སོ་སོར་ཐར་པའི་མདོའི་གཞུང་འགྲེལ
Sanskrit title (Tibetan script, as in the text) པྲ་ཏི་མོཀྵ་སཱུ་ཏྲ་པ་དྭ་ཏི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 151 · folio 1b
༄༅༅། །སོ་སོར་ཐར་པའི་མདོའི་གཞུང་འགྲེལ་བམ་པོ་བཅུ་དགུ་པ། ད་ནི་སོ་སོར་བཤགས་པ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར། སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ཡང་། །
བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བ་ནི། ཚིག་གི་དོན་དང་དགོས་པ་
ནི་སྔ་མ་བཞིན་ནོ། །སོ་སོར་བཤགས་པར་བྱ་བའི་ཆོས་ནི་བཞི་སྟེ། དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་དང་། གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་
སོ་སོར་བཤགས་པར་བྱ་བ་དང་། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་དང་། ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་
དང་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་
Vol. 151 · folio 2a
གདོན་པའི་ལུང་དབོག་པ་བསྟེན་ཏོ། །སོ་སོར་བཤགས་པའི་ཆོས་ཞེས་བྱ་བ་ནི། སྨྲེ་སྔགས་འདོན་པའི་རྣམ་པས་མཐོལ་བར་བྱ་བའོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །བཞི་པོ་
འདི་དག་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བཞི་པོ་འདི་དག་གོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་
ནོ། །དེ་ལས་དགེ་སློང་མ་ལས་ཟས་ལེན་པའི་བར་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཡུལ་རྡོ་འཇོག་ན་ཁྱིམ་བདག་ཕྱུག་པ་ནོར་
མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཐོས་ཀྱི་བུའི་ནོར་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་
བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་བུ་མོ་གཟུགས་བཟང་བ། ལྟ་ན་སྡུག་པ་མཛེས་པ། མིག་ཨུཏྤ་ལ་འདྲ་
Vol. 151 · folio 2b
བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེའུ་འབྲུའི་མདོག་འདྲ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། བུ་མོ་འདིའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །དེའི་ཉེ་དུ་
དག་གིས་སྨྲས་པ། གང་གི་ཕྱིར་བུ་མོ་འདི་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེའུ་འབྲུའི་མདོག་འདྲ་བ་དེའི་ཕྱིར། བུ་མོ་འདིའི་མིང་ཡང་ཨུཏྤ་ལའི་མདོག་ཅེས་བྱ་བར་གདགས་སོ་ཞེས་དེའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་བཏགས་སོ། །དེ་བསྲིངས་
ཤིང་བསྐྱེད་ནས་ཆེན་མོར་གྱུར་ཏེ། ཁྱིམ་སོ་བཟུང་བའི་ཚེ་རིམ་གྱིས་དུས་གཞན་ཞིག་ན། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཏུལ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་ནས། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་གཽ་ཏ་
མཱི་ལ་གཏད་དེ། དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཏེ། གདམས་ངག་བྱིན་ནས་དེ་གཅིག་པུ་དབེན་པ་སྐྱབས་ཡོད་པར་བརྟུན་པ་དང་ལྡན་པས་བདག་ཉིད་བཏང་བར་གནས་པ་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་རྣམས་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་སློང་མ་ཨུཏྤ་ལའི་མདོག་འདི་མཆོག་ཡིན་ནོ། །ཨུཏྤ་ལའི་བདག་གི་ཀུན་དུ་སྤྱོད་པ་ནི་བསོད་སྙོམས་བརྒྱུས་ནས། བསོད་སྙོམས་ཀྱི་ཕུད་དང་པོར་དགེ་འདུན་ལ་དབུལ་ཞིང་ཕྱིས་གཞན་དུ་
བརྒྱུས་ཏེ་བདག་ཉིད་ཟ་བར་བྱེད་དོ། །ཇི་ཙམ་དུ་དུས་གཞན་ཞིག་ན་བསོད་སྙོམས་ལ་ཞུགས་ནས་བསོད་སྙོམས་ཀྱི་ཕུད་དགེ་འདུན་ལ་ཕུལ་ནས་དེའི་འོག་ཏུ་བདག་ཉིད་ཀྱི་དོན་དུ་བརྒྱུས་པ་དང་། དགེ་སློང་གློ་བུར་དུ་འོངས་པ་ཞིག་བསོད་སྙོམས་ལ་ཞུགས་པ་དང་། དེ་སྤྱོད་ཡུལ་ལ་མི་མཁས་པས་ཅི་ཡང་མ་
རྙེད་པ་དེ་ཨུཏྤ་ལའི་མདོག་གིས་མཐོང་ནས་སྨྲས་པ། འཕགས་པ་ཅི་ཡང་མ་རྙེད་དམ། འཕགས་མ་ཅི་ཡང་མ་རྙེད་དོ། །དེས་བདག་ཉིད་ཀྱི་བསོད་སྙོམས་བསོད་སྙོམས་པ་དེ་ལ་ཕུལ་ནས་དེའི་ཟན་བཅད་པར་གྱུར་ཏོ། །ཉེ་དགས་དེ་མཐོང་ནས། དེས་བསམས་པ། སྲིང་མོ་འདི་ནི་དགེ་འདུན་ལ་མངོན་པར་
Vol. 151 · folio 3a
དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཟག་ལ་ཡང་མངོན་པར་དད་པ་འདྲ་ན། འདི་བགོམ་པར་བྱའོ་སྙམ་ནས། དེའི་ཕྱི་དེ་ཉིན་བར་ཨུཏྤ་ལའི་མདོག་བསོད་སྙོམས་ལ་ཞུགས་ནས། དེས་བསོད་སྙོམས་གྱི་་ཕུད་དེ་དགེ་འདུན་ལ་ཕུལ་ནས། བདག་ཉིད་ཀྱི་དོན་དུ་རྙེད་པ་སྒྲུབ་པ་དང་། ཉེ་དགའ་
ཡང་འོངས་ནས་སྨྲས་པ། འཕགས་མ་རྙེད་པ་ཅུང་ཟད་ཡོད་དམ། དེས་སྨྲས་པ། འཕགས་པ་མཆིས་ན་གསོལ་བཞེད་དམ། ལྷའི་གནས་ཀྱི་ལྷག་མ་ཇི་ལྟ་བ་བཞིན་ནོ། །འཕགས་པ་གལ་ཏེ་དེ་ལྟ་ན་ལྷུང་བཟེད་བཟེད་དུ་གསོལ། དེས་ལྷུང་བཟེད་བཟེད་པ་དང་། དེས་བསོད་སྙོམས་དེ་དེའི་ལྷུང་བཟེད་
དུ་ཕུལ་ལོ། །ཨུཏྤ་ལའི་མདོག་ཉི་མ་གཉིས་སུ་ཟན་ཆད་པས་ཉམ་ཆུང་བའི་སྦྱོར་བས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་། མ་དད་པ་དག་གིས་གླགས་རྙེད་ནས། ཤེས་ལྡན་དག་ཨུཏྤ་ལའི་མདོག་འདི་འདོད་ཆགས་དང་བྲལ་ལོ་ཞེས་གྲག་ན། ཤཱཀྱ་གཞོན་ནུ་གཟུགས་བཟང་བ་འདི་མཐོང་ནས་འདོད་
ཆགས་ཀྱིས་བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་པ་དེ་ཇི་ལྟ་ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་
ལས་བཅའ་བ་དང་བཟའ་བ་རང་གི་ལག་གིས་བླངས་ཏེའམ་ཟ་ན། དགེ་སློང་དེས་ཕྱི་རོལ་དུ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་
བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བགམ་གཞུག་གིས་ཐོ་འཚམས་པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང་
བཟའ་བ་རང་གི་ལག་གིས་བླངས་ནས་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི། ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལ་བརྟེན་པའི་བདུན་པ་
Vol. 151 · folio 3b
ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལམ་པོ་ཆེ་ན་འདུག་པ་ཞེས་བྱ་བ་ནི་སྲང་དུ་སོང་བའོ། །བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ཞེས་བྱ་བ་ལ། གྲོང་ཞེས་བྱ་བ་ནི། གང་ན་ལམ་པོ་ཆེ་དང་སྲང་དང་། བཞི་མདོ་དང་སུམ་མདོ་དག་ཡོད་པའོ། །ལས་ཞེས་བྱ་བ་ནི་གན་ནས་སོ། །བཅའ་
བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་གིས་ལག་ཏུའོ། །བླངས་ཏེ་ཞེས་བྱ་བ་ནི་བྱིན་ནས་སྟོབས་སུ་བཅུག་པའོ། །འཆའ་བའམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །
ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་དུ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་ནི་སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་
པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི། སྨྲེ་སྔགས་འདོན་པའི་རྣམ་པས་མཐོལ་བར་བྱ་བའོ། །བྱུང་གིས་ཞེས་བྱ་བ་ནི་ལྟུང་བ་བྱུང་བས་སོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ་ཞེས་བྱ་བ་ནི་མཐོལ་ལོ་ཞེས་སོ། །སོ་སོར་བཤགས་
པར་བྱ་སྟེ་ཞེས་བྱ་བ་ནི་མཐོལ་བར་བྱ་སྟེའོ། །ཆོས་འདི་ནི་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་ཆོས་འདི་ནི་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བའི་རྣམ་པར་གཞག་པ་ནི་གཙུག་ལག་ཁང་དེ་ན་དགེ་སློང་ཇི་སྙེད་འཁོད་པ་ལ་ཡང་རུང་།
ཇི་ཙམ་མིག་སྔར་སྣང་བ་དང་། ཐོས་པའི་ཉེ་འཁོར་ན་འདུག་པ་དག་ལ་ཡང་རུང་སྟེ། དེ་དག་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་དགེ་སློང་མ་ལས་ཟས་ལེན་པ་འམ། གཞན་ཡང་ཆེ་གེ་མོ་ཞིག་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སྨྲེ་སྔགས་
འདོན་པའི་རྣམ་པས་ལན་ཅིག་དེ་སྐད་ཅེས་མཐོལ་བར་བྱ་ཞིང་དེའི་འོག་ཏུ་བཤགས་པ་ནི་དགེ་སློང་གི་མདུན་དུ་ལྟུང་བྱེད་བཤགས་པ་བཞིན་དུ་བཤགས་པར་བྱ་སྟེ། འདི་ནི་ལྟུང་བྱེད་པས་ཁ་ན་མ་ཐོ་བ་སྤང་བར་བཤད་དོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་བདག་ཉིད་ལམ་
Vol. 151 · folio 4a
པོ་ཆེ་ན་འདུག་པས། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པས། དགེ་སློང་མ་དེ་རང་གི་ལག་གིས་མི་འདྲིམ་པའི་རྣམ་པས་བསྒྲུབས་ཤིང་ཕུལ་བའི་བཅའ་བའམ། བཟའ་བ་དགེ་སློང་དེས་རང་གི་ལག་གིས་བླངས་ཏེ། གནས་གང་ཡང་རུང་བར་ཟོས་ན་དགེ་སློང་མ་ལས་
ཟས་ལེན་པའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། གཉི་ག་
ལམ་པོ་ཆེ་གྲོང་ན་འདུག་པ་ཉིད་དང་། ཟས་ཉིད་དང་། རང་གི་ལག་གིས་བླངས་ཏེ་ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་སློང་མ་ལ་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ།། །།གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་
པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ང་བ། དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་
ལ་ཁ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་བ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ་། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ལ་ལ་ནས་ཐོབ་ལ་ལ་ནས་མ་ཐོབ་ནས་དེ་དག་བཀྲེས་པས་ཉེན་ནས།
བཅུ་གཉིས་སྡེ་དག་གི་གན་དུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་འཚོའམ། སྲིང་མོ་དག་འདི་ནི་ཇི་ལྟར་འཚོ། ཁོ་བོ་ཅག་བཀྲེས་པས་ཉེན་ཏོ། །འཕགས་པ་དག་གལ་ཏེ་དེ་ལྟར་ན་སང་སྤྱོན་ཅིག་དང་ཞལ་ཚུས་གསོལ་ལོ། །སྲིང་མོ་དག་སང་ཁྱེད་ཀྱིས་སྦྱིན་ན། གནངས་སུས་
སྦྱིན། འཕགས་པ་དག་བདག་ཅག་ཉིད་ཀྱིས་གསོལ་ལོ། །སྲིང་མོ་དག་དེ་ལྟར་འཚོ་བར་མི་ནུས་ཀྱིས། འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གང་དུ་སྤྱན་དྲངས་པ་དེར་ཁྱེད་ཅག་གིས་ཞལ་ཏ་གྱིས་ལ། ཁོ་བོ་ཅག་ལ་ཡང་དང་ཡང་དུ་བྱིན་ཅིག་དང་། དེ་ལྟར་ན་ཁོ་བོ་ཅག་
Vol. 151 · folio 4b
འཚོ་བར་འགྱུར་རོ། །སྦོམ་དགའ་མོས་སྨྲས་པ། གལ་ཏེ་རུང་ན་མ་ནོངས་ཀྱིས་དེ་བཞིན་བགྱིའོ། །ཇི་ཙམ་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་བཞུགས་སོ། །བཅོམ་ལྡན་འདས་ནི་འདུལ་
བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས། རྫས་ལས་བྱུང་བ་ན་བཞུགས་ཤིང་། བསོད་སྙོམས་མངོན་པར་བསྒྲུབས་པ་ཁྱིམ་བདག་དེ་ནང་མི་དང་བཅས་པས། དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་པ་དང་། སྦོམ་དགའ་མོས་རྒན་པའི་མཐའ་ལོགས་སུ་འདུག་ནས་སྨྲས་པ།
ཁྱིམ་བདག་འདི་ནི་འཕགས་པ་དགའ་བོ་སྟེ། ཤཱཀྱ་རབ་ཏུ་བྱུང་བ་སྟེ། སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ། །རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི། འདི་ལ་ཡང་གསོལ་ཅིག་འདི་ནི་འཕགས་པ་ཉེ་དགའོ། །འདི་ནི་འཕགས་པ་འགྲོ་མགྱོགས་སོ། །འདི་ནི་ནབ་སོའོ། །འདི་ནི་འདུན་
