་རང་གི་སྔགས་ཀྱིས་དཱུར་བ་དང་། ཀུན་ད་དང་། འབྲས་མ་ཉམས་པ་དང་། འབྲས་ཡོས་དང་། ཀུ་སུམ་བྷ་དང་། འབྲས་བུ་ལ་སོགས་པ་

རྣམས་ཀྱི་མཆོད་པས་མཆོད་པར་བྱའོ། །དབུས་ཀྱི་རེ་མིག་ལ་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཞལ་བཞི་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པའོ། །ཨོཾ་བཛྲ་དྷཱ་ཏ་བེ་ན་མཿསྭཱ་ཧཱ། དེ་ནས་གཉིས་པ་ལ་རེ་མིག་བརྒྱད་དེ། ཤར་ལ་སོགས་

པའི་ཕྱོགས་སུ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་རྣམས་དཀར་པོ་དང་། སེར་པོ་དང་

Vol. 62 · folio 237a

དམར་པོ་དང་། ཁ་དོག་སྣ་ཚོགས་པ་རྣམས་སོ། །རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། རིན་པོ་ཆེའི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། གར་བྱེད་པའི་ཚུལ་ལོ། །ཨོཾ་བཛྲ་བཛྲི་ཎཱི་ན་མཿསྭཱ་ཧཱ། ཨོཾ་རཏྣ་བཛྲི་ཎཱི་ན་མཿསྭཱ་ཧཱ།

ཨོཾ་དྷརྨ་བཛྲི་ཎཱི་ན་མཿསྭཱ་ཧཱ། ཨོཾ་ཀརྨ་བཛྲི་ཎཱི་ན་མཿསྭཱ་ཧཱ། ཨོཾ་བཛྲི་ལཱ་སྱེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་མཱ་ལེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་གཱི་ཏྱཻ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ནྲྀ་ཏྱཻ་ན་མཿསྭཱ་ཧཱ། གསུམ་པའི་རེ་མིག་བཅུ་དྲུག་པོ་རྣམས་ལ་དང་པོ་དབང་ལྡན་ནས་རེ་མིག་བཞི་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་

པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་རྣམས་སོ། །དང་པོ་མེ་ནས་རེ་མིག་བཞི་ལ་རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་མེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་སོ། །དང་པོ་བདེན་བྲལ་ནས་རེ་མིག་བཞི་ལ་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་

གསུང་བ་རྣམས་སོ། །དང་པོ་རླུང་ནས་རེ་མིག་བཞི་ལ་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མཚམས་རྣམས་སོ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཞལ་གཅིག་པ་ཕྱག་གཉིས་པ་རྣམས་ཏེ། དཀར་པོ་དང་། སེར་པོ་དང་། དམར་པོ་

དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། དཀར་པོ་དང་། ཅུང་ཟད་དམར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སྣ་ཚོགས་དང་། སེར་པོ་དང་། ནག་པོ་དང་། སེར་པོའི་ཁ་དོག་རྣམས་སོ། །རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་

འགེངས་པ་དང་། མཛུབ་མོ་འཕེན་པའི་ཚུལ་དང་། རྡོ་རྗེ་སེར་པོ་དང་། ཉི་མ་དང་། རྒྱལ་མཚན་དང་། སོའི་ཕྲེང་བ་དང་། པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། ཆོས་ཀྱི་དུང་དང་། སྣ་ཚོགས་རྡོ་རྗེ་དང་། གོ་ཆ་དང་། མཆེ་བ་དང་། རྡོ་རྗེའི་ཁུ་ཚུར་རྣམས་ཏེ་རང་རང་གི་མཚན་མ་

འཛིན་པའོ། །ཨོཾ་བཛྲ་སཏྭཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་རཱ་ཛཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་རཱ་གཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་སཱ་དྷ་བེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་རཏྣཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཏེ་ཛཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཀེ་ཏ་བེེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཧ་སཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ཡ་ན་མཿསྭཱ་ཧཱ།

Vol. 62 · folio 237b

ཨོཾ་བཛྲ་ཏཱིཀྵྞཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཧེ་ཏ་བེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་བྷཱ་ཥཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཀརྨ་ཎེ་ན་མཿསྭཱ་ཧཱ། ཨོཾ་བཛྲ་རཀྵཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཡཀྵཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་སནྡྷཱ་ཡ་ན་མཿསྭཱ་ཧཱ། དེ་བཞིན་དུ་བཞི་པ་ལ་རེ་མིག་ཉི་ཤུ་རྩ་བཞི་སྟེ། དང་པོ་དབང་ལྡན་ནས་རྡོ་རྗེ་

དྲི་མ་དང་། བྱམས་པ་དང་། དོན་ཡོད་མཐོང་དང་། རྡོ་རྗེ་ལྕགས་ཀྱུ་དང་། ངན་སོང་ཀུན་འཇོམས་དང་། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་སོ། །དང་པོ་མེ་ནས་རྡོ་རྗེ་བདུག་སྤོས་མ་དང་། སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། རྡོ་རྗེ་ཞགས་

པ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་རྣམས་སོ། །དང་པོ་བདེན་བྲལ་ནས་རྡོ་རྗེ་མེ་ཏོག་མ་དང་། བདུད་རྩི་འོད་དང་། ཟླ་འོད་དང་། རྡོ་རྗེ་རྒྱས་པ་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་རྣམས་སོ། །དང་པོ་རླུང་ནས་རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་སྙིང་པོ་དང་། མི་ཟད་པའི་

བློ་གྲོས་དང་། རྡོ་རྗེ་འབེབས་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་རྣམས་ཏེ། སྣ་ཚོགས་དང་། སེར་པོ་དང་། གསེར་དང་། དཀར་པོ་དང་། སྐྱ་བོ་དང་། དཀར་སྐྱ་དང་། དཀར་པོ་དང་། སྔོན་པོ་དང་། དཀར་པོ་དང་། ནག་པོ་དང་། སྐྱ་བོ་དང་། སྔོན་

པོ་དང་། སེར་པོ་དང་། དཀར་པོ་དང་། སྐྱ་བོ་དང་། དམར་པོ་དང་། དམར་པོ་དང་། དམར་པོ་དང་། ནམ་མཁའ་དང་། ནམ་མཁའ་དང་། དཀར་པོ་དང་། སྣ་ཚོགས་དང་། དམར་པོ་དང་། སེར་པོའི་ཁ་དོག་རྣམས་སོ། །རྡོའི་དུང་དང་། ཀླུ་ཤིང་གི་མེ་ཏོག་དང་། ཆུ་སྐྱེས་ཀྱི་སྤྱན་དང་།

ལྕགས་ཀྱུ་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། པོག་ཕོར་དང་། དྲིའི་དུང་དང་། རལ་གྲི་དང་། ཞགས་པ་དང་། དམ་པའི་ཆོས་དང་། གཏེར་གྱི་རྒྱལ་མཚན་དང་། མེ་ཏོག་གི་ཟ་མ་ཏོག་དང་། བུམ་པ་དང་། ཟླ་བ་དང་། རིན་པོ་ཆེའི་ལྕགས་སྒྲོག་དང་། རིན་པོ་ཆེ་དང་། དྲ་

བ་དང་། མར་མེའི་སྡོང་བུ་དང་། རྡོ་རྗེ་དང་། བུམ་པ་དང་། རྡོ་རྗེ་དང་། རྡོ་རྗེའི་དྲིལ་བུ་དང་། མཛུབ་མོ་འཕེན་པའི་ཚུལ་དང་། རིན་པོ་ཆེའི་སྙེ་མ་རྣམས་ཕྱག་རྣམས་ནའོ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ལ་འདིར་ཡང་མཆོད་པའི་སྔགས་ནི་གོ་རིམས་ཇི་ལྟ་བ་

Vol. 62 · folio 238a

བཞིན་དུ། ཨོཾ་བཛྲ་དྷཱུ་པཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཛྲ་པུཥྤཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཛྲ་དཱི་པཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཛྲ་གནྡྷཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཛྲ་མཻ་ཏྲེ་ཡ་སྥ་ར་ཎཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨ་མོ་གྷ་དཪྴི་ནེ་ན་མཿསྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ཛ་ཧཱ་ཡ་ན་མཿསྭཱ་ཧཱ། ཨོཾ་སརྦ་ཤོ་ཀ་ཏ་མོ་

ནིརྒྷ་ཏཱ་ཡ་ན་མཿསྭཱ་ཧཱ། ཨོཾ་གནྡྷ་ཧསྟི་ནེ་ན་མཿསྭཱ་ཧཱ། ཨོཾ་ཤཱུ་རཾ་ག་མཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ག་ག་ན་གཉྫཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཛྙཱ་ན་ཀེ་ཏ་བེ་ན་མཿསྭཱ་ཧཱ། ཨོཾ་ཨ་མཱི་ཏ་པྲ་བྷཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཙནྡྲ་པྲ་བྷཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བྷ་དྲ་པཱ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཛཱ་ལ་ནཱི་པྲ་བྷཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་

གརྦྷཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨཀྵ་ཡ་མ་ཏ་ཡེ་ན་མཿསྭཱ་ཧཱ། ཨོཾ་པྲ་ཏི་བྷ་ན་ཀུ་ཊཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་པཱ་ཤཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་སྥོ་ཊཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཨཱ་བེ་ཤཱ་ཡ་ན་མཿསྭཱ་ཧཱ། དེ་ནས་ལྔ་པ་ལ་རེ་མིག་སུམ་ཅུ་

རྩ་གཉིས་སོ། །དང་པོ་དབང་ལྡན་ནས་བརྒྱད་ནི་གོ་རིམས་བཞིན་དུ་དབང་ཕྱུག་ཆེན་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། ཚངས་པ་དང་། དབང་པོ་དང་། ཉི་མ་དང་། ལག་པ་དང་། རྡོ་རྗེ་དབྱུག་པ་དང་། རྡོ་རྗེ་འབར་བའི་ཉི་མ་རྣམས་སོ། །དེ་བཞིན་དུ་དང་པོ་མེ་ནས་རེ་མིག་

བརྒྱད་ལ་མེ་དང་། རྡོ་རྗེ་ས་འོག་དང་། སྒྲ་གཅན་དང་། མིག་དམར་དང་། གཤིན་རྗེ་དང་། གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་དུས་དང་། ལྷ་མ་ཡིན་རྣམས་སོ། །དེ་བཞིན་དུ་དང་པོ་བདེན་བྲལ་ནས་རེ་མིག་བརྒྱད་ལ་མཚན་མོ་སྤྱོད་པ་དང་། འོག་གི་ཀླུ་དང་། ས་དང་། རྡོ་རྗེ་གཙུག་ཏོར་དང་།

ཆུ་བདག་དང་། པ་བ་སངས་དང་། ཏོག་དང་། སྤེན་པ་རྣམས་སོ། །དེ་བཞིན་དུ་དང་པོ་རླུང་ནས་རེ་མིག་བརྒྱད་ལ་རླུང་དང་། ནག་པོ་ཆེན་པོ་དང་། ཕུར་བུ་དང་། རྣམ་ཐོས་སྲས་དང་། ཟླ་བ་དང་། བདུད་རྩི་འཁྱིལ་པ་དང་། རྡོ་རྗེ་ཧཱུྃ་མཛད་དང་། རྡོ་རྗེ་འཇིགས་པ་རྣམས་ཏེ། དཀར་

པོ་དང་། སྐྱ་བོ་དང་། གསེར་དང་། སེར་པོ་དང་། དམར་པོ་དང་། གསེར་དང་། སྔོན་པོ་དང་། དུད་ཀ་དང་། དམར་པོ་དང་། ནག་པོ་དང་། སྔོན་པོ་དང་། དམར་པོ་དང་། ནག་པོ་དང་། སེར་པོ་དང་། དཀར་པོ་མ་ཡིན་པ་དང་། སེར་པོ་དང་། ནག་པོ་དང་། དཀར་པོ་

Vol. 62 · folio 238b

དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྐྱ་བོ་དང་། སྣ་ཚོགས་དང་། དུད་ཀ་དང་། ལྗང་གུ་དང་། ནག་པོ་དང་། སེར་པོ་དང་། གསེར་དང་། དཀར་པོ་དང་། སྔོ་བསངས་དང་། སྔོན་པོ་དང་། ནག་པོའི་ཁ་དོག་རྣམས་སོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་དང་། རྡོ་རྗེ་དབྱུག་པ་དང་།

གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་གཙུག་ཏོར་དང་། བདུད་རྩི་འཁྱིལ་པ་དང་། མེའི་ཉི་མ་དང་། རྡོ་རྗེ་དུས་དང་། ནག་པོ་ཆེན་པོ་དང་། རྡོ་རྗེ་འཇིགས་པ་དང་། རྡོ་རྗེ་ས་འོག་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་ཇི་སྙེད་པ་མཆོད་པར་བྱའོ། །དེའི་རྗེས་སུ་ཉི་མ་ལ་སོགས་པ་རྣམས་སོ། །དེའི་

ཕྱི་ནས་བརྒྱ་བྱིན་ལ་སོགས་པ་རྣམས་སོ། །དེ་ལ་མྱུར་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་འཇིགས་བྱེད་དང་། དུས་མཚན་མོ་གཡས་བརྐྱང་གི་ཞབས་ཀྱིས་མནན་པ་ཁྲོ་བོ་བསྐལ་པའི་མེ་འབར་བ་ལྟར་གསལ་བ་བཞིན་མི་སྡུག་པ་མཆེ་བ་གཙིགས་པ་འཇིགས་ཤིང་སྨིན་མ་འཁྱོག་པོ་

བསྡུས་པ་དམར་ཞིང་ཟླུམ་པའི་སྤྱན་གསུམ་མངའ་བ་ཐོད་པ་ལྔས་དབུ་ལ་བརྒྱན་པ་མགོ་བོ་རློན་པའི་ཕྲེང་བ་དང་ལྡན་པའོ། །ཕྱག་རྒྱ་དྲུག་དང་ལྡན་པ་ཀླུ་བརྒྱད་ཀྱི་རྒྱན་གྱིས་སྤྲས་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་བསྣམས་པའི་

རྡོ་རྗེ་ཧཱུྃ་མཛད་རྣམ་པར་བསྒོམ་པར་བྱའོ། །ཨོཾ་བཛྲ་ཧཱུྃ་ཀ་རཱ་ཡ་ན་མཿསྭཱ་ཧཱ། རྡོ་རྗེ་དབྱུག་པ་ལ་སོགས་པ་རྣམས་ནི་ཉི་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པ། ཕྱག་གཡོན་པར་སྙིང་གར་སྡིགས་མཛུབ་ཀྱིས་ཞགས་པ་འཛིན་པ། གཡས་པ་རྣམས་ན་རྡོ་རྗེ་ཐོ་བ་དང་།

རྡོ་རྗེས་མཚན་པའི་དབྱུག་པ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། ལྕགས་ཀྱུ་དང་། གཏུན་ཤིང་དང་། རྩེ་གསུམ་དང་། རལ་གྲི་དང་། དགྲ་སྟ་དང་། འཁོར་ལོ་རྣམས་བསྣམས་པའོ། །ལྷག་མ་རྣམས་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རང་བཞིན་ནོ། །ཨོཾ་བཛྲ་དཎྜཱ་ཡ་ན་མཿསྭཱ་ཧཱ།

ཨོཾ་བཛྲ་ཨ་པ་རཱ་ཛི་ཏཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲོཥྞཱི་ཥཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ནེ་ན་མཿསྭཱ་ཧཱ། ཨོཾ་ཨ་ན་ལཱརྐྐཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་ཀཱ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བཛྲ་གྷོ་ཥཱ་ཡ་ན་མཿསྭཱ་ཧཱ། ཨོཾ་པཱ་ཏཱ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་

Vol. 62 · folio 239a

ཨུཥྞཱི་ཥ་ཙཀྲ་བིརྟ་ནེ་ན་མཿསྭཱ་ཧཱ། རྟ་བདུན་གྱི་ཤིང་རྟི་ལ་ཉི་མའོ། །ཕྱག་གཡས་ན་པདྨ་དང་གཡོན་ན་པདྨ་ལ་ཉི་མའི་དཀྱིལ་འཁོར་རོ། །ངང་པའི་སྟེང་དུ་ཟླ་བའོ། །གཡས་ན་རྡོ་རྗེ་དང་གཡོན་ན་པདྨ་ལ་གནས་པའི་ཟླ་བའོ། །ར་ལ་མིག་དམར་རོ། །གཡས་

ན་རྡོ་རྗེ་གཡོན་ན་མི་བཟུང་ནས་ཟ་བའོ། །པདྨ་ལ་ལག་པའོ། །མདའ་དང་གཞུ་འཛིན་པའོ། །སྦལ་པ་ལ་ཕུར་བུའོ། །བགྲང་ཕྲེང་དང་། སྤྱི་བླུགས་འཛིན་པའོ། །པདྨ་ལ་པ་བ་སངས་སོ། །བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །རུས་སྦལ་ལ་སྤེན་པའོ། །ལག་པ་

