བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་

Sanskrit title (Tibetan script, as in the text) བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 170 · folio 36b

རཱརྠ་ཨེ་བ། །ཨི་ཏྱུཀྟཾ་མཱ་ཀརྞྱ་ན་རེ་ཤྭ་རསྟེསྟ་ཐེ་ཏི་ནིཤྩི་ཏྱ་དྷི་ཡཱ་ཀ་ཐཾ་ཙིཏ། །བྱོམྣཱ་བི་མཱ་ནཻཿསྭ་པུ་རཱི་མ་བཱ་སྱ་བྷོ་ཛ་ནི་ཛཾ་རཱ་ཛྱ་པ་དཾ་ས་པུ་ཏྲཱཿ། །ཨི་ཏི་ས་བི་པུ་ལ་ས་ཏྭཿསཏྱ་བན་བོ་དྷི་སཏྭཿསུ་ཙི་

ཇི་ལྟར་བྱ། །དེ་དག་གིས་ནི་བརྗོད་ཐོས་མི་ཡི་དབང་། །བློ་ཡིས་དེ་བཞིན་ཞེས་དེས་ཇི་ལྟར་ཡང་། །མཁའ་ཡི་ལམ་ནས་རང་གི་གྲོང་ཁྱེར་ཕྱིན། །སྲས་བཅས་རང་གི་རྒྱལ་སྲིད་གནས་རྣམས་བསྟེན། །དེ་ལྟར་དེ་ནི་སྙིང་སྟོབས་ཡངས་ཤིང་བདེ་ལྡན་བྱང་ཆུབ་སེམས་དཔའ་སྟེ། །ཤིན་ཏུ་ཡུན་

ར་པི་ཧི་ཏ་རཱ་ཛྱཿསཽ་ག་ཏཱ་ནྭཱ་མ་བྷོ་ཛེ། །ཛི་ན་པུ་ར་མ་ཎི་ཙེ་ཏྱ་ཙྪ་ཏྲ་རཏྣ་པྲ་དཱི་པ་པྲ་ཀ་ཊི་ཏ་བི་བི་དྷ་ཤྲཱིརླ་ཀྵ་ཎཱ་བྷྱསྟ་བོ་དྷིཿ། །ཨི་ཏྱཱ་ཧ་བྷ་ག་བཱན་བུདྡྷཿསྭ་བྲྀཏྟཱནྟ་ནི་

རིང་རྒྱལ་སྲིད་བཟུང་ཞིང་བདེ་བར་གཤེགས་པའི་གནས་བསྟེན་ནས། །རྒྱལ་བའི་གྲོང་ཁྱེར་རིན་ཆེན་མཆོད་རྟེན་གདུགས་དང་རིན་ཆེན་སྒྲོན་མ་ནི། །རབ་ཏུ་གསལ་བ་རྣམ་མང་དཔལ་གྱིས་མཚན་པའི་བྱང་ཆུབ་གོམས་པར་གྱུར། །ཡང་དག་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །དགེ་སློང་རྣམས་

དཪྴ་ནཻཿ། །དཱ་ནོ་པ་དེ་ཤ་བྷིཀྵཱུ་ཎཱཾ་ས་མྱཀྶཾ་བོ་དྷི་སིདྡྷ་ཡེ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱཡཱཾ་མ་ཎི་ཙཱུ་ཌཱ་བ་དཱ་ནཾ་ནཱ་མ་ཏྲྀ་ཏཱི་ཡ་

ལ་སྦྱིན་པའི་གདམས་ངག་ཏུ། །རང་གི་སྤྱོད་ཚུལ་མཐའ་ནི་དཔེར་མཛད་ནས། །སངས་རྒྱས་བཅོམ་ལྡན་འདས་ནི་འདི་སྐད་གསུངས། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས། གཙུག་ན་ནོར་བུའི་རྟོགས་པ་བརྗོད་པའི་ཡལ་འདབ་

Vol. 170 · folio 37a

པལླ་བཿ།། །།ཤོ་བྷནྟེ་བྷཱུ་བ་ནེ་ཥུ་བྷ་བྱ་མ་ན་སཾ་ཡནྣཱ་ཀ་ཀཱནྟཱ་ཀ་ར་པྲོ་ཌྷོ་དཉྩི་ཏ་ཙཱ་རུ་ཙཱ་མ་ར་སི་ཏ་ཙྪ་ཏྲ་སྨི་ཏཱཿསཾ་པ་དཿ། །ཡཙྪོཏྶརྤ་ཏི་ཏརྤི་ཏ་ཤྲུ་ཏི་ཡ་ཤཿཀརྤཱུ་ར་པཱུ་

སྟེ་གསུམ་པའོ།། །།གང་ཞིག་མཐོ་རིས་མཛེས་མའི་ལག་པས་མཆོག་ཏུ་རབ་བསྐྱོད་མཛེས་པའི་རྔ་ཡབ་དག་དང་ནི། །གདུགས་དཀར་འཛུམ་པའི་ཕུན་ཚོགས་དག་གིས་འཇིག་རྟེན་ན་ནི་ལེགས་ལྡན་ཐུགས་ནི་རྣམ་མཛེས་དང་། །གང་ཡང་གྲགས་སྙན་ག་པུར་རྒྱུན་གྱིས་དྲི་མེད་ཐོས་པ་སིམ་བྱེད་

རོཛྫྭ་ལཾ་སྭལྤ་དཱ་ནཱ་ཀ་ཎ་སྱ་ཏཏྥ་ལ་མ་ཧོ་དཱ་ནཾ་ནི་དཱ་ན་ཤྲི་ཡཿ། །ཨ་བྷཱུ་དུ་པོ་ཥ་དྷོ་ནཱ་མ་བྷཱུ་བྷྲྀཏྻ་སྱ་བི་བྷཱ་བ་ཏེ། །བི་བུ་དྷཱ་བྷི་མ་ཏཱ་ཀཱིརྟིཿསུ་དྷཱ་དུགྡྷོ་ད་དྷེ་རི་བ། །བ་སུ་དྷཱ་མ་བ་ཏོ་ཡ་སྱ་བ་སུ་དྷཱ་

རབ་ཏུ་འཕྲོ་བ་དག །སྦྱིན་པའི་ཆ་ཤས་དེ་འབྲས་ཤིན་ཏུ་ཆུང་ངུའོ་ཨེ་མ་སྦྱིན་པ་དཔལ་གྱི་དང་པོའི་རྒྱུ། །འོ་མའི་མཚོ་ལས་བདུད་རྩི་བཞིན། །མཁས་རྣམས་མངོན་འདོད་གྲགས་པ་ཡིས། །གང་ཞིག་རྣམ་གསལ་ས་འཛིན་ནི། །གསོ་སྦྱོང་འཕགས་ཞེས་བྱ་བ་བྱུང་། །ནོར་འཛིན་བསྲུང་བ་ནོར་དང་ནི། །གཟི་བརྗིད་ལྡན་

མ་བ་ཏཿཔུ་རཿ། །ན་ནཱ་མ་པྲ་ཎ་ཏོ་ཀ་སྱ་ན་ནཱ་མ་ནྲྀ་པ་ཏེཿཤི་རཿ། །ཤུདྡྷཱ་དྷཱི་རི་བ་དྷརྨེ་ཎ་དཱ་ནེ་ནེ་བ་ད་ཡཱ་ལུ་ཏཱ། །བི་བྷཱུ་ཏེརྦི་ན་ཡེནེ་བ་བྷཱུ་ཥི་ཏཱ་ཡེ་ན་བྷཱུ་ར་བྷཱུཏ། །གུ་ཎི་ནཾཿཔྲི་ཤུ་བཾ་ཤ་སྱ་བ་བྷཱུ་བེནྡུ་དྻུ་ཏེཿསྠི་ཏཿ། །ཡ་སྱ་

པ་གང་མདུན་དུ། །མི་ཡི་བདག་པོའི་སྤྱི་བོ་དག །ངེས་པར་ཕྱག་ལ་སུས་མ་བཏུད། །ཆོས་ཀྱིས་དག་པའི་བློ་གྲོས་བཞིན། །སྦྱིན་པས་བརྩེ་བ་ལྡན་ཉིད་བཞིན། །དུལ་བས་རྣམ་པར་འབྱོར་པ་བཞིན། །གང་གིས་ས་ནི་བརྒྱན་པར་གྱུར། །ཡོན་ཏན་ཀུན་ལྡན་རིགས་སུ་མཐོ། །ཀུན་གྱི་གདུང་སྐྱོབ་ཟླ་བའི་འོད། །གང་གི་

Vol. 170 · folio 37b

སརྦཱ་ཏ་པ་ཏྲ་སྱ་མཱུརྡྷྣི་སརྦྦ་མ་ཧཱི་བྷྲྀ་ཏཾ། །ཡ་སྱེ་ཤྭ་ར་ཤི་ར་སྠཱ་ཡི་ཤུ་བྷྲཾ་གཾ་གཱ་ཛ་ལོཛྫྭ་ལཾ། །བྷྲ་མེ་ཏྱད་བྷྲཾ་ལོ་ཀེ་ཥུ་བྷཱུ་བ་ནཱ་བྷ་ར་ཎཾ་ཡ་ཤཿ། །ཀརྟུཿཀྲ་ཏུ་ས་ཧ་སྲཱ་ཎཱཾ་ས་ཧ་སྲཱཀྵཱ་དྷི་ཀ་ཤྲི་ཡཿ། །ཡ་སྱ་ཥཥྛི་ས་ཧ་

གནས་པའི་སྤྱི་བོར་གྱུར། །ས་ཡི་བདག་པོ་ཀུན་གྱིའོ། །གང་གི་གྲགས་པ་འཇིག་རྟེན་རྒྱན། །དཀར་ཞིང་དབང་ཕྱུག་སྤྱི་བོར་གནས། །དྲི་མེད་གང་གཱའི་ཆུ་བོ་ནི། །རབ་མང་འཇིག་རྟེན་རྣམས་སུ་རྒྱུ། །མཆོད་སྦྱིན་སྟོང་གི་བྱེད་པ་པོ། །མིག་སྟོང་པ་ལས་ལྷག་པའི་དཔལ། །གང་གི་བཙུན་མོ་ལྷ་མཛེས་ནི། །

སྲཱ་ཎི་ཀ་ལ་ཏྲཾ་སུ་དྲྀ་ཤཱ་མ་བྷཱུཏ། །ཀ་དཱ་ཙི་ཏ་མུ་ནི་རཀྵ་ཡཻ་རཀྵི་ཀྵ་ཡ་ཀྲྀ་ཏ་ཀྵ་ཎཿ། །བི་ཙ་ཙཱ་རཱ་ཤྭ་མཱ་རུ་ཧྱ་ས་ཏ་པོ་བ་ན་བྷཱུ་མི་ཥུ། །ཏ་ཏྲ་རཱ་ཛཱཪྵི་བྷིཿཀཻ་ཤྩིཏ་པུ་ཏྲེཥྚི་ཀ་ལ་ཤཾ་དྷྲྀ་ཏཾ། །དཱུ་རཱ་དྷྭ་ཤྲ་མ་སནྟ་པྟཿཔ་པ་ཡཿཔཱུརྞ་

སྟོང་ཕྲག་དྲུག་ཅུ་བྱུང་བར་གྱུར། །ནམ་ཞིག་དྲང་སྲོང་བསྲུང་བའི་ཕྱིར། །སྲིན་པོ་གཞོམ་པར་དམ་བཅས་ནས། །དཀའ་ཐུབ་ནགས་ཀྱི་ས་ལ་དེ། །རྟ་ལ་ཞོན་ནས་རྣམ་པར་རྒྱུས། །རྒྱལ་པོ་དྲང་སྲོང་འགའ་ཡིས་དེར། །བུ་ཡི་མཆོད་སྦྱིན་བུམ་པ་བཞག །ལམ་རིང་གིས་ངལ་དུབ་པ་དེས། །ཆུ་ཡིས་གང་བ་

མཱ་པ་པཽ། །བི་ཛ་ན་སཱ་དི་ཏཾ་པི་ཏྭཱ་ས་མནྟྲ་ཀ་ལ་ཤཱཏྤ་ཡཿ། །རཱ་ཛ་དྷཱ་ནཱིཾ་ས་མཱ་སཱ་དྱ་གརྦྷཾ་ལེ་བྷེ་བི་བྷཱུརྦྷུ་བཿ། །སྭཔྣ་མཱ་ཡེནྡྲ་ཛཱ་ལཱ་དི་ཡ་སྱཿཀཽ་ཏུ་ཀ་བི་པྲུ་ཥཿ། །ཛ་ཡ་ཏྱད་བྷུ་ཏ་སཾ་བྷཱ་ར་བྷཱུ་མིཿསཱ་བྷ་བི་ཏ་བྱ་ཏཱ། །

འཐུངས་བར་གྱུར། །སྐྱེ་བོ་མེད་པར་རྙེད་པའི་ཆུ། །སྔགས་ཀྱི་བུམ་པ་ལས་འཐུངས་ནས། །རྒྱལ་པོའི་ཕོ་བྲང་འོངས་པ་ན། །ས་ཡི་བདག་པོས་མངལ་ཐོབ་གྱུར། །རྨི་ལམ་སྒྱུ་མ་མིག་འཕྲུལ་སོགས། །གང་གི་ལྟད་མོའི་ཟེར་མ་ནི། །རྨད་བྱུང་ཡང་དག་ཚོགས་པའི་ས། །བརྣག་པར་བྱ་སྟེ་རྒྱལ་གྱུར་ཅིག །

Vol. 170 · folio 38a

བི་དྷེརྦི་བི་དྷ་བཻ་ཙི་ཏྱ་ཙི་ཏྲ་ཀརྨ་བི་དྷཱ་ཡི་ནཿ། །ཨ་ཤྩརྱ་རེ་ཁཱ་བི་ནྱཱ་སཾ་ཀཿཔ་རིཙྪེཏྟུ་མཱི་ཤྭ་རཿ། །ཀཱ་ལེ་ན་ཏ་སྱ་མཱུརྡྷཱ་ནཾ་བྷི་ཏྭཱ་བཱ་ལོ྅་ཤཱུ་མཱ་ནི་བ། །རཱུ་ཌྷ་བྲ་ཎ་སྱ་ས་ཧ་སཱ་དི་བྱཾ་དྻུ་ཏི་ར་ཛཱ་ཡཏ། །ཏཾ་རཱ་ཛཱ་ཛཱ་

མཚར་བའི་ལས་ཀྱིས་རྣམ་བསྐྲུན་པ། །སྒྲུབ་བྱེད་སྣ་ཚོགས་རྣམ་པར་བཀྲ། །ངོ་མཚར་རི་མོ་བཀོད་པ་ལ། །གཅོད་པར་བྱེད་པའི་དབང་ཕྱུག་སུ། །དུས་ཀྱིས་དེ་ཡི་སྤྱི་བོ་ནི། །རྡོལ་ནས་བྱིས་པ་ཉི་མ་བཞིན། །མཛེས་སྡུག་འོད་ལྡན་སྐྱེས་གྱུར་ཏེ། །འཕྲལ་ལ་རྨ་ནི་རབ་ཏུ་བསོས། །བསོད་ནམས་

ཡཱ་ཛ་གྲྀ་ཧུརྫ་གཏ་ས་མྲཱ་ཛྱ་ལཀྵ་ཎི། །བཱཏྶ་ལྱ་པྲ་སྟུ་ཏ་ཀྲ་བཱཿཔུ་ཎྱཾ་མཱུརྟྟ་མི་བཱ་ཤྲི་ཏཾ། །མཱཾ་དྷཱ་ར་ཡི་ཥྱ་ཏི་ཤི་ཤུཿཤླཱ་གྷྱོ་ཡ་ཛ་ན་ནཱི་པ་དེ། །ཨི་ཏི་ཏཱ་སཱཾ་མི་ཐོ་བཱཀྱཻརྨྨཱནྫཱ་ཏཱ་བྷཱུ་ཏ་ནྲྀ་པཱཏྨ་ཛཿ། །ཏ་སྱ་པྲ་

གཟུགས་ལ་བརྟེན་པ་བཞིན། །འགྲོ་བའི་ཡང་དག་རྒྱལ་པོའི་མཚན། །ལྡན་པ་དེ་ནི་མཉེས་གཤིན་ལས། །ནུ་ཟགས་རྒྱལ་པོའི་བཙུན་མོས་བླངས། །བྱིས་པ་བསྔགས་འོས་འདི་ཡི་ནི། །མ་ཡི་གནས་སུ་བདག་གྱུར་ཅེས། །དེ་རྣམས་ཕན་ཚུན་ཚིག་གིས་ནི། །རྒྱལ་སྲས་ང་ལས་ནུ་ཞེས་གྱུར། །དབང་པོ་དྲུག་ནི་རབ་

བརྡྷ་མཱ་ཎ་སྱ་བཱ་ལ་ཀྲཱི་ཌཱ་བི་ལཱ་སི་ནཿ། །ཥ་ཌནྡྲིཿཔྲ་ཡ་ཡཽ་ཀཱ་ལ་པུ་ཎྱ་ཀྲཱི་ཌཱ་ཀྵ་ཡཱ་ཡུ་ཥཿ། །ན་བ་ཡཽ་བ་ན་མཱ་རཱུ་ཌྷཿསརྦྦ་བི་དྱཱ་སུ་པཱ་ར་གཿ། །ས་ཡཱ་ཏེ་པི་ཏ་རི་སྭརྒཾ་བྷེ་ཛེ་རཱ་ཛྱ་ཀྲ་མཱ་ག་ཏཾ། །ཡཀྵོ་དི་བཽ་ཀ་སོ་ནཱ་མ་སུ་

འདས་དུས། །བསོད་ནམས་ཀྱིས་རྩེན་མི་ཟད་ཚེ། །དེ་ནི་རབ་ཏུ་བསྐྱེད་ལྡན་ཞིང་། །བྱིས་པའི་རྩེ་དགས་རྣམ་པར་རོལ། །ལང་ཚོ་གསར་པར་རབ་ཞུགས་ཏེ། །རིག་གནས་ཀུན་གྱི་ཕ་རོལ་ཕྱིན། །ཡབ་ནི་མཐོ་རིས་གཤེགས་ལ་ངེས། །རིམ་པས་འོངས་པའི་རྒྱལ་སྲིད་བཟུང་། །ལེགས་བྱས་ཀྱིས་ནི་འབངས་གྱུར་

Vol. 170 · folio 38b

ཀྲྀ་ཏེ་རྡཱ་ས་ཏཱཾ་ག་ཏཿ། །ཨ་བྷི་ཥེ་ཀོ་པ་ཀ་ར་ཎཾ་དི་བྱཾ་ཏ་སྱོ་པ་ནཱི་ཏ་བཱན། །ས་སྭརྞཻརྦྦདྡྷ་མུ་ཀུ་ཊཿཀལྤི་ཏོཥྞཱི་ཥ་ཤེ་ཥ་རཿ། །ས་ར་ད་བྷྲཱ་བ་ཏཾ་པ་སྱ་མེ་རོཿཤོ་བྷཱ་མ་བཱཔྟ་བཱན། །སཔྟ་རཏྣ་ནི་ཏ་སྱཱ་ཐ་པྲཱ་

པའི། །གནོད་སྦྱིན་མཁའ་ཡི་ཁྱིམ་ཞེས་པས། །དེ་ཡི་དབང་བསྐུར་ཡོ་བྱད་རྣམས། །མཆོག་ནི་ཉེ་བར་བསྒྲུབས་པར་གྱུར། །གསེར་གྱིས་བཅིངས་པའི་ཅོད་པན་དང་། །གཙུག་ཏོར་ཟུར་ཕུད་བྱས་པ་དེས། །སྟོན་ཀའི་སྤྲིན་གྱི་རྣ་ཆ་ཅན། །ལྷུན་པོའི་མཛེས་པ་ཐོབ་དང་ལྡན། །དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་བྱུང་

དུརྦྷཱུ་ཏཱ་ནི་ཏཏྐྵ་ཎེ། །ཙཀྲཱ་ཤྭ་མ་ཎི་ཧསྟི་སྟྲཱི་གྲྀ་ཧ་སེ་ནཱ་གྲ་གཱ་ནྱ་པི། །བ་བྷཱུ་བ་ཅཱ་སྱ་པུ་རྦཱ་ཎཱཾ་ཏུ་ལྱ་རཱུ་པ་བ་ལཽ་ཛ་སཱཾ། །ས་ཧ་སྲཾ་བི་ཛི་ཏཱ་རཱ་ཏེརྦྷཱུ་ཛཱ་ནཱ་མི་བ་བྷཱུ་བྷུ་ཛཿ། །བ་སུནྡྷ་རཱེ་ས་མཔྟཱདྤི་བེ་ལཱ་ཀཱ་ལི་ཏ་ལེ་ཁ་

གྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང་། །ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ས་བདག་འདི་ཡི་བུ་རྣམས་ནི། །གཟུགས་དང་སྟོབས་དང་གཟི་བརྗིད་མཚུངས། །དཔུང་པ་བཞིན་དུ་དགྲ་འཇོམས་པ། །སྟོང་ཕྲག་དག་ནི་བྱུང་བར་གྱུར། །ལྷག་མ་ངལ་བས་བདེར་གནས་པ། །མཐའ་དག་ཆུ་གཏེར་རླབས་ཀྱི་

ལཱཾ། །ནི་ཁི་ལཱཾ་བི་ད་དྷེ་དོཥྞི་ཤེ་ཥ་བི་ཤྲཱནྟི་ནིརྦྲྀ་ཏཱཾ། །བྷུ་བ་ནཱ་ཏ་པ་སཾ་ནདྡྷཿཔྲ་ཏྱ་གྲ་ཀ་མ་ལཱ་ཤྲ་ཡཿ། །ཙཀྲ་བརྟི་ས་སུ་ཀྲྀ་ཏཻརྦིཥྞོ་ཀ་ར་ཨི་བཱ་བ་བྷཽ། །ཏྲི་ཛ་གཛྫ་ཧྣ་བི་ཀཱིརྟེཿཔྲ་བྷཱ་བཱ་བྷ་ར་ཎཱ་ཤྲི་ཡཿ། །

ནི། །སྐེ་རགས་ལྡན་པའི་ནོར་འཛིན་མ། །མ་ལུས་དཔུང་པས་བཟུང་བར་གྱུར། །ས་ནི་བསྲུང་བར་ཆས་གྱུར་ཅིང་། །རབ་ཏུ་གསལ་བའི་དཔལ་ལ་གནས། །འཁོར་ལོས་སྒྱུར་དེ་ལེགས་བྱས་ཀྱིས། །ཁྱབ་འཇུག་ལག་པ་བཞིན་དུ་མཛེས། །གྲགས་པ་འགྲོ་གསུམ་གང་གཱ་དང་། །མཐུ་ཡིས་རྣམ་པར་བརྒྱན་པའི་དཔལ། །

Vol. 170 · folio 39a

སོ་ཡཾ་སུ་ཀྲྀ་ཏ་བལླཱི་ནཱཾ་པྲ་ཐ་མཿཀུ་སུ་མོངྒ་མཿ། །ས་ཀ་དཱ་ཙིདྦ་ནཱནྟེ་ཥུ་བི་ཀཱ་སི་ཀུ་སུ་མ་ཤྲི་ཡཿ། །རུ་ཙི་རཱཾ་ས་ཙི་བཻཿསཱརྡྷམྦི་ཙ་ཙཱ་ར་བི་ལོ་ཀ་ཡན། །ད་དཪྴ་ཏ་ཏྲ་ནིཥྤཀྵན་བི་ཧ་གཱན་པཱ་ད་ཙཱ་རི་ཎཿ། །བྱོ་མ་

འདི་དེ་བསོད་ནམས་འཁྲི་ཤིང་གི། །མེ་ཏོག་རབ་འཐོན་དང་པོ་ཡིན། །དེ་ནི་ནམ་ཞིག་ནགས་ཀྱི་མཐར། །བློན་པོ་དག་དང་ལྷན་ཅིག་ཏུ། །མེ་ཏོག་རྣམ་པར་རྒྱས་པའི་དཔལ། །མཛེས་པ་ལྟ་ཞིང་རྒྱུ་བར་གྱུར། །དེར་ནི་འདབ་མ་མེད་པའི་བྱ། །རྐང་པས་འགྲོ་རྣམས་མཐོང་གྱུར་ཏེ། །མཁའ་ཡི་

མཱརྒ་ག་ཏིཾ་སྨྲྀ་ཏྱཱ་པྲ་ཡཱ་ཏཱན་ཀྲྀ་ཤ་ཏཱ་མི་བ། །པཀྵ་ཧཱི་ནཱ་ན་ག་ཏི་ཀཱན་བྲྀཏྟིཾ་ཀྵི་ཎཱནྣི་རམྤ་རཱན། །ད་རི་དྲཱ་ནི་བ་ཏཱན་བཱིཀྵྱ་པྲོ་བ་ཙ་ཀྲྀ་པ་ཡ་ནྲྀ་པཿ། །ཨ་ཧོ་བཱ་རཱ་ཀཻ་བི་ཧཱ་གཻཿཀི་མི་ཏཻཿཀུ་ཀྲྀ་ཏཾ་ཀྲྀ་ཏཾ། །ཡ་དེ་ཏེ་

ལམ་བགྲོད་དྲན་པ་ཡི། །ཤིན་ཏུ་རིང་བར་གྱུར་པ་བཞིན། །འདབ་མས་དམན་ཞིང་བགྲོད་བྱེད་མིན། །འཚོ་བ་ཟད་ཅིང་ལུས་གཡོགས་མེད། །དེ་རྣམས་དབུལ་པོ་བཞིན་མཐོང་ནས། །མི་བདག་བརྩེ་བས་རབ་སྨྲས་པ། །ཀྱེ་མ་སྡུག་པའི་བྱ་འདི་རྣམས། །ངན་པའི་བྱ་བ་ཅི་ཞིག་བྱས། །གང་ལས་འདི་དག་སྒྲོ་

པཀྵ་བི་ཀ་ལཱཿཀྲྀཙྪཙྩ་ར་ཎ་ཙཱ་རི་ཎཿ། །ཨི་ཏྱུཀྟེ་བྷཱུ་མི་པ་ཏི་ནཱ་ཀ་རུ་ཎཱ་ཀུ་ལི་ཏཱཏྨ་ནཱ། །ཕུ་རསྠི་ཏོ་མ་ཧཱ་མཱ་ཏྱཿས་ཏྱ་སེ་ནསྠ་མ་བྲ་བཱིཏ། །ཤྲུ་ཏ་མེ་ཏད་མ་ཡཱ་ད་བ་ཀ་ཏྱ་མཱ་ནཱཾ་བ་ནེ་ཙཱ་རེཿ། །ཀཱ་ར་ཎཾ་པཀྵ་པ་ད་ནེ་ཡ་དབྷཱུཏྤཀྵི་

དང་བྲལ། །དཀའ་ལས་རྐང་པས་རྒྱུ་བར་གྱུར། །སྙིང་རྗེས་འཁྲུགས་པའི་བདག་ཉིད་ཅན། །ས་བདག་གིས་དེ་བརྗོད་པ་ལ། །བློན་པོ་ཆེན་པོ་བདེན་པའི་སྡེ། །མདུན་དུ་འདུག་སྟེ་དེ་ལ་སྨྲས། །ལྷ་གཅིག་འདབ་ཆགས་རྣམས་ཀྱི་འདབ། །གང་ལས་བྱི་བར་གྱུར་པའི་རྒྱུ། །ནགས་ན་སྤྱོད་རྣམས་གླེང་གྱུར་པ། །དེ་དག་

Vol. 170 · folio 39b

ཎཱ་མི་ཧ། །སནྟི་པཉྩ་ཤ་ཏཱ་ནྱ་ཏྲ་པུ་ཎྱ་དྷཱམྣི་ཏ་པོ་བ་རྣེ། །ཏ་པཿསྭཱ་དྷྱཱ་ཡ་ཤཀྟཱ་ནཱཾ་མུ་ནཱི་ནཱཾ་དཱིཔྟ་ཏེ་ཛ་སཱཾ། །ཏེ་ཥཱ་མ་དྷྱ་ཡན་དྷྱཱ་ན་ཛ་པ་བི་གྷྣ་བི་དྷཱ་ཡི་ནཿ། །ཨེ་ཏེ་ཀོ་ལཱ་ཧ་ལཾ་ཙ་ཀྲུ་ཁ་གསྟ་རུ་བ་ནེ་ས་

བདག་གིས་རབ་ཏུ་ཐོས། །དཀའ་ཐུབ་ཁ་ཏོན་ནུས་ལྡན་པ། །ཐུབ་པ་གཟི་བརྗིད་འབར་བ་ནི། །ལྔ་བརྒྱ་བསོད་ནམས་གནས་གྱུར་པའི། །དཀའ་ཐུབ་ནགས་ཚལ་འདི་ན་ཡོད། །དེ་དག་གི་ཀློག་བསམ་གཏན་དང་། །ཟློས་པའི་བགེགས་ནི་སྒྲུབ་བྱེད་པ། །ཤིང་གི་ནགས་ལ་བྱ་འདི་རྣམས། །རྟག་ཏུ་ཅ་ཅོ་སྒྲོགས་པར་

དཱ། །ཏསྨཻ་བི་ཧ་ག་སཾ་གྷཱ་ཡ་ཀརྞཾ་ཀཱ་ཡ་པ་རཾ་ཤྲུ་ཏེ། །ཨ་བྷི་སཾ་བདྡྷ་མཱ་ནཱ་ཡ་ཙུ་ཀོ་པ་མུ་ནི་མཎྜ་ལཿ། །ཏ་དུདྦྷཱུ་ཏ་མ་ཧཱ་ཤཱ་པ་ཏཱ་པ་པླ་ཥ་ཎ་སརྦྦ་ཏཿ། །ཀྵ་ཎེ་ན་པཀྵི་ཎཱ་པཀྵཱ་བྱ་སཱིཪྻནྟ་ཀྲྀ་ཏཱ་ཤ་སཱཾ། །ཏ་ཨེ་ཏེ་བི་ཧ་

གྱུར། །རྣ་བར་མཆོག་ཏུ་གནོད་པ་དག །ཤིན་ཏུ་ཡང་དག་རྒྱས་བྱེད་པ། །བྱ་ཡི་འདུས་པ་དེ་དག་ལ། །ཐུབ་པའི་དཀྱིལ་འཁོར་ཁྲོས་པར་གྱུར། །དེས་བསྐྲུན་ཆེན་པོའི་དམོད་པ་ནི། །སྲེག་བྱེད་གདུང་བ་ཐམས་ཅད་དུ། །གནོད་པ་བྱས་པའི་བྱ་རྣམས་ཀྱི། །འདབ་གཤོག་སྐད་ཅིག་གིས་ཟགས་གྱུར། །བྱ་ནི་འདི་རྣམས་དེ་དག་

གཱཿཔཀྵ་ར་ཧི་ཏཱ་ཀྲྀཙྪྲ་བརྟི་ནཿ། །སྭཏ་བི་བཀྵ་ཨི་བ་བ་ནེ་ཤྲཱནྟ་ཤྩ་ར་ཎ་ཙཱ་རི་ཎཿ། །མ་ཧཱ་མཱ་ཏྱེ་ན་ཀ་ཐི་ཏཾ་ནི་ཤ་མྱེ་ཏད་མ་ཧཱི་བ་ཏིཿ། །ཨུ་བཱ་ཙ་ཀ་རུ་ཎཱ་ཀྲཱནྟསྟཔྟ་ཤཱ་པེ་ན་པཀྵི་ཎཱཾ། །ཨ་ཧོ་ཏེ་ཛཿཔ་རི་ཎ་ཏཾ་ཤཱནྟཱ་ནཱ་

སྟེ། །སྡུག་བསྔལ་གྱིས་འཚོ་འདབ་གཤོག་བྲལ། །ཁྱོད་ཀྱི་མི་མཐུན་ཕྱོགས་བཞིན་དུ། །ངལ་ཞིང་ནགས་སུ་རྐང་པས་རྒྱུ། །བློན་པོ་ཆེན་པོས་བརྗོད་དེ་དག །ཐོས་ནས་ས་ཡི་བདག་པོ་ནི། །བྱ་རྣམས་དམོད་པས་གདུངས་པ་ལ། །སྙིང་རྗེས་རབ་ཏུ་ནོན་པས་སྨྲས། །ཀྱེ་མ་ཐུབ་པ་སོལ་བ་རྣམས། །ཞི་བར་གྱུར་ཀྱང་

Vol. 170 · folio 40a

མ་པི་ཀཱ་ན་ནེ། །ཨཾ་གཱ་རཱ་ཎཱཾ་མུ་ནཱི་ནཱཾ་ཙ་ད་ཧ་ཏྱེ་བཱ་ནི་བཱ་རི་ཏཾ། །མི་ཐྱཱ་ཏ་པ་སྭི་བྷིཿཀིཾ་ཏཻཿསྭ་སུ་ཁཱ་ཡན་ཡཻཿཀྲྀཏཿ། །མ་ན་ས་ཀོ་པ་ཏཔྟ་སྱ་པ་རི་ཥེ་ཀཿཀྵ་མཱཾ་བྷུ་བྷིཿ། །པྲ་སནྣཱ་བྷཱིརྨྨ་ནོ་མཻ་ཏྲཾ་ད་ཡཱ་དཱ་ནཾ་ད་མཿཀྵ་

ནགས་སུ་ནི། །ཡོངས་སུ་གྱུར་པའི་མེ་དག་གིས། །མི་ཟློག་སྲེག་པར་བྱེད་པ་ཉིད། །རང་ཉིད་བདེ་ཕྱིར་གང་གི་ཡིད། །ཁྲོ་བས་གདུང་ལ་བཟོད་པ་ཡི། །ཆུ་ཡིས་ཡོངས་སུ་བྲན་མ་བྱས། །ལོག་པའི་དཀའ་ཐུབ་ཅན་དེས་ཅི། །རབ་དང་བློ་དང་བྱམས་པའི་ཡིད། །བརྩེ་བའི་སྦྱིན་པ་དུལ་ཞིང་

མཱ། །ཡེ་ཥཱཾ་ཏེ་ཥཱཾ་ཏ་པ་ཤླཱ་གྷྱཾ་ཤེ་ཥ་ཎཱཾ་ཀཱ་ཡ་ཤོ་ཥ་ཎཱཾ། །ཀིཾ་ཏ་པོ་བྷིཿས་ཀོ་པཱ་ནཱཾ་བི་པླུ་ཏཱ་ནཱཾ་བ་ནེ་ན་ཀིཾ། །བི་བྷ་བཻཿཀིཾ་ས་ལོ་བྷཱ་ནཱཾ་དུརྦྲྀཏྟཱ་ནཱཾ་ཤྲུ་ཏེ་ན་ཀིཾ། །ཨེ་བཾ་ཀ་ལུ་ཥ་ཙིཏྟསྟེ་ཏཱི་བྲ་མ་ནྻཱུ་པ་རཱ་མ་

བཟོད། །གང་དེ་དཀའ་ཐུབ་བསྔགས་པར་འོས། །ལྷག་མ་ལུས་ནི་སྐེམས་པ་ཉིད། །འཇིག་ཚོགས་འཛིན་པའི་དཀའ་ཐུབ་ཅི། །རྣམ་པར་བསླད་ལ་ནགས་ཀྱིས་ཅི། །ཆགས་དང་བཅས་ལ་འབྱོར་པས་ཅི། །སྤྱོད་ཚུལ་ངན་ལ་ཐོས་པས་ཅི། །དེ་ལྟར་སྡིག་པའི་སེམས་ལྡན་ཞིང་། །ཁྲོ་བ་དྲག་པོས་བསྐྱོད་

ཎཱཿ། །དུཿས་ཧཱ་ཨེ་བ་མུ་ན་ཡཿཔྲ་ཡཱནྟུ་བི་ཥ་ཡཱནྨ་མ། །ཨི་ཏྱུཀྟྭཱ་པྲཱ་ཧི་ཎོཏྟེ་བྷྱཿསནྡེ་ཤཾ་པུ་རུ་ཥཻ་རྣྲྀ་པ། །ཡཱ་བ་ཏཱི་མདྦ་སཱ་བྷཱུ་མིསྟཱ་བ་ཏཱི་ཏྱ་ཛ་ཏཱ་མི་ཏི། །བི་ཧཾ་ག་པཀྵ་པཱ་ཏེ་ན་ཀུ་པི་ཏ་སྱ་མ་ཧཱི་པ་ཏེཿ། །སཾ་དེ་ཤཾ་མུ་ན་

པ་ཡི། །བཟོད་དཀའ་ཐུབ་པ་དེ་དག་ཉིད། །བདག་གི་ཡུལ་ནས་འགྲོ་གྱུར་ཅིག །འདི་བརྗོད་དེ་ལ་མི་བདག་གིས། །ཇི་སྲིད་བདག་ནི་དབང་བའི་ས། །དེ་སྲིད་གཏང་བར་བྱོས་ཤིག་ཅེས། །སྐྱེས་བུས་འཕྲིན་ནི་བསྲིངས་པར་གྱུར། །བྱ་ཡི་འདབ་གཤོག་བྱི་བ་ཡིས། །ཁྲོས་པས་ས་ཡི་བདག་པོ་དེའི། །འཕྲིན་ཐོས་སྐྱེངས་པར་

Vol. 170 · folio 40b

ཡཿཤྲུ་ཏྭཱ་བི་ལཀྵཱ་ས་མ་ཙིནྟ་ཡན། །ཙ་ཏུཿས་མུ་དྲ་པ་རི་ཁཱ་མེ་ཁ་ལཱ་ཡཱཿཀྵི་ཏེཿཔ་ཏིཿ། །ན་རེནྡྲོ་ཡཾ་ཀྭ་གཙྪཱ་མཿཀོ་དེ་ཤེ་སྱེ་བ་སེ་ན་ཡཿ། །ཨི་ཏི་སཾ་ཙིཾ་ཏྱ་མུ་ན་ཡཿཔཱརྴྭ་ཀ་ན་ཀ་བྷཱུ་བྷྲྀ་ཏཿ། །སུ་ར་སིདྡྷི་ས་མཱ་ཀཱིརྞཾ་ཛཾ་བཱུ་ཁཎྜཱནྟི་

གྱུར་པ་ཡེ། །ཐུབ་པ་རྣམས་ཀྱིས་ཡང་དག་བསམས། །རྒྱ་མཚོ་བཞི་ཡི་འོབས་ཀྱི་ནི། །སྐེ་རགས་ལྡན་པ་ས་ཡི་བདག །ཡུལ་གང་མི་བདག་མི་དབང་ལ། །གང་ཞིག་བདག་ཅག་གང་དུ་འགྲོ། །དེ་ལྟར་བསམས་ནས་ཐུབ་པ་རྣམས། །གསེར་གྱི་ས་འཛིན་དག་གི་ངོས། །ལྷ་དང་གྲུབ་པས་ཡོངས་གང་བ། །ཛམྦུའི་ཕྱོགས་

ཀཾ་ཡ་ཡུཿ། །ཨ་ཐ་ཏ་སྱ་མ་ཧཱི་བྷརྟུ་པྲ་བྷཱ་བེ་ན་མ་ཧཱི་ཡ་ས། །ཨ་བྷཱུ་ད་ཀྲྀཥྚ་ས་ཙྱ་བྷཱུ་ར་དྻཽཤྩ་རཏྣཱམྦ་ར་པྲ་སཱུཿ། །པཱ་ཀ་ཤཱ་ས་ན་བཻ་ལཀྵ་ཀ་ར་ཎསྟ་སྱ་ཤཱ་ས་ནཱཏ། །སཔྟཱ་ཧཾ་ཧེ་མ་བ་བྲྀ་ཥུརྨེ་གྷཱཿསཾ་གྷཱ་ཏ་བཪྵི་ཎཿ། །

