བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་
Sanskrit title (Tibetan script, as in the text) བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 171 · folio 273a
ཧཾ་ཏུཾ། །ཤྲུ་ཏྭེ་ཏི་བཱ་ཀྱཾ་བྱ་ཐི་ཏསྱ་རཱ་ཛྙ་སྟཱི་བྲ་བྱ་ཐཱཾ་སཏྭ་ནི་དྷིརྣི་ཡ་མྱ། །ཏམ་པྲ་བཱིདྐཱིརྞྞ་ཛ་ཊཱ་ཀ་ལཱ་པཿསྭ་བྷཱ་བ་ནིརྨྨ་ནྱུ་མ་ནཿཀུ་མཱ་རཿ། །ཨ་ལཾ་ཏ་པ་ཤཱ་པཾ་བྷ་ཡེ་ན་དཱ་ཛ་ནྣ་ཧཾ་བི་མ་ནྱུཿཔི་ཏ་རཽ་མ་
གཞོམ་མི་འོས། །ཞེས་པ་རྒྱལ་པོ་གཟིར་བའི་ཚིག་ཐོས་ནས། །རལ་པའི་ཚོགས་བཀྲམ་གཞོན་ནུ་རང་བཞིན་གྱིས། །ཁྲོ་མེད་ཡིད་ལྡན་སྙིང་སྟོབས་གཏེར་གྱིས་ནི། །དྲག་པོར་གདུང་བ་བཟོད་བྱས་དེ་ལ་སྨྲས། །རྒྱལ་པོ་དཀའ་ཐུབ་དམོད་པས་འཇིགས་དོན་མེད། །ཁྲོ་བྲལ་བདག་དང་
མཱནྡྷཽ། །ཨསྨིནྣ་པི་པྲ་ཎ་ཧ་རཱ་པ་ཀཱ་རེ་ཤཱ་པོ་པ་པཾ་ག་ན་ཀ་རི་ཥྱ་ཏསྟེ། །སུ་ཁཱ་དུཿཁཱ་ཡ་གུ་ཎོ་ད་ཡཱ་ཡཤྩ་དོ་ཥཱ་ཡ་ཤཱ་པཱ་ཡ་བདྷཱ་ཡ་ཀཱ་ལེ། །ཀརྨྨཱ་ཎྱ་སཾ་བྷྲནྟ་ཕ་ལ་ནི་ཛནྟཽ་སྭ་ཡཾ་ཀྲྀ་ཏཱ་ནྱེ་བ་བྷ་བེ་བྷ་བནྟི། །ཡནྨཱརྒེ་ཎ་
བདག་གི་ཕ་མ་དག །ལོང་བ་སྲོག་འཕྲོག་གནོད་པ་འདི་ལ་ཡང་། །ཁྱོད་ལ་དམོད་པ་དག་ནི་འདོར་མི་འགྱུར། །སྲིད་པར་སྲོག་ཆགས་རང་གིས་བྱས་པའི་ལས། །འཁྲུལ་མེད་འབྲས་བུ་ཅན་རྣམས་དུས་སུ་ནི། །བདེ་དང་སྡུག་བསྔལ་ཡོན་ཏན་རྒྱས་པ་དང་། །སྐྱོན་དང་དམོད་པ་གསོད་པའི་སླད་དུ་འགྱུར། །གང་ཞིག་ལམ་
ཤ་ནཻརྦྲ་ཛནྣི་པ་ཏི་ཏཿཔྲཱཔྣོ་ཏི་བྷ་གཾ་ཏ་ནོཪྻཿབྷྲ་པ་རི་བྷྲ་མོཏྤ་ཐ་ག་ཏེརྦྦིདྷྭཱནྦི་ཤ་ཏྱཀྟ་ཏཿ། །ཡཏྤཱི་ད་ཏྱ་ས་ཀྲྀཏྤྲ་ཡཏྣ་ཙ་ཏུ་རཿཤྲི་སཾ་ཤྲ་ཡཤྣཱ་ལ་སསྟདྦཻ་ཙི་ཏྲྱ་མ་བྷིཏྟ་ཙི་ཏྲ་ར་ཙ་ནཾ་སརྦྦཱཏྨ་ནཱཾ་ཀརྨྨ་ཎཱཾ། །ཨ་ཡཤྩི་
ནས་དལ་གྱིས་འགྲོ་བ་ལྷུང་ཞིང་ལུས་ནི་རབ་ཏུ་ཉམས་པ་ཐོབ། །གང་ཞིག་ལམ་བྲལ་གཡང་སར་ཡོངས་སུ་འཁྱམ་ཞིང་རྒྱུག་པ་ཉམས་པ་མེད་པར་འཇུག །གང་ཞིག་ལན་གཅིག་མ་ཡིན་མཁས་པ་ཉམས་ཤིང་དཔལ་བསྟེན་ལེ་ལོ་ཅན། །ལས་ཀྱི་རི་མོ་རྩིས་པ་མེད་པར་བདག་ཉིད་ཀུན་གྱིས་བཀོད་དེ་རྣམ་པར་བཀྲ། །བདག་
Vol. 171 · folio 273b
མསྟྭེ་ཥཱ་མ་མཱཾ་བུ་ཀུཾ་བྷསྟྲྀཥྞཱརྟྟ་ཡོརྫཱི་བི་ཏ་མེ་བ་པི་ཏྲོཿ། །སཽ་ཛ་ནྱ་མཱ་ལམྦྱ་དྷི་ཡཱ་ད་ཡཱརྡྲ་ག་ཏྭཱ་ཏྭ་ཡཱ་ཏཱུརྞྞ་ཏ་ར་པྲ་དེ་ཡཿ། །ཨུཀྟྭེ་ཏི་ཀཎྛཱནྟ་ར་བརྟྟི་ཛཱི་བཿཤྭཱ་ས་པྲ་ཡཱ་ས་སྠ་གི་ཏཱལྤ་བརྞྞཿ། །མཽ་ནི་པ་ཙ་ཀྲེ་ཤྲུ་ཌི་ཏཱ་ན་ན་སྱ་བཻ་ལཀྵུ་
གི་ཆུ་བུམ་ཕྱི་མ་མེད་པ་འདི། །ཕ་མ་སྐོམ་པས་གཟིར་ལ་འཚེ་བར་ནི། །གཞུང་བཟང་ལ་བརྟེན་བརྩེ་བས་བརླན་པའི་བློས། །མྱུར་བར་སོང་སྟེ་ཁྱོད་ཀྱིས་སྦྱིན་པར་བྱ། །ཞེས་པ་མགྲིན་པའི་བར་དུ་སྲོག་རྒྱུ་ཞིང་། །དབུགས་བརྩེགས་ངལ་བས་སྒྲ་བསྒྲིབས་ཆུང་ངུར་བརྗོད། །བཞིན་ནི་ཕྱི་རོལ་ཕྱོགས་པའི་མདའ་དག་ལ། །ཐུབ་པ་
དཱིཀྵྱཱ་མི་བ་སཱ་ཡ་ཀ་སྱ། །ཀུཾ་བྷཾ་ས་མཱ་དཱ་ཡ་ཏ་ཏཿཀྵི་ཏཱི་ཤསྟ་དཱ་ཤྲ་མཾ་པྲཱ་སྱ་བྷྲྀ་ཤཾ་པྲ་ཏཔྟ། །ཏཱ་བེ་ཀ་པུ་ཏྲཽསྠ་བི་རཽ་བི་ལོཀྱ་ཏ་དནྟི་ཀ་ནཻ་བ་ཤ་ཤཱ་ཀ་གནྟུཾ། །པུ་ཏྲེ་ཏི་དཱུརཱཏྤ་ད་ཤཔྡ་དཏྟ་ཀརྞྞཽ་ས་མུཏྐཎྛི་ཏ་མཱ་ན་པཽ་ཏཽ། །སྣེ་ཧཱདྦྲུ་བཱ་ཎཱ་བུ་པ་
དེས་ནི་སྐྱེངས་པ་སྟོན་བཞིན་མཛད། །དེ་ནས་ས་དབང་མཆོག་ཏུ་རབ་གདུང་བས། །བུམ་པ་བླངས་ནས་དེ་དག་བསྟི་གནས་ཕྱིན། །རྒན་རྒོན་བུ་གཅིག་ལྡན་པ་དེ་དག་མཐོང་། །དེ་དག་གམ་དུ་འགྲོ་བ་ཡོངས་མ་ནུས། །རིང་ནས་རྡོག་སྒྲ་དག་ལ་རྣ་གཏོད་ཅིང་། །མཛའ་བས་རབ་ཏུ་འདོད་ལྡན་བུ་ཞེས་པ། །སྨྲ་བ་དེ་དག་ལ་ནི་ཉེར་
སྲྀ་ཏྱ་ར་ཛཱ་ཛ་གཱ་ད་ཤཱ་སཱ་ཀྵི་བ་མཱི་ཧ་མཱནཿ། །ན་པཱ་པ་བྷ་གི་ཡུ་བ་ཡོཿསུ་ཏོ་ཧཾ་སཽ་ཛ་ནྱ་བལླི་ཀ་ཐི་ནཿཀུ་ཋཱ་རཿ། །མཱ་ཏཾ་ག་བྲིཏྟྱཱ་མྲ་ཏ་རུཾ་ནི་པ་ཏྱ་མཏྟེ་ན་ཡོནྣོ་ཐི་ཏཿཀུ་མཱ་རཿ། །མཏྶཱ་ཡ་ཀ་སྱུ་ཏ་ནུསྶ་ཤེ་ཏེ་ཡུཥྨཏྶུ་ཏཿ
བཏུད་དེ། །དམོད་པས་ཉམས་པ་མི་འདོད་རྒྱལ་པོས་སྨྲས། །གླང་ཆེན་མྱོས་པའི་ཚུལ་གྱིས་ཨ་མྲའི་ཤིང་། །འཇོམས་བཞིན་གང་གིས་གཞོན་ནུ་རབ་བཅོམ་པ། །སྐྱེས་མཆོག་འཁྲི་ཤིང་དག་གི་སྟ་གྲི་རྩུབ། །སྡིག་པའི་སྐལ་ལྡན་བདག་ནི་ཁྱེད་སྲས་མིན། །བདག་གི་མདའ་ཡིས་ལུས་བཅོམ་ཁྱོད་ཀྱི་སྲས། །དེ་ནི་
Vol. 171 · folio 274a
ཀྲྀཙྪཱ་ག་ཏསྟ་པནྟེ། །ནི་དྷཱི་ཡ་ཏི་མུརྡྷྲཱེ་མ་མོ་གྲ་ཤཱ་པཿས་ཤི་ཏ་ལོཥྨཱ་པྲྀ་ཐུ་པཱ་པ་ཏཱ་པཱཏ། །ཨེ་ཏྱུཀྟ་མཱ་ཏྲེ་བ་སུ་དྷཱ་དྷི་པེ་ན་ཏཽ་བཛྲ་བྷགྣཱ་བི་བ་བྷགྣ་དྷཻཪྻཽ། །བྷཱི་ཏྱེ་བ་ཤོ་ཀ་སྱ་སུ་དུཿས་ཧ་སྱ་མ་ཧཱི་ཡཱ་སིཾ་མོ་ཧ་