གཡས་ན་རྡོ་རྗེ་དང་། གཡོན་ན་དབྱུག་པའོ། །སྒྲ་གཅན་སྤྲིན་གྱི་སྟེང་ན་གནས་པ་ལུས་ཕྱེད་པ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་འཛིན་པའོ། །མཇུག་རིངས་ནི་ཁྲོ་བོ་པདྨ་ལ་གནས་པ་རལ་གྲི་དང་ཞགས་པ་འཛིན་པའོ། །ཨོཾ་སཱུརྱཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཤི་ཏཾ་ཤ་བཻ་ན་མཿསྭཱ་ཧཱ། ཨོཾ་རཀྟཱཾ་

ག་ཀུ་མཱ་རཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བུ་དྷཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བྷོ་གཱ་སྱ་དཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨ་སུ་ར་ཨུཏྟ་མཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཀྲྀཥྞ་བརྞཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ན་མཿསྭཱ་ཧཱ། ཨོཾ་ཛྱོ་ཏི་ཀེ་ཏ་བེ་ན་མཿསྭཱ་ཧཱ། དེ་ནས་དབང་པོ་ནི་ས་སྲུང་གྱི་བུ་ལ་ཞོན་པ་གཡས་ན་རྡོ་རྗེ་དང་

གཡོན་ན་གཤོལ་ལོ། །གཤིན་རྗེ་ནི་མ་ཧེ་ལ་གནས་པ་དབྱུག་པ་དང་མདུང་འཛིན་པའོ། །ཆུ་བདག་ནི་ཆུ་སྲིན་ལ་ཞོན་པ་གདེངས་ཀ་བདུན་དང་ལྡན་པ་སྤྲུལ་དང་དུང་འཛིན་པའོ། །ལུས་ངན་པོ་ནི་མི་ལ་ཞོན་པ་ལྕགས་ཀྱུ་དང་དབྱུག་པ་འཛིན་པའོ། །མེ་ནི་ར་ལ་ཞོན་པ་དགང་གཟར་དང་སྤྱི་

བླུགས་ཐོགས་པའོ། །སྲིན་པོའི་བདག་པོ་ནི་རོ་ལ་ཞོན་པ་རལ་གྲི་དང་ཕུབ་ཐོགས་པ། རླུང་ནི་རི་དྭགས་ལ་ཞོན་པ་རླུང་གི་བ་དན་ཐོགས་པའོ། །དབང་ལྡན་ནི་ཁྱུ་མཆོག་ལ་ཞོན་པ་རྩེ་གསུམ་དང་ཐོད་པ་ཐོགས་པའོ། །ལྷ་མ་ཡིན་ནི་འབོལ་སྟན་ལ་གནས་པ་རལ་གྲི་དང་ཕུབ་ཐོགས་པ།

ཀླུ་ནི་པདྨ་ལ་གནས་པ་ལ་ལག་པ་ཐལ་མོ་སྦྱར་བའོ། །ས་ནི་པདྨ་ལ་གནས་པ་བདུད་རྩིའི་བུམ་པ་འཛིན་པའོ། །ཚངས་པ་ནི་ངང་པ་ལ་གནས་པ་གདོང་བཞི་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །ཨོཾ་ཨ་ཁཎྜ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཡ་མཱ་ཡ་ན་མཿསྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་ན་མཿསྭཱ་ཧཱ།

Vol. 62 · folio 239b

ཨོཾ་ཀུ་བེ་རཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨགྣ་ཡེ་ན་མཿསྭཱ་ཧཱ། ཨོཾ་རཱཀྵ་སཱ་དྷི་པ་ཏ་ཡེ་ན་མཿསྭཱ་ཧཱ། ཨོཾ་བཱ་ཡ་བེ་ན་མཿསྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨ་སུ་རཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ནཱ་གཱ་ཡ་ན་མཿསྭཱ་ཧཱ། ཨོཾ་པྲྀ་ཐྭི་ནེ་ན་མཿསྭཱ་ཧཱ། ཨོཾ་བྲཧྨ་ཎེ་ན་མཿསྭཱ་ཧཱ། དེའི་རྗེས་སུ་ཐང་ཤིང་དང་། ལ་གུ་

ཙ་དང་། བ་ཀུ་ལ་དང་། ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་རོ་བསྐ་བའི་ཤིང་ཡམ་ཤིང་ངོ་། །རྗེའུ་རིགས་ཀྱི་མེ་ལ་འདོད་པའི་མེ་རབ་ཏུ་སྦར་ཏེ་ཉི་མ་སར་པ་འདྲ་བ་ཞལ་གཅིག་སྤྱན་གསུམ་པ་ཞགས་པ་དང་ལྕགས་ཀྱུ་དང་དབྱུག་པ་དང་། སྤྱི་བླུགས་འཛིན་པ་རལ་པའི་ཚོགས་མང་པོས་སྤྱི་བོར་ཉེ་

བར་བརྒྱན་པ། སྐྱེ་བོ་དཔག་ཏུ་མེད་པའི་བདེ་བ་ཉེ་བར་འབེབས་པར་བྱེད་པ་ཧྲཱིཿཡིག་ལས་ཡང་དག་པར་རབ་ཏུ་བྱུང་བ་ནི་འདོད་པའི་ཞེས་སོ། །ཡེ་ཤེས་ཀྱི་མེ་སྤྱན་དྲངས་ནས་མཆོད་ཡོན་ཕུལ་ནས། དམ་ཚིག་གི་མེ་ལ་བཞུགས་པར་བྱའོ། །སེང་ལྡེང་དང་། ར་བ་ད་ར་དང་།

བེ་ཀངྐ་དང་། ཨ་ཤོ་ཀ་དང་། ཀཱསྨ་རི་དང་། པ་ལཱ་ཥ་ལ་སོགས་པའི་ཡམ་ཤིང་ངོ་། །པདྨ་དང་། ཨུཏྤ་ལ་དང་། དྲི་ཞིམ་པོའི་མེ་ཏོག་ལ་སོགས་པ་དང་། ཏིལ་ལ་སོགས་པའི་འབྲུ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །སྔགས་ནི་ཨོཾ་ཀཱ་མཱ་གྣ་ཡེ་སྭཱ་ཧཱ། དེ་ནས་ཁང་པ་ཐམས་

ཅད་ཀྱི་ལྷ་རྣམས་ཡིད་ཀྱིས་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །དེ་ལ་ཡང་ལས་བྱེད་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་རྣམ་པ་ལག་ན་རྡོ་རྗེས་མཚན་པའི་ཏོག་ཙེ་ཐོགས་པ་ཧཱུྃ་མཛད་རྫོགས་པའི་ཤིན་ཏུ་དཔའ་བ་བསྒོམ་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བྱིན་གྱིས་བརླབ་པར་

བྱའོ། །ཚིམ་པར་བྱས་ནས་ཡང་དབང་པོ་དང་ནོར་གྱི་དབང་ཕྱུག་གི་ཕྱོགས་སུ་གདོང་ཕྱོགས་ཏེ་ལག་པ་གཡོན་པས་ཕྱི་ནས་བཟུང་སྟེ་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་རེ་མིག་ཏུ་བརྐོ་སྟེ་ཁམ་བཞི་བརྐོ་བར་བྱའོ། །སྔགས་ནི་ཨོཾ་གྷཱ་ཏ་ཡ་སརྦ་པཱ་པཾ་ནཱ་ཤཱ་ཡ་ཧཱུྃ་ཧཱུྃ་

ཕཊ། དེའི་ས་གསེར་ལ་སོགས་པའི་སྣོད་དུ་བླངས་ཏེ་ཞི་བ་ལ་གཏོར་མ་དང་བཅས་ཏེ་མེའི་ཕྱོགས་ཀྱི་ཕྱི་རོལ་དུ་སྦྱིན་བདག་གིས་འཕང་བར་བྱའོ། །དེ་ནས་དེའི་དབུས་སུ་རྨ་ལྔ་གདོད་པར་བྱས་ཏེ་ས་དེ་ཁྱབ་པར་གཏོར་རོ། །དེ་ནས་རྨ་དྲུག་གདོད་པར་བྱའོ། །དེ་བཞིན་དུ་རྨ་བདུན་

Vol. 62 · folio 240a

བཏོད་པ་ལ་སོགས་པ་ནས་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ལས་བྱེད་པས་བརྐོ་བར་བྱའོ། །པུས་ནུབ་ཙམ་སྦྱང་བར་བྱའོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་

ནས་བཏབ་ནས་ཛཱཾ་གུ་ལཱི་ལ་མཆོད་པར་བྱའོ། །ཁང་ས་ལ་ཐིག་ལེགས་པར་བཏབ་ནས་འབད་པས་ལྟོ་འཕྱེ་བརྟག་པར་བྱའོ། །པུས་ནུབ་ཙམ་དུ་སྦྱངས་པའི་ས་གཞིའི་ལྷོ་ཕྱོགས་ནས་བྱང་དུ་མངོན་པར་ཕྱོགས་ཏེ་གནས་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱས་ཏེ། དེ་ནས་

བདག་ཉིད་དོན་ཡོད་གྲུབ་པའི་གཟུགས་སུ་རྣམ་པར་བསྒོམ་པར་བྱའོ། །གླང་རྨོ་བའི་སྐྱེས་བུ་ནི་རྡོ་རྗེ་ལས་ཀྱི་རང་བཞིན་ནོ། །ཨོཾ་བཛྲ་ཀརྨ་ཀཾ་ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གླང་གཅིག་ནི་ཞང་པོ་སྟེ་རྡོ་རྗེ་གནོད་སྦྱིན་གྱི་རང་བཞིན་ནོ། །ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་

པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གླང་དེའི་སྲིང་མོའི་བུ་ནི་རྡོ་རྗེ་སྲུང་བའི་རང་བཞིན་ནོ། །ཨོཾ་བཛྲ་རཀྵ་ཧཱུྃ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གསེར་གྱི་གཤོལ་ནི་རྡོ་རྗེ་མཚམས་ཀྱི་རང་བཞིན་ནོ། །ཨོཾ་བཛྲ་སནྡྷི་བཾ་ཞེས་བྱ་བའི་སྔགས་

འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབང་ལྡན་དུ་ཁ་ཕྱོགས་ཏེ་བཞུགས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། ནས་བཏབ་ནས་ས་གཞི་ལ་གསེར་གྱི་གཤོལ་གྱིས་ཁྱུ་མཆོག་དེ་དག་གིས་རྨོ་བར་བྱའོ། །དེ་ནས་ནྱ་གྲོ་དྷ་དང་། ཨུ་དུམྦཱ་ར་དང་། ཙམ་པ་ཀ་ལ་སོགས་

པའི་ཤིང་སྐམ་པོས་དགེ་འདུན་གྱི་ཚང་བང་ནས་མེ་བླངས་ནས་མེ་རབ་ཏུ་སྦར་བར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་བདེ་བས་གང་བར་བྱ་བའི་སེམས་དང་ཕུན་སུམ་ཚོགས་པ་དང་། སྟོབས་དང་ནད་མེད་པ་དང་། རྒྱས་པར་བྱ་བའི་ཕྱིར་དབང་ཆེན་གྱི་

དཀྱིལ་འཁོར་གྲུ་བཞི་སེར་པོ་ལ་གནས་པའི་ན་བཟའ་སེར་པོས་བརྒྱན་ཅིང་དབྱུག་པ་དང་ཕྲེང་བ་དང་། སྤྱི་བླུགས་དང་། མཆོག་སྦྱིན་དང་ཕྱག་བཞིའོ། །སྤྱན་གསུམ་སྐུ་མདོག་སེར་པོ་ཞལ་གཅིག་པ་མཆོད་ཕྱིར་ཐོགས་དང་ལྡན་པ་རལ་པའི་ཐོར་ཚུགས་ཅན། ཧཱུྃ་ཡིག་

Vol. 62 · folio 240b

སེར་པོ་ལས་ཡང་དག་པར་བྱུང་བའི་དབང་ཆེན་ལ་མེ་འབར་བའི་མེ་ལ་དེའི་དབུས་སུ་ཡེ་ཤེས་ཀྱི་མེ་བསམ་ཞིང་བཞུགས་པར་བྱའོ། །ཞལ་བསིལ་བ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་པར་བྱའོ། །ས་མའི་ཡམ་ཤིང་དང་རག་ཆུང་དང་། ཨ་མྲ་དང་།

བིལ་བ་དང་། ཀནྠ་ཀ་ཕ་ལ་དང་། ཀརྞི་ཀ་ལ་སོགས་པའི་མེ་ཏོག་སེར་པོ་དང་། ཞོ་དང་བུ་རམ་གྱི་ཟན་དང་། ཏིལ་དང་འབྲས་ཡོས་དང་། ཀ་ར་དང་འབྲས་ལ་སོགས་པའི་རིམ་པས་སྦྱིན་སྲེག་བྱའོ། །ཨོཾ་མ་ཧེནྡྲ་ཨགྣ་ཡེ་སྭཱ་ཧཱ། ཞག་གསུམ་དང་ལྔ་དང་བདུན་

གྱིས་ནས་རྣམས་སྐྱེས་ན་མཆོག་དང་འབྲིང་དང་དམན་པའི་ས་གཞིར་ཤེས་པར་བྱའོ། །གང་སྐྱེས་པའི་ནས་སྔོན་པོའི་གནས་སྐབས་སུ་ལྷ་རྣམས་ཀྱི་ལོངས་སྤྱོད་དུ་བྱའོ། །དེའི་རྗེས་སུ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ཛཱཾ་གུ་ལཱིའི་མཆོད་པ་བྱས་

ནས་བརྩམ་མོ། །དེ་ནས་དབང་ལྡན་གྱི་ཕྱོགས་ཀྱི་ཆར་རྒྱར་ཁྲུ་དོ་གྲུ་བཞི་པ་དེའི་ཕྱེད་འོག་ཏུ་དོང་བརྐོ་བར་བྱའོ། །ཡང་དེའི་དབང་ལྡན་གྱི་ཕྱི་རོལ་དུ་དེའི་ཕྱེད་ཟླུམ་པོར་དོང་བྲུ་བར་བྱའོ། །དེ་གཉིས་ཀའི་ས་ལ་བ་ལང་གི་ལྕི་བས་བྱུག་པར་བྱའོ། །དེ་ལ་དོང་གྲུ་བཞི་པར་ལོ་མ་ཅན་གྱི་

ཤིང་ལ་བཅུག་ནས་བུམ་པའི་ཆུས་དགང་བར་བྱའོ། །ཛཱཾ་ལས་སྐྱེས་པའི་རྡོ་རྗེ་ཛཱཾ་གུ་ལཱི་སེར་མོ་སེར་པོ་དང་། ནག་པོ་དང་དཀར་པོའི་རྩ་བ་དང་། གཡས་དང་གཡོན་གྱི་ཞལ་གསུམ་མོ། །གདེངས་ཀ་རྒྱས་པ་བདུན་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དྲུག་གི་གཡས་

པ་དག་ན་རྡོ་རྗེ་དང་། པདྨ་འཛིན་པ་དང་། གཡོན་པ་དག་ན་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། རང་གི་ཐབས་ལ་འཁྱུད་པ། གོས་སྣ་ཚོགས་དང་ཀླུའི་རྒྱན་གྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟན་ལ་འོད་ཀྱིས་གནས་པའོ། །ཛཱཾ་གུ་ལཱི་

བསྒོམས་ཏེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དེ་བཞིན་དུ་ཞུ་བར་བསམ་མོ། །མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ཞལ་ཟས་དང་། ཞོ་དང་། བུ་རམ་གྱི་ཟས་དང་། བདུད་རྩི་ལྔ་དང་། རིན་པོ་ཆེ་ལྔ་དང་། འབྲུ་ལྔ་དང་། དྲི་ལྔ་

Vol. 62 · folio 241a

དང་། ནཱ་ག་གེ་སར་དང་། དངུལ་ཆུ་དང་། ནས་དང་། ཏིལ་དཀར་པོ་དང་། རག་ཆུང་གི་འབྲས་བུ་དང་། ལེ་བརྒན་རྩི་དང་། པྲི་ཡང་ཀུ་དང་། གསེར་དང་། དངུལ་གྱི་པདྨ་དང་། མཆོད་ཡོན་ལ་སོགས་པ་དབུལ་ལོ། །དེ་ནས་དེའི་ཉེ་བ་རུ་འོ་མ་དང་ཆུས་ཡོངས་

སུ་གང་བའི་ཆུ་སྣོད་རྟགས་ཀྱིས་མཚན་པ་གཞག་པར་བྱའོ། །དེ་ལ་ཡང་བཅོམ་ལྡན་འདས་མ་རྣམ་པར་བསྒོམས་ཏེ་མཆོད་པ་བྱས་ནས་ཡི་གེ་གཅིག་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ། མཆོད་པའི་སྔགས་སོ། །ཇི་ལྟར་དོང་གྲུ་བཞི་

ཁེངས་པ་དང་། ཡུར་བ་བྱས་ཏེ་དེས་དོང་ཟླུམ་པོ་དགང་བར་བྱའོ། །དེ་ལ་ཉ་ལྕིབས་དང་ཉ་གསོན་པོ་བཅུག་སྟེ་ཆུ་གཡས་ཕྱོགས་སུ་འཁོར་རམ་བལྟ་བར་བྱའོ། །དེ་ནས་ཡིད་ཀྱིས་དོང་གི་ལྷ་མོ་བཏེག་སྟེ་ཆུ་སྣོད་ལ་རབ་ཏུ་གཞུག་པར་བྱའོ། །ཆུ་སྣོད་ཀྱང་ཛཱཾ་གུ་ལིའི་གནས་