དང་ཉེ་བར་སོང་། །དེ་ནས་ས་ཡི་བདག་པོ་དེའི། །མཐུ་ནི་ཤིན་ཏུ་ཆེ་བ་ཡིས། །ས་ནི་མ་རྨོས་སྨིན་བྱེད་ཅིང་། །མཁའ་ཡང་རིན་ཆེན་གོས་སྐྱེད་འགྱུར། །སྨིན་པ་གསོད་བྱེད་སྐྱེངས་པར་ནི། །བགྱིད་པར་དེ་ཡི་བསྟན་པ་ལས། །སྤྲིན་ཚོགས་འབེབས་པར་བགྱིད་རྣམས་ཀྱིས། །ཞག་བདུན་གསེར་གྱི་ཆར་པ་ཕབ། །

ས་པྲ་བྷཱ་བེ་ན་མ་ཧཱ་ཏཱ་ས་ཧ་སཻ་ནྱཻརྣ་བྷོ་ག་ཏིཿ། །ཙཀྲ་པཱུརྦ་བི་དེ་ཧཱ་ཁྱཾ་དྭི་པཾ་དི་བྱ་ཛ་ནཾ་བ་ཤེ། །བ་བྷཱུ་བུ་ར་གྲེ་སཻ་ནྱ་སྥཱི་ཏ་སཽཪྱ་བ་ལོ་ཛ་སཱཾ། །བྷ་ཊཱ་ནཱཾ་བྱོ་མ་ག་མ་ནེ་ཏ་སྱཱཥྚཱ་ད་ཤ་ཀོ་ཊ་ཡཿ། །གོ་དཱ་ནཱི་ཡཾ་ཏ་ཏོ་དྭཱི་

དེ་ཡི་མཐུ་ནི་ཆེན་པོ་ཡིས། །སྡེ་དང་ལྷན་ཅིག་མཁའ་ལ་ཕྱིན། །ཤར་གྱི་ལུས་འཕགས་ཞེས་བྱའི་གླིང་། །མཆོག་གི་སྐྱེ་བོ་དབང་དུ་བྱས། །དེ་ཡི་དམག་དཔོན་མཆོག་དག་ནི། །རྟུལ་ཕོད་སྟོབས་དང་གཟི་རྒྱས་པ། །དཔའ་བོ་བྱེ་བ་ཕྲག་བཅོ་བརྒྱད། །མཁའ་ལ་སྔོན་དུ་འགྲོ་བར་གྱུར། །དེ་འོག་བ་གླང་སྤྱོད་གླིང་དང་། །

Vol. 170 · folio 41a

པ་མ་ཐོཏྟ་ར་ཀུ་རཱུ་ན་པི། །པཱརྴྭཱ་ནི་ས་སུ་མེ་རོཤྩ་ས་ཤཱ་སཱ་ཧ་ཏ་ཤཱ་ས་ནཿ། །སུ་ཁཾ་བི་ཧ་རསྟསྟ་སྱ་མེ་རོཿཀ་ན་ཀ་པཱ་ནུ་ཥུ། །བ་ཧུ་ཤ་ཀྲོ་ཡ་ཡཽ་ཀཱ་ལཤྩ་ཏུརྡྭཱི་པ་མ་ཧཱི་པ་ཏེཿ། །ས་ཀ་དཱ་ཙིཏ་སུ་རཱན་དྲྀཥྚཾ་

དེ་ནས་བྱང་གི་སྒྲ་མི་སྙན། །ལྷུན་པོ་ཡི་ནི་ངོས་རྣམས་ཀྱང་། །ཉམས་མེད་བསྟན་ནས་བསྲུངས་བར་གྱུར། །བརྒྱ་བྱིན་མང་པོ་འདས་གྱུར་དུས། །ལྷུན་པོ་གསེར་གྱི་ལྕོག་ལ་ནི། །གླིང་བཞིའི་ས་ཡི་བདག་པོ་དེ། །བདེ་བས་རྣམ་པར་རབ་ཏུ་རྩེ། །ནམ་ཞིག་ལྷ་རྣམས་བལྟ་བཞེད་པས། །

བྱོམྣཱ་གཙྪན་སུ་རོ་པ་མཿ། །ཙ་ཀཱ་ར་ནཱི་ལ་ཛ་ལ་ད་བྱཱཔྟ་ཨི་བ་ག་ཛཻརྡི་ཤཿ། །ཨ་ཐ་ཏེ་ཥཱཾ་ནི་རསྠཱ་ནཱཾ་མེ་རུ་པཱརྴྭ་ཏ་པ་སྱ་ཏཱཾ། །མུ་ནཱི་ནཱ་མ་པཏ་ཏ་མཱུརྡྷྣི་ཏད་ག་ཛཱ་ཤྭ་པ་ཀྲྀདྡི་བཿ། །ཏ་ཏ་སྟེ་ཀྲོ་དྷ་

ལྷ་བཞིན་མཁའ་ལ་གཤེགས་བཞིན་དེའི། །སྤྲིན་སྔོན་གྱིས་བཞིན་གླང་པོ་ཡིས། །ཕྱོགས་རྣམས་རབ་ཏུ་ཁྱབ་པར་གྱུར། །དེ་ནས་ཐུབ་པ་བསྐྲད་དེ་རྣམས། །ལྷུན་པོའི་ངོས་ལ་དཀའ་ཐུབ་ཀྱིས། །གནས་པའི་སྤྱི་བོར་མཁའ་ལས་ནི། །དེ་ཡི་རྟ་གླང་སྦངས་རྣམས་ལྷུང་། །དེ་ལས་དེ་རྣམས་ཁྲོ་བས་

སནྟཔྟ་དྲྀ་ཤཱ་བྱོ་མཱ་བ་ལོ་ཀི་ནཿ། །ཙཀྲུཿཔིཾ་ག་པྲ་བྷཱ་པལླི་ཀ་ལཱ་པ་ཀ་པི་ལཱ་དི་ཤཿ། །ཀི་མེ་ཏཏྐོ་པ་ཨི་ཏྱུཀྟཻཿཤཱ་པཱགྣི་སི་སྲྀཀྵ་ཡཱ། །ཨ་བྷྱེ་ཏྱ་དེ་བ་དཱུ་ཏསྟཱན་པྲ་ཧཪྵཱ་ཀུ་ལི་ཏོ་བ་དཏ། །ཨེ་ཥ་ནིཿཤེ་ཥ་བྷཱུ་པཱལ་མཽ་ལི་

གདུངས། །མིག་གིས་མཁའ་ལ་ལྟ་བྱེད་ཅིང་། །སེར་སྐྱའི་འོད་ཀྱིས་འཁྲི་ཤིང་གི། །ཚོགས་ཀྱི་ཕྱོགས་རྣམས་སེར་སྐྱར་བྱས། །དེ་རྣམས་འདི་ཅི་ཞེས་བརྗོད་ཁྲོས། །དམོད་པའི་མེ་ནི་སྤྲོ་འདོད་དེར། །ལྷ་ཡི་ཕོ་ཉ་མངོན་ཕྱོགས་ཏེ། །རབ་དགའ་རྣམ་པར་རྒྱས་པས་སྨྲས། །འདི་ནི་ས་སྐྱོང་མ་ལུས་ཀྱི། །མགོ་ལ་བཀའ་ནི་

Vol. 170 · folio 41b

བི་ཤྲཱནྟ་ཤཱ་ས་ནཿ། །པཱ་ཀ་ཤཱ་ས་ན་ཏུ་ལྱ་ཤྲཱིརྨྨཱ་ནྭཱནྟཱ་པྲྀ་ཐི་བཱི་པ་ཏིཿ། །ན་བྷ་སཱ་ན་ར་དེ་བོ་ཡཾ་ས་ཧ་སཻ་ནྱཻ་པྲ་སརྦ་ཏི། །ཡ་སྱཱཾ་ཀཱིརྟ་ན་དྷ་ནྱེ་ཡཾ་བཱ་ཎཱི་པུ་ཎྱཱ་བྷི་མཱ་ནི་ནཱི། །ན་དྲྀཥྚོ་ཡ་སྱ་ནིརྡྲྀཥྚ་སརྦྦ་ལོ་ཀ་སུ་ཁ་ཤྲི་ཡཿ། །

ངལ་གསོ་ཞིང་། །བརྒྱ་བྱིན་དག་དང་མཚུངས་པའི་དཔལ། །ས་ཡི་བདག་པོ་ང་ལས་ནུ། །མི་ཡི་ལྷ་ནི་ནམ་མཁའ་ལ། །སྡེ་དང་བཅས་པ་རབ་ཏུ་གཤེགས། །གང་གི་དྲག་པོའི་ཚིག་འདི་སྔགས། །བསོད་ནམས་མངོན་པའི་ང་རྒྱལ་ལྡན། །འཇིག་རྟེན་ཀུན་གྱི་བདེ་བའི་དཔལ། །སྦྱིན་བྱེད་གང་ལ་འབྱོར་པ་ཡིས། །

མོ་ཧ་སཾ་བིནྨ་ཡ་སྱེ་བ་བི་བྷ་བི་མ་དཿ། །ཀཽ་བེ་རཾ་དྷ་ན་ད་བྱཀྟྱཱ་ཀཽ་ཝཱ་རཾ་ཤཀྟི་མཏྟ་ཡཱ། །ཨཻ་ཤྭ་རཾ་བྲྀ་ཥ་བྷ་ཡོ་གཱཏ་བཻཥྞ་བཾ་ཤྲཱི་ས་མཱ་ག་མཱཏ། །པྲ་ཏཱ་པ་པྲ་སཱ་རཱ་ཏ་སཽ་ར་མཻནྡ་བཾ་ཛ་ན་ནནྡ་ནཱཏ། །ཨཻནྡྲཾ་དྲྀཥྚ་བ་ལཙྪེ་

རབ་བསྐྱེད་རྒྱགས་པ་མ་མཐོང་སྟེ། །ཡང་དག་རིག་ལ་གཏི་མུག་བཞིན། །ནོར་འཛིན་གསལ་བས་ཀུ་བེ་ར། །སྟོབས་དང་ལྡན་པས་གཞོན་ནུ་སྟེ། །ཁྱུ་མཆོག་ལྡན་པས་དབང་ཕྱུག་དང་། །དཔལ་དང་འགྲོགས་པས་ཁྱབ་འཇུག་དང་། །འོད་རབ་སྤྲོ་བས་ཉི་མ་དང་། །སྐྱེ་བོ་དགའ་བས་ཟླ་བ་དང་། །མཐོང་བས་སྟོབས་གཅོད་

དཱཏ་དི་བྱཾ་རཱུ་པཾ་བི་བྷརྟྱ་ཡཾ། །བ་ལིཿཔྲ་ཡཱ་ཏཱ་པཱ་ཏཱ་ལཾ་ད་དྷཱི་ཙོ་པྱསྠི་ཤེ་ཥ་ཏཱཾ། །ཨ་སྱ་ཏྱཱ་གེ་ན་ཛ་ནེབྡྷིཿཀྵོ་བྷ་མ་དྱཱ་བི་ནོཛྫུ་ཏི། །ཤྲུ་ཏྭེ་ཏི་དེ་བ་དཱུ་ཏ་སྱ་བ་ཙ་ནཾ་མུ་ནི་མ་དྷྱ་གཿ། །ས་སརྫ་དུརྨྨུ་ཁོ་ནཱ་མ་མུ་

དབང་པོ་ཡི། །གཟུགས་མཆོག་འདི་ཡིས་རྣམ་པར་འཛིན། །སྟོབས་ལྡན་ས་འོག་རབ་ཏུ་ཞུགས། །ད་དྷཱི་ཙ་ཡང་རུས་ལྷག་ཉིད། །ཆུ་གཏེར་དིང་ཡང་འཁྲུག་མི་འདོར། །འདི་ཡི་གཏོང་བས་ཡིན་ནམ་སྙམ། །དེ་སྐད་ལྷ་ཡི་ཕོ་ཉའི་ཚིག །ཐོས་ནས་ཐུབ་པའི་དབུས་སོན་པའི། །བཞིན་ངན་ཞེས་བྱ་ཐུབ་པ་ཡིས། །དམོད་

Vol. 170 · folio 42a

ནིཿཤཱ་པ་ཛ་ལཾ་དི་ནི། །པྲ་ཧ་སནྣ་ཐ་ཏཾ་པྲ་ཧ་སེ་ནཱ་ནཱི་པ་རི་ཎཱ་ཡ་ཀཿ། །མ་ཧཪྵེ་སཾ་ཧ་ར་རུ་ཥཾ་མཱ་ཀྲྀ་ཐསྟ་པ་སཿཀྵ་ཡཾ། །བཻ་ཕ་ལྱ྅ལ་ཛཱཾ་ཤཱ་བོ་ཡཾ་ཡཱ་སྱ་ཏྱ་གྲེ་མ་ཧཱི་པ་ཏེཿ། །ན་ཏེ་བ་ཡཾ་ཁ་ག་ཡེ་ཥཱཾ་ཡུ་ཡཾ་པཀྵ་

པའི་ཆུ་ནི་མཁའ་ལ་གཏོར། །དེ་ནས་སྡེ་དཔོན་ཡོངས་འདྲེན་གྱིས། །རབ་ཏུ་བཞད་ཅིང་དེ་ལ་སྨྲས། །དྲང་སྲོང་ཆེན་པོ་ཁྲོ་བ་ཐོང་། །དཀའ་ཐུབ་ཟད་པར་ཡོངས་མ་མཛད། །ས་བདག་མདུན་དུ་དམོད་པ་འདི། །འབྲས་མེད་ངོ་ཚར་འགྲོ་བར་འགྱུར། །ཁྱོད་ཀྱིས་གང་གིས་འདབ་གཤོག་ཟད། །བཟོད་

ཡ་བྱ་མཱཿ། །ཨི་ཏྱུཀྟེ་སཻ་ནྱ་བ་ཏི་ནཱ་ཤཱ་པ་སྟབྡྷཱ་མ་ནཱི་ཀི་ནཱིཾ། །དྲྀཥྚཱ་གྲེ་བིནྨ་མཱ་དཱུ་ཙེ་ཀི་མི་ཏ་དི་ཏི་བྷཱུ་པ་ཏིཿ། །སཾ་རབྜྷོ་ཐ་ས་མ་བྷྱེ་ཏྱ་སེ་ནཱ་པ་ཏི་རུ་བ་ཙ་ཏཾ། །ཏེ་ཥཱཾ་དེ་བ་མ་ཧཪྵཱི་ཎཱཾ་ཤཱ་པཱ་སཻ་

པའི་བྱ་དེ་བདག་ཅག་མིན། །དེ་སྐད་སྡེ་དཔོན་གྱིས་སྨྲས་ཚེ། །དམོད་པས་བཟུང་བའི་དཔུང་ཚོགས་ལ། །མདུན་དུ་ས་བདག་གིས་བལྟས་ནས། །ཡ་མཚན་པས་འདི་ཅི་ཞེས་གསུངས། །དེ་ནས་སྡེ་དཔོན་ཁྲོ་ལྡན་པས། །དེ་ལ་ཡང་དག་མངོན་ཕྱོགས་སྨྲས། །ལྷ་གཅིག་དྲང་སྲོང་དེ་དག་གིས། །དམོད་

ནྱཾ་ན་སརྦ་ཏི། །ཨི་དཉྩ་ཙཀྲ་རཏྣཾ་ཏེ་བྱོམྣི་ཤཱ་པ་བི་གྷཱུརྞྞི་ཏཾ། །དྷེཏྟ་ཛ་ལ་ད་སཾ་རུདྡྷ་ཏིགྨ་དཱི་དྷི་ཏི་ཏུ་ལྱ་ཏཱཾ། །ཨེ་ཏ་དཱ་ཀརྞྱ་ནྲྀ་པ་ཏིརྡྲྀཥྚཱ་ཙཱ་གྲེ་ཏ་ཐཻ་བ་ཏཏ། །དྲྀ་ཤཻ་བ་བི་ད་དྷེ་ཤཱ་

པས་དཔུང་འདི་མི་བགྲོད་དོ། །ཁྱོད་ཀྱི་འཁོར་ལོ་རིན་ཆེན་འདིའང་། །མཁའ་ལ་དམོད་པས་རྣམ་པར་འཁྱམ། །སྤྲིན་གྱིས་ཡང་དག་བགགས་པ་ཡི། །ཚ་ཟེར་ཅན་དང་མཚུངས་པར་བཟུང་། །དེ་དག་ཐོས་ཤིང་མི་བདག་གིས། །མདུན་དུ་དེ་ལྟར་མཐོང་ནས་ཀྱང་། །མིག་ཉིད་ཀྱིས་བསྒྲུབས་དམོད་

Vol. 170 · folio 42b

པཾ་བི་ཕ་ལོཙྪཎྜ་བི་པླ་བཾ། །དེ་ཧ་ཀྵ་ཡཾ་མ་ཧཪྵཱི་ཎཱཾ་པ་རི་རཀྵན་ཀྲྀ་པཱ་ཀུ་ལཱཿ། །ཛ་ཊཱ་ནྱ་པ་ཏི་ཡཏ་བྷཱུ་མཽ་ས་ལི་ལཱ་ལ་ས་ཤཱ་ནཿ། །ཨ་ཛི་ཏ་ཀྲོ་དྷ་མོ་ཧ་ནཱཾ་བྷཱ་ར་བྷཱུ་ཏཱ་བྲྀ་ཐཱ་བ་ཡཾ། །ཨི་ཏཱི་བ་ལཛྫ་ཡཱ་ཏེ་ཥཱཾ་

པ་དག །འབྲས་མེད་རབ་གཏུམ་བསླད་པར་རོ། །སྙིང་རྗེའི་ཚོགས་ཀྱིས་ལུས་འཇིག་པས། །ཡོངས་བསྲུངས་དེ་ཡི་ཀྱལ་ཀའི་བཀས། །དམན་པའི་དྲང་སྲོང་ཆེ་རྣམས་ཀྱི། །རལ་པ་ས་ལ་ལྷུང་བར་གྱུར། །ཁྲོ་དང་རྨོངས་པ་མི་ཐུལ་ན། །བདག་ཅག་དོན་མེད་ཁུར་གྱུར་ཅེས། །དེ་དག་རལ་པ་ངོ་ཚ་ནས། །ས་གཞི་

ལཱི་ནཱ་ཀྵི་ཏི་ཏ་ལེ་ཛ་ནེཿ། །ཨ་ཐ་མེ་རུ་ཤི་རཿཔྲཱ་བྱ་ནྀ་པཿསུ་ར་ནི་ཀེ་ཏ་ནཾ། །པུ་རཾ་སུ་དེཪྴ་ནཾ་ནཱ་མ་ད་དཪྴ་པྲི་ཡ་དཪྴ་ནཾ། །ནཱ་གཱསྟ་ཏྲ་ཀྲྀ་ཏཱ་རཀྵཱཿཔྲ་ཁྱཱ་ཏ་ད་ཀ་ནི་ཤྲི་ཏཱཿ། །ཀ་རོ་ཊ་པཱ་ཎ་ཡོ་ཡཀྵཱཿསུ་ར་མཱ་ལཱ་དྷ་རཱ་བྷི་

ལ་ནི་འབྱར་བ་བཞིན། །དེ་ནས་མི་བདག་ལྷུན་པོའི་རྩེར། །ཕྱིན་ནས་ལྷ་རྣམས་གནས་པ་ནི། །གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །བལྟ་ན་མཛེས་པ་མཐོང་བར་གྱུར། །དེར་ནི་རོལ་མཚོ་ལས་འཐོན་པའི། །ཀླུ་རྣམས་དག་ལ་རབ་བརྩམས་ནས། །གནོད་སྦྱིན་ལག་ན་གཞོང་ཐོགས་དང་། །འཕྲེང་འཛིན་ཞེས་པའི་

དྷཱཿ། །ས་དཱ་མཏྟཱསྟ་ཐཱ་དེ་བཱཿཀྲོ་དྷོཏྟ་བྷི་ཏ་སཻ་ནི་ཀཱཿ། །ཙཱ་ཏུརྨ་ཧཱ་རཱ་ཛ་ཀཱ་ཡི་ཀཱ་ཁྱཱ་སྟྲི་ད་ཤཱ་བ་ལ་བཏྟ་རཱཿ། །མ་ཧཱ་རཱ་ཛཱ་ཤྩ་ཏྭཱ་རཿསནྣདྡྷ་ཀ་བ་ཙཱ་ཡུ་དྷཱཿ། །ཛི་ཏྭཱ་རཱ་ཛཱ་པྲ་བྷཱ་བེ་ན་ནེ་ཛ་སེ་ནཱ་གྲ་གཱཿ

ལྷ་དང་ནི། །དེ་བཞིན་རྟག་མྱོས་ཞེས་པའི་ལྷ། །ཁྲོ་བས་སྡོམ་བྱེད་སྡེ་རྣམས་དང་། །རྒྱལ་ཆེན་བཞི་ཡི་རིས་ཞེས་པ། །ཤིན་ཏུ་སྟོབས་ལྡན་སྐབས་གསུམ་པ། །རྒྱལ་པོ་ཆེན་པོ་བཞི་པོ་རྣམས། །གོ་བགོས་མཚོན་ཐོགས་གཡུལ་ཞུགས་པ། །རྒྱལ་པོའི་མཐུ་ཡིས་ཕམ་གྱུར་ནས། །རང་སྡེ་རྣམས་ཀྱི་སྔོན་

Vol. 170 · folio 43a

ཀྲྀ་ཏཱཿ། །ཏ་ཏཿཀལྤ་དྲུ་མོ་དཱ་ར་ཀོ་བི་དཱ་ར་མ་ནོ་ཧ་རཾ། །ད་དཪྴ་པཱ་རི་ཡཱ་ཏྲཱ་ཁྱ་སཾ་ཤྲ་ཡཾ་ཏྲི་དོ་བོ་ཀ་སཱཾ། །མེ་རོརྨཱུརྡྷཱི་ཏ་ཏཿཤུ་བྷྲ་པྲ་བྷྲཾ་མཱ་ལཱ་མི་བཱ་མ་ལཱཾ། །སུ་དྷརྨྨཱ་ཁྱཱ་ས་བྷཱ་པྲཱ་པ་སྭ་པྲ་བྷཱ་བོདྡྷཱ་ཥི་ཏཱཾ་བ་

འགྲོ་བྱས། །དེ་ནས་རྒྱ་ཆེ་དཔག་བསམ་ཤིང་། །ཡིད་འཕྲོག་ཀོ་བི་དཱ་ར་ནི། །ཡོངས་འདུ་ཞེས་པ་མཐོང་བར་གྱུར། །ལྷ་རྣམས་ཀྱིས་ནི་ཡང་དག་བསྟེན། །དེ་ནས་ལྷུན་པོའི་རྩེར་འོད་ཟེར། །འཕྲེང་བ་བཞིན་དུ་དྲི་མ་མེད། །མཁའ་ནི་རང་འོད་ཀྱིས་གསལ་བ། །ཆོས་བཟང་ཞེས་པའི་མདུན་སར་

རཱཾ། །ཧེ་མ་བི་དྲུ་མ་བཻ་ཌཱུཪྱ་སྟམྦྷ་སཾ་བྷཱ་ར་བྷཱ་སྭ་རཿ། །པྲཱ་སཱ་དོ་བཻ་ཛ་ཡནྟཱ་ཁྱཿཔྲ་ཁྱཱ་ཏོ་ཡ་ཏྲ་རཱ་ཛ་ཏེ། །ཡ་ཏྲཱབྫཻརྦ་ད་ནཻ་རྦྷྲྀཾ་གཻ་ར་ལ་ཀཻསྟུ་ལྱ་ཏཱཾ་ག་ཏཱཿ། །པདྨི་ནྱཿསུ་ར་ན་རཱི་ཎཱཾ་པདྨི་ནཱི་ནཱཾ་སུ་རཾ་ག་ནཱཾ། །བིམྦི་

ཕྱིན། །གསེར་དང་བྱུ་རུ་བཻ་ཌཱུཪྱའི། །ཀ་བའི་ཚོགས་ནི་གསལ་ཞིང་མཛེས། །ཁང་བཟང་རྣམ་པར་རྒྱལ་ཞེས་པ། །གྲགས་པས་གང་ལས་རྣམ་པར་མཛེས། །གང་དུ་ཆུ་སྐྱེས་བཞིན་རས་དང་། །བུང་བ་ལན་བུས་མཚུངས་གྱུར་པ། །ལྷ་ཡི་བུ་མོའི་པད་ལྗོན་དང་། །པདྨའི་ཤིང་གི་ལྷ་མོའོ། །ནོར་བུའི་

ཏཽསྟྲི་ད་ཤཻཪྻ་ཏྲ་མ་ཎི་བྷཱུ་སྟམྦྷ་བྷིཏྟི་ཥུ། །སུ་ར་ལོ་ཀོ་བི་བྷརྟྱེ་ཀོ་པྱ་ནེ་ཀ་སུ་ར་ལོ་ཀ་ཏཱཾ། །རཏྣ་ཏོ་ར་ཎ་ཧརྨྨྱཾ་ཤུ་ནི་བ་ཧཻཪྻ་ཏྲ་ཙི་ཏྲི་ཏཱཿ། །བྱཱཔྟཱ་བི་བྷཱནྟི་ཀ་ཀུ་བྷཿཤ་ཀྲཱ་ཡུ་དྷ་ཤ་ཏཻ་རི་བ། །ཡ་ཏྲ་

ཞལ་ཞལ་ཀ་བ་ས། །གང་དུ་ལྷ་ཡི་གཟུགས་བརྙན་གྱིས། །ལྷ་ཡི་འཇིག་རྟེན་གཅིག་ཉིད་ཀྱང་། །ལྷ་ཡི་འཇིག་རྟེན་དུ་མ་འཛིན། །རིན་ཆེན་རྟ་བབས་བ་གམ་གྱི། །འོད་ཀྱི་ཚོགས་ཀྱིས་རྣམ་བཀྲ་གང་། །ཕྱོགས་རྣམས་མཛེས་པས་ཁྱབ་གྱུར་ཏེ། །བརྒྱ་ཕྲག་བརྒྱ་བྱིན་ཚོན་གྱིས་བཞིན། །གང་

Vol. 170 · folio 43b

བཱ་ལཱ་ནི་ལཱ་ལོ་ལ་ཀལྤ་པ་ད་པ་པལླ་བཻཿ། །ནྲྀཏྟདྡྷནྟཱ་ཨི་བཱ་བྷནྟི་ནནྡི་ནྱོ་ནནྡ་ན་ཤྲི་ཡཿ། །ཡ་ཏྲ་ཙཻ་ཏྲ་ར་ཐཾ་ནཱ་མ་དེ་བོདྻཱ་ན་མ་ནོ་ར་མཾ། །དྷཏྟེ་ནི་ཏྱོཏྶ་བ་པྲེ་མི་ཀཱ་མ་ཀཱ་མ་བཾ་ཤ་

དུ་རླུང་གཞོན་གྱིས་བསྐྱོད་པའི། །དཔག་བསམ་རྐང་འཐུང་འཁྲི་ཤིང་གིས། །དགའ་བ་བསྐྱེད་དེ་དགའ་བའི་དཔལ། །འགྱུར་ཞིང་རབ་བསྒྱུར་བཞིན་དུ་མཛེས། །གང་ན་ཤིང་རྟ་སྣ་ཚོགས་ཞེས། །ལྷ་ཡི་སྐྱེད་ཚལ་ཡིད་དགའ་བ། །རྟག་ཏུ་སྤྲོ་བས་དགའ་མ་དག །འདོད་དང་སོ་ཀའི་བཞེད་

ཏ་ཡོཿ། །སརྦ་ཀཱ་མཾ་སརྦ་སུ་ཁཾ་སརྦྦརྟུ་ཀུ་སུ་མོཛྫྭ་ལཾ། །སརྦཱ་ཏི་ཤཱ་ཡི་ཏཾ་དྲྀཥྚྭཱ་དེ་བཱ་ནཱཾ་ས་ད་ནཾ་ནྲྀ་པཿ། །མཱུ་ཧཱུརྟྟ་བིསྨ་ཡཱ་སྱནྡ་སཱ་ནནྡ་སྣིགྡྷ་ལོ་ཙ་ནཿ། །ཨ་ཙིནྟ་ཡཏ་སུ་ཀྲྀ་ཏི་ནཱ་མི་མཱསྟཱཿ

པ་བཞིན། །འདོད་པ་ཀུན་དང་བདེ་བ་ཀུན། །དུས་ཚིགས་ཀུན་ཏུ་མེ་ཏོག་འབར། །ལྷ་རྣམས་གནས་ནི་ཐམས་ཅད་ལས། །ཁྱད་འཕགས་རྒྱལ་པོས་མཐོང་གྱུར་ནས། །ཡུད་ཙམ་ཡ་མཚན་གཡོ་མེད་ཅིང་། །འཛུམ་པའི་སྤྱན་དང་ཀུན་དགར་བཅས། །ལེགས་བྱས་རྣམས་ཀྱི་བསོད་ནམས་ཀྱི། །འབྲས་

ཕ་ལ་བྷཱུ་མ་ཡཿ། །ཨཻ་རཱ་བ་ཎཾ་སུ་རཱ་པ་ཏེརློ་ལཱ་ལི་བ་ལ་ཡཱ་ཀུ་ལཾ། །ད་དཪྴ་ཏ་ཏྲ་སཱ་མོ་དཾ་སཱ་ཀཱ་ར་མི་བ་ནནྡ་ནཾ། །པུ་རནྟ་རསྟ་ཏོ་ཛྙཱ་ཏྭཱ་པྲཱསྟ་བྷཱུ་མི་པུ་རནྡ་རཾ། །པྲ་ཏྱུདྻ་ཡཽ་པྲ་མུ་དི་ཏཿས་ཧ་སརྦྦཻརྨྨ་རུངྒ་

བུ་དེ་ནི་འདི་ཞེས་བསམས། །ལྷ་ཡི་བདག་པོའི་ས་སྲུང་ནི། །སྲེད་ལེན་བུང་བའི་ཚོགས་རྒྱས་པ། །དགའ་ཚལ་རྣམ་པ་དང་བཅས་བཞིན། །དེར་ནི་དྲི་བཟང་ལྡན་པ་མཐོང་། །དེ་ནས་ས་ཡི་དབང་པོ་ནི། །འོངས་པར་ཤེས་ནས་དབང་པོ་ནི། །ལྷ་ཡི་ཚོགས་དང་བཅས་པ་དག །རབ་དགའ་ལྡན་པས་བསུ་

Vol. 170 · folio 44a

ཎཻཿ། །པཱུ་ཛི་ཏཿསུ་ར་རཱ་ཛེ་ན་རཏྣ་རཱ་ཛ་བི་རཱ་ཛི་ཏཱཾ། །རཱ་ཛ་རཱ་ཛཿས་བྷཱ་བྷཱུ་མི་བྷེ་ཛེ་བི་ར་ཛ་སཱམྦ་རཿ། །ཏྲི་ད་ཤེ་ཥུ་པ་བིཥྚེ་ཥུ་རཏྣ་པཪྻཾ་ཀ་པཾ་ཀྟི་ཥུ། །ཨུ་པཱ་བི་ཤྲནྣྲྀ་པཿཤྲཱི་མཱ་ནཱ་ས་

བ་བྱས། །རིན་ཆེན་འཕྲེང་བས་རྣམ་མཛེས་པའི། །མདུན་སའི་ས་གཞི་རྒྱལ་པོ་ཡི། །རྒྱལ་པོ་ལྷ་ཡི་རྒྱལ་པོ་ཡིས། །མཆོད་པ་རྡུལ་བྲལ་མཆོག་གིས་བསྟེན། །རིན་ཆེན་སྟན་གྱི་འཕྲེང་བ་ལ། །སྐབས་གསུམ་པ་རྣམས་ཉེར་བཞུགས་ཤིང་། །མཆོད་སྦྱིན་བརྒྱ་པའི་སྟན་ཕྱེད་ལ། །མི་ཡི་

ནཱརྡྷེ་ཤ་ཏ་ཀྲ་ཏོཿ། །ཨེ་ཀཱ་ས་ན་ཛུ་ཥོསྟ་ཏྲ་སུ་རེནྡྲ་མ་ནུ་ཛེནྡྲ་ཡོཿ། །རཱུ་པ་གུ་ཎ་ག་ཎོ་དཱ་རཾ་ནིརྦི་ཤེ་ཥ་མ་དྲྀ་ཤྱཏ། །ཏ་ཏཿསརྦ་སུ་རོཏྶྲྀཥྚ་སྤཥྚ་ལོ་ཙ་ན་ཥཊྤ་དཻཿ། །པཱི་ཡ་མཱ་ན་མུ་ཁཱམྦྷོ་ཛཾ་བྷ་ཛ་ཧཱ་ར་ཧ་རི་

བདག་པོ་དཔལ་ལྡན་བཞུགས། །དེར་ནི་སྟན་གཅིག་ལ་འདུག་པའི། །ལྷ་དབང་མི་ཡི་བདག་པོ་དག །ཡོན་ཏན་ཚོགས་ནི་རྒྱ་ཆེ་བའི། །གཟུགས་ནི་ཁྱད་པར་མེད་པར་མཐོང་། །དེ་ནས་ལྷ་ཀུན་གྱིས་སྤྲོས་པའི། །རབ་གསལ་མིག་ནི་རྐང་དྲུག་པས། །བཞིན་པད་འཐུང་ལྡན་མི་བདག་ལ། །འཕྲོག་བྱེད་ཀྱིས་

ནྲྀ་པཾ། །ཨ་ཧོ་པ་དོ་ཡཿཤླཱ་གྷྱསྟེ་ཛ་སཱ་ཏེ་ཛ་སཱཾ་ནི་དྷེ། །བྷ་བ་ཏཱ་བྷཱུ་ཥི་ཏཱ་བྷཱུ་མིརྡྱཽཤྩ་དེ་བ་ན་བྷཱ་སྭ་ཏཱི། །ཨ་བྡྻུནྣ་ཏ་པྲ་བྷཱ་བོ་ཡཾ་ལ་སཏ་སི་ཏ་ཡཱ་ཤཱཾ་ཤུ་ཀཾ། །བྷྲཱ་ཛ་ཏེ་ཏེ་ཏྲི་བྷུ་བ་ནེ་སཱ་མྲཱ་ཛྱ་བི་ཛ་ཡ་

ནི་ཡང་དག་སྨྲས། །ཀྱེ་མ་གཟི་བརྗིད་གཏེར་གྱི་གཟི། །གང་ཞིག་བསྔགས་འོས་མངོན་པར་འཆར། །ཁྱེད་ཀྱིས་ས་ནི་བརྒྱན་གྱུར་ཅིང་། །འོད་ལྡན་ལྷ་ཡི་ནམ་མཁའ་ཡང་། །མཐུ་ཡིས་རབ་མཐོ་གྲགས་སྙན་དག །གསལ་བའི་གོས་ཅན་ས་གསུམ་དུ། །ཡང་དག་རྒྱལ་པོ་རྣམ་རྒྱལ་བ། །ཁྱོད་ཀྱི་རྒྱལ་མཚན་འདི་

Vol. 170 · folio 44b

དྷྭ་ཛཿ། །ཏྭཏ་ཀ་ཐཱ་མྲྀ་ཏ་པཱ་ན་སྱ་ཏྭཏ་དཪྴ་ན་ར་ས་སྱ་ཙ། །པྲེཪྻ་ཏེ་ཤྲོ་ཏྲ་ནེ་ཏྲེ་ཎ་སུ་ཁཱ་ཁྱཱ་ནེ་ས་ར་སྭ་ཏཱི། །སྠི་རཱི་ཀྲྀ་ཏསྟྭ་ཡཻ་བཱ་ཡི་སུ་ཀྲྀ་ཏཱཔྟ་བི་བྷཱུ་ཏི་ནཱ། །ཀརྨ་ཎཱཾ་ཕ་ལ་བཱ་ད་སྱ་ནིཤྩ་ཡཤྩྪིནྣ་སཾ་ཤ་ཡཿ། །ཨ་ཏ་ཨེ་

མཛེས་སོ། །ཁྱོད་གཏམ་བདུད་རྩིའི་བཏུང་བ་དང་། །ཁྱོད་ནི་བལྟ་བའི་རོ་ལ་ཡང་། །རྣ་བ་མིག་ཀྱང་རབ་བསྐུལ་ཅིང་། །བདེ་བའི་སྒྲ་ལ་དབྱངས་ཅན་ནོ། །ལས་རྣམས་འབྲས་བུ་རྩོད་པ་ཡི། །ཐེ་ཚོམ་ཆད་ཅིང་ངེས་པ་འདི། །འབྱོར་པ་ལེགས་བྱས་ཀྱིས་ཐོབ་པ། །ཁྱོད་ཉིད་ཁོ་ནས་བརྟེན་པར་བྱས། །བསོད་ནམས་འོས་

བེནྡྲི་ཡ་གྲཱ་མེ་ཙཀྵུ་རེ་བ་སྤྲྀ་ཧསྤ་དཾ། །པུ་ཎྱཻཿཔུ་ཎྱཽ་ཙི་ཏཱ་ཙཱ་ར་དྲྀ་ཤྱནྟེ་ཡདྦྷ་བདྦི་དྷཱ། །ཨི་ཏྱུཀྟེ་ཏྲི་ད་ཤེནྡྲེ་ཎ་མཱ་ནྭཱ་ཏཱ་ཡ་ཤ་སཱནྣི་དྷིཿ། །ཏྭཏྤྲ་སཱ་ད་པྲ་བྷཱ་བོ་ཡཾ་བི་ཏྱུ་བཱ་ཙ་ན་ཏཱ་ན་ནཿ། །ཨི་ཏྱེ་བཾ་པཱུ་ཛྱ་མཱ་ན་སྱ་

པའི་ཀུན་སྤྱོད་ལྡན། །ཁྱོད་ལྟ་བསོད་ནམས་ཀྱིས་མཐོང་གང་། །འདི་ཉིད་ཕྱིར་ན་དབང་པོ་ཡི། །ཚོགས་ལས་མི་ཉིད་དགའ་བའི་གནས། །ལྷ་ཡི་དབང་པོས་འདི་བརྗོད་ཚེ། །གྲགས་པའི་གཏེར་ནི་ང་ལས་ནུས། །མཐུ་འདི་ཁྱོད་ཀྱི་དྲིན་ནོ་ཞེས། །སྨྲས་ནས་གདོང་ནི་དུད་པར་གྱུར། །དེ་ལྟར་དེ་ནི་ལྷ་རྣམས་ཀྱིས། །རྟག་ཏུ་

ཏ་སྱ་ནི་ཏྱཱ་ད་རཻཿསུ་རཻཿ། །ཥ་ཌིནྡྲ་པྲ་ཡ་ཡོ་ཀཱ་ལཾ་ཏྲི་དི་པེ་བ་ས་ཏཿས་ཏཿ། །ཏ་ཏ་པ་རཱ་ཀྲ་མ་བི་ཤྭསྟ་ས་མཔྟཱ་སུ་ར་མཎྜ་ལཿ། །བ་བྷཱུ་བ་སུ་ར་རཱ་ཛ་སྱ་ནི་ར་པཱ་ཡོ་ད་ཡོ་ཛ་ཡཿ། །དཱིཔྟ་དཱ་ན་བ་སཾ་གྲཱ་མེ་ཏེ་སྱ་སཽཪྱ་མ་ཧཱ་ཏ་