སྡུག་བསྔལ་གྱུར་ནས་ཆུ་འགྲམ་ཉལ། །སྡིག་པའི་གདུང་བ་ཆེ་ལས་ཚ་གྲང་དང་། །བཅས་པའི་དམོད་དྲག་བདག་གི་སྤྱི་བོར་དོར། །ནོར་འཛིན་བདག་པོས་དེ་སྐད་བརྗོད་ཙམ་ལ། །རྡོ་རྗེས་བཅོམ་བཞིན་བརྟན་པ་ཉམས་དེ་དག །ཤིན་ཏུ་བཟོད་དཀའི་མྱ་ངན་ལ་འཇིགས་བཞིན། །རབ་ཏུ་ཆེ་བ་
གུ་ཧཱ་པྲ་བིཥྚཽ། །སིཀྟཽ་ཏ་ཏཿཤཱི་ཏ་ཛ་ལེ་ན་རཱ་ཛྙཱ་ཏཽ་ལབྡྷ་སཾ་ཛྙཱ་བ་ཡ་པཽ་ཀ་ཐཾ་ཙིཏ། །པུ་ཏྲཱནྟི་ཀཾ་བྷཱུ་པ་ན་ཡ་ཏྭ་མཱ་བཱ་མི་ཏྱུཙ་ཏུཥྚཽ་ཀ་རུ་ཎ་པྲ་ལཱ་པཽ། །ནཱི་ཏཽ་ཏ་ཏསྟེ་ན་པ་རིཏྤ་མཱི་པ་མ་དྭཱི་པ་དཱི་པེ་བྱ་བ་ནེ་ནི་མགྣཽ། །ཧསྟེ་ན་སཾ་སྤྲྀ་ཤྱ་སུ་
རྨོངས་པའི་ཕུག་ནང་ཞུགས། །དེ་ནས་རྒྱལ་པོས་ཆུ་གྲང་གཏོར་དེ་དག །ཇི་ཞིག་ལྟར་སྟེས་འདུ་ཤེས་ཆ་ཤས་ཐོབ། །ས་བདག་ཁྱོད་ཀྱིས་བདག་ཅག་བུ་དྲུང་དུ། །ཁྲིད་ཅེས་སྙིང་རྗེ་རབ་སྨྲ་དེ་དག་སྨྲ། །དེ་ནས་དེ་ཡིས་ཆུ་ཀླུང་ཉེ་བར་ཁྲིད། །གླིང་དང་སྒྲོན་མེ་ཉེ་བར་བྱིང་གྱུར་པ། །ལག་པས་མདའ་བསྣུན་བུ་ལ་
ཏཾ་ཤ་རཱཥྚཾ་ཏདྦཱ་ཎ་བིདྡྷ་དི་པ་བི་ཏ་ཏུསྟཽ། །ཀསྨཱ་ད་ཀསྨཱདྒུ་རུ་བཏྶ་ལོ་བི་བྲྀདྡྷཱ་བ་ནཱ་ཐཽ་བི་ཏ་རཽ་ཏྭ་མནྡྷཽ། །ཏྱཀྟྭ་དི་པཾ་གཙྪ་སི་པུ་ཏྲ་ཀེ་ཏི་གཱ་ཌྷཾ་ས་རཾ་ཥྭ་ཛྱ་ཏ་མཱུ་ཙ་ཏུསྟཽ། །ཨཱ་རཱ་དྷི་ཏཽ་བྷཀྟི་ས་པཪྻ་ཡཻ་བ་ནིརྦྱཱ་ཛ་མཱ་བཾ་གུ་རུ་
རིག་བྱས་ནས། །དེ་ཡི་མདའ་ཡིས་ཕུག་བཞིན་དེ་དག་འགྱེལ། །བུ་གཅིག་བླ་མ་དག་ལ་མཉེས་གཤིན་ཡང་། །ཕ་མ་རྒན་ལོང་མགོན་མེད་བཏང་ནས་ནི། །ཅི་སླད་གློ་བུར་མཐོ་རིས་ཁྱོད་འགྲོ་ཞེས། །དེ་དག་གིས་ནི་དེ་ལ་དམ་འཁྱུད་སྨྲས། །བུ་ཁྱོད་མེ་ཡི་སྦྱིན་སྲེག་ལ་དགའ་ཞིང་། །བླ་མའི་ལྷ་དང་
Vol. 171 · folio 274b
དེ་བ་ཏེ་ན། །ཏྭ་ཡཱགྣི་ཧོ་ཏྲཱ་བྷི་ར་ཏེ་པུ་ཏྲ་ས་ཏྱེ་ན་ཏེ་ནཱསྟུ་བྷ་བཱནྦི་ཤ་ལྱཿ། །ཨི་ཏྱུཀྟ་མཱ་ཏྲེ་ཀ་རུ་ཎཱརྟི་སཏྱ་སཏྭོ་པ་སནྣེ་བ་ཙ་ན་གུ་རུ་བྷྱཾ། །ཤ་ཀྲཿས་མ་བྷྱེ་ཏྱ་སུ་དྷཱ་པྲ་སེ་ཀཻ་ར་ཛཱི་བ་ཡནྣིརྦི་པ་རཾ་ཀུ་
ལྡན་པས་བདག་ཅག་ནི། །ཟོལ་མེད་གུས་པའི་མཆོད་པས་མཉེས་བྱས་པའི། །བདེན་པ་དེས་ཁྱོད་ཟུག་རྔུ་མེད་གྱུར་ཅིག །ཅེས་པ་བླ་མ་དག་གི་སྙིང་སྟོབས་རྫོགས། །སྙིང་རྗེས་གཟིར་བའི་བདེན་ཚིག་བརྗོད་ཙམ་ལ། །བརྒྱ་བྱིན་མངོན་ཕྱོགས་བདུད་རྩིས་བྲན་པ་ཡིས། །གཞོན་ནུ་རྨ་དང་བྲལ་
མཱ་རཾ། །ཤྱཱ་མཱ་ཀ་ནཱ་མཱ་ས་མུ་ནེཿཀུ་མཱ་རསྟ་དཱ་བྷ་བཾ་ཏདྦི་ན་ཡ་བྲ་ཏོ་ཧཾ། །ཏཱ་བེ་བ་མེ་ཤཱཀྱ་ཀུ་ལོདྦྷ་བེ་པི་པཱུ་ཛྱ་སྱ་པཱུ་ཛྱཽ་པི་ཏ་རཽ་པྲ་ཡཱཏྣཱཏ། །ཨི་ཏི་བི་བི་དྷ་དྷརྨྨ་མཱུ་ལཾ་ག་དི་ཏཾ་སུ་ག་ཏེ་ན་བྷི་ཀྵ་བཿཤྲུ་
ཞིང་བསོས་པར་བྱས། །བདག་ནི་དེ་ཚེ་དེར་གུས་བརྟུལ་ཞུགས་ཅན། །ཐུབ་པའི་གཞོན་ནུ་སྔོ་བསངས་ཅན་དེར་གྱུར། །ཤཱཀྱའི་རིགས་འཁྲུངས་མཆོད་བྱ་བདག་གིས་ཀྱང་། །འབད་ནས་མཆོད་བྱ་ཕ་མ་དེ་དག་གོ། །དེ་ལྟར་རྣམ་མང་ཆོས་ཀྱི་རྩ་བ་ནི། །བདེ་གཤེགས་ཀྱིས་གསུངས་དགེ་སློང་གིས
ཏྭཱ། །གུ་རུ་སེ་བཱ་བྲ་ཏ་ས་དྲྀ་ཤཾ་ནཱ་མྱ་མ་ནྱནྟ་སདྦྲྀཏྟཾ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་སཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཤྱཱ་མ་ཀཱ་བ་དཱ་ན་མེ་ཀཱ་དྷི་ཀ་ཤ་ཏ་ཏ་མཿཔལླ་
ཐོས་ནས། །བླ་མ་བསྟན་པའི་བརྟུལ་ཞུགས་དང་མཚུངས་པ། །དམ་པའི་སྤྱོད་པ་གཞན་དག་མེད་པར་སེམས། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་སྔོ་བསངས་ཅན་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་
Vol. 171 · folio 275a
བཿ།། །།དཱ་ནེ་ན་དཱི་ན་ཛ་ན་ཏཱ་བྱ་ས་ནཾ་ནི་ཧནྟི་ཤཱི་ལེ་ན་ཏོ་ཥ་ཡ་ཏི་སཛྫ་ན་མཱ་ན་པཱ་ནི། །པྲཛྙཱ་བ་ལེ་ན་ཙ་ཧ་ར་ཏྱ་བི་བེ་ཀ་མོ་ཧཾ་བཱིཪྻེ་ཎ་བཱ་ར་ཡ་ཏི་བྷཱི་རུ་བྷ་ཡཱ་ནི་དྷཱི་
གཅིག་པའོ།། །།དམན་པའི་སྦྱིན་པས་སྐྱེ་བོ་དམན་པ་རྣམས་ཀྱི་གདུང་བ་སེལ། །ཚུལ་ཁྲིམས་ཀྱིས་ནི་སྐྱེ་བོ་དམ་པའི་ཡིད་དག་ཚིམ་པར་བྱེད། །ཤེས་རབ་སྟོབས་ཀྱིས་ཀྱང་ནི་དབེན་པ་དང་བྲལ་གཏི་མུག་འཕྲོག །བརྩོན་འགྲུས་ཀྱིས་ནི་འཇིགས་སུ་རུང་བའི་འཇིགས་
རཿ། །ཤྲཱ་བསྟྱཱཾ་སཏྭ་ཀུ་ཤ་ལཾ་དི་ཤཾ་ཏཾ་དྷརྨྨ་ཤཱ་ས་ནེཿ། །ཛི་ནཾ་ཛེ་ཏ་བ་ནཱ་སཱི་ནཾ་པ་པྲཙྪུརྦྷིཀྵ་པཿཔུ་རཱ། །བྷ་ག་བཱན་བྷ་བ་ཏཱ་ཤ་ཀྲོ་བིམྦི་ཤཱ་རཤྩ་བྷཱུ་པ་ཏིཿ། །བྷིཀྵུཤྩཱ་ཛྙཱ་ཏ་ཀཽཎྜི་ནྱཿཔྲ་པི་ཏཱཿས་