སུ་གཞག་པར་བྱའོ། །དེ་དང་ཉེ་བར་སྨྱུག་མ་ཤིན་ཏུ་རིང་པོའི་སྟེང་དུ་གདུགས་དཀར་པོ་བ་དན་འཕྱང་བའོ། །དཱུར་བ་དང་། ཀུན་ད་དང་། སྣ་མའི་མེ་ཏོག་དང་བཅས་པས་མཆོད་པར་བྱའོ། །དེ་ནས་མཚན་མོའི་ཐུན་དང་པོ་ལ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པས་སློབ་དཔོན་

རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པ་ལ་བྱང་ཕྱོགས་ཀྱི་སྒྲུབ་པ་པོས་རྡོ་རྗེ་དྲིལ་བུ་བཟུང་ནས་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །གཙོ་བོའི་གཙུག་ལག་

ཁང་དུ་བརྟག །དེ་ནས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་ལྗགས་བླ་མས་བསམས་ནས་ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འདིར་བདག་བསམ་པ་དགེ་བ་ཡིས། །ལྷ་ཁང་གཙུག་ལག་ཁང་གནས་བྱ། །སངས་རྒྱས་ལ་སོགས་ཀུན་བྱོན་

ནས། །དངོས་གྲུབ་རྣམས་ནི་བདག་ལ་སྩོལ། །ཞེས་པས་སངས་རྒྱས་ལ་སོགས་པ་རྣམས་ལ་བདག་གིས་ཞུ་བར་བྱའོ། །བགེགས་དང་བདུད་ཐམས་ཅད་ཉེ་བར་བསྐྲད་པར་བྱ་སྟེ། འཆད་པར་འགྱུར་བའི་གོ་རིམས་ཀྱི་རིམ་པས་སོ། །གོ་རིམས་ངེས་པའི་བར་དུ་ཆོ་ག་ཇི་ལྟ་

Vol. 62 · folio 241b

བས་མཎྜལ་ཟླུམ་པོ་བྱས་ཏེ་ཉེར་སྤྱོད་ལྔའི་མཆོད་པ་རྣམས་ཀྱིས་ཡོངས་སུ་མཆོད་དེ་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ལྔ་བཅུ་རྩ་གསུམ་དང་། བཅུ་གཅིག་དང་། ཡང་ན་ལྔའོ། །ལྔ་བཅུ་རྩ་གསུམ་གྱི་ཕྱོགས་ལ་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་སོ་སོའི་རེ་རེའོ། །ལས་ཐམས་

ཅད་པའི་བུམ་པ་གཅིག་སྟེ་ལྔ་བཅུ་རྩ་བཞིའོ། །བཅུ་གཅིག་གི་ཕྱོགས་ལ་རྣམ་པར་སྣང་མཛད་ཆེན་པོ་དང་སེམས་མ་རྡོ་རྗེ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །རིན་ཆེན་འབྱུང་ལྡན་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །འོད་དཔག་

མེད་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །དོན་ཡོད་གྲུབ་པ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །སྒེག་མོ་ལ་སོགས་པ་བཞི་པོ་རྣམས་ཀྱི་གཅིག་གོ། །བདུག་སྤོས་མ་ལ་སོགས་པ་བཞི་པོ་རྣམས་ཀྱི་གཅིག་གོ། །རྡོ་རྗེ་ལྕགས་ཀྱུ་དང་བྱམས་པ་ལ་སོགས་པ་ལྔ་པོ་རྣམས་ཀྱི་གཅིག་

གོ། །རྡོ་རྗེ་ཞགས་པ་དང་། སྤོས་ཀྱི་གླང་པོ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །རྡོ་རྗེ་རྒྱས་པ་དང་བདུད་རྩི་འོད་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །རྡོ་རྗེ་འབེབས་པ་དང་། རྡོ་རྗེ་སྙིང་པོ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ། །ལས་ཐམས་ཅད་པའི་བུམ་པ་གཅིག་དང་བཅས་

པས་བཅུ་གཉིས་སོ། །ལྔའི་ཕྱོགས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་དང་སེམས་མ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བཞི་དང་དགུ་ལ་གཅིག་གོ། །སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་ལ་གཅིག་གོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་

སེམས་དཔའ་བཅུ་དྲུག་ལ་གཅིག་གོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ་གཅིག་གོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཁྲོ་བོ་བཞི་རྣམས་ལ་གཅིག་གོ། །ལས་ཐམས་ཅད་པའི་བུམ་པ་གཅིག་དང་བཅས་ཏེ་དྲུག་གོ། །དེ་ལ་ལས་ཐམས་ཅད་པའི་

མཚན་ཉིད་ནི་ལྟོ་བ་ཟླུམ་པོ་ལ་ཆ་ལྔ་བཅུར་ཆ་གཅིག་གིས་མཆོག་པའོ། །ཇི་སྲིད་མཆུའི་མཐར་ཐུག་པའི་དཔངས་སུ་ཆ་ཉི་ཤུ་རྩ་གཅིག་གོ། །དེའི་མཆུ་འོག་ཏུ་འཕྱང་བ་ལ་ཆ་གཉིས་སོ། །ཁའི་བུག་པ་ལ་ཆ་བཅུ་གསུམ་མོ། །མགྲིན་པའི་འོག་གི་བུག་པ་ལ་ཕྱེད་དང་

Vol. 62 · folio 242a

བཅས་པའི་ཆ་ལྔའོ། །མགྲིན་པའི་དཔངས་ལ་རྐང་པས་ལྷག་པའི་སོར་བརྒྱད་དོ། །མཆུའི་འོག་གི་ཆར་འཕྲེད་ལ་རྐང་པ་དང་བཅས་པའི་ཆ་བཅུ་དྲུག་གོ། །དེ་ནས་དཀར་པོས་ཁ་བསྒྱུར་ནས་དཀར་པོར་བྱས་ལ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་མཚན་མ་

རྣམས་བྲི་བར་བྱའོ། །རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེ་རྩེ་ལྔ་པ་དཀར་པོའོ། །སེམས་མ་རྡོ་རྗེ་མའི་རྡོ་རྗེ་སྔོན་པོའོ། །རིན་ཆེན་རྡོ་རྗེ་མའི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །ཆོས་ཀྱི་རྡོ་རྗེ་མའི་རྡོ་རྗེས་མཚན་པའི་པདྨའོ། །ལས་ཀྱི་རྡོ་རྗེ་མའི་སྣ་ཚོགས་རྡོ་རྗེའོ། །མི་བསྐྱོད་པའི་རྡོ་རྗེ་རྩེ་

ལྔ་པ་སྔོན་པོའོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་དཀར་པོའོ། །རྡོ་རྗེ་རྒྱལ་པོའི་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །རྡོ་རྗེ་ཆགས་པའི་མདའ་འགེངས་པའོ། །རྡོ་རྗེ་ཆགས་པའི་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་ལེགས་པར་རབ་ཏུ་སྦྱིན་པར་བྱེད་པའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེས་

མཚན་པའི་རིན་པོ་ཆེའོ། །རྡོ་རྗེ་རིན་ཆེན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གཟི་བརྗིད་ཀྱི་ཉི་མའོ། །རྡོ་རྗེ་ཏོག་གི་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ། །རྡོ་རྗེ་བཞད་པའི་རྡོ་རྗེས་མཚན་པའི་སོའི་ཕྲེང་བའོ། །འོད་དཔག་མེད་ཀྱི་རྡོ་རྗེས་མཚན་པའི་པདྨའོ། །རྡོ་རྗེ་ཆོས་

ཀྱི་ངང་པ་དང་བཅས་པའི་པདྨའོ། །རྡོ་རྗེ་རྣོན་པོའི་རལ་གྲི་དང་པུསྟིའོ། །རྡོ་རྗེ་རྒྱུའི་འཁོར་ལོ་རྩིབས་བརྒྱད་པའོ། །རྡོ་རྗེ་གསུང་བའི་ཆོས་ཀྱི་དུང་ངོ་། །དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་ལས་ཀྱི་དེ་བཞིན་ནོ། །རྡོ་རྗེ་སྲུང་བའི་རྡོ་རྗེ་ལས་བྱས་པའི་གོ་ཆའོ། །རྡོ་རྗེ་

གནོད་སྦྱིན་གྱི་རྡོ་རྗེས་མཚན་པའི་མཆེ་བ་གཟུང་ངོ་། །རྡོ་རྗེ་མཚམས་ཀྱི་རྡོ་རྗེ་ཁུ་ཚུར་དག་གིས་གཟུང་བའི་རྡོ་རྗེ་རྩེ་ལྔ་པའོ། །རྡོ་རྗེ་སྒེག་མོའི་རྡོ་རྗེ་གཉིས་སོ། །རྡོ་རྗེ་ཕྲེང་བ་མའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གླུ་མའི་པི་ཝང་ངོ་། །རྡོ་རྗེ་གར་མའི་རྡོ་རྗེ་རྩེ་གསུམ་གྱིས་མཚན་པའི་ལག་

པ་གཉིས་སོ། །རྡོ་རྗེ་བདུག་སྤོས་མའི་པོག་ཕོར་རོ། །རྡོ་རྗེ་མེ་ཏོག་མའི་མེ་ཏོག་གི་སྣོད་དོ། །མར་མེ་མའི་མར་མེའི་སྡོང་པོའོ། །དྲི་མའི་དྲིའི་དུང་སེར་པོའོ། །བྱམས་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་གོ། །དོན་ཡོད་གཟིགས་ཀྱི་སྤྱན་དང་བཅས་པའི་

Vol. 62 · folio 242b

ཆུ་སྐྱེས་སོ། །ངན་སོང་ཀུན་འཇོམས་ཀྱི་ལྕགས་ཀྱུའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་དབྱུག་པའོ། །སྤོས་ཀྱི་གླང་པོའི་དུང་ངོ་། །དཔའ་བར་འགྲོ་བའི་རལ་གྲིའོ། །ནམ་མཁའ་མཛོད་ཀྱི་པདྨ་ལ་གནས་པའི་ཆོས་ཀྱི་མཛོད་དོ། །ཡེ་ཤེས་ཏོག་

གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །བདུད་རྩི་འོད་ཀྱི་བུམ་པའོ། །ཟླ་འོད་ཀྱི་ཟླ་བའོ། །བཟང་སྐྱོང་གི་འབར་བ་དང་བཅས་པའི་རིན་པོ་ཆེའོ། །དྲ་བ་ཅན་གྱི་འོད་ཀྱི་རྡོ་རྗེའི་གུར་རོ། །རྡོ་རྗེ་སྙིང་པོའི་རྡོ་རྗེ་དང་ཨུཏྤ་ལ་སྔོན་པོའོ། །བློ་གྲོས་མི་ཟད་པའི་བུམ་པའོ། །སྤོབས་

པ་བརྩེགས་པའི་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །ཀུན་དུ་བཟང་པོའི་རིན་པོ་ཆེའི་སྙེ་མའོ། །རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུའོ། །རྡོ་རྗེ་ཞགས་པའི་ཞགས་པའོ། །རྡོ་རྗེ་རྒྱས་པའི་ལྕགས་སྒྲོག་གོ། །རྡོ་རྗེ་འབེབས་པའི་རྡོ་རྗེས་མཚན་པའི་དྲིལ་བུའོ། །དེའི་རྗེས་སུ་ཆུ་

འགྲམ་དུ་རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་དང་། དྲི་ལྔ་བུམ་པའི་ནང་དུ་བྱས་ཏེ་ཡལ་ག་རྒྱས་པའི་ལོ་མས་ཁ་བརྒྱན་ཏེ་མེ་ཏོག་གི་ཕྲེང་བ་དང་བཅས་ཤིང་གོས་ཟུང་གིས་མགུལ་པ་བརྒྱན་ནས་རྒྱལ་མཚན་དང་། དར་དང་གསེར་ལས་བྱས་པའི་ཐིག་ལེ་དང་། མིག་གཉིས་

དང་། ལེ་བརྒན་རྩི་དང་། མཆོད་ཕྱིར་ཐོགས་ཀྱིས་ཉེ་བར་བརྒྱན་པར་བྱས་ལ། འབྲས་ཡོས་དང་། འབྲུ་མ་ཉམས་པ་དང་། མེ་ཏོག་དང་། པྲི་ཡང་ཀུ་དང་། གོ་ཡུ་རྣམས་ཀྱིས་ནང་བཀང་སྟེ། ཀུ་ཤ་སར་པའི་སྟན་འཁྱིལ་པ་ལ་བཞག་ནས་ལས་ཐམས་ཅད་པའི་བུམ་པའི་

སྔགས་ཀྱིས་བྱིན་གྱིས་བརླབས་ནས་དཱུར་བ་དང་། ཀུན་ད་དང་། ས་ལ་མ་ལྷུང་བའི་བའི་ལྕི་བ་དང་། རས་དཀར་པོ་རྣམས་ཀྱིས་བསྲུང་བར་བྱའོ། །དེ་ནས་སློབ་དཔོན་ཁྲུས་བྱས་ནས་མཉམ་པར་འདུག་སྟེ། མྱུར་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་

གྱི་བུམ་པ་ལ་ཨ་ཡིག་ལས་སྐྱེས་པའི་ཆོས་འབྱུང་དཀར་པོ་ནང་དུ་གནས་པ་བསྒོམ་པར་བྱའོ། །དེའི་རྗེས་སུ་རང་རང་གི་ས་བོན་གྱི་མཚན་མ་ཡོངས་སུ་གྱུར་པ་ལས་རང་རང་གི་ལྷ་རྣམས་རྣམ་པར་བསམ་པར་བྱའོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་

Vol. 62 · folio 243a

སེམས་དཔའ་སྤྱན་དྲངས་ཏེ་མདུན་དུ་བལྟས་ནས་ཞབས་བསིལ་དང་ཞལ་བསིལ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་དམ་ཚིག་སེམས་དཔའ་ལ་བཅུག་སྟེ་ཆགས་པ་ཆེན་པོས་བཞུ་ནས་སླར་ཡང་བྱང་ཆུབ་སེམས་ཀྱི་གཟུགས་ཀྱིས་བདུད་རྩིར་གྱུར་པར་བསམ་པར་

བྱའོ། །མཚན་མ་ལ་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་དག་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅས་ཏེ་སྐུད་པ་ལྔ་རྡོ་རྗེ་ལ་བཅིངས་ཏེ་བུམ་པ་ས་ལ་བཞག་ནས་གཡོན་པ་དྲིལ་བུ་དང་བཅས་པའི་གཡོན་པའི་ཁུ་ཚུར་གྱིས་གཟུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་

ཤྭ་ར་ཧཱུཾ་ཞེས་པ་ནི་འཁོར་ལོའི་དབང་ཕྱུག་གི་སྙིང་པོའི་སྔགས་དེ་ལན་བདུན་དུ་མངོན་པར་བསྔགས་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་ལས་ཐམས་ཅད་པའི་སྔགས་ཏེ་གསུམ་དུ་མངོན་པར་བསྔགས་པར་བྱའོ། །ཡང་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་དེ་བཞིན་དུ་བསྔགས་ཏེ་མེ་ཏོག་

གསུམ་གཞུག་པར་བྱའོ། །སོ་སོའི་སྔགས་ནི་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེའི་རྗེས་སུ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ལས་ཐམས་ཅད་པའི་བུམ་པ་གཟུང་ནས་མངོན་པར་བྲན་ཏེ་གཏོར་མ་ཕུལ་ནས་ཀུན་ཁྱབ་ཅེས་

པ་ལ་སོགས་པའི་བསྟོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་བར་བྱའོ། །ཀུན་ཁྱབ་སྲིད་པའི་རྩེ་མོའི་རྩེ། །བདེ་གཤེགས་རྒྱལ་བའི་བདག་པོ་སྟེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །རྡོ་རྗེ་རིན་ཆེན་

ཁྱོད་ཕྱག་འཚལ། །རྡོ་རྗེ་ཆོས་ཁྱོད་ཕྱག་འཚལ་བསྟོད། །རྡོ་རྗེ་ལས་ཁྱོད་ཕྱག་འཚལ་ལོ། །དེ་ནས་བུམ་པ་དེ་རྣམས་ནས་ཆུ་ཅུང་ཟད་བླངས་ཏེ་ལས་ཐམས་ཅད་པའི་བུམ་པར་བླུགས་སོ། །སློབ་དཔོན་གང་ཞིག་རྡོ་རྗེ་དབྱིངས་ལ་མི་སྤྲོ་ན་དེའི་རང་གི་ཡི་དམ་ལྷའི་སྤྲོ་བས་སྦྱང་བ་དང་

རབ་ཏུ་གནས་པའི་མཐར་ཐུག་པའི་བྱ་བ་ཐམས་ཅད་བྱེད་པ་ལ་འགལ་བ་མེད་དོ། །ད་ནི་བུམ་པ་གཞག་པའི་རིམ་པ་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ནས་བརྩམས་ནས་གཡས་སྐོར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་རྣམས་ནས་མི་བསྐྱོད་པའི་

