ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་པོའི་སྒྲུབ་ཐབས

Sanskrit title (Tibetan script, as in the text) པྲཛྙཱ་བརྡྷཱ་ནི་དྷི་བཱ་དཱི་རཱ་ཛ་སཱ་དྷ་ནཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 77 · folio 105a

༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་བརྡྷཱ་ནི་དྷི་བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་

པོའི་སྒྲུབ་ཐབས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་ཏུ་བཤད་པའི་མཆོད་པས་མཆོད་ནས་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དང་། བྱམས་པ་ལ་སོགས་པའི་སྔགས་ཀྱི་ཆོ་གས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟླ་བ་གཉིས་ཀྱི་ནང་དུ་ཞུགས་ནས། ཆུ་

Vol. 77 · folio 105b

སྐྱེས་སེར་པོའི་རྣམ་པར་གྱུར་པ་ལས་སེར་པོ་བི་ལས་མཾ་ཡིག་གི་ས་བོན། དེ་ལས་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཡང་དག་པའི་ངག་གི་རྒྱལ་པོར་རང་ཉིད་དོ། །དེ་ནས་ཤེས་རབ་བསྐྱེད་པས་ཏའི་མཐའ་དང་། རའི་མཐའ་དང་། སའི་མཐའ་རྣམས་ཀྱིས་ཚོགས་པ་ཨཱི་དང་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་པོར་

བཅས་པའི་སྔགས་བཟླས་པར་བྱའོ། །ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོའི་སྒྲུབ་ཐབས་དཔལ་ལྡན་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ་རྫོགས་སོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words