པ་སྟེ་འདི་དག་ཀྱང་ཤཱཀྱ་རབ་ཏུ་བྱུང་བ་སྟེ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི་འདི་དག་ལ་ཡང་གསོལ་ཅིག །འདི་འཕགས་པ་འཆར་ཀ་སྟེ། བྲམ་ཟེ་མདུན་ན་འདོན་གྱི་བུ་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་
དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི་འདི་ལ་ཡང་དང་ཡང་གསོལ་ཅིག་ཁྱིམ་བདག་དེས་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་བྱིན་ནོ། །དེ་བཞིན་དུ་སྦོམ་དགའ་མོས་འདྲིམ་མཁན་དག་ལ་ཡང་སྨྲས་ནས། དེ་དག་གིས་ཀྱང་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་བྱིན་ནོ། །དེ་ན་དགེ་སློང་ཁ་ཅིག་ལ་ནི་འབྲས་ཆན་ཆད་ཁ་ཅིག་
ལ་ནི་ཚོད་མ་ཆད། ཁ་ཅིག་ལ་ནི་བཅའ་བ་ཆད། ཁ་ཅིག་ལ་ནི་བཟའ་བ་ཆད། ཁ་ཅིག་ལ་ནི་ཟས་ཅུང་ཟད་ཐོབ་ནས་ཟན་ཆད་པར་གྱུར། ཁ་ཅིག་གིས་ནི་ཟན་མ་ཐོབ་པར་ཟན་ཆད་པར་གྱུར་ཏོ། །དེ་ན་དགེ་སློང་གང་དག་འཆིང་བ་མཐའ་དག་ཡོད་པ་དེ་དག་གིས་ཁྱིམ་བདག་དེ་མཐོ་བཙམས་པ། ཁྱིམ་བདག་གལ་
ཏེ་ཁྱོད་ལ་འབྱོར་པ་མེད་ན་ཅིའི་ཕྱིར། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་བྱེད། དེས་སྨྲས་པ་འཕགས་པ་དག་བདག་གིས་ཞལ་ཟས་མང་པོ་སྟ་གོན་བགྱིས་ན། སྦོམ་དགའ་མོ་བགྲེས་པའི་མཐའ་ལོགས་སུ་མཆིས་པས་བགྲེས་པའི་མཐའ་ལོགས་འབའ་ཞིག་ཏུ་ཡང་དང་ཡང་དུ་
Vol. 151 · folio 5a
སྟོབས་སུ་རྩོལ་བས། དེ་ལ་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དེ་དགེ་སློང་རབ་ཏུ་མང་པོ་ཁྱིམ་རྣམས་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ་ན་གལ་ཏེ་དགེ་སློང་མ་ཞིག་
འདི་ལ་བཅའ་བ་བྱིན་ཅིག །འདི་ལ་ནི་འབྲས་ཆན་བྱིན་ཅིག །འདི་ལ་ནི་སྲན་ཚོད་བྱིན་ཅིག །འདི་ལ་ནི་ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་གཅིག་
གིས་ཀྱང་དགེ་སློང་མ་དེ་ལ་དེ་ཡང་སྨྲ་མ་སྤོབས་ན་དགེ་སློང་དེ་དག་ཐམས་ཅད་ཀྱི་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ། ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པའི་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ།
ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ངོ་ཟློག་མི་ཕོད་པ། ཉེས་པ་ནི་གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པའི་དགེ་སློང་མ་མ་བཟློག་པར་ཟ་བའོ། །དེ་ལ་དགེ་སློང་རབ་ཏུ་མང་པོ་ཞེས་བྱ་
བ་ནི། དགེ་སློང་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོའོ། །ཁྱིམ་རྣམས་སུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི་ཟན་གྱི་ཕྱིར་རོ། །ཟན་ཟ་བའི་ཚེ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔ་པོ་དག་གོ། །དེ་དག་གལ་ཏེ་དགེ་སློང་མ་ཞིག་ཅེས་བྱ་བ་ནི་སྦོམ་
དགའ་མོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་བསྒོ་བར་བྱ་བའོ། །
སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བྱ་བ་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་ཁ་རོག་པར་སྡོད་ཅེས་བརྗོད་པར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་བ་མ་སྤོབས་ན་དགེ་
Vol. 151 · folio 5b
སློང་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་མ་སྨྲས་ནའོ། །དགེ་སློང་དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་སོ། །ཕྱི་རོལ་ཀུན་དགའ་ར་བར་དོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་
སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཁྱིམ་མམ་དགོན་པ་དང་། གཙུག་ལག་ཁང་ལ་སོགས་པར་སྦྱིན་བདག་
ཁྱིམ་གྱི་མི་ཐམས་ཅད་འདུས་པའམ། བསྐོས་པ་ལ་སོགས་པ་ཟན་སྦྱར་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་ཏེ་ཟན་ཟ་བའི་ཚེ། དེ་ན་དགེ་སློང་མ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་བྱུག་རིས་སྟོན་པ་དང་། མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་པ་ཞིག་དགེ་སློང་ལྟུང་
བ་འབྱིན་པ་པོ་དེ་འམ། དགེ་སློང་གཞན་ལ་འདི་ལ་བཅའ་བའམ། བཏུང་བ་དང་། སྲན་ཚོད་དམ། བཟའ་བའམ་ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་སྐོ་ཤམ་བྱེད་པ་ལ་ཞུགས་པ་དེ་ལ། དགེ་སློང་གང་ཡང་རུང་བ་ཟན་གཅིག་པ་ཉིད་ཡིན་ལ་ལྷན་ཅིག་ཟ་བའམ། ལྷན་ཅིག་མི་ཟ་བས་ཀྱང་
རུང་བས། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར། དགེ་སློང་གསུམ་ལ་སོགས་པར་མགྲོན་དུ་བོས་པས་ཟོས་ན་བསྒོ་བའི་ཚིག་དེ་ཉེ་བར་གདགས་སུ་མི་རུང་བ་ཙམ་དུ་ཐག་རིང་བ་མ་གཏོགས་པ་ཉིད་དང་། བསྒོ་བ་ཉིད་དུ་འདུ་ཤེས་མེད་ན། གྲལ་རིམས་སུ་མ་
ཕེབས་པ་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་བར་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་ལྟུང་བ་འབྱིན་པ་པོ་དེའམ། དགེ་སློང་གཞན་འདི་ལ་བཅའ་བའམ། བཏུང་བའམ། སྲན་ཚོད་དམ། བཟའ་བའམ། ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་
པས། སྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་དེའི་ཚིག་གིས་སམ། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་བྱུག་རིས་སྟོན་པ་དང་། མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་པ་དང་། བསྒོ་བའི་ཚིག་ཉེ་བར་གདགས་སུ་མི་རུང་བར་ཐག་རིང་བ་མ་གཏོགས་པ་དེ་ན་འདུག་པ་ནི་བྱེད་པ་པོ་ཡིན་ནོ། །
Vol. 151 · folio 6a
འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གང་ཞེ་ན། ཁྱིམ་དགོན་པ་དང་། གཙུག་ལག་ཁང་ལ་སོགས་པར་སྦྱིན་བདག་ཁྱིམ་གྱི་མི་ཐམས་ཅད་འདུས་པ་འམ་དེས་བསྐོས་པ་ལ་སོགས་པས་ཟན་སྦྱར་བ་ཉིད་དང་། དགེ་སློང་གསུམ་ཡན་ཆད་མགྲོན་དུ་བོས་པ་ཉིད་དང་།
དགེ་སློང་མ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་བྱུག་རིས་སྟོན་པ་དང་། མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་པ་ཉིད་དང་། བསྒོ་བ་ཉིད་ཚིག་ཉེ་བར་གདགས་སུ་མི་རུང་བར་ཐག་རིང་བ་མ་ཡིན་པ་སྐོ་ཤམ་བྱེད་པ་ལ་ཞུགས་པ་ཉིད་དང་། དགེ་སློང་ཟན་གཅིག་པ་རྣམས་ཀྱིས་མ་བསྒོ་
བར་འདུ་ཤེས་པས་ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ།། །།བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་གླེང་
གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་དེས་ཆ་གཅིག་བཟུང་ནས། འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་
སྨྲས་ཤིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་ཏེ། དེ་ཕྱིན་ཆད་གཅེར་བུ་པ་དག་དང་། གཅེར་བུ་མ་དག་དང་། གཅེར་བུ་པའི་ཉན་ཐོས་དག་དང་། གཅེར་བུ་མའི་ཉན་ཐོས་མ་དག་གི་སྒོ་ནི་བཅད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་དག་དང་། དགེ་སློང་མ་དག་དང་། དགེ་
བསྙེན་དག་དང་། དགེ་བསྙེན་མ་དག་གི་སྒོ་ནི་ཕྱེའོ་ཞེས་བསྒྲགས་ཤིང་ཞིང་ལས་ཀྱི་མཐའ་དག་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ཡོངས་སུ་གཏང་ངོ་། །དེ་དད་པ་དང་ལྡན་ཞིང་བཟང་ལ། དགེ་བའི་ལས་སེམས་པ་ཅན་ཡིན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འོང་
བའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས། ལོངས་སྤྱོད་སྲབས་ཤིང་ཡོངས་སུ་ཟད་དེ། ཡོངས་སུ་མཐར་ཐུག་པར་གྱུར་ཏོ། །དེ་སྐབས་སུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལྗོངས་རྒྱུ་ཞིང་
Vol. 151 · folio 6b
འདོང་བ་ན། ཡངས་པ་ཅན་དུ་ཕྱིན་པ་ན། དམག་དཔོན་སེང་གེས་དེ་གཉིས་ཁྱིམ་གཞན་དུ་ཟན་ལ་མགྲོན་དུ་བོས་ནས། དེ་དེ་གཉིས་ཀྱི་ཟན་སྦྱར་བའི་ཕྱིར་བདག་ཉིད་སྲོང་དུ་སོང་བ་དང་། གཅེར་བུ་བ་དག་གིས་མཐོང་ནས། དེ་དག་ཤེས་ལྡན་དག་གང་གི་ཚེ་དམག་དཔོན་སེང་གེ་བདག་ཅག་ལ་
མངོན་པར་དད་པ་དེའི་ཚེ་ན་འདི་ནི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ན། ད་ལྟར་ཤཱཀྱའི་བུ་དགེ་སྦྱོང་དག་ལ་མངོན་པར་དད་པ་འདི་ལ་བཅར་ཡང་མེད་བཟར་ཡང་མེད་དེ། བདག་ཉིད་ཁྱིམ་གྱི་ལས་བྱེད་དོ་ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དམག་དཔོན་སེང་གེ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་ཞིང་དེར་དགེ་སློང་གི་ཁྱིམ་དུ་འགྲོ་བར་མི་བྱ། སྟན་ལ་ལོངས་སྤྱོད་པར་མི་བྱ། བསོད་སྙོམས་བཟའ་བར་མི་བྱ། ཆོས་
བསྟན་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་དེ་ལ་བསླབ་པའི་སྡོམ་པ་བྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་སྔར་མགྲོན་དུ་བོས་པ། བཅོམ་ལྡན་འདས་ཀྱིས་གནང་སྟེ། དམག་དཔོན་སེང་གེའི་ཁྱིམ་དུ་འཕགས་པ་དྲུག་སྡེ་དག་གིས་དེ་གཉིས་མཐོང་ནས། དེ་དག་གིས་
སྨྲས་པ། ཁྱེད་གཉིས་གར་བཞུད། དམག་དཔོན་སེང་གེའི་ཁྱིམ་དུའོ། །དེ་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་མ་བྱིན་ནམ། གང་དག་བྱིན་པ་དེ་ལ་བྱིན་གྱི། ཁོ་བོ་ཅག་གཉིས་སྔར་མགྲོན་དུ་བོས་སོ། །དྲུག་སྡེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་གང་གི་ཚེ་དམག་དཔོན་སེང་གེས་བཅོམ་
ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་ན། ཆེས་སྔར་མགྲོན་དུ་བོས་སོ། །དེ་གཉིས་ཅང་མི་སྨྲ་བར་འདོད་པ་དང་། དེ་དག་ཀྱང་དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་བ་ན། དམག་དཔོན་སེང་གེས་དགེ་སློང་རབ་ཏུ་མང་པོ་དག་འོངས་པ་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་དེ། ཁྱིམ་མི་ལ་
དགོས་པ་གང་ཡིན་པ་དེ་དག་དགེ་སློང་རྣམས་ལ་བྲིམས་སོ། །དེ་དག་གིས་ཟོས་ཏེ་དོང་བ་དང་། དེའི་བུ་དག་གིས་ཟས་ཟ་བར་བརྩམས་པ་དང་། དེས་སྨྲས་པ། བུ་དག་ཁྱིམ་མི་ལ་དགོས་པ་གང་དག་ཡིན་པ་དེ་དག་ཀྱང་། དགེ་སློང་རྣམས་ལ་བྲིམ་གྱིས། གཞན་བསྒྲུབ་ཀྱི་བར་དུ་རེ་ཞིག་སྡོད་ཅིག །དེ་
Vol. 151 · folio 7a
དག་གི་ངུ་བར་བརྩམས་པ་ཐོས་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སློབ་པ་དག་གི་ཁྱིམ་གང་ཡིན་པ་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡོམས་པ་དག་ཏུ་སྔར་མགྲོན་དུ་མ་བོས་པར་དོང་སྟེ་རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ་བར་བྱེད། ཟ་
བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡོམས་པར་གྱུར་ལ། ཡང་དགེ་སློང་
སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡོམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ་བའམ་ཟན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་
བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མགྲོན་ཚོལ་བ། ཉེས་པ་ན་
བསླབ་པ་དྲལ་ཏེ་ཁྱིམ་གཞན་དུ་འཇུག་པའོ། །དེ་ལ་སློབ་པ་དག་གིས་ཞེས་བྱ་བ་ལ་སློབ་པ་དག་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དག་གོ། །ཁྱིམ་གང་དག་ཅེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་གོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ཞེས་བྱ་བ་ནི་གསོལ་བའི་ལས་ཀྱིས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་