Vol. 62 · folio 243b

བུམ་པའི་མཐར་ཐུག་པར་དགོད་པར་བྱའོ། །ཤར་གྱི་སྒོ་ལ་འཁོར་ལོའི་དབང་ཕྱུག་གི་རྣམ་པར་རྒྱལ་བའི་བུམ་པ་དང་། དེའི་རྗེས་སུ་རིམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་དང་། ངན་སོང་ཀུན་འཇོམས་དང་། མྱ་ངན་དང་མུན་པ་ཐམས་ཅད་

འཇོམས་པའི་བློ་གྲོས་དང་། རྡོ་རྗེ་སྒེག་མོ་དང་། སེམས་མ་རྡོ་རྗེ་མ་དང་། རྡོ་རྗེ་བདུག་སྤོས་མ་དང་། སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རིན་ཆེན་རྣམས་ཀྱི་བུམ་པ་བཅུ་གསུམ་མོ། །དེ་བཞིན་དུ་ལྷོའི་སྒོ་ནས་བརྩམས་ནས་རིན་

ཆེན་འབྱུང་ལྡན་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་དང་། རྡོ་རྗེ་ཕྲེང་བ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། རྡོ་རྗེ་མེ་ཏོག་མ་དང་། བདུད་རྩི་འོད་དང་། ཟླ་འོད་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་ཆོས་རྣམས་ཀྱི་བུམ་

པ་བཅུ་གསུམ་མོ། །དེ་བཞིན་དུ་ནུབ་སྒོ་ནས་བརྩམས་ནས་འོད་དཔག་མེད་དང་། རྡོ་རྗེ་རྒྱས་པ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་གསུང་བ་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་དང་། རྡོ་རྗེ་གླུ་མ་དང་། ཆོས་རྡོ་རྗེ་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་མ་དང་། བློ་གྲོས་མི་ཟད་པ་དང་།

རྡོ་རྗེ་སྲུང་བ་དང་། རྡོ་རྗེ་ལས་རྣམས་ཀྱི་བུམ་པ་བཅུ་གསུམ་མོ། །དེ་བཞིན་དུ་བྱང་སྒོ་ནས་བརྩམས་ནས་དོན་ཡོད་གྲུབ་པ་དང་། རྡོ་རྗེ་འབེབས་པ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མཚམས་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་དང་། རྡོ་རྗེ་གར་མ་

དང་། ལས་ཀྱི་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། བྱམས་པ་དང་། དོན་ཡོད་གཟིགས་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་སེམས་དཔའ་དང་། མི་བསྐྱོད་པ་རྣམས་ཀྱི་བུམ་པ་བཅུ་བཞི་རྣམས་སོ། །ལས་ཐམས་ཅད་པའི་བུམ་པ་ནི་དབང་ལྡན་གྱི་ཕྱི་རོལ་གྱི་ཕྱོགས་སུ་བལྟས་ནས་བུམ་པའི་

ཕྲེང་བ་རྣམས་ཀྱི་བར་དུ་གཞག་པར་བྱའོ། །དེའི་ཕྱིར་དང་པོ་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་ཕྱོགས་སུ་བསྐོར་བ་ལན་རེ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་འཁོར་ལོ་དང་འོད་ཟེར་གྱི་ཕྲེང་བའི་སའི་ཕྱི་རོལ་དུ་བུམ་པ་རྣམས་གཞག་པར་བྱའོ། །བུམ་པ་

Vol. 62 · folio 244a

དགོད་པའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་རྣམས་བཀླག་པར་བྱའོ། །ག་པུར་དང་ཨ་ཀ་རུ་དང་སིཧླ་ལ་སོགས་པའི་བདུག་སྤོས་ཀྱི་སྣོད་དང་མར་མེ་ལ་སོགས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་སྔ་དྲོའི་

ཐུན་ལ་སློབ་དཔོན་དྲི་བཟངས་ཀྱི་ཆུས་ཁྲུས་བྱས་ནས་ལས་ཐམས་ཅད་པའི་ཆུས་བདག་ཉིད་ལ་འཐོར་འཐུང་བྱས་ནས་སྲུང་བའི་འཁོར་ལོ་ལ་སོགས་པ་བསྒོམ་པ་དང་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་བསྲུང་བར་བྱའོ། །རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་

བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་འདི་བརྗོད་ནས་སྒོ་དབྱེ་བར་བྱའོ། །ཏིང་ངེ་འཛིན་གསུམ་བསྒོམ་པར་བྱས་ནས། ཡང་དཔུང་བཟངས་ཀྱི་ཚིགས་སུ་བཅད་པ་རབ་ཏུ་བྱེད་པ་དྲུག་པ་ནས་བཤད་པའི་ཆོ་གས་གཏོར་མ་ཆེན་པོ་ཕུལ་ཏེ། དེ་ལ་གནས་པའི་ལྷ་རྣམས་ཡིད་ཀྱིས་ནམ་མཁའ་ལ་བཞུགས་

སུ་གསོལ་ལོ། །འདིར་གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་བགེགས་རྣམས་མེད་པར་བསམ་པར་བྱའོ། །དེའི་རྗེས་ལ། ཤར་དང་བྱང་དུ་རྒྱུག་པ་ཡི། །རི་མོ་བདུན་བདུན་རབ་ཏུ་སྦྱར། །རེ་མིག་སུམ་ཅུ་རྩ་དྲུག་སྟེ། །མཉམ་དུ་ཁང་པའི་ས་གཞི་ལ། །དབུས་ཀྱི་གནས་ནི་བཞི་

པོ་ལ། །དེ་ལ་སྔགས་པ་གནས་པར་བྱ། །དེ་ཕྱིར་མེ་མཚམས་རེ་མིག་སོགས། །རེ་མིག་བཅུ་གཉིས་གོ་རིམས་བཞིན། །སྤྲིན་གྱི་སྒྲ་དང་། ཁྲོ་བོ་གཟེགས་མ་དང་། ཤེས་རབ་མཐར་བྱེད་དང་། གསུས་པོ་ཆེ་དང་། འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པ་དང་། པདྨ་མཐར་བྱེད་དང་།

རྒྱལ་བ་དང་། དཔའ་བོ་རྣམ་པར་གནོན་པ་དང་། བདུད་རྩི་འཁྱིལ་བ་དང་། རྣམ་པར་རྒྱལ་བ་དང་། རྣམ་པར་རྒྱལ་བ་ཆེན་པོ་དང་། གཤིན་རྗེ་མཐར་བྱེད་རྣམས་གཡས་སྐོར་གྱིས་བཀོད་ནས་མཆོད་པར་བྱའོ། །དེ་བཞིན་དུ་དེའི་ཕྱིར་མེ་ལ་སོགས་པའི་རེ་མིག་ཉི་ཤུ་པོ་རྣམས་ལ་ཊཀྐི་

དང་། མཐར་སྤྱོད་དང་། རྡོ་རྗེ་ཞགས་པ་དང་། ཡལ་ག་ཅན་དང་། རིན་ཆེན་གཙུག་ཏོར་དང་། དབྱུག་པ་སྔོན་པོ་དང་། སྦྱང་དཀའ་བ་དང་། རྡོ་རྗེ་རྒྱས་པ་དང་། འཇིགས་བྱེད་དང་། རབ་ཏུ་གཏུམ་པོ་དང་། སྟོབས་པོ་ཆེ་དང་། གོམ་བསྐྱོད་དང་། རྡོ་རྗེ་འབེབས་པ་དང་། རྡོ་རྗེ་གད་རྒྱངས་

Vol. 62 · folio 244b

དང་། རྡོ་རྗེ་རྣམ་འཇོམས་དང་། མི་གཡོ་བ་དང་། རྣམ་འཇོམས་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་གནམ་ལྕགས་དང་། བལྟ་བར་མི་བཟོད་པ་རྣམས་དགོད་པར་བྱས་ནས་མཆོད་པར་བྱའོ། །དེ་ལ་སྤྲིན་གྱི་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བ་དང་། རྣམ་པར་རྒྱལ་བ་རྣམས་དང་པོར་

མཆོད་པར་བྱའོ། །རང་རང་གི་རེ་མིག་ལ་རང་རང་གི་ཕུར་བུས་གདབ་པར་བྱའོ། །ཨོཾ་ཨཱཿམེ་གྷ་ནཱ་དཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧོ་ད་རཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཛཱ་ཡཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབི་ཛ་ཡཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་མི་གཡོ་བ་ལ་སོགས་པ་ཁྲོ་བོ་ཉི་ཤུ་རྩ་བརྒྱད་པོ་རྣམས་ཀྱི་

རང་རང་གི་རེ་མིག་རྣམས་རང་རང་གི་ཕུར་བུས་གདབ་པར་བྱའོ། །ཨོཾ་ཨཱཿཨ་ཙ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབི་དྲཱ་བ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་བི་ཛ་ཡཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཡ་མཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱ་ཤ་ནི་མ་ཧཱ་ཀྲོ་དྷཱ་ཡ་ཧཱུཾ་སྭཱ་ཧཱ།

ཨོཾ་ཨཱཿདུརྣཱི་རཱི་ཀྵཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཊཀྐི་རཱ་ཛཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨནྟ་ཙ་རཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པཱ་ཤཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀ་ནི་ཀྲོ་དྷཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔྲཛྙཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབ་ལཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿརཏྣ་ཤི་ཁ་རཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿནཱི་ལ་དཎྜཱ་ཡ་ཧཱུཾ་སྭཱ་ཧཱ།

ཨོཾ་ཨཱཿདུརྫ་ཡཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སྥོ་ཊཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏྲཻ་ལོཀྱ་པྲ་སཱ་དྷ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔདྨཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བྷཱི་མཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པྲ་ཙཎྜཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་བ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབ་ད་ནཱི་ཀྵེ་པཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱ་བེ་ཤཱ་ཡ་

ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཱི་ར་བི་ཀྲཱནྟཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨ་མྲྀ་ཏ་ཀུཎྜ་ལི་ནེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཊྚ་ཧཱ་སཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བི་དཱ་ར་ཎཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ནས་ཁང་པའི་དཀྱིལ་དུ་བསྡད་ནས་རཾ་ལས་སྐྱེས་པའི་ཉི་མའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་

རབ་ཏུ་འབར་བ་རྡོ་རྗེ་རྣམ་པར་བརྐྱང་བ་མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་པ་རྡོ་རྗེའི་ར་བ་དང་། གུར་དང་མདའི་དྲ་བ་དང་། བ་དན་དང་། འོག་གི་གནས་ཀྱང་འབར་ཞིང་འབར་བ་བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་ས་གཞིར་རྣམ་པར་བསྒོམ་མོ། །དེའི་དབུས་སུ་མྱུར་དུ་

Vol. 62 · folio 245a

བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སོ། །གཞན་དུ་ཡང་བསྒྱུར་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མིང་གཞན་རྡོ་རྗེ་ཧཱུཾ་མཛད་ཅེས་པ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མ་ཞབས་གཉིས་ལས་གཡས་བརྐྱང་བས་

མནན་པ་ཁྲོ་བོ་བསྐལ་བའི་དུས་ཀྱི་མཐའི་མེའི་འོད་ཟེར་གྱི་ཚོགས་པ་འདྲ་བ། འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་རྣམས་ཟ་བར་བྱེད་པ་ལྟ་བུ་སྔོན་པོ་དང་སེར་པོ་དང་ལྗང་གུའི་རྩ་བ་དང་། གཡས་དང་གཡོན་པའི་ཞལ་གསུམ་གསལ་བར་བྱས་པ། མཆེ་བ་གཙིགས་ཤིང་

ལྗགས་བསྐྱོད་པ་ཞལ་སོ་སོའི་སྨིན་མ་འཁྱོག་པོ་བསྡུས་པ། དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་མི་མགོ་རློན་པ་ཁྲག་འཛག་པའི་ཕྲེང་བ་འཕྱང་བས་རྣམ་པར་བརྒྱན་པ་དེའི་མགོ་བོའི་སྐ་རགས་དང་། སྟག་གི་པགས་

པའི་ཤམ་ཐབས་འཛིན་པ་སྐྲ་དམར་སེར་གྱེན་དུ་འབར་ཞིང་དགའ་བོ་སྔོན་པོས་དཀྲིས་པའོ། །འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་བརྒྱན་ཅིང་རྡོ་རྗེ་དྲིལ་བུའི་མཚན་པའི་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ཏེ་རྒྱབ་གཉིས་སྦྱར་ཏེ་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཞིན་དུ་

འཁྱུད་དེ་མཛུབ་མོ་གཉིས་བརྐྱང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པའོ། །གཡས་པའི་ཕྱག་གཉིས་ལྕགས་ཀྱུ་དང་ཞགས་པའོ། །གཡོན་པ་དག་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །ཕྱོགས་ཀྱི་ཞལ་ནས་ཧཱུཾ་གི་སྒྲ་སྒྲོགས་པ་རང་

གི་སྙིང་གའི་ཧཱུཾ་གི་ཡི་གེའི་འོད་ཟེར་འཕྲོས་པས་ཕྱོགས་ཕྱོགས་ནས་བགེགས་རྣམས་དགུག་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་སྤྲིན་གྱི་སྒྲ་ལ་སོགས་པའི་རྣམས་སོ་སོར་བསྒྱུར་བར་བྱས་ལ་རང་རང་གི་ཕུར་བུ་གདབ་པར་བྱའོ། །དང་པོ་མེའི་མཚམས་ལ་སོགས་པའི་ཟུར་བཞི་

ལ་ཕྱི་རོལ་དུ་འཆད་པར་འགྱུར་བའི་རང་རང་གི་སྔགས་ཀྱིས་ཕུར་བུ་གདབ་པར་བྱའོ། །དེ་ཡང་ཕུར་བུ་རིང་བའི་ཚད་ནི་སོར་བཅོ་བརྒྱད་དང་བཅུ་གཉིས་དང་བརྒྱད་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སོར་དྲུག་དང་བཞི་དང་ཕྱེད་ཀྱིས་ལྷག་པའི་གཉིས་ཀྱི་ཚད་ཀྱི་བསྲིང་བར་བྱའོ། །གསེར་

Vol. 62 · folio 245b

ལས་སྐྱེས་པ་དང་སེང་ལྡེང་དག །ལས་ཐམས་ཅད་པའི་བུམ་པའི་ཆུས་བཀྲུས་པ། ལས་ཐམས་ཅད་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །དེ་ནས་རི་མོ་ཉི་ཤུ་རྩ་བརྒྱད་ཀྱི་རྩེ་མོ་ལ་གོ་རིམས་བཞིན་དུ་དང་པོ་དབང་ལྡན་ནས་བརྩམས་ཏེ་མི་གཡོ་བ་དང་། རྣམ་འཇོམས་དང་། རྡོ་རྗེ་

ལྕགས་ཀྱུ་དང་། རྣམ་པར་རྒྱལ་བ་ཆེན་པོ་དང་། གཤིན་རྗེ་མཐར་བྱེད་དང་། རྡོ་རྗེ་གནམ་ལྕགས་དང་། བལྟ་བར་མི་བཟོད་པ་རྣམས་ཀྱི་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། སྐྱ་བོ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོ་རྣམས་དོན་གྲུབ་དང་ཙནྡན་དམར་

པོས་རྣམ་པར་བྱུགས་ཏེ། མེ་ཏོག་དམར་པོ་དང་མཆོད་ཕྱིར་ཐོགས་ཀྱིས་ཉེ་བར་བརྒྱན་ཏེ། ལྟེ་འོག་མན་ཆད་རྩེ་མོ་གཅིག་པའི་རྣམ་པ་སྟེ་མི་གཡོ་བ་ལ་སོགས་པའི་ཁྲོ་བོའི་མིང་གི་རྣམ་པའོ། །དེ་བཞིན་དུ་མེའི་མཚམས་ནས་བརྩམས་ཏེ་ཊཀྐི་དང་། མཐར་སྤྱོད་པ་དང་།

རྡོ་རྗེ་ཞགས་པ་དང་། ཁྲོ་བོ་གཟེགས་མ་དང་། ཤེས་རབ་མཐར་བྱེད་དང་། འབྲོས་པ་དང་། རིན་ཆེན་གཙུག་ཏོར་རྣམས་ཀྱི་སྔོན་པོ་དང་། སྐྱ་བོ་དང་། ནག་པོ་དང་། སྔོན་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོ་རྣམས་སོ། །ལྷག་མ་སྔོན་བཞིན་དུའོ། །དེ་བཞིན་

དུ་དང་པོ་བདེན་བྲལ་ནས་བརྩམས་ཏེ་དབྱུག་པ་སྔོན་པོ་དང་། སྦྱང་དཀའ་བ་དང་། རྡོ་རྗེ་རྒྱས་པ་དང་། འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པར་བྱེད་པ་དང་། པདྨ་མཐར་བྱེད་དང་། འཇིགས་བྱེད་དང་། རབ་ཏུ་གཏུམ་པོ་རྣམས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། དམར་པོ་དང་།

ལྗང་གུ་དང་། སེར་བ་རྣམས་ཀྱང་འདིར་སྔོན་བཞིན་དུའོ། །དེ་བཞིན་དུ་དང་པོ་རླུང་གི་མཚམས་ནས་བརྩམས་ཏེ། སྟོབས་པོ་ཆེ་དང་། གོམ་བསྐྱོད་དང་། རྡོ་རྗེ་འབེབས་པ་དང་། དཔའ་བོ་རྣམ་པར་གནོན་པ་དང་། བདུད་རྩི་འཁྱིལ་པ་དང་། རྡོ་རྗེ་གད་རྒྱངས་ཅན་དང་། རྡོ་རྗེ་རྣམ་འཇོམས་རྣམས་