པ་ཟློག་པར་བྱེད། །ཆོས་ཀྱི་བཀའ་ཡིས་མཉན་ཡོད་ན། །དགེ་བ་སེམས་ཅན་ལ་སྟོན་ཅིང་། །རྒྱལ་བ་རྒྱལ་བྱེད་ཚལ་བཞུགས་ལ། །དགེ་སློང་རྣམས་ཀྱིས་སྔོན་དྲིས་པ། །བཅོམ་ལྡན་ཁྱོད་ཀྱིས་བརྒྱ་བྱིན་དང་། །ས་བདག་གཟུགས་ཅན་སྙིང་པོ་དང་། །དགེ་སློང་ཀུན་ཤེས་ཀཽཎྜི་ནྱ། །བདེན་པ་མཐོང་
ཏྱ་དཪྴ་ནཾ། །ལཀྵྱ་དྭཱ་ཡཾ་དེ་བ་ཏཱ་ནཱཾ་ཏ་ཐཱ་ཡུ་ཏ་ཙ་ཏུཥྚ་ཡཾ། །ཏཏྤྲ་སཾ་གེ་ན་སཾ་པྲཱཔྟཾ་སཏྱ་དཪྴ་ན་བཱ་ཏྲ་ཏཱཾ། །སྭ་བྷཱ་བཿས་ཧ་ཛོ་བཱ་ཡཾ་གུ་ཎཿཔུ་ཎྱཱ་ནྭ་ཡོ་པི་བཱ། །ཛནྨཱ་བྷྱསྟ་པྲ་སཱ་དོ་བཱ་ཏ་བ་བི་ཤྭོ་པ་ཀཱ་རི་
བ་དག་ལ་བཀོད། །དེ་ཡི་ཞར་ལ་ལྷ་རྣམས་ནི། །འབུམ་ཕྲག་གཉིས་དང་དེ་བཞིན་དུ། །ཁྲི་ཕྲག་བཞི་ཡིས་བདེན་པ་ནི། །མཐོང་བའི་སྣོད་ཉིད་རབ་ཏུ་ཐོབ། །ཀུན་ལ་ཕན་མཛད་ཁྱོད་ཀྱི་འདི། །ལྷན་ཅིག་སྐྱེས་པའི་རང་བཞིན་ནམ། །ཡོན་ཏན་བསོད་ནམས་རྗེས་འགྲོའམ། །སྐྱ་བར་གོམས་
Vol. 171 · folio 275b
ཎཿ། །ཨི་ཏྱུཀྟཾ་བྷིཀྵུ་བྷིཿཤྲུ་ཏྭཱ་བྷ་ག་བཱནྤྲ་ཏྱ་བྷ་ཥ་ཏ། །ས་ཧཱ་ཛ་བ་ག་མཱ་བྷྱཱ་སཏྤ་རེ་པ་ཀྲྀ་ཏ་མེ་མ་ཏིཿ། །ཨསྨཱིནྫནྨ་ནི་ཀིཾ་ཙི་ཏྲཾ་མ་མ་སཏྭ་ཧི་ཏེ་ར་ཏིཿ། །ཨ་སྱ་བྷཱུ་ཏ་པ་དཱ་བྷྱཱ་སཏྶིཾ་
པའི་རབ་དང་ཡིན། །དགེ་སློང་རྣམས་ཀྱིས་འདི་བརྗོད་གསན། །བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། །བདག་གི་བློ་གྲོས་གཞན་ཕན་ལ། །གོམས་པས་ལྷན་ཅིག་སྐྱེས་པ་ཉིད། །སྐྱེ་བ་འདིར་བདག་སེམས་ཅན་ལ། །ཕན་པར་དགའ་བ་ཅི་ཞིག་མཚར། །རྟག་ཏུ་གོམས་པས་སེང་གེ་དང་། །གླང་
ཧ་ཧསྟྱཱ་དི་ཛནྨ་སུ། །དཀྵི་ཎཱ་ཏྱཱཿཔུ་རཱ་སཱརྠ་བཱ་ཧཱ་གཱ་ཌྷ་གྲ་ཧཱསྟི་ཡཿ། །ཛགྨུརྫ་ལ་ནི་དྷིསྟཱི་རཾ་སཱརྠ་ལཀྵ་དྭ་ཡཱ་ནུ་གཱཿ། །ཏསྨིནྐཱ་ལེ་ཛ་གདྒྲཱ་ས་བྱ་གྲཿཀཱ་ལ་ཨི་བཱ་ས་རཿ། །ཨ་བྷཱུ་ཏ་ཛ་ག་རོདྦྷ་རཿཕཾ་ཕཱ་ཁྱཿ
སོགས་སྐྱེ་བ་འདི་ལ་གྱུར། །སྔོན་ཚེ་དེད་དཔོན་ལྷོ་ཕྱོགས་པ། །དྲག་པོར་འབྲངས་པའི་བུད་མེད་དང་། །དོན་མཐུན་འབུམ་ཕྲག་གཉིས་རྗེས་འབྲང་། །ཆུ་གཏེར་དག་གི་ངོགས་སུ་ཕྱིན། །དེ་དུས་དུས་ནི་གཞན་པ་བཞིན། །འགྲོ་བ་ཟ་བ་ལ་ཆགས་པ། །འཇིགས་རུང་ལུས་རྒྱས་སྦྲུལ་ཆེན་ནི། །ཕམ་
སྥཱ་ར་བི་གྲ་ཧཿ། །ཏེ་ཏཾ་སརྦྦ་ཛ་ན་ཡཱ་སཾ་པཾ་ཏྲཱ་ས་མི་བ་དུཿས་ཧཾ། །བི་ནཥྚ་དྷེཪྻ་དྲྀཥྚཱ་བ་བ་བྷཱུ་བུརྒྷ་ཊི་ཏཱ་ཨི་པ། །བྷོ་གེ་ན་བྷོ་གི་ནཱ་ཏེ་ན་ས་མནྟཱདྦེཥྚཻ་ཏ་པ་ཐི། །ནིཥྩེཥྚཿཀཱ་ལ་བཀྟྲ་གྲ་བརྟྟི་ནསྟེ་པྲ་
པ་ཞེས་པ་བྱུང་བར་གྱུར། །སྐྱེ་བོ་ཀུན་གྱི་ཉོན་མོངས་ཀྱི། །སྐྲག་པ་བཞིན་དུ་བཟོད་དཀའ་དེ། །མཐོང་ནས་བརྟན་པ་རྣམ་པར་ཉམས། །དེ་དག་དཀྲུགས་པ་བཞིན་དུ་གྱུར། །གདེངས་ཅན་དེ་ཡི་ལུས་ཀྱིས་ནི། །ལམ་དག་ཀུན་ནས་བསྐོར་བའི་ཚེ། །བསམ་བྲལ་དུས་ཀྱི་ཁ་སྒོར་གནས། །དེ་དག་
Vol. 171 · folio 276a
བྲ་ཀྲུ་ཤྲུཿ། །ཏེ་ཥཱཾ་མ་ཤེ་ཥ་ཏྲི་ད་ཤ་སྟ་བཻཿཤ་ར་ཎ་རཱ་བི་ཎཱཾ། །ཨཱ་ཀྲནྡཿསརྦྦ་དིགྦྱཱ་པཱི་པྲོཪྻ་ཡཽ་ཀ་རུ་ཎ་སྭ་ནཿ། །ཡ་ཤཿཀེ་ཤ་ར་སཾ་ཛྙོ་ཐ་སིཾ་ཧཿ་ཧེ་ལ་གུ་ཧཱ་ཤྲ་ཡཿ། །ཏཾ་ཤཔྡཾ་མནྡ་རཿཤྲུ་ཏྭཱ་ཏདྦ་
རྣམས་ཀྱིས་ཆོ་དེ་བཏོན། །མ་ལུས་ལྷ་རྣམས་བསྟོད་པ་ཡིས། །སྐྱབས་པའི་སྒྲ་ལྡན་དེ་དག་གིས། །ཆོ་ངེ་ཕྱོགས་ཀུན་ཁྱབ་བྱེད་པ། །སྙིང་རྗེའི་སྒྲ་ནི་རྒྱས་པར་གྱུར། །དེ་ནས་སེང་གེ་རི་ཕུག་གནས། །གྲགས་པའི་རལ་ཅན་ཞེས་པ་དང་། །དེ་ཡི་གྲོགས་པོ་གླང་པོ་ཆེ། །མན་དྷ་ར་
ཡ་བཤྩཀུཉྫ་རཿ། །ཨཱ་སནྣ་ཏྲཱ་ཎ་སནྣདྡྷཽ་ཀ་རུ་ཎཱ་ཀྲྀཥྚ་མཱ་ན་སཽ། །དྷཱི་རཱ་བཱ་ཛགྨ་ཏུཿསཱརྠ་སཾ་རཀྵ་ཎ་ཀྲྀ་ཏྲ་ཀྵ་མོ་ཎོ། །ཏ་ཏཿསིཾ་ཧཿས་མཱ་ཏུ་ཧྱ་ག་ཛེནྡྲཾ་གི་རི་བི་ག་ཧཾ། །བེ་གཱནྣེ་པ་ཏྱཱ་ཛ་ག་རཾ་ཙ་ཀཱ་ར་ག་ཏ་ཛཱི་བི་
ཡིས་སྒྲ་དེ་ཐོས། །རྒུད་པ་སྐྱོབ་པ་ལ་ཆས་ཤིང་། །ཡིད་ནི་སྙིང་རྗེས་དྲངས་གྱུར་པ། །དོན་མཐུན་སྐྱོབ་ལ་དུས་བྱས་པའི། །བརྟན་པ་དེ་དག་འོངས་པར་གྱུར། །དེ་ནས་གླང་ཆེན་རི་བོ་ཡི། །ལུས་ཅན་དག་ལ་སེང་གེས་ཞོན། །ཤུགས་ཀྱིས་བསྣུན་ནས་སྦྲུལ་ཆེན་ནི། །སྲོག་དང་བྲལ་བ་དག་ཏུ་
ཏཾ། །པྲཱ་ཎ་པྲ་བཱ་ས་ས་མ་ཡཏ་སྱ་ནི་ཤྭཱ་ས་མ་རུ་ཏཿ། །ཙ་ཀ་ར་ད་ཧ་ནོ་བྷཱ་རཱི་བྷཱསྨ་སཱཏ་སིཾ་ཧ་ཀུཉྫ་རོ། །ཏ་ཡོཿཤ་རཱི་ར་པཱུ་ཛཱ་ཡཻ་ཏ་ཏསྟེ་སཱརྠ་ནཱ་ཡ་ཀཱཿ། །སྟཱུ་པཾ་བི་དྷཱ་ཡ་པྲ་ཡ་ཡུརྡི་ཤསྟདྻ་ཤ་པཱ་པ་ཧ། །ཨ་ཧ་མེ་
བྱས། །དེ་ཡི་སྲོག་ནི་འགྲོ་དུས་སུ། །དབུགས་ཀྱི་རླུང་ནི་སྲེག་བྱེད་དག །རབ་ཏུ་འབར་བས་སེང་གེ་དང་། །གླང་པོ་དག་ནི་ཐལ་བར་བྱས། །དེ་ནས་དེད་དཔོན་དེ་རྣམས་ཀྱིས། །དེ་དག་ལུས་ལ་མཆོད་པའི་སླད། །མཆོད་རྟེན་བྱས་ནས་དེ་དག་གིས། །གྲགས་པ་དང་འགྲོགས་ཕྱོགས་སུ་སོང་། །ང་ཉིད་དེ་