གུས་པས་མཆོད་ལྡན་དེའི། །ལྷ་ཡུལ་བཞུགས་ཤིང་གནས་པ་ལས། །དབང་པོ་དྲུག་གི་དུས་འདས་གྱུར། །ལྷ་མིན་དཀྱིལ་འཁོར་མཐའ་དག་ནི། །དེ་ཡི་ཕ་རོལ་གནོན་པས་ཉམས། །ལྷ་ཡི་རྒྱལ་པོ་འཚེ་མེད་ཅིང་། །དར་བ་དང་ནི་རྒྱལ་བར་གྱུར། །གཟི་ལྡན་གཡུལ་དུ་གཞུ་འཛིན་ལྷའི། །དཔུང་པའི་གྲིབ་མས་ཉེར་

Vol. 170 · folio 45a

རོཿ། །བི་ཤྲཱནྟཱིཾ་བྷཱ་ཛི་རེ་དེ་བཱ་བྷུ་ཛཱཙྪ་ཡོ་པ་ཛཱི་བི་བད། །ཏ་སྱ་པུ་ཎྱ་པ་ཎ་ཀྲྀ་ཏཾ་བྷུཉྫཱ་ན་སྱཱ་ཀྵ་མཾ་སུ་ཁཾ། །ཀཱ་ལ་པྲ་བཱ་ཧེ་མ་ཧ་ཏི་པྲ་ཡ་ཡུཿཥཊྤུ་རནྡ་རཱཿ། །སཏྐརྨ་ཕ་ལ་བྷོ་ག་སྱ་ལཱཾ་ཙྪ་ནཾ་བི་མ་ལམྨ་ནཿ། །

འཚོ་རྣམས། །དཔའ་བོ་ལྗོན་པ་ཆེན་པོ་དེའི། །ངལ་གསོ་དག་ནི་བསྟེན་པར་བྱེད། །དེ་ཡི་བསོད་ནམས་ཚོང་ཟོང་གིས། །མྱོས་པ་མི་ཟད་བདེ་སྤྱོད་པའི། །དུས་ཀྱི་རྒྱུན་ནི་ཆེ་བ་ལ། །བརྒྱ་བྱིན་དྲུག་ནི་འདས་པར་གྱུར། །དམ་པའི་ལས་འབྲས་སྤྱོད་པ་ཡི། །རྟགས་ནི་དྲི་མ་མེད་པའི་ཡིད། །

ཀཱ་ལུ་ཥྱཱཛྫ་ཡ་ཏེ་ཏ་སྱ་པྲ་ཏྱཱ་སནྣ་པ་རི་ཀྵ་ཡཿ། །ཨ་ཐ་ཀཱ་ལེ་ན་ཀཱ་ལུ་ཥྱ་ཀ་ལི་ཏ་སྱ་མ་ནོ་ར་ཐཿ། །ཨ་བྷཱུལློ་བྷཱ་བྷི་བྷཱུ་ཏ་སྱ་བྷཱུ་པ་ཏེ་ར་བྷི་མཱ་ནི་ནཿ། །ཏྲིད་ཤཱ་ནཱ་མི་ཡཾ་ལ་ཀྵ་མཱིརྨྨདྦཱ་ཧཱུ་བ་ལ་པཱ་ལི་ཏཱ། །

དེ་ནི་རྙོག་པར་གྱུར་པ་ལས། །རབ་ཏུ་ཉེ་བར་ཡོངས་ཟད་གྱུར། །དེ་ནས་དུས་ཀྱིས་ས་བདག་ནི། །ཉེས་པའི་རྙོག་པས་རབ་བསྒོས་ཤིང་། །མངོན་པའི་ང་རྒྱལ་ཆགས་པ་ཡིས། །ཟིལ་མནན་ཡིད་ལ་འདོད་པར་གྱུར། །སྐབས་གསུམ་པ་ཡི་དཔལ་འབྱོར་ནི། །བདག་གི་དཔུང་པའི་སྟོབས་ཀྱིས་བསྐྱངས། །

ཏ་དེ་མཱནྣ་ས་ཧེ་ཏཱ་བ་དརྡྷཱ་ས་ན་བི་ཌམྦ་ནཱཾ། །ཨ་ཧ་མེ་ཀཿསུ་ར་པ་ཏིཿཔྲ་བྷཱ་བཱ་ནུ་བྷ་བཱ་མི་ཀཾ། །ཨ་ཡམྨ་མ་བྷུ་ཛཿསརྦྦ་ཛ་གདྦྷ་ར་བྷ་ར་ཀྵ་མཿ། །ཙྱཱ་བ་ཡི་ཏྭཱ་སུ་རཱ་དྷཱི་ཤཾ་སྭརྒ་སཱ་མྲཱ་ཛྱ་སམྤ་དཾ། །

དེ་ལས་རེ་ཞིག་སྟན་ཕྱད་ཀྱིས། །བག་འཁུམས་འདི་ནི་ཡོངས་མི་བཟོད། །འགྲོ་བ་ཀུན་གྱི་ཁུར་འཛིན་པ། །བདག་གི་དཔུང་པ་འདི་ཡིས་བཟོད། །བདག་རང་གཅིག་པུ་ལྷ་དབང་དུ། །མཐུ་ཡིས་འགྱུར་བ་མིན་པ་ཅི། །ལྷ་ཡི་དབང་པོ་ཉམས་བྱས་ནས། །མཐོ་རིས་རྒྱལ་སྲིད་ཕུན་སུམ་ཚོགས། །

Vol. 170 · folio 45b

ཨེ་ཀཱ་ཏ་པ་ཏྲ་ཏི་ལ་ཀཱཾ་སྭ་ཡཾ་གྲཱ་ཧོ་ཙི་ཏཱཾ་བྷ་ཛེ། །ཨི་ཏི་ཙིནྟ་ཡ་ཏསྟ་སྱ་ཤ་ཀྲ་དྲོ་ཧཱ་བྷི་ལཱ་ཥི་ཎཿ། །ཤུ་བྷྲ་པྲ་བྷཱ་པྲ་བྷཱ་བ་ཤྲཱིརྨཱ་ལེ་བ་མླཱ་ན་ཏཱཾ་ཡ་ཡཽ། །གྷ་ནོ་ད་ཡ་ས་མུཏྤཀྟཱ་སཽ་ཛ་ནྱ་ཏ་ཊ་པཱ་ཏི་ནཱི། །

གདུགས་གཅིག་ཉིད་ཀྱི་ཐིག་ལེ་ནི། །རང་ཉིད་འཛིན་པར་འོས་པ་བསྟེན། །དེ་ལྟར་བསམས་ཤིང་བརྒྱ་བྱིན་ལ། །འཁུ་བར་མངོན་པར་འདོད་པ་དེའི། །དཀར་བའི་འོད་ལྡན་མཐུ་ཡི་དཔལ། །འཕྲེང་བ་བཞིན་དུ་ཉམས་པར་གྱུར། །སྟུག་པོས་རྒྱས་པར་བསམས་པ་ཡིས། །སྐྱེ་བོ་ལེགས་པའི་ངོགས་གཅོད་པའི། །

ལོ་ལཾ་ཀ་ལུ་ཥ་ཡ་ཏྱེ་བ་མཱ་ན་སཾ་ཤྲཱི་རཾ་གི་ཎཱི། །པྲ་མ་དཱ་བི་པ་དཱཾ་དཱུ་ཏཱི་དུཿས་ཧ་མ་ཧ་ཏཱ་མ་པི། །ཀུ་ཤ་ལོནྨཱུ་ལ་ནཱ་ཡཻ་ཙ་ཀིལྦི་ཥཱ་ཀུ་ལི་ཏཱ་མ་ཏིཿ། །པཱ་པ་སཾ་ཀལྤ་མཱ་ཏྲེ་ཎ་ཀྵི་ཏཽ་ཀྵི་ཏི་པ་ཏི་ཀྵ་ཎཱཏ། །པཱ་པ་

གཡོ་ལྡན་དཔལ་ནི་སྲེད་བཅས་ཀྱིས། །ཡིད་ཀྱི་རྫིང་བུ་དྲི་མར་བྱེད། །བག་མེད་རྒུད་པའི་ཕོ་ཉ་ནི། །ཆེ་རྣམས་ཀྱིས་ཀྱང་བཟོད་པར་དཀའ། །རིགས་ནི་ཉམས་པ་ཉིད་ཀྱི་སླད། །སྡིག་པས་འཁྲུགས་པའི་བློ་གྲོས་སོ། །སྡིག་པ་རྣམ་པར་བརྟགས་ཙམ་གྱིས། །ས་བདག་ས་ལ་སྐད་ཅིག་གིས། །ལྷུང་སྟེ་

ཏ་བི་ཤྲཱཾ་བྷ་ཕ་ལཤྩྪིནྣ་མཱུ་ལ་ཨི་བ་དྲུ་མཿ། །ཧནྟི་བི་དྱཱ་མ་ན་བྷྱཱ་སཿཤྲི་ཡཾ་ཧནྟི་མ་དོ་ད་ཡཿ། །བི་དྭི་ཥཿསཱ་དྷུ་ཏཱཾ་ཧནྟི་ཧནྟི་ལོ་བྷ་ས་མུནྣི་ཏིཾ། །ཨ་ཧོ་བ་ཏེ་མ་ཧོཏྐཪྵ་ཤྲིཾ་གཱ་རོ་ཧོ་མ་ཧོ་ད་ཡཿ། །བི་བྷ་

འབྲས་བུ་རྣམ་ལྷུང་ཞིང་། །རྩ་བ་བཅད་པའི་ལྗོན་པ་བཞིན། །མ་གོམས་པ་ཡིས་རིག་པ་འཇོམས། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས། །རྣམ་སྡང་གིས་ནི་ལེགས་ཉིད་འཇོམས། །ཆགས་པས་ཡང་དག་མཐོ་བ་འཇོམས། །ཀྱེ་མ་ཀྭ་ཡེ་དར་རྒྱས་ཆེ། །ཆེ་ཞིང་མཐོ་བའི་རྩེར་འཛེགས་པ། །འབྱོར་པས་

Vol. 170 · folio 46a

བོདྦྷ་བ་མཏྟཱ་ནཱཾ་པ་ཧ་སཻ་བ་པ་ཏ་ཏྱདྷཿ། །ཏེ་ན་སརྦཱ་བི་བྷཱུརྣཱ་མ་པཱུ་ཛི་ཏཿཔཱུརྦྦ་ཛནྨ་ནི། །ཏཏྤ་ལ་དཱཔྟ་བ་ན་རཱ་ཛྱཾ་སྤྲྀ་ཧ་ཎཱི་མ་རུཏྤ་ཏེཿ། །སུ་རཱ་དྷི་པཱ་དྷི་པཿཀོ་པེ་པྲ་བྷཱ་བོ་བིསྨ་ཡཱ་བ་ཧཿ། །ཨ་ནལྤསྟ་སྱཱ་བྷཱུཏ་པཱ་

རྒྱགས་པ་སྐྱེས་པ་རྣམས། །འཕྲལ་ཉིད་དུ་ནི་འོག་ཏུ་ལྟུང་། །དེ་ཡི་སྐྱེ་བ་སྔ་མ་ལ། །ཐམས་ཅད་ཟིལ་གནོན་ཞེས་བྱ་མཆོད། །ལྷ་དབང་རྒྱལ་སྲིད་བསྟེན་འོས་ནི། །དེ་ཡིས་འབྲས་བུ་ཐོབ་གྱུར་ཅིང་། །གང་ཡང་ལྷ་དབང་ལས་ལྷག་པ། །མཐུ་ནི་ཡ་མཚན་ལྡན་པ་དག །དེ་ཡི་སྣོད་ལ་སྦྱིན་པའི་ཆས། །

ཏྲ་དཱ་ནཱཾ་ཤ་སཾ་བྷ་བཿ། །བནྡྷུ་མ་ཏྱ་བྷི་དྷཱ་ནཱ་ཡཱཾ་ན་གཪྻཱ་མུ་ཙི་ཏཿཤུ་ཙིཿ། །བ་ནི་གུཏྐ་རི་ཀོ་ནཱ་མ་སོ་བྷ་བཏྤུརྦྦ་ཛནྨ་ནི། །བི་པ་ཤྱཱི་ནཱ་མ་བྷིཀྵ་ཡཻ་སམྱཀྶཾ་བུདྡྷ་ཏཱཾ་ག་ཏཿ། །བི་བེ་ཤ་ཏདྒྲྀ་ཧཾ་སརྦྦ་སཏྭ་སཾ་ཏཱ་ར་ཎོདྻཱ་

བསྐྱེད་པ་མི་ཉུང་སྐལ་བར་གྱུར། །གཉེན་ལྡན་ཞེས་ནི་བྱ་བ་ཡི། །གྲོང་ཁྱེར་འོས་ཤིང་གཙང་བ་རུ། །ཚོང་དཔོན་ཨུད་ཀ་རི་ཀ་ཞེས། །དེ་ཡི་སྔོན་གྱི་སྐྱེ་བར་གྱུར། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ཉིད་དུ་གྱུར་ཅིང་སེམས་ཅན་ཀུན། །སྒྲོལ་བ་ལ་བརྩོན་རྣམ་གཟིགས་མཚན། །བསོད་སྙོམས་

ཏཿ། །པཱ་ཏྲེ་ཏ་སྱ་ས་ནི་ཀྵེ་པ་མུངྒ་མུཥྚིམྤྲ་སནྣ་དྷཱིཿ། །ཕ་ལཱ་ནི་ཏ་ཏྲ་ཙ་ཏྭཱ་རི་པེ་ཏུཿཤེ་ཥཱ་ཎེ་བྷཱུ་ཏ་ལེ། །ཏེ་ན་དཱ་ན་པྲ་བྷཱ་བེ་ན་མནྡྷཱ་ཏཱ་པྲྀ་ཐི་བཱི་པ་ཏིཿ། །སརྦ་དྭཱི་པ་པ་ཏི་བྷཱུ་ཏྭཱ་ཤཀྲཱརྡྷཱ་ས་ན་མཱཔྟ་བཱན། །

སླད་དུ་དེ་ཁྱིམ་ཞུགས། །དེ་ཡི་སྣོད་དུ་དང་བའི་བློས། །སྲན་མ་ཆག་གང་དེ་ཡིས་འཕངས། །དེ་ལས་ལྷག་མ་བཞི་དག་ནི། །ས་ཡི་གཞི་ལ་ལྷུང་བར་གྱུར། །དེ་ཡི་སྦྱིན་པའི་མཐུ་ཡིས་ནི། །ས་ཡི་བདག་པོ་ང་ལས་ནུ། །གླིང་རྣམས་ཀུན་གྱི་བདག་གྱུར་ནས། །བརྒྱ་བྱིན་སྟན་ཕྱེད་ཐོབ་པར་གྱུར། །

Vol. 170 · folio 46b

མུངྒ་ཤེ་ཥ་ཙྱུ་ཏོ་ཡསྨཱཏ་བྷཱུ་མཽ་ཏ་སྱཱ་ནྱ་ཙེ་ཏ་སཿ། །ཏ་དཱ་སཽ་ཕ་ལ་པཪྻནྟེ་པ་ཏིསྟྲྀ་ད་ཤཱ་ལ་ཡཱཏ། །ལུ་ཋ་ཏི་བི་ཀ་ལ་ཀལྤཱ་ཡ་ཏྲ་སཾ་ཀལྤ་མཱ་ལཱི་སྥུ་ར་ཏི་ན་ཙ་ཀ་དཱ་ཙི་ཏ་སྭཔྣ་མཱ་ཡཱནྟ་རེ་ཡཱ། །བྷ་བ་

དེ་ཡི་སེམས་ནི་གཞན་གང་ལས། །སྲན་མ་ལྷག་མ་ས་ལ་ལྷུང་། །དེ་ཚེ་འདི་ནི་འབྲས་བུའི་མཐར། །སྐབས་གསུམ་པ་ལས་ལྷུང་བར་གྱུར། །གང་ཞིག་རྨི་ལམ་སྒྱུ་མའི་གནས་སྐབས་སུ་ཡང་ནམ་ཡང་མི་འཕྲོ་བའི། །རྣམ་རྟོག་འཕྲེང་བ་ཅུང་ཟད་འཁྲུགས་པས་གང་ལ་ཉེ་བར་རབ་སྦྱར་བ། །འདི་ནི་

ཏི་བི་བྷ་བ་བྷོ་གཱ་བྷོ་གི་ནཱི་བྷཱ་གྱ་བྷཱ་ཛཱ་མ་ཏུ་ལ་ཕ་ལ་ཏ་ཏིཿསཱ་དཱ་ན་ཀལྤ་དྲུ་མཿ། །ཨི་ཏྱཱ་ཧ་བྷ་ག་བཱན་བུདྡྷ་པྲཱི་ཏྱ་དཱ་ན་ཕ་ལཾ་ཤྲི་ཡཾ། །ནི་ཛ་ཛནྨཱནྟ་རཱ་ཁྱཱ་ནཻརྦྷིཀྵཱུ་ཎཱ་མ་ནུ་ཤཱ་ས་ནེ། །

སྦྱིན་པའི་དཔག་བསམ་ཤིང་གི་མཚུངས་མེད་འབྲས་བུ་རབ་རྒྱས་ཚེ། །འབྱོར་པའི་ལོངས་སྤྱོད་སྤྱོད་པ་ཉིད་དུ་སྐལ་བ་བསྟེན་པ་རྣམ་དག་གྱུར། །སངས་རྒྱས་བཅོམ་ལྡན་དགེས་པ་ཡིས། །རང་གི་སྐྱེ་བ་གཞན་བརྗོད་ཅིང་། །དགེ་སློང་རྣམས་ལ་རྗེས་བསྟན་དུ། །སྦྱིན་པའི་འབྲས་བུའི་དཔལ་འདི་གསུངས། །

ཨི་ཏི་ཀྵེ་མེནྡྲ་བི་ར་ཙིཏྟཱ་ཡཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་མཱནྡྷ་ཏུ་ར་བ་དཱ་ནཾ་ཙ་ཏུརྠཿཔལླ་བ།། །།དུགྡྷཱ་བྡྷིརྦི་བུ་དྷཱརྠ་ནཱ་ཏི་བི་དྷུ་རཱཿཀྵུབྡྷཤྩ་ཀཱཾ་པེ་ཙི་རཾ་ཀམྤན་ཏེ་ཙ་ནི་སརྒ་

ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས། ང་ལས་ནུའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཞི་པའོ།། །།ལྷ་རྣམས་ཀྱིས་བསླངས་བ་སྲུབས་པས་ཤིན་ཏུ་འཁྲུགས་ཤིང་འོ་མའི་ཆུ་གཏེར་རིང་ཞིག་

Vol. 170 · folio 47a

ཏཿཀི་ལ་ཀ་ལོཏྶ་རྒེཥུ་ཀལྤ་དྲུ་མཱཿ། །ཨེ་ཀཿཀོ་པི་ས་ཛཱ་ཡ་ཏེ་ཏ་ནུ་ཤ་ཏཻ་ར་བྷྱསྟ་དཱ་ན་སྠི་ཏིརྣིཥྐམྦཱ་པུ་ལ་ཀོཏྐ་རཾ་བ་ཧ་ཏི་ཡཿཀཱ་ཡཾ་པྲ་དཱ་ནེ་ཥྭ་བི། །ཨསྟི་ཀཻ་

འདར། །རང་བཞིན་ཉིད་ཀྱི་འབྲས་བུ་རབ་ཏུ་གཏོང་ཚེ་དཔག་བསམ་ཤིང་ཡང་འདར་རོ་ལོ། །གང་ཞིག་ལུས་ནི་རབ་ཏུ་གཏོང་ཡང་སྤུ་ལོང་ཚོགས་འཛིན་འདར་བ་མི་མངའ་བ། །སུ་ཞིག་གཅིག་པུ་དེ་ནི་ལུས་བརྒྱས་སྦྱིན་པའི་ལུགས་འདི་གོམས་པར་གྱུར་པ་ཡིན། །ཀཻ་ལ་ཤས་

ལཱ་ཤ་ཧ་སི་ནྱཱ་མུཏྟ་ར་སྱཱ་མ་ནུཏྟ་རཱ། །དི་ཤི་བྷ་དྲ་ཤི་ལཱ་ནཱ་མ་བྷུ་བ་ནཱ་བྷ་ར་ཎཾ་པུ་རཱི། །ཡ་སྱཱཾ་སི་ཏ་ཡ་ཤཿཔུཥྤཿས་ཕ་ལཱཿསརྦྦ་སཾ་པ་དཿ། །དཱ་ནོདྻཱ་ན་ལ་ཏཱཿཔྲཱི་ཏྱཻ་བ་བྷཱུ་བུ་པུ་ར་བཱ་སི་ནཱཾ། །ཡ་ཏྲ་ཏྲི་པུ་ར་ཛིནྣེ་

མཚོན་བྱང་ཕྱོགས་ན། །བླ་ན་མེད་པའི་གྲོང་ཁྱེར་ནི། །བཟང་པོའི་བྲག་ཅེས་བྱ་བ་སྟེ། །ས་ཡི་རྒྱན་དུ་གྱུར་པ་ཡོད། །གང་དུ་གྲགས་སྙན་མེ་ཏོག་དཀར། །ཕུན་ཚོགས་ཀུན་གྱི་འབྲས་བུ་བཟང་། །སྦྱིན་པའི་སྐྱེད་ཚལ་འཁྲི་ཤིང་ནི། །གྲོང་ཁྱེར་པ་རྣམས་དགའ་སླད་གྱུར། །གྲོང་ཁྱེར་གསུམ་རྒྱལ་མིག་

ཏྲ་ཤི་ཁི་ཏྲསྟོ་མ་ནོ་བྷ་བཿ། །ཨ་བ་ལཱ་བྷི་ཙ་ལ་ཀྲཱི་ཌཱ་བྷྲཱུ་བྷཾ་གཻ་རེ་བ་རཀྵེ་ཏ། །མུཀྟ་ཛཱ་ལོཛྫྭ་ལཱ་ཡ་ཏྲ་བྷཱ་ཏི་ཧེ་མ་གྲྀ་ཧི་བ་ལཱི། །མེ་རོཿཤི་ཥ་ར་མཱ་ལེ་བ་བི་སྥུ་རཏ་སྥི་ཏ་ཏཱ་ར་ཀཱཿ། །ཏ་སྱཱཉྩནྡྲཿཔྲ་བྷཱ་ཤྲཱི་

གི་མེས། །གང་དུ་སྐྲག་པས་ཡིད་འབྱུང་ནི། །སྟོབས་མེད་གཡོ་ཞིང་རྩེ་བ་ཡི། །སྨིན་མ་འཁྱོག་པོ་ཉིད་ཀྱིས་བསྲུངས། །གང་དུ་གསེར་གྱི་ཁང་པའི་འཕྲེང་། །མུ་ཏིག་ཚོགས་རབ་འབར་བས་མཛེས། །ལྷུན་པོ་རྩེ་ཡི་འཕྲེང་བ་ནི། །རྒྱས་པའི་རྒྱུ་སྐར་འཕྲོ་བ་བཞིན། །དེར་ནི་དཔལ་ལྡན་ཟླ་བའི་འོད། །

Vol. 170 · folio 47b

མཱ་ན་བྷཱུཏ་བྷཱུ་མི་བྷྲྀ་ཏཱཾ་བ་རཿ། །ཀཻ་ལཱ་ས་ཨི་པ་ཡཿཀཱནྡྱཱ་ཙ་ཀཱ་ར་དི་ན་ཙནྡྲི་ཀཱཾ། །ཡ་སྱ་དེ་ཧ་པྲ་བྷཱ་པཱུ་རཻཿཔཱུརྞེནྡུ་དྻུ་ཏི་ཧཱ་རི་བྷིཿ། །ནིཿཤཱ་སུ་དཱི་པ་ཀཱ་བྷཱ་སུ་ནཱ་བྷཱུཏ་སྣེ་ཧ་གུ་ཎ་ཀྵ་ཡཿ། །སྨ་ར་ཛྭ་རཾ་བྷ་ཛནྟེ་སྱ་དཪྴ་ནེ་

ས་འཛིན་རྣམས་ཀྱི་མཆོག་ཏུ་གྱུར། །ཉིན་མོའི་ཟླ་འོད་མཛེས་པ་ཡིས། །གང་ཞིག་ཀཻ་ལ་ཤ་བཞིན་བྱས། །གང་གི་ལུས་འོད་ཟླ་ཉ་ཡི། །འོད་ལྟར་རྫོགས་པའི་འཕྲོག་བྱེད་ཀྱིས། །གསལ་བྱེད་ཅན་མིན་སྣང་བའི་མཚན། །བྱམས་པའི་ཡོན་ཏན་ཟད་མ་གྱུར། །འདི་མཐོང་ཉིད་ན་རྒྱུ་སྐར་རྣམས། །འདོད་

ནཻ་བ་ཏཱ་ར་ཀཱཿ། །ཨི་ཏིཙྪ་ཏྲཙྪ་ལ་ད་སྱཙྪ་དི་ཏཾ་ཁ་མི་བེནྡུ་ནཱ། །པྲ་ཏི་ཤ་ཏྱེ་ཥ་ས་ཏ་ཏཾ་ཤྲི་ཡཾ་མཏྐོ་ཤ་སཾ་ཡཱཾ། །ཨི་ཏཱི་ཤ་དཪྴ་ནེ་སྱ་སཾ་ཀོ་ཙ་པྲཱ་པ་པདྨི་ནཱི། །སེ་ནཱ་ཧཾ་ཀཱ་ར་མུཏྶྲྀ་ཛྱ་ཏྱཱ་ག་

པའི་རིམས་ནི་བསྟེན་འགྱུར་ཞེས། །མཁའ་ལ་གདུགས་ཀྱི་ཟོལ་དག་གིས། །འདི་ནི་ཟླ་བས་བསྒྲིབས་པ་བཞིན། །དམ་པའི་མཛོད་ན་གནས་པའི་དཔལ། །རྟག་ཏུ་འདི་ཡིས་རབ་སྟེར་ཞེས། །གང་ཞིག་མཐོང་ལ་པདྨོ་ཅན། །ཟུམ་པར་རབ་ཏུ་ཐོབ་པ་བཞིན། །སྡེ་ཡི་ང་རྒྱལ་རབ་བཏང་ནས། །གཏོང་བ་

ཤུ་བྷྲ་ཤྲི་ཡཱ་ཤྲི་ཡཿ། །ནིརྡིཥྚཱཿཙྪ་ཏྲ་མུ་ཀུ་ཊ་པྲ་ཀ་ཊཿཔུ་ར་བཱ་སི་ནཱཾ། །ཤུ་ཤུ་བྷེ་བི་བྷ་བསྟ་སྱ་པུ་ཎྱཱ་ལཾ་ཀྲྀ་ཏོནྣ་ཏེཿ། །ཨཱ་རོ་ཧ་ཏི་པ་རཱཾ་ཀོ་ཊཱཾ་ན་མྲ་སྱ་དྷ་ནུ་ཥོ་གུ་ཎཿ། །ཙ་ཏྭཱ་རིཾ་ཤཏ་ས་

དཀར་བའི་དཔལ་གྱིས་དཔལ། །གདུགས་དང་ཅོད་པན་རབ་གསལ་རྣམས། །གྲོང་ཁྱེར་པ་རྣམས་དག་ལ་བཏང་། །དེ་ཡི་འབྱོར་པ་དུལ་བ་ཡིས། །དཔལ་གྱིས་བརྒྱན་ཅིང་མཐོ་བ་མཛེས། །གཞུ་ལྟར་གུག་པའི་ཡོན་ཏན་རྒྱུད། །གཞན་དག་རྩེ་རུ་འཛེགས་པ་ཉིད། །སྟོང་ཕྲག་བཞི་བཅུ་དག་

Vol. 170 · folio 48a

ཧ་སྲཱ་ཎི་བཏྶ་རཱ་ཎཱཾ་ཤ་ཏཱ་ནི་ཙ། །བ་བྷཱུ་བ་དེ་ཧི་ནཱ་མཱ་ཡུསྟ་སྱ་ཀཱ་ལེ་ཀ་ལི་དྭི་ཥཿ། །ཏ་སྱ་ཥཥྛི་ས་ཧཱ་སྲཱ་ཎི་པུ་རཱི་ཎཱཾ་པཱུརྞ་སམྤ་དཱཾ། །བ་བྷཱུ་བུརློ་ཀ་པཱ་ལ་སྱ་ལོ་ཀ་པཱ་ལཱ་དྷི་ཀ་ཤྲི་ཡཿ། །ཡ་ཛྙ་

དང་ནི། །བརྒྱ་ཕྲག་དག་གི་ལོ་རྣམས་ཀྱང་། །ལུས་ཅན་རྣམས་ཀྱི་ཆེར་གྱུར་པ། །དེ་དུས་རྩོད་ལ་སྡང་བ་བྱུང་། །འཇིག་རྟེན་སྐྱོང་ལས་ལྷག་པའི་དཔལ། །འཇིག་རྟེན་སྐྱོང་དེའི་གྲོང་ཁྱེར་ནི། །ཕུན་སུམ་ཚོགས་པས་གང་བ་དག །སྟོང་ཕྲག་དྲུག་ཅུ་བྱུང་བར་གྱུར། །མཆོད་

ནཿཀཱིརྟི་ཏི་ལ་ཀསྟ་སྱ་པུ་ཎྱ་བི་བྷཱུ་ཥ་ཎཱཿ། །ཡཛྙ་དྷཱུ་མ་ལ་ཏཱ་བྷཾ་གཻརྦ་བྷཱུརླཱི་ལཱ་ལ་ཀཱཿཤྲི་ཡཿ། །ཏ་སྱཱ་སམྤཏ་ཀུ་མུ་དི་ནཱི་བི་ཀཱ་ས་ན་ས་དོ་དི་ཏཿ། །ཨ་བྷཱུཏ་མ་ཧཱ་ཙནྡྲཤྩནྡྲ་ལོ་ཀ་ཨི་བོཛྫྭ་ལཿ། །

སྦྱིན་བྱེད་པོ་དེ་ཡི་དཔལ། །གྲགས་པའི་ཐིག་ལེ་བསོད་ནམས་བརྒྱན། །མཆོད་སྦྱིན་དུ་བའི་འཁྲི་ཤིང་དག །འཁྱོག་པས་གཡོ་བའི་ལན་བུ་མཛེས། །དེ་ཡི་བློན་པོ་ཟླ་ཆེན་པོ། །རབ་འབར་ཟླ་བའི་སྣང་བ་བཞིན། །ཕུན་ཚོགས་ཀུ་མུད་ལྡན་པ་ནི། །རྟག་ཏུ་རྣམ་པར་རྒྱས་བགྱིད་གྱུར། །

ཡེ་ན་ནིཤྩ་ལ་ལཀྵེ་ཎ་པྲ་བྷོཿཔྲཛྙཱ་པ་ཏཱ་ཀ་ཡཱ། །རཱ་ཛྱཱབྡྷི་ཀརྞ་དྷཱ་རེ་ཎ་པཱ་ར་མུཏྟཱ་རི་ཏཾ་ཡ་ཤཿ། །མ་ཧཱི་དྷ་རཱ་བྷི་དྷཤྩཱ་སྱ་བ་བྷཱུ་བཱ་མཱ་ཏྱ་ཀུཉྫ་རཿ། །བྷཱུ་མི་བྷཱ་ར་ས་ཧསྟ་སྱ་དིདྣཱ་ག་ཨི་བ་པཉྩ་མཿ། །མནྟྲེ་ཎཱ་

གཡོ་མེད་མཚན་མ་ཤེས་རབ་ཀྱིས། །བ་དན་རྒྱལ་སྲིད་ཆུ་གཏེར་གྱི། །རྣ་བ་འཛིན་པ་གང་གིས་ནི། །གཙོ་བོའི་གྲགས་པ་ཕ་རོལ་བསྒྲལ། །དེ་ཡི་བློན་པོའི་གླང་པོ་ནི། །ས་འཛིན་ཞེས་བྱ་ས་ཡི་ཁུར། །བཟོད་པ་གཞན་ཡང་བྱུང་གྱུར་ཏེ། །ཕྱོགས་ཀྱི་གླང་པོ་ལྔ་པ་བཞིན། །གང་ཞིག་

Vol. 170 · folio 48b

བྷིནྣ་མནྟྲ་སྱ་ཡ་སྱ་ནཱི་ཏི་བྲྀ་ཧསྤ་ཏེཿ། །ཏྱཱ་ཛི་ཏཱཿཔྲ་ཏི་སཱ་མནྟཱཿསཽདྻཾ་བི་ཥ་མི་བཱ་ཧི་ཡཿ། །ཏེ་ནཱ་མཱ་ཏྱ་ན་ས་ནྲྀ་པཿས་ཙ་རཱཛྙཱ་བི་བྷཱུ་ཥི་ཏཿ། །གུ་ཎཿསདྤུ་རུ་ཥེ་ཎེ་བ་གུ་ཎེ་ནཻ་བ་ཙ་སཛྫ་ནཿ། །ཀྲྀ་

ཕུར་བུའི་ལུགས་ཀྱིས་ནི། །མ་ཕྱེ་གྲོས་ཀྱི་གསང་སྔགས་ཀྱིས། །མི་མཐུན་ཕྱོགས་ཀྱི་དཔའ་བོ་དག །སྦྲུལ་གྱི་དུག་བཞིན་བཏང་བར་གྱུར། །བློན་པོ་དེ་ཡི་མི་བདག་དང་། །རྒྱལ་པོ་ཡིས་ཀྱང་དེ་བརྒྱན་པ། །སྐྱེས་བུ་དམ་པས་ཡོན་ཏན་དང་། །ཡོན་ཏན་གྱིས་ཀྱང་སྐྱེས་བུ་བཞིན། །བྱས་

ཏ་ཛྙཱཿས་ར་ལཿསྭཱ་མཱི་སཏ་བྷྲྀ་ཏྱོ་བྷཀྟི་ནིརྦྷ་རཿ། །སུ་ཀྲྀ་ཏ་པྲ་བྷ་བེ་ནཻ་བ་བྷཱ་གྱ་ཡོ་གེ་ན་ལ་བྷྱ་ཏེ། །ཨི་ཡ་མེ་བ་ཙི་ར་བྷྲཱནྟི་བི་ཤྲཱནྟིཿསརྦ་སམྤ་དཱ། །ཡད་གུ་ཎ་ཛྙ་ཏ་ཡཱ་བེཏྟི་སྭཱ་མི་སཏྤུ་རུ་ཥཱནྟ་རཾ། །ཏཽ་ཀ་དཱ་ཙིདྡ་དྲྀ་ཤ་ཏུཿ

ཤེས་དྲང་བའི་རྗེ་བོ་དང་། །དམ་པའི་གཡོག་ནི་རབ་གུས་པ། །ལེགས་བྱས་ལས་སྐྱེས་ཁོ་ན་ཡི། །སྐལ་བ་ལྡན་པར་རྙེད་པར་འགྱུར། །རྗེ་ཡི་སྐྱེས་བུ་དམ་པའི་ནང་། །གང་གི་ཡོན་ཏན་ཤེས་པས་རིག །འདི་ཉིད་ཁོ་ན་ཕུན་ཚོགས་ཀུན། །རིང་དུ་འཁྱམ་པའི་ངལ་གསོ་ཡིན། །སྦྱིན་ལ་ཞེན་པས་ས་བདག་ནི། །འཇིག་

སྭཔྣ་མ་ནྱཻ་ཙ་མནྟྲི་ཎཿ། །ཀྵ་ཡོ་ཡ་སྱ་ཕ་ལཾ་དཱ་ནཱཾ་བྱ་པ་ནེ་ན་མ་ཧཱི་པ་ཏེཿ། །ཏཽ་དྲྀཥྚྭཱ་དུརྣི་མིཏྟཱ་ནི་པྲཱ་དུརྦྷཱུ་ཏཱ་ནི་ཤཾ་ཀི་ཏཽ། །བྱ་གྲཽ་བ་བྷཱུ་བ་ཏུརྣི་ཏྱཾ་ཤཱནྟི་སྭསྟི་ཀ་ཀ་ཀརྨ་སུ། །ནི་མིཏྟ་དཪྴ་ནོདྦིགྣཱསྟ་པོ་བ་

འགྱུར་གང་གི་འབྲས་བུ་ཅན། །བློན་པོ་གཞན་དང་དེ་གཉིས་ཀྱིས། །ནམ་ཞིག་རྨི་ལམ་མཐོང་བར་གྱུར། །མཚན་མ་ངན་པར་རབ་བྱུང་བ། །མཐོང་བས་དོགས་པར་གྱུར་དེ་དག །རྟག་ཏུ་ཞི་དང་ཤིས་པ་ཡིས། །ལས་རྣམས་དག་ལ་ཆགས་པར་གྱུར། །སྣ་ཚོགས་བཤེས་གཉེན་ལ་སོགས་པ། །

Vol. 170 · folio 49a

ན་ག་ཏཱ་ཨ་པི། །བི་ཤྭཱ་མི་ཏྲ་པྲ་བྷྲྀ་ཏ་ཡཿསྭཱ་མཱི་ཏྱཱུ་ཙུརྨ་ཧཪྵ་ཡཿ། །ཨ་ཏྲཱནྟ་རེ་བྲ་ཧྨ་བནྡྷུཿཔྲཱགྫནྨ་བྲཧྨ་རཱཀྵ་སཿ། །རཽ་དྲཱ་ཀྵོ་ནཱ་མ་མཱཏྶརྻ་ཀྲཽཪྻ་དཽརྫ་ནྱ་དུཿས་ཧཿ། །ཤྲུ་ཏྭཱ་དཱ་ནོཏྟ་པཱཾ

དཀའ་ཐུབ་ནགས་ན་དྲང་སྲོང་ཆེ། །འདི་རྣམས་ཀྱང་ནི་མཚན་མ་དག །མཐོང་བས་ཡིད་དམན་དེ་དག་བརྗོད། །བར་དེར་སྐྱེ་བ་སྔ་མ་ནི། །ཚངས་པའི་སྲིན་པོ་ཚངས་པའི་གཉེན། །མ་རུངས་བཟོད་དཀའ་སྐྱེ་བོ་ངན། །ཕྲག་དོག་དྲག་པོའི་མིག་ཅེས་པས། །རྒྱལ་པོའི་ཡོན་ཏན་ཀུན།

ཀཱིརྟྟིཾ་རཱཛྙཿསརྦ་གུ་ཎོཛྫྭ་ལཱཾ། །ནིརྒུ་ཎཿསརྦ་གུ་ཎ་དྭེ་ཥཱི་སནྟཔྟཿས་མ་ཙིནྟ་ཡཏ། །ཨ་ཧོ་བ་ཏཱ་སྱ་ནྲྀ་པ་ཏེརྒཱ་ཡ་ཏེ་ག་ག་ནེ་ཡ་ཤཿ། །ཨ་ནི་ཤཾ་སིདྡྷ་གནྡྷརྦ་གཱིརྦཱ་ཎ་ལ་ལཱ་ན་ག་ཎཻཿ། །ས་དཱ་བི་སནྟི་ཡེ་