སྔོན་པོ་དང་། སྔོ་བསངས་དང་། སྣ་ཚོགས་མདོག་དང་། དཀར་པོ་དང་། སྔོན་པོ་དང་། དཀར་པོ་དང་། ལྗང་གུ་རྣམས་སོ། །འདིར་ཡང་ལྷག་མ་རྣམས་སྔོན་བཞིན་དུའོ། །དེ་ནས་ཡང་མི་གཡོ་བ་ལ་སོགས་པ་ཁྲོ་བོ་ཉི་ཤུ་རྩ་བརྒྱད་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཐོ་བས་མཚན་པ་

Vol. 62 · folio 246a

ལག་པ་གཡས་ནའོ། །ལྟེ་བའི་སྟེང་དུ་རང་གཟུགས་སོ། །འོག་རྩེ་མོ་གཅིག་པའི་ལག་པ་གཡོན་དུ་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨ་ཙ་ལ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱན་ཨཱ་ཛྙ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཨཱི་ཤ་ནཱ་ནཱཾ་ཀཱ་ཡ་བཱཀྩིཏྟ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་

ནས་སྔོན་དུ་དབང་ལྡན་གྱི་མགོ་ལ་ཕུར་བུས་གདབ་པོ། །ཕུར་བུ་མི་གཡོ་བའི་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུཾ། ཞེས་བརྗོད་ནས་བརྡུང་བར་བྱའོ། །དེ་བཞིན་དུ་ཨོཾ་བཛྲ་བི་དྲཱ་བ་ཀ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་

ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཨ་མྲྀ་ཏཾ་ཀཱ་རཱ་ཎཱཾ་ཀཱ་ཡ་བཱ་ཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཛ་ཡ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཨིནྡྲ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་མ་ཧཱ་

ཀྲོ་དྷ་ཀཱི་ལ་ཡ་ས་རྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསཱུརྱཱ་ནཱཾ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱ་ཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ས་ནི་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བི་གྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཨུ་པེནྡྲཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དུརྣི་རཱི་ཀྵ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་

བིགྷྣཱ་ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཀཱརྟི་ཀཱ་ནཱཾ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་བཛྲ་ཀཱི་ལ་ཡཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རོ་ཧཱུཾ་ཕཊ། ཅེས་པའི་སྔགས་འདི་ཕུར་བུ་སོ་སོ་ལ་བརྗོད་པར་བྱའོ། །ཤར་དུའོ། །ཨོཾ་བཛྲ་ཊཀྐི་རཱ་ཛཱ་ས་པ་རི་

བཱ་རཱ་ནཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨནྟ་ཙ་ར་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དྷརྨ་ཀིནྣ་ར་རཱ་ཛ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱ་ཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་ཨརྠ་སིདྡྷ་བིདྱཱ་དྷ་རཱཾ་

སརྦ་དུཥྚ་ས་པ་རི་པཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ཎི་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷརཿསརྦ་དུཥྚ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་པཉྩ་ཤི་

Vol. 62 · folio 246b

ཁ་གནྡྷརྦ་རཱ་ཛ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་བ་ལ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བྷྲཾྀ་གི་རི་ཏི་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཏྣ་ཤི་ཁ་ར་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བ་ལ་བྷ་

དྲ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ལྷོ་རུའོ། །ཨོཾ་ཨཱཿནཱི་ལ་དཎྜ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་ནི་རྲྀ་ཏྱ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿདུར་ཛྫ་ཡ་མ་ཧཱ་ཀྲོ་དྷ་ཀཱི་ལ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་པྲྀ་ཐྭཱི་དེ་

བཱི། ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བེ་མ་ཙི་ཏྲ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏྲཻ་ལོ་ཀྱ་པྲ་སཱ་དྷ་ཀ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་ཝ་རུ་ཎ་ས་

པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་ནནྡི་གེ་ཤྭར་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་མ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བ་ལི་ར་སུ་རེནྡྲ་ས་པ་རི་

བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་ཙ་ཎྜ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་པྲ་ཧླཱ་ད་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ནུབ་ཏུའོ། །ཨོཾ་ཨཱཿམ་ཧཱ་བ་ལ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བཱ་ཡུ་ས་

པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ད་ནཱི་ཀྵེ་པ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་མ་ཧཱ་ཀཱ་ལ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བི་ནཱ་ཡ་ཀ་ས་

པཱ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔཱི་ར་བི་ཀྲཱནྟ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་ཀུ་བེ་ར་ཡ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབཛྲ་ཨ་མྲྀ་ཏ་ཀུཎྜ་ལི་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་ཛ་ཡ་ཀ་ར་

Vol. 62 · folio 247a

ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཊྚ་ཧ་ས་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་མ་དྷུ་ཀ་ར་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་དཱ་ར་ཎ་མ་ཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རཿསརྦ་དུཥྚ་བ་སནྟ་ས་པ་རི་བཱ་རཱ་ཎཱཾ་

ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། བྱང་དུའོ། །དེ་བཞིན་དུ་བགེགས་ཀྱི་ཚོགས་རྣམས་ལ་ཕུར་བུས་བཏབ་པས་ལུས་ཀྱི་ངན་དུ་སྤྱོད་པ་དང་། ངག་གི་ངན་དུ་སྤྱོད་པ་དང་། ཡིད་ཀྱི་ངན་དུ་སྤྱོད་པ་རྣམས་བཅོམ་ནས་བདེ་བ་ཆེན་པོ་དང་དེ་བཞིན་རོ་གཅིག་པར་ཡང་དག་པར་གནས་ཤིང་

བགེགས་ལྷག་མ་རྣམས་རིང་དུ་འབྲོས་པར་བསམ་ཞིང་རྣམ་པ་ཐམས་ཅད་དུ་བགེགས་མེད་པའི་སའི་ཆ་ལྷག་པར་གྲོལ་ལོ་ཞེས་པ་ནི་རིམ་པ་གཅིག་གོ། །ཡང་ན། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་སརྦ་དུཥྚ་ཨུ་པེནྡྲཱཾ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཊཀྐི་རཱ་ཛཱ་སརྦ་དུཥྚ་བིགྷྣཱཾ་ས་པ་རི་བཱ་རཱན་ཀཱི་

ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿམེ་གྷ་ནཱ་དཱ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བིགྷྣཱཾ་ས་པ་རི་རྦཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་སརྦ་དུཥྚ་ཡ་མ་ནཱ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿནཱི་ལ་དཎྜ་སརྦ་དུཥྚ་ནཻ་རྲྀ་ཏྱ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཧོ་ད་རམ་ཧཱ་ཀྲོ་དྷ་སརྦ་དུ་ཥྚ་བིགྷྣཱཾ་ས་པ་རི་བཱ་

རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔདྨནྟ་ཀྲྀཏ་སརྦ་དུཥྚ་ནཱ་གྷཾ་ས་པ་རི་པཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཧཱ་བཱ་ལ་སརྦ་དུཥྚ་བཱ་ཡཱུན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཛ་ཡ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བིགྷྣཱཾ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་སརྦ་དུཥྚ་ཀུ་བེ་ར་ས་པ་རི་

བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཨ་ཙ་ལ་སརྦ་དུཥྚ་བི་ནཱ་ཡ་ཀཾ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབི་ཛཱ་ཡ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་ཨཱི་ནས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་བརྡུང་བར་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་དང་། ཁྲོ་བོ་གཟེགས་མ་དང་།

འཇིག་རྟེན་གསུམ་རབ་ཏུ་བསྒྲུབ་པ་དང་། །དཔའ་བོ་རྣམ་པར་གནོན་པ་རྣམས་ཀྱི་གནས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཤིན་རྗེ་དང་། ཤེས་རབ་དང་། པདྨ་དང་། བགེགས་མཐར་བྱེད་རྣམས་ཤེས་པར་བྱའོ། །དེ་བཞིན་དུ་བལྟ་བར་མི་བཟོད་པ་དང་། ཊཀྐི་དང་། རིན་

Vol. 62 · folio 247b

ཆེན་གཙུག་ཏོར་དང་། དབྱུག་སྔོན་དང་། སྟོབས་པོ་ཆེ་དང་། རྡོ་རྗེ་རྣམ་འཇོམས་དང་། མི་གཡོ་རྣམས་ཀྱི་གནས་རྣམས་ལ་ཊཀྐི་དང་། སྤྲིན་གྱི་སྒྲ་དང་། དབྱུག་པ་སྔོན་པོ་དང་། གསུས་པོ་ཆེ་དང་། སྟོབས་པོ་ཆེ་དང་། རྒྱལ་བ་དང་། མི་གཡོ་བ་དང་། རྣམ་པར་

རྒྱལ་བ་རྣམས་ཏེ། ཁྲོ་བོ་བརྒྱད་ཤེས་པར་བྱའོ་ཞེས་པ་ནི། ཕུར་བུ་བཅུ་གཉིས་གདབ་བོ་ཞེས་པ་ནི་རིམ་པ་གཉིས་པའོ། །ཡང་ན་གཤིན་རྗེ་མཐར་བྱེད་ལ་སོགས་པའི་གནས་གང་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་རྒྱས་པ་དང་། རྡོ་རྗེ་འབེབས་པ་དང་། ཁྲོ་

བོ་བཞིའི་རྣམ་པའི་ཕུར་བུས་དེ་བཞིན་དུ་གཞན་ལའོ་ཞེས་པ་ནི། རིམ་པ་གསུམ་པའོ་ཞེས་པ་ནི་ཕུར་བུའི་ཆོ་གའོ།། །།དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་ནམ་མཁའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་ཏེ་ཡང་དག་

པར་མཆོད་པར་བྱའོ། །གཞོན་ནུ་མ་མཉམས་པས་བྱས་པའམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་ལྔ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའི་ཁ་དོག་རྣམས་སོ་སོར་ཁ་བསྒྱུར་ནས་བྷྲཱུཾ་ཨཱཾ་ཛྲཱཾི་ཁཾ་ཧཱུཾ་ཞེས་པ་དེ་བཞིན་གཤེགས་པ་ལྔའི་ས་བོན་

རྫོགས་པས་དེ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་སུ་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་རྣམས་ལ་བྷྲཱུཾ་ཡིག་ལ་སོགས་པའི་ས་བོན་རྫོགས་པ་ལས་ཡེ་ཤེས་ཀྱི་ཐིག་གི་འོད་ཟེར་གྱི་རང་བཞིན་རྣམས་བལྟའོ། །ཨོཾ་ཨཱཿཤ་ཤྭ་ཏཱ་བཛྲ་སཱུ་

ཏྲཾ་མེ་པྲ་ཡཙྪ་ཧཱུཾ་ཞེས་པ་འདིས་རྣམ་པར་སྣང་མཛད་ཆེན་པོ་ལ་ཞུ་བར་བྱའོ། །དེ་བཞིན་དུ་ཨོཾ་ཨཱཿརཏྣཻ་ཥ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་ཧཱུཾ། ཨོཾ་ཨཱཿཨ་མྲྀ་ཏཻ་ཥ་སཱུ་ཏྲཾ་མེ་པྲ་ཡཙྪ་ཧཱུཾ། ཨོཾ་ཨཱཿཨ་མོ་གྷཻ་ཥ་བཛྲ་སཱུ་ཏྲཾ་མེ་པྲ་ཡ་ཙྪ་ཧཱུཾ། ཨོཾ་ཨཱཿཅིཏྟཻ་ཥ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་ཧཱུཾ་ཞེས་པ་འདིས་ཞུ་བར་བྱའོ། །

དེ་ནས་ཛ་ཡིག་སེར་པོ་ལས་ཟླ་བ་དང་ཉི་མའི་རང་བཞིན་གྱི་མིག་གཉིས་སོ། །ཨོཾ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་བརྗོད་པས་མིག་གཉིས་རབ་ཏུ་བསྐྱོད་ནས་མིག་གི་རྫི་མ་འབར་ཞིང་ལྟ་བའི་ལྕགས་ཀྱུས་དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བསྐུལ་ནས་གདན་དྲངས་ཏེ་སོ་སོའི་ཁ་དོག་

Vol. 62 · folio 248a

དེ་བཞིན་དུ་གཞུག་པར་བྱའོ། །དེའི་ཕྱིར་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་སོ་སོར་རེ་རེ་ལ་ཡེ་ཤེས་བཞིའི་རྗེས་སུ་འབྲང་ནས་ཉི་ཤུ་རྩ་ལྔའི་དབྱེ་བ་རྣམས་སུ་འགྱུར་རོ། །དེའི་རྗེས་སུ་ལས་ཐམས་ཅད་པའི་

གཟུགས་ཀྱིས་ལས་ཀྱི་སློབ་དཔོན་གྱིས་བཟུང་ནས་ལྷན་ཅིག་ཏུ་དང་པོ་རེ་རེ་ལ་སྐུད་པ་ལྔ་ལྔའི་ཐིག་སྐུད་བསྒྲིལ་བར་བྱའོ། །དེའི་རྗེས་སུ་དེ་བཞིན་དུ་བསྒྲིལ་བའི་ལྔ་པོ་ཐིག་སྐུད་གཅིག་ཏུ་བྱའོ། །ཨོཾ་ཨ་ནྱོ་ནྱོ་ནུ་ག་ཏཱཿསརྦ་དྷརྨཱཿསྤ་ར་སྥ་རཱ་ནུ་ཕྲ་བིཥྚ་སརྦ་དྷརྨཱཿཨ་ཏྱནྟཱ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུཾ།

ཞེས་བརྗོད་ནས་བསྒྲིལ་བར་བྱའོ། །བསྒྲིལ་བ་རབ་ཏུ་བཏབ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ནས་དྲི་དང་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །ཨོཾ་བཛྲ་སཾ་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་པ་འདིས་ལན་བརྒྱ་རྩ་

བརྒྱད་བཟླས་ནས་ལྷག་པར་གནས་པར་བྱའོ། །ཡང་ཨོཾ་སརྦ་སཾ་ཤོདྷ་ནི་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་བུམ་པ་ཐམས་ཅད་ཀྱི་ཆུས་ལེགས་པར་གཏོར་ཏེ་མེ་ཏོག་གཅལ་དུ་བཀྲམ་ནས་ནམ་མཁའི་མཐིལ་དུ་སོང་སྟེ་ཡི་དམ་ལྷའི་དཀྱིལ་འཁོར་ལ་དམིགས་ཏེ་མཆོད་ཡོན་སྔོན་དུ་ཕུལ་ནས་

ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཕྱག་འཚལ་ཏེ། རང་དེའི་རྣལ་འབྱོར་དང་ལྡན་པས་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་ལས་ཐམས་ཅད་པའི་གཟུགས་སུ་རྣམ་པར་བསམ་མོ། །རང་དང་དེའི་ཡང་གཡས་ཕྱོགས་དང་གཡོན་གྱི་མིག་དག་ལ་ཛྫ་ཡིག་ལས་སྐྱེས་པའི་འོད་ཟེར་སེར་

པོ་ལ་ཟླ་བ་དང་ཉི་མ་བསམས་ནས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ་ལྟེ་བར་གཟུང་བར་བྱའོ། །དེ་ལ་ཡང་བྱང་ཕྱོགས་ཀྱི་སྒྲུབ་པ་པོས་དེ་བཞིན་དུ་ཐིག་སྐུད་བཟུང་ནས། ཛྫཿཛྫཿཛྫཿཡི་གེ་གསུམ་གྱི་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་ཡང་དག་པར་བསྐུལ་ནས། ཛྫཿཛྫཿཛྫཿཞེས་ཛྫཿཡིག་

གསུམ་གྱིས་བཀུག་ཅིང་དེ་བཞིན་དུ་གདོང་མངོན་པར་ཕྱོགས་ཏེ་གནས་པས་ནུབ་ཏུ་གནས་ཏེ་ཁ་ཤར་དུ་ཕྱོགས་པ་དང་། ལྷོ་ཕྱོགས་སུ་གནས་ཏེ་ཁ་བྱང་དུ་ཕྱོགས་པས་ཚངས་པའི་ཐིག་གཉིས་ལྟེ་བ་ནས་མཉམ་དུ་བར་སྣང་ལ་གདབ་པར་བྱའོ། །ལག་པ་གཡས་པ་རྡོ་རྗེ་དང་བཅས་པའི་

Vol. 62 · folio 248b

སོར་མོ་དག་གིས་ཐིག་སྐུད་བླངས་ཏེ་སེ་གོལ་གྱི་སྒྲ་དང་བཅས་པས་གདབ་བོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་ངོ་། །ཨོཾ་བཛྲ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་ཏྲཱཾ་ཨཱ་ཧཱཿཞེས་བརྗོད་པར་བྱའོ། །དེའི་ཐིག་གི་སྒྲས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཡང་

དག་པར་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ཏེ་ཐིག་སྐུད་ཀྱི་ནང་དུ་གཞུག་པར་བྱའོ། །འདིའི་སྒྲ་ནི་སེམས་ཅན་གྱི་དོན་དུ་འགྱུར་བའི་དུས་སོ། །དེ་འདིར་འོངས་སོ་ཞེས་པའི་བརྡའོ། །གང་གི་ཕྱིར་ཐམས་ཅད་དུ་ཡང་སློབ་དཔོན་དང་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་གཡས་སྐོར་