Vol. 171 · folio 276b
བ་ཏ་དཱ་སིཾ་ཧཿསཱརྠ་པྲཱ་ཎ་པྲ་དོ་བྷ་བཾ། །མ་ཧཱ་ཧིརྡེ་བ་དཏྟོ་སཽ་ཤཱ་རི་པུ་ཏྲཤྩ་ཀུཉྫུ་རཿ། །ཏཏྟ་སྱ་ས་ཏྭ་ཤ་ཤི་ནཿསུ་ཀྲྀ་ཏ་པྲ་ཀཱ་ཤཾ་བི་ཤྭོ་བ་ཀཱ་ར་ཙ་ཏུ་རཾ་ཙ་རི་ཏཾ་མ་ཧཱརྷཾ། །ཤུ་ཏྭཱ་ཛི་ནེ་ན་ཀ་ཐི་ཏཾ་པྲ་ཐ་མཱ་ཧཪྵསྟ་བྷིཀྵ་
ཚེ་དོན་མཐུན་ལ། །སྲོག་སྟེར་སེང་གེ་དག་ཏུ་གྱུར། །ལྷས་བྱིན་དག་ནི་སྦྲུལ་ཆེན་ཏེ། །ཤཱ་རིའི་བུ་ནི་གླང་པོ་ཆེ། །སྙིང་སྟོབས་ཟླ་བ་དེ་ཡི་སྤྱོད་པ་ལེགས་བྱས་རབ་ཏུ་གསལ། །ཀུན་ལ་ཕན་པར་བྱེད་མཁས་གྲགས་ཤིང་ཆེན་པོ་དག་ཏུ་འོས། །རྒྱལ་བས་གསུངས་པ་དེ་དག་ཐོས་ནས་དགའ་བ་ཐོབ་གྱུར་
བཿཔྲ་ཏི་པ་དཾ་པྲ་ཤ་ཤཾ་སུ་རེ་བ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་སིཾ་ཧཱ་བ་དཱ་ནཾ་དྦྱ་དྷི་ཀ་ཤ་ཏ་ཏ་མཿཔལླ་བཿ།། །།ཏཱ་ར་ཧཱ་ར་བ་ར་
པའི། །དགེ་སློང་དེ་དག་རྣམས་ཀྱིས་ཚིག་གིས་སོ་སོར་རབ་ཏུ་བསྔགས། །ཞེས་པ་དག་པའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་སེང་གེའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་གཉིས་པའོ།། །།དོ་ཤལ་རབ་གསལ་
བསྟྲ་ཤེ་ཁ་ར་ཙྪཏྟྲ་ཙཱ་མ་ར་པི་ཏ་སྨི་ཏཱཿཤྲི་ཡཿ། །དི་བྱ་བྷོ་ག་སུ་བྷ་གཱཿསུ་ཁོཏྶ་བཻཿསཱུ་ཙ་ཡནྟི་སུ་ཀྲྀ་ཏཾ་མ་ཧཱཏྨ་ནཱཾ། །པྲ་བྲྀདྡྷ་དྷརྨྨ་བི་བྷ་བ་པྲ་བྷཱ་བོདྦྷ་བ་དཪྴ་ནཱཏ། །བིསྨི་ཏཾ་བྷི་ཀྵུསཾ་གྷ་ཏཾ་བ་
གོས་མཆོག་ཅོད་པན་དང་། །གདུགས་དང་རྔ་ཡབ་དཀར་པོས་འཛུམ་པའི་དཔལ། །མཆོག་གི་ལོངས་སྤྱོད་སྐལ་བཟང་དགའ་སྟོན་གྱིས། །བདག་ཉིད་ཆེན་པོའི་ལེགས་བྱས་གསལ་བར་བྱེད། །ཆོས་ཀྱི་འབྱོར་པ་རབ་རྒྱས་པའི། །མཐུ་ནི་རྒྱས་པ་མཐོང་བ་ལས། །ཡ་མཚན་དགེ་སློང་ཚོགས་ལ་ནི། །
Vol. 171 · folio 277a
བྷ་ཥེ་བྷ་ག་བཱན་པུ་ར། །ཨ་པྲཱབྟཱ་ནུཏྟ་ར་ཛྙཱ་ན་མ་ཧཱ་སོ་སྱ་ནྱ་ཛནྨ་ནི། །བ་བྷཱུ་བུརྨྨ་མ་སཱཤྩཪྻཱཿསུ་ཀྲྀ་ཏ་བྱཾ་ཛ་ནཱཿཤྲི་ཡཿ། །བཛྲ་བ་ཏྱ་བྷི་དྷཱ་ནཱ་ཡཱཾ་ན་གཪྻཱ་མུཏྟ་རཱ་པ་ཐི། །བཛྲ་ཙཎྜ་བྷི་དྷོ་རཱ་
བཅོམ་ལྡན་འདས་ཀྱིས་སྔོན་གསུངས་པ། །སྐྱེ་བ་གཞན་ལ་བླ་མེད་ཀྱི། །ཡེ་ཤེས་གཟི་བྱིན་མ་ཐོབ་ཀྱང་། །བདག་ལ་ངོ་མཚར་བཅས་པའི་དཔལ། །ལེགས་བྱས་གསལ་བར་བྱེད་པ་བྱུང་། །བྱང་གི་ཕྱོགས་ཀྱི་གྲོང་ཁྱེར་དག །རྡོ་རྗེ་ཅན་ཞེས་བྱ་བར་ནི། །རྒྱལ་པོ་ཕྱག་ན་རྡོ་རྗེ་
ཛཱ་བཛྲ་པཱ་ཎི་རི་བཱ་བྷ་བཏ། །གངྒཱ་དྷི་པ་ཏྱེ་ན་ག་རེ་མེ་རུཾ་ཛི་ཏྭཱ་མ་ཧཱི་པ་ཏཱིཾ། །ཏཏྤུ་ཏཱཾ་རཽ་ཧི་ནཱིཾ་ནཱ་མ་སྭ་སུ་དྷཱཾ་ཤུ་རི་བཱཔྟ་བཱན། །ཏ་སྱཱ་མ་ཛཱི་ཛ་ནཏྤུཏྲཾ་ས་མི་ཏྲ་ས་དྲྀ་ཤཾཔྲ་བྷཾ། །ཙི་ཏྲ་ཡ་སྱ་མ་ཎིཙྪ་ཏྲཾ་ས་ཧ་ཛཱ་
བཞིན། །རྡོ་རྗེ་གཏུམ་པོ་ཞེས་པར་གྱུར། །གྲོང་ཁྱེར་གང་གཱའི་བདག་པོ་ནི། །ས་བདག་ལྷུན་པོ་བཏུལ་ནས་དེའི། །བུ་མོ་སྣར་མ་ཞེས་བྱ་བ། །དེས་ཐོབ་བདུད་རྩིའི་ཟེར་གྱིས་བཞིན། །དེ་ཡིས་དེ་ལ་བུ་དག་ནི། །ཉི་མའི་འོད་དང་མཚུངས་པ་བསྐྱེད། །གང་ལ་ནོར་བུའི་གདུགས་དག་ནི། །བཀྲ་བ་ལྷན་
ཏཾ་བྱ་རཱ་ཛཏ། །ཏ་སྱ་པུ་ཎྱ་པྲ་བྷཱ་བེ་ན་ས་ཀལྤོ་པ་ན་ཏཿས་དཱ། །དི་བྱཱ་བྷ་ར་ཎ་བྷོ་གཱ་ནུ་བྷོ་གེ་བྷཱུཏྤུ་ར་བཱ་སི་ནཾ། །བྷོ་ག་པིཎྜཻཿཔྲི་ཡཻསྟེ་ན་ཡསྨཏྶཾ་པཱུ་རི་ཏཾ་པུ་རཾ། །ཏསྨཱཏྤྲི་ཡ་པིཎྜཱ་ཁྱཿཀྵྨཱ་པ་ཏེ་
ཅིག་སྐྱེས་པས་མཛེས། །དེ་ཡི་བསོད་ནམས་མཐུ་ཡིས་ནི། །རྟག་ཏུ་བསམས་པས་ཉེར་གནས་པ། །ལྷ་ཡི་རྒྱན་དང་ལོངས་སྤྱོད་དག །གྲོང་ཁྱེར་བ་ཡིས་ཉམས་མྱོང་གྱུར། །ལོངས་སྤྱོད་དགའ་བའི་གོང་བུ་དེས། །གང་ཕྱིར་གྲོང་ཁྱེར་ཡོངས་བཏང་བ། །དེ་ཕྱིར་ས་བདག་སྲས་དེ་ནི། །དགའ་
Vol. 171 · folio 277b
རབྷ་བཏྤུ་ཏཿ། །པི་ཏུ་རཾནྟེ་ས་སཾ་པྲཱཔྟ་རཱ་ཛྱཱཿཔྲཱ་ཛྱ་ཡ་ཤ་དི་ཤཱཾ། །དི་དེ་ཤ་སརྦྦ་བྷཱུ་ཏཱ་ནཱཾ་སྭེཙྪེ་ཡཾ་བྷོ་ག་སམྦ་དཾ། །དུརྨྨ་ཏི་དུརྨྨ་ཏཱི་ནཱ་མཱ་མནྟྲཱི་ཏ་སྱ་བི་རཀྵ་ཏཱཾ། །པྲ་ཡ་ཡཽ་གུ་ཎི་བིདྦེ་ཥཿསྭ་བྷཱ་བེ་ཧི་
བའི་གོང་བུ་ཞེས་པར་གྱུར། །ཕ་ཡི་མཇུག་ཏུ་རྒྱལ་སྲིད་ཐོབ། །གྲགས་པ་རྒྱས་དེས་ཕྱོགས་རྣམས་སུ། །འབྱུང་པོ་ཀུན་ལ་རང་འདོད་ཀྱི། །ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྟན། །བློན་པོ་བློ་ངན་བློ་ངན་ཞེས། །བྱ་བ་དེ་ལ་ཆགས་བྲལ་གྱུར། །ཡོན་ཏན་ཅན་ལ་སྡང་བ་ནི། །བདག་ཉིད་ངན་