རབ་འབར། །སྦྱིན་པས་རབ་བསྐྱེད་གྲགས་སྙན་ཐོས། །ཡོན་ཏན་མེད་དེ་ཡོན་ཏན་ལ། །སྡང་བའི་གདུང་བས་ཡང་དག་བསམས། །ཀྱེ་མ་ཀྱི་ཧུད་མི་བདག་འདིའི། །གྲགས་པ་མཁའ་ལ་ཉིན་མཚན་དུ། །གྲུབ་པ་དྲི་ཟ་ཚིག་མདའ་ཡི། །བུད་མེད་ཚོགས་ཀྱིས་སྒྲོགས་པར་གྱུར། །དེ་ཡི་ཡོན་ཏན་བསྟོད་

ཀརྞ་ཏཏ་གུ་ཎསྟུ་ཏི་སཱུ་ཙ་ཡཿ། །ཀིཾ་ཀ་རོ་མི་པྲ་ཀྲྀ་ཏྱཻ་བ་ས་ཧེ་ནཱ་ནྱ་སྱགུ་ཎོནྣ་ཏིཾ། །ཏཏ་ག་ཏྭཱ་དཱ་ན་ཤཱི་ལ་སྱ་ཏ་སྱ་དཱ་ནཱརྫི་ཏཾ་ཡ་ཤཿ། །ཀ་རོ་མྱེ་ཥ་ཤི་རོ་ཡཱཛྙཱ་པྲ་ཏི་ཥེ་རྡེ་ན་ཁཎྜི་ཏཾ། །ཡ་ཤསྟྱཱ་ཛྱ་ཏེ་དཱ་ནོཏྠཾ་

པའི་ཁབ། །རྟག་ཏུ་བདག་གི་རྣ་བར་ཞུགས། །ཅི་བྱ་ཡོན་ཏན་གྱིས་མཐོ་གཞན། །རང་བཞིན་ཉིད་ཀྱིས་ཡོངས་མི་བཟོད། །དེས་ན་སྦྱིན་པའི་ངང་ཅན་དེའི། །སྦྱིན་པས་བསྒྲུབས་པའི་གྲགས་པ་དག །ཕྱིན་ནས་མགོ་སློང་དགག་པ་ཡིས། །ཉམས་པ་འདི་ནི་བདག་གིས་བྱས། །གལ་ཏེ་མགོ་བོ་མི་སྟེར་ན། །

Vol. 170 · folio 49b

ཤི་རཤྩནྣེ་པྲ་དཱ་སྱ་ཏི། །ཨ་ཐ་དཱ་སྱ་ཏི་བི་དྭེ་ཥ་པྲ་ཤཱནྟེརྨེ་བྷ་བི་ཥྱ་ཏི། །ཨི་ཏི་སཾ་ཙི་ཏྱ་སུ་ཙི་རཾ་ས་ཀྲཽཪྻ་ཀ་ཐི་ནཿཤ་ཋཿ། །གནྡྷ་མཱ་ད་ན་པཱ་དཱནྟ་བཱ་སཱི་བྷ་དྲ་ཤི་ལཱཾ་ཡ་ཡཽ། །ཨིནྡྲ་ཛཱ་ལ་པྲ་ཡོ་ག་ཛྙཿས་ཀྲྀ་ཏྭཱ་

སྦྱིན་པས་བསླང་བའི་གྲགས་ཉམས་འགྱུར། །ཅི་སྟེ་སྟེར་ན་བདག་གི་ནི། །ཞེ་སྡང་རབ་ཏུ་ཞི་བར་འགྱུར། །དེ་ལྟར་ཡུན་རིང་བསམས་ནས་ནི། །དྲི་ལྡང་རི་ཞབས་མཐར་གནས་པ། །གཡོ་ལྡན་མ་རུངས་དྲག་པོ་དེ། །བཟང་པོའི་བྲག་ཏུ་སོང་བར་གྱུར། །མིག་འཕྲུལ་སྦྱོར་བ་ཤེས་པ་དེ། །རབ་ཏུ་ཞི་ཞིང་

པྲ་ཤ་མོ་ཙི་ཏཾ། །བེ་ཤཾ་ཀ་ལུ་ཥ་སཾ་ཀལྤ་པུ་རཱིཾ་པྲཱ་པ་མ་ཧཱི་པ་ཏེཿ། །ཨསྨིན་བྷ་བ་བ་ནེ་ནི་ཏྱཾ་གུ་ཎ་དོ་ཥ་ས་མཱ་ཀུ་ལེ། །ཀལྤ་བྲྀཀྵཱཿཔྲ་ཛཱ་ཡནྟེ་ཛཱ་ཡནྟེ་ཙ་བི་ཥ་དྲུ་མཿ། །ཨ་ཤེ་ཥ་ནཱ་ཤ་པི་ཤུ་ནཻརྒྷོ་ར་

རིགས་པའི་ཆས། །བྱས་ཤིང་སྡིག་པའི་ཀུན་རྟོག་ལྡན། །ས་བདག་གྲོང་ཁྱེར་སླེབ་པར་གྱུར། །སྲིད་པའི་ནགས་འདིར་རྟག་ཏུ་ནི། །ཡོན་ཏན་སྐྱོན་གྱིས་ཡང་དག་གང་། །དཔག་བསམ་ཤིང་རྣམས་རབ་སྐྱེས་ཏེ། །དུག་གི་ཤིང་རྣམས་སྐྱེས་པར་གྱུར། །མ་ལུས་ཉམས་པ་མཚོན་བྱེད་ཅིང་། །

སནྟྲཱ་ས་ཀཱ་རི་བྷིཿ། །དུརྣི་མི་ཏྟཻ་རི་བ་ཁ་ལཻཿཥེ་དཿཀ་སྱ་ན་དཱི་ཡ་ཏེ། །གུ་ཎི་དྭེ་ཥཿཔྲ་ཀྲྀ་ཏྱེ་བ་པྲ་ཀཱ་ཤ་པ་རི་པནྠི་ནཿ། །དོ་ཥཱ་ཤྲ་ཡ་སྱ་ཀོ་བྷེ་དཿཁ་ལ་སྱ་ཏི་མི་ར་སྱ་ཙ། །སྭཙྪནྡ་གྷཱ་ཏཱི་སཱ་དྷཱུ་ནཱཾ་བི་

འཇིགས་རུང་སྐྲག་པར་བྱེད་པ་དག །ལྟས་ངན་ལྟ་བུའི་མི་བསྲུན་པས། །སུ་ལ་ཉོན་མོངས་སྐྱེད་མི་བྱེད། །ཡོན་ཏན་ལྡན་པའི་རང་བཞིན་གྱིས། །དགྲར་གྱུར་རབ་གསལ་མི་མཐུན་ཕྱོགས། །སྐྱོན་ལ་བརྟེན་པར་མི་བསྲུན་དང་། །རབ་རིབ་དག་ལ་དབྱེ་བ་ཅི། །ལེགས་པ་རྣམས་ཀྱི་ཡིད་གཅུགས་

Vol. 170 · folio 50a

དྭེ་ཥ་བི་ཥ་དུཿས་ཧཿ། །དཱིརྒྷཱ་བཀྵ་ཁ་ལ་བྱཱ་ལ་ཀ་རཱ་ལཿཀེ་ན་ནིརྨི་ཏཿ། །ཏསྨིན་པྲ་བིཥྚེ་ན་ག་རཾ་རཱུ་པི་ཎཱི་སུ་ར་དེ་བ་ཏཱ། །བ་ཙཱ་བྷྱ་ཏྱ་བྷཱུ་པཱ་ལཾ་སནྟྲ་ས་ར་ལེ་ཀྵ་ཎཱ། །ཤི་རོ་ཡཱ་

འཇོམས། །རྣམ་པར་སྡང་བའི་དུག་བཟོད་དཀའ། །ལོགས་རིང་སྐྱེ་བོ་མི་བསྲུན་སྤྲུལ། །འཇིགས་སུ་རུང་བ་སུ་ཡིས་སྤྲུལ། །གྲོང་ཁྱེར་དེར་ནི་རབ་ཞུགས་ཚེ། །གྲོང་ཁྱེར་ལྷ་ནི་གཟུགས་ཅན་མ། །སྐྲག་པའི་མིག་ནི་གཡོ་བ་ཡིས། །ས་སྐྱོང་ལ་ནི་མངོན་ཕྱོགས་སྨྲས། །ཚངས་པའི་

ཙ་ཀ་ཨེ་ཥ་ཏྭཱཾ་བྲ་ཧྨ་བནྡྷུ་རུ་པཱ་ག་ཏཿ། །བ་དྷྱོ་སཽ་ཛཱི་བི་ཏོ་ཙྪེ་དཱི་ཛ་ག་ཏོ་ཛཱི་བི་ཏ་སྱ་ཏེ། །ནི་རུདྡྷོ་ན་ག་ར་དྭཱ་རི་ས་མ་ཡཱ་མ་ལི་ནཱ་ཤ་ཡཿ། །མ་མ་ཏ་ད་དྲཀྵེ་ཏསྟྲཾ་དྷྲྀ་ཏིཾ་ན་ལ་བྷ་ཏེ་མ་ནཿ། །ཨི་ཏི་ཤྲུ་བཱ་ཎཱཾ་བྷཱུ་པཱ་ལ་པྲོ་

གཉེན་ནི་མགོ་སློང་བ། །འདི་ནི་ཁྱོད་ཅན་ཉེ་བར་འོངས། །འགྲོ་བའི་འཚོ་བ་ཁྱེད་ཀྱིས་ནི། །འཚོ་བ་གཅོད་བྱེད་འདི་གཞོམ་འོས། །བདག་གིས་བསམ་པ་དྲི་མ་ཅན། །དེ་ནི་གྲོང་ཁྱེར་སྒོ་རུ་བཀག །དེ་མཐོང་བ་ན་བདག་གི་ཡིད། །སྐྲག་ཅིང་དགའ་བ་མ་ཐོབ་པོ། །འདི་སྨྲ་གྲོང་ཁྱེར་ལྷ་མོ་ལ། །སློང་བ་

བཱ་ཙ་སུ་ར་དེ་བ་ཏཱཾ། །ཨརྠི་སཾ་རོ་དྷ་སཾ་ཛཱ་ཏ་ལཛྫཱ་ཙ་ན་མི་ཏཱ་ན་ནཿ། །དེ་བི་ཡཱཙྪ་བྷི་ཡཱ་ཏོ་སཽ་པྲ་བི་ཤ་ཏྭ་ནི་བཱ་རི་ཏཿ། །དཱིརྒྷོཏྶྭཱ་སཾ་ས་ཧེ་ནཱ་ཧཱ་མཱ་སཱ་བཻ་ཕ་ལྱ་མརྠི་ནཿ། །ཡཱཙྪཱ་པྲ་ཎ་ཡི་ནཱ་མརྠེ་པུ་ཎྱ་

བཀག་པས་ངོ་ཚ་དག །རབ་སྐྱེས་བཞིན་རས་དམན་གྱུར་པའི། །ས་སྐྱོང་གིས་ནི་རབ་ཏུ་སྨྲས། །ལྷ་མོ་སློང་བ་མངོན་འོངས་པ། །འདི་ནི་མ་ཟློག་ནང་དུ་ཐོང་། །སློང་བའི་བསམ་པ་འབྲས་མེད་པའི། །ཤུགས་རིངས་བདག་གིས་ཡོངས་མི་བཟོད། །སློང་བ་དོན་གཉེར་རྣམས་དོན་དུ། །ལུས་

Vol. 170 · folio 50b

པྲཱཔྟསྟ་ནུ་བྱ་ཡཿ། །ཡུ་ག་སཾ་ཁྱཱ་མ་པི་སྠི་ཏྭཱ་བི་པ་དྱནྟེ་ཧི་དེ་ཧི་ནཿ། །ཨེ་ཏ་དེ་བ་སུ་ཛཱ་ཏཱ་ནཱཾ་པཱུ་ཛྱཾ་ཛ་ག་ཏི་ཛཱི་བི་ཏཾ། །ཡ་དེ་ཥཱ་མ་གྲ་ཏོ་ཡཱ་ཏི་ནཱརྠཱི་བྷགྣ་མ་ནོ་ར་ཐཿ། །ཀྲི་ཡ་ཏཱ་མཱ་ནུ་ཀཱུ་ལྱཾ་མེ་

ཉམས་བསོད་ནམས་རབ་ཏུ་ཐོབ། །གང་ཕྱིར་ལུས་ནི་དུས་བཞིའི་གྲངས། །གནས་ཀྱང་རྣམ་པར་འཇིག་པར་འགྱུར། །སློང་བ་རེ་བ་ཉམས་པ་དག །འདི་རྣམས་མདུན་དུ་མི་བགྲོད་གང་། །དེ་ཉིད་སྐྱེ་བོ་ལེགས་རྣམས་ཀྱིས། །འཚོ་བ་འགྲོ་བར་མཆོད་པར་འོས། །བདག་གི་རྗེས་སུ་མཐུན་པ་ནི། །དགེ་

བྷ་བ་ཏྱཱ་ཀུ་ཤ་ལོ་ཙི་ཏཾ། །ཨཱ་སཱ་བི་གྷཱ་ཏེ་སཾ་ཏཱ་པསྟ་སྱ་ཏཱུརྞ་ནི་བཱཪྻ་ཏཱཾ། །ཨི་ཏི་བྷཱུ་མི་བྷྲྀ་ཏཿཤྲུ་ཏྭཱ་བ་ཙོ་ནིཤྩི་ལ་ནིཤྩ་ཡཾ། །ཛ་གཱ་མཱ་དཪྴ་ནཾ་དེ་བི་ཙིནྟཱ་སནྟཱ་པ་མཱ་ན་སཱ། །ཨ་ཐཱ་ཡ་ཡཽ་པ་ཀུ་ཊི་ལ་ཁ་ལ་ཀྲ་ཀ་ཙ་ཙེཥྚི་

བར་འོས་པ་ཁྱོད་ཀྱིས་མཛོད། །དེ་ཡི་བསམ་པ་རྣམ་བཅོམ་པའི། །གདུང་བ་མྱུར་དུ་ཟློག་པར་མཛོད། །དེ་སྐད་ས་བདག་ཚིག་ཐོས་ནས། །གཡོ་བ་མེད་པར་ངེས་པ་ཡིས། །བསམ་པས་ཡིད་ནི་རབ་གདུང་བ། །ལྷ་མོ་སྣང་བ་མུན་པར་གྱུར། །དེ་ནས་གྱ་གྱུ་ཅན་དེ་འོངས། །མི་བསྲུན་སོག་ལེའི་སྤྱོད་ཚུལ་

ཏཿ། །དཱ་རུ་ཎཿས་ར་ལ་སྱཻ་བ་ཙྪེ་དཱ་ཡ་སྭ་ཡ་མུདྻ་ཏཿ། །ཏསྨིནྣྲྀ་པ་གྲྀ་ཧཾ་པྲཱཔྟེ་བི་བྲྀ་ཏ་དྭཱ་ར་མརྠི་ནཱཾ། །བྷཱུར་བྷཱུ་པ་ཏི་ཀྵ་ཡ་བྷ་ཡཱཙྩ་ཀམྤཻ་ས་དྷ་རཱ་དྷ་ར། །ན་རེནྡྲ་ཙནྡྲ་མཱ་སཱ་དྱ་སཱ་རཱ་ཧུ་རི་བ་དུརྨུ་ཁཿ། །ས་མ་བྷྱ་

ཅན། །མི་བཟད་དྲང་པོའི་ཤིང་དག་ནི། །སྤྱོད་ལ་རང་ཉིད་སྦྱོར་བ་བཞིན། །སློང་ལ་སྒོ་ནི་རབ་ཕྱེ་བ། །མི་བདག་ཁང་པ་དེར་འོངས་ལ། །ས་བདག་འཛིན་པས་འཇིགས་པ་ཡིས། །ས་འཛིན་དང་བཅས་འདར་བར་གྱུར། །སྒྲ་གཅན་བཞིན་དུ་གདོང་ངན་དེ། །མི་དབང་ཟླ་བའི་དྲུང་དུ་འོངས། །མི་ཤིས་དོན་

Vol. 170 · folio 51a

དྷཱདྤི་དྷཱ་ཡ་པྲཱ་ག་ཤི་བཱརྠ་མི་བཱ་ཤི་ཥཾ། །སྭསྟི་རཱ་ཛན་དྭི་ཛནྨཱ་ཧི་བི་ཛ་ནེ་སིདྡྷི་སཱ་དྷ་ཀཿ། །པྲཱཔྟསྟྭཱ་མཱིསྶི་ཏ་པྲཱཔྟྱཻ་སརྦཱརྠི་སུ་ར་པཱ་ད་པཾ། །དྲྀཥྚ་བྲྀཥྚི་རི་བཱ་མྲྀ་ཏ་སྱ་མ་ཧ་ཏཱི་སཽ་ཛ་ནྱ་མི་ཏྲཾ་མ་ན་

བཞིན་ཤིས་པ་ནི། །བརྗོད་པ་སྔོན་དུ་འགྲོ་བར་བྱ། །རྒྱལ་པོ་དགེ་གྱུར་གཉིས་སྐྱེས་བདག །དབེན་པར་གྲུབ་པ་སྒྲུབ་པ་པོ། །སློང་བ་ཀུན་གྱི་ལྷ་ཡི་ཤིང་། །ཁྱོད་ཅན་འདོད་པ་ཐོབ་ཕྱིར་འོངས། །རྟག་ཏུ་གང་གིས་གཟིགས་པ་བདུད་རྩིའི་ཆར་ཆེན་ཡིད་ནི་སྐྱེ་བོ་དམ་པའི་

ཀྵཱནྟི་ཀྲོ་དྷ་ར་ཛཿཔྲ་མཱརྫ་ན་ན་དཱི་དུཿཁཱརྟྟ་མཱ་ཏཱ་མ་ཏིཿ། །ལཀྵྨཱིརྡཱ་ན་ཛ་ལོ་བྷི་ཥེ་ཀ་བི་མ་ལཱ་སོ་ཏྱོ་པ་ཡུཀྟཾ་བ་ཙོ་ནི་ཏྱཾ་ཡ་སྱ་སཾ་ཨེ་ཀ་ཨེ་བ་ཧི་བྷ་བཱན་ཛཱ་ཏོ་ཛ་གདྦཱནྡྷ་བ། །སིདྡྷ་ཡེ་ཀ་ཐི་ཏཾ་ཀཻཤྩིཙྩཀྲ་

གྲོགས། །བཟོད་པ་ཁོང་ཁྲོའི་རྡུལ་རྣམས་རབ་སེལ་ཆུ་བོ་བློ་གྲོས་སྡུག་བསྔལ་གྱིས་གཟིར་མ། །དཔལ་འབྱོར་དྲི་མེད་སྦྱིན་པའི་ཆུ་ནི་མངོན་འཐོར་ཚིག་ནི་བདེན་ཞིང་རིགས་པར་ལྡན། །འགྲོ་བ་རྣམས་ཀྱི་གཉེན་དུ་སྐྱེས་པ་དེ་ནི་ཁྱོད་ཉིད་གཅིག་པུ་ཁོ་ན་ཡིན། །འཁོར་ལོས་སྒྱུར་བའི་མགོ་ཡིས་ནི། །

བརྟི་ཤི་རོ་མ་མ། །དཱི་ཡ་ཏཱཾ་ཏཏྟྭ་ད་ནྱོ་བཱ་དཱཏྟུཾ་ཤཀྣོ་ཏི་ཀཿས་རཿ། །སནྟི་སྤཥྚཱརྠ་དཱ་ཙིནྟཱ་མ་ཎི་ཀལྤ་དྲུ་མཱ་ད་ཡཿ། །དུརླ་བྷཱརྠ་པྲ་དཱ་བ་རོ་བི་ར་ལཱསྟུ་བྷ་བདྦི་དྷཱཿ། །ཨི་ཏྱུཀྟེ་ཏེ་ན་ནྲྀ་པ་

བདག་གིས་འགྲུབ་ཅེས་འགའ་ཡིས་སྨྲས། །ད་ནི་བྱིན་མཛོད་ཁྱོད་ལས་གཞན། །སུ་ཡི་མགོ་བོ་སྦྱིན་པར་ནུས། །གསལ་བའི་དོན་སྟེར་ཡིད་བཞིན་ནོར། །དཔག་བསམ་ལྗོན་པ་ལ་སོགས་ཡོད། །རྙེད་དཀའི་དོན་ནི་རབ་སྟེར་མཆོག །ཁྱོད་ལྟ་བུ་ནི་ཤིན་ཏུ་ཉུང་། །དེ་ཡིས་དེ་བརྗོད་མི་བདག་ནི། །

Vol. 170 · folio 51b

ཏིརྣིཥྐམྤ་བི་པུ་ལཱ་ཤ་ཡཿ། །ཨརྠི་སནྡཪྴ་ནཱ་ནནྡ་ནིརྦྷ་རསྟ་མ་བྷཱ་ཥི་ཏ། །དྷ་ནྱོ་ཧཾ་ཡ་སྱ་མེ་བྲཧྨནྣརྠི་ནཱ་མརྠ་སིདྡྷ་ཡེ། །ནིརྦི་ཀལྤོ་པ་ཀ་ར་ཎཾ་བྱ་ཡཾ་ཡཱ་ཏི་སུ་ཛཱི་བི་ཏཾ། །ཀ་དཱ་པྲཱ་ཎཱཿཔ་རཱརྠེ་

མི་གཡོ་ཡངས་པའི་བསམ་པ་ཅན། །སློང་བ་གཟིགས་པས་ཀུན་དགའ་དག །རྫོགས་པ་ཡིས་ནི་དེ་ལ་སྨྲས། །གང་ཞིག་བདག་གིས་ལེགས་འཚོ་དག །སློང་བ་རྣམས་ཀྱི་དོན་གྲུབ་སླད། །རྣམ་པར་མི་རྟོག་ཡོ་བྱད་དུ། །ཟད་འགྱུར་བྲམ་ཟེ་བདག་ལེགས་སོ། །བདག་སྲོག་ཕ་རོལ་དོན་

མེ་པྲ་ཡཱནྟཱི་མ་ནོ་ར་ཐཿ། །ཀི་མེ་ཏཱ་ནི་ན་པུ་ཎྱཱ་ནི་པྲཱརྠྱནྟེ་ཏེ་ཡ་དི་ཏྭ་ཡཱ། །ཨ་ཧོ་པ་ཀ་ར་ཎ་སིདྡྷྱཻ་ཤླཱགྷྱཾ་མེ་གྲྀ་ཧྱ་ཏཱཾ་ཤི་རཿ། །ཏཏ་ཏ་དེ་བ་སྠི་ར་ལོ་ཀེ་ཡད་ཡ་དརྠི་པ་མརྦི་ཏཾ། །ཨི་ཏྱུཀྟེ་ཧཪྵ་ཡུཀྟེ་ན་བྷཱུ་

དུ་ནི། །ནམ་ཞིག་འགྱུར་ཞིང་རེ་བ་ཡོད། །གལ་ཏེ་ཁྱོད་ཀྱིས་དེ་བསླངས་པ། །འདི་ནི་བསོད་ནམས་ཅིས་མ་ཡིན། །འཇིག་རྟེན་འདིར་ནི་སློང་རྣམས་ལ། །གང་གང་བྱིན་པ་དེ་དེ་བརྟན། །གྲུབ་པའི་ཡོ་བྱད་བདག་གི་མགོ །བསྔགས་པར་འོས་པ་གཟུང་བར་མཛོད། །ས་སྤྱོད་སྙིང་སྟོབས་ལེགས་ལྡན་པ། །

བྷུ་ཛཱ་ས་ཏྭ་ཤཱ་ལི་ནཱ། །ཏ་མཱུ་ཙ་ཏམྨ་ཧཱ་མཱ་ཏྱཽ་མ་ཧཱ་ཙནྡྲ་མ་ཧཱི་དྷ་རཽ། །ནི་ཛ་ཛཱི་བི་ཏ་རཀྵེ་བ་དྷརྨྨསྟེ་པྲ་ཐ་མཿཔྲ་བྷོ། །ཏྭ་ཡི་ཛཱི་བ་ཏི་ཛཱི་བནྟི་སརྦེ་ཛ་ག་ཏེ་ཛནྟ་བཿ། །ནཱ་དཱ་ཏུ་མརྷ་སི་ཤི་རཿསརྦཱ་དྷཱ་ར་ཧི་ཏེ་བ་སུཿ། །དཱི་

རབ་དགའ་ལྡན་པས་འདི་བརྗོད་ཚེ། །བློན་པོ་ཆེན་པོ་ཟླ་ཆེན་དང་། །ས་འཛིན་དག་གིས་དེ་ལ་སྨྲས། །རྗེ་བོ་ཁྱོད་ཀྱི་ཆོས་དང་པོ། །རང་གི་སྲོག་ནི་བསྲུང་བ་ཉིད། །འགྲོ་བར་ཁྱོད་ནི་འཚོ་བ་ན། །སྲོག་ཆགས་ཐམས་ཅད་འཚོ་བར་འགྱུར། །གང་ཕྱིར་ཁྱོད་ལུས་ཀུན་གྱི་གཞི། །མགོ་བོ་སྦྱིན་པར་མི་འོས་སོ། །རིན་

Vol. 170 · folio 52a

ཡ་ཏཾ་བྲཧྨ་ཎཱ་ཡཱསྨཻ་ཧེ་མ་རཏྣ་མ་ཡཾ་ཤི་རཿ། །སརྦཱརྠཻ་རརྠི་སཱརྠ་ནཱཾ་པཱུཪྻནྟེ་ཡཻརྨྨ་ནོ་ར་ཐཱཿ། །ཏེ་ཥཱཾ་སཾ་རཀྵ་ཎེ་ནཻ་བ་སརྦཾ་བྷ་བ་ཏི་རཀྵི་ཏཾ། །སཾ་ཀལྤོ་ཡཾ་དྭི་ཛ་སྱཱ་སྱ་ཀྲཱུ་རཿཀ་ལུ་

ཆེན་གསེར་གྱི་རང་བཞིན་མགོ །བྲམ་ཟེ་འདི་ལ་སྦྱིན་པར་མཛོད། །སློང་བའི་དོན་མཐུན་རེ་བ་དག །གང་གི་དོན་ཀུན་གྱིས་རྫོགས་པ། །དེ་དག་ཡང་དག་བསྲུངས་པ་ཡིས། །ཐམས་ཅད་བསྲུངས་པ་ཉིད་དུ་འགྱུར། །སྡིག་པའི་སེམས་ལྡན་གཉིས་སྐྱེས་འདིའི། །རྣམ་རྟོག་

ཥ་ཙེ་ཏ་སཿ། །མཱུ་ལོཙྪེ་དོ་པ་ཛཱི་བྱོ་ཧི་ན་ཀལྤ་ཏ་རུ་རརྠི་ནཱཾ། །ཧེ་མ་རཏྣ་ཤི་རཿཔྲཱ་སྱ་ཡཱ་ཏྭེ་ཥ་ཤི་ར་སཱ་སྱ་ཀིཾ། །ཙིནྟཱ་མ་ཎིརྦི་ནིཥྤ་ཥྱ་བྷུ་ཛྱ་ཏེ་ན་བུ་བྷུཀྵི་ཏཻཿ། །ཨི་ཏྱུཀྟེ་མནྟི་མུ་ཁྱཱ་བྷྱཾ་ཧེ་མ་

འདི་ནི་འཇིགས་སུ་རུང་། །གང་ཕྱིར་སློང་བའི་དཔག་བསམ་ཤིང་། །རྩ་བཅད་ཉེ་བར་འཚོ་བྱ་མིན། །རིན་ཆེན་གསེར་གྱི་མགོ་ཐོབ་ནས། །འདི་ནི་འགྲོ་འགྱུར་མགོ་ཡིས་ཅི། །བཀྲེས་པ་རྣམས་ཀྱི་ཡིད་བཞིན་ནོར། །རྣམ་པར་བརྟགས་ནས་བགམ་བྱ་མིན། །བློན་པོའི་གཙོ་བོས་འདི་སྨྲས་ཚེ། །རིན་ཆེན་

རཏྣ་ལ་ཡཾ་ཤི་རཿ། །སིདྡྷཽ་ནེ་བོ་པ་ཡོ་གྱཾ་ཏནྨ་མེ་ཏི་བྲཱཧྨ་ཎོ་བྲ་བཱིཏ། །ཨ་ཐོནྨུ་མོ་ཙ་ནྲྀ་པ་ཏིརྨུ་ཀུ་ཊཾ་མཽཀྟི་ཀཱཾ་ཤུ་བྷིཿ། །ཤི་རོ་བི་བ་ཧ་དུཿཁེ་ན་སཱ་ཤྲུ་དྷཱ་ར་མི་བཱ་ཏི་ཏཿ། །མུ་ཀུ་ཊཱ་ནི་ཀྵ་ཎེ་ཏ་སྨིན་ནི་པེ་

གསེར་གྱི་རང་བཞིན་མགོ །དེ་ནི་བདག་གིས་འགྲུབ་པ་ལ། །ཉེར་མཁོ་མེད་ཅེས་བྲམ་ཟེས་སྨྲས། །དེ་ནས་ཅོད་པན་མི་བདག་གིས། །རབ་བཀྲོལ་མུ་ཏིག་འོད་རྣམས་ནི། །མགོ་དང་བྲལ་བའི་སྡུག་བསྔལ་གྱིས། །ཀུན་ནས་མཆི་མའི་རྒྱུན་བཅས་བཞིན། །སྐད་ཅིག་དེ་ལ་གྲོང་ཁྱེར་བའི། །ཅོད་པན་

Vol. 170 · folio 52b

ཏུཿཔུ་ར་བཱ་སི་ནཱཾ། །དིགྡཱ་ཧོལྨུ་ཀ་ཏུ་ལྱཱ་བྷི་རུལྐཱ་བྷིཿས་ཧ་བྷཱུ་ཏ་ལོ། །རཱ་ཛྙཱ་པྲ་དཱ་ནེ་ཤི་ར་སཿསརྦ་ཐཱ་པ་རི་ཀལྤི་ཏེ། །ཏཽ་ཙཀྲ་ཏསྟ་ནུ་ཏྱཱ་གཾ་མནྟྲི་ཎཽ་དཥྚུ་མ་ཀྵ་མཽ། །རཏྣ་གརྦྷ་མི་ཐོདྻཱ་ནཾ་པྲ་བི་ཤྱ་

རྣམས་ནི་ས་གཞི་ལ། །ཕྱོགས་ནི་བསྲེག་མཚུངས་མགལ་མེ་དང་། །སྐར་མདའ་དག་དང་ལྷན་ཅིག་ལྷུང་། །རྒྱལ་པོས་མགོ་ནི་རབ་སྟེར་བ། །རྣམ་པ་ཀུན་ཏུ་ཡོངས་བརྟགས་ཏེ། །མཐོང་བར་མི་བཟོད་བློན་པོ་ནི། །དེ་དག་ལུས་ནི་བཏང་བ་བྱས། །དེ་ནས་སྐྱེད་ཚལ་རིན་ཆེན་ནང་། །ཞུགས་ཏེ་ས་

པྲྀ་ཐི་བཱི་པ་ཏིཿ། །ཨུཏྥུལླ་ཙམྤ་ཀ་སྱཱ་དྷཿཤི་ར ཤྪེཏྟུཾ་ས་མུདྻ་ཡཽ། །ཨུདྻཱ་ན་དེ་བ་ཏཱ་དྲྀཥྚྭཱ་ཏཾ་ཤི་ར ཤྪཏྟུ་མུངྻ་ཏྲཾ། །མཱ་ཀྲྀ་ཐཱ་སཱ་ཧ་སཾ་རཱ་ཛནྣི་ཏྱུ་བཱ་ཙ་ཤུ་ཙ་ཀུ་ལཱ། །ཀམྤ་ནཱཿཔྲ་མཱ་པི་ནྱསྟ་མཏྟཱ་ལི་ཀུ་

ཡི་བདག་པོ་ཡིས། །རབ་རྒྱས་ཙམ་པ་ཀ་འོག་ཏུ། །མགོ་བོ་གཅོད་དུ་ཡང་དག་གཤེགས། །སྐྱེད་མོས་ཚལ་གྱི་ལྷས་མཐོང་ནས། །མགོ་བོ་གཅོད་པར་བརྩོན་དེ་ལ། །རྒྱལ་པོ་ཐུབ་ཆོད་མ་མཛད་ཅེས། །མྱ་ངན་དག་གིས་འཁྲུགས་པར་སྨྲས། །འདར་ལྡན་འཁྲི་ཤིང་རབ་སྨྲས་པ། །བུང་བ་མྱོས་

ལ་སྭ་ནཻཿ། །ནྱ་བཱ་ར་ཡིནྣ་བ་ལ་ཏཱ་ལོ་ལ་པལླ་བ་པཱ་ཎི་བྷིཿ། །སོ་པི་ནྱིཤྩ་ལ་སཾ་ཀལྤཿསྲ་སཱ་དྱོདྻཱ་ན་དེ་བ་ཏཱཾ། །བི་མ་ལཱཾ་བོ་དྷི་མཱ་ལཾ་བྱ་བ་བྷཱུ་བ་པྲ་ཎི་དྷཱ་ན་བཱན། །ཨསྨིན་རཏྣ་མ་ཡོདྻཱ་ནེ་པུ་ཎྱ་རཱ་ཤི་

ཚོགས་སྒྲ་དང་ནི། །ཡལ་འདབ་རབ་ཏུ་གཡོ་བ་ཡིས། །ལག་པ་དག་གིས་བཟློག་པ་བཞིན། །རྣམ་པར་བརྟགས་པ་གཡོ་མེད་དེས། །སྐྱེད་ཚལ་ལྷ་ཡང་དང་བྱས་ནས། །དྲི་མེད་བྱང་ཆུབ་ལ་དམིགས་པའི། །སྨོན་ལམ་དག་དང་ལྡན་པར་གྱུར། །གྲོང་དང་རིན་ཆེན་རང་བཞིན་ཚལ། །འདི་ནི་བསོད་

Vol. 170 · folio 53a

ས་མུནྣ་ཏཾ། །སྟཱུ་པ་མསྟུ་པྲ་ཎཱ་མསྟུ་སཏྭ་སནྟཱ་ར་ཎོ་ཙི་ཏཾ། །ཡཏྐིཉྩ་དརྫི་ཏཾ་པུ་ཎྱཾ་སཾ་ཀལྤེ་ན་མ་ཡཱ་མུ་ནཱ། །བྷ་བནྟུ་ཏེ་ན་སཾ་སཱ་རེ་ནིཿསཾ་སཱ་རཱཿཤ་རཱི་རི་ཎཿ། །དྷྱཱ་ཏྭེ་ཏི་

ནམས་ཕུང་པོས་མཐོ། །སེམས་ཅན་ཡང་དག་སྒྲོལ་འོས་པ། །སྟོན་པའི་མཆོད་རྟེན་འབྱུང་གྱུར་ཅིག །བདག་གིས་བརྟག་པ་འདི་ཡིས་ནི། །བསོད་ནམས་ཅུང་ཟད་གང་བསྒྲུབས་པ། །དེ་ཡིས་འཁོར་བར་ལུས་ཅན་རྣམས། །འཁོར་བ་མེད་པར་འགྱུར་བར་ཤོག །དེ་ལྟར་དམིགས་

ཙམྤ་ཀ་ཏ་རོཿཤཱ་ཁཱ་ཡཱཾ་ནྲྀ་པ་ཏིཿཤི་རཿ། །པ་དྷཱ་ཀ་ཙ་ཀ་ལཱ་སེ་ནཙྪི་ཏྭཱ་པྲཱ་དཱདྡྭི་ཛནྨ་ནེ། །ཨ་ཐ་ན་ར་པ་ཏེཿས་ཏྭོཏྶཱ་ཧ་སྥུ་ཊ་པྲ་ཎི་དྷཱ་ན་ཏ་ཪྐི་མ་པི་བི་མ་ལཻཿཔུ་ཎྱཱ་ལོ་ཀེརྡི་གནྟ་པི་སཱ་རི་བྷིཿ། །བི་ག་ལི་ཏ་

ནས་མི་བདག་གིས། །ཙམ་པ་ཀ་ཤིང་ལོ་མ་ལ། །སྐྲ་ཚོགས་ཀྱིས་བཏགས་བཅད་ནས་མགོ །གཉིས་སྐྱེས་ལ་ནི་རབ་ཏུ་བྱིན། །དེ་ནས་མི་ཡི་བདག་པོའི་སྙིང་སྟོབས་སྤྲོ་ཞིང་གསལ་བའི་སྨོན་ལམ་དང་། །གང་ཡང་དྲི་མེད་བསོད་ནམས་སྣང་བ་ཕྱོགས་མཐར་རྣམ་པར་འཕྲོ་བ་ཡིས། །རྨོངས་པའི་མུན་

མ་ཧཱ་མོ་ཧ་གྷཱནྟཿཤྲི་ཏཿཔ་རི་ནྲིརྦྲྀ་ཏིཾ་པྲ་བི་ར་ཏ་བྷ་བཱ་བྷྱཱ་སཱ་ཡཱ་པཿཀྵ་ཎཱ་ད་བྷ་བཛྫ་ནཿ། །ཨི་ཏི་པྲཱགྫནྨ་བྲྀཏྟྱཱནྟ་ཀ་ཐ་ཡཱ་བྷ་ག་བཱན་ཛི་ནཿ། །བྷིཀྵུ་ཎཱཾ་བི་ད་དྷ་ཤུདྡྷ་དཱ་ན་སདྡྷརྨ་དེ་ཤ་ནཱཾ། །ཨི་

ཆེན་རྣམ་པར་སེལ་ཞིང་ཡོངས་སུ་མྱང་འདས་ལ་བརྟེན་དང་། །སྲིད་པར་གོམས་པའི་ངལ་བ་རབ་སེལ་འགྲོ་ལ་སྐད་ཅིག་དག་གིས་གྱུར། །དེ་ལྟར་སྔོན་སྐྱེས་སྤྱོད་པའི་མཐའ། །བཤད་ནས་བཅོམ་ལྡན་རྒྱལ་བ་ཡིས། །སྦྱིན་པ་དག་པའི་དམ་ཆོས་དག །དགེ་སློང་རྣམས་ལ་བསྟན་པ་བསྒྲུབས། །ཞེས་

Vol. 170 · folio 53b

ཧི་ཀྵེ་མེནྡྲེ་ན་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤཱ་ལ་ཏཱ་ཡཱཾ་ཙནྡྲ་པྲ་བྷཱ་བ་དཱ་ནཾ་པཉྩ་མཿཔལླ་པཿ།། །།དཱ་ནདྱ་ཏཱ་ནཱ་པྲྀ་ཐུ་བཱིརྻཱ་བྷཱ་ཛཱཾ་ཤུདྡྷཱཏྨ་ནཾ་ས་ཏྭ་མ་ཧོ་ད་དྷི་ནཱཾ། །ཨ་ཧོ་

པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས། ཟླ་བའི་འོད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་ལྔ་པའོ།། །།སྦྱིན་པ་ལ་བརྩོན་བརྩོན་འགྲུས་རྒྱ་ཆེའི་གནས། །དག་པའི་བདག་ཉིད་སྙིང་སྟོབས་རྒྱ་མཚོ་དང་། །སྤྲོ་བ་ཆེ་