གྱིས་འགྲོ་བར་བྱའོ། །ཕྱོགས་ཐམས་ཅད་ཀྱང་མཉམ་དུ་འགྲོ་བར་བྱའོ། །ནམ་མཁའི་ཐིག་གཉིས་བཞིན་དུ་ས་ལ་ཚངས་པའི་ཐིག་གཉིས་ཐིག་སྐུད་དང་བཅས་པའི་ལག་པ་དག་གིས་གདབ་པར་བྱའོ། །དེ་ནས་ཊཀྐིའི་ཕུར་བུའི་གནས་དང་རྡོ་རྗེ་རྣམ་འཇོམས་ཀྱི་ཕུར་བུ་དག་ལ་ཁ་

མངོན་པར་ཕྱོགས་ཏེ་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་རྡོ་རྗེ་མཐར་སྤྱོད་པའི་ཕུར་བུ་ལ་ཕྱིན་ཏེ། རྡོ་རྗེ་གད་རྒྱངས་ཀྱིས་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་ཤར་གྱི་རྩ་བའི་ཐིག་གདབ་པར་བྱའོ། །དེ་ནས་ཁྲོ་བོ་སྟོབས་པོ་ཆེའི་ཕུར་བུ་ལ་ཕྱིན་ཏེ། རིན་ཆེན་

གཙུག་ཏོར་གྱི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་རྐང་པ་བསྐྱོད་པའི་ཕུར་བུའི་གནས་དང་། རྡོ་རྗེ་ཡལ་གའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་ནུབ་ཀྱི་རྩ་བའི་ཐིག་གདབ་པར་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་

རབ་ཏུ་གཏུམ་པོའི་ཕུར་བུའི་གནས་དང་། མི་གཡོ་བའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་བྱང་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་ཕུར་བུའི་གནས་དང་རྡོ་རྗེ་འཇོམས་པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་བྱང་གི་རྩ་བའི་ཐིག་གདབ་

པར་བྱའོ། །དེ་ནས་རྡོ་རྗེ་བལྟ་བར་མི་བཟོད་པའི་ཕུར་བུ་ལ་ཕྱིན་ཏེ་དབྱུག་པ་སྔོན་པོའི་ཕུར་བུ་དག་ལ་གདོང་ཕྱོགས་ཏེ་ལྷོ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་རྡོ་རྗེ་གནམ་ལྕགས་ཀྱི་ཕུར་བུའི་གནས་དང་ཁྲོ་བོ་ཆེན་པོ་སྦྱང་དཀའ་བའི་ཕུར་བུ་དག་ལ་གདོང་མངོན་དུ་ཕྱོགས་ཏེ་ལྷོའི་རྩ་

Vol. 62 · folio 249a

བའི་ཐིག་གདབ་བོ། །དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཞགས་པའི་ཕུར་བུ་ལ་ཕྱིན་ཏེ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕུར་བུ་ལ་ཕྱིན་ཏེ་ཤེས་རབ་མཐར་བྱེད་ཀྱི་ཕུར་བུ་

དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་པདྨ་མཐར་བྱེད་ཀྱི་ཕུར་བུའི་གནས་དང་། རྡོ་རྗེ་ལྕགས་ཀྱུའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་གཤིན་རྗེ་མཐར་བྱེད་ཀྱི་ཕུར་བུའི་གནས་དང་རྡོ་རྗེ་རྒྱས་

པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་བོ། །ཐིག་གདབ་པ་ཐམས་ཅད་ལ་སོ་སོ་ལ་གཡས་ཕྱོགས་སུ་བསྐོར་བ་རེ་རེ་བྱས་ནས་གདབ་པོ། །དེ་ནས་ཐིག་གདབ་པའི་མཐར་བདེན་བྲལ་གྱི་མཚམས་སུ་ཕྱིན་ནས་དབང་ལྡན་དུ་ཁ་ཕྱོགས་ཏེ་གཏོར་མ་དང་མཆོད་པ་སྔོན་དུ་

འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་སུ་གསོལ་ཏེ། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་ཏེ་ཁ་དོག་ལྔའི་ཐིག་སྐུད་ཇི་ལྟ་བར་གནས་པར་བྱའོ་ཞེས་པ་ནི་ཐིག་གདབ་པའི་རིམ་པའོ།། །།རྟགས་མེད་

དངོས་གྲུབ་མེད་དེ་ཐིག་སྐུད་ཆད་གྱུར་བླ་མ་འཆི། །ཞེས་པའི་གསུང་ལས་མཚན་མ་རྣམས་ནི་ཉེ་བར་མཚོན་པར་བྱ། །རྟགས་ནི་ཐིག་སྐུད་ཆད་དང་དུ་དང་ཐིག་སྐུད་འགོང་བ་དང་། །ལུས་ལ་རེག་དང་མིང་ནི་ཡོངས་སུ་གྲགས་ལ་སོགས་པ་རྣམས། །དེ་ལ་ཐིག་སྐུད་ཆད་ན་འདིས་སློབ་དཔོན་འཆིའོ། །

ཁྱི་དང་ཅེ་སྤྱང་དང་བྱ་རྒོད་དང་སྡིག་པའི་སྒྲ་བྱུང་ན་སྦྱིན་བདག་འཆི་བར་བཤད་དོ། །ཞུམ་བུས་ཐིད་སྐུད་འགོང་ན་དེའི་རུས་པ་ཡོད་དོ། །ཡང་ན་གླང་གིའོ། །བོང་བུས་འགོང་ན་དེའི་རུས་པའོ། །བྱི་ཡིས་འགོང་ན་དེའི་རུས་པའོ། །ར་དང་ལུག་གིས་འགོང་ན་དེ་དག་གི་རུས་པ་འམ་ཡང་ན་བ་ལང་

གི་རུས་པའོ། །རྟ་ཡིས་ནི་རྟའི་རུས་པའོ། །གླང་པོ་ཆ་ཡིས་ནི་གླང་པོ་ཆེའི་རུས་པའོ། །ཡང་ན་རྔ་མོའི་རུས་པའོ། །རྟ་མཆོག་གིས་ནི་དེའི་རུས་པའམ་མ་ཧེའམ་ཅེ་སྤྱང་གི་རུས་པའོ། །རི་དྭགས་ཀྱིས་ནི་རི་དྭགས་ཀྱི་རུས་པའོ། །གཟིག་གིས་ནི་གཟིག་གི་རུས་པའོ། །ཕག་པས་ནི་

Vol. 62 · folio 249b

ཕག་གི་རུས་པའོ། །སྟག་གིས་ནི་གླང་པོ་ཆེའི་རུས་པའོ། །བྱི་བས་ནི་བྱི་བའི་རུས་པའོ། །སྦྲུལ་གྱིས་ནི་སྦྲུལ་གྱི་རུས་པའོ། །རུས་སྦལ་གྱིས་ནི་རུས་སྦལ་གྱི་རུས་པའོ། །གལ་ཏེ་སློབ་དཔོན་ནམ། བཟོ་བོ་འམ། སྦྱིན་བདག་གམ། ངེས་པར་སྦྱོར་བའི་སྐྱེ་བོ་རྣམས་ཀྱི་ནང་ནས་གང་ལ་ལ་

མགོ་བོ་གཡའ་བར་འགྱུར་ན་དེ་ལ་མི་གང་གི་འོག་ན་རུས་པ་ཡོད་དོ། །སྨིན་མཚམས་ཀྱི་རེག་བྱས་ནི་ཁྲུ་གསུམ་ན་གསེར་ཡོད་དོ། །ཡང་ན་མཆིང་བུའོ། །མིག་གི་རེག་བྱས་ནི་མིག་གི་མཐར་ཐུག་པའི་འོག་ན་མུ་ཏིག་གོ། །ཁའི་རེག་བྱས་ནི་ཁྲུ་གསུམ་གྱི་འོག་ན་སྐྲའམ་ཤིང་ཡོད་དོ། །

སོའི་རེག་བྱས་ནི་ཁྲུ་གསུམ་ན་སོ་རྗེས་སུ་དཔག་པར་བྱའོ། །རྣ་བ་གཡའ་ན་རྣ་བ་མན་ཆད་ཀྱི་འོག་ཏུ་དངུལ་ལམ་གསེར་རམ་ཡང་ན་བྱི་རུར་འགྱུར་རོ། །མགྲིན་པའི་རེག་བྱས་ནི་དེའི་ཚད་ཀྱི་འོག་ན་དོ་ཤལ་ལོ། །ཡང་ན་ལྕགས་སྒྲོག་གམ། ཡང་ན་སོལ་བའམ་ལག་གདུབ་ཁྲུ་གསུམ་

གྱི་འོག་ནའོ། །འཕྲག་པའི་རེག་བྱས་དེའི་ཚད་ཀྱི་འོག་ན་དེའི་རྒྱན་ནོ། །མཆན་འོག་གི་རེག་བྱས་ནི་མཆན་འོག་གི་ཚད་མན་ཆད་ན་ལྕགས་ཀྱི་སེལ་ལོ། །དཔུང་པ་ལ་ཟུག་རྔུ་བྱུང་ན་མགྲིན་པའི་ཚད་ཀྱི་འོག་ན་དེའི་རྒྱན་ནོ། །རྣ་བ་གཡས་པའི་རེག་བྱས་ནི་རྐེད་པ་ཙམ་གྱི་འོག་ན་ཐོད་པའམ་

ཡང་ན་སའི་རང་བཞིན་གྱི་ཐོད་པའོ། །ལག་པ་གཡོན་པའི་རེག་བྱས་ནི་པུས་ནུབ་ཀྱི་འོག་ན་ཁྲིའི་རྐང་པའོ། །རྩེབ་ལོགས་གཡས་ན་མི་ཕྱེད་ཙམ་གྱི་འོག་ན་རྡུལ་ལོ། །བརླའི་རེག་བྱས་ནི་སྐེད་པ་ཙམ་གྱི་འོག་ན་ཕྱུགས་ཀྱི་རུས་པའོ། །རྒྱབ་ཀྱི་རུས་པས་ནི་རྒྱབ་ཀྱི་རུས་པ་སྟེ་དེའི་ཚད་ཀྱི་

འོག་ནའོ། །རྐེད་པའི་རེག་བྱས་ནི་ཁྲུ་དོའི་འོག་ན་ལྕགས་ཀྱི་ཐུར་མར་བཤད་དོ། །རྟགས་ཀྱི་རེག་བྱས་ནི་ཁྲུ་གང་གི་ཚད་ན་ལྕགས་གསུམ་གྱི་སེལ་ལོ། །པུས་མོའི་རེག་བྱས་ནི་དེའི་རུས་པའམ་སོར་བཅུ་གཅིག་གི་འོག་ན་རྟའི་རྨིག་པའོ། །རྐང་པའི་རེག་བྱས་ནི་སོར་བཅུ་གཉིས་

ཀྱི་འོག་ན་ཤཱལ་མའམ་ཡང་ན་ཚེར་མའོ། །རྐང་པའི་མཐེའུ་ཆུང་གི་རེག་བྱས་ནི་སོར་བརྒྱད་ཀྱི་འོག་ན་འཁར་བའོ། །རྟིང་པའི་རེག་བྱས་སོར་བཅུ་གཉིས་ཀྱི་འོག་ན་ལྷང་ཚེར་རོ། །ཐིག་འདེབས་པའི་དུས་སུ་སྦྱིན་བདག་གི་རེག་བྱས་ནི་རུས་པའོ། །སྐྱེས་བུ་གཞན་གང་ཞིག་གམ་སྲོག་

Vol. 62 · folio 250a

ཆགས་གང་ཞིག་གི་མིང་ཡོངས་སུ་གྲགས་པ་ན་དེའི་རུས་པ་སྟེ་དེ་ལ་ངེས་པར་ཡོད་དོ། །གང་ནས་བ་ལང་གློ་བུར་དུ་འོངས་ནས་གལ་ཏེ་ལྕི་བ་བཏང་ན་དེའི་འོག་ན་ངེས་པར་དེའི་ཚད་ཀྱི་གསེར་ཡོད་དོ་ཞེས་པ་ནི་ངེས་པའོ། །གལ་ཏེ་བྱིས་པ་དང་གཞོན་ནུ་མ་འགའ་ཞིག་གློ་

བུར་དུ་འོངས་ནས་དེར་ཕྱིས་བཅག་ན་དེའི་འོག་ན་ངེས་པར་དེའི་ཚད་ཀྱི་དངུལ་ལོ། །སྦལ་པའི་སྒྲ་གྲགས་ན་ཆུའི་འཇིགས་པའོ། །ནེ་ཙོ་དང་། བྱེའུ་ས་རི་ཀ་དང་། ངང་པ་དང་། ཁུ་བྱུག་དང་། རྨ་བྱ་དང་། ཤང་ཤང་ངུར་པ་དང་། ཁྱུ་མཆོག་རྣམས་ཀྱི་སྒྲ་ཡིད་དུ་འང་བས་ནི་སྐྱེ་བོ་རྣམས་

དགེ་བར་འགྱུར་རོ། །སེང་གེ་དང་གླང་པོ་ཆེ་དང་། སྤྲིན་གྱི་སྒྲ་ཡིད་དུ་འོང་བས་ནི་རིགས་དང་། ནོར་དང་འབྲུ་དང་། དོན་ཐོབ་པ་ལ་སོགས་པར་འགྱུར་རོ། །དུང་དང་བཀྲ་ཤིས་ཀྱི་གླུ་དང་། བྱིས་པ་རྣམས་རྩེ་བར་བྱེད་ན་དོན་གྲུབ་བོ། །ངུ་བ་མཐོང་ན་སེམས་སྡུག་བསྔལ་བའོ། །

ངན་པ་དང་དམན་པ་དང་། ནད་པ་དང་། ཡོངས་སུ་མནར་བའི་སྐྱེ་བོ་མཐོང་ན་ནད་ཡོད་དོ། །རྒྱལ་མཚན་དང་། གདུགས་དང་། བ་དན་དང་། དྲིལ་བུ་དང་། རྒྱན་དང་ཟས་དང་། ཞོའི་དབང་པོ་དང་། མེ་འབར་བ་དང་། འབྲས་བུ་དང་། ཉ་ཟུང་དང་། རྒྱལ་བའི་ཡན་ལག་

ལ་སོགས་པ་མཐོང་ན་དགེ་བར་འགྱུར་རོ། །མཁས་པ་དང་བྲམ་ཟེ་དང་། དགེ་སློང་དང་། ལེགས་པའི་སྐྱེ་བོ་མཐོང་ན་ཆོས་ཀྱིའོ། །ཞེས་པ་ནི་རྟགས་རྣམས་གསུངས་སོ། །དེའི་རྗེས་སུ་ཐིག་འདེབས་པ་ན་སློབ་དཔོན་གྱི་སྐྱེ་བོ་དང་ནོར་དང་། སྟོབས་འཕེལ་བར་བྱ་བའི་ཕྱིར་

ལག་པ་གཡས་པ་རྡོ་རྗེ་དང་འདོད་པ་སྦྱིན་པའི་གསེར་གྱི་ཐུར་མ་དང་བཅས་ཏེ་དབང་ལྡན་གྱི་ཕྱོགས་ནས་བརྩམས་སྟེ་གཡས་སྐོར་གྱི་ཕྱོགས་ཀྱི་ཐིག་རྣམས་བྲི་བར་བྱའོ། །དེ་བཞིན་དུ་ལག་པ་གཡོན་པ་དྲིལ་བུ་དང་བཅས་ཏེ་རྩ་བའི་ཐིག་རྣམས་བྲི་བར་བྱའོ།། །།དེ་ནས་ཁང་པ་ལ་ཀླུ་

ཡོངས་སུ་བརྟག་པར་བྱའོ། །དེ་ལ་གཞུའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཉི་མ་དགུ་བཅུ་ཐམ་པ་སྟེ། ཇི་སྲིད་ཉའི་ཁྱིམ་དུ་མ་ཞུགས་བར་དུ་དེ་ཡ་ལྷོ་ཕྱོགས་སུ་མགོ་བསྟན་ནུབ་ཏུ་ཁ་བསྟན་ནས་ཀླུ་ཉལ་ལོ། །དེ་ནས་ཉའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཇི་སྲིད་འཁྲིག་པའི་

Vol. 62 · folio 250b

ཁྱིམ་དུ་མ་ཞུགས་བར་དུ་དེ་ལ་ནུབ་ཕྱོགས་སུ་མགོ་དང་བྱང་ཕྱོགས་སུ་ཁ་མངོན་པར་ཕྱོགས་ཏེ་ཀླུ་ཉལ་ལོ། །དེ་བཞིན་དུ་འཁྲིག་པའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཇི་སྲིད་བུ་མོའི་ཁྱིམ་དུ་མ་ཞུགས་བར་དུ་དེ་ལ་བྱང་དུ་མགོ་དང་ཤར་དུ་ཁ་མངོན་པར་ཕྱོགས་ཏེ་ཀླུ་ཉལ་ལོ། །དེ་བཞིན་དུ་