དུ་རཱཏྨ་ནཱཾ། །མེ་རུཾ་མཱ་ཏཱ་མ་ཧཾ་ཏ་སྱ་གཱུ་ཌྷ་ལེ་ཁཻཿས་བྷུ་པ་ཏི། །པཱུརྦྦཱ་ས་ཀཱ་རསྨི་ཏྱེ་པ་ཙ་ཀཱ་ར་རསྨ་རོནྨུ་ཁཾ། །ས་དཱུ་ཏཻཿས་ཧ་སོདྦྷུཏ་མ་ནྱུ་པྲ་ཛྭ་ལི་ཏཿས་རཾ། །པནྡི་དེ་ཤ་བ་ལོཏྶ་ཀཱདྡྷོ་ཧི་ཏྲཾ་ནི་
པའི་རང་བཞིན་ཡིན། །དེ་ཡི་མ་མེས་ས་བདག་ནི། །ལྷུན་པོའི་སྤྲིང་ཡིག་རྣམས་ཀྱིས་དེས། །སྔོན་གྱི་གནོད་པ་དྲན་པ་ཡིས། །གཡུལ་ལ་མངོན་པར་ཕྱོགས་པར་བྱས། །ཁྲོ་བ་མཆོག་ཏུ་རབ་འབར་བ། །འཕྲལ་ལ་རྒྱས་ཤིང་གསོད་བརྩོན་དེས། །སྟོབས་རབ་རྒྱས་པས་ཕོ་ཉ་སྤྲིངས། །
དྷནོ་དྱ་ཏཿ། །དཽ་ཧི་ཏྲཿཤ་ཏྲུ་པུ་ཏྲསྟྭཾ་ཏྭཏ་པི་ཏྲཱ་དུ་རཱཏྨ་ནཱ། །མཎྜ་ལཾ་ཁཎྜ་ཏཱཾ་ནཱི་ཏྭཱ་ཧྲྀ་ཏཱ་ཀཱིརྟི་རི་བཱཏྨ་ཛ། །ཨཱཙྪིནྣཱ་མུརྦྦ་རཱ་མེ་ཏཱཾ་པ་པྲཙྪ་སྭེཙྪ་ཡཱ་ན་ཙེཏ། །སྭ་ཡ་མ་བྷྱེ་ཏྱ་ཀ་རོ་མི་པྲ་ཏྱནྟ་
བུ་མོའི་བུ་ལ་རབ་བསྟན་པ། །བུ་མོའི་བུ་ཁྱོད་དགྲ་ཡི་བུ། །བདག་ཉིད་ངན་པ་ཁྱོད་ཀྱི་ཕས། །དཀྱིལ་འཁོར་ཉམས་པ་ཁྱོད་བྱས་ནས། །གྲགས་པ་བཞིན་དུ་བུ་མོ་ཕྲོགས། །མ་ཉམས་ས་འདི་རང་འདོད་ཀྱིས། །སྩོལ་ཅིག་གལ་ཏེ་མ་ཡིན་ན། །རང་ཉིད་འོངས་ཁྱོད་མཐའ་འཁོབ་ཏུ། །སྐྱབས་
Vol. 171 · folio 278a
ཤ་ར་ཎཱ་ཏི་ཐིཾ། །མཱ་ཏཱ་མ་ཧེ་ན་པནྡེཥྚ་མེ་ཏ་དཱ་ཀརྞྞྱ་བྷཱུ་པ་ཏི། །ཛ་ན་སཾ་ཀྵ་ཡ་ཀཱ་རུ་ཎྱཱཏྟཾ་པྲ་སཱ་ད་ཡི་ཏུཾ་ཡ་ཡཽ། །སནྡྷི་པི་གྲ་ཧ་སནྣདྡྷཿས་ནཽ་བྷིརྡཱུ་ར་སཻ་ནི་ཀཿ། །མ་ཏཱ་མ་ཧཾ་པུ་ར་པྲཱ་ས་གཾ་གཱ་བུ་
པའི་མགྲོན་དུ་བདག་གིས་བྱ། །མ་མེས་ཀྱིས་ནི་རབ་བསྟན་པ། །དེ་དག་ཐོས་ནས་ས་ཡི་བདག །སྐྱེ་བོ་རླག་ལ་སྙིང་རྗེ་བས། །དེ་ལ་དང་བར་བྱེད་དུ་སོང་། །དམག་དཔུང་རིང་ཞིང་གཡུལ་གྱི་ནི། །སྡུམས་ལ་ཆས་དེས་གྲུ་དག་གིས། །གང་གཱའི་འགྲམ་ན་གནས་པ་ཡི། །མ་མེས་
ལི་ན་སཾ་ཤྲ་ཡཾ། །སཱ་མཱ་ཏྱ་བྷྲྀ་ཏྱ་བརྒ་སྱ་ཏ་སྱ་སཾ་ཀལྤ་ལཱི་ལ་ཡཱ། །ཨུདྦྷཱུ་ཏཾ་དི་བྱཱ་མཱ་ཧཱ་རཾ་དྲྀཥྚྭཱ་མེ་རུ་མ་ཧཱི་པ་ཏིཿ། །དེ་བོ་ཡ་མི་ཏི་ཏཱ་མ་ཏྭཱ་ཏ་དནྟིཾ་ཀ་སྭ་ཡཾ་ག་ཏྭཱ། །ཀཎྛ་གྲ་ཧོ་ཙྪདྦཱཥྤཿསརྦྦ་རཏྣཻ་ར་པཱུ་ཛ་
གྲོང་ཁྱེར་དག་ཏུ་ཕྱིན། །བློན་པོ་གཡོག་སྡེ་དང་བཅས་པ། །དེ་ཡི་ཀུན་རྟོག་རྩེ་དགའ་ཡིས། །ལྷ་ཡི་ཟས་ནི་རབ་འཁྲུངས་པ། །ས་བདག་ལྷུན་པོས་མཐོང་གྱུར་ནས། །འདི་ནི་ལྷ་ཞེས་ངེས་བྱས་ཏེ། །རང་ཉིད་དེ་ཡི་དྲུང་སོང་ནས། །མཆི་མ་ཟག་ཅིང་མགྲིན་པར་བཟུང་། །རིན་ཆེན་ཀུན་གྱིས་
ཡ་ཏ། །པྲ་ཎ་ཡཱཎྨཱ་ཎི་ཏསྟེ་ན་ག་ཏྭཱ་སྭ་ན་ག་རཱི་ནི་ཛཱཾ། །དི་བྱ་བྷོ་གོདྦྷ་པོ་ད་གྲཾ་ཛཾ་བཱུ་དྭཱི་པ་ཛ་ནཾ་བྱ་བྷཱཏ། །ཏཙྩ་ཏཾ་ཛི་ན་པྲྀཥྚོ་བྷིཀྵུ་བྷིཿསམྤ་དམྤྲ་ཏི། །སརྦྦ་ཛྙོ་པྱ་བ་དཏྟེ་ཥུ་ཏ་སྱ་སམྤཏྟི་ཀཱ་ར་
རབ་ཏུ་མཆོད། །དེ་ཡི་གུས་པས་མཆོད་པ་དེས། །རང་གི་གྲོང་ཁྱེར་ཕྱིན་ནས་ནི། །འཛམ་གླིང་སྐྱེ་བོ་ལྷ་ཡི་ནི། །ལོངས་སྤྱོད་རབ་རྒྱས་ལྷག་པར་བསྒྲུབས། །དེ་སྤྱོད་ཕུན་ཚོགས་ལ་མཚོན་ཏེ། །དགེ་སློང་གིས་དྲིས་རྒྱལ་བ་ནི། །ཀུན་མཁྱེན་གྱིས་ཀྱང་དེ་དག་ལ། །དེ་ཡི་ཕུན་ཚོགས་རྒྱུ་མཚན་
Vol. 171 · folio 278b
ཎཾ། །བཱ་རཱ་ཎ་སྱཱཾ་ས་བི་པྲོ་བྷཱུནྨཱུ་ལི་ཀཱ་ཁྱཽ་ནྱ་ཛནྨ་ནི། །ཏེ་ན་པྲ་ཏྱེ་ཀ་བུདྡྷ་རོ་ག་གླཱ་ན་སྱ་བྷཻ་ཥ་ཛ། །སྭཱསྠཱ་བ་དྷཱི་ཀྲྀ་ཏཾ་ཡ་ཏྲ་ཙྪཏྟྲཾ་ཙཱ་དྷྲྀ་ཏ་མཱ་ཏ་པེ། །ཏཏྤུ་ཎྱཱཙྪཏྟྲ་བཱནྼ་ཛ་སོ་བྷཱུདྡྷི་བྱོ་པ་བྷོ་ག་
གསུངས། །བཱ་རཱ་ཎ་སཱིར་སྐྱེ་གཞན་དེ། །བྲམ་ཟེ་རྩ་བ་ཅན་ཞེས་གྱུར། །དེ་ཡི་ནད་ཀྱིས་གཟིར་བ་ཡིས། །རང་སངས་རྒྱས་ལ་སྨན་དག་ནི། །བསོས་པའི་མཚམས་ལ་ཐུག་པར་བྱས། །གདུང་བ་གང་ལ་གདུགས་ཀྱང་བཟུང་། །བསོད་ནམས་དེས་རྒྱལ་གདུགས་ཅན་དེ། །ལྷ་ཡི་ལོངས་སྤྱོད་
བྷཱཀ། །པྲི་ཡ་པྲྀཎྜོ་ཧ་མེ་བཱ་སཽ་དེ་བ་དཏྟཤྩ་དུརྨྨ་ཏིཿ། །ཤྲུ་ཏྭེ་ཏྱུཀྟཾ་བྷ་ག་བ་ཏཱ་བྷིཀྵ་བོ་བིསྨ་ཡཾ་ཡ་ཡུཿ། །ཡདྦིསྨ་ཡཱ་བ་ཧ་མ་ཧོ་བི་བྷ་བ་པྲ་བྷཱ་བ་དི་བྱོ་བ་བྷོ་ག་སུ་བྷ་གཾ་བྷུ་བ་ནཱ་དྷི་པ་ཏྱཾ། །དཱིརྒྷ་
སྣོད་དུ་གྱུར། །ང་ནི་དགའ་བའི་གོང་བུ་དེ། །བློ་ངན་དེ་ཡང་ལྷས་བྱིན་ནོ། །ཞེས་པ་བཅོམ་ལྡན་གྱིས་གསུངས་པ། །ཐོས་ནས་དགེ་སློང་ཡ་མཚན་གྱུར། །ཀྱེ་མ་གང་ཞིག་ཡོན་ཏན་འཛིན་དང་འབྱོར་པའི་མཐུ་དང་ནི། །ལྷ་ཡི་ཉེ་བར་ལོངས་སྤྱོད་སྐལ་བཟང་སྲིད་པའི་བདག་པོ་དང་། །ཡིད་དུ་
ས་མཱ་བྲ་ཡ་གྷ་ན་བྱ་ས་ནཱ་བ་སནྣ་སམྦཱ་ཧ་ནོདྡྷ་ར་ཎ་པུ་ཎྱ་བི་ཛྀམྷི་ཏཾ་ཏཏ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་སཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་པྲི་ཡ་པིཎྜཱ་བ་དཱ་ནཾ་ཏྲྱ་དྷི་ཀ་ཤ་ཏ་ཏ་མཿ