མ་ཧོཙྪ་ཧ་བ་ཏཱཾ་པ་རརྠེ་བྷ་བཾ་ཏྱ་ཙིནྟྱཱ་ནི་ས་མཱ་ཧི་ཏཱ་ནི། །ཧརྨྱཱ་རོ་ཧ་ཎ་ཧེ་ལ་ཡཱ་ཡ་ད་བ་ལཱཿསྭ་བྷྲཻཿས་ཧཱ་བྷྲཾ་ལི་ཧཱ་ཡདྦཱ་གོཥྤ་ད་ལཱི་ལ་ཡཱ་ཛ་ལ་བྷ་ར་ཀྵོ་བྷོདྡྷ་ཏཱཿསིནྡྷ་བཿ། །ལ་གྷྱནྟེ་བྷ་བ་ན་སྠ་ལཱི་ཀ་ལ་ན་ཡཱ་

ལྡན་རྣམས་ནི་གཞན་དོན་ལ། །ཀྱེ་མ་བསམ་གྱིས་མི་ཁྱབ་བཞེད་པ་ཡིན། །གང་ཞིག་མཁར་རྙོག་རི་བོ་སུལ་བཅས་དག་ལ་རྩེ་དགས་བ་གམ་ལ་འཛེགས་དང་། །གང་དག་ཆུ་ཚོགས་འཁྲུག་ཅིང་གྱེན་འཐོར་རྒྱ་མཚོ་དག་ལ་རོལ་པས་བ་ལང་རྗེས། །གང་ཡང་ནགས་ཚལ་སྟུག་པོའི་ཁྱོན་ལ་དགའ་

ཡེ་ཙཱ་ཌ་བཱི་ནཱཾ་ཏ་ཊསྟིདྦཱཪྻ་སྱ་མ་ཧཱདྨ་ནཱཾ་བི་ལ་ས་ཏཿས་ཏྭོརྫི་ཏཾ་སྥུརྫི་ཏཾ། །པུ་རཱ་ཧི་བྷ་ག་བཱན་བུདྡྷཿཤྲ་བསྟྱཱཾ་པུ་ར་བཱ་སི་ནཱཾ། །ཨུ་པ་དེ་ཤ་པྲ་ཀཱ་ཤ་ན་ཛ་ཧཱ་རཱ་ཛྙཱ་ན་ཛཾ་ཏ་མཿ། །བྷིཀྵུ་

བདེར་ཁང་པའི་ཐང་བཞིན་འགོད་བྱེད་པ། །དེ་ནི་བདག་ཉིད་ཆེ་རྣམས་སྙིང་སྟོབས་ཀྱིས་བསྒྲུབས་རྒྱས་པའི་བརྩོན་འགྲུས་རྣམ་རྩེན་ཡིན། །སྔོན་ནི་སངས་རྒྱས་བཅོམ་ལྡན་འདས། །མན་ངག་རབ་ཏུ་གསལ་བ་ཡིས། །མཉན་ཡོད་གྲོང་ཁྱེར་བ་རྣམས་ཀྱི། །མི་ཤེས་ལས་སྐྱེས་མུན་པ་བསལ། །དེ་ནི་ནམ་

Vol. 170 · folio 54a

སཾ་གྷཻཿཔ་རི་བྲྀ་ཏཿཔ་ཀཱ་ཙིདྦ་ནིགྫ་ནཻཿ། །ཀྲྀ་ཏཱ་ནུ་ཡཱ་ཏྲོ་མ་ག་དྷཱཏ་སྭ་ཡཾ་ཙ་རི་ཀ་ཡཱ་ཡ་ཡཽ། །མ་ཧཱརྠཱ་ནུ་ག་ཏཾ་པྲ་ཛཾ་ཏཾ་བ་ན་བརྟྨ་ནཱ། །ཏཾ་དྲྀཥྚྭ་ཏསྐ་ར་ག་ཎཿཤཱ་ལཱ་ཌ་བྱཱ་མ་ཙིནྟ་

ཞིག་མ་ག་དྷར། །དགེ་སློང་ཚོགས་ཀྱིས་ཡོངས་བསྐོར་ཅིང་། །ཚོང་པའི་སྐྱེ་བོའི་རྗེས་འབྲང་བཅས། །རང་ཉིད་རྒྱུ་ཞིང་གཤེགས་པར་གྱུར། །ནོར་ཆེན་དོན་མཐུན་རྗེས་འབྲང་ཞིང་། །ནགས་ཀྱི་ལམ་ནས་གཤེགས་པ་དེ། །ཆོམ་རྐུན་ཚོགས་ཀྱིས་མཐོང་གྱུར་ནས། །སཱ་ལའི་ནགས་སུ་

ཡཏ། །ཨེ་ཥ་པྲ་ཡཱ་ཏུ་བྷ་ག་བཱ་ན་སུ་རཿས་ཏྭ་ཧི་ཏེ་ར་ཏཿ། །པཤྩཱཏ་སཱརྠཾ་གྲ་ཧཱི་ཥྱ་མཿཔཱུརྦཾ་དྲ་བི་ཎ་རཱ་ཤི་བྷིཿ། །བྷ་ག་བཱ་ན་ཐ་སརྦ་ཛྙསྟེ་ཥཱཾ་ཛྙཱ་ཏྭ་ས་མཱ་ཧི་ཏཾ། །ཀི་མེ་ཏཱ་དི་ཏི་ཏཱ་ནུ་ཙེ་ནིརྦི་

རྣམ་བསམས་པ། །སེམས་ཅན་ཕན་དགེས་བཅོམ་ལྡན་འདས། །འདི་ནི་སྔོན་ལ་གཤེགས་སུ་གཞུག །ནོར་གྱི་ཕུང་པོས་གང་བ་ཡི། །དོན་མཐུན་ཕྱི་ནས་གཟུང་བར་བྱ། །དེ་ནས་བཅོམ་ལྡན་ཀུན་མཁྱེན་གྱིས། །དེ་རྣམས་འདོད་པ་མཁྱེན་གྱུར་ནས། །རྣམ་འགྱུར་མི་མངའ་བཞིན་འཛུམ་པས། །

ཀཱ་ར་སྨི་ཏཱ་ན་ནཿ། །ཏེ་ན་མཱུ་ཙུཿཔ་རི་ཏྱ་ཛྱ་ཀཽཏྻ་མ་དྷུ་ར་ཡཱ་གི་རཱ། །ཏཏྤྲ་སཱ་ད་སྨི་ཏཱ་ལོ་ཀཻརྦི་ནཥྜ་མི་རཱ་ཨི་བ། །བྷ་ག་བཱན་ཛཱི་བི་ཏསྨཱ་ཀཾ་ནིཾ་དྱེ་ཡཾ་ཀརྨ་ནིརྨི་ཏཱ། །ནབྷྲྀ་ཏིརྣ་ཀྲྀ་ཥིརྣཱ་ནྱ་

འདི་དག་ཅི་ཞེས་དེ་ལ་གསུངས། །དེ་ཡིས་རབ་དང་འཛུམ་པ་ཡིས། །སྣང་བས་རབ་རིབ་བཅོམ་པ་བཞིན། །དེ་དག་གདུག་པ་ཡོངས་བཏང་ཞིང་། །སྙན་པའི་ཚིག་གིས་དེ་ལ་སྨྲས། །བཅོམ་ལྡན་བདག་ཅག་འཚོ་བ་འདི། །སྨད་པར་འོས་པ་ལས་ཀྱིས་སྤྲུལ། །གླ་རྔན་མ་ཡིན་ཞིང་ལས་མིན། །

Vol. 170 · folio 54b

རཀྵ་ཎཾ་ན་པྲ་ཏི་གྲ་ཧཿ། །ས་ཧཱ་ཛཾ་ཀྲཽཪྻ་མསྨཱ་ཀཾ་ནི་སརྒ་ཀ་ལུ་ཥཱཏྨ་ནཱཾ། །ཀྲི་ཡ་ཏེ་ཀེཾ་སྭ་བྷཱ་བ་སྱ་དེ་བ་ཏཱིཀྵྞཱ་ཧི་ཀརྞི་ཀཱཿ། །ཏསྨཱནྣ་བྲྀ་ཏི་ལོ་པཾ་ནཿཀརྟུ་མརྷ་སི་ག་མྱ་ཏཱཾ། །ཡཱ་ཏེ་ཏུ་ཏྭ་ཡི་སཱརྠ་སྱ་བ་ཡཾ་

གཞན་སྲུང་མ་ཡིན་བྱིན་ལེན་མིན། །བདག་ཅག་གདུག་པ་ལྷན་ཅིག་སྐྱེས། །རང་བཞིན་གྱིས་ནི་སྡིག་བདག་ཉིད། །ངོ་བོ་ཉིད་ཀྱི་ལས་ཀྱིས་ནི། །སྦྲུལ་གྱི་མཆེ་རྣོན་ཇི་ལྟར་སེལ། །དེས་ན་བདག་ཅིག་འཚོ་བ་ནི། །ཉམས་བྱར་མི་འོས་གཤེགས་པར་མཛོད། །ཁྱོད་ནི་གཤེགས་ན་དོན་མཐུན་གྱི། །ནོར་

སརྦཱརྠ་ཧཱ་རི་ཎཿ། །ཨི་ཏི་ཏེ་ཥཱཾ་བ་ཙཱཿཤྲུ་ཏྭཱ་ཀ་རུ་ཎཱ་པཱུརྞྞཱ་མཱ་ནཱ་སཿ། །དོ་ལཱ་ལོ་ལཱ་ཡི་ཏ་མ་ཏིཿབ་བྷཱུ་བ་བྷ་ག་བཱན་ཀྵ་ཎཱཾ། །ཏ་ཏ་སཱརྠ་དྷ་ནཾ་སརྦཾ་པ་རི་སཾ་ཁྱཱ་ཡ་ཏཏ་ས་མཾ། །ས་ད་དཽ་ཙཽ་ར་ཙཀྲཱ་ཡ་

རྣམས་ཐམས་ཅད་བདག་ཅག་འཕྲོག །དེ་སྐད་དེ་དག་ཚིག་ཐོས་ནས། །སྙིང་རྗེ་ཡོངས་སུ་རྫོགས་པའི་ཐུགས། །བཅོམ་ལྡན་འདས་ཀྱི་བློ་གྲོས་ནི། །སྐད་ཅིག་ཁྱོགས་ལ་འཕྱང་བར་གྱུར། །དེ་ནས་དོན་མཐུན་ནོར་རྣམས་ཀུན། །ཡངས་བགྲངས་དེ་དང་མཉམ་པ་ནི། །དེ་ཚེ་ཐོབ་པའི་གཏེར་དག་ལས། །

ཀྵ་ཎཱཔྟ་ནི་དྷཱ་ན་ཏཿ། །ཏདྦི་དྷེ་ན་ཀྲ་མེ་ཎཻ་བ་པུ་ནཿཔ་ཐི་ག་ཏཱ་ག་ཏཻཿ། །ཥཊ་ཀྲྀ་ཏྭ་པྲ་ད་དཽ་ཏེ་བྷྱཿསོརྠ་སཱརྠ་སྱ་མུཀྟ་ཡེ། །སུ་ནཤྩོ་པ་ག་ཏེ་ཏསྨིན་བརྟྨ་ནཱ་ཏེ་ན་སཱ་ནུ་གེ །བ་བྷཱུ་བ་བུདྡྷིཤྩཽ་རཱ་ཎཱཾ་ཏད་བྷོ་ཛ་ན་ནི་

ཆོམ་རྐུན་ཚོགས་ལ་དེ་ཡིས་བྱིན། །ཡང་གཤེགས་བྱོན་པས་ལམ་དུ་ནི། །རིམ་པ་དེ་ལྟ་བུ་ཉིད་ཀྱིས། །དོན་མཐུན་སྒྲོལ་ཕྱིར་དེ་ཡི་ནོར། །ལན་དྲུག་དེ་རྣམས་ལ་རབ་བྱིན། །ཡང་ནི་ལམ་དེ་ནས་འོང་སྟེ། །རྗེས་སུ་འབྲང་དང་བཅས་དེ་ལ། །དེ་ཡི་ཟས་ནི་མགྲོན་གཉེར་བའི། །བློ་གྲོས་ཆོམ་རྐུན་རྣམས་

Vol. 170 · folio 55a

མནྟྲ་ཎེ། །བྷྲྀ་ཤཱ་དི་ཤཱནྟི་བཻ་མ་ལྱཾ་ཤུ་བྷཾ་སཾ་བྷཱ་ཥ་ཎེ་ན་ཙ། །པྲ་ཛནྟི་སཾ་ག་མ་བྷྱཱ་སཻཿསནྟཿསནྨཱརྒ་སེ་ཏུ་ཏཱཾ། །ཏ་ཏྲ་ཏིཪྻགྡྲྀ་ཤ་སརྦཾ་སརྦ་ཀུ་ཤ་ལ་སཾ་ཀྵ་ཡཱ་ཏ། །ཏེ་ཥཱཾ་ས་མཱ་ཧི་

ལ་བྱུང་། །དམ་པ་མཐོང་བས་དྲི་བྲལ་ཏེ། །ཡང་དག་བཤད་པས་དགེ་བ་ཡང་། །འགྲོགས་པ་གོམས་པས་ལེགས་པའི་ལམ། །ཟམ་སྟེགས་དག་ནས་འགྲོ་བར་གྱུར། །མི་དགེ་ཐམས་ཅད་ཡོངས་ཟད་ལས། །དེ་རྣམས་འདོད་པ་དག་པ་ཀུན། །དེར་ནི་བཅོམ་ལྡན་

ཏཾ་ཤུདྡྷཾ་བི་ད་དྷེ་བྷ་ག་བཱན་ཛི་ནཿ། །ཡེ་ཥཱཾ་སཾ་གྲ་ཧ་བསྟཱུ་ནི་ཙ་ཏྭཱ་རི་ནི་ཡ་ཏཱཏྨ་ནཱཾ། །ཨརྠ་ཙཪྻཱ་ས་མཱ་ནཱརྠ་བྷཱ་བསྟྱཱ་གཿཔྲི་ཡཾ་བ་ཙཿ། །ཡེ་ཥཱཾ་བྲཧྨ་བི་ཧཱ་རཱཤྩ་ཙ་ཏྭཱ་རཿས་ཏྭ་ཤཱ་ལི་ནཱཾ། །ཀ་རུ་ཎཱ་མུ་དི་ཏོ་

རྒྱལ་བ་དག །དྲང་པོར་གཟིགས་པས་མཁྱེན་པར་གྱུར། །དོན་སྤྱོད་པ་དང་དོན་མཐུན་དང་། །བདོག་པ་གཏོང་དང་སྙན་པར་སྨྲ། །བསྡུ་བའི་དངོས་པོ་བཞི་པོ་ལ། །ངེས་པའི་བདག་ཉིད་གང་དག་དང་། །གང་ཞིག་སྙིང་སྟོབས་ལྡན་རྣམས་ཀྱིས། །ཚངས་པ་ཡི་ནི་གནས་བཞི་པོ། །སྙིང་རྗེ་དགའ་བ་བཏང་སྙོམས་

པེཀྵ་མེ་ཏྲཱི་ཙེ་ཏི་པ་རི་གྲ་ཧཿ། །ཡེ་ཥཱཾ་ཀུ་ཤ་ལ་མཱུ་ལཱ་ནི་ཤཀྟཱ་ནི་ཏྲཱི་ཎི་ཙེ་ཏ་སི། །ཨ་ལོ་བྷཤྩཱ་པ་རི་དྭེ་ཥོ་པྱ་མོ་ཧཤྩ་མ་ཧཱཏྨ་ནཱཾ། །དཱ་ན་ཤཱི་ལ་ཀྵ་མ་བཱིཪྻ་དྷྱ་ན་པྲཛྙཱ་ཛུ་ཥཾ་ས་དཱ། །ཨུ་པཱ་ཡ་པྲ་ཎི་དྷི་ཛྙཱ་

དང་། །བྱམས་པ་ཞེས་བྱ་ཡོངས་འཛིན་དང་། །མ་ཆགས་ཡོངས་སུ་སྡང་བ་མེད། །མ་རྨོངས་པ་དེ་དགེ་བའི་རྩ། །གསུམ་ནི་ཐུགས་ལ་ཞེན་པ་ཡིས། །བདག་ཉིད་ཆེན་པོ་གང་དག་དང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རྟག་བསྟེན་ཞིང་། །ཐབས་དང་སྨོན་ལམ་ཡེ་ཤེས་

Vol. 170 · folio 55b

ན་བ་ལཻ་རཱ་ཤྲི་ཏ་ཙེ་ཏ་སཱཾ། །པ་རི་ཏྲཱ་ཎཻ་ཀ་བཱི་རཱ་ནཱཾ་ཡ་དཻ་པཱ་དྭ་ཡ་བ་དི་ནཱི། །བི་དྱཱ་ཏྲ་ཡ་པྲ་དཱིཔྟཱ་ནཱཾ་ཙ་ཏུརྦྦཻ་མ་ལྱ་ཤཱ་ལི་ནཱཾ། །པཉྩ་སྐནྡྷཱ་བི་མུཀྟཱ་ནཱཾ་ཥ་ཌཱ་ཡ་ཏ་ན་བྷེ་དི་ནཱཾ། །སཔྟ་བོ་དྷྱཾ་

དང་། །སྟོབས་ཀྱི་རབ་ཏུ་བསྟེན་པའི་ཐུགས། །ཡོངས་སྐྱོབས་དཔའ་བོ་གཅིག་པུ་དང་། །རྟག་ཏུ་གཉིས་མེད་གསུང་ཉིད་དང་། །རིག་པ་གསུམ་གྱི་གསལ་བ་དང་། །དྲི་མེད་བཞི་དང་ལེགས་པར་ལྡན། །ཕུང་པོ་ལྔ་ལས་རྣམ་གྲོལ་ཞིང་། །སྐྱེ་མཆེད་དྲུག་ནི་འབྱེད་པ་དང་། །བྱང་ཆུབ་ཡན་ལག་

ག་ཡུཀྟཱ་ནཱ་མཱཪྻཱཥྚཱཾ་གོ་པ་དེ་ཤི་ནཱཾ། །ན་བ་སཾ་ཡོ་ག་ཧཱི་ནཱ་ནཱཾ་ཏེ་ཥཱཾ་ད་ཤ་བ་ལཱཏྨ་ནཱཾ། །ཀིཾ་བཱསྟྱ་བི་དི་ཏཾ་ལོ་ཀེ་ཛི་ནཱ་ནཱཾ་ཛ་ནེ་ཙེཥྚི་ཏཾ། །ཏ་ཏསྟེ་ཥྭ་ཏི་ཀ་རུ་ཎྱཱཙྪ་ར་ཎཱ་ལཱི་ན་མཱུརྡྷ་སུ། །ཏ་ཐེཏྻུ་

བདུན་དང་ལྡན། །འཕགས་ལམ་ཡན་ལག་བརྒྱད་ཉེར་སྟོན། །ཀུན་སྦྱོར་དགུས་དམན་རྒྱལ་བ་ནི། །སྟོབས་བཅུའི་བདག་ཉིད་ལྡན་དག་གིས། །འཇིག་རྟེན་སྐྱེ་བོའི་སྤྱོད་ཚུལ་ལ། །མི་མཁྱེན་པ་ནི་ཅི་ཞིག་ཡོད། །དེ་ནས་ཤིན་ཏུ་སྙིང་རྗེ་ཡིས། །ཞབས་ལ་མགོས་གཏུགས་དེ་དག་ལ། །དེ་བཞིན་ནོ་ཞེས་

བཱ་ཙ་བྷ་ག་བཱཾ་སྟདྦྷོ་ཛྻོ་པ་ནི་མནྟྲ་ཎེ། །ཏཻསྟཏྶཾ་དཪྴ་ན་ཀྵཱི་ཎཱ་ཀིལྦི་ཥེཿས་མ་མརྦི་ཏཾ། །བྷིཀྵུ་སཾ་གྷཻརྦྲྀ་ཏོབྷོ་ཛྱི་བི་དྷི་བཏྶརྦ་མཱ་ད་དེ། །ཏ་ཏསྟད་པྲ་ཎི་དྷཱ་ནེ་ན་ཛྙཱ་ན་ལོ་ཀ་ཤ་ལཱ་ཀ་ཡཱ། །ཏེ་ས་མུནྨཱི་ལི་ཏ་དྲྀ་ཤཿཔྲ་ཀཱ་

བཅོམ་ལྡན་གྱིས། །དེ་ཡི་ཟས་ལ་ཞལ་གྱིས་བཞེས། །དེ་མཐོང་སྡིག་པ་ཟད་གྱུར་པ། །དེ་དག་གིས་ནི་མཉམ་དུ་ཕུལ། །དགེ་སློང་ཚོགས་ཀྱིས་བསྐོར་བ་ཡིས། །ཟས་ཀུན་ཆོ་ག་བཞིན་དུ་བླངས། །དེ་འོག་དེ་ཡི་སྨོན་ལམ་ནི། །ཡེ་ཤེས་སྣང་བའི་ཐུར་མ་ཡིས། །དེ་དག་མིག་ནི་ཡང་དག་ཕྱེ། །རབ་ཏུ་གསལ་

Vol. 170 · folio 56a

ཤཾ་ད་དྲྀ་ཤུཿཔ་དཾ། །ཏེ་པ་དྱསྟཱི་བྲ་བཻ་རཱ་གྱ་པ་རི་པ་ཀྭཱཿཔྲ་སཱ་དི་ནཿ། །པྲ་བྲ་ཛྱཱ་ཡོ་ག་མཱ་ས་ཛྱ་ཛགྨུརྫ་ག་ཏི་པཱུ་ཛྱ་ཏཱ། །ཏཏྟེ་ཥཱཾ་ཀུ་ཤ་ལཾ་དྲྀཥྚྭ་ས་ཧ་སོ་ས་ན་ཏཾ་པུ་རཿ། །བ་བྷཱ་ཥེ་བྷ་ག་བཱན་སྲྀཥྚཿ

བའི་གནས་མཐོང་གྱུར། །དེ་དག་འཕྲལ་ལ་དྲག་པོར་ནི། །ཆགས་བྲལ་ཡོངས་སྨིན་རབ་ཏུ་དང་། །རབ་ཏུ་བྱུང་དང་ལྡན་ཐོབ་ནས། །འགྲོ་བའི་མཆོད་འོས་ཉིད་དུ་གྱུར། །དེ་དག་འཕྲལ་ལ་དགེ་བ་དེ། །སྔོན་དུ་ཉེ་བར་གནས་མཐོང་ནས། །དགེ་སློང་རྣམས་ཀྱིས་འདི་ཅི་ཞེས། །དྲིས་

ཀི་མེ་ཏ་དི་ཏི་བྷིཀྵུ་བྷིཿ། །ཨེ་ཏེརྨྨ་མཱ་ཡཾ་སམྦནྡྷཿསརྠ་རཀྵ་ཎ་ནིཥྐྲ་ཡཻཿ། །དྭཱི་པ་ཡཱ་ཏྲཱ་ནུ་ག་ཏ་སྱ་སཱི་ད་ནྱསྨིནྣ་པི་ཛནྨ་ནི། །ཨསྟི་བིསྟཱིརྞ་མཱརྒ་སྱ་སོརྒ་བརྒ་བ་དྷིརྦི་དྷེཿ། །བུ་རཱི་བཱ་རཱ་ཎ་སཱི་ནཱ་མ་ཀཽ་

ཤིང་བཅོམ་ལྡན་འདས་ཀྱིས་གསུངས། །འདི་དག་བདག་དང་འབྲེལ་པ་འདི། །དོན་མཐུན་བསྲུངས་ཤིང་སླུ་བ་ཡིས། །གླིང་དུ་འགྲོ་བའི་སྐྱེ་བ་ནི། །གཞན་དག་ལ་ཡང་གྲུབ་པར་གྱུར། །རྣམ་རྒྱས་སྤྲོ་བ་སྒྲུབ་བྱེད་ཀྱིས། །རབ་མཆོག་མཁས་པ་དགའ་བའི་ས། །བཱ་རཱ་ཎ་སཱི་ཞེས་པའི་གྲོང་། །མཐོ་

ཤ་ལོཏྐཪྵ་ཧཪྵ་པྷཱུ། །ཡ་སྱཱ་མ་མ་ལ་ཀལློ་ལ་བཱ་ཧི་ཎཱི་སུ་ར་བཱ་ཧི་ནཱི། །ས་དཱ་ད་ཡེ་བ་ཧྲྀ་ད་ཡཾ་པྲ་སཱ་ད་ཡ་ཏི་དེ་ཧི་ནཱཾ། །ཨ་ཧིཾ་སེ་བ་ས་ཏཱཾ་སེ་བྷ་བི་དྱེ་བ་བི་དུ་ཥཱམྨ་ཏཱཾ། །ཀྵེ་མེ་བ་སརྦ་བྷཱུ་ཏཱ་ནཱཾ་ཡཱ་བི་ཤྲཾ་བྷ་སུ་

རིས་སྡེ་ཡིས་འཚམས་གྱུར་ཡོད། །གང་ན་དྲི་མེད་ཆུ་རླབས་ནི། །འཛིན་པ་ལྷ་ཡི་རྒྱུན་འཛིན་དག །རྟག་ཏུ་ལུས་ཅན་རྣམས་ཀྱིས་སྙིང་། །བརྩེ་བ་བཞིན་དུ་དང་བར་བགྱིད། །བཟོད་པ་བཞིན་དུ་འབྱུང་པོ་ཀུན། །བག་ཕབ་བདེ་བར་གནས་པ་གང་། །འཚེ་བ་མེད་བཞིན་དམ་པས་བསྟེན། །རིག་པ་བཞིན་དུ་

Vol. 170 · folio 56b

ཁ་སྠི་ཏིཿ། །བྲཧྨ་ཀལྤེ་ནྀ་པེ་ཏ་སྱཱ་བི་ཀ་ས་ཏ་ཀ་མ་ལཱ་ཤྲ་ཡེ། །བྲཧྨ་དཏྟཱ་བྷེ་དྷེ་ལོ་ཀེ་ཏྲཻ་ལོ་ཀྱ་མི་བ་རཀྵ་ཏི། །པྲི་ཡ་སེ་ནཱ་བྷི་དྷ་ནོ་བྷཱུཏ་ཏ་ཏྲ་བཻ་ཤྲ་བ་ཎོ་ས་མཿ། །སཱརྠ་བཱ་ཧོརྠ་སཱརྠ་ནཾ་སྠཱ་ན་མབྡྷི་རི་བཱཾ་བྷ་

མཁས་པས་འདོད། །དེ་ནས་མི་བདག་ཚངས་པར་ནི། །བརྟག་བྱ་རྣམ་རྒྱས་པདྨར་བསྟེན། །ཚངས་བྱིན་ཞེས་བྱས་འཇིག་རྟེན་ནི། །འཇིག་རྟེན་གསུམ་པོ་བཞིན་དུ་བསྲུངས། །དེར་ནི་དེད་དཔོན་དགའ་བའི་སྡེ། །ཞེས་པ་རྣམ་ཐོས་བུ་ལྟ་བུ། །ཆུ་རྣམས་དག་གི་ཆུ་གཏེར་བཞིན། །ནོར་གྱི་དོན་མཐུན་གནས་སུ་

སཾ། །ཏ་སྱཱ་བྷཱུཏ་སུ་པྲི་ཡོ་ནཱ་མ་སཽ་ཛཱ་ནྱ་ནི་ལ་ཡཿསུ་ཏཿ། །པྲ་ཡ་ཡཽ་ཡཾ་ས་མཱ་ཤྲི་ཏྱ་སཱརྠ་ཀྲྀ་ཏཱརྠ་ཏཱཾ། །དཱ་ནཾ་ཤཱི་ལ་ཀྵ་མཱ་བཱིཪྻ་དྷྱཱ་ན་པྲཛྙཱ་ས་མ་ནྭི་ཏཿ། །དྷཱ་ཏྲཱ་བི་ལོ་བྷཱ་ནཱ་ཡཻ་བ་ཡ་ཀྲྀ་ཏཿསུ་ཀྲྀ་ཏཿཤྲི་

གྱུར། །དེ་སྲས་ཤིན་ཏུ་དགའ་ཞེས་པ། །སྐྱེ་བོ་ལེགས་པའི་གནས་སུ་གྱུར། །གང་ལ་བརྟེན་པའི་ཡོན་ཏན་ཚོགས། །དོན་བྱས་ཉིད་དུ་རབ་ཏུ་གྱུར། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ལྡན། །བྱེད་པོ་རྣམ་པར་ཆགས་སླད་གང་། །ལེགས་བྱས་དཔལ་དུ་བྱས་པ་

ཡེཿ། །ཏཾ་སརྦྦ་བི་དྱཱ་བི་ཥ་དཱཿཀ་ལཱཤྩ་བི་པུ་ལཱ་ཤ་ཡཾ། །བི་བི་ཤུཿས་རཱ་སོ་དཱ་རཱ་མ་ཧོ་ད་དྷི་མི་བཱ་པ་གཱཿ། །གུ་ཎཱ་ལཾ་ཀྲྀ་ཏ་ཙཱ་རི་ཏྲཾ་ལཀྵ་ཎཱ་ལཾ་ཀྲྀ་ཏཱ་ཀྲྀ་ཏིཾ། །པུ་རུ་ཥོཏྟ་མ་ལུབྡྷེ་བ་ཡཾ་ཤླཱ་གྷྱ་ཤྲཱི་ར་རྫི་ཤྲི་

བཞིན། །དེ་ནི་དྲི་མེད་རིག་ཀུན་དང་། །སྒྱུ་རྩལ་ཤིན་ཏུ་ཡངས་པར་ཡང་། །རོ་ལྡན་ཡིད་འོང་ཆུ་གཏེར་ཆེར། །ཆུ་བོ་བཞིན་དུ་ཞུགས་པར་གྱུར། །སྤྱོད་པ་ཡོན་ཏན་གྱིས་བརྒྱན་ཅིང་། །ལུས་ནི་མཚན་གྱིས་བརྒྱན་པ་གང་། །སྐྱེས་བུ་མཆོག་ལ་ཆགས་པ་བཞིན། །བསྔགས་པར་འོས་པའི་དཔལ་གྱིས་

Vol. 170 · folio 57a

ཡཏ། །ཀཱ་ལེ་ན་སུ་ཀྲྀ་ཏ་ཀྲཱི་ཏཾ་སི་ཏ་རི་ཏྲི་དི་བཾ་ག་ཏེ། །ཙཀྲེ་སྐནྡྷ་ཏ་ཊེ་ཏ་སྱ་བྱ་བ་ཧཱ་ར་བྷཱ་རསྠི་ཏིཾ། །སོ་ཙིནྟ་ཡ་དི་ཡཾ་ལཀྵྨཱིརྦི་པུ་ལཱཏྨ་ཀྲ་མཱ་ག་ཏཱཿ། །ཏ་ཐཱ་པི་མ་ནྱེ་བཪྻཱབྟཱ་ན་སརྦཱརྠི་

བསྟེན། །བསོད་ནམས་ཀྱིས་མྱོས་མཐོ་རིས་སུ། །ཡབ་ནི་དུས་ཀྱི་གཤེགས་པའི་ཚེ། །དེ་ཡི་ཐ་སྙད་ཁུར་དག་ནི། །ཕྲག་པའི་ངོས་ལ་གནས་པར་བྱས། །དེ་བསམས་བདག་གི་དཔལ་འབྱོར་འདི། །རིམ་པས་འོང་ཞིང་ཡངས་པ་སྟེ། །དེ་ལྟ་ན་ཡང་སློང་ཀུན་གྱིས། །རེ་བ་ཡོངས་སུ་

མ་ནོ་ར་ཐེ། །ཀིཾ་ཏཱ་ཡཱ་སུ་མ་ཧཱ་ཏྱཱ་པི་ཤྲི་ཡ་སཏྤུ་རུ་ཥ་སྠ་ཡཱ། །པཱུརྦཱ་ག་ཏཱརྠི་བྷུཀྟེ་བ་ཡཱ་ཤེ་ཥཱརྠི་ཥུ་ནི་སྥ་ལཱ། །རཏྣ་ཀ་ར་སྱ་བཻ་པུ་ལྱཾ་ནིཥྥ་ལཱཾ་བེ་དྷ་སཱ་ཀྲྀ་ཏཾ། །ཨ་དྱཱ་པི་པཱུ་རི་ཏོ་ཡེ་ན་ནཻ་ཀཽ་པྱརྠ་ས་བཱ་ཌ་

མ་རྫོགས་སྙམ། །སྔར་འོངས་སློང་བས་ཟོས་ཉིད་ཚེ། །གང་ཞིག་ཕྱིས་སློང་འབྲས་བུ་མེད། །སྐྱེས་བུ་དམ་པ་ལ་གནས་དཔལ། །ཤིན་ཏུ་ཆེ་བ་དེས་ཀྱང་ཅི། །རྟ་གདོང་སློང་བ་གཅིག་དེ་ཡང་། །གང་གིས་ད་དུང་ཡོངས་མ་རྫོགས། །རིན་ཆེན་འབྱུང་གནས་བྱེད་པོ་ཡིས། །ཡངས་པར་བྱས་པའང་འབྲས་བུ་

བཿ། །ཨ་ཐ་བཱ་པྲྀ་ཐུ་སཾ་ཀལྤཿཀེ་ནཱརྠ་པ་རི་པཱུཪྻ་ཏེ། །ཛ་གཱ་མནྡྷི་ར་གསྟྱ་སྱ་ཙུ་ལུ་ཀཱ་བ་མ་ནཱི་ཡ་ཏཾ། །ཀིཾ་ཀ་རོ་མྱ་ཏི་ཏཱ་པོ་ཡཾ་ཤྲི་རེ་ཀཱ་བ་ཧ་བོརྠི་ནཱཾ། །ན་ཏ་དཱ་སཱ་དྱ་ཏེ་བིཏྟཾ་ཡཏྶརྦཱརྠི་བྷ་ར་ཎ་ཀྵ་མཾ། །པཉྩ་ཥཱ་པཱུ་རི་ཏཱ་ཨེ་བ་ནཱཾ་

མེད། །ཡང་ན་བརྣག་པ་རྒྱ་ཆེ་བའི། །སློང་བ་སུ་ཡིས་ཡོངས་རྫོགས་ཏེ། །ཨ་གསྟྱ་ཡི་ཁྱོར་ཆུ་ཡིས། །ཧུབ་ཏུ་རྒྱ་མཚོ་ཆེན་པོ་སོང་། །དཔལ་ནི་གཅིག་ལ་སློང་བ་མང་། །སློང་བ་ཀུན་ཁེངས་བཟོད་པ་གང་། །ནོར་དེ་བདག་གིས་ཡོངས་མི་འཐོབ། །ཅི་བྱ་འདི་ནི་ཤིན་ཏུ་གདུང་། །དཔལ་དང་ནོར་བུ་ལ་སོགས་ཀྱིས། །

Vol. 170 · folio 57b

ནྱེ་ཤྲཱི་ཀཽསྟུ་བྷཱ་དི་བྷིཿ། །ཨི་ཏཱི་པཱ་དྱ་པི་ཏཔྟོནྟ་ཛྭ་ལོ་དཽརྦཱ་ཎ་ལོམྦུ་དྷིཿ། །ཏསྨཱཏྐ་རོ་མི་ཡཏྣེ་ན་ནི་སཾ་ཁྱ་དྲ་བི་ཎཱརྫ་ནཾ། །ན་ས་ཧེ་དུཿཁ་ནིཿཤྭཱ་སཾ་བི་མུ་ཁ་སྱ་མུ་ཁེརྠི་ནཿ། །ཨི་ཏི་སཾ་ཙིནྟྱ་ས་ཙི་རཾ་སཱརྠེ་ན་

ལྔ་དྲུག་ཉིད་ཁེངས་གཞན་མིན་ཞེས། །ཆུ་གཏེར་ད་དུང་རྟ་གདོང་མེ། །གདུང་བ་ནང་དུ་འབར་བ་བཞིན། །སློང་བ་ཕྱིར་ཕྱོགས་ཁ་ཡིས་ནི། །སྡུག་བསྔལ་ཤུགས་རིངས་ཡོངས་མི་བཟོད། །དེ་སླད་བདག་གིས་འབད་པ་ཡིས། །གྲངས་མེད་ནོར་ནི་བསྒྲུབ་པར་བྱ། །དེ་ལྟར་ཡུན་རིང་བསམས་ནས་དེ། །དོན་མཐུན་

མ་ཧ་ཏོ་པྲྀ་ཏཿ། །རཏྣ་དྭཱི་པ་པུ་རཾ་ག་ཏྭཱ་བི་ད་དྷེ་རཏྣ་སཾ་གྲ་ཧཿ། །ཏ་ཏཿཔྲ་ཏཱི་པ་མཱ་སཱནྟཾ་ཀྲྀ་ཏཱརྠཾ་བ་ནེ་ཙ་རཿ། །སཱརྠཱརྠ་ཧ་ར་ཎོན་མུཀྟྭ་ད་དྲྀ་ཤུརྡ་སྱ་བཿཔ་ཐི། །སཱརྠཱརྠ་ཧ་ར་ཎེ་དྲྀཥྚྭ་ས་ཏེ་ཥཱཾ་སཱ་ཧ་སོདྻ་མཾ། །ནི་ཛ་སརྦ་སྭ་

ཆེན་པོས་བསྐོར་ནས་ནི། །རིན་ཆེན་གླིང་གི་གྲོང་ཁྱེར་དུ། །ཕྱིན་ནས་རིན་ཆེན་བསྡུ་བ་བྱས། །དེ་འོག་དོན་བྱས་སླར་ལོག་སྟེ། །འོང་བ་དེ་ནི་ཆོམ་རྐུན་པ། །དོན་མཐུན་ནོར་འཕྲོག་སྦྱོར་བ་ལ། །ནགས་ན་རྒྱུ་བས་ལམ་དུ་མཐོང་། །དེ་དག་དོན་མཐུན་ནོར་བསླང་ཕྱིར། །བབ་ཅོལ་དུ་སྦྱོར་དེས་མཐོང་ནས། །རང་གི་ནོར་ཀུན་བྱིན་

དཱ་ནེ་ན་སྭཾ་རཀྵཱ་ནུ་ཡཱ་ཡི་ནཱཾ། །པུ་ནཿཔྲ་མེ་ཎ་ཏེ་ནཻ་བ་རཏྣ་དྭཱི་པ་ག་ཏ་ག་ཏེཿ། །སཱརྠཱ་ཏྲཱ་ཎཱ་ཡ་ཙཽ་རཱ་ཎཱཾ་ཥཊྐྲྀ་ཏྭཱཿཔྲ་ད་དཽ་དྷ་ནཾ། །ཏ་ཐཻ་བ་ཏྭཱཾ་པུ་ཎྱཱ་པི་པནྠ་ནི་སཾ་པྲཱ་པྟསྟ་ཐཻ་བ། །ཏན་ད་དཪྴ་ཙཽ་རཱན་སཱརྠརྠ་ཧ་ར་ཎེ྅དྷི་

ཕྱིས་ཀྱང་ལམ་ནི་དེ་ཉིད་ནས་ཞེས་པའི་ཚིག་རྐང་གཅིག་པོ་འདིའི་སྐད་དོད་མི་འདུག་པ་རྐང་པ་གཞན་རྣམས་དང་མཐུན་པར་ཁ་སྒོ་ཕན་པའི་སྡེ་བ་སྦྱོར་དུ་འདར་ལོས་བསྒྲིགས་པ་རྒྱ་དཔེ་རྙེད་ན་དཔྱད།