བུ་མོའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཇི་སྲིད་གཞུའི་ཁྱིམ་དུ་མ་ཞུགས་བར་དུ་དེ་ལ་ཤར་དུ་མགོ་དང་ལྷོར་ཁ་མངོན་པར་ཕྱོགས་ཏེ་ཀླུ་ཉལ་ལོ། །འདིར་བཤད་པ་ནི་ཆོས་ཀྱི་རིམ་པས་རེ་མིག་རེ་རེ་ལ་འཕོས་ཏེ་ཀླུའི་འཕོ་བར་འགྱུར་རོ། །ད་ནི་ཁང་པའི་ཀླུའི་མཆན་འོག་གི་ཆ་ལ་

བརྐོས་སྟེ། དེ་ལ་མགོ་བོ་ནས་མིག་ཏུ་མིག་ཉི་ཤུ་རྩ་བདུན་ནོ། །རྒྱབ་ཀྱི་མཐར་ཕྱེད་དང་བཅས་པའི་རེ་མིག་བཅུ་གསུམ་ཡོངས་སུ་སྤང་བ་ནི་ས་བདག་ཀླུའི་མཆན་འོག་གི་ཕྱོགས་སོ། །དེ་ལ་རེ་མིག་དགུའི་སྲིད་དང་ཞེང་དུ་དེའི་ཕྱེད་དོ། །ཡང་ན་ཤར་གྱི་མཐའ་ལས་དང་ནུབ་ཀྱི་

མཐའ་ལས་བཅུ་ཆ་ནི་མཆན་འོག་གི་སྲིད་དོ། །དེའི་ཕྱེད་ནི་ཞེང་ངོ་། །མཆན་འོག་གི་སྟེང་དུ་མགོ་བོའི་མཐར་ཐུག་པ་ལ་མཆན་འོག་གི་སྲིད་ཀྱི་སུམ་འགྱུར་རོ། །མཆན་འོག་གི་སྲིད་དང་ཞེང་དག་དང་མཉམ་པ་ནི་རྒྱབ་ཀྱི་མཐར་རོ། །དེ་བཞིན་དུ་ལྷོ་དང་བྱང་དང་ནུབ་དང་ཤར་དང་བྱང་

དང་ལྷོ་ལའོ། །ས་བདག་ཀླུའི་མགོ་བོ་ལ་བརྐོས་ན་ཕ་དང་བུ་ལ་སོགས་པ་འཆིའོ། །རྒྱབ་ཀྱི་ཕྱོགས་ལ་བརྐོས་ན་སྦྱིན་བདག་འཆིའོ། །ཡང་ན་ཡུལ་ནས་འཐོན་པར་འགྱུར་རོ། །མཇུག་མ་ལ་ནི་བ་ལང་དང་མ་ཧེ་ལ་སོགས་པ་ཉམས་པར་འགྱུར་རོ་ཞེས་སོ། །གཙུག་ལག་ཁང་གི་སའི་

ཆ་ལ་ས་བདག་ཀླུའི་མཚན་ཉིད་ཀྱི་དོང་གང་བ་ས་བདག་ཀླུའི་མཆན་གྱི་ཆ་ལ་དང་པོ་བརྐོ་བར་བྱའོ། །ཁྲུ་བཅུ་དྲུག་གི་ཁང་མིག་ཉེ་བར་མཚོན་པར་གྱུར་པ་ལ་གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་རྐང་པས་དམན་པའི་སོར་བཅུ་གསུམ་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན་དུ་

ཁྲུ་བཅུ་བཞིའི་ཚད་དུ་ཁང་མིག་ཏུ་ཉེ་བར་མཚོན་པར་འགྱུར་བ་ལ། གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་ལྷག་པའི་ཕྱེད་དང་བཅས་པའི་ནས་གཅིག་གིས་ལྷག་པའི་སོར་བཅུ་གཅིག་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན་དུ་ཁྲུ་བཅུ་གཉིས་ཀྱི་ཚད་ཀྱི་ཁང་མིག་ཏུ་འགྱུར་བ་

Vol. 62 · folio 251a

ལ་གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་བཞི་གསུམ་གྱི་དམན་པའི་ནས་ལྷག་པའི་སོར་དགུ་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན་དུ་ཡང་ཁྲུ་བཅུའི་ཚད་ཀྱི་ཁང་མིག་ཏུ་འགྱུར་བ་ལ་གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་སོར་བརྒྱད་ས་བདག་ཀླུའི་འཕོ་

བར་འགྱུར་རོ། །གཞན་ཡང་ས་མཆན་འོག་གི་མཚན་ཉིད་གསུངས་པ། ཁྲུ་བཅུ་དྲུག་གི་ཚད་ཀྱི་ཁང་མིག་གི་སའི་ཆ་ལ་ས་བདག་ཀླུའི་མགོ་བོའི་འོག་ཏུ་དེ་ལས་སོར་བཅུ་གཅིག་དང་ཁྲུ་བཅུ་བཞིའོ། །རྒྱབ་ཀྱི་མཐར་ཕྱེད་དང་བཅས་པའི་སོར་བཞི་ལྷག་པའི་ཁྲུ་བདུན་ཡོངས་སུ་སྤངས་ནས་

སྲིད་དུ་ཅུང་ཟད་ལྷག་པའི་སོར་བཅུ་དགུ་ལྷག་པའི་ཁྲུ་བཞིའི་ཚད་དོ། །ཞེང་དུ་ཕྱེད་དང་བཅས་པའི་སོར་མོ་དགུ་ལྷག་པའི་ཁྲུ་དོའི་ཚད་ནི་ས་བདག་ཀླུའི་མཆན་འོག་གི་ཆའོ། །དེ་བཞིན་དུ་ཁྲུ་བཅུ་བཞིའི་ཚད་ཀྱི་ཁང་མིག་ལ་གཙུག་ལག་ཁང་གི་ས་གཞི་ལ་ས་བདག་ཀླུའི་སྤྱི་བོ་ནས་འོག་ཏུ་

སོར་ལྔ་ལྷག་པའི་ཁྲུ་བཅུ་གསུམ་མོ། །རྒྱབ་ཀྱི་མཐར་སོར་བཅུ་དྲུག་ལྷག་པའི་ཁྲུ་དྲུག་ཡོངས་སུ་སྤངས་ཏེ་སྲིད་དུ་སོར་མོ་བཅུ་ལྷག་པའི་ཁྲུ་བཞིའི་ཚད་དང་། ཞེང་དུ་སོར་མོ་ལྔ་ལྷག་པའི་ཁྲུ་དོའི་ཚད་ནི་ས་བདག་ཀླུའི་མཆན་འོག་གོ། །དེ་བཞིན་དུ་ཁྲུ་བཅུ་གཉིས་ཀྱི་ཚད་ཀྱི་ཁང་མིག་ཏུ་འགྱུར་

བའི་གཙུག་ལག་ཁང་གི་སའི་ཆ་ལ་ས་བདག་ཀླུའི་མགོ་བོ་ནས་འོག་ཏུ་སོར་མོ་ལྔ་ལྷག་པའི་ཁྲུ་བཅུའོ། །རྒྱབ་ཀྱི་མཐར་ཐུག་པ་ལ་སོར་ལྔ་ལྷག་པའི་ཁྲུ་ལྔ་ཡོངས་སུ་སྤངས་པའི་སྲིད་དུ་སོར་མོ་བཅུ་ལྷག་པའི་ཁྲུ་གསུམ་གྱི་ཚད་དང་། ཞེང་དུ་སོར་མོ་བཅུ་བདུན་ལྷག་པའི་ཁྲུའི་ཚད་ཀྱི་ཀླུའི་

མཆན་འོག་གི་ཆའོ། །དེ་བཞིན་དུ་ཁྲུ་བཅུའི་ཚད་ཀྱི་ཁང་མིག་གི་གཙུག་ལག་ཁང་གི་སའི་ཆ་ལ་ས་བདག་ཀླུའི་མགོ་བོ་ནས་འོག་ཏུ་ཁྲུ་དགུའོ། །རྒྱབ་ཀྱི་མཐར་སོར་མོ་བཅུ་གསུམ་ལྷག་པའི་ཁྲུ་བཞི་ཡོངས་སུ་སྤངས་ཏེ། སྲིད་དུ་ཁྲུ་གསུམ་གྱི་ཚད་དང་། ཞེང་དུ་སོར་བཅུ་གཉིས་ལྷག་

པའི་ཁྲུའི་ཚད་ནི་ས་བདག་ཀླུའི་མཆན་འོག་གི་ཆའོ། །ཀླུ་དེ་ཡང་དུང་དང་། ཀུན་ད་དང་། ཟླ་བའི་ཁ་དོག་ལྟ་བུ་ལག་པ་གཡོན་པས་རང་གི་མགོའི་འོག་ནས་བརྟེན་པ་ལག་པ་གཡས་པས་རིན་པོ་ཆེ་འཛིན་ཅིང་རང་གི་རྐེད་པར་གཞག་པ། ལྟེ་བ་མན་ཆད་ལག་འགྲོའི་རྣམ་པ་ཅན། དེའི་སྟེང་དུ་

Vol. 62 · folio 251b

མིའི་གཟུགས་ལ་གདེངས་ཀ་བདུན་དང་ལྡན་པ་སྟེ། གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་མངོན་པར་ཁྱབ་ཅིང་ཉལ་ལོ། །ཀླུ་བརྒྱད་ཀྱི་ས་བདག་ཀླུའི་ལུས་ལ་གནས་པ་སྟེ་འོ་མའི་རོའི་ཉེ་བར་སྤྱད་པས་མཆོད་པར་བྱའོ། །དེ་ལ་མཇུག་མའི་རྩེ་མོ་ལ་རིགས་ལྡན་སྐུ་མདོག་སྔོན་པོའོ། །

གསང་གནས་ལ་སྟོབས་ཀྱི་རྒྱུ་སྔོ་བསངས་དཱུར་བའི་ཁ་དོག་གོ། །ལྟེ་བ་ལ་དུང་སྐྱོང་པདྨའི་སྡོང་པོའི་མདོག་གོ། །དཔུང་པའི་ཕྱོགས་ལ་པདྨ་ཆེན་པོ་མཆིང་བུའི་མདོག་གོ། །སྙིང་གར་ནོར་རྒྱས་སྔོ་བསངས་དཱུར་བའི་མདོག་གོ། །མགུལ་པ་ལ་འཇོག་པོ་དམར་པོའོ། །རྣ་བ་ལ་པདྨ་དཀར་

པོའོ། །སྤྱི་གཙུག་ན་ཀླུ་དགའ་བོ་སྔོན་པོའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོར་ས་བདག་བསྒོམ་པར་བྱའོ། །ཨོཾ་ཨཱཿབ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀརྐོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་པདྨཱ་ཡ་ཧཱུཾ་

སྭཱ་ཧཱ། ཨོཾ་ཨཱཿབཱ་སུ་ཀ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔདྨཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་ནི་མཆོད་པའི་སྔགས་སོ། །དེ་ནས་ཐམས་ཅད་དུ་ས་གཞིའི་འོག་གི་ལྷ་རྣམས་དང་། །སའི་ལྷ་རྣམས་སྔོན་དུ་འགྲོ་བས། ཡིད་ཀྱིས་བཏེག་ནས་ནམ་

མཁའ་ལ་དགོད་པར་བྱའོ། །དེ་ལ་ཟུག་རྔུ་དང་ཉེས་པ་ཡོངས་སུ་གཞོམ་པའི་ཕྱིར་སའི་ཆ་ལ་མཚམས་ཡང་ཡོངས་སུ་བརྟག་པར་བྱའོ། །དེ་ལ་མཚམས་ནི་རྣམ་པ་ལྔ་སྟེ། མཚམས་དང་། ཉེ་བའི་མཚམས་དང་། །ལས་ཀྱི་མཚམས་དང་། ཚུལ་ལུགས་ཀྱི་མཚམས་དང་།

ཕྱོགས་ཀྱི་མཚམས་ཞེས་སོ། །དེ་ལ་རེ་མིག་དྲུག་ཅུ་རྩ་བཞིར་བྱ་བ་དེ་བཞིན་དུ་མཚམས་ནི་བཅོ་བརྒྱད་དུ་རིག་པར་བྱ་སྟེ། དབུས་ཀྱི་མཚམས་གཉིས་དང་། དེ་དག་གི་གཞོགས་གཉིས་སུ་ཉེ་བའི་མཚམས་བཞི་དང་དེའི་ཕྱི་རོལ་དུ་ལས་ཀྱི་མཚམས་བཞི་དང་། དེའི་ཕྱི་རོལ་དུ་ལུགས་ཀྱི་

མཚམས་བཞི་དང་། དེ་བཞིན་དུ་ཐམས་ཅད་ཀྱི་ཕྱི་རོལ་དུ་ཕྱོགས་ཀྱི་མཚམས་བཞིའོ། །དབུས་ཀྱི་མཚམས་ལ་བརྐོས་ན་བུ་ལ་སོགས་པ་ཉམས་པར་འགྱུར་རོ། །ཉེ་བའི་མཚམས་ལ་ནི་ཡུལ་སྟོངས་པར་འགྱུར་རོ། །ལས་ཀྱི་མཚམས་ལ་ནི་ཕྲ་མོའི་ཉེས་པའོ། །ལུགས་

Vol. 62 · folio 252a

ཀྱི་མཚམས་ལ་ནི་སྦྱིན་བདག་འཆིའོ། །ཕྱོགས་ཀྱི་མཚམས་ལ་ནི་ཡོ་བྱད་ཉམས་པ་དང་དབུལ་པོར་འགྱུར་རོ། །དེའི་ཕྱིར་མཚམས་རྣམས་ལ་བརྐོ་བར་མི་བྱའོ། །དེ་ལ་ཤར་ཕྱོགས་སུ་གླང་གི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང་ལས་ཀྱི་

མཚམས་དང་། ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་གཟུགས་ཅན་མ་ཁ་དོག་དཀར་མོ་ཆོས་ཀྱི་ཕྱག་རྒྱའི་ཚུལ་དུ་བྱས་པ་པདྨ་དང་། ཟླ་བའི་སྟེང་དུ་གནས་པ་མཆོད་པ་བྱའོ། །ཨོཾ་བཛྲ་རུ་པི་ནི་ཡེ་ཨ་སྭཱ་ཧཱ། དེ་ནས་འཁྲིག་པའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་

མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱིས་དབུས་ཀྱི་མཚམས་ལ་གནས་པའི་རིག་མ་འོད་བྱེད་མ་སྐུ་མདོག་དཀར་མོ་མཆོད་པར་བྱའོ། །ཨོཾ་བཛྲ་བྷཱསྐཱ་རི་ཡཻ་ཨཱ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་ཀརྐ་ཊའི་ཁྱིམ་གྱི་རང་བཞིན་ལ་ལས་དང་

ལུགས་དང་ཕྱོགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་ཧཱུཾ་མཛད་མ་སྐུ་མདོག་སྔོན་མོ་མཆོད་པར་བྱའོ། །ཨོཾ་བཛྲ་ཧཱུཾ་ཀཱ་རི་ཡཻ་ཨི་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སེང་གེའི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང་ལས་ཀྱི་མཚམས་ཀྱི་ལུགས་

ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་སྒེག་མོ་སྐུ་མདོག་སེར་མོ་མཆོད་པར་བྱའོ། །ཨོཾ་བཛྲ་བཱི་ལཱ་ས་ནི་ཡཻ་ཨི་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་ནས་བུ་མོའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱི་དབུས་ཀྱི་

མཚམས་ལ་གནས་པའི་རིག་མ་རྡོ་རྗེ་རྨོངས་བྱེད་མ་ཞེས་པ་ཅུང་ཟད་སྐུ་མདོག་སེར་མོ་མཆོད་པར་བྱའོ། །ཨོཾ་བཛྲ་མོ་ཧ་ནི་ཡཻ་ཨུ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེའི་རྗེས་སུ་སྲང་གི་ཁྱིམ་གྱི་རང་བཞིན་ལ་ལས་དང་ལུགས་དང་ཕྱོགས་ཀྱི་མཚམས་རྣམས་ཀྱི་ལུགས་

ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་མཁའ་སྤྱོད་མ་ཞེས་པ་ནམ་མཁའི་མདོག་ཅན་མཆོད་པར་བྱའོ། །ཨོཾ་བཛྲ་ཁེ་ཙ་རི་ཡཻ་ཨཱུ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་ནུབ་ཕྱོགས་སུ་སྡིག་པའི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང་ལས་ཀྱི་མཚམས་

Vol. 62 · folio 252b

རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་གནམ་ལྕགས་མ་སྐུ་མདོག་དམར་མོ་མཆོད་པར་བྱའོ། །ཨོཾ་བཛྲ་ས་ནི་ཡཻ་ཨེ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་ན་གཞུའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་

རྣམས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་རོ་མ་ཞེས་སྐུ་མདོག་དམར་མོ་མཆོད་པར་བྱའོ། །ཨོཾ་བཛྲ་ར་ས་ནཱ་ཡཻ་ཨཻ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེའི་རྗེས་སུ་ཆུ་སྲིན་གྱི་ཁྱིམ་གྱི་རང་བཞིན་ལ་ལས་དང་ལུགས་དང་ཕྱོགས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་