གནས་ཤིང་སྡུག་པར་གྱུར་པའི་གདུང་བར་ལྷུང་བ་དག །སྐྱོབ་ཅིང་ཡོངས་སུ་འདོན་པ་དེ་དག་བསོད་ནམས་རྣམ་འཕྲུལ་ཡིན། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་དགའ་བའི་གོང་བུའི་རྟོགས་པ་
Vol. 171 · folio 279a
པལླ་བཿ།། །།སནྨཱརྒ་སཾ་བྷྲྀ་ཏ་མ་ནོ་ར་ཐ་སིདྡྷི་སུ་ཏཿཤླཱ་གྷྱཿས་ཏཾ་སུ་ཀྲྀ་ཏ་ནིརྨྨ་ལ་ཏཱིརྠྱ་པླུ་ཏཿ། །སཾ་སཱ་ར་གྷོ་ར་མ་ཀ་རཱ་ཀ་རཱ་སེ་ཏུ་བྷཱུ་ཏཿསཏ་སཾ་
བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་གསུམ་པའོ།། །།ལེགས་པའི་ལམ་ལ་ཡིད་ལ་རེ་བ་རབ་རྒྱས་གྲུབ་གྱུར་ཅིག །དམ་པའི་ལེགས་བྱས་དྲི་མེད་འཇུག་ངོགས་གཙང་མ་བསྔགས་པར་འོས། །འཇིགས་རུང་འཁོར་བའི་ཆུ་སྲིན་འབྱུང་གནས་དག་གི་ཟམ་སྟེགས་
ག་ཨེ་བ་ཤུ་བྷ་སརྒ་ནི་སརྒ་དཱུ་ཏཿ། །ཤྲཱ་བསྟྱཱཾ་ཀ་མ་ལཱ་ཁྱ་སྱ་པུ་ཏྲཾ་གྲྀ་ཧ་པ་ཏེཿཔུ་རཱ། །ཧཾ་སཱ་བྷི་དྷཾ་བྷ་ག་བ་ཏཱ་ཡཏྣེ་ནཱརྷ་ཏ་པ་དེ་དྷྲྀ་ཏཾ། །དྲྀཥྚྭཱ་པྲ་པཱ་ད་བི་ཥ་དཻཿཀ་རུ་ཎཱ་ལོ་ཀ་ནཱ་མྲྀ་ཏཻཿ། །ཨ་ནུ་
གྱུར། །དམ་པའི་གྲོགས་ཉིད་དགེ་བ་སྤྲོ་བའི་རང་བཞིན་ཕོ་ཉ་ཡིན། །མཉན་དུ་ཡོད་པ་དག་ཏུ་སྔོན། །ཁྱིམ་བདག་པདྨ་ཞེས་པའི་བུ། །ངང་པ་ཞེས་བྱ་བཅོམ་ལྡན་གྱིས། །འབད་པས་དགྲ་བཅོམ་གནས་ལ་ནི། །རབ་དང་དྲི་མེད་སྙིང་རྗེ་ཡི། །གཟིགས་པ་བདུད་རྩིས་བཟུང་མཐོང་ནས། །རྗེས་འཛིན་
གྲ་ཧཱ་གྲ་ཧ་བྱ་གྲཾ་ཏ་མ་བྷཱ་ཥནྟ་བྷི་ཀྵ་བཿ། །བྷ་ག་བཱནྐུ་ལ་པུ་ཏྲོ་ཡཾ་པྲ་བྲ་ཛྱཱ་པི་གྲྀ་ཧོནྨུ་ཁཿ། །བ་བྷཱུ་བ་བཱ་ས་ནཱ་ཤེ་ཥཱ་ད་ཤཱནྟ་བི་ཥ་ཡ་སྨྲྀ་ཏིཿ། །ས་པྲ་ཡཏྣེ་ན་བྷ་ག་བ་ཏཱ་བི་ནེ་ཡ་བི་ན་ཡོ་ཛི་ཏཿ། །ཨ་
བརྩོན་པས་བྲེལ་འདི་ལ། །དགེ་སློང་རྣམས་ཀྱིས་རབ་གསོལ་པ། །བཅོམ་ལྡན་རིགས་ཀྱི་བུ་འདི་ནི། །བག་ཆགས་ལྷག་མ་དག་གིས་ཡུལ། །དྲན་པ་མ་ཞི་རབ་བྱུང་ཡང་། །ཁྱིམ་ལ་མངོན་པར་ཕྱོགས་པར་འགྱུར། །དེ་ནི་རབ་འབད་བཅོམ་ལྡན་གྱིས། །འདུལ་བ་དག་ལ་རྣམ་པར་སྦྱར། །ཀྱེ་མ་
Vol. 171 · folio 279b
ཧོ་མ་ཧཱ་ནུ་གྲ་ཧེ་ཎ་སམྨོ་ཧ་ར་ཧི་ཏཿཀྲྀ་ཏཿ། །ཨུཀྟོ་ཧཪྵ་མྲྀ་ཏ་སིཀྟཻརྦྦི་སྨི་ཏེ་རི་ཏི་བྷིཀྵུ་བྷིཿ། །ཏཱ་ན་བྷཱ་ཥ་ཏ་སརྦྦ་ཛྙོ་བྷ་ག་བཱནྦྷཀྟ་བཏྶ་ལཿ། །པཱུརྦྦ་མ་སྱེ་ཥ་ཀུ་ཤ་ལ་མ་ཡཱ་ཡཏྣཱནྣི་བི་ཤི་
རྗེས་བཟུང་ཆེན་པོ་ཡིས། །ཀུན་རྨོངས་དག་དང་བྲལ་བར་མཛད། །དེ་སྐད་དགེ་སློང་ཡ་མཚན་ཞིང་། །དགའ་བའི་བདུད་རྩིས་བྲན་པས་ཞུས། །གུས་ལ་མཉེས་གཤིན་བཅོམ་ལྡན་འདས། །ཐམས་ཅད་མཁྱེན་པས་དེར་གསུངས་པ། །སྔོན་ཡང་བདག་གིས་དགེ་བ་ལ། །འདི་ནི་འབད་ནས་རྣམ་
ཏཿ། །ཏ་པོ་བ་ནེ་མུ་ནེ་ར་སཽ་སུ་བྲ་ཏཱ་ཁྱཿཔུ་རཱ་བྷ་བཏ། །ཏསྨིནྐཱ་ལེ་སྥུ་ཊ་ལཱ་པཿཤ་ཤ་ཀོ་ཧཾ་ཏ་དཱ་ཤྲ་མེ། །ཏཏྐ་ཐཱ་ཨ་ཏཱ་བ་ཤྲ་བྷཿཔྲཱི་ཏི་མཱ་ན་བ་སི་ས་དཱ། །ཨ་ཐཱ་དྲྀཥྚི་ཧ་ཏེ་ཀཱ་ལ་ཤུཥྐ་མཱུ་ལ་ཕ་ལོ་ད་
པར་བཀོད། །སྔོན་འདི་དཀའ་ཐུབ་ནགས་སུ་ནི། །ཐུབ་པ་བརྟུལ་ཞུགས་བཟང་ཞེས་གྱུར། །དེ་དུས་དེ་ཡི་གནས་སུ་བདག །རི་བོང་གསལ་བར་སྨྲ་བྱེད་པ། །དེ་ཡི་གཏམ་ལ་ཡིད་གཅུགས་སྐྱེས། །མཛའ་བ་དང་ལྡན་རྟག་གནས་གྱུར། །དེ་ནས་ཆར་མེད་ཀྱིས་བཅོམ་སྟེ། །རྩ་བ་འབྲས་བུ་ཆུ་བསྐམས་
ཀེ། །ས་བྷཱུནྨུ་ནིརྦྦ་ནོདྦེ་གཱདྒྲཱ་མཱནྟ་ག་མ་ནོཏྶུ་ཀཿ། །ས་མ་ཡཱ་པྲ་ཎ་ཡེ་ནོཀྟཿསཱ་དྷོ་ཏ་བ་བི་པཤྩི་ཏཿ། །ཏ་བོ་བ་ན་པ་རི་ཏྱཱ་གཿཀ་ཐཾ་ཡུཀྟ་སྟ་བོ་དྷ་ན། །བི་ཡོ་ག་བི་དྷོདྦེ་ག་ནི་མགྣ་ཛ་ན་ཤཾ་ཀུ་ལཱཿ། །
ཚེ། །ནགས་སུ་ཡིད་བྱུང་ཐུབ་པ་དེ། །གྲོང་མཐར་འགྲོ་བར་འདོད་པར་གྱུར། །བདག་གིས་གུས་པས་དེ་ལ་སྨྲས། །དམ་པ་ཁྱོད་ནི་རྣམ་པར་མཁས། །དཀའ་ཐུབ་ནོར་ཅན་དཀའ་ཐུབ་ཀྱི། །ནགས་ནི་ཡོངས་བཏང་ཇི་ལྟར་རིགས། །རྣམ་མང་བྲལ་བའི་མྱ་ངན་དུ། །བྱིང་བའི་སྐྱེ་བོས་གང་བའི་ཁྱིམ། །
Vol. 171 · folio 280a
གྲ་ཧ་མོ་ཧ་གྲྀ་ཧཱ་ཡཱ་ས་སཾ་གྲ་ཧཱ་གྲཱ་མ་བྷཱུ་མ་ཡཿ། །སྟྲཱི་ཤྲྀཾ་ཁ་ལཱ་མུ་ཁ་ར་དུཿས་ཧ་པུ་ཏྲ་པཱ་ཤ་བྷྲྀ་ཏྱཱ་ཀུ་ལཱ་ནི་བི་ཌི་བཱནྡྡྷ་བ་བནྡྷུ་པཱ་ལཾ། །ཏྱཀྟཾ་པུ་ནཿསྦྲྀ་ཤ་ཏི་ཀཿཁ་ལ་སཾ་གྷ་རོ་གཾ་དྷཱི་མཱནྒྲྀ་
རྨོངས་པའི་གདོན་གྱི་ཉོན་མོངས་ཀྱིས། །བཟུང་བར་གྱུར་པ་གྲོང་གི་ས། །བུད་མེད་ལྕགས་སྒྲོག་མུ་ཅོར་བཟོད་དཀའ་བུ་ཡི་ཞགས་པ་དང་། །གཡོག་འཁོར་གྱིས་དཀྲིགས་བརྟན་པའི་གཉེན་གྱི་དྲ་བ་དང་། །མི་བསྲུན་ཚོགས་པའི་ནད་དང་བློ་ངན་གྱིས་བཅིངས་མུན་ཆེན་ཅན། །བཏང་