ནས་ནི། །རྗེས་སུ་འབྲང་བའི་ནོར་རྣམས་བསྲུངས། །ཕྱི་ནས་རིམ་པ་དེ་བཞིན་ཉིད། །རིན་ཆེན་གླིང་གི་འགྲོ་འོང་གིས། །དོན་མཐུན་བསྐྱབ་ཕྱིར་ཆོམ་རྐུན་ལ། །ནོར་ནི་ལན་དྲུག་རབ་ཏུ་བྱིན། །ཕྱིས་ཀྱང་ལམ་ནི་དེ་ཉིད་ནས། །འོངས་པས་དེ་བཞིན་ཆོམ་རྐུན་པ། །དོན་མཐུན་ནོར་ནི་འཕྲོག་པ་ལ། །ལྷག་པར་བརྐམ་པ་དེ་

Vol. 170 · folio 58a

ཀཱ་ད་རན། །སོ་ཙིནྟ་ཡ་ད་ཧོ་བིཏྟཻརྨ་ཧདྦྷིཿཔ་རི་པཱུ་རི་ཏཱཿ། །མ་ཡཻ་ཏེ་ན་བི་པརྟཾ་ཏེ་ནཾ་པ་རཱརྠ་ཧ་ར་ཎོདྻ་མཱཏ། །ཛ་གཏ་སཾ་པཱུ་ར་ཡཱ་མྱརྠཻ་རི་ཏྱུཀྟྭཱ་པི་མ་ཡཱ་ས་ཀྲྀཏ། །ཨ་ཧོ་ནུ་ད་སྱ་བོ་ནཻ་ཏེ་བ་རཱ་

དག་མཐོང་། །དེས་བསམས་ཀྱེ་མ་བདག་གི་ནོར། །ཆེན་པོ་ཡིས་ནི་ཡོངས་སུ་སིམ། །འདི་དག་ཕ་རོལ་ནོར་འཕྲོག་ལ། །བརྩོན་པ་ལས་ནི་ཕྱིར་མ་ལོག །ནོར་གྱིས་འགྲོ་བ་ཁེངས་བྱས་ཤིང་། །བདག་གིས་ཡང་ཡང་བརྗོད་གྱུར་ཀྱང་། །ཀྱེ་མ་མ་ལ་ཆོམ་རྐུན་ནི། །གདུག་པ་

ཀཱཿཔ་རི་པཱུ་རི་ཏཱཿ། །ཨུ་ཙི་ཏོཏྶཱ་ཧ་ཧཱི་ན་སྱ་བྱ་ཧ་ཏོཏྟ་ར་བཱ་དི་ནཿ། །བི་ཀཏྠཱ་ན་པྲ་ཏི་ཛྙ་སྱ་དྷིདྨེ་ཛནྨ་ཀུ་ཛནྨ་ནཿ། །ཨི་ཏི་ཙིནྟ་ཡ་ཏཔྟ་སྱ་ཏཔྟ་སྱཱ་ནུ་ཤ་ཡཱགྣི་ནཱ། །ཕི་ཛ་ནེ་པྲ་ཡ་ཡཽ་རཱ་ཏྲིཿསམྦཏྶ་ར་

འདི་དག་ཡོངས་མ་ཁེངས། །རིགས་པའི་སྤྲོ་བ་ཞན་གྱུར་ཅིང་། །ལན་སྨྲ་ཀུན་ཏུ་བཅོམ་པ་དང་། །སྨད་པར་འོས་པའི་དམ་བཅའ་བཅའ་བཞིན། །ངན་པ་སྐྱེས་པ་བདག་སྐྱེ་སྨད། །དེ་ལྟར་སེམས་ཤིང་འགྱོད་པ་ཡི། །མེ་ཡིས་རབ་ཏུ་གདུངས་པ་དེ། །སྐྱེ་བོ་མེད་པར་མཚན་མོ་ནི། །ལོ་བརྒྱ་ལྟ་བུར་

ཤ་ཏོ་པ་མཿ། །ཏཾ་ཤོ་ཀ་པཾ་ཀ་སཾ་དུདྡྷཾ་ག་ཛེནྡྲ་མི་བ་ནི་ཤྩ་ལཾ། །དིརྒྷོཙྪྭ་སཾ་མ་ཧེ་ཤཱ་ཁྱཱ་སྭ་པྣེ་པྲོ་བཱ་ཙ་དེ་བ་ཏཱ། །སུ་མ་ཏེ་མ་ཀྲྀ་ཐཱཿཤོ་ཀཾ་ཤ་རཱི་རོཙྪ་ཥ་ཎཾ་བྲྀ་ཐཱ། །སཏྶཾ་ཀལྤཱ་བྷི་རཱུ་ཌྷ་སྱ་བྷ་བི་ཥྱ་ཏི་ཏ་བེཔྶི་

རབ་ཏུ་གྱུར། །མྱ་ངན་འདམ་དུ་བྱིང་བ་ཡི། །གླང་པོའི་དབང་པོ་བཞིན་མི་གཡོ། །དབུགས་རིང་དེ་ལ་རྨི་ལམ་དུ། །ལྷ་ནི་མཐུ་ཆེན་ལྡན་པས་སྨྲས། །བློ་བཟང་མྱ་ངན་མ་བྱེད་ཅིག །དོན་མེད་ལུས་ནི་རབ་སྐེམ་ཡིན། །རྣམ་བརྟགས་དམ་པར་མངོན་འཛེགས་པ། །ཁྱེད་ཀྱི་འདོད་པ་འབྱུང་བར་

Vol. 170 · folio 58b

ཏཾ། །ན་ཏ་དསྟི་ཛ་ག་ཏྱསྨིན་སྭཔྣ་སཾ་ཀལྤ་དུརླ་བྷཾ། །ཡནྣ་སི་དྷྱ་ཏྱ་ཡཏྣེ་ན་དྷཱི་རཱ་ཎཱཾ་བྱ་བ་སཱ་ཡི་ནཱཾ། །སཱ་ཀཱ་པྱ་ནུ་པ་ཡཱ་ཤཀྟི་རེ་ཀ་སྱཱ་པི་དྭི་ཛནྨ་ནཿ། །ཡ་དཱ་ཛྙཱ་སྱནྡི་ཏེ་ནཻ་བ་བིནྡྷྱ་ཀྵྨཱ་ས་མ་

འགྱུར། །བློ་ལྡན་བརྩོན་འགྲུས་ཅན་རྣམས་ཀྱིས། །འབད་པས་འགྲུབ་པར་མི་འགྱུར་བ། །རྨི་ལམ་རྣམ་རྟོག་རྙེད་དཀའ་དང་། །འཇིག་རྟེན་འདི་ན་དེ་ཡོད་མིན། །གང་ཡང་ནུས་པ་དེ་དཔེ་མེད། །གང་ཞིག་གཉིས་སྐྱེས་གཅིག་གི་ཡང་། །གསུང་གི་ཀྱལ་ཀ་ཁོ་ན་ཡིས། །འབིགས་བྱེད་ས་དང་

ཏཱ་ཡ་ཡཽ། །བི་ཥ་མཾ་ས་མ་ཏཱཾ་ཡཱ་ཏི་དཱུ་ར་མཱ་ཡཱ་ཏི་ཙཱནྟི་ཀཾ །ས་ལི་ལཾ་སྠ་ལ་ཏཱ་མེ་ཏི་ཀཱཪྻ་ཀཱ་ལ་མ་ཧཱཏྨ་ནཾ། །བ་རཱརྠོ་ཡཾ་ཏ་བཱ་རཾ་བྷཿཕ་ལ་ཏྱེ་བ་ན་ཤཾ་ས་ཡ། །ན་བྷ་བནྟི་བི་ས་བཱ་དཾ་སཾ་དིགྡྷཱཿས་ཏྭ་བྲྀཏྟ་ཡཿ། །རཏྣཱ་

མཚུངས་པར་གྱུར། །བདག་ཉིད་ཆེན་པོའི་བྱ་བའི་དུས། །མི་མཉམ་པ་ཡང་མཉམ་པར་འགྱུར། །རིང་བ་རྣམས་ཀྱང་ཉེ་བར་འོང་། །ཆུ་ཡང་སྐམ་ས་ཉིད་དུ་གྱུར། །གཞན་དོན་ཁྱོད་ཀྱིས་བརྩོན་པ་འདི། །འབྲས་བུ་ཉིད་དུ་ཐེ་ཚོམ་མེད། །སྙིང་སྟོབས་སྤྱོད་པ་སླུ་བ་ཡིས། །ཐེ་ཚོམ་ལ་ཡང་མི་འབྱུང་ངོ་། །ལྷ་

ནི་བ་ད་ར་དྭི་པེ་པཾ་ཏི་དྲི་ད་ཤ་སེ་བི་ཏེ། །ཡེ་ཥཱ་མེ་ཀ་པྲ་བྷཱ་བོ་པི་ཏྲྀ་ཛ་གཏ་པཱུ་ར་ཎ་ཀྵཱ་མཿ། །མརྟྱ་བྷཱུ་མི་མ་ཏི་པྲ་མྱ་སཱ་ཧི་བྷཱུ་མི་མ་ཧཱི་ཡ་སཱི། །ཨཱ་སཱ་དྱ་ཏེ་པུ་ཎྱ་མ་ཡཱི་ནཱ་ས་ཏྭཻརྣཱ་ཀྲྀ་ཏཱཏྨ་བྷིཿ། །བི་ཥཱ་དསྟྱ་

རྣམས་ཀྱིས་བསྟེན་བ་ད་རའི། །གླིང་ན་རིན་པོ་ཆེ་དག་ཡོད། །གང་ཞིག་གཅིག་གི་མཐུ་ཡིས་ཀྱང་། །འཇིག་རྟེན་གསུམ་པོ་ཁེངས་པར་མཛོད། །གང་ཕྱིར་མི་ཡི་ས་འདས་ནས། །དེ་ནི་ཤིན་ཏུ་ཆེ་བའི་ས། །བསོད་ནམས་རང་བཞིན་གྱིས་འཐོབ་སྟེ། །སྙིང་སྟོབས་ལེགས་བྱས་མིན་པས་མིན། །བུ་དག་ཡིད་ནི་

Vol. 170 · folio 59a

ཛྱ་ཏཱཾ་པུ་ཏྲ་སྠི་རཱ་བུདྡྷིརྦི་དྷཱ་ཡ་ཏཱཾ། །བ་ད་ར་དྭི་པ་ཡཱ་ཏྲཱ་ཡཱ་མུདྶཱ་ཧཿཔ་རི་གྲྀ་ཧྱ་ཏཱཾ། །ཤྲུ་ཡ་ཏཱ་མེ་ཥཱ་ཏཏ་པྲཱ་པྟྱཻ་དིདྨཱ་ཏྲཱ་ནུ་ཀྲ་མཿཀྲ་མཿ། །སྥཱི་ཏཿས་ཏྭ་པྲ་བྷཱ་བསྟེ་སཾ་སཱ་རོཏྟ་ར་ཎ་ཀྵ་མ། །ཨ་སྟི་པཤྩི་མ་

གདུང་བ་ཐོང་། །བརྟན་པའི་བློ་གྲོས་རྣམ་པར་བསྒྲུབས། །བ་ད་ར་ཡི་གླིང་འགྲོ་ལ། །རབ་ཏུ་སྤྲོ་བ་ཡོངས་སུ་ཟུངས། །ཁྱོད་ནི་སྙིང་སྟོབས་མཐུ་རྒྱས་ཤིང་། །འཁོར་བ་རབ་ཏུ་སྒྲོལ་བར་བཟོད། །དེ་ཐོབ་བྱ་ཕྱིར་ཕྱོགས་དང་ནི། །ལམ་གྱི་རིམ་པ་འདི་དག་ཉོན། །ནུབ་ཀྱི་ཕྱོགས་ཀྱི་ཆ་ན་

དིགྦྷཱ་གེ་ས་མུལླཾ་གྷྱ་མ་ཧཱ་ཡ་སཱཾ། །ཤ་ཏཱ་ནི་སཔྟ་དྭཱི་པཱ་ནཱཾ་ཏ་ཐཱ་སཔྟ་མ་ཧཱ་ཙ་ལཱན། །སཔྟཱ་ས་གཱཤྩཱ་ནུ་ལོ་མ་པྲ་ཏི་ལོ་མ་བྷི་དྷོམྦུ་དྷིཿ། །ཨ་ནུ་ཀཱུ་ལཱ་ནི་ལཻཪྻསྨིན་པཱ་ར་མཱསྣོ་ཏི་པུ་ཎྱ་བཱན། །ཏ་ཏསྟཏྟུ་ལྱ་ནཱ་མཱ་དྲིརྦཱ་ཏཻསྟི་

ཡོད། །ཤིན་ཏུ་ཆེ་བའི་གླིང་དག་ནི། །བདུན་བརྒྱ་རབ་ཏུ་འདས་གྱུར་ཅིང་། །དེ་བཞིན་དུ་ནི་རི་ཆེན་བདུན། །ཆུ་ཀླུང་བདུན་དང་རྗེས་འགྲོ་དང་། །བཟློག་འགྲོ་ཞེས་པའི་ཆུ་ཡི་གཏེར། །རྗེས་སུ་མཐུན་པའི་རླུང་གིས་དེར། །ཕ་རོལ་འཐོབ་བོ་བསོད་ནམས་ཅན། །དེ་ནས་དེ་མཚུངས་མིང་ཅན་རི། །རླུང་

མི་ར་མོ་ཧ་ཀྲྀ་ཏ། །ཡ་ཏཱ་ཀྵྞོརྡི་ཤ་ཏི་སྭཱསྠྱ་མ་མོ་གྷཱ་ཁྱཱ་མ་ཧཽ་ཥ་དྷིཿ། །ཨ་ཐཱ་བརྟྱ་བྷི་དྷོཾ་བྷོ་དྷི་བཻ་རམྦྷེཪྻ་ཏྲ་བ་ཡུ་བྷི། །མཛྫ་ནོནྨ་ཛྫ་ནེ་རྫནྟུཿསཔྟ་བརྟེ་ཥུ་ཏཱཪྻ་ཏེ། །ཨ་བརྟཱ་ཁྱསྟ་ཏཿཤཻ་

གིས་རབ་རིབ་རྨོངས་པར་བྱེད། །སྨན་ཆེན་དོན་ཡོད་ཅེས་པ་ཡིས། །མིག་གཉིས་གང་དུ་རྣལ་གནས་སྟེར། །དེ་ནས་ཀུན་འཁོར་ཞེས་ཆུ་གཏེར། །གང་དུ་རླུང་ནི་བེ་རཱམ་བྷས། །འབྱིང་ཞིང་འབྱུང་བས་སྲོག་ཆགས་རྣམས། །ཀུན་འཁོར་བདུན་ལས་སྒྲོལ་བར་བྱེད། །དེ་ནས་ཀུན་འཁོར་ཞེས་པའི་རི། །

Vol. 170 · folio 59b

ལཿཤཾ་ཁ་ནཱ་བྷོ་ནི་བཱ་ཙ་རཿ། །གྷོ་རཿཔྲཱ་ཎ་ཧ་རོ་ཡ་ཏྲ་ཏྲི་དེ་ཤ་ཏྲཱ་ས་ཀྲྀཏ་སྠི་ཏཿ། །ཀྲྀཥྞ་སརྤྱཱ་བྲྀ་ཏཱ་ཏ་ཏྲ་ཤཾ་ཁ་ནཱ་བྷཱི་མ་ཧོ་ཥ་དྷིཿ། །ཏྲཱ་ཡ་ཏེ་པུ་ཎྱ་སམྤནྣཾ་ནེ་ཏྲེ་ཤི་ར་སི་ཙ་རྦི་ཏཾ། །ཨ་ཐ་ནི་ལོ་ད་ནཱ་མཱ་དྲཱི་རཀྟ་ཀྵོ་

གང་ན་མཚན་རྒྱུ་དུང་གི་ལྟེ། །འཇིགས་སུ་རུང་ཞིང་སྲོག་འཕྲོག་པ། །སྐབས་གསུམ་པ་ཡང་སྐྲག་བྱེད་གནས། །(ད་‚དེ་)ན་སྨན་ཆེན་དུང་གི་ལྟེ། །སྦྲུལ་ནི་ནག་པོས་དཀྲིས་གྱུར་པ། །མིག་དང་མགོ་ལ་བཞག་པ་ན། །བསོད་ནམས་ལྡན་པ་ཡོངས་སུ་སྐྱོབ། །དེ་ནས་ཆུ་སྔོན་ཞེས་པའི་མཚོ། །གང་ན་

ཡ་ཏྲ་རཱཀྵ་སཿ། །མ་ཀཪྻཱདྷི་བྷཱུ་ཏཱཾ་བུདྡྷ་བི་དྱཱ་བི་དྭཱན་བ་ཤེ །ཨ་ཐ་ནཱི་ལོ་དཱ་ནཱ་མཱ་དྲི་ནཱི་ལ་གྲཱི་བཿཀྵ་པཱ་ཙ་རཿ། །པྲ་དཱིཔྟ་ནེ་ཏྲོ་ཡ་ཏྲཱསྟེ་རཀྵ་སཱཾ་པཉྩ་བྷིཿཤ་ཏཻཿ། །ཏ་ཏྲཽ་ཥ་དྷི་མ་མོ་གྷཱ་ཁྱཱཾ་རཀྵ་ཏྱཱ་ཤི་བི་ཥཱཿས་

སྲིན་པོ་མིག་དམར་ཡོད། །མ་གིར་ཞེས་བྱའི་སྨན་འཛིན་དང་། །སངས་རྒྱས་རིག་བྱེད་རིག་པའི་དབང་། །དེ་ནས་ཆུ་སྔོན་ཞེས་པའི་རི། །གང་ན་མགྲིན་པ་སྔོན་པོ་ནི། །མཚན་རྒྱུ་མིག་ནི་རབ་འབར་བ། །སྲིན་པོ་ལྔ་བརྒྱ་དག་དང་གནས། །དེ་ན་དོན་ཡོད་ཅེས་པའི་སྨན། །མཐོང་དང་དབུགས་དང་རེག་པ་

དཱ། །དྲྀཥྚི་ནིཿཤྭཱ་ས་སཾ་སྤཪྴ་དཾཥྚོཏྶྲྀ་པ་བི་ཥཱ་ན་ལཿ། །ཨུ་པ་ཥ་དྷ་བྲ་ཏ་བ་ཏཱ་མཻ་ཏྲེ་ཎ་ཀ་རུ་ཎཱཏྨ་ན། །ལ་བྷྱཱ་ཏེ་སཱ་ས་མུཏྶཱཪྱ་ཀྲྀཥྞ་སརྤྤ་མ་ཧཽ་ཥ་དྷིཿ། །ཏཾ་རཀྵཿཤ་ཀ་ཊཾ་ཤི་ལཾ་ནི་སྥ་ལ་ཤླ་ཀྵྞ་ཀནྡ་རཾ། །ཏཱ་མཉྫ་

དང་། །མཆེ་བ་རབ་སྤྲོས་དུག་གི་མེ། །རྟག་ཏུ་སྦྲུལ་གྱི་དུག་རྣམས་སྲུང་། །གསོ་སྦྱོང་བརྟུལ་ཞུགས་ལྡན་པ་དང་། །བྱམས་དང་སྙིང་རྗེའི་བདག་ཉིད་ཀྱིས། །སྦྲུལ་ནི་ནག་པོ་རབ་བསྐྲད་ནས། །སྨན་ཆེན་དེ་ནི་ཐོབ་པར་འགྱུར། །དེ་ཡིས་མིག་སྨན་ཟུར་ཕུད་ནི། །བྱས་ནས་སྲིན་པོའི་ཤིང་རྟ་རི། །འབྲས་མེད་བུག་

Vol. 170 · folio 60a

ནེཤི་ཁཱ་ཡཾ་ཙ་ཀྲྀ་ཏྭ་ཏ་ར་ཏི་པུ་ཎྱ་བཱན། །ཨ་ཐ་བེ་རམྦྷ་ནཱ་མཱ་དྲིཿས་རེ་ཡཱ་སྱོཏྟ་ར་ཏ་ཏཿ། །གྷོ་རཱ་ཏཱ་མྲཱ་ཊ་བི་ནཱ་མ་མ་ཧཱ་ཤཱ་ལ་བ་ནཱཾ་ཏ་རཱཿ། །མ་ཧཱ་ན་ཛ་གརསྟ་ཏྲ་ཏཱ་མྲཱཀྵོ་ནཱ་མ་དུཿས་ཧཿ། །ཨསྟེ་

པ་ཕྲ་མོ་ཅན། །བསོད་ནམས་ལྡན་པས་སྒྲོལ་བར་འགྱུར། །དེ་ནས་བེ་རམ་བྷ་ཞེས་རི། །དེ་རྗེས་གང་གིས་ཕ་རོལ་གཞན། །འཇིགས་རུང་ཟངས་ཀྱི་ནགས་ཞེས་པ། །སཱ་ལ་ཆེན་པོའི་ནགས་ཀྱི་ནང་། །དེ་ན་སྦྲུལ་ནི་སྦྲམ་ཆེན་དག །ཟངས་མིག་ཅེས་པ་བཟོད་དཀའ་བ། །དྲག་པོའི་

ཡ་སྱོ་གྲ་གནྡྷེ་ན་བཱ་ཡུ་ནཻ་བ་ནཱ་ཛཱི་བྱ་ཏེ། །ཥཎྨཱ་སཱན་སྭ་པ་ཏོ་ཡ་སྱ་ལཱ་ལཱ་བྱཱསྣོ་ཏི་ཡོ་ཛ་ནཾ། །ཀྵུཏ་སཾ་ཏཔྟསྱ་ཥནྨཱ་སཱ་ནལྤཱི་བྷ་པ་ཏི་ཛཱ་གྲ་ཏཿ། །བེ་ཎུ་གུལྨེ་ཤི་ལཱ་བདྡྷཱ་གུ་ཧཱ་མུཏྤཱ་ཊྱ་མོ་དི་ནིཾ། །པྲཱ་པྱོ་ཥ་དྷཱིན་དི་བཱ་རཱ་

དྲི་ལྡན་གང་གི་རླུང་། །ཉིད་ཀྱིས་འཚེ་བར་མི་བྱེད་གནས། །ཟླ་བ་དྲུག་ཏུ་ཉལ་གྱུར་པའི། །ཁ་ཆུ་ཡིས་ནི་དཔག་ཚད་ཁྱབ། །ལྟོགས་པས་གདུངས་ནས་ཟླ་དྲུག་ནི། །གཉིས་དང་བྲལ་བས་ཆུང་བར་གྱུར། །འོད་མའི་རྩ་བ་རྡོས་བསྡམས་ཕུག །རབ་ཏུ་ཕྱེ་བས་དྲི་དང་ལྡན། །ཉིན་དང་མཚན་དུ་རབ་འབར་བ། །

ཏྲཾ་ཛྭ་ལནྟཱི་མཾ་ཛ་ནོ་ཙི་ཏཱཾ། །ཏསྨཱ་ད་ཛ་ག་རཱ་ཏ་གྷོ་རཱ་ནྱ་ཏོ་བཱ་མ་ཧོ་ཛ་སཿ། །ཨ་བཻ་རཱ་ཁྱཱཾ་བུདྡྷ་བི་དྱཾ་ཛ་པ་ཏོ་ན་བྷ་བེརྦྷ་ཡ། །ཏ་ཏཿསཔྟ་མ་ཧཱ་ཤཻ་ལཱ་བེ་ཎུ་ཀཎྜ་ཀ་སཾ་ཀ་ཊཿ། །ཏཱ་མྲ་པཊྚཱཾ་ཀ་པཱ་དེ་ན་

མིག་སྨན་དུ་འོས་སྨན་ཐོབ་འགྱུར། །སྡང་མེད་ཅེས་པ་སངས་རྒྱས་ཀྱི། །རིག་པ་བཟླས་པས་སྦྲམ་ཆེན་ནི། །འཇིགས་རུང་དེ་དང་གཟི་བརྗིད་ཆེ། །གཞན་གྱིས་ཀྱང་ནི་འཇིགས་མི་འགྱུར། །དེ་ནས་རི་ནི་ཆེ་བ་བདུན། །འོད་མའི་ཚེར་མས་གཏམས་གྱུར་པ། །ཟངས་གླེགས་ཀྱིས་མཚན་རྐང་པ་ཡིས། །

Vol. 170 · folio 60b

ཏཱིཪྻནྟེ་བཱིཪྻ་ཤལི་ནཱ། །ཏ་ཏཤྩ་ཤལྨ་ལི་བ་ནཾ་སཔྟ་ཀྵཱ་རཾ་ཏ་རཾ་གི་ནཱིཿ། །ཨུཏྟཱིཪྻཱ་སཱ་དྱནྟེ་པྲཱཾ་གུ་སྟི་ཤཾ་ཀུརྣཱ་མ་སརྦ་ཏཿ། །ཏ་ཏྲ་ཏྲི་ཤཾ་ཀ་བོ་ནཱ་མ་ཀཎྜ་ཀ་བཛྲ་བྷེ་དི་ནཿ། །པཱ་ད་ཡོརྣ་བི་ཤཾ་ཏྱེ་བ་ཏཱ་མྲ་

བརྩོན་འགྲུས་ལྡན་བས་ཐར་པར་འགྱུར། །དེ་རྗེས་ཤལ་མ་ལི་ནགས་དང་། །འགྱུར་བྱེད་ཆུ་ཀླུང་རྣམ་བདུན་དག །བརྒལ་ནས་རྩེ་གསུམ་ཞེས་པའི་རི། །རབ་ཏུ་མཐོ་བ་དག་ཏུ་སླེབས། །དེ་ན་རྩེ་གསུམ་ཞེས་པ་ཡི། །ཚེར་མ་རྡོ་རྗེ་འབིགས་བྱེད་ཡོད། །ཟངས་ཀྱི་གླེགས་བུ་ངེས་སྦྱར་བའི། །རྐང་

པཊྚཱ་བནདྡྷ་ཡོཿ། །ཏྲི་ཤཾ་ཀུརྣཱ་མ་ཏ་ཊི་ནཱི་ཏ་ཏྲཱ་ཡཱཿཤཾ་ཀུ་པརྦ་ཏཿ། །ན་དཱི་ཏ་དུ་པསྦཱི་ལསྟ་ཏོ་དྭི་སྭཱ་དྭི་དྷཱ་ས་རི་ཏ། །ཨ་ཐཱཥྚཱ་ད་ཤ་བ་ཀྲཱ་ཁྱཿཔརྤ་ཏོ་ནི་ར་བ་གྲ་ཧཿ། །ཏཏྟུ་ལྱ་སཾ་ཛྙཱ་ཐན་དཱི་ཤླཀྵྞོ་ནཱ་མ་གི་རིསྟ་ཏཿ། །ཨ་ཐཱ་

པ་དག་ལ་མི་འཛུག་གོ། །ཆུ་ཀླུང་རྩེ་གསུམ་ཞེས་པ་དང་། །དེ་ན་ལྕགས་ཀྱི་རྩེ་ཡི་རི། །ཆུ་ཀླུང་ངོས་དང་ལྕགས་ཕུར་གྱིས། །རི་བོ་དེ་ནས་དེ་ལྟའི་ཀླུང་། །དེ་ནས་བཅོ་བརྒྱད་འཁྱོག་ཅེས་པའི། །རི་བོ་བགྲོད་པར་དཀའ་བ་དང་། །དེ་ནས་དེ་དང་མིང་མཚུངས་ཀླུང་། །དེ་རྗེས་ཕྲ་མོ་ཞེས་པའི་རི། །དེ་ནས་དུ་

དྲྀརྡྷཱུ་མ་ནེ་དྲཱ་ཁྱོ་དྷཱུ་མ་ནི་རྡགྡྷ་དིཀྟ་ཊཿ། །དྲྀཥྚི་སྤཪྴ་པི་ཥཻ་རྦྱཱཔྟཿཀྲཱུ་རཱ་ཤི་བི་ཥ་མཎྜ་ལེཿ། །ཏདྨཱུརྡྷྣི་པཱ་ལྭ་ལ་སྱཱནྟཿཤི་ལཱ་བདྡྷཱ་མ་ཧཱ་གུ་ཧཱ། །ཛྱོ་ཏཱི་ར་སོ་མ་ཎིཪྻ་སྱཾ་ཛཱི་བ་ནཱི་ཙ་མ་ཧོ་ཥ་དྷིཿ། །བྷི་ཏྭཱ་གུ་ཏཱཾ་ཏ་ད་

བའི་མིག་ཅེས་རི། །ཕྱོགས་ངོས་དུ་བས་ཚིག་གྱུར་པ། །མ་རུང་སྦྲུལ་གདུག་དཀྱིལ་འཁོར་གྱི། །མཐོང་བ་རེག་པའི་དུག་གིས་ཁྱབ། །དེ་ཡི་རྩེ་ན་རྫིང་བུའི་མཐའ། །རྡོ་བས་བཅིངས་པའི་ཕུག་ཆེན་པོ། །ཕུག་ནང་ནོར་བུ་འོད་ཁུང་དང་། །སྨན་ཆེན་འཚོ་བྱེད་ཅེས་པ་ཡོད། །དེ་ཕྱེ་དེ་ཡིས་མགོ་

Vol. 170 · folio 61a

བྷྱཀྟ་ཤི་རཿསཱ་ད་ཀ་རོ་ད་རོཿ། །བྲ་ཛན་མནྟྲ་བ་ལོ་པེ་ཏོཿཀྲཱུ་རཿསརྤེ་ན་བཱ་དྷྱ་ཏེ། །ཨ་ཐོ་གྲ་ས་ཏྭ་སཾ་ཀཱརྞཱིཿསཔྟཱ་ཤཱི་བི་ཥ་སརྦ་ཏཱཿ། །ན་དྱཤྩཏདྦི་དྷཱ་ཡཱ་སཱ་མ་པཱ་རཱ་བཱ་རི་སམྤ་དཿ། །

དང་ནི། །རྐང་ལག་ལྟོ་ལ་མངོན་པར་བྱུགས། །གསང་སྔགས་སྟོབས་དང་བཅས་བགྲོད་ན། །མ་རུང་སྦྲུལ་གྱིས་གནོད་མི་འགྱུར། །དེ་ནས་སྦྲུལ་གདུག་རི་བོང་བདུན། །སེམས་ཅན་དྲག་པོས་ཀུན་ཏུ་ཁེངས། །དེ་ལྟའི་ཆུ་ཀླུང་དག་ཀྱང་སྟེ། །ཆུ་ཡི་ཕུན་ཚོགས་ཕ་མཐའ་མེད། །

ཨེ་ཏ་དུཏྟཱིཪྻ་ནི་ཁི་ལཾ་པུ་ཎྱཻཿཔ་ར་ཧི་ཏོདྻ་ཏཿ། །ཨ་རོ་ཧ་ཏི་སུ་དྷཱ་ཤཻ་ལ་ཤྲིཾ་གཻ་རཱ་ལིཾ་གི་ཏཱམྦ་རཾ། །ཏ་ཏསྟ་སྱཱ་པ་རེ་པརྴྭེཀལྤ་བྲིཀྵོ་པ་ཤོ་བྷི་ཏཾ། །པུ་རཾ་རོ་ཧི་ཏ་ཀཾ་ནཱ་མ་དྲྀ་ཤྱ་ཏེ་སྭརྒ་སནྣི་བྷཾ། །ཨསྟི་

དེ་དག་མ་ལུས་རབ་བརྒལ་ཏེ། །གཞན་ཕན་བརྩོན་པ་བསོད་ནམས་ཀྱིས། །རྩེ་མོ་མཁའ་ལ་རེག་གྱུར་པ། །དཀར་བའི་རི་ལ་འཛེག་པར་འགྱུར། །དེ་ནས་དེ་ཡི་ངོས་གཞན་ལ། །རོ་ཧི་ཏ་ཀི་ཞེས་གྲོང་ཁྱེར། །དཔག་བསམ་ཤིང་གིས་ཉེ་བར་མཛེས། །མཐོ་རིས་དང་མཚུངས་མཐོང་བར་འགྱུར། །དེ་ན་

ཏ་ཏྲ་མ་གྷོ་ནཱ་མ་མ་གྷ་པཱ་ནི་བ་བི་ཤྲུ་ཏཿ། །སརྠ་བཱ་ཧོ་མ་ཧཱ་ས་ཏྭོཿསརྦ་ས་ཏྭ་ཧི་ཏ་རེ་ཏཿ། །བ་ད་ར་དྭཱི་པ་ཡཱ་ཏྲཱ་ཡཱ་མུདྻ་ཏ་སྱ་ནཱ་བ་དྱ་དྷཱིཿ། །མཱརྒོ་པ་དེ་ཤཾ་དེ་ཤ་ཛྙཿས་ཏེ་སརྦཾ་ཀ་རི་ཥྱ་ཏི། །ཨིཏྻུཀྟྭོཏྶཱ་

དེད་དཔོན་སྙིང་སྟོབས་ནི། །ཆེན་པོ་མ་གྷ་ཞེས་པ་ཡོད། །སེམས་ཅན་ཀུན་ལ་ཕན་པར་དགྱེས། །བརྒྱ་བྱིན་བཞིན་དུ་རྣམ་པར་གྲགས། །ཤེས་བཟང་བློ་གྲོས་སྐྱོན་མེད་དེས། །བ་ད་ར་ཡི་གླིང་དག་ཏུ། །འགྲོ་བར་བརྩོན་པ་ཁྱོད་ཀྱིས་ནི། །ལམ་གྱི་གདམས་ངག་ཀུན་བྱེད་འགྱུར། །འདི་བརྗོད་བདུད་

Vol. 170 · folio 61b

ཧྱ་བ་ཧུ་ཤཿསུ་བྷཱ་དྲཻ་རི་བ་སུ་པྲི་ཡཾ། །བ་ཙོ་ཏི་ཏུ་ཙི་ཏཻརྡེ་བཱི་ས་ཧཱ་སཱནྟ་ར་དྷཱི་ཡ་ཏ། །པྲ་བུདྡྷཿསུ་པྲི་ཡཱཿསརྦཾ་ཏཏྟཱ་ཐེ་ཏི་བི་ཙིནྟ་ཡན། །པྲ་ཏསྠི་ས་ཏྭ་མཱ་རཱུ་ཧྱ་ནི་ཛོཏྶཱ་ཧ་པུ་རཿས་རཿ། །ས་བྲ་ཛན་

རྩིའི་རླན་གྱིས་བཞིན། །འོས་པའི་ཚིག་གིས་ཤིན་ཏུ་དགའ། །མང་དུ་སྤྲོ་བ་བསྐྱེད་བྱས་ནས། །ལྷ་མོ་འཕྲལ་ལ་མི་སྣང་གྱུར། །ཤིན་ཏུ་དགའ་ནི་རབ་སད་ནས། །ཐམས་ཅད་དེ་དེ་བཞིན་ཞེས་བསམས། །རང་གི་སྤྲོ་བ་སྔོན་བཏང་ནས། །སྙིང་སྟོབས་ལ་ནི་ཞོན་ཏེ་ཆས། །དེ་ཡིས་བསྟན་པའི་

བི་ཛི་ཏཱ་ཡཱ་སསྟེ་ན་ནིརྡེཥྚ་བརྟྨ་ནཱ། །པཱུརྞཻརྡྭ་ད་ཤ་བྷིརྦཪྵཻཿཔྲཱ་ས་རོ་ཧི་ཏ་ཀཾ་པུ་རཾ། །ཨ་དྲཱནྟ་རེ་ཀརྨ་ཡོ་གཱཏྟ་ཏྲ་སཱརྠ་པ་ཏིརྨ་གྷཿ། །བྱཱ་དྷི་ནཱ་དུཤྩི་ཀིཏྶེ་ན་བ་བྷཱུ་བཱ་སྭསྠ་བི་གྲ་ཧཿ། །ཨ་ལབྡྷཱནྟཿཔྲ་བེ་ཤོརྠ་

ལམ་ལས་ནི། །ངལ་བ་རྣམ་བཅོམ་དེས་བགྲོད་པས། །ལོ་ནི་བཅུ་གཉིས་རྫོགས་པ་ན། །རོ་ཧི་ཏ་ཀའི་གྲོང་ཁྱེར་སླེབ། །སྐབས་འདིར་དེར་ནི་དོན་མཐུན་བདག །མ་གྷ་ལས་ཀྱི་སྦྱོར་བ་ལས། །གསོ་བ་དཀའ་བའི་ནད་ཀྱིས་ནི། །ལུས་ནི་རྣལ་དུ་མི་གནས་གྱུར། །དེ་ནས་རྒྱལ་པོའི་ཁབ་ལྟའི་

གྲྀ་ཧེ་རཱ་ཛ་གྲྀ་ཧོ་པ་མེ། །ཏ་སྱ་བྱ་ལམྤ་ཏ་དྭཱ་རི་སུ་པྲི་ཡཿཀཱཪྻ་སིདྡྷ་ཡེ། །ཏ་ཏོ་བོ་དྱོ་པ་དེ་ཤེ་ན་ས་པྲ་བེ་ཤ་མ་བཱཔྟ་བཱན། །ཨུ་པ་ཡོ་ག་ཀ་ཐཱ་པྲ་ཛྙཱ་ནཀ་སྱཱ་ད་ར་བྷཱུ་མ་ཡཿ། །ཨཱ་ཡུ་རྦེ་ད་བི་དྷཱ་ན་ཛྙཱཿས་ཏ་སྱཱ་

ཁྱིམ། །ནང་དུ་འཇུག་པ་མ་ཐོབ་ནས། །དེ་ཡི་སྒོ་ན་ཤིན་ཏུ་དགའ། །བྱ་བ་བསྒྲུབ་སླད་འདུག་པར་གྱུར། །དེ་ནས་སྨན་པའི་ཟོལ་གྱིས་ནི། །དེ་ནི་ནང་དུ་འཇུག་པ་ཐོབ། །ཉེ་བར་རིགས་པའི་གཏམ་ཤེས་པ། །སུ་ཡི་གུས་པའི་ས་མ་ཡིན། །ཚེ་ཡི་རིག་བྱེད་སྒྲུབ་ཤེས་ཤིང་། །འཆི་བའི་

Vol. 170 · folio 62a

རིཥྜ་ལཀྵཎཻཿ། །ཥཎྨཱ་པ་ཤེ་ཥ་མེ་བཱ་ཡུརྫྙ་ཏྭཱ་ཙིནྟཱནྟ་རོ་བྷ་བཱཏ། །ཏ་སྱ་པྲི་ཡ་ཧི་ཏ་པྲཱ་པོ་བྷཻ་ཥ་ཛྱ་པ་རི་ཙཪྻཱ་ཡ། །ཨ་ཏྱལྤེ་ནཻ་བ་ཀཱ་ལེ་ན་སུ་པྲི་ཡཿཔྲི་ཡ་ཏཱཾ་ཡ་ཡཽ། །བྷཻ་ཥ་ཛྱ་ཡུཀྟིསྟད་པྲཱི་