ལ་གནས་པའི་རིག་མ་རྡོ་རྗེ་སྐྲག་བྱེད་མ་ཞེས་པ་ཁ་དོག་སྔོན་མོ་མཆོད་པར་བྱའོ། །ཨོཾ་བཛྲ་ཏྲཱ་ས་ནི་ཡཻ་ཨོཾ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་བྱང་ཕྱོགས་སུ་བུམ་པའི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང་ལས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་

རྣམས་ལ་གནས་པའི་རིག་མ་རེག་བྱ་རྡོ་རྗེ་མ་ཞེས་པ་སྐུ་མདོག་ལྗང་གུ་མཆོད་པར་བྱའོ། །ཨོཾ་བཛྲ་སྤཪྵ་ནཱི་ཡཻ་ཨཽ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་ནས་ཉའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་ཀྱི་དབུས་ཀྱི་མཚམས་

ལ་གནས་པའི་རིག་མ་སེམས་རྡོ་རྗེ་མ་ཞེས་པ་དཱུར་བའི་མདོག་ཅན་མཆོད་པར་བྱའོ། །ཨོཾ་བཛྲ་ཙིཏྟ་ནི་ཡཻ་ཨཾ་སྭཱ་ཧཱ། ལྷག་མ་སྔོན་མ་བཞིན་དུའོ། །དེའི་རྗེས་སུ་ལུག་གི་ཁྱིམ་གྱི་རང་བཞིན་ལ་ལས་དང་། ལུགས་དང་ཕྱོགས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་

གནས་པའི་རིག་མ་རྡོ་རྗེ་དགྱེས་མ་ཞེས་པ་དུ་བའི་མདོག་ཅན་མཆོད་པར་བྱའོ། །ཨོཾ་བཛྲ་བཱི་ཀཱི་ཤི་ནི་ཡེ་ཨཿསྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེའི་རྗེས་ལ་ལས་བྱེད་པ་ཏོག་ཅེས་མཚན་པ་རྡོ་རྗེ་ལས་ཀྱི་རང་བཞིན་དུ་རྣམ་པར་བསྒོམས་ཏེ་སོ་རྩི་ལ་སོགས་པ་རྣམས་ཀྱིས་ཚིམ་

པར་བྱས་ཏེ་ལག་པ་གཡོན་པས་སྨད་ནས་བཟུང་སྟེ་ཤར་དང་བྱང་ཕྱོགས་སུ་གདོང་གཡོགས་ཏེ་དོང་གང་བ་བརྐོ་བར་བྱའོ། །དེ་ནས་ནོར་དང་སྐྱེ་བོ་དང་སྟོབས་དང་རིག་པ་རྣམས་འཕེལ་བའི་ཕྱིར་པདྨ་དང་ཉི་མའི་སྟེང་དུ་ཨེ་ཎེ་ཡ་ཤ་ར་ས་ལ་གནས་པ་ལག་པ་གཡས་པ་དག་ན་ལྕགས་

Vol. 62 · folio 253a

ཀྱུ་དང་བགྲང་ཕྲེང་ངོ་། །གཡོན་པ་དག་ན་སྙིང་ག་ན་ཞགས་པ་དང་སྤྱི་བླུགས་འཛིན་པའོ། །ཡན་ལག་མཆོག་ལ་རལ་པའི་ཅོད་པན་བཅིངས་པ་ཡངས་པའི་སྤྱན་གསུམ་གྱིས་གདོང་བརྒྱན་པ་མཆོད་ཕྱིར་ཐོགས་དང་གོས་དམར་པོའི་རྒྱན་གྱིས་བརྒྱན་པ་

སྒེག་པ་དང་བཅས་པའི་མེ་དམར་པོ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཛ་བ་དང་མྱ་ངན་མེད་དང་། ཨརྐ་དང་ཀོ་ཀེ་ལིའི་ཡམ་ཤིང་རྣམས་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱའོ། །ཨོཾ་ལོ་ཧི་ཏཱགྣཱ་ཡེ་སྭཱ་ཧཱ། ཏིལ་ལ་སོགས་

པ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།། །།སོ་ཕག་མཚན་ཉིད་ཡང་དག་པར། །ཤེས་ནས་ཕྱོགས་བཟུང་དེ་ནས་ནི། །ཡང་དག་འཕེལ་དང་ཟད་པ་དང་། །ཁང་བཟངས་མཚན་ཉིད་ཤེས་པ་དང་། །

ལྷ་དང་ཕྱོགས་སྐྱོང་ས་ཡི་ལྷ། །ཆོ་ག་ཇི་བཞིན་ཡང་དག་མཆོད། །སོ་ཕག་བྱ་བའི་ཕྱིར་རབ་ཏུ་རྨོངས་བྱེད་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །དེ་ལ་སོ་ཕག་གི་ཆ་ལྔ་ནི་སྲིད་དུའོ། །ཆ་གསུམ་ནི་ཞེང་དུའོ། །རྩིག་ཞེང་གི་ཕྱེད་ནི་སོ་ཕག་གི་སྲིད་དོ། །ཞེང་གི་སུམ་ཆ་ནི་དཔངས་སོ། །དེ་ལ་སློབ་

དཔོན་བདག་ཉིད་སྦྱིན་བདག་དང་ལྷན་ཅིག་ཏུ་སོ་ཕག་འཇོག་པའི་ས་ལ་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་བྷྲཱུཾ་ཡིག་གི་འོད་ཟེར་གྱིས་རྡུལ་ཕྲ་རབ་ཚོགས་པའི་གཟུགས་སུ་སོ་ཕག་བྱ་བའི་ཕུང་པོ་རྣམ་པར་བསྒོམས་ལ་བུམ་པའི་ཆུས་གཏོར་ནས་ཉེར་སྤྱོད་ལྔས་མཆོད་དེ་

འདིས་རྣམ་པར་སྦྱང་བར་བྱའོ། །གང་གི་རང་བཞིན་དེ་བཞིན་གཤེགས། །འགྲོ་འདི་དེ་ཡི་རང་བཞིན་ཉིད། །དེ་བཞིན་གཤེགས་པའི་རང་བཞིན་ངེས། །འགྲོ་བ་འདི་ཡི་རང་བཞིན་ལ། །ལས་བྱེད་པ་ནི་རྡོ་རྗེ་བསྲུང་བའི་ངོ་བོ་ཉིད་ཀྱི་གཟུགས་སུ་བསྒོམས་ཏེ། དེའི་ལག་པའི་མཐིལ་གྱི་

ཆུ་སྐྱེས་གཡོན་དང་གཡས་སུ་ཟླ་བ་དང་ཉི་མ་བསྒོམ་སྟེ། དཀར་པོ་དང་དམར་པོའི་དྲི་དང་མེ་ཏོག་རྣམས་ཀྱིས་ཚིམ་པར་བྱས་ཏེ་ལས་བྱེད་པ་དེ་ལ་ཡོན་ཕུལ་ཏེ་དེ་ནས་སོ་ཕག་བྱའོ་ཞེས་སོ། །དེ་ནས་ཕྱོགས་བཟུང་བ་བསྲུངས་ཏེ། དེ་ནས་ལུག་ཏུ་འཕོ་བའི་ཉི་མ་རྣམ་པར་དག་པ་ལས་

Vol. 62 · folio 253b

བཞི་མཉམ་པོར་བྱས་ཏེ་དབུས་སུ་ཆུ་བླུགས་ནས་བརྟག་ཅིང་ཕྱོགས་མཉམ་པོར་བསྒྲུབ་པར་བྱའོ། །དེ་ལ་སྲིད་དུ་སོར་བཅུ་གཉིས་པའི་དབུས་སུ་སོར་གསུམ་གྱི་འཁོར་བ་རྩེ་མོ་ཁབ་ཀྱི་རྣམ་པ་རི་མོ་དྲག་པོ་བྲིས་པའི་སེང་ལྡེང་གི་ཐུར་ཤིང་སའི་དབུས་དཀྱིལ་འཁོར་གྱི་སྟེང་དུ་

གཟུགས་སོ། །དབུས་ནས་ཐ་མའི་མཐར་ཐུག་པ་ཐུར་ཤིང་གི་སྲིད་དང་མཉམ་པའི་དཀྱིལ་འཁོར་གྱི་དབུས་སུའོ། །དེ་ལ་དང་པོ་ཉི་མ་ཤར་བའི་དུས་སུ་ནུབ་ཕྱོགས་སུ་གྲིབ་མ་གབ་པའི་སར་མཚན་མ་བྱས་པས་ནུབ་ཕྱོགས་འགྲུབ་བོ། །དེ་བཞིན་དུ་ཉི་མ་གུང་གི་དུས་སུ་བྱང་ཕྱོགས་སུ་གྲིབ་

མ་བབས་པའི་སར་མཚན་མ་བྱས་པས་བྱང་ཕྱོགས་འགྲུབ་བོ། །དེ་བཞིན་དུ་ཉི་མ་ནུབ་ཀའི་དུས་སུ་ཤར་ཕྱོགས་ཀྱི་གྲིབ་མ་བབས་པའི་སར་མཚན་མ་བྱས་པས་ཤར་ཕྱོགས་འགྲུབ་བོ། །ཤར་ནས་ནུབ་ཀྱི་བར་ལ་སོར་དགུ་བཅུ་རྩ་དྲུག་གོ། །ད་ནི་འཕེལ་བ་དང་ཟད་པ་བརྗོད་པར་བྱ་སྟེ།

ཞེང་ནི་སྲིད་ལ་བསྒྱུར་བྱས་ཏེ། །དེ་ནས་ཉི་ཤུ་བཞི་ཡིས་བསྒྱུར། །ནོར་གྱིས་གང་ཐོབ་ལྷག་མ་ནི། །འདི་ནི་འཕེལ་བར་ངེས་པར་བསྟན། །ཚོགས་པ་ནོར་གྱིས་བསྒྱུར་བ་ལ། །རྒྱུ་སྐར་རྣམས་ཀྱིས་རབ་ཏུ་བགོ། །སྐར་མས་བགོས་པའི་ལྷག་མ་ནི། །འདི་ནི་སྐར་མར་ངེས་པར་

བསྟན། །སྐར་མ་ལ་ནི་ནོར་གྱིས་བགོ། །ལྷག་མ་གང་དེ་ཟད་པའོ། །རྣམ་པ་ཀུན་དུ་སྐར་མ་ལ། །བཞིས་བསྒྱུར་གཟའ་ཚོགས་གིས་བགོས་པའི། །ལྷག་མ་རྣམས་ནི་ཆ་ཤས་སོ། །ཚོགས་ལ་བཀྲ་ཤིས་ཀྱིས་སྤེལ་ལ། །མཁའ་རོས་ཐོབ་པའི་ལྷག་མ་ནི། །མཚོ་འགྱུར་དེ་ལ་

ཕུང་པོས་བགོ། །འཚོ་བའི་ལྷག་མར་གང་གྱུར་པ། །དེ་ནི་རྟག་ཏུ་འཆི་བའོ། །འདིའི་དོན་ནི་ཁང་མིག་གི་སྲིད་ཀྱི་ཁྲུའི་གྲངས་ལ་ཞེང་གི་ཁྲུའི་གྲངས་ཀྱིས་བསྒྱུར་པར་བྱའོ། །དེ་བཞིན་དུ་ཁྲུའི་གང་བའི་སྲིད་ཀྱི་སོར་ཀྱི་་གྲངས་ལ་ཁྲུ་གང་བའི་ཞེང་གི་སོར་གྱི་གྲངས་ཀྱིས་བསྒྱུར་བར་བྱའོ། །

བསྒྱུར་བའི་ཁྲུའི་གྲངས་ལ་ཡང་ཉི་ཤུ་རྩ་བཞིས་བསྒྱུར་བས་ཐམས་ཅད་སོར་དུ་འགྱུར་རོ། །ཁྲུ་གང་བའི་སོར་མོ་རྣམས་ཀྱིས་བསྣན་པར་གྱུར་པ་ལ་བརྒྱད་བརྒྱད་ཀྱིས་བགོའོ། །དེ་ནས་གང་ཐོབ་པའི་ལྷག་མ་ནི་རྒྱལ་མཚན་ལ་སོགས་པ་འཕེལ་བ་ཞེས་བརྗོད་དེ་འཕེལ་བའོ། །དེ་བཞིན་དུ་

Vol. 62 · folio 254a

ཚོགས་པ་བརྒྱད་ཀྱིས་བསྒྱུར་ལ་ཉི་ཤུ་རྩ་བདུན་གྱིས་བགོ་བར་བྱའོ། །དེའི་ལྷག་མ་རྣམས་ནི་སྨིན་དྲུག་ལ་སོགས་པའི་སྐར་མ་རྣམས་སུ་འགྱུར་རོ། །སྐར་མའོ། །སྨིན་དྲུག་ལ་སོགས་པའི་སྐར་མ་རྣམས་ལ་བརྒྱད་བརྒྱད་ཀྱིས་བགོས་པའི་ལྷག་མ་ནི་ཟད་པར་འགྱུར་ཏེ་ཟད་

པའོ། །སྨིན་དྲུག་ལ་སོགས་པའི་སྐར་མ་རྣམས་ལ་བཞིས་བསྒྱུར་ཏེ་དགུ་དགུས་བགོས་པའི་ལྷག་མ་རྣམས་ནི་ཉི་མ་ལ་སོགས་པའི་གཟར་འགྱུར་ཏེ་དེ་ནི་ཆ་ཤས་ཡིན་ཏེ་ཆ་ཤས་སོ། །དེ་བཞིན་དུ་བཅུ་གཉིས་ཀྱིས་བགོས་ལ་གང་ལྷག་མ་རྣམས་ལུག་ལ་སོགས་པར་འགྱུར་ཏེ་དུས་

སྦྱོར་རོ། །དེ་བཞིན་དུ་ཚོགས་ལ་བརྒྱད་ཀྱིས་བསྒྱུར་ལ་དེ་ལ་དྲུག་ཅུ་དྲུག་ཅུས་བགོས་པའི་ལྷག་མ་རྣམས་ནི་འཚོ་བར་འགྱུར་ཏེ་འཚོ་བའོ། །འཚོ་བ་ལ་ལྔ་ལྔས་བགོས་ལ་གང་ཐོབ་པའི་ལྷག་མ་ནི་ས་ལ་སོགས་པའི་བསྐལ་པར་འགྱུར་ཏེ་འཇིག་པའོ། །འདིར་ཤར་ཕྱོགས་སུ་རྒྱལ་མཚན་

ནི་འདབ་ཆགས་རྒྱལ་པོའོ། །མེར་དུ་བ་ནི་ཞུམ་བུའོ། །གཤིན་རྗེའི་ཕྱོགས་སུ་སེང་གེའོ། །བདེན་བྲལ་དུ་ཁྱིའོ། །ཆུ་བདག་ཏུ་ཁྱུ་མཆོག་ནི་ལྕེ་གཉིས་པའོ། །རླུང་དུ་བོང་བུ་ནི་བྱི་བའོ། །བྱང་དུ་གླང་པོ་ཆེའོ། །དབང་ལྡན་དུ་བྱ་རོག་ནི་ལུག་གོ། །འདི་རྣམས་ཀྱི་འདབ་ཆགས་

སྦྲུལ་དག་དང་། ཞུམ་བུ་དང་བྱི་བ་དག་དང་སེང་གེ་དང་གླང་པོ་ཆེ་དག་དང་། ལུག་དང་ཁྱི་དག་ནི་ཕན་ཚུན་དུ་མི་མཐུན་པའོ། །ཁང་མིག་གི་སྲིད་དང་ཞེང་གི་གནས་ལ་ཁྲུ་དང་སོར་གྱི་གྲངས་རྣམས་ལ་ཕན་ཚུན་མི་མཐུན་པ་མ་ཡིན་པ་དེ་བཞིན་དུ་བྱའོ།། །།ད་ནི་ཁང་བཟངས་ཀྱི་མཚན་

ཉིད་བརྗོད་པར་བྱ་སྟེ། སྲིད་ཀྱི་ཕྱེད་དུ་གྱུར་པ་ནི་ཞེང་ངོ་། །འོན་ཀྱང་ཚད་ཅུང་ཟད་ལྷག་པར་བྱའོ། །ཁང་མིག་གི་སྲིད་ཀྱི་སུམ་ཆ་གཅིག་ནི་མ་ཐེམ་དུ་བཤད་དོ། །གདུང་གི་མཐར་ཐུག་པ་ནི་འོག་གི་ཆའོ། །དེ་བཞིན་དུ་དེ་དང་མཉམ་པ་ནི་སྟེང་གི་ཆའོ། །དོང་དགང་བའི་ཁྱད་པར་ལ་ཁ་ཅིག་ཏུ་སྐ་

རགས་གསུམ་དང་ལྡན་པའོ། །ཁ་ཅིག་ཏུ་སྐ་རགས་ལྔ་དང་ལྡན་པའོ། །ཁ་ཅིག་ཏུ་སྐ་རགས་བདུན་དང་ལྡན་པའོ། །ཁ་ཅིག་ཏུ་ཆུའི་མཐར་ཐུག་པའོ། །ཁ་ཅིག་ཏུ་རྡོ་བའི་མཐར་ཐུག་པའོ་ཞེས་པ་ནི་གྲོས་སུ་བྱའོ། །ཆུ་འགྲོ་བའི་གནས་ཀྱི་ངེས་པ་བརྗོད་པ་ནི་དེ་ལ་གང་དུ་དགེ་བ་དང་སྐྱེ་བོ་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words