རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས

Sanskrit title (Tibetan script, as in the text) དྷྭ་ཛཱ་གྲ་ཀེ་ཡཱུར་སཱ་དྷ་ནཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 76 · folio 16b

༄༅༅། །རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ཀེ་ཡཱུར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་

དཔུང་རྒྱན་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཞི་མའོ། །གཡས་པ་དང་གཡོན་པའི་ཞལ་ནི་དམར་མོ་དང་ལྗང་གུའོ། །རལ་གྲི་དང་ཞགས་པ་བསྣམས་པ་ནི་གཡས་པའི་ཕྱག་གཉིས་སོ། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་འཁོར་ལོ་ནི་གཡོན་པའི་ཕྱག་གཉིས་ན་སྟེ་སྐྲ་ཁམ་སེར་གྱེན་

དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞལ་གྱི་མཆེ་བ་གཙིགས་པར་གྱུར་པ་གསུས་པ་འཕྱང་བར་གྱུར་པ་གཡས་བསྐུམ་པའི་ཞབས་ཀྱིས་ཉི་མའི་གདན་དང་འོད་ཟེར་ཅན་ཏེ། སྟོད་ཤག་སེར་པོ་མནབས་པར་གྱུར་པ་དང་།

ས་བོན་ནི་ཧཱུཾ་དང་དབུ་རྒྱན་ལ་མི་བསྐྱོད་པའོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words