ཧཾ་ཀུ་མ་ཏི་བནྡྷ་མ་ཧཱནྡྷ་ཀཱ་རཾ། །བི་ད་དྷ་ཏི་མུ་ཧུརྨྨཽ་ཧཾ་ནཱ་ནཱ་བི་ཡོ་ག་གྷ་ནཱཿཤུ་ཙོ་དྲ་བ་ཎ་ལ་བ་ཎཱ་ཧཱ་རཻསྟྲྀཥྞཱ་པ་རཾ་པ་རི་བརྡྷ་ཏེ། །བི་ཥ་མ་བི་ཥ་ཡ་སྣེ་ཧཱ་བྷྱཱ་སཻརྗ་ཌཱི་ཀྲྀ་ཏ་ཙེ་ཏ་སཱཾ་བྲ་ཛ་ཏི་ཀུ་ཤ་
བའི་ཁྱིམ་ལ་བློ་ལྡན་སུ་ཞིག་སླར་ཡང་རེག་པར་བྱེད། །སྣ་ཚོགས་འབྲལ་བའི་མྱ་ངན་སྟུག་པོས་ཡང་ཡང་རྨོངས་པ་སྐྱེད་པར་བྱེད། །ནོར་ནི་ལན་ཚྭའི་ཟས་རྣམས་དག་གིས་སྲེད་པ་མཆོག་ཏུ་ཡོངས་སུ་སྤེལ། །མི་བཟད་ཡུལ་ལ་ཆགས་པ་གོམས་པས་སེམས་ནི་བླུན་པར་བྱས་གྱུར་པ། །ཉོན་
ལཾ་ཀླེ་ཤ་ཀྵེ་ཏྲ་ཀྵ་ཡཻ་བ་ས་ཏཱཾ་ཀྵ་ཡཾ། །ན་དྷཱིརྨྨ་ད་བི་གྷཱུརྞྞི་ཏཱ་བི་ཥ་ཡ་བྷོ་ག་རཱ་གཱ་ས་བཻརྣྣ་བཱཥྤ་ཀ་ལི་ལ་དྲྀ་ཤཿཔྲྀ་ཡ་བི་ཡོ་ག་དྷཱུ་མོདྒ་མི། །ན་དཱ་ཧ་ནི་བ་ཧ་བྱ་ཐཱཿཀ་ལ་ཧ་ཀོ་པ་ཏཱ་པོདྦྷ་བཻརྦྷ་
མོངས་ཞིང་གི་ཁྱིམ་ན་གནས་པ་རྣམས་ཀྱི་དགེ་བ་ཟད་པར་འགྱུར། །སྐྱེ་བོ་མེད་པའི་ནགས་སུ་ཞི་བའི་ཁྱད་པར་དག་གིས་ཚིམ་པ་རྣམས། །ཡུལ་གྱི་ལོངས་སྤྱོད་ལ་ཆགས་ཆང་གིས་བློ་གྲོས་མྱོས་ཤིང་གཡོ་མི་འགྱུར། །མཛའ་བོ་དང་བྲལ་དུ་བ་རྒྱས་པས་མིག་ནི་མཆི་མས་འཁྲུགས་མི་འགྱུར། །
Vol. 171 · folio 280b
པནྟིབི་ཛ་ནེ་བ་ནེ་ཤ་མ་བི་ཤེ་ཥ་ས་ཏོ་ཥི་ཎཱཾ། །གཱ་མ་སྤྲྀ་ཧཱ་བ་ནོངྦེ་ག་གྲཱ་མོདྦེ་གཱདྦ་ན་སྨྲྀ་ཏིཿ། །པུཾ་སཱཾ་པྲ་ས་མ་བཻ་མུ་ཁྱཱཏྤྲ་སཾ་གེ་ནཻ་བ་ཛཱ་ཡ་ཏེ། །གྲཱ་མེ་ནི་ཡ་བཱ་མེ་ཏྭི་མཱ་ཀཱ་ཡེ་མ་ཏིཾ་པརྱ་ཀྲྀ་
གཟིར་དང་འཐབ་མོ་ཁྲོ་དང་གདུང་བའི་ཚོགས་རྣམས་དག་གིས་སྲེག་མི་འགྱུར། །ནགས་ལས་ཡིད་ཕྱུང་གྲོང་ལ་ཆགས། །གྲོང་ལས་ཡིད་ཕྱུང་ནགས་ཚལ་དྲན། །སྐྱེས་བུ་རྣམས་ནི་རབ་ཞི་ལས། །ཕྱིར་ཕྱོགས་ཞར་ལས་འབྱུང་བ་ཡིན། །གྲོང་གི་དུལ་བའི་གཡོན་ལ་ཁྱོད། །དུས་མིན་བློ་གྲོས་ཡོངས་མ་
ཐཱཿ། །པྲཱ་གེ་བ་བི་ཥ་ཡསྣི་གྡྷ་ནདྷྣཱ་ཏི་གྲཱ་མ་སཾ་ག་ཏི། །ཨི་ཧཻ་བ་ཏ་བ་ཀཱ་ལེ་ན་ཕ་ལ་ལཱ་བྷོ་བྷ་བི་ཥྱ་ཏི། །ཤུདྡྷཻཿསཾ་པྲ་ཏི་མནྨཱ་སཻཿཀྲི་ཡ་ཏཱཾ་པྲཱ་ཎཱ་བྷཱ་ར་ཎཾ། །ཨི་ཏྱུཀྟྭཱ་ཧཾ་ས་མཱ་བནྣེ་བཧྣཽ་ནི་པ་ཏི་ཏཿསྭ་ཡཾ། །ས་
བྱེད། །གྲོང་དང་འགྲོགས་པས་ཡུལ་ལ་ནི། །ཆགས་རྣམས་ཐོག་མ་ཉིད་དུ་འཆིང་། །དུས་ཀྱིས་འདི་ཉིད་དུ་ནི་ཁྱོད། །འབྲས་བུ་ཐོབ་པ་འབྱུང་བར་འགྱུར། །བདག་གི་ཤ་ནི་དག་པ་ཡིས། །ད་ནི་སྲོག་གི་ཟུངས་དག་མཛོད། །ཅེས་པ་བརྗོད་ནས་བདག་གིས་ནི། །ཉེ་བའི་མེ་ལ་རང་ཉིད་མཆོངས། །དེས་
ཙ་ཏཱུརྞྞཾ་ས་མུཏྐྵི་པྱ་པ་རི་ཥྭ་ཛྱ་ཛ་གཱ་ད་མཱཾ། །ཀི་མེ་ཏཏྶ་ཧ་སཾ་ཏཱི་བྲཾ་བི་རུདྡྷཾ་བྷ་བ་ཏཱ་ཀྲྀ་ཏཾ། །ན་གཙྪཱ་མི་བ་ནཱ་དསྨཏྟྭཱཏྤྲཱི་ཏིརླ་བྷྱ་ཏེ་ཀུ་ཏཿ། །པྲ་ཎ་ཡཱ་དི་ཏཾ་ཏེ་ནོཀྟེ་བྱོམྣི་ཙཱ་ལོ་ཀི་ཏེ་མ་ཡཱ། །
ཀྱང་མྱུར་དུ་རབ་བླངས་ནས། །ཡོངས་སུ་འཁྱུད་དེ་བདག་ལ་སྨྲས། །གཟུ་ལུམས་དྲག་པོའི་འགལ་བ་འདི། །ཁྱོད་ནི་ཅི་ཡི་སླད་དུ་བྱེད། །ནགས་འདི་ལས་ནི་བདག་མི་འགྲོ། །ཁྱོད་མཚུངས་མཛའ་བོ་ག་ལས་རྙེད། །དེ་ཡི་གུས་པས་དེ་བརྗོད་ཅིང་། །བདག་གིས་མཁའ་ལ་བལྟས་པའི་ཚེ། །
Vol. 171 · folio 281a
པ་པཱ་ཏ་བྲྀཥྚིཿས་ཧ་སཱ་ས་ཕ་ལཱ་བྷཱུ་ར་བྷཱུདྻ་ཡཱ། །པཉྩཱ་བྷི་ཛྙཱ་ཏྭ་མཱ་སཱ་དྱཿས་ཏ་ཏཿསཱ་ད་རོ་མུ་ནིཿ། །མཱ་མུ་ཙེ་ཤུདྡྷ་ས་ཏྭེ་ན་ཀི་མ་ནེ་ན་ཏྭ་མ་ཧཱི་ཡ་སེ། །པྲ་ཎ་ཡཱ་དི་ཏྲ་ཏཻ་ནཱ་ཧཾ་པྲྀཥྚསྟ་ཏསྟ་མ་
འཕྲལ་ལ་ཆར་ནི་རབ་བབས་པ། །གང་གིས་ས་གཞི་འབྲས་བཅས་གྱུར། །དེ་ནས་གུས་བཅས་ཐུབ་པ་དེས། །མངོན་པར་ཤེས་པ་ལྔ་ཐོབ་ནས། །བདག་ལ་སྨྲས་པ་དག་པ་ཡི། །སྙིང་སྟོབས་འདི་ཡིས་ཁྱོད་ཅི་བཞེད། །ཅེས་པ་དེ་ཡིས་གུས་པས་དྲིས། །དེ་ནས་བདག་གིས་
བ་ད་ན། །ཨ་ནེ་ན་ཙ་རི་ཏེ་ནཱ་ཧཾ་སམྱཀྶཾ་བོ་དྷི་མརྠ་ཡེ། །སནྟཱ་ར་ཎཱ་ཡ་ཛ་ག་ཏཱཾ་ཛི་ནཿསྱཱ་མ་ནྱ་ཛནྨ་ནི། །མ་ཡེ་ཏྱུཀྟཾ་ས་མ་མཱ་ཧ་བྷ་བི་ཥྱ་སི་ཏ་ཐཱ་ག་ཏཿ། །ཡ་དཱ་ཏུ་སམྱཀྶཾ་བུདྡྷ་སརྦྦ་ཛྙ་སྟྭཾ་
དེ་ལ་སྨྲས། །བདག་ནི་སྤྱོད་པ་འདི་དག་གིས། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །སྐྱེ་བ་གཞན་ལ་འགྲོ་བ་རྣམས། །བསྒྲལ་སླད་རྒྱལ་བར་བདག་གྱུར་ཅིག །ཅེས་བརྗོད་དེ་ཡིས་བདག་ལ་སྨྲས། །ཁྱོད་ནི་དེ་བཞིན་གཤེགས་པར་འགྱུར། །གང་ཚེ་ཡང་དག་རྫོགས་སངས་རྒྱས། །ཐམས་
བྷ་བི་ཥྱ་སི། །ཏ་དཱ་མ་མཱ་ནྱ་དེ་ཧ་སྱ་ཀརྟྟ་བྱོ་ནུ་གྲ་ཧསྟྭ་ཡཱ། །ཨེ་ཏཏྟ་སྱ་བ་ཙཾ་སཱ་དྷོཿསྣེ་ཧ་དཾ་གཱི་ཀྲྀ་ཏམྨ་ཡཱ། །སཾ་པྲཱཔྟཿཤ་ཤ་ཀཿསོ་ཧ་མསྨིཉྫནྨ་ནི་བུདྡྷ་ཏཱཾ། །སུ་བྲ་ཏཱ་ཁྱོ་མུ་ནིཿསཱ་ཡཾ་ཧཾ་སོ་གྲྀ་ཧ་པ་