ལྟ་བུ་དག་ཏུ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་དེ་ལྟ་བུ་དག་ཏུའོ། །སྔར་མགྲོན་དུ་མ་བོས་པར་ཞེས་བྱ་བ་ནི། གླེང་གཞི་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་དམག་དཔོན་སེང་གེས་སྔར་མགྲོན་དུ་བོས་པ་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་གསུངས་པ་ལྟར་སྔར་མ་བསྟབས་པར་
Vol. 151 · folio 7b
རོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་ནས་སོ། །འཆའ་བའམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་
བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པར་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་
བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་སྦྱིན་བདག་དད་པ་ཅན་ལོངས་སྤྱོད་འགྲིབས་པ་གང་ལ་དགེ་འདུན་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས། ག་གོན་དང་། ལ་ཕུག་
དང་། ལྡམ་ལྡུམ་དང་། མོད་པ་དག་མ་གཏོགས་པའི་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་ན། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྔར་མགྲོན་དུ་མ་བོས་པ་དང་། དགེ་འདུན་གྱི་བསླབ་པའི་སྡོམ་པ་བྱིན་པའི་
ཁྱིམ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཁྱིམ་པའི་ཁྱིམ་ཉིད་དང་། སྔར་མགྲོན་དུ་མ་བོས་པ་ཉིད་དང་། དགེ་འདུན་གྱི་བསླབ་པའི་སྡོམ་པ་བྱིན་པ་ཉིད་དང་། དེའི་ཁྱིམ་ནས་ག་གོན་དང་ལ་ཕུག་དང་། ལྡམ་ལྡུམ་མོད་པ་དག་མ་གཏོགས་པའི་བཟའ་བ་དང་བཅའ་
བ་དག་རང་གི་ལག་གིས་བླངས་པ་ཉིད་དང་། ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའོ།། །།ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི།
སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གནས་སུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བར་འགྱུར་བ་ན་སྤྱོད་ཡུལ་གྱི་གྲོང་དག་ཏུ་ཞག་འདི་རྙེད་ན་དགག་དབྱེ་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ་
Vol. 151 · folio 8a
ཞེས་བཀའ་སྩལ་ནས་དགེ་སློང་རྣམས་ཀྱིས་སོང་སྟེ་བརྗོད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་དག་དེ་ཉིད་ཀྱི་དགག་དབྱེ་བཅོ་ལྔ་པ་ལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་
དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །
རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་
དང་། རྗེས་སུ་ཡི་རང་བར་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་འདི་ཉིད་དུ་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང་། སང་དགེ་སློང་འགས་ཀྱང་བསོད་སྙོམས་ལ་འཇུག་པར་མི་བགྱི་སྟེ། བདག་ཅག་བསོད་
སྙོམས་འཚལ་ཏེ། མཆི་ཞིང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རང་གི་སུག་པ་ནས་ཚིམ་པར་བགྱི་ཞིང་སྟོབས་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དེ་དག་སེར་སྐྱའི་གནས་སུ་སོང་སྟེ། དེ་
ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་བཅའ་བ་དང་བཟའ་བ་དག་གིས་ཤིང་རྟ་དག་བཀང་ནས་ཤཱཀྱའི་བུ་མོ་རྣམས་ལ་སྨྲས་པ། ཁྱེད་ཅག་ཇེ་ཤིང་རྟ་དག་ཞོན་ལ་དེང་ཤིག་དང་ཁོ་བོ་ཅག་ཕྱི་བཞིན་འོང་ངོ་། །དེ་དག་རྒྱན་ཐམས་ཅད་ཀྱིས་
བརྒྱན་ཏེ་ཤིང་རྟ་དག་ལ་ཞོན་ནས་འཕགས་སོ། །སེར་སྐྱའི་གནས་ཀྱི་ཉེན་ཀོར་ཐིབས་པོ་ཡིན་པས་དེ་དག་ལམ་ཁར་ཆོམ་རྐུན་པ་དག་གིས་མཐོང་ནས་དེས་སྨྲས་པ། ཤེས་ལྡན་དག་ཤཱཀྱའི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་དག་འདོང་གི་ཚུར་ཤེག་གཞོམ་མོ། །ཆོམ་རྐུན་པའི་དམག་དཔོན་གྱིས་
Vol. 151 · folio 8b
སྨྲས་པ། ཤེས་ལྡན་དག་འདོང་དུ་ཟད་མོད། །ཁྱེད་ཅག་ལ་འདི་དག་གཞོམ་པས་ཅི་བྱ། ཤཱཀྱ་གདུག་པ་ཕ་རོལ་གནོན་པ་དག་གནོད་པར་བྱེད་པར་འགྱུར་གྱི་ཐོང་ཤིག །དེ་དག་གིས་སྨྲས་པ་དམག་དཔོན་ཟླའི་རྒྱབ་སུས་མཐོང་གཞོམ་མོ་ཞེས་དེ་དག་གི་ཚིག་ཚིག་མ་ཡིན་པ་བྱས་ཏེ། དེ་དག་བཅོམ་ནས་གོས་དང་
རྒྱན་ཐམས་ཅད་ཕྲོགས་ཏེ་དོང་ངོ་། །ཤཱཀྱའི་བུ་མོ་དེ་དག་ཀྱང་འཇིགས་ཤིང་སྐྲག་ནས་སྒྲེན་མོར་ཚང་ཚིང་ནགས་མ་དག་གི་ནང་དུ་ཡིབ་སྟེ་འཁོད་དོ། །ཤིང་རྟ་དེད་པ་དག་ཀྱང་སྐྲག་ནས་བྱེར་རོ། །གླང་དག་ཀྱང་ཆུ་ཐག་བཅད་ནས་ཅི་དགར་ཡན་ཅིང་འཁོད་དོ། །ཤིང་རྟ་དག་ཀྱང་ཤིང་རྟའི་མདའ་དང་བྲལ་ཏེ་
འདུག་གོ། །དྲུག་སྡེ་དག་གིས་ཕན་ཚུན་གྲོས་བྱ་བར་བརྩམས་པ། དགའ་བོ་ཉེ་དགའ་ཤཱཀྱ་བག་མེད་པ་དག་ཡུན་རིང་དུ་ཐོགས་པས་བདག་ཅག་གི་ཟན་གཅད་པར་བྱ་བའམ་ཅི། བསོད་སྙོམས་ལ་འདོང་ངོ་། །དེ་ལྟར་བྱའོ་ཞེས་དེ་དག་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་འཕགས་པ་དང་། ཇི་ཙམ་ན་
ལམ་ཁ་ན་ཤིང་རྟ་བཅའ་བ་དང་བཟའ་བས་གང་བ་ཤིང་རྟ་མདའ་དང་བྲལ་བ་དག་འདུག་པ་དང་། གླང་དག་ཆུ་ཐག་བཅད་དེ་ཅི་དགར་ཡན་པ་དག་འཁོད་པ་མཐོང་ནས། དེ་དག་གིས་ཕན་ཚུན་རྣམ་པར་བལྟས་ནས་བོད་པར་བརྩམས་པ། ཤེས་ལྡན་དག་འདི་ན་སུ་འཁོད། དེ་དག་གིས་སྒྲ་ཕྱུང་བ་དང་། དྲུག་
སྡེ་དག་གིས་སྨྲས་པ། ཁྱེད་ཅག་སུ་ཡིན། འཕགས་པ་དག་བདག་ཅག་ཤཱཀྱའི་བུ་མོ་དག་གོ། །ཚུར་ཤེག་ཁོ་བོ་ཅག་ལ་བྲིམས་ཤིག །འཕགས་པ་བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་སྟེ་སྒྲེན་མོར་མཆིས་སོ། །ཁོ་བོ་ཅག་གདུགས་ཚོད་ཡོལ་གྱིས་ཚུར་ཤེག །ཁྱེད་ཅག་གི་ཡན་
ལག་དང་ཉིང་ལག་ཁོ་བོ་ཅག་གིས་སྔོན་མ་མཐོང་བ་གང་ཡོད་ཚུར་ཤེག་དེ་དག་ལོ་མ་དག་གིས་གཡོགས་ཏེ་བྱུང་ནས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྟོས་ཤིག་ལྟོས་ཤིག །ཤཱཀྱའི་བུ་མོ་འདི་དག་གི་མིག་ཅི་འདྲ། སྣ་ཅི་འདྲ། མཆུ་ཅི་འདྲ། ནུ་མ་ཅི་
འདྲ། ལག་པ་ཅི་འདྲ། རྐེད་པ་ཅི་འདྲ། རྐང་པ་ཅི་འདྲ། ལྟོས་ཤིག །དེ་དག་དེ་ལྟར་གཙེས་པ་ན། ངོ་ཚ་ནས་ནགས་ཚང་ཚིང་དང་། ནགས་མ་དེ་དག་ཉིད་ཀྱི་ནང་དུ་ཡིབ་སྟེ་འཁོད་དོ། །དྲུག་སྡེ་དག་གིས་ཤཱཀྱ་རྣམས་ལ་ཤཱཀྱའི་བུ་མོ་རྣམས་བཅོམ་མོ་ཞེས་སྨྲས་པ་དང་། དེ་ནས་ཤཱཀྱ་དག་
Vol. 151 · folio 9a
མདའ་གཞུ་ལག་ན་ཐོགས་ཤིང་། མཚོན་གཟས་པ་དག་གིས་ལམ་ཁར་དོང་སྟེ། ལམ་འགགས་ནས་དེ་དག་གིས་ཆོམ་རྐུན་པ་དེ་དག་བཟུང་ངོ་། །དེ་ན་ཁ་ཅིག་གིས་སྨྲས་པ། འདི་དག་ལ་བཏང་སྙོམས་བྱར་ཅི་ཡོད། བསད་དོ། །ཁ་ཅིག་གིས་སྨྲས་པ། རེ་ཞིག་དེར་ཁྲིད་ལ་ཤཱཀྱའི་
བུ་མོ་རྣམས་ལ་དྲིས་ཏེ་བྱའོ། །དེ་དག་གིས་དེ་དག་ཁྲིད་ནས་ཤཱཀྱའི་བུ་མོ་རྣམས་ཀྱི་གན་དུ་དོང་སྟེ་དྲིས་པ། ཤཱཀྱའི་བུ་མོ་རྣམས་ཀྱིས་སྨྲས་པ། ཆོམ་རྐུན་པའི་དམག་དཔོན་འདི་ནི་ཉེས་པ་མེད་པར་གནོད་པ་མི་བྱེད་པ་ཡིན་ཏེ། འདིས་དེ་དག་བཟློག་ན་དེ་དག་མ་བཏུབ་པས་འདི་ནི་ཐོང་ཤིག །དེ་དག་གིས་
དེ་བཏང་ངོ་། །དེ་སྲོག་དེའུ་ཆད་པ་ལས་ཕྱིར་ཐོབ་ནས་དེས་དེ་དག་གི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་དད་པ་སྐྱེས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་དུ་འགྲོ་བ་ཡིན་ན། འདི་དག་བསད་པས་ཁྱེད་ལ་ཅི་བྱ། ཉེས་པ་བྱས་པ་འདི་དག་ཀྱང་བཏང་
བར་གསོལ། དེ་དག་གིས་དེ་དག་ལ་བཅོམ་པའི་རྫས་དག་ཕྱིར་བསྐུར་ཏེ་བཏང་ངོ་། །དེ་ནས་ཤཱཀྱ་དེ་དག་གིས་ཤཱཀྱའི་བུ་མོ་དེ་དག་གོས་བསྐོན་ཅིང་རྒྱན་ཐོགས་སུ་བཅུག་ནས་ཤིང་རྟ་དག་ཀྱང་ཆུ་ཐག་བཏགས་ཏེ་ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་
འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་པ་དང་། ཤཱཀྱ་དང་ཤཱཀྱའི་བུ་མོ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་སོ། །ཤཱཀྱའི་བུ་མོ་རྣམས་ཀྱིས་དྲུག་སྡེ་རྣམས་ལ་ཟས་མི་སྦྱིན་ནས་ཤཱཀྱ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་འཕགས་པ་དག་ལ་ཞལ་ཟས་མི་
གསོལ། དེ་དག་གིས་སྨྲས་པ། འདི་དག་གིས་ཟོས་ཟིན་ཏེ། གང་དུ་གསོལ། དེ་ཉིད་དུའོ། །སུས་བྲིམས་ཁོ་མོ་ཅག་གིས་སོ། །ཁྱེད་ཅག་སྒྲེན་མོ་དག་གིས་ཇི་ལྟར་བྲིམས། དེའི་ཕྱིར་དེ་དག་གིས་ཁོ་བོ་ཅག་ཐོ་བཙམས་ཏེ། ཇི་ལྟར་ཁོ་མོ་ཅག་ལོ་མ་དག་གིས་གཡོགས་ཏེ་ཚང་ཚིང་དང་ནགས་མ་
དག་གི་ནང་ནས་བྱུང་སྟེ་བྲིམ་པར་བརྩམས་པ་དང་། ཐོ་བཙམས་ཏེ། འདི་ལྟར་བརྗོད་པར་བྱ་བ་མང་དུ་ཡོད་དོ། །དེ་ནི་འཇལ་གྱིས་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་གྱིས་འདི་དག་ལ་ཟས་མི་སྦྱིན་ནོ། །དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་དེ་དག་གིས་དགེ་སློང་གི་དགེ་འདུན་ལ་བྲིམས་ནས་སྨྲས་
Vol. 151 · folio 9b
པ། འཕགས་པ་དག་ཀྱེ་མ་ཁྱེད་ཀྱི་ལམ་འདི་འཇིགས་པ་དང་བཅས་པ་ཡིན་ནོ་ཞེས་བཀའ་སྩལ་ནས། བདག་ཅག་བག་བགྱིད་ཅིང་འཆི་བ་ཞིག་ན་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཁྱེད་
ཀྱིས་དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་དུད་བརྡ་གཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་
ཁར་གཞག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་མེད་པར་གྱུར་ན་བ་དན་དཀར་པོ་དག་བསྒྲེང་བར་བྱའོ། །དེ་གལ་ཏེ་འདོད་པ་ཉིད་ཡིན་ན་དེ་ལ་ཁྱེའུ་སུས་དང་གྲོས་ཀྱང་སྦྱིན་པར་བྱའོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ནགས་སྔར་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་
བཟའ་བ་བླངས་ཏེ། འཆའ་ཞིང་ཟ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་
པ། འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པར་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་པ་ལ་ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པས་འཇིགས་
སུ་རུང་བ་དང་བཅས་པར་གྲགས་པ། དེ་ལྟ་བུ་དག་ཏུ་སྔར་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་
བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བདག་ཉིད་འགྱེངས་ཤིང་དགེ་འདུན་གྱི་དོན་ཡལ་བར་དོར་བ། ཉེས་པ་
Vol. 151 · folio 10a
ནི་ནགས་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་ཟ་བའོ། །དེ་ལ་དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གནས་མལ་དགོན་པ་གང་དག་ཅེས་བྱ་བ་ལ། དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་
གཅིག་གོ། །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། །ལྕགས་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ། །རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་
ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ནས་རྒྱང་གྲགས་གཅིག་ནི་དགོན་པ་སྟེ།
དེ་ན་གཙུག་ལག་ཁང་གང་ཡོད་པ་དེ་ནི་གནས་མལ་དགོན་པ་ཡིན་ནོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་། གཡོན་ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། སེང་གེ་དང་། སྟག་དང་། གུང་གིས་འཇིགས་པར་
གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་འགྱུར་ལ་ཞེས་བྱ་བ་ནི་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་ཉི་མ་དང་། སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་འགྱུར་བའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་
སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་གནས་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་ལྟ་བུ་དག་གོ། །སྔར་མ་བྱུལ་བར་
ཞེས་བྱ་བ་ནི་ནགས་བྱུལ་བས་སྔར་མ་བྱུལ་བར་རོ། །ཀུན་དགའ་ར་བའི་ཕྱི་རོལ་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཕྱི་རོལ་དུའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ཏེ་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་སྟེའོ། །འཆའ་བའམ་ཟ་ན་ཞེས་བྱ་བ་ནི་མགུལ་
Vol. 151 · folio 10b
དུ་མིད་ནའོ། །དགེ་སློང་དེས་ཕྱི་རོལ་དུ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་བ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ་ཞེས་བྱ་བ་
ནི་སྔ་མ་བཞིན་ནོ། །དེ་ལ་འདིའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ནགས་སམ་དགོན་པ་རྒྱང་གྲགས་ཀྱི་མཐའ་འཇིགས་པ་དང་བཅས་པ་མ་བྱུལ་བ་ཉིད་ལ་དེར་འདུ་ཤེས་པས་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ན། ནགས་བརྟགས་པ་ལས་
གྱུར་པའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ནགས་སམ་དགོན་པ་འཇིགས་པ་དང་བཅས་པ་བྱུལ་བ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གྲོང་གི་ཕྱི་རོལ་ནས་རྒྱང་གྲགས་གཅིག་ཕན་ཆད་ཀྱི་
མཐའ་ཉིད་དང་། ནགས་སམ་དགོན་པ་འཇིགས་པ་དང་བཅས་པར་གྱུར་པ་ཉིད་དང་། མ་བྱུལ་བ་ཉིད་དང་དེར་འདུ་ཤེས་པ་ཉིད་དང་། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཟའ་བ་དང་བཅའ་བ་རང་ངམ། སྤྲིང་ཡིག་དང་བསྔགས་པ་ལ་སོགས་པ་གང་ཡང་རུང་བས་བླངས་ཏེ་ཟོས་པ་ཉིད་དོ། །
དེ་དག་ལས་ཡན་ལག་མ་ཚང་ན་ནི་ཅི་རིགས་པར་ན་སྨད་དོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ།། །།ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཏོན་པ་ཟིན་ཏོ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་དག་གདོན་
པའི་མཇུག་བསྡུ་བ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པ་བཞི་པོ་དག་གོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་
ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་རྣམ་པར་གཞག་པ་བསྒྲགས་པར་བྱ་བ་ཡིན་ཏེ། དེ་ལ་
Vol. 151 · folio 11a
ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་སྟོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སོ་སོར་བཤགས་པར་བྱ་བ་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་ཉི་ཤུ་པ། ད་ནི་བསླབ་པའི་ཆོས་མང་པོ་རྣམས་གདོན་པ་
བཤད་པར་བྱ་སྟེ། དེའི་ཕྱིར། སྡོམ་ལ། ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོད་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་
དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །ཤམ་ཐབས་ལ་ནི་རྣམ་བདུན་དང་། །ཞེས་བྱ་བ་ལ་སོགས་པ་སྡོམ་གྱི་ཚིགས་སུ་བཅད་པ་གོང་མ་གཉིས་ལ་བསླབ་པའི་ཆོས་བཞི་བཅུ་རྩ་བདུན་ཡོད་པ་
རྣམས་ནི་གོ་རིམས་བཞིན་དུ་འོག་ནས་གཞུང་ཉིད་ལས་སྟོན་ཏོ། །ཚེ་དང་ལྡན་པ་དག་བསླབ་པའི་ཆོས་མང་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། བསླབ་པའི་ཆོས་མང་པོ་གདོན་པའི་ལུང་འབོགས་པ་ཡིན་ཏེ། བསླབ་པའི་ཆོས་ཞེས་བྱ་བ་ནི་འདུལ་
བ་དང་མི་འགལ་བ་དང་། འཇིག་རྟེན་དང་མི་འགལ་བར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པར་བསླབ་པའི་ཆོས་ཏེ། དེ་དག་ཉིད་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །མང་པོ་འདི་དག་ནི་ཞེས་བྱ་བ་ནི་བསླབ་པའི་ཆོས་བརྒྱ་རྩ་བཅུ་གཉིས་འོག་ནས་འབྱུང་བ་དག་
སྟེ། འདི་དག་ལས་འདས་ན་དངོས་གཞི་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་ལ། སྦྱོར་བ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར། སྦྱོར་བའི་སྦྱོར་བ་ལ་ནི་དེ་བས་ཀྱང་ན་སྨད་དེ་བསྡམ་པར་བྱ་བའི་ཉེས་བྱས་ཕྲ་མོར་འགྱུར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་
འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བྱ་བ་སྟོན་ཏེ། སྡོམ་ལ། ཤམ་ཐབས་ལ་ནི་རྣམ་བདུན་དང་། །ཞེས་བྱ་བ་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་
Vol. 151 · folio 11b
རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཤམ་ཐབས་ཟླུམ་པོར་
བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་པོ་དག་སྐྱོན་མེད་པ་ལ་འཇུག་པས་དགེ་སློང་ཉིད་ལ་བཀོད་པ་དེའི་ཚེ་ན་དེ་དག་སྔོན་གོམས་པའི་སྦྱོར་བས་ཤམ་ཐབས་ཁྱིམ་པ་བཞིན་
དུ་གོན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨྲས་པ། འཕགས་པ་དག་ཇི་ལྟར་ཁྱེད་ཤམ་ཐབས་གསོལ་བ་ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་འཚལ་བར་བགྱིད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་།
བཅོམ་ལྡན་འདས་ཀྱིས་དགོངས་པ་དང་། ཁྱིམ་བདག་ཟེར་བ་བདེན་གྱིས་ངས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་དག་ཤམ་ཐབས་ཇི་ལྟར་གྱོན་པར་གྱུར་པ་བསམ་མོ་སྙམ་དུ་དགོངས་པ་དང་། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འདི་ལྟ་སྟེ། གནས་གཙང་
མའི་རིས་ཀྱི་ལྷ་རྣམས་ཀྱིས་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་ཉིད་ལ་ཡང་འདི་ལྟ་སྟེ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ལྟ་བུར་མཁྱེན་པ་དང་གཟིགས་པ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ནས། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པ་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་བཱ་རཱ་ཎ་སཱི། གང་ཟག་ནི་ལྔ་པོ་དག །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་སྔོན་གོམས་པའི་སྦྱོར་བ། ཉེས་པ་ནི་ཤམ་ཐབས་ཁྱིམ་པ་བཞིན་དུ་གྱོན་པའོ། །འདིར་དངོས་གཞིའི་
ལྟུང་བ་བསྟན་པ་ལ་དགག་པའི་ཚུལ་གྱིས་འདི་དང་འདི་ལྟར་མི་བྱའོ་ཞེས་དགག་པའི་སྒོ་ནས་བསྟན་ནམ། སྒྲུབ་པའི་ཚུལ་གྱིས་འདི་དང་འདི་ལྟར་བྱའོ་ཞེས་སྒྲུབ་པའི་སྒོ་ནས་བསྟན་ཅེ་ན། སྒྲུབ་པའི་སྒོ་ནས་བསྟན་ཏེ། ཤམ་ཐབས་ཅི་ནས་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བསླབ་པར་བྱའོ་ཞེས་
Vol. 151 · folio 12a
བྱ་བ་ལ་སོགས་པ་ལྟ་བུར་བསྒྲུབ་པའི་ཚུལ་གྱིས་བསྟན་ཏོ། །དེ་ལ་ཤམ་ཐབས་ཟླུམ་པོ་ཞེས་བྱ་བ་ནི་མཐའི་ཁ་མཉམ་པར་འདུག་པ་སྟེ། ཤམ་ཐབས་ནི་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བསླབ་པར་བྱའོ། །ཤམ་ཐབས་ཟླུམ་པོར་བགོ་བར་
བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བ་ལ་སོགས་པ་དྲུག་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱི། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་
སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདི་ནི་བྱེད་པ་པོ་ནི་ཤམ་ཐབས་སུ་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ་དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་། སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་
པར་ན་སྨད་དོ། །བསླབ་པ་འོག་མ་ཐམས་ཅད་ལ་ཡང་དངོས་གཞི་དང་བྱེད་པ་པོ་དང་། ཡན་ལག་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་འདི་བཞིན་ཅི་རིགས་པར་སྦྱར་རོ། །བསླབ་པ་དང་པོའོ།། །།ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་
ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་ལྔ་པོ་དག་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །དེ་བཞིན་དུ་ཉེར་ལྔ་དག་
དང་། མངོན་པར་མཐོ་བ་ལྔ་བཅུ་དང་། བཟང་སྡེའི་ཚོགས་དྲུག་ཅུ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་བརྒྱུད་པས་དགེ་སློང་དག་གིས་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །གང་གི་ཚེ་དྲུག་སྡེ་དག་རབ་ཏུ་བྱུང་བ་དེའི་ཚེ་ན། དེ་དག་
གིས་ཤམ་ཐབས་ཧ་ཅང་རྩེངས་པ་བགོ་བར་བརྩམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དང་། ནལ་གྱི་བུ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་
Vol. 151 · folio 12b
ཐབས་ཧ་ཅང་རྩངས་པར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་དག་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་དང་། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་
མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པའོ། །དེ་ལ་ཤམ་ཐབས་ཧ་ཅང་རྩེངས་པ་ཞེས་བྱ་བ་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་དངོས་གཞིའི་ལྟུང་བ་རྣམ་པར་གཞག་
པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་
དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་གཉིས་པའོ།། །།ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་
འདས་ཀྱིས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་གིས་ཧ་ཅང་འཇོལ་བར་བགོ་བར་བརྩམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དོ། འཕགས་པ་དག་ཏ་ག་ཀའི་ཡུལ་ན་གནས་པའི་བུད་
མེད་དག་དང་། རིགས་ཀྱི་མནའ་མ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདིའི་ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་ཧ་ཅང་འཇོལ་བར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་
Vol. 151 · folio 13a
ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ།
ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་ཧ་ཅང་འཇོལ་བར་གྱོན་པའོ། །དེ་ལ་ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོང་བུའི་
ཚིགས་ལ་རེག་པ་ཉིད་དོ། །དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་
ཐབས་སུ་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ་དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ།། །།བསླབ་པ་གསུམ་པའོ།། །།ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་
ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་མདུན་འཕྱང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་
ཁྱེའུ་དག་དང་། ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་ཤ་ཟས་བརླམས་པ་དག་ཤམ་ཐབས་འདི་ལྟར་འཚལ་བས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་
ལགས། ཇེ་དང་པོ་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་འགྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་དུ་སྔ་མ་
Vol. 151 · folio 13b
བཞིན་དུ། ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པར་བགོ་བར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་གྱོན་པའོ། །དེ་ལ་གླང་པོ་ཆེའི་སྣ་ལྟར་ཞེས་བྱ་བ་ནི་
གླང་པོ་ཆེའི་སྣ་ལྟར་ནར་བ་སྟེ། འདིར་ཁ་ཚར་དང་ཕུན་ཚར་གྱི་མཐའ་མ་བཅད་པའི་གྲྭ་དག་ལ་གླང་པོ་ཆེའི་སྣ་ལྟར་ནར་བ་དག་ཡོད་པས། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་
བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་
སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་པའོ།། །།ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་
པ་ན་གློ་དག་ལྟེབས་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གར་མཁན་དག་ཚོགས་ཀྱི་ནང་ན་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་
པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་
Vol. 151 · folio 14a
ནི་ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་སྟེ་གྱོན་པའོ། །དེ་ལ་ཏ་ལའི་ལོ་མ་ལྟར་བལྟབ་པ་ཞེས་བྱ་བ་ནི་གོང་དུ་ལྟེབས་པ་སྟེ། ཤམ་ཐབས་ཀྱི་སྟེང་གི་ཁ་ལོགས་ལྟེ་བའི་གོང་རོལ་དུ་ཏ་ལའི་ལོ་མ་ལྟར་ལྟེབས་ཤིང་འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་
བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། །དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་སུ་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་
ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་པའོ།། །།ཤམ་ཐབས་འབྲུའི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་
རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློར་བལྟབ་སྟེ་ཕུར་མ་ལྟར་འཇོག་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཅན་དག་དང་། ཚོང་དཔོན་
དག་དང་། བུད་མེད་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་ནི་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་
དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས། སྔ་མ་བཞིན་དུ། ཤམ་ཐབས་འབྲུའི་ཕུར་མ་ལྟར་
མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་འབྲུའི་ཕུར་མ་ལྟར་འདུག་པར་གྱོན་པའོ། །དེ་ལ་འབྲུའི་ཕུར་མ་ལྟར་ཞེས་བྱ་བ་ནི་གློ་ནས་ཕྱི་རོལ་གྱི་རིམ་
Vol. 151 · folio 14b
པའི་གྲྭ་ཕུར་མ་ལྟར་འདུག་པ་སྟེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་བའོ། །འདིའི་བྱེད་པ་
པོ་ནི་ཤམ་ཐབས་རུང་བ་ཉིད་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་པའོ།། །།ཤམ་ཐབས་སྦྲུལ་
མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་
སྨོད་པར་བྱེད་དེ། འཕགས་པ་དག་རྒྱན་པོ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་།
བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་ནོ། །ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་
བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས་གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་ཕྱུང་བ་གྱོན་པའོ། །དེ་ལ་སྦྲུལ་མགོའི་གདེངས་ཀ་ལྟར་ཞེས་བྱ་བ་ནི་ཤམ་ཐབས་ཀྱི་ནང་དང་འབྲེལ་པའི་ཁ་
ལོགས་མདུན་གྱི་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་སྟེ། དེ་ལྟ་བུ་མ་ཡིན་པ་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་
Vol. 151 · folio 15a
འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་སུ་རུང་བ་དང་། ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་
པའོ།། །།སྡོམ་ལ། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་དོན་ནི། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱ་བ་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་ཡང་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །
དེ་ལ་ཆོས་གོས་ཟླུམ་པོར་བགོ་བར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཤམ་ཐབས་ཧ་ཅང་རྩེངས་པར་བྱ་བ་མ་ཡིན་པ་དང་།
ཧ་ཅང་འཇོལ་བར་བྱ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཆོས་གོས་གྱོན་པ་ན། ཇི་ལྟར་
བགོ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་པ་ནི་བསླབ་བ་ལ་མ་བསླབས་པ་ཉེས་
བ་ནི་ཆོས་གོས་ཇི་ལྟར་བགོ་བར་བྱ་བ་མི་ཤེས་པའོ། །དེ་ལ་ཆོས་གོས་ཟླུམ་པོར་ཞེས་བྱ་བ་ལ། ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤམ་ཐབས་བྱིན་གྱིས་མ་བརླབས་པ་ལ་སོགས་པ་དག་ལ་ཡང་རྣམ་པ་འདི་དག་རིག་པར་བྱའོ། །ཟླུམ་པོ་ཞེས་བྱ་བ་ནི་མཐའི་ཁ་མཉམ་པར་འདུག་པ་
སྟེ། ཆོས་གོས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བ་གཉིས་
Vol. 151 · folio 15b
འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱི། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་། ཚད་
དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་སྨད་དོ། །བསླབ་པ་བརྒྱད་པའོ།། །།ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི་
སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གྱིས་
མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་
པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་ཀྱང་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་
བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ་དང་། ཉེས་པ་ནི་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པའོ། །དེ་ལ་ཆོས་
གོས་ཧ་ཅང་རྩེངས་པ་ཞེས་བྱ་བ་ནི་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་
Vol. 151 · folio 16a
གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དགུ་
པའོ།། །།ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས།
དྲུག་སྡེ་དག་ཧ་ཅང་འཇོལ་བར་གྱོན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཏག་ཀའི་ཡུལ་ན་གནས་པའི་མི་དག་དང་རིགས་ཀྱི་མནའ་མ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས།
ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་
དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་
དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཆོས་གོས་ཧ་ཅང་འཇོལ་བར་གྱོན་པའོ། །དེ་ལ་ཧ་ཅང་འཇོལ་བར་ཞེས་བྱ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་
བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །
Vol. 151 · folio 16b
སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་པའོ།། །།སྡོམ་ལ། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཤིན་ཏུ་བསྡམས་པ་དང་། ལེགས་པར་
བགོས་པ་དང་། སྒྲ་བསྐྱུངས་པ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནི། །དེ་ལ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་
སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་དང་རྐང་པ་དག་རྐྱོང་བར་བྱེད་ཅིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། ཆང་གིས་ར་རོ་བ་
དག་དང་། འབྱུང་པོ་དང་། ཤ་ཟས་བརླམས་པ་དག་ལག་པ་དང་རྐང་པ་འདི་ལྟར་རྐྱོང་བར་བགྱིད་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་བཞུད་ཅིག་དེ་དག་གིས་སྨྲས་པ་ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་
པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ཤིན་
ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤིན་ཏུ་མ་བསྡམས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཤིན་ཏུ་བསྡམས་པ་ཞེས་བྱ་བ་ནི་རྣམ་
པར་རབ་ཏུ་བརྟག་པ་ལ་སྦྱར་བར་བྱ་སྟེ། ལག་པ་དང་རྐང་པ་རྐྱོང་བ་ལ་སོགས་པ་མི་བྱ་བར་མཉམ་པར་བཞག་པའི་རྣམ་པས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་
Vol. 151 · folio 17a
ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་ལ་སོགས་པ་བཅུ་དགུ་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱི་རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་
ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤིན་ཏུ་མ་བསྡམས་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་
དོ། །བསླབ་པ་བཅུ་གཅིག་པའོ།། །།ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་ཏེ་ཁྱིམ་
གཞན་དུ་འགྲོ་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་འགྱེད་པར་མཆིས་པ་དག་སྟོད་གཡོགས་འདི་ལྟར་འཚལ་བ་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ།
ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་ཡང་སྔ་མ་བཞིན་དུ་ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་ལྡན་པ་མ་ཡིན་པ། ཉེས་པ་ནི་ལེགས་པར་
བགོས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལེགས་པར་བགོས་ཞེས་བྱ་བ་ནི་ཤམ་ཐབས་དང་། སྟོད་གཡོགས་དག་གིས་གཡོགས་པར་བྱ་བའི་ལུས་ལ་མཉམ་པར་གཡོགས་ཤིང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུའི་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་ཡོངས་སུ་འགྲོ་བར་བསླབ་པར་བྱའོ། །
Vol. 151 · folio 17b
དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་དག་མ་བྱས་ན། བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལེགས་པར་མ་བགོས་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་
བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་གཉིས་པའོ།། །།སྒྲ་བསྐྱུང་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་
གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་བྱུང་རྒྱལ་དུ་སྨྲ་བས་སྒྲ་འབྱིན་ཅིང་ཁྱིམ་གཞན་དུ་འདོང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཐོས་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་། ཤ་
ཟས་བརླམས་པ་དག་འདི་ལྟར་བྱུང་རྒྱལ་དུ་སྨྲ་བས་སྒྲ་འབྱིན་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་སྒྲ་འབྱིན་ཅིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་
མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། སྒྲ་བསྐྱུང་ཞིང་ཁྱིམ་གཞན་
དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་སྒྲ་མ་བསྐྱུངས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་སྒྲ་བསྐྱུང་ཞེས་བྱ་བ་ནི་ཅ་ཅོ་བསྐྱུང་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་
ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྒྲ་མ་བསྐྱུངས་པ་དང་། ཁྱིམ་གཞན་ཉིད་དོ། །
Vol. 151 · folio 18a
འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་གསུམ་པའོ།། །།མིག་གཡེང་བར་མི་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་
པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མིག་གཡེངས་ཤིང་ཁྱིམ་གཞན་དུ་འདོང་བ་ན་དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་འདོང་བ་དང་། རྟ་འཁྲུལ་པ་དང་། ཤིང་རྟ་འཁྲུལ་པ་དང་། རྐང་ཐང་འཁྲུལ་
པ་དང་། འདོམ་ཞིང་དེ་དག་གིས་རྡོས་ཤིང་ཕུལ་བ་ན་མི་གཙང་བ་དང་། རྫབ་ཀྱི་ཁུང་དང་། ཕྱག་དར་གྱི་ཁྲོད་དུ་བསྒྱེལ་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་སྐར་མ་ལ་རྟོག་པ་དང་། མིག་བཙུམས་པ་དག་བཞིན་ཅིའི་ཕྱིར་གཟིགས་
པ་ལ་གཟིགས་ན་ཅི་ནོངས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་གཡེངས་ཤིང་མ་བཞུད་ཅིང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་
གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། མིག་གཡེང་བར་མི་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་
བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མིག་ཡེངས་ཤིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མིག་གཡེང་བར་མི་བྱ་ཞེས་བྱ་བ་ནི་མིག་འཁྲུལ་པ་མེད་པ་སྟེ། དེ་ལྟར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་
དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན། བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིག་གཡེངས་པ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་
Vol. 151 · folio 18b
སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་བསྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ནི་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་བཞི་པའོ།། །།གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་
བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མིག་རྒྱང་རིང་པོར་བལྟ་ཞིང་ཁྱིམ་གཞན་དུ་ལྟ་བ་ན་དེ་དག་སྤྱོད་ལམ་ཉམས་ཤིང་ལམ་ཤོར་བ་ལ་སོགས་པར་གྱུར་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་
དག་སྐར་མ་ལ་རྟོག་པ་དང་། བྱ་ར་བ་དག་གིས་འདི་ལྟར་བལྟ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་གཟིགས་ཤིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་
མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། གཉའ་ཤིང་གང་ཙམ་དུ་
བལྟ་བར་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་གཉའ་ཤིང་གང་ཙམ་དུ་མི་ལྟ་བར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་གཉའ་ཤིང་གང་ཙམ་དུ་བལྟ་
བར་བྱ་བ་ནི། གང་ལ་གཉའ་ཤིང་གང་ཙམ་དུ་བལྟ་བའི་ངང་ཚུལ་ཅན་ཡོད་པ་དེ་ནི་གཉའ་ཤིང་གང་ཙམ་དུ་ལྟ་བ་སྟེ། དེ་ལྟར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་
བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གཉའ་ཤིང་གང་ཙམ་དུ་མི་ལྟ་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་
Vol. 151 · folio 19a
སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅོ་ལྔ་པའོ།། །།སྡོམ་ལ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མགོ་མི་གཡོགས་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་
བསྣོལ་བ་དང་། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་མགོ་མི་གཡོགས་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། དྲུག་སྡེ་
དག་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་རིགས་ཀྱི་མནའ་མ་དག་དང་། མིག་ན་བ་དག་དང་། སྦྲང་རྩིའི་སྦྲང་བུས་འཇིགས་པ་དག་འདི་ལྟར་བགྱིད་པས། འདི་ནི་ཚུལ་དང་མཐུན་པ་མ་
ལགས་ཀྱིས། འདི་ལྟར་མགོ་མ་གཡོགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་
ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམས་ནས་སྔ་མ་བཞིན་དུ། མགོ་མི་གཡོགས་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས།
གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མགོ་མི་གཡོགས་པ་ཞེས་བྱ་བ་ནི་རས་ལ་སོགས་པས་མགོ་གཡོགས་པ་དེའི་རྣམ་པ་དེ་ལྟ་བུས་མགོ་མི་གཡོགས་པ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་
དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མགོ་གཡོགས་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་
Vol. 151 · folio 19b
ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་དྲུག་པའོ།། །།མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་
འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འགྲོ་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བཤང་བ་དང་གཅི་བ་བགྱིད་པའི་མི་དག་འདི་ལྟར་བགྱིད་པས།
འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་བརྫེ་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་
ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་དང་། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་
དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མི་བརྫེ་བ་ཞེས་བྱ་བ་ནི་ཅི་ཙམ་གྱི་མདོམས་ཀྱི་ཕྱོགས་སྣང་བར་འགྱུར་བ་དེ་ཙམ་གྱི་ཤམ་ཐབས་མི་བརྫེ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་
བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་བརྫེས་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་
གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ན་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་བདུན་པའོ།། །།མི་གཟར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་
Vol. 151 · folio 20a
ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཆོས་གོས་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་འདོད་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་
དང་། རྒྱན་པ་པོ་དག་དང་། ནལ་གྱི་བུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་
བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། མི་གཟར་བར་ཁྱིམ་གཞན་དུ་འགྲོ་
བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཆོས་གོས་ཕྲག་པ་ལ་གཟར་ཏེ། ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མི་གཟར་བ་ཞེས་བྱ་བ་ནི་ཆོས་གོས་ཕྲག་པའི་ཕྱོགས་གཅིག་ཏུ་
གཟར་ཏེ་བཞག་པ་ཉིད་ཀྱིས་གཟར་བ་དེ་ལྟར་མི་གཟར་བ་སྟེ། དགེ་སློང་དག་ལ་ནི་ཕྲག་པ་གཡོན་པར་གཟར་བར་གྲགས་པ་ཉིད་ཡིན་ལ། ཡུལ་ནི་ཛ་ལ་ཏ་དག་ན་ནི། ངོས་གཉིས་ཀར་གཟར་བར་གྲགས་པ་དེ་ལྟ་བུ་མ་ཡིན་པར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་
བྱའོ། །དེ་ལ་འདིར་དངོས་གཞིའི་བསྒྲུབ་པ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་ཕྲག་པ་ལ་གཟར་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་
ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅོ་བརྒྱད་པའོ།། །།གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་
Vol. 151 · folio 20b
གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་གཉའ་གོང་དུ་བསྣོལ་ཏེ། ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་།
རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་བྱེད་པས་འདི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་གཉའ་གོང་དུ་མ་བསྣོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་།
བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་
དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་གཉའ་གོང་དུ་མི་བསྣོལ་བ་ཞེས་བྱ་བ་ནི་ལག་པ་
གཡས་པ་མདུན་དུ་བཏང་སྟེ། དཔུང་པའམ། ཕྲག་པའམ། གཉའ་བའི་ཕྱོགས་སུ་བཞག་ལ། གཡོན་པ་ཡང་གཡས་པ་བཞིན་དུ་བྱས་པ་དེ་ནི་གཉའ་གོང་དུ་བསྣོལ་བ་སྟེ། དེ་ལྟར་མི་བསྣོལ་བར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་
གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་གཉའ་གོང་དུ་བསྣོལ་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་
བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་དགུ་པའོ།། །།ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་
Vol. 151 · folio 21a
སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་ལྟག་པར་བསྣོལ་ཏེ། ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། །འཕགས་པ་དག་གཡོག་དག་འདི་ལྟར་
བགྱིད་པས་འདི་ནི་ཚུལ་དང་མཐུན་པ་ཡང་མ་ལགས་ཀྱིས། འདི་ལྟར་ལྟག་པར་མ་བསྣོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་བའོ། །
དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་
བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་ལྟག་པར་བསྣོལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལྟག་པར་མི་བསྣོལ་བ་ཞེས་བྱ་བ་ནི་ལག་པ་ཅུང་ཟད་དམ་པོར་བརྐྱང་སྟེ་ལྟག་པའམ། དཔུང་
མགོར་ལག་པ་གཉིས་ཕན་ཚུན་ནས་སྤྲད་ཅིང་བསྣོལ་བ་ནི་ལྟག་པར་བསྣོལ་བ་ཞེས་བྱ་སྟེ་དེ་ལྟར་ལྟག་པའི་ཕྱོགས་སུ་ལག་པ་ཕན་ཚུན་ནས་སྤྲད་པ་དེ། སོར་མོ་བསྣོལ་བ་དང་དེ་ལྟར་ལྟག་པར་མི་བསྣོལ་བར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་
གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ལྟག་པར་བསྣོལ་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་
བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ་བམ་པོ་ཉི་ཤུ་གཅིག་པ། སྡོམ་ལ། མཆོང་ལ་སོགས་པ་རྣམ་
Vol. 151 · folio 21b
ལྔ་དང་། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མི་མཆོང་བ་དང་། མི་བརྐྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་མི་མཆོང་བར་གཞན་གྱི་ཁྱིམ་
དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རིབ་མ་ལ་མཆོང་ཞིང་ཁྱིམ་གཞན་དུ་འདོད་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་
སྨོད་པར་བྱེད་དེ། འཕགས་པ་དག་འཇིགས་པས་སྐྲག་ཅིང་འབྲོས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་མཆོང་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་
གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་ཕྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་
ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་ནོ། །མི་མཆོང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མཆོང་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་
མི་མཆོང་བ་ཞེས་བྱ་བ་ནི་མཆོང་ཞིང་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་
གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཆོང་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་
Vol. 151 · folio 22a
གཅིག་པའོ།། །།མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གོམ་པ་ཧ་ཅང་ཆེན་པོ་དག་གིས་ཁྱིམ་གཞན་དུ་འདོང་ནས། བྲམ་
ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་ཤ་ཟས་བརླམས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་
པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་
པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་སྒྱིད་པ་བརྐྱང་ཞིང་ཁྱིམ་གཞན་དུ་འགྲོ་
བའོ། །དེ་ལ་མི་བརྐྱང་བ་ཞེས་བྱ་བ་ནི་སྒྱིད་པ་རྐྱོང་སྐུམ་བྱེད་ཅིང་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་
པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྒྱིད་པ་བརྐྱང་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་
བཞིན་ནོ། །བསླབ་པ་ཉི་ཤུ་གཉིས་པའོ།། །།ཙོག་པུས་མ་ཡིན་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཙོག་པུས་ཁྱིམ་གཞན་དུ་འདོང་ནས། བྲམ་ཟེ་དང་ཁྱིམ་བདག་
Vol. 151 · folio 22b
དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་འགྲོས་ཉམས་པ་དག་དང་། རྐང་བམ་ཅན་དག་དང་། བྱིས་པ་ཁྱེའུ་དག་འགྲོས་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་གྱིས། འདི་ལྟར་མ་མཛད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་
པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ཙོག་པུས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཙོག་པུས་
ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཙོག་པུས་མ་ཡིན་པ་ཞེས་བྱ་བ་ནི་ཙོག་པུས་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་
བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཙོག་པུས་འགྲོ་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་
བཞིན་ནོ། །བསླབ་པ་ཉི་ཤུ་གསུམ་པའོ།། །།བྲང་བས་མ་ཡིན་པར་ཁྱིམ་གཞན་ཉིད་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རྐང་པའི་བྲང་བ་དག་གིས་ཁྱིམ་གཞན་དུ་འདོང་
བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་སྨྱིག་མ་བཞིན་དུ་རྩེ་བར་བྱེད་པ་དག་དང་། རྐང་མཐིལ་རྨས་པ་དག་འདི་ལྟར་རྩེ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་བཞུད་ཅིག །དེ་དག་
Vol. 151 · folio 23a
གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བྲང་བས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་
པ་མ་ཡིན་པ། ཉེས་པ་ནི་རྐང་པའི་བྲང་བས་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་བྲང་བས་འགྲོ་བ་མ་ཡིན་པ་ཞེས་བྱ་བ་ནི་རྐང་པའི་རྟིང་པ་བཏེག་སྟེ། སོར་མོའི་བྲང་བ་ས་ལ་ཕབ་སྟེ་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་
འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐང་པའི་བྲང་བས་འགྲོ་བ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་
གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བཞི་པའོ།། །།དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་
སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་གཉིས་དཀུར་བརྟེན་ཏེ། ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དོ། །འཕགས་པ་དག་ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་
དཔོན་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་གྱིས། འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །
Vol. 151 · folio 23b
དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་
ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་གཉིས་དཀུར་བརྟེན་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་བཀུར་མི་བརྟེན་པ་ཞེས་བྱ་བ་ནི་ལག་པ་གཉིས་ཏེ། རྐེད་པའི་ཕྱོགས་སུ་བརྟན་ཏེ། གྲུ་མོའི་ཕྱོགས་སྨྱུང་སྨྱུང་པོར་བྱས་ཤིང་འགྲོ་
བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་པས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་
གཉིས་དཀུར་བརྟེན་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་བསྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་ལྔ་པའོ།། །།སྡོམ་ལ། ལུས་ལ་
སོགས་པ་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུས་པའི་མདོ་ནི་ལུས་མི་བསྒྱུར་བ་དང་། ལག་པ་མི་ཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལུས་མི་བསྒྱུར་བར་ཁྱིམ་
གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལུས་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ།
འཕགས་པ་དག་གཟུགས་འཚོད་དང་གླང་པོ་ཆེ་དག་དང་། བ་ལང་མོ་དག་འདི་ལྟར་མཆི་བས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་
Vol. 151 · folio 24a
པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་
ནས་སྔ་མ་བཞིན་དུ། ལུས་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལུས་བསྒྱུར་ཞིང་གཞན་དུ་འགྲོ་བའོ། །དེ་ལ་ལུས་མི་བསྒྱུར་བ་ཞེས་
བྱ་བ་ནི་གོང་དུ་འགྲོ་བ་དེར་ལུས་བསྒྱུར་ཞིང་འགྲོ་བ་ནི་ལུས་བསྒྱུར་ཞིང་འགྲོ་བ་ཞེས་བྱ་བ་སྟེ། དེ་ནི་བྱ་བའི་བྱེ་བྲག་ཡིན་པས་དེའི་ཕྱིར་ལུས་བསྒྱུར་བ་ཞེས་བྱ་བའི་བྱ་བ་དེ་མི་བྱ་བར་དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་
རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུས་མི་བསྒྱུར་བ་ནས། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་
སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་དྲུག་པའོ།། །།ལག་པ་མི་ཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་
དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་ཀྱོག་ཅིང་ཁྱིམ་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་
ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་
Vol. 151 · folio 24b
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། ལག་པ་མི་ཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་
ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་ཀྱོག་ཅིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལག་པ་མི་ཀྱོག་པ་ཞེས་བྱ་བ་ཡང་བྱ་བའི་བྱེ་བྲག་ཡིན་ཏེ། ལག་པ་ཀྱོག་ཅིང་འགྲོ་བར་མི་བྱ་བ་དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་
བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ཀྱོག་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་
གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བདུན་པའོ།། །།མགོ་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་
རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གླང་པོ་ཆེ་དག་དང་། སྲོག་ཆགས་རྩངས་པ་
དག་འདི་ལྟར་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་
དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། མགོ་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་
Vol. 151 · folio 25a
བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མགོ་མི་བསྒྱུར་བ་ཞེས་བྱ་བ་ཡང་བྱ་བའི་བྱེ་བྲག་ཡིན་ཏེ། མགོ་བསྒྱུར་ཞིང་འགྲོ་བར་མི་བྱ་བ་
དེ་ལྟ་བུའི་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མགོ་བསྒྱུར་བ་དང་།
ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བརྒྱད་པའོ།། །།ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བར་
བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཕྲག་པ་སྤྲོད་ཅིང་ཁྱིམ་གཞན་དུ་འདོང་བ་ན། ཇི་ཙམ་ན་མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ཏེ། འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས་
དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་དང་ཉེ་དགའ་འདི་བཀྲན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན་ཇི་འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་པ་མ་མྱོང་བ་འདྲས། ཚུར་ཤོག་འདི་ནི་མི་དགའ་བར་བྱའོ། །དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ཕྲག་
པ་སྤྲད་ཅིང་། གཞན་དང་གཞན་ཡང་ཕྲག་པ་སྤྲད་ཅིང་དེ་ཕུལ་བ་དང་ས་ལ་འགྱེལ་ནས། དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ཀྱི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་ཁྱེད་དེ་ལྟར་མི་དགའ་བར་བྱའོ། །དེས་
སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་བདག་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་སྔ་མ་བཞིན་དུ། ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བ་ལ་བསླབ་པར་བྱའོ་ཞེས་བཅའ་བ་
Vol. 151 · folio 25b
མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཕྲག་པ་སྤྲོད་ཅིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཕྲག་པ་མི་སྤྲོད་པ་ཞེས་བྱ་བ་ནི་གཞན་དག་དང་ཕྲག་པ་གཉིས་མི་སྤྲོད་པ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་
དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཕྲག་པ་སྤྲོད་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་
ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་དགུ་པའོ།། །།ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་
ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་ལག་པ་སྦྲེལ་ཅིང་ཁྱིམ་གཞན་དུ་འདོང་ནས་ཅི་ཙམ་དུ་མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ཏེ། འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས་དྲུག་སྡེ་དག་གིས་སྨྲས་པ།
དགའ་བོ་ཉེ་དགའ་བཀྲེན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཇི་འདིའི་སྙིང་ལམ་ན། དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་མ་མྱོང་སྙམ་པ་འདྲས། ཚུར་ཤེག་འདི་མི་དགའ་བར་བྱེད་པ། དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ལག་པ་སྦྲེལ་ཅིང་
གཞན་དང་གཞན་ཡང་ལག་པ་སྦྲལ་ཏེ། དེ་ཕུལ་བ་དང་ས་ལ་འགྱེལ་ནས་དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ཀྱི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེས་སྨོད་
པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་སྔ་མ་བཞིན་དུ་ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་
Vol. 151 · folio 26a
བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལག་པ་མི་སྦྲེལ་བར་ཞེས་བྱ་བ་ནི་གཞན་དག་དང་ལག་པ་སྦྲེལ་ཏེ་འགྲོ་བར་མི་བྱ་བ་
སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་སྦྲེལ་བ་དང་།
ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་མན་ཆད། འདི་ཡན་
ཆད་ཐམས་ཅད་ནི་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་དེའི་སྤྲོས་པ་ཡིན་པར་སྦྱར་རོ། །དེ་དག་གི་གླེང་གཞི་ནི་སེར་སྐྱའི་གནས་ཞེས་སྨོས་པ་ནི་གཞུང་གཞན་ལས་སེར་སྐྱའི་གནས་སུ་ཡབ་དང་སྲས་མཇལ་ནས་ཤཱཀྱ་རྣམས་རབ་ཏུ་བྱུང་བའི་ཚེ། དྲུག་སྡེ་དག་གསར་དུ་རབ་
ཏུ་བྱུང་བ་ལས་བཅས་སོ་ཞེས་གསུངས་པ་ལས་ཤེས་པར་བྱའོ། །བསླབ་པ་སུམ་ཅུ་པའོ།། །།སྡོམ་ལ། འདུག་པར་བྱ་བ་དགུ་དག་དང་། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་མ་བརྟགས་པ་
དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བྱ་བ་དེ་དག་
ཡིན་ནོ། །དེ་ལ་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གཙང་སྟན་འདོད་པ་ཞིག་འདུག་པ་དེས་སྒོ་
Vol. 151 · folio 26b
ཁང་དུ་མལ་བཤམས་ནས་དེ་ནས་བུ་མོ་ཞིག་བསིལ་ཡབ་ཐོགས་ཏེ་སྦྲང་བུ་སྐྱོབ་ཅིང་འདུག་གོ། །ཚེ་དང་ལྡན་པ་ཉེ་དགའ་དེའི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས་དེས་སྨྲས་པ། བུ་མོ་བྲམ་ཟེའི་གན་དུ་སོང་ལ་ཉེ་དགའ་སྒོ་ན་སྡོད་དོ་ཞེས་གྱིས་ཤིག །འཕགས་པ་དག་འདི་ན་
སྦྲང་མ་སྐྱོབ་ཅིང་མཆིས་པས་མི་མཆིའོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོས་རེ་ཞིག་བསྲུང་གིས་ཁྱོད་སོང་ལ་སྨྲོས་ཤིག །དེ་སོང་བ་དང་ཉེ་དགས་རྐང་པ་དང་བཅས་པར་འཛེགས་ཏེ་མལ་དེའི་སྟེང་དུ་འདུག་གོ། །བྲམ་ཟེ་དེ་ཕྱིར་བྱུང་བ་དང་ཉེ་དགའ་རྐང་པ་དང་བཅས་པར་མལ་གྱི་
སྟེང་དུ་འཛེགས་ཏེ་འདུག་པར་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། འཇིག་རྟེན་གྱི་གཙང་སྦྲ་ནི་ཐ་དད་པ་ཡིན་ན། ཅིའི་ཕྱིར་ཁྱོད་འདིར་རྐང་པ་དང་བཅས་པར་འཛེགས་ཏེ་འདུག །དེས་སྨྲས་པ། བྲམ་ཟེ་དགེ་སློང་གིས་མལ་ལོངས་སྤྱོད་པ་གང་ཡིན་པ་ནི་ཁྱོད་ཀྱི་ཁྱིམ་བདུན་པ་ཚུན་ཆད་ལ་
ཕན་བཏགས་པ་ཡིན་ནོ། །དེས་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་སྔ་མ་བཞིན་དུ། མ་བསྒོ་བར་ཁྱིམ་གཞན་དུ་
སྟན་ལ་མི་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐུག་ཐུབ། ཉེས་པ་ནི་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཁྱིམ་གཞན་
དེར་ཁྱིམ་བདག་གིས་མ་བསྒོ་བར་དགེ་སློང་སྟན་ལ་མི་འདུག་པར་བསླབ་པར་བྱའོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ་ཞེས་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱ་བ་ལ་སོགས་པ་བརྒྱད་
འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མ་བསྒོ་བ་དང་འདུག་པ་ཉིད་དོ། །
Vol. 151 · folio 27a
འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་གཅིག་པའོ།། །།སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་
སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱིས་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་གཏུམ་མོ་བཏུལ་པ་དེའི་ཚེ་དེའི་དྲང་སྲོང་གི་སྟན་བཤམས་ནས། ཚེ་
དང་ལྡན་པ་འཆར་ཀས་ལོངས་སྤྱད་ཅིང་སྤྱད་ཅིང་འགྲོའོ། །ཅི་ཙམ་དུས་གཞན་ཞིག་ན་དེས་གཏུམ་མོ་ལ་སྨྲས་པ། སྲིང་མོ་ཁྱོད་བལྟས་ཀྱིས་ལྗོངས་རྒྱུར་འགྲོའོ། །དེས་སྨྲས་པ། འཕགས་པ་མྱུར་དུ་སླར་སྤྱོན་ཅིག །བདག་སྐྱོ་བ་སྐྱེད་པར་མ་མཛད་ཅིག །དེས་སྨྲས་པ། སྲིང་མོ་མཉེས་
ཀྱིས་དེ་བཞིན་དུ་བྱས་སོ། །དེ་དེ་བལྟས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཉི་མ་བདུན་ལ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་
དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་དེ་སྐད་ཅེས་བསྒོ་བ་ན་ཚེ་དང་ལྡན་པ་འཆར་ཀས་བསམས་པ། སངས་རྒྱས་ལྗོངས་རྒྱུར་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ཡོད་ཀྱིས་བཅོམ་
ལྡན་འདས་ཉིད་དང་ཐབས་ཅིག་འགྲོའོ། །སྙམ་ནས་དེ་མ་འཕགས་སོ། །དེའི་ཚེ་ན་གཏུམ་མོའི་ཁྱིམ་ན་ཁྱེའུ་བཙས་ནས་རིང་པོ་མ་ལོན་པ་ཞིག་ཡོད་ནས་དེས་བུ་མོ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་དྲང་སྲོང་གི་གདན་ལ་བསྙོལ་ཅིག་དང་ཡུན་རིང་དུ་འཚོ་ཞིང་ཚེ་རིང་དུ་སོང་བར་འགྱུར་རོ། །དེས་དེ་
གོས་དཀར་པོ་བསྐོན་ཏེ་བསྙལ་བ་དང་། ཚེ་དང་ལྡན་པ་འཆར་ཀ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེས་བསམས་པ། ཇེ་གཏུམ་མོའི་ཁྱིམ་དུ་སྟན་ལ་ལོངས་སྤྱོད་དུ་འགྲོ་ཞིང་ཕྱིས་བསོད་སྙོམས་བརྒྱུས་ཏེ་འགྲོའོ་སྙམ་ནས་དེ་དེར་སོང་ངོ་། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་།
Vol. 151 · folio 27b
མཐོང་བ་མི་འཇུག་པས་དེ་སྟན་དེ་ཉིད་ལ་གྱ་ཚོམ་དུ་འདུག་པ་དང་། ནང་མི་བརྟད་པ་དང་བཅས་པར་འཕགས་པ་ཁྱེའུ་ཁྱེའུ་བྱས་པ་དང་། དེ་མྱུར་བ་མྱུར་བར་ལངས་ནས་ཇི་ཙམ་ན་དེ་དག་གིས་དེ་དུས་ལ་བབ་པར་མཐོང་ནས་དེ་དག་ངུ་བར་བརྩམས་པ་དང་། དེས་སྨྲས་པ། སྲིང་མོ་དག་འདི་ལ་
ཅི་འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་འདི་ལྟ་བུ་ཡིན་ནོ། །འོན་ཀྱང་ཁོ་བོ་ལ་བརྟེན་ཏེ། བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་འགྱུར་བས་འདི་ལ་ཁོ་བོས་འདུད་པར་བྱ་བ་ཡིན་ནོ། །འཁོར་བ་ན་སེམས་ཅན་རྣམས་ཉེ་དུ་ལ་བྱམས་པ་ནི་ཐོག་མ་མེད་པའི་
དུས་ནས་གོམས་པ་ཡིན་པས་དེ་དག་དེ་བཞིན་དུ་ངུ་ཞིང་མི་སྡོད་པ་ཐོས་ནས། དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།
སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་བག་ཆགས་མ་བྱང་པས་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པ་དང་། ཉེས་པ་ནི་
སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་སྟན་ལ་མ་བརྟགས་པ་ཞེས་བྱ་བ་ནི་ཁྱིམ་གཞན་དེར་སྟན་ལ་མ་བརྟགས་པ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་
གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱས་པའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མ་བརྟགས་པ་དང་། འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་
རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་རྩ་གཉིས་པའོ།། །།ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་
Vol. 151 · folio 28a
བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་ན་ཉི་མ་གཅིག་ནི་ཡབ་ཀྱི་ཐད་དུ་གདུགས་ཚོད་གསོལ། ཉི་མ་གཉིས་པ་ལ་ནི་རང་གི་
བཙུན་མོའི་འཁོར་དུ་གདུགས་ཚོད་གསོལ་བ་ན་ཚེ་དང་ལྡན་པ་འཆར་ཀས་བཙུན་མོ་གྲགས་འཛིན་བཤོས་འདྲིམ་པ་ལ་རྐང་པས་རྐང་པ་ལ་ཕུལ་བ་དང་། དེ་སྟོབས་དང་ལྡན་པས་མ་འགྱེལ་ནས། དེས་བཙུན་མོ་ས་འཚོ་མ་ལ་སྨྲས་པ། ས་འཚོ་མ་འཕགས་པ་འཆར་ཀས་བདག་སངས་
རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་མཐོ་བཙམས་སོ། །ཇི་བྱས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། དེས་སྨྲས་པ། ཅི་ནས་ཀྱང་ད་ཕྱིན་ཆད་དེ་ལྟར་བྱེད་པར་མི་འགྱུར་བ་དེ་ལྟར་མི་དགའ་བར་བྱའོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་བཙུན་མོ་གྲགས་འཛིན་གྱིས་ཁྲིའུ་མ་བརྒྱུས་པ་ཞིག་
རས་ཀྱིས་གཡོགས་ནས་བུ་མོ་མངག་གཞུག་མ་ཚེ་དང་ལྡན་པ་འཆར་ཀ་བྲམ་ཟེའི་མིང་གིས་འབོད་དུ་བཏང་བ་དང་། དེས་བསམ་པ་དེར་གོར་མ་ཆག་པར་སྦྱིན་པ་བྱེད་ཀྱིས་འགྲོའོ་སྙམ་ནས་དེ་མྱུར་བ་མྱུར་བར་སོང་ནས་སྨྲས་པ། ཇེ་སློང་མོ་པ་དག་ལ་ཅི་ཞིག་སྦྱིན་པར་བྱ་བ་དེ་བལྟའོ། །གྲགས་
འཛིན་གྱིས་སྨྲས་པ། འཕགས་པ་ཞོའི་ཁམ་ཕོར་འདི་དང་ཕྱེའི་ཁམ་ཕོར་དེ་འགྲེང་སྟེ་ལོངས་ལ་ཁྲིའུ་འདི་ལ་བཞུགས་ཤིག །ཇེ་ཁྲིའུ་འདི་ཡང་ཁོ་བོ་ལ་སྦྱིན་ནམ། འཕགས་པ་ཁྲིའུ་ནི་མི་གསོལ་ལོ། །དེས་བསམས་པ། གལ་ཏེ་ཁྲིའུ་མི་སྟེར་ན་ཁྲིའུ་འདི་བཅག་པར་བྱའོ་སྙམ་ནས་དེས་
ཞོའི་ཁམ་ཕོར་དང་ཕྱེའི་ཁམ་ཕོར་དེ་གཉིས་འགྲེང་སྟེ་བླངས་ནས་ཁྲིའུ་དེ་ཉིད་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པར་བརྩམས་པ་དང་། ཁྲིའུ་ཞིག་སྟེ་འགྱེལ་ནས་ཞོའི་ཁམ་ཕོར་དང་ཕྱེའི་ཁམ་ཕོར་དེ་མགོར་བོ་བ་དང་། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ། ལག་པ་དང་རྐང་པ་
དག་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་རོལ་པའི་རྫིང་དུ་འཕངས་སོ། །དེ་ལངས་ཏེ་གོས་དག་འཚིར་བ་དགེ་སློང་རྣམས་ཀྱིས་མཐང་ནས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདི་ཅི་ཉེས། དེས་སྨྲས་པ། ཁོ་བོས་ཀུ་རེ་ཅུང་ཞིག་བྱས་ན་ཉེས་དམིགས་འདི་ལྟ་བུ་འདི་བྱུང་ངོ་། །དེ་དག་སྨོད་
Vol. 151 · folio 28b
པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དེ་དག་གནས་སུ་སྨད་དོ་སྙམ་ནས་སྔ་མ་བཞིན་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་
དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་མཐོ་བཙམས་པ། ཉེས་པ་ནི་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་ལུས་ཐམས་ཅད་ཀྱི་ལྗིད་
ཀྱིས་མི་དབབ་པ་ཞེས་བྱ་བ་ནི་ཁྱིམ་གཞན་དེར་སྟན་ལ་གྱ་ཚོམ་དུ་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཏྲིགས་ཞེས་འདུག་པར་མི་བྱ་སྟེ། དེ་ལྟར་ཁྱིམ་གཞན་ལ་འདུག་པར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་
བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་འབེབས་པ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་
ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་གསུམ་པའོ།། །།རྐང་པ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་
དག་ཁྱིམ་གཞན་དུ་རྐང་པ་བསྣོལ་ཏེ་འདུག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་
བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words