མཚན་ཉིད་ཤེས་པ་དེས། །ཟླ་དྲུག་མཇུག་ཉིད་དེ་ཡི་ཚོར། །ཤེས་ནས་བསམ་པ་འཁྲུགས་པར་གྱུར། །དགའ་ཞིང་ཕན་པའི་སྨན་མང་དང་། །དེ་ཡི་རིམ་གྲོ་ལེགས་བྱས་པ། །དུས་ནི་ཤིན་ཏུ་ཐུང་བ་ཡིས། །ཤིན་ཏུ་དགའ་དང་མཛའ་བོར་གྱུར། །དེ་ལ་མཛའ་བས་སྨན་སྦྱར་རྣམས། །

ཏྱཱ་ཏ་སྱ་བལླབྷ་ཏཱཾ་ཡ་ཡཽ། །པྲི་ཡཽ་པ་ནཱི་ཏཾ་ཡཏ་ཀིཉྩིཏ་ཏཏྶརྦམྨ་ན་སཿཔྲི་ཡཾ། །པྲི་ཡོ་པ་ཙཱ་རཻསྟ་སྱཱཿབྱཱ་དྷིརྨཱརྡྲཱ་བ་མཱ་ཡ་ཡཽ། །ཨཱ་དྷཱིཿཤཱ་ལྱ་ཏི་སཏྶཾ་གཱནྟ་ཏོ་བྱཱ་དྷིརྦི་ཤཱིཪྻ་ཏེ། །ཏ་ཏཿསཾ་ཛཱ་ཏ་བི་ཤྲཾ་བྷཾ་སུ་པྲི་ཡ་པྲ་ཎ་ཡཱནྨ་

དེ་ཡིས་འདོད་པ་བྱ་བར་གྱུར། །མཛའ་བོས་ཅུང་ཟད་བྱིན་པ་གང་། །དེ་དག་ཀུན་ལ་ཡིད་དགའ་འོ། །དེ་ནས་བདེ་བའི་རིམ་གྲོས་དེའི། །ནད་ནི་ཆུང་བ་ཉིད་དུ་གྱུར། །དམ་པའི་གྲོགས་ལས་སྡུག་བསྔལ་ཞི། །དེ་ལས་ནད་དང་བྲལ་བར་གྱུར། །དེ་ནས་མ་གྷ་མཛའ་བ་ལས། །ཡིད་ཕེབས་སྐྱེས་ལ་ཤིན་ཏུ་

གྷཾ། །ཙཀྲེ་བི་དི་ཏ་བྲྀཏྟཱནྟཾ་པཤྩནྣི་ཛ་ཀ་ཐཱ་ཀྵ་ཎེ། །བ་ད་ར་དྭཱི་པ་ཡཱ་ཏྲཱ་ཡཱཾ་ཏ་སྱོཏྶཱ་ཧཾ་མ་ཧཱཏྨ་ནཿ། །པ་རཱརྠེ་ནིཤྩ་ལཾ་ཛྙཱ་ཏྭཱ་ཏ་མཱུ་ཙེ་བིསྨ་ཡཱནྨ་གྷཿ། །ཨ་ཧོ་བ་ཏཱ་སྨི་ན་སཾ་སཱ་རེ་ནིཿསཱ་རེ་སཱ་ར་རཱུ་པི་ཎཿ། །ཛཱ་ཡནྟེ་

དགའ། །སླད་ནས་རང་གི་གཏམ་གྱི་ཚེ། །སྤྱོད་ཚུལ་མཐའ་ནི་རིག་པར་བྱས། །བ་ད་ར་ཡི་གླིང་བགྲོད་ལ། །བདག་ཉིད་ཆེ་དེའི་སྤྲོ་བ་དག །གཞན་དོན་གཡོ་མེད་ཤེས་གྱུར་ནས། །མ་གྷས་ཡ་མཚན་དེ་ལ་སྨྲས། །ཀྱེ་མ་སྙིང་པོ་མེད་པ་ཡི། །འཁོར་བ་འདི་ན་སྙིང་པོའི་གཟུགས། །གཞན་

Vol. 170 · folio 62b

མ་ཎ་ཡཿཀཤྩིཏ་པ་ར་ཙིནྟཱ་པ་ར་ཡཱ་ཎཿ། །ན་བཾ་བ་ཡཿཔི་ཡ་མཱུརྟིཿཔ་རཱརྠ་པྲ་བ་ཎཾ་མ་ན། །པུ་ཎྱོ་ཙི་ཏ་སྠ་ཙེ་བ་ཡཾ་སྠཱ་ནེ་གུ་ཎ་ས་མཱ་ག་མཿ། །ཨི་ཡ་ཏཱཾ་བྷཱུ་མི་མུལླ་གྷྱ་པ་རཱརྠེ་

གྱི་བསམ་པའི་དཔུང་གཉེན་ནི། །ནོར་བུ་འགའ་ཞིག་ཡོད་པ་ཡིན། །ན་ཚོད་གཞོན་ཞིང་མཛེས་པའི་གཟུགས། །གཞན་གྱི་དོན་ལ་གཅགས་པའི་ཡིད། །ཡོན་ཏན་ཕུན་ཚོགས་བསོད་ནམས་ལྡན། །གནས་འདི་ཁྱོད་ཉིད་ཁོ་ནའི་ཡིན། །འདི་སྙེད་ས་འདི་རབ་འདས་ནས། །ཁྱོད་ནི་

ཏྭ་མུ་པཱ་ག་ཏཿ། །ཀ་རོ་མི་ཏ་བ་སཱ་ཧཱ་ཡྻ་ཀིཾ་ཏྭ་ཧཾ་བྷྲྀ་ཤ་མཱ་ཏུ་རཿ། །ནི་བདྡྷཱ་བ་དྷ་ཡཿཔྲཱ་ཎཱཿཔྲཱ་ཡཱ་ལྱ་བ་ཤ་རཱི་རི་ཎཱཾ། །ཏེ་པྲ་ཛཾ་ཏུ་མ་མཱནྟི་པི་ཏྭཏྶ་མཱ་ཧི་ཏ་ཧེ་ཏུ་ཏཱཾ། །ཨེ་བ་མེ་བ་བྱ་ཡོ་ཡསྟུ་བྱ་ཡཿས་

གཞན་གྱི་དོན་དུ་འོངས། །ཁྱོད་ཀྱི་སྟོང་གྲོགས་བགྱིད་པ་ལ། །འོན་ཀྱང་བདག་ནི་མཆོག་ཏུ་གཟིར། །མཚམས་ནི་ངེས་པ་ལུས་ཅན་གྱི། །སྲོག་ནི་ངེས་པར་འགྲོ་བ་ཉིད། །ཁྱོད་ཀྱི་འདོད་པའི་རྒྱུ་ཉིད་དུ། །བདག་གི་དེ་མཐར་གྱུར་ཀྱང་སླའི། །ད་ལྟ་ཉིད་དུ་ཟད་པ་གང་། །དེ་ནི་ཟད་པར་

པ་རི་ག་ཎེ་ཏེ། །པ་རཱརྠེ་ཛཱི་བི་ཏ་སྱཱ་པི་བྱ་ཡོ་ལ་བྷ་ཤ་ཏེཿས་མཿ། །ན་མ་ཡཱ་བ་ད་ར་དྭཱི་པཾ་རྡྲྀཥྚྀ་ཀིཾ་ཏུ་ཤྲུ་ཏམྨ་ཡཱ། །མཧཱ་བྡྷཽ་དི་ཀ་ས་མུདྡེ་ཤཾ་ཏཻསྟེརྫ་ནཱ་མི་ལཀྵ་ཎཻཿ། །ཨི་ཏྱུཀྟྲཱ་བྷཱུ་པ་ཏིཾ་སུ་ཧྲྀདྦནྟུ་བཱཀྱོ་པྱ་

ཡོངས་སུ་བགྲང་། །གཞན་གྱི་དོན་དུ་སྲོག་དག་ཀྱང་། །ཟད་པ་རྙེད་པ་བརྒྱ་དང་མཉམ། །བདག་གི་བ་ད་ར་ཡི་གླིང་། །མ་མཐོང་འོན་ཀྱང་བདག་གིས་ཐོས། །ཆུ་གཏེར་ཆེན་པོ་ཕྱོགས་ལྷུང་སྟོན། །དེ་དང་དེ་ཡི་མཚན་མ་ཤེས། །དེ་སྐད་བརྗོད་ནས་ས་བདག་གིས། །གྲོགས་བཟང་མཉེན་

Vol. 170 · folio 63a

ནཱ་ད་རཿ། །ས་མཾ་ག་ལ་པྲ་བ་ཧ་ཎཾ་སུ་པྲི་ཡེ་ཎ་ས་ཧ་ད་དེ། །ཏ་ཏཿཔྲཱ་བ་ཧ་ནཱ་རཱུ་ཌྷོ་ཏཽ་ཡོ་ཛ་ན་ཤ་ཏཱ་ནྱ་པི། །པ་བ་ན་སྱཱ་ནུ་ལོ་མྱེ་ན་ཛཀྨ་ཏུརྦི་པུ་ལ་ཤ་ཡཽ། །སྠཱ་

པའི་ཚིག་ཀྱང་དོར། །དེ་ཡིས་བཀྲ་ཤིས་གྲུ་གཟིངས་ནི། །ཤིན་ཏུ་དགའ་དང་ལྷན་ཅིག་བཟུང་། །དེ་ནས་བསམ་པ་ཡངས་པ་ནི། །དེ་དག་གཟིངས་ལ་ཞོན་གྱུར་ཏེ། །རྗེས་སུ་མཐུན་པའི་རླུང་དག་གིས། །དཔག་ཚད་བརྒྱར་ཡང་འགྲོ་བར་བྱེད། །གནས་དང་

ནེ་སྠཱ་ནེ་ཛ་ལཾ་དྲྀཥྚྭ་ནཱ་ནཱ་བརྞཾ་མ་ཧོ་ད་དྷེཿ། །ཀི་མེ་ཏ་དི་ཏི་པ་པྲཙྪ་སུ་པྲི་ཡཿཀཽ་ཏུ་ཀཱནྨ་གྷཾ། །ཛ་ལེ་ལོ་ཧཱ་ཙ་ལཱ་པཉྩ་སཾ་དྱ་སྱ་པ་ཡ་སཱཾ་ནི་དྷེཿ། །ཏྲཱ་མྲ་རཱུ་པ་མ་ཡཱཤྩཱ་ནྱེ་ཧེ་མ་རཏྣ་མ་ཡཱ་པ་རེ། །ཏེ་ཥཱཾ་ཙྪ་ཡཱ་བི་

གནས་སུ་ཆུ་གཏེར་ཆེའི། །ཆུ་ནི་ཁ་དོག་སྣ་ཚོགས་མཐོང་། །འདི་དག་ཅི་ཞེས་ལྟད་མོའི་སླད། །ཤིན་ཏུ་དགས་དྲིས་མ་གྷ་ལའོ། །རྒྱ་མཚོ་འདི་ཡི་ཆུ་ལ་ནི། །ལྕགས་ཀྱི་རི་བོ་ལྔ་དག་ཡོད། །གཞན་ཡང་ཟངས་དང་དངུལ་རང་བཞིན། །གཞན་ནི་རིན་ཆེན་གསེར་རང་བཞིན། །དེ་རྣམས་གྲིབ་མའི་བྱེ་

ཤེ་ཥེ་ཎ་ནཱ་ནཱ་བརྞྞ་པ་དེ་པ་དེ། །དྲྀ་ཤྱ་ཏེབྡྷི་རཾ་ཡཾ་དཱིཔྟཿཔྲཱཔྟཱཾ་ཏདྒ་ཏོ་ཥ་དྷིཿ། །ཨི་ཏྱུཀྟྭ་བྱཱ་དྷི་ནཱ་ཀྲཱནྟཿཔྲཱཔྟ་ཀཱ་ལཱ་བ་དྷིརྨ་གྷཿ། །པྲཱ་ཎཱཾ་མུ་མོ་ཙ་སཏྐཱིརྟྟི་བི་ནྱསྟ་སྠི་ར་ཛཱི་བི་ཏཿ། །

བྲག་གིས། །ཁ་དོག་སྣ་ཚོགས་གནས་དང་གནས། །ཁོངས་གནས་རབ་འབར་སྨན་དག་གིས། །ཆུ་གཏེར་འདི་ནི་འབར་བར་མཐོང་། །འདི་བརྗོད་མ་གྷ་དུས་ཀྱི་མཚམས། །ཐོབ་ཅིང་ནད་ཀྱིས་ཐེབས་པར་གྱུར། །སྲོག་བཏང་དམ་པའི་གྲགས་པ་དག །བརྟན་པའི་འཚོ་བ་རྣམ་པར་བཙུགས། །

Vol. 170 · folio 63b

བཛྲ་ལེ་པཱ་ད་པི་དྲྀ་ཌྷཾ་ཡ་ཐཱ་ས་ཏྭཾ་མ་ཧཱཧྨ་ནཱཾ། །ཏ་ཐཱ་ཡ་དི་ཏ་བྲེ་དྲཱ་ཡུཿཀི་མ་སཱ་དྷྱཾ་བྷ་བེ་བྷ་བེཏ། །ཀཱུ་ལཱ་བཱཏྟ་པྲ་བ་ཧ་ཎཿསུ་བྲི་ཡསྟདྦི་ཡོ་ག་ཛཾ། །ཤུ་ཙཾ་སཾ་སྟ་བྷྱ་བི་ད་དྷེ་སུ་ཧྲྀ་དསྟ་ནུ་སཏྐྲི་ཡཱཾ། །

ཇི་ལྟར་བདག་ཉིད་ཆེ་སྙིང་སྟོབས། །རྡོ་རྗེ་བྱུགས་པ་བས་ཀྱང་བརྟན། །དེ་ལྟར་གལ་ཏེ་འཚེ་གྱུར་ན། །སྲིད་ན་བསྒྲུབ་བྱར་ཅིས་མི་འགྱུར། །གཟིངས་ནི་ངོགས་ཕྱིན་ཤིན་ཏུ་དགས། །དེ་དང་བྲལ་བ་ལས་སྐྱེས་པའི། །མྱ་ངན་བསལ་ནས་གྲོགས་པོ་ཡིས། །ལུས་ནི་ལེགས་པར་བྱ་བ་བསྒྲུབས། །

ཨེ་ཏ་བེ་བོནྣ་ཏཾ་ལཀྵྨ་ས་ཏྭོཏྶཱ་ཧེ་མ་ཧཱཏྨ་ནཱཾ། །བི་ཙྪིནྣ་ཙ་ལམྦ་ན་ཀཱ་ལེ་ཡཏྐརྟྟ་བྱ་དྲྀ་ཌྷཾ་མ་ནཿ། །པུ་ནཿཔྲ་བ་ཧ་ཎཱ་རཱུ་ཌྷཿས་མུཏྟཱི་ཪྻ་བཱ་རི་དྷིཾ། །རཏྣ་པརྦ་ཏ་པཱརྴྭེ་ན་བི་བེ་ཤ་བི་ཀ་ཊཱ་ཊ་བཱིཾ། །ན་བི་

རྟེན་ནི་རྣམ་པར་ཆད་པའི་ཚེ། །གང་ཞིག་བྱ་ལ་བརྟན་པའི་ཡིད། །འདི་ཉིད་བདག་ཉིད་ཆེ་རྣམས་ཀྱིས། །སྙིང་སྟོབས་སྤྲོ་བས་མཐོ་བའི་རྟགས། །ཡང་ནི་གཟིངས་ལ་ཞོན་བྱས་ཏེ། །ཆུ་བོའི་གཏེར་ནི་ཡང་དག་བསྒྲལ། །རིན་ཆེན་རི་བོའི་ངོས་ནས་ནི། །ནགས་ཚལ་སྟུག་པོའི་ནང་དུ་ཞུགས། །བདག་

ཡོ་གཻརྣ་ཙོདྦེ་གཻརྣཱ་བྷི་ཡོ་གཻརྡྭི་ཥཱ་མ་པི། །ན་རོ་གེཿཀླེ་ཤ་བྷཽ་གཻརྦཱ་ཧཱི་ཡ་ཏེ་མ་ཧཱ་ཏཱམྨ་ཏི། །ས་ཏ་ཏྲཱ་ཀྲནྟ་ག་ག་ནཾ་ནི་རུདྡྷཱ་ཤེ་ཥ་དིཀྟ་ཊཾ། །དུ་རཱ་རོ་ཧཾ་ད་དརྴཱ་གྲེ་མཱུརྟྟ་མྦིགྷྣ་མི་བ་

ཉིད་ཆེན་པོའི་བློ་གྲོས་ནི། །སྨན་པ་འབྲལ་བས་མ་ཡིན་ཞིང་། །གདུང་དང་དགྲ་རྣམས་མངོན་སྦྱོར་དང་། །ནད་དང་ཉོན་མོངས་སྤྱོད་པས་མིན། །དེར་ནི་ནམ་མཁར་སོན་པའི་རི། །ཕྱོགས་ངོས་མ་ལུས་བཀག་གྱུར་པས། །མདུན་དུ་བགེགས་ནི་གཟུགས་ཅན་བཞིན། །བགྲོད་པར་དཀའ་བ་དེ་

Vol. 170 · folio 64a

ཙ་ལིཾ། །ཨུ་པཱ་ཡ་ཧཱི་ནཾ་ཏཾ་དྲྀཥྚྭཱ་གི་རིཾ་མཱུརྑ་མི་བོདྡྷ་ཏཾ། །ཨ་དྷཿཔལླ་བ་ཤ་ཡྻཱ་ཡཱཾ་སུཔྟ་སོ་ཙིཾ་ཏ་ཡཏྐྵ་ཎཾ། །ཨ་ཧོ་བ་ཏ་ཀི་ཡཱན་ཀཱ་ལཿཔྲ་ཡ་ཏཿཔྲསྠི་ཏ་སྱ་མེ། །བ་ད་ར་དྭཱི་པ་ནཱ་

ཡིས་མཐོང་། །རྨོངས་པ་བཞིན་དུ་སྦྱོར་བའི་རི། །དེ་མཐོང་ཐབས་ནི་དམན་གྱུར་ཅིང་། །ཞབས་སུ་ཡལ་འདབ་མལ་སྟན་ལ། །ཉལ་ནས་དེ་ཡི་སྐད་ཅིག་བསམས། །ཀྱེ་མ་བདག་ནི་ཞུགས་གྱུར་ནས། །ཇི་སྙེད་དུས་ནི་རབ་ཏུ་འདས། །གང་དུའང་བ་ད་ར་ཡི་

མཱ་པི་ན་ནཱ་མ་ཤྲུ་ཡ་ཏེ་ཀྭ་ཙིཏ། །བྱ་བ་སཱ་ཡ་ས་ཧཱ་ཡོ་མེ་ཡོ་བྷཱུཏ་པུ་ཎྱ་པ་ཎྱཻཿཔ་རཾ། །བྷགྣཿསླ་བ་ཨི་བཱ་ཀཱ་ལེ་སོ་པི་ཀརྨོ་རྨི་བི་སླ་བཻཿ། །ནཽཥྚ་ས་ཡེ་པྻུ་ས་ཡེསྨིན་བྱ་བ་སཱ་ཡཱན་མ་ཧི་ཡ་སཿ། །ན་ནཱ་མ་བི་ནི་

གླིང་། །མིང་ཡང་ངེས་པར་མ་ཐོས་སོ། །བསོད་ནམས་ཟོང་གིས་བདག་གི་ནི། །བརྩོན་པའི་གྲོགས་མཆོག་གྱུར་པ་གང་། །དེ་ཡང་ལས་ཀྱི་རྦ་རླབས་ཀྱིས། །དུས་མིན་གདོས་པ་ཆག་པ་བཞིན། །ཐབས་ཉམས་ཐབས་ནི་འདི་ལ་ཡང་། །ཤིན་ཏུ་ཆེ་བའི་འབད་རྩོལ་གྱིས། །བདག་ནི་ངེས་པར་རྣམ་

བརྟྟེ་ཧཾ་སིདྡྷིརྣི་དྷཱ་ན་མསྟུ་བཱ། །ཏ་དེ་ཀཾ་ཛནྨ་ཡཱ་ཏྲཱ་སུ་སཱུ་ཛྱཾ་ཛནྨ་ཛ་གཏྟྲ་ཡེ། །ཡསྨིན་པ་རོ་པ་ཀཱ་རཱ་ཡ་ཛཱ་ཡ་ཏེ་ཛཱི་བི་ཏ་བྱ་ཡཿ། །ཨི་ཏི་ཙིནྟཱ་ཀུ་ལཾ་ཏ་ཏྲ་ཏཾ་ཛྙཱ་ཏྭ་ས་ཏྭ་སཱ་ག་རཾ། །ནཱི་ལོ་ནཱ་མ་ག་མ་བྷྱེ་

མི་ལྡོག །གྲུབ་པའམ་ཡང་ན་ཤི་བར་འགྱུར། །འགྲོ་བ་གསུམ་པོ་འདིར་སྐྱེས་པ། །གཞན་ལ་ཕན་ཕྱིར་སྲོག་དག་ནི། །ཟད་པར་གྱུར་པ་དེ་གཅིག་པུ། །སྐྱེ་འགྲོ་རྣམས་སུ་མཆོད་པར་འོས། །དེར་ནི་དེ་ལྟར་བསམ་འཁྲུགས་ཏེ། །སྙིང་སྟོབས་རྒྱ་མཚོར་ཤེས་གྱུར་ནས། །རི་ལ་གནས་པའི་གནོད་སྦྱིན་

Vol. 170 · folio 64b

ཏྱ་ཡཀྵ་པྲཱ་ཧཱ་ཙ་ལཱ་ཤྲ་ཡཿ། །པཱུརྦེ་ཎ་ཡོ་ཛ་ནཾ་ག་ཏྭཱ་ཏྲཱི་ཎི་ཤྲྀཾ་གཱ་ནི་བྷཱུ་བྷྲྀ་ཏཿ། །བེ་ཏྲ་སོ་པཱ་ན་ནི་ཤྲེ་ཎྱཱ་ཤྭ་མཱ་ཏུ་ནྱཱ་ཐ་ག་མྱ་ཏཱཾ། །ཨི་ཏི་ཡ་ཀྵོ་པ་དེ་ཤེ་ན་ས་བི་ལཾ་གྷྱ་མ་ཧཱ་ཙ་ལཾ། །ད་དཪྴ་གྲེ་ས་ཡུཏྟུཾ་ག་ཤྲྀཾ་

ནི། །སྔོན་པོ་ཞེས་པ་འོངས་ནས་སྨྲས། །ཤར་དུ་དཔག་ཚད་ཕྱིན་གྱུར་ནས། །ས་འཛིན་རྩེ་མོ་གསུམ་པ་ནི། །ས་ལས་བྱས་པའི་ཐེམ་སྐས་ལ། །འཛེགས་ལ་དེ་ནས་འགྲོ་བར་གྱིས། །དེ་སྐད་གནོད་སྦྱིན་གདམས་ངག་གིས། །རི་ཆེན་དེ་ཡི་རྣམ་བརྒལ་བས། །རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་

གཾ་སྥ་ཊི་ཀ་བྷཱུ་དྷ་རཾ། །ཏསྨིནྣེ་ཀ་ཤི་ལ་ཤླཀྵྞེ་དུརྒ་མེ་པཀྵི་ཎཱ་མ་པི། །མཱུ་ཧཱུརྟྟ་མ་བྷ་བཏྟ་སྱ་ནིརྦྱཱ་པ་རོ་མ་ནོ་ར་ཐཿ། །ཨ་བྷྻུནྣ་ཏཾ་ཤི་རཱ་ཡམྦཾ་སྭ་སཾ་ཀལྤ་ཡི་བཱ་ཙ་ལཾ། །ས་ཏཾ་བི་ཙཱཪྱ་སུ་ཙི་རཾ་ཙི་ཏྲ་ནྱསྟ་ཨི་བ་བྷ་བཏ། །ཨ་

ས་འཛིན་མདུན་དུ་མཐོང་། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་བ། །འཇམ་པའི་བྲག་ནི་གཅིག་པུ་དེར། །དེ་ཡི་ཡིད་ལ་རེ་བ་ནི། །ཡུད་ཙམ་བྱ་བ་མེད་པར་གྱུར། །ཤིན་ཏུ་མཐོ་ཞིང་རྟེན་དང་བྲལ། །རང་གི་རྟོག་བཞིན་གཡོ་མེད་པར། །དེ་ལ་རྣམ་དཔྱད་ཡུན་རིང་དེ། །རི་མོ་བཀོད་པ་བཞིན་དུ་གྱུར། །དེ་

ཐ་ཙནྡྲ་པྲ་བྷོ་ནཱ་མ་ཡཀྵཿཤཻ་ལ་གུ་ཧཱ་ཤྲ་ཡཿ། །ཨ་བྷྱེ་ཏྱ་སཏྭ་སམྤནྣཾ་ཏ་མ་བྷཱ་ཥ་ཏ་བི་སྨི་ཏཿ། །ཀྲོ་ཤ་མཱ་ཏྲ་མི་ཏྭ་ག་ཏྭཱ་པཱུརྦེ་ཎཱ་པཱུརྦ་བི་བྷྲ་མཾ། །དྲྀ་ཤྱ་ཏེ་ཙནྡན་བ་ནཾ་བཱ་ལཱ་ནི་ལ་ཙ་ལ་ལླ་

ནས་ཟླ་འོད་ཅེས་པ་ཡི། །གནོད་སྦྱིན་བྲག་གི་ཕུག་གནས་པ། །སྙིང་སྟོབས་ཕུན་ཚོགས་དེ་ལ་ནི། །མངོན་ཕྱོགས་ཡ་མཚན་ལྡན་པས་སྨྲས། །འདི་ནས་ཤར་དུ་རྒྱང་གྲགས་ཙམ། །སོང་བས་ཙནྡན་ནགས་ཚལ་ནི། །རླུང་བཞོན་གྱིས་བསྐྱོད་འཁྲི་ཤིང་ལྡན། །སྔོན་མེད་རྣམ་འཕྲུལ་མཐོང་བར་

Vol. 170 · folio 65a

ཏཾ། །ཏ་ཏྲ་ཕྲ་ས་རཱ་ནཱ་མ་གུ་ཧཱ་ལཱི་ནཱ་མ་ཧཽ་ཥ་དྷིཿ། །ལ་བྷྱ་ཏེ་དེ་ཧ་རཀྵཱ་ཡཻ་ས་མུཏྟོ་ལྱ་མ་ཧཱ་ཤི་ལ། །ཏཏ་པྲ་བྷ་བ་ཀྲྀ་ཏ་ལོ་ཀཾ་སོ་པཱ་ནཻཿསྥ་ཊི་ཀཱ་ཙ་ལཾ། །ས་ཧ་སཻ་བ་ས་མཱ་རུ་ཧྱ་ག་མྱ་ཏཱ་

འགྱུར། །དེ་ནི་རབ་གསལ་བྱེད་ཅེས་པ། །ཕུག་ན་གཏམས་པའི་སྨན་ཆེན་པོ། །ལུས་ཅན་བསྲུང་ཕྱིར་རི་ཆེན་ལ། །རབ་ཏུ་བཏུས་པས་ཐོབ་པར་འགྱུར། །དེ་ཡི་འོད་ཀྱིས་སྣང་བྱས་པའི། །སྐས་ཀྱིས་ཤེལ་གྱི་རི་ལ་ནི། །འཕྲལ་ཉིད་དུ་ནི་ཡང་དག་འཛེགས། །འདོད་པ་ཐོབ་

མཱིཔྶི་ཏཱཔྟ་ཡེ། །ཀྵ་ཎཱཏ་ཀྲྀཏ་ཀཱཪྻེ་བཱ་སཱ་པྲ་ཡཱ་ཏི་མ་ཧཽ་ཥ་དྷིཿ། །ན་ཁེ་དསྟཏ་ཀྲཱྀ་ཏེ་ཀཱཪྻསྟ་ཌིལློ་ལཱཿཔྲི་ཡཱཔྟ་ཡཿ། །ཨི་ཏི་ཡཀྵོ་པ་དེཥྚེ་ན་བི་དྷཱ་ནེ་ན་ས་བྷཱུ་དྷ་རཾ། །ས་མུཏ་ཀྲ་མྱ་ད་དཪྴཱ་གྲེ་ན་ག་ར་ཧེ་མ་མནྡི་

ཕྱིར་འགྲོ་བ་བྱོས། །སྨན་ཆེན་དེ་ནི་དོན་བྱས་བཞིན། །སྐད་ཅིག་གིས་ནི་འགྲོ་བར་འགྱུར། །འདོད་པ་ཐོབ་པ་གློག་ལྟར་གཡོ། །དེ་ཕྱིར་མྱ་ངན་བྱ་བ་མིན། །དེ་ལྟར་སྒྲུབ་བྱེད་གནོད་སྦྱིན་གྱིས། །བསྟན་པས་དེ་ཡིས་ས་འཛིན་དག །ཡང་དག་འཛེགས་པས་མདུན་དུ་ནི། །གསེར་གྱི་ཁང་ལྡན་གྲོང་

རཾ། །མེ་རཱུ་ཀཱུ་ཌཻ་རི་བཱ་ཀཱིརྞཾ་པྲ་ཀ་ཤཻ་རི་བ་ནིརྨི་ཏ། །སརྦཱ་ཤྩཏྻཻ་རི་བ་ཀྲྀ་ཏཾ་ཏདྦྲྀཥྚྭཱ་བིསྨི་ཏོ་བྷ་བཏ། །མ་ཧཱ་ཧེ་མ་ཀ་པཱ་ཊཱ་བྷྱཱཾ་ཏུདྡྷ་དྭཱ་རཾ་བི་ལོ་ཀྱ་ཏཏ། །ནིརྫ་ནཾ་བཱ་ར་སཾ་ཛཱ་རཾ་བ་ནཱནྟེ་ནི་

ཁྱེར་མཐོང་། །ལྷུན་པོ་བརྩེགས་པས་རྒྱས་པ་བཞིན། །རབ་གསལ་རྣམས་ཀྱི་སྤྲུལ་པ་བཞིན། །ངོ་མཚར་ཀུན་གྱིས་བྱས་པ་བཞིན། །དེ་མཐོང་ཡ་མཚན་ལྡན་པར་གྱུར། །གྲོང་ཁྱེར་ལམ་གྱི་མི་མེད་ཅིང་། །གསེར་གྱི་སྒོ་གླེགས་ཆེན་པོ་ཡིས། །དེ་ཡི་སྒོ་ནི་བཅད་མཐོང་ནས། །དེ་ནི་ནགས་ཀྱི་

Vol. 170 · folio 65b

ཥ་སཱ་ད་སཿ། །ཨ་ཏྲཱནྟ་རེ་དི་ན་སྱཱནྟེ་བྱོ་མཱ་ནནྟ་པ་ཐཱ་དྷྭ་གཿ། །ཨ་བཱ་པཱསྠཱ་ཙ་ལོ་པཱནྟཾ་པ་རི་ཤྲཱནྟ་ཨི་བཱཾ་ཤུ་མཱན། །ཨསྟཾ་ག་ཏེ་ས་ཧ་སྲཱཾ་ཤོ་ར་ཛ་ནཱི་ར་མ་ཎི་ཤ་ནཻཿ། །ཏཱ་རཱ་པ་ཏི་མི་བཱ་ནྲེཥྚུཾ་པྲ་ས་སརྦྱ་བྷི་

མཐའ་ན་གནས། །སྐབས་འདིར་ཉིན་མོའི་མཐར་གྱུར་ཏེ། །མཐའ་མེད་མཁའ་ཡི་ལམ་བགྲོད་པས། །ཚ་ཟེར་ཅན་ནི་ཡོངས་དལ་བཞིན། །ནུབ་ཀྱི་རི་དང་ཉེ་བར་སླེབ། །འོད་སྟོང་ནུབ་པར་གྱུར་པའི་ཚེ། །མངོན་པར་འགྲོ་བ་མུན་ཅན་མ། །རྒྱུ་སྐར་བདག་པོ་འདོད་གྱུར་ནས། །དལ་བུས་རབ་ཏུ་འགྲོ་

སཱ་རི་ཀཱ། །ཨ་ཐ་པྲ་ཀཱ་ཤ་བི་བྷ་བཻཿསརྦྦ་ཤཱ་པཱུ་ར་ཎོནྨུ་ཁཿ། །བོ་དྷི་སཏྭ་ཨི་བ་སྭཙྪཿསུ་དྷཱ་དཱི་དྷི་ཏི་ཏུདྻ་ཡཽ། །སྥཱི་ཏཱ་ཏ་མཿས་མཱུ་ཧ་སྱ་ནིཿཤེ་ཥ་པྲ་པ་མོ་ཙི་ཏ། །མཱ་ན་སོལླཱ་སི་ནཱི་ཛྱོཏྶྣཱ་ས་ཏྭ་བྲྀཏྟི་

བ་བཞིན། །དེ་ནས་རབ་གསལ་འབྱོར་པ་ཡིས། །ཕྱོགས་ཀུན་ཡོངས་རྫོགས་གྱེན་དུ་ཕྱོགས། །དྲི་མེད་བྱང་ཆུབ་སེམས་དཔའ་བཞིན། །བདུད་རྩིའི་འོད་དེ་ཤར་བར་གྱུར། །མུན་པའི་ཚོགས་ནི་མ་ལུས་པ། །རབ་ཏུ་ཞི་བར་ནུས་ཤིང་རྒྱས། །ཡིད་ནི་དངས་བྱེད་ཟླ་བའི་འོད། །སྙིང་སྟོབས་སྤྱོད་

རི་བཱ་བ་བྷཽ། །ཏ་མོ་མོ་ཧཾ་ཛ་ཧ་རེནྡུརྡི་ཤཱཾ་དི་ན་བི་ཡོ་ག་ཛཾ། །པ་རོ་པ་ཀཱ་རོ་ཧི་དུ་རཱ་རོ་ཧོ་མ་ཧཱཏྨ་ནཱཾ། །སུ་པྲི་ཡ་ཤྩནྡྲ་ཀི་ར་ཎཻཿདཱུཪྻ་མཱ་ཎ་ཏ་ནུཿཀྵ་ཎཾ། །ནི་དྲཱཾ་ཀཱཪྱ་ས་མཱུ་

ཚུལ་བཞིན་དུ་མཛེས། །ཉིན་བྲལ་ལས་སྐྱེས་ཕྱོགས་རྣམས་ཀྱིས། །མུན་པའི་རྨོངས་པ་ཟླ་བས་ཕྲོགས། །གང་ཕྱིར་རིང་ན་བཞུགས་པ་ཡི། །བདག་ཉིད་ཆེ་རྣམས་གཞན་ཕན་མཆོག །ཟླ་བའི་ཟེར་གྱིས་ཤིན་ཏུ་དགའ། །སྐད་ཅིག་ལུས་ནི་ཁེངས་གྱུར་ནས། །བྱ་བའི་རྒྱ་མཚོ་རྦ་རླབས་དག །

Vol. 170 · folio 66a

ཧོརྨི་ཀྵོ་བྷ་མུ་དྲཱ་མ་བཱཔྟ་བཱན། །ཀྵ་མཱ་ཡཱཾ་ཀྵི་ཡ་མཱ་ཎ་ཡཱཾ་གུ་ཎ་དཱིཀྵ་ཎྱ་སཱ་དཱ་རཱ། །ཛ་ག་ད་དེ་བ་ཏཱ་སྭ་སྣེ་མ་ཧེ་ཤཱ་ཁྱཱ་ས་མེ་ཏྱ་ཏཾ། །ཨ་ཧོ་བ་ཏ་མ་ཧཱ་སཏྭ་སཏྟ་ཏྭཱ་བྷི་ནི་བེ་ཤི་ནཱ། །པ་རཱརྠེ་བི་པུ་ལ་

འཁྲུག་པའི་རྒྱ་ནི་གཉིད་ཐོབ་གྱུར། །མཚན་མོ་ཟད་པར་གྱུར་པའི་ཚེ། །ཡོན་ཏན་ཡོན་གྱིས་གུས་བཅས་པ། །མཐུ་ཆེན་ལྔ་ཡི་རྨི་ལམ་དུ། །དེ་ལ་མངོན་པར་ཕྱོགས་ནས་སྨྲས། །ཨེ་མ་ཀྭ་ཡེ་སྙིང་སྟོབས་ཅན། །དེ་ཉིད་དམ་པའི་མངོན་ཞེན་པ། །ལེགས་བྱས་ཁྱོད་ཀྱི་ངལ་

ཀླེ་ཤཿཀྲྀ་ཏཿསུ་ཀྲྀ་ཏི་ནཱ་ཏྭ་ཡཱ། །ཨལྦ་ཤེ་ཥེ་པྲ་ཡཱ་སེསྨིན་ནོདྦེ་ག་ཀརྟུ་མརྷ་སི། །ཨ་པརླུ་ཥི་ཏ་སཏྭཱ་ནཱཾ་ས་དྷཱི་ནཱཿསརྦ་སིདྡྷ་ཡཿ། །ཧཻ་མཾ་ཡ་དེ་ཏཾ་ན་ག་རཾ་ཏྲཱི་ཎི་ཙཱ་ནྱ་ཏཿཔ་རཾ། །སནྟི་རཏྣ་པུ་ར་

དུབ་ནི། །གཞན་གྱི་དོན་དུ་རྒྱ་ཆེན་བྱས། །ཉོན་མོངས་ལྷག་མ་ཆུང་ངུ་འདིར། །ཡིད་ནི་འབྱུང་བར་མི་འོས་སོ། །སྙིང་སྟོབས་དམན་པ་མེད་རྣམས་ཀྱིས། །རང་དབང་ཉིད་དུ་ཐམས་ཅད་གྲུབ། །གསེར་གྱི་གྲོང་ཁྱེར་གང་འདི་དང་། །གསུམ་ནི་ཕ་རོལ་གཞན་དང་གཞན། །གོང་ནས་གོང་དུ་རྣམ་པར་

ཎྱ་ཏྲ་བི་ཙི་ཏྲཱ་ཎྱུཏྟ་རོཏྟ་རཾ། །ཏེ་བྷྱོ་ནིཪྻཱ་ཏི་ཀིནྣཪྻཤྩ་ཏ་སྲོཥྚཽ་ཙ་ཥོ་ཌ་ཤཿ། །དྭཱ་ཏྲཱིཾཤྩ་ཀྲ་མེ་ཎཻ་བ་ཏྭ་ཡཱ་དྭཱ་རི་བི་གྷཊྚི་ཏེ། །ཛི་ཏེནྡྲི་ཡ་སྱ་བྷ་བ་ཏསྟཏྤྲ་མཱ་ད་ན་བེ་དི་ནཿ། །ཀི་མ་ནྱ་ད་ཙི་རེ་ཎཻ་བ་བཱཾ་ཙྪི་

བཀྲ། །འདི་ན་རིན་ཆེན་གྲོང་ཁྱེར་ཡོད། །ཁྱོད་ཀྱིས་སྒོ་ནི་བརྡུངས་པ་ན། །དེ་དག་ལས་ནི་མི་འམ་ཅི། །བཞི་དང་བརྒྱད་དང་བཅུ་དྲུག་དང་། །སོ་གཉིས་རིམ་པས་ཕྱིར་འབྱུང་འགྱུར། །ཁྱོད་ཀྱི་དབང་པོ་ཐུལ་བ་ཡིས། །དེ་ཡི་བག་མེད་རིག་པར་བྱ། །རིང་པོ་མིན་པར་འདོད་པ་དག །མཐོང་བར་

Vol. 170 · folio 66b

ཏཱཔྟིརྦྷ་བི་ཥྱ་ཏི། །ཨི་ཏྱུཀྟཿསཱ་ད་རཾ་དེ་བྱ་པྲ་ཏི་བུདྡྷོ་ཐ་སུ་པྲི་ཡཿ། །ཏྲི་ཛ་གྷཱ་ན་ན་ག་ར་དྭཱ་ར་མ་བྷྱེ་ཏྱ་པཱ་ཎི་ནཱ། །ཏ་ཏཤྩ་ཏ་སྲཿཀིནྣཪྻོ་ནིཪྻ་ཡུསྟ་ར་ལཀྵེ་ཎཱཿ། །ཨཱཤྩཪྱཏ་རུ་མཾ་ཛ་དྱ་ཨི་བ་

གྱུར་ཏེ་གཞན་པ་ཅི། །ལྷ་མོས་གུས་བཅས་འདི་བརྗོད་ལ། །དེ་ནས་རབ་སད་ཤིན་ཏུ་དགེས། །གྲོང་ཁྱེར་སྒོ་ལ་མངོན་ཕྱོགས་ཏེ། །ལག་པ་ཡིས་ནི་ལན་གསུམ་བརྡུངས། །དེ་ནས་མི་འམ་ཅི་མོ་བཞི། །གཡོ་བའི་མིག་ཅན་འཐོན་གྱུར་ཏེ། །གཡོ་བའི་རླུང་གིས་བསྐྱོད་པ་ཡིས། །ངོ་

ལཱི་ལཱ་ནི་ལཱ་ཀུ་ལཱཿ། །མཱ་ན་སོལླ་ས་ཀཱ་རི་ཎྱོ་ན་ཡ་ནཱ་ཡ་ནཱ་མྲྀ་ཏ་བྲྀཥྚ་ཡཿ། །བ་ད་ནེནྡུ་ས་མུདྻོ་ཏཻརྡ་བཱ་པི་ཀྲྀཏ་ཙནྡྲི་ཀཱ། །ཏཱཿསཾ་པཱུ་ཛྱ་སྨ་རོ་དཱ་རཾ་སུ་པྲི་ཡཾ་པྲི་ཡ་དཪྴ་ནཱཿ། །ཏ་སྱཱ་བྷི་ལ་ཥ་པྲ་ཎ་

མཚར་ལྗོན་པའི་སྙེ་མ་བཞིན། །ཡིད་ནི་རེངས་པར་བྱེད་གྱུར་ཅིང་། །འདྲེན་བྱེད་དག་གི་བདུད་རྩིའི་ཆར། །བཞིན་རས་ཟླ་བའི་འོད་ཟེར་གྱིས། །ཉིན་མོར་ཟླ་འོད་ལྡན་པར་བྱས། །དགའ་བས་མཐོང་དེས་ཤིན་ཏུ་དགའ། །འདོད་པ་རྒྱ་ཆེར་ཡང་དག་མཆོད། །དེ་ནི་མངོན་པར་འདོད་པ་ཡིས། །

ཡཻ་རཱ་ཏི་ཐྱ་མི་བ་ཙཀྲི་རེ། །ཙནྡྲ་ཀཱནྟཱ་ས་མཱ་སཱི་ནཾ་ཀྲྀ་ཏཱ་ས་ན་པ་རི་གྲ་ཧཱཿ། །ཛཱི་བ་ནོ་ཥ་དྷ་ཡོ་ཛཱ་ཏཱཿསྨ་ར་སྱཻ་བ་ས་བི་གྲ་ཧཱཿ། །ཏཱསྟ་མཱུ་ཙུཿས་མུནྨཱི་ལ་དྭི་ལཱ་ས་ཧ་སི་ཏ་ཏྭི་ཥཿ། །ན་དྱནྟྱ་ཨི་བ་ཀརྤཱུ་

མཛའ་བས་མགྲོན་གཅེས་བཞིན་དུ་བྱས། །ཟླ་བ་ཆུ་ཤེལ་སྟན་འཁོད་པ། །དེ་ལ་དྲན་པ་འཚོ་བའི་སྨན། །ལུས་དང་བཅས་པར་སྐྱེས་པ་བཞིན། །སྟན་ནི་བཟུང་བྱས་དེ་དག་གིས། །རྩེ་དགའ་དགོད་པའི་འོད་ཟེར་དག །ཡང་དག་རྒྱས་པར་གྱུར་པ་ནི། །མཛའ་བའི་ཕྲད་སྐྱེས་ག་པུར་དག །

Vol. 170 · folio 67a

རཾ་པྲེ་མོ་པཱ་ཡ་ཏཱཾ་པུ་རཿ། །ཨ་ཧོ་དྷཱ་ནྱཱ་བ་ཡཾ་ཡཱ་སཱཾ་སབྒུ་ཎཱ་ལཾ་ཀྲྀ་ཏཱ་ཀྲྀ་ཏིཿ། །སྭ་ཡ་མེ་བཱ་བྷི་ག་མྱོ་པི་བྷ་པཱ་ན་དྱཱ་ག་ཏོ་གྲྀ་ཧཾ། །བི་དྭེ་ཥ་ཀ་སྱ་པཱི་ཡཱུ་ཥེ་ཙན་ད་ནེ་ཀ་སྱ་ཙཱ་རུ་ཙིཿ། །ཨིནྡོ་མནྡ་

སྔོན་དུ་སྟེར་བ་བཞིན་དུ་སྨྲས། །ཡོན་ཏན་དམ་པས་བརྒྱན་པའི་དབྱིབས། །ཁྱོད་ཅན་འོང་བར་འོས་པ་ཡང་། །གང་གིས་ཁྱིམ་དུ་རང་ཉིད་འོངས། །ཀྱེ་མ་བདག་ཅག་བསོད་ནམས་ཅན། །བདུད་རྩི་ལ་ནི་སུ་ཞིག་སྡང་། །ཙནྡན་ལ་ནི་སུ་མི་སྲེད། །ཟླ་བ་ལ་ནི་སུ་གུས་

ད་རཿཀོ་བཱ་སཱ་དྷུ་ཀ་སྱ་ན་སམྨ་ཏཿ། །སྟྲཱི་ཎཱཾ་ཡ་དྱ་པི་སཽ་བྷ་གྱ་དྷཾ་གཱ་ཡ་པྲ་ཎ་ཡཿསྭ་ཡཾ། །ཀྲ་མསྟྭད་དཪྴ་ནེ་ནཻ་བ་ཏ་ཐཱ་བི་མུ་ཁ་རི་ཀྲྀ་ཏཱཿ། །ཨི་དནྣ་ར་པུ་རཾ་བ་ཡཾ་ཙ་པྲ་ཎ་ཡཱརྤི་ཏཱཿ། །རཏྣཾ་ཙ་སཽ་བྷཱ་ཥ་ཎི་ཀ་

དམན། །དམ་པ་རྣམས་ལ་སུ་མི་འདོད། །གང་ཡང་བུད་མེད་རང་ཉིད་ནི། །གླེང་བ་སྐལ་བཟང་ཉམས་པའི་རྒྱུ། །དེ་ལྟ་ན་ཡང་ཁྱོད་མཐོང་བ། །ཉིད་ཀྱིས་མུ་ཅོར་བྱས་ཕྱིར་སྨྲ། །མི་འམ་ཅི་ཡི་གྲོང་ཁྱེར་འདི། །བདག་ཅག་དང་བཅས་མཛའ་བས་སྟེར། །ལེགས་པར་བརྗོད་ལྡན་རིན་ཆེན་

སཱ་དྷོ་སྭཱ་དྷཱི་ན་མེ་བ་ཏེ། །ཨི་ཏི་ཏཱ་སཱཾ་བ་ཙཿཤྲུ་ཏྭཱ་སུ་པྲི་ཡཿཔྲ་ཎ་ཡོ་ཙི་ཏཾ། །ཨུ་བཱ་ཙ་ས་ཏྭ་དྷ་བ་ལཱཾ་དི་ཤན་ད་ཤ་ན་ཙནྟྲི་ཀཱཾ། །བ་ཧུ་མཱ་ནཱསྤ་དཾ་ཀ་སྱ་ནེ་དཾ་སཾ་བྷཱ་ཥ་ཎཱ་མྲྀ་ཏཾ། །ཨཱཏྨ་ནོ་བྱཱ་ད་ར་སྠཱ་ནཾ་བྷ་

ཡང་། །དགེ་བ་ཁྱོད་ཀྱི་རང་དབང་ཉིད། །དེ་སྐད་དེ་དག་རྣམས་ཀྱི་ཚིག །མཛའ་བར་འོས་ཐོས་ཤིན་ཏུ་དགེས། །སོ་ཡི་ཟླ་འོད་སྙིང་སྟོབས་ལྟར། །རབ་ཏུ་དཀར་བ་སྤྲོ་ཞིང་སྨྲ། །ཕེབས་པར་སྨྲ་བའི་བདུད་རྩི་འདི། །སུ་ཡི་གུས་མང་གནས་མ་ཡིན། །ཁྱེད་རྣམས་བདག་གིས་གུས་བྱས་པ། །

Vol. 170 · folio 67b

བ་ཏཱི་བྷིཿཀྲྀ་ཏཱ་ད་རཱཿ། །ཤླཱ་གྷྱཾ་དཪྴ་ན་མེ་བེ་དཾ་ཏ་ཏྲཱ་བྱ་ཡ་མ་ནུ་གྲ་ཧཿ། །མུཀྟཱ་ལ་ཏཱསྟཱ་བ་ཧ་རཱ་ཀིཾ་པུ་ནཤྩནྡ་ནོ་ཀྵི་ཏཿ། །ཨེ་བཾ་བི་དྷཱ་ནཱཾ་སྭཙྪཱ་ནཱ་མཻནྡ་བཱི་ནཱ་མི་བཱ་དྷཱི་ཥཱཾ། །ཨཱ་ཀྲྀ་ཏཱི་ནཾ་ས་མུ་ཙི་ཏཱ་རུ་ཙི་

བདག་གི་ཡང་ནི་གུས་པའི་གནས། །འདི་མཐོང་ཉིད་ནི་བསྔགས་པར་འོས། །དེ་ཡང་རྗེས་སུ་འཛིན་པ་འདི། །མུ་ཏིག་འཁྲི་ཤིང་གདུང་སེལ་ལ། །ཙནྡན་གྱིས་ཀྱང་བྱུགས་སམ་ཅི། །རྣམ་པ་འདི་ལྟའི་དྲི་མེད་དག །ཟླ་བའི་འོད་བཞིན་གྱུར་པ་དང་། །རྣམ་པ་འཇིག་རྟེན་སྤྱོད་ཚུལ་ནི། །ཡང་དག་

རཱ་ལོ་ཀ་བྲྀཏྟ་ཡཿ། །ཨཽ་ཙི་ཏྱ་ཙཱ་རུ་ཙ་རི་ཏཾ་པྲ་སཱ་དཱ་བི་ཥ་དཾ་མ་ནཿ། །བཱཏྶ་ལྱ་པེ་ཥ་ལཱ་བཱ་ཎཱི་ན་ཀ་སྱ་ད་ར་བྷཱུ་མ་ཡཿ། །གྲྀ་ཧཱི་ཏོསྨཱ་བྷི་རཱ་ཙཱ་རཱཿཔཱུ་ཛཱ་པ་རི་ཀ་རོ་ཙི་ཏཿ། །ཨཱཏྨཱརྤ་ཎཾ་རུ་ལཱརྡཾ་བཿ

རིགས་ཤིང་མཛེས་པ་ཡིན། །རིགས་ཤིང་མཛེས་པའི་སྤྱོད་པ་དང་། །རབ་ཏུ་དང་ཞིང་དྲི་མེད་ཡིད། །མཉེས་གཤིན་པ་དང་འཇམ་པའི་ཚིག །སུ་ཡི་གུས་པའི་ས་མ་ཡིན། །མཆོད་པའི་ཡོ་བྱད་འོས་གྱུར་པའི། །ཀུན་སྤྱོད་འདི་ནི་བདག་གིས་བླངས། །བུད་མེད་གཞན་དབང་ཡིན་པའི་

པ་རཱ་ཡཏྟཱ་ཧི་ཡོ་ཥི་ཏཿ། །ཀ་ནྱཱ་བྷཱ་བཱ་ད་ས་ཀྲཱནྟ་ཡཱུ་ཡཾ་པ་ར་པ་རི་གྲ་ཧཱཿ། །བི་ཤྲ་བྷེ་ཎ་བྷ་གི་ནོ་མེ་ཛ་ན་ནྱཿསྣེ་ཧ་གཽ་ར་བཱཏ། །པ་ར་བིཏྟཾ་བི་ཥཾ་ཡེ་ཥཱཾ་ཛ་ན་ནྱཤྩ་ནྱ་ཡོ་ཥི་ཏ། །པ་ར་ཧིཾ་སཱ་མེ་

སླད། །ཁྱེད་ཀྱང་བདག་ཉིད་སྦྱིན་མི་འོས། །གཞོན་ནུ་མ་དངོས་ལས་འདས་པས། །ཁྱོད་ནི་གཞན་གྱིས་ཡོངས་སུ་བཟུང་། །བྱམས་ཤིང་གུས་པས་མ་དང་ནི། །ཕེབས་པས་བདག་གི་སྲིང་མོ་ཡིན། །གང་ཞིག་གཞན་གྱི་འབྱོར་པ་དུག །གཞན་གྱི་བུད་མེད་མ་དང་ནི། །གཞན་འཚེ་བདག་

Vol. 170 · folio 68a

ཧིཾ་སཻ་བ་པཀྵཱ་སྟེ་ཥཱཾ་ནི་ར་ཏྱ་ཡཿ། །སཻ་ཤུ་ནྱཱ་ས་ཏྱ་པ་རུ་ཥྱ་བྷིནྣ་བཱ་དོཛྫྷི་ཏཾ་པ་ཙཿ། །ས་དཻ་བ་བ་ད་ནེ་ཡེ་ཥཱཾ་ཏེ་ཥཱཾ་སརྦཱ་ཤི་ཥཱ་དི་ཤཿ། །ཨ་བྷི་དྷྱཱ་ར་ཧི་ཏཾ་ཙེ་བྱཱ་པཱ་ར་པ་རི་བརྫི་ཏཾ། །

ཉིད་འཚེ་བ་ཉིད། །དེ་དག་ཕྱོགས་ནི་གནོད་པ་མེད། །ཕྲ་མ་རྫུན་དང་ཚིག་རྩུབ་དང་། །ཀྱལ་པ་སྨྲ་བ་སྤངས་པའི་ཚིག །གང་གི་ཁ་ན་བརྟག་བ་ཉིད། །དེ་དག་ཕྱོགས་རྣམས་ཀུན་ཏུ་ཤིས། །གང་ཞིག་བརྣབ་སེམས་བྲལ་བའི་སེམས། །གནོད་སེམས་དག་ནི་ཡོངས་སུ་སྤངས། །

མི་ཐྱཱ་དྲྀཥྚ་བི་ཧཱི་ནཾ་ཙ་ཡེ་ཥཱཾ་ཏེ་སརྦ་ཐཾ་ཤྲི་ཏཱཿ། །ད་ཤཱ་ཀུ་ཤེ་ལ་མཱརྒ་བྷྱོ་ནིརྒ་ཏཱ་ནི་ནི་སརྒ་ཏཿ། །ཨེ་ཏེ་ཀུ་ཤ་ལ་བརྒ་སྱ་མཱརྒཱཿསྭརྒེ་ནི་རརྒ་ལཿ། །དྷཱི་རེ་བ་དྷ་ནྱཾ་དྷ་ན་མུདྣ་ཏཱ་ནཱཾ་བིདྱཻ་བ་ཙཀྵུརྦེ་

ལོག་པར་ལྟ་བས་དམན་གྱུར་པ། །དེ་དག་ལེགས་པའི་ལམ་ལ་བརྟེན། །མི་དགེ་བཅུ་ཡི་ལམ་དག་ལས། །ངེས་པར་ལོག་པའི་རང་བཞིན་ཅན། །དེ་དག་དགེ་བའི་སྡེ་རྣམས་ཀྱིས། །བཀག་པ་མེད་པའི་མཐོ་རིས་ལམ། །ནོར་གྱིས་མཐོ་བ་རྣམས་ཀྱི་ནོར་ནི་བློ་གྲོས་ཉིད། །དབང་པོ་རྣམ་

ཛི་ཏེནྡྲི་ཡ་ཎཱཾ། །ད་ཡཻ་བ་པུ་རུ་ཥོཏྟ་མཱ་པུ་ཎྱཱ་ན་མཱཏྨཻ་བ་ཏཱིརྠཾ་སུ་ཙི་མཱ་ན་སཱ་ནཱཾ། །ཨེ་བཾ་བི་དྷོ་ཡཾ་གུ་ཎ་སནྣི་བེཤཿཤཱི་ལེ་ན་བཻ་མ་ལྱ་མུ་པཻ་པུཾ་སཱཾ། །སད་རཏྣ་མུཀྟཱ་ནི་

རྒྱལ་རྣམས་ཀྱི་མིག་ནི་རིག་པ་ཉིད། །སྐྱེས་བུ་མཆོག་གྱུར་རྣམས་ཀྱི་བསོད་ནམས་བརྩེ་བ་ཉིད། །ཡིད་ནི་གཙང་བ་རྣམས་ཀྱི་འཇུག་ངོགས་བདག་ཉིད་དོ། །སྐྱེས་བུ་རྣམས་ཀྱི་རྣམ་པ་དེ་ལྟའི་ཡོན་ཏན་དག །ལེགས་གནས་འདི་ནི་ཁྲིམས་ཀྱི་དྲི་མ་མེད་པར་གྱུར། །རིན་ཆེན་མུ་ཏིག་དམ་པའི་ཚོགས་

Vol. 170 · folio 68b

ཀ་རཱ་ཏི་རིཀྟཾ་ཤཱི་ལཾ་ས་ཏཱ་མཱ་བྷ་ར་ཎཾ་བ་དནྟི། །ཨི་ཏྱུཀྟ་མཱ་ཀརྞྱ་གུ་ཎཱ་ནུ་རཱུ་བཾ་ས་ཏྭཱརྠི་ནཱ་ཛི་ཏེནྡྲི་ཡེ་ཎ། །ཏུཥྚཱསྟ་མཱུ་ཙུརྦྷུ་བི་ཙནྡྲ་ལོ་ཀཾ་ཏཱ་ཀཽ་ཏུ་ཀཱ་ཡཻ་བ་མུ་ཁེཿསྲྀ་ཛཾ་ཏྱཿ། །མ་

ལས་ཤིན་ཏུ་ལྷག །ཚུལ་ཁྲིམས་དག་ནི་དམ་པ་རྣམས་ཀྱི་རྒྱན་དུ་བརྗོད། །སེམས་ཅན་དོན་གཉེར་དབང་པོ་ཐུལ་བ་དེ་ཡིས་ནི། །ཡོན་ཏན་རྗེས་མཐུན་དེ་སྐད་བརྗོད་པ་ཐོས་གྱུར་ནས། །ཚིམ་པར་གྱུར་ཅིང་ལྟད་མོའི་དོན་བཞིན་མཁའ་ལས་ནི། །ཟླ་བ་འཇིག་རྟེན་ས་ལ་སྤོ་ཞིང་དེ་ཡིས་སྨྲས། །ནོར་

ཎི་རི་བཱ་ནརྒྷ་གུ་ཎོཛྫྭ་ལ་སྱ་དྲྀཥྚཻ་བ་སཱ་དྷོ་རུ་ཙི་ཙཱ་རུ་ཙིསྟེ། །ཡ་ཡཻ་བ་མཽ་ལཽ་ཧྲྀ་ད་ཡེ་ཤྲུ་ཏཽ་ཙ་སདྡྷི་ས་དཻ་བཱནྡ་ར་ཎཱི་ཀྲྀ་ཏོ་སི། །མ་ཎིརྨྨ་ཧཱརྷཿཔྲ་ཐི་ཏ་བྲ་བྷཱ་བཿཔྲ་གྲྀ་ཧྱ་ཏཱ་མཱཏྨ་ས་མསྟྭ་

བུ་བཞིན་དུ་ཡོན་ཏན་རབ་འབར་རིན་ཐང་མེད། །དགེ་བ་ཁྱོད་ཀྱི་མཛེས་པའི་འོད་ནི་མཐོང་གྱུར་པ། །གང་ཞིག་མགོ་དང་རྣ་བ་སྙིང་ག་ཉིད་ལ་ཡང་། །རྟག་པར་དམ་པ་རྣམས་ཀྱི་རྒྱན་དུ་ཁྱོད་ཉིད་བགྱིད། །བདག་ཉིད་དང་མཉམ་གྲགས་པའི་མཐུ་ལྡན་རིན་ཐང་ཆེ། །ནོར་བུ་འདི་ནི་ཁྱོད་ཀྱིས་རབ་ཏུ་བཟུང་

ཡཱ་ཡཾ། །དྷྭ་ཛཱརྦི་ཏོ་བཪྵ་ཏི་ཡོ་ཛ་ནཱ་ནཱཾ་ས་ཧ་སྲ་མེ་བརྠི་ས་མ་ཧི་ཏཾ་ཡཿ། །ཨུཀྟྭེ་ཏི་རཏྣ་པྲ་བ་རཾ་ཏ་རུ་ཎྱསྟསྨཻ་ད་དུརྨཱུརྟྟ་མི་བ་པྲ་སཱ་དཾ། །ཨཱ་དཱ་ཡ་ཏཙྪ་པྲ་ཎ་ཡོ་པ་ཙཱ་ར་སོ་

བར་མཛོད། །གང་ཞིག་རྒྱལ་མཚན་ལ་བཞག་དཔག་ཚད་སྟོང་ཕྲག་ཏུ། །སློང་བ་རྣམས་ཀྱི་འདོད་པ་ཆར་དུ་བབ་པར་འགྱུར། །དེ་སྐད་བརྗོད་པས་རིན་ཆེན་རབ་མཆོག་གཞོན་ནུ་མས། །རབ་ཏུ་དང་བ་གཟུགས་ཅན་བཞིན་དུ་དེ་ལ་བྱིན། །དེས་ཀྱང་དེ་ནི་མཛའ་བའི་ཉེ་བར་སྤྱོད་པས་བླངས། །དངུལ་

Vol. 170 · folio 69a

པི་དྭི་ཏཱི་ཡཾ་པུ་རཾ་མཱ་པ་རཽ་པྱཾ། །ཏ་ཏྲ་ད་རཱཏྟད་དྭི་གུ་ཎོ་བྷི་རེ་བ་ས་པཱུ་ཛི་ཏཿཀིནྣ་ར་ཀཱ་མི་ནཱི་བྷིཿ། །ཀྲ་མེ་ཎ་ཏེ་ནཻ་བ་བི་ཤུདྡྷེ་བུདྡྷིརླེ་བྷེ་མ་ཎིཾ་ཏད་དྭི་གུ་ཎ་པྲ་བྷཱ་བཾ། །ཏྲི་གཱ་མ་

ལས་བྱས་པའི་གྲོང་ཁྱེར་དག་ནི་གཉིས་པར་ཕྱིན། །དེར་ནི་གུས་པས་དེ་ཡི་ཉིས་འགྱུར་དག་གིས་ནི། །མི་འམ་ཅི་མོ་རྣམས་ཀྱིས་དེ་ལ་མཆོད་པ་བྱས། །རིམ་པ་དེ་དག་ཉིད་ཀྱི་རྣམ་དག་བློ་གྲོས་ཀྱིས། །དེ་ཡི་ཉིས་འགྱུར་མཐུ་ལྡན་ནོར་བུ་ཐོབ་པར་གྱུར། །དེ་ནས་གསུམ་པའི་

བཻ་ཌཱུརྤྲ་ཀྲྀ་ཏཾ་རུ་ཙེཿཥོ་ཌ་ཤེཀྵ་ཎཱི་ཏཏྟྭ་ཙ་པཱ་ཤྱ་ཏཽ་ཏ་ཏ། །ཏ་བཏྟ་དཱནྨཱ་ཎི་ཀ་ཏ་སྱ་བྷཱུ་ཏེ་བྷ་ཡཱ་ནུ་བྷཱབྱཔྟ་ས་ད་ཡྱ་སཾ་ཀྲྀཏྲ། །པྲཔྟཤྩ་རཱུ་རཏྣ་མ་ཡཾ་ཙ་ཏུརྠཾ་པུ་རཾ་ཏ་ཏཿསརྦ་པུ་རཱ་དྷི་ཀ་ཤྲི། །སཽ་

ཤ་ལོ་ཀ་གཅིག་གི་སྐད་དོད་སྡེ་བ་སྦྱོར་ཉེ་དབང་རྡོ་རྗེ་ཡོད་པ་འདི་ཟ་ཧོར་བན་དེས་ཁ་བསྐོངས་པ་མཁས་པ་རྣམས་ཀྱིས་དཔྱད་པ་ཞུ།

གྲོང་ཁྱེར་བཻ་ཌཱུཪྻ་རང་བཞིན། །མཛེས་པའི་མིག་ཅན་བཅུ་དྲུག་དེ་དག་དེ་ཡིས་མཐོང་། །དེ་དག་རྣམས་ལ་དེ་བཞིན་ཉིད་དུ་ནོར་བུ་ནི། །དེ་ཡི་ཉིས་འགྱུར་མཐུ་ལྡན་རིམ་གྲོ་དམ་པ་ཐོབ། །དེ་ནས་མདུན་དུ་རིན་ཆེན་བཞི་ཡི་རང་བཞིན་གྱི། །གྲོང་ཁྱེར་གྲོང་ཁྱེར་ཀུན་ལས་ལྷག་པའི་དཔལ་ལྡན་པ། །བཞི་

བྷྱརྠི་ཏསྟད་དྭི་གུ་ཎཱ་བྷི་ར་གྲེ་གུ་ཎཱ་དྷི་ཀཿཀིཾ་ན་ཌ་སུནྡ་རཱི་བྷིཿ། །ཏ་ཐཻ་བ་སདྡྷརྨ་ཀ་ཐཱ་པྲ་སཾ་གེསྟསྟོ་ཥི་ཏཱསྟེ་ན་སུ་སཾ་ཡ་ཏེ་ན། །ཨུཏྥུལླ་ནཱི་ལོཏྤ་ལ་དཱ་མ་དཱིརྒྷ་ཀ་ཊཱཀྵ་བི་ཀྵིཔྟ་

པར་ཕྱིན་དེ་མི་འམ་ཅི་ནི་མཛེས་མ་དེའི། །ཉིས་འགྱུར་དག་གི་ཡོན་ཏན་ལྷག་པས་དེ་དོན་གཉེར། །ལེགས་གདམས་དེ་ཡི་དེ་བཞིན་ཉིད་དུ་དམ་ཆོས་ཀྱི། །གཏམ་དག་ཞར་ལ་བྱུང་བས་ཚིམ་གྱུར་དེ་དག་ནི། །རབ་རྒྱས་ཨུཏྤལ་སྔོན་པོའི་ཕྲེང་བ་ལྟར་རིང་བའི། །ཟུར་མིག་གིས་འཕངས་

Vol. 170 · folio 69b

ཀ་རསྟེ་མཱུ་ཙུཿ། །བྷྲཱ་ཏཱསྟི་ནཿཀིནྣ་ར་རཱ་ཇ་བཾ་ཤ་རཏྣ་ཀ་རེནྡུརྦ་ད་རཱ་བྷི་དྷཱ་ནཿ། །ཏ་སྱཱསྤ་དཾ་དྭི་བ་མི་དམྨ་ཧཱརྷཾ་སྭ་ནཱ་མ་ཙིཧྣཾ་བརྡྷི་ཏ་རྀདྡྷི། །རཏྣཾ་ཙེ་དཾ་ནི་ཡ་མ་བི་དྷི་ནཱ་སོ་

འོད་དང་ལྡན་པས་དེ་ལ་སྨྲས། །རིན་ཆེན་འབྱུང་གནས་ཟླ་བ་བ་དར་ཞེས་པ། །ངེད་ཀྱི་མིང་པོ་མི་འམ་ཅི་ཡི་རྒྱལ་རིགས་ཡོད། །རྫུ་འཕྲུལ་ཡོངས་ཀྱིས་རང་གི་མིང་གི་མཚན་གྱུར་པ། །རིན་ཐང་ཆེ་བའི་གླིང་འདི་དེ་ཡི་བཞུགས་གནས་ཡིན། །འོད་ཟེར་ཚོགས་ནི་གསལ་ལྡན་རིན་ཆེན་འདི་ཡང་

ཥ་དྷ་ཁྱ་པྲ་ཏེ་ན་ནྱསྟཾ་བྷ་སྭཏ་ཀི་རོ་ཎ་ནི་ཀ་རཾ་པུ་ཎྱ་བྷཱ་ཛཱ་དྷྭ་ཛཱ་གྲེ། །ཛཾ་བཱུ་དྭི་པེ་ཤ་ཀ་ལ་ཛ་ན་དྷ་བྷི་པྶ་ཏརྠཱན་བཪྵ་ཏྱ་བསྠི་ར་པ་ར་ཧི་ཏ་བྱཱཔྟ་ཡེ་གྲྀ་ཧྱ་ཏཱཾ་ཏཏ། །ཨི་ཏྱུཏྤཱ་

བསོད་ནམས་བརྟེན་རྣམས་ཀྱིས། །གསོ་སྦྱོང་ཞེས་བྱའི་བརྟུལ་ཞུགས་ངེས་པའི་ཆོ་གས་རྒྱལ་མཚན་ལ་བཀོད་ན། །ཛམྦུའི་གླིང་དུ་མཐའ་དག་འགྲོ་ཚོགས་མངོན་འདོད་དོན་རྣམས་ཆར་ཉིད་འབེབས། །གཞན་དོན་བརྟན་པར་གྱུར་པས་ཁྱབ་པར་བགྱིད་སླད་དེ་ནི་བཟུང་བར་མཛོད། །དེ་ལྟར་

ཧྱ་མ་ར་ཏ་ཏུ་ཕ་ལཾ་སཱ་ད་རཾ་སུནྡ་རཱི་བྷིཿཔྲ་མདྡཱ་མ་པྲ་ཎ་ཡ་སུ་བྷ་གི་དཏྟ་མཱ་སཱ་དྱ་རཏྣཾ། །བཱ་ལཱ་ཧཱ་ཁྱཱཾ་བི་ཛི་ཏ་པ་བ་ནནྟ་པྲ་ཧྲྀཥྚཾ་ཏུ་རཾ་གཾ་སོ་པྱཱ་ཏུ་ཧྱ་སྭ་ན་ག་ར་མ་ག་མལླབྡྷ་

མཛེས་མ་རྣམས་ཀྱིས་འཆི་མེད་ཤིང་འབྲས་ལེགས་བཏུས་གུས་བཅས་ཤིང་། །ལྷག་པར་མཛའ་སྡུག་ལྡན་པས་སྐལ་བཟང་ནོར་བུ་བྱིན་པ་བླངས་བྱས་ནས། །མགྱོགས་འགྲོ་རབ་དགའ་སྤྲིན་ཤུགས་ཞེས་བྱ་རླུང་ལས་རྒྱལ་བ་ལ་ཞོན་ཏེ། །དེ་ཡི་ལམ་གྱི་གདམས་ངག་ཐོབ་པས་དེ་

Vol. 170 · folio 70a

མཱརྒོ་པ་དེ་ཤཿ། །ཏསྨིན་ཀཱ་ལེ་བི་པུ་ལ་ཀུ་ཤ་ལཻཿསྭརྒ་མཱརྒཾ་པྲ་ཡཱཾ་ཏེ་བཱ་རཱ་ཎ་སྱཱཾ་བི་ཥ་ད་ཡ་ཤ་སི་ཀྵླ་པ་ཏཽ་བྲཧྨ་དཏྟ། །ཤྲཱི་མཱན་སརྦ་པྲ་ཎ་ཡི་ཕ་ལ་དཿསུ་པྲི་ཡཿཔཽ་ར་མུ་ཁྱཻར་ལོ་ཀ་

ཡང་རང་གི་གྲོང་ཁྱེར་སོང་། །དུས་ཚོད་དེར་ནི་དྲི་མེད་གྲགས་ལྡན་ས་ཡི་བདག་པོ་ཚངས་པས་བྱིན། །ཡངས་པའི་དགེ་བས་མཐོ་རིས་ལམ་དུ་རབ་གཤེགས་བཱ་རཱ་ཎ་སཱི་རུ། །དཔལ་ལྡན་འཇིག་རྟེན་བསྐྱབ་བློ་རྣམ་བསྐྲུན་སློང་བ་ཀུན་གྱི་འབྲས་བུ་སྟེར། །ཤིན་ཏུ་དགའ་ནི་

ཏྲཱ་ཎཱི་ཏ་བི་ཧི་ཏ་མ་ཏིརྡྷརྨ་རཱ་ཛྱཱ་བྷི་ཥིཀྟཿ། །ཏ་ཏཿཤི་རཿསྣཱ་ན་བི་དྷི་ཀྲ་མེ་ཎ་ཏཏྤཉྩ་ད་ཤྱཱཾ་དྷྭ་ཛ་མུརྡྷྣི་རཏྣཾ། །ས་པོ་ཥ་དྷོ་ཡོ་ཥི་ཏ་ཨེ་བ་དྷྲི་ཏྭཱ་ཙ་ཀྵ་ར་པི་ཤྭཾ་པ་རི་པཱུརྞ་ཀཱ་མཾ། །ཀྲྀ་ཏྭཱ་ཡཱ་ཏྲཱཾ་པ་ར་ཧི་

གྲོང་ཁྱེར་གཙོ་བོས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར། །དེ་ནས་མགོ་བཀྲུ་ཆོ་གའི་རིམ་པ་ཡིས། །གསོ་སྦྱོང་དག་ལ་ཉེར་གནས་བཅོ་ལྔ་ལ། །རིན་པོ་ཆེ་དེ་རྒྱལ་མཚན་རྩར་བཏགས་ནས། །སྣ་ཚོགས་འདོད་པས་ཡོངས་སུ་གང་བར་བྱས། །གཞན་ལ་ཕན་པས་འབྲས་བུ་ལྡན་པར་

ཏ་ཕ་ལཱཾ་པཏྶ་རཱ་ཎཱཾ་ཤ་ཏེ་ན་སྠི་ཏྭཱ་རཱ་ཛྱེ་མ་ཧ་ཏི་ནི་ཁི་ལཾ་པཱུ་ར་ཡི་ཏྭཱ་ཙ་ལོ་ཀཾ །པུ་ཏྲཾ་དྷྲི་ཏྭ་ན་ར་པ་ཏི་པ་དེ་པྲཱ་པྱ་སརྦོ་པ་ཤཱནྟི་ཏ་ཏྭ་ཛྙོ་སཽ་ཀི་མ་བི་པ་ར་མཾ་བྲཧྨ་བྷཱ་བཾ་ཛ་གཱ་མ། །དུ་རེ་ཏེ་ད་སྱ་

གཤེགས་བགྲོད་བྱས་ཤིང་ལོ་བརྒྱར་ནི། །རྒྱལ་སྲིད་ཆེན་པོ་ལ་གནས་འཇིག་རྟེན་མཐའ་དག་ཁེངས་བྱས་མི་བདག་གི །གནས་ལ་སྲས་བཞག་ཉེ་བར་ཞི་བ་ཐམས་ཅད་ཐོབ་ཅིང་དེ་ཉིད་ཤེས། །གང་ཡང་འདི་ནི་ཚངས་པའི་དངོས་པོ་དམ་པ་དག་ཏུ་གཤེགས་པར་གྱུར། །རིན་ཆེན་གླིང་

Vol. 170 · folio 70b

རཿསརྦེ་པཱུརྦ་ཡེ་པཱུ་རི་ཏཱ་མ་ཡཱ། །རཏྣ་དཱི་པཱ་བྷི་ག་མ་ནེ་ཏསྨིན་སུ་པྲི་ཡ་ཛནྨ་ནི། །ཨི་ཏི་ཤཱསྟ་སྭ་བྲྀ་ཏཱི་ཏ་ཀ་ཐ་ཡཱ་བི་ད་དྷེ་བ་བྷུཿ། །དཱན་བཱཪྻོ་པ་དེ་ཤེ་ན་བྷིཀྵུ་ཎཱ་མ་ནུ་ཤཱ་སཱ་ནཾ། །ཨི་ཏི་ཀྵེ་

དུ་མངོན་བགྲོད་པ། །ཤིན་ཏུ་དགའ་ཡི་སྐྱེ་བ་དེར། །གང་སྔོན་བདག་གིས་ཁེངས་བྱས་པ། །ཆོམ་རྐུན་དེ་ཀུན་འདི་དག་གོ །དེ་སྐད་སྟོན་པ་གཙོ་བོ་ཡིས། །རང་གི་སྤྱོད་ཚུལ་མཐའ་ཡི་གཏམ། །སྦྱིན་དང་བརྩོན་འགྲུས་མན་ངག་གིས། །དགེ་སློང་རྣམས་ལ་རྗེས་བསྟན་བསྒྲུབས། །ཞེས་པ་དགེ་བའི་

མེནྡྲ་བི་ར་ཙི་ཏ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་བ་ད་ར་དྭཱི་པ་ཡཱ་ཏྲཱ་ཥཥྛ་པལླ་པཿ།། །།ཀུ་ཤ་ལ་པྲ་ཎི་དྷཱ་ན་ཤུདྡྷ་དྷཱམྣཾ་བི་མ་ལཱ་ལོ་ཀ་བི་བེ་ཀ་བོ་དྷ་ཀཱ་ནཱཾ། །པ་རི་ཀཱིཏྟ་ན་མཱ་ཏྲ་མེ་བ་

དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་བ་ད་རའི་གླིང་དུ་འགྲོ་བའི་ཡལ་འདབ་སྟེ་དྲུག་པའོ།། །།དགེ་བའི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དབེན་པ་དྲི་མེད་སྣང་བའི་རྟོགས་བྱེད་ལྡན། །གང་ཞིག་ཡོངས་སུ་བསྒྲགས་པ་ཙམ་

ཡོ་ཥཱཾ་བྷ་བ་མོ་ཧཱ་པ་ཧརྟ་རནྟྲ་ཨེ་བ་དྷ་ནྱཱཿ། །པུ་རཱ་པཪྵ་ཏ་ས་ཧ་སྲཱ་ཎཱི་ནྱ་གྲོ་དྷོ་པ་བ་ན་སྠི་ཏིཿ། །ཀ་པི་ལཱ་ཁྱེ་པུ་རེ་ཙཀྲེ་བྷ་ག་བན་དྷརྨྨ་དེ་ཤ་ནཱཾ། །ཨ་མནྡ་ནནྡ་སནྡོ་ཧ་སྱནྡི་ཙནྡ་ན་ཤཱི་ཏ་ལཾ། །ཏ་སྱ་བཱ་

ཉིད་ན། །སྲིད་པའི་རྨོངས་འཕྲོག་དེ་ཉིད་བསྔགས་པར་འོས། །གྲོང་ཁྱེར་སེར་སྐྱ་ཞེས་པར་ནི། །ནྱ་གྲོ་དྷ་ཡི་ནགས་ཚལ་གནས། །སྔོན་ཚེ་འཁོར་ནི་སྟོང་ཕྲག་ལ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་མཛད། །མི་དམན་ཀུན་དགའ་ཚོགས་ཀྱི་བཅུད། །ཙནྡན་ལྟར་བསིལ་དེ་ཡི་ནི། །གསུང་གི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words