ཅད་མཁྱེན་པར་ཁྱོད་གྱུར་པ། །དེ་ཚེ་བདག་གི་ལུས་གཞན་ནི། །ཁྱོད་ཀྱིས་རྗེས་སུ་བཟུང་བར་བྱ། །དམ་པ་དེ་ཡི་ཚིག་འདི་ནི། །མཛའ་བས་བདག་གིས་ཁ་ཡིས་བླངས། །རི་བོང་དེ་ང་སྐྱེ་བ་འདིར། །སངས་རྒྱས་ཉིད་ནི་ཡང་དག་ཐོབ། །ཁྱིམ་བདག་བུ་ནི་དད་པ་འདི། །ཐུབ་པ་བརྟུལ་ཞུགས་བཟང་
Vol. 171 · folio 281b
ཏིཿསུ་ཏཿ། །པཱུརྦྦ་སྨྲྀ་ཏྱཻ་པྲ་ཡཏྣེ་ན་པྲཱ་བི་ཏཿཀུ་ཤ་ལམྨ་ཡཱ། །པྲ་པནྣ་བཏྶ་ལེ་ནེ་ཏི་ཀ་ཐི་ཏཾ་སརྦྦ་དཪྴི་ནཱཾ། །ཛི་ནེ་ན་ནི་ཛ་བྲྀཏྟཱཾནྟཾ་ཤྲུ་ཏྭཱ་ཏེ་བིསྨ་ཡཾ་ཡ་ཡུཿ། །ཨ་བི་ཀ་ལ་ཀུ་ལཱ་ལ་ཕ་ལ་པྲ་ས་བ་ཤུ་བྷ་
ཞེས་པ། །དེ་ཡིན་སྔོན་གྱི་རབ་འབད་ནི། །དྲན་ནས་བདག་གིས་དགེ་ལ་བཀོད། །དེ་ལྟར་གུས་ལ་མཉེས་གཤིན་པ། །ཐམས་ཅད་གཟིགས་པ་རྒྱལ་བ་ཡིས། །རང་གི་སྔོན་བྱུང་གསུངས་པ་དག །ཐོས་ནས་དེ་དག་ཡ་མཚན་གྱུར། །རྫ་མཁན་བཞིན་དུ་མ་ཚང་མེད་པའི་འབྲས། །སྐྱེད་བྱེད་དགེ་བའི་སྤྱོད་
ཙ་རི་ཏེཿས་ཧ་བཱ་སཿ། །དི་ན་པ་ཏི་པ་རི་ཙ་ཡ་ནི་ཙི་ཏ་རུ་ཙེཿཤྲཱི་ར་ས་མཱ་ཧི་མ་བྷ་སཿ། །ཨི་ཏི་ཀྵེ་མེནྡྲ་བི་རཙི་ཏཱ་ཡཱཾ་བོ་དྷི་སཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཤ་ཤ་ཀཱ་བ་དཱ་ནཾ་ཙ་ཏུ་ར་དྷི་ཀ་ཤ་ཏ་ཏ་
པས་འདི་ན་གནས། །ཉིན་མོའི་བདག་དང་ཡོངས་འདྲིས་བཏང་གྱུར་པ། །བསིལ་ཟེར་མཛེས་པའི་དཔལ་ནི་མཚུངས་མེད་བཞིན། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་རི་བོང་གི་རྟོགས་པ་བརྗོད་པའི་ཡལ་
མཿཔལླ་བཿ།། །།ཀྲཽཪྻེ་ཎ་ཡ་དྭི་ར་ས་ནཱཿཤུ་ཙི་ཙེཥྚ་ཏཱ་ནཱཾ་མི་ཐྱཱ་པ་བ་ད་བི་ཥ་མཾ་བི་ཥ་མུཏྶྲྀ་ཛནྟི། །ཏེ་པཱ་པ་ཤཱ་པ་པ་རི་ཏཱ་པ་པ་རཾ་པ་རཱརྟྟཱསྟཱི་བྲ་བྱ་ལཱི་ཀ་ཏི་མི་རཾ་བི་པ་རཾ་པི་
འདབ་སྟེ་བརྒྱ་རྩ་བཞི་པའོ།། །།ལྕེ་གཉིས་གང་ཞིག་ཁྲོས་པས་ཀུན་སྤྱོད་གཙང་མ་རྣམས་ལ་ནི། །རྫུན་གྱི་སྐྱོན་བརྗོད་མི་བཟད་དུག་ནི་རབ་ཏུ་སྤྲོ་བྱེད་པ། །སྡིག་དམོད་ཡོངས་སུ་གདུང་བ་རྒྱུད་མས་གཟིར་བ་དེ་དག་ནི། །མི་བཟད་འདོད་བྱ་མིན་པའི་རབ་རིབ་ཁུང་དུ་
Vol. 171 · folio 282a
ཤནྟི། །པུ་རཱ་རཻ་བ་ཏི་ཀོ་ནཱ་མ་ཀཤྨཱིརཻ་ཥུ་ཤུ་ཙི་བྲ་ཏཿ། །བྷིཀྵུཿཤཻ་ལ་བི་ཧཱ་རེ་བྷཱུཏྶརྦྦ་བྷཱུ་ཏ་ད་ཡཱ་ཤྲ་ཡཿ། །ཏ་རུ་ཏྭ་ཙཿཀ་ཥཱ་ཡེ་ཎ་ས་ཀ་དཱཙྩི་གྷ་ཊནྟ་རེ། །བི་བིཀྟ་ཀཱ་ན་ནོདྡེ་ཤ་ཙཀྲེ་ཙཱི་བ་ར་
འཇུག་པར་འགྱུར། །ཁ་ཆེར་རི་ཡི་གནས་སུ་ནི། །རཻ་བ་ཏ་ཀ་ཞེས་པ་སྔོན། །འབྱུང་པོ་ཀུན་ལ་བརྩེ་བའི་གནས། །དགེ་སློང་བརྟུལ་ཞུགས་གཙང་བ་བྱུང་། །ནམ་ཞིག་དེ་ཡི་བུམ་ནང་དུ། །ཤིང་ཤུན་ངུར་སྨྲིག་དག་གིས་ནི། །ནགས་ཚལ་དབེན་པའི་ཕྱོགས་སུ་ནི། །ཆོས་གོས་
རཉྫ་ནཾ། །ཨ་ཏྲཱནྟ་རེ་དྷེ་ནུ་བཏྶ་ནྣཥྚཱ་ནམྦཥྞུ་མཱ་ཡ་ཡཽ། །བྲཱཧྨ་ཎཿཔི་ཤུ་ནེ་ནཱ་མ་གོ་བྷཀྵ་ཛ་ན་ཤཾ་ཀི་ཏཿ། །ས་དཱུ་རཱཙྩཱི་བ་རཙྪཱ་ཐ་པཱ་ཀེ་བཧྣི་ས་མུདྒ་ཏཾ། །སརྦྦ་ཏེ་དྷཱུ་མ་མཱ་ལ་ཀྱ་བཏྶྱ་པ་ཀ་མ་མ་ནྱཏ། །ཏ་ཏཿཤཻ་
ཁ་ནི་བསྒྱུར་བ་བྱས། །སྐབས་དེར་དྲུས་མའི་བེའུ་ཉམས། །བྲམ་ཟེ་ཕྲ་མ་ཅན་ཞེས་པ། །སྐྱེ་བོ་བ་གླང་ཟ་བར་ནི། །དོགས་པ་དང་ལྡན་འཚོལ་དུ་འོངས། །དེ་ཡི་རི་ལས་རིང་པོ་ནས། །ཆོས་གོས་ཚོས་ཁུ་འཚེད་པ་ཡི། །མེ་ལས་སྐྱེས་པའི་དུ་བ་དག །མཐོང་ནས་བེའུ་བཙོས་པར་བསམས། །དེ་ནས་མཚོན་ཆ་
ལཾ་ས་མཱ་རུ་ཧྱ་ས་ཧི་ཏཿཤསྟྲ་པཱ་ཎི་བྷིཿ། །ཨ་བྷྱེ་ཏྱ་རཻ་བ་ཏཾ་བྷིཀྵུཾ་པ་པྲཙྪ་བི་ན་ཡཱ་དྷྭི་ཛཿ། །ཀི་མེ་ཏ་དཱཪྻ་ཀྲྀ་ཡ་ཏེ་པྲྀཥྚསྟེ་ནེ་ཏི་གཽ་ར་བཱཏ། །བྷ་དྲ་ཙཱི་བ་ར་རཱ་གོ་ཡ་མི་ཏི་ཏཾ་རེ་བ་ཏོ་བྲ་བཱིཏ། །ཨསྨིནྣ་བ་ས་
ལག་རྣམས་དང་། །ལྷན་ཅིག་གཉིས་སྐྱེས་རི་ལ་འཛེགས། །དགེ་སློང་རཻ་བ་ཏ་ལ་ནི། །མངོན་ཕྱོགས་དུལ་བས་རབ་དྲིས་པ། །འཕགས་པ་འདི་དག་ཅི་ཞིག་མཛད། །ཅེས་པ་དེ་ཡིས་གུས་པས་དྲིས། །བཟང་པོ་འདི་ནི་གོས་འཚེད་ཅེས། །རཻ་བ་ཏ་ཡིས་དེ་ལ་སྨྲས། །གནས་སྐབས་དེར་ནི་སྔོ་མེད་
Vol. 171 · folio 282b
རེ་ཏ་སྱཱ་པཱུརྦྦ་ཀརྨྨ་བི་པཱ་ཀ་ཏཿ། །གོ་མཱཾ་སཾ་རཀྟ་ས་ལི་ལ་ས་པཱ་ཀཿས་མ་པ་དྱ་ཏཿ། །སུ་ཁ་དུཿཁ་ཏྭ་མཱ་ཡཱ་ཏི་ཤུཀླ་མ་སྱེ་ཏིཀཱ་ལ་ཏཱཾ། །བི་དྷཽ་བི་དྷུ་ར་ཏཱཾ་ཡཱ་ཏེ་དྷརྨོ་པྱཱ་ཡཱ་ཏྱ་དྷརྨྨ་ཏཱཾ། །མི་ཐྱཱ་བཱ་པ་པྲ་ཀ་ཊ་ནཾ་ཛ་ན་ཀོ་
ཀྱི། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །འཚེད་པ་དེ་ནི་བ་ལང་གི། །ཤ་ཁྲག་ཆུ་དང་བཅས་པར་གྱུར། །སྒྲུབ་བྱེད་འཁྲུགས་པར་གྱུར་པ་ན། །བདེ་བ་སྡུག་བསྔལ་ཉིད་འགྱུར་ཞིང་། །དཀར་པོ་དག་ཀྱང་ནག་པོར་འགྱུར། །ཆོས་ཀྱང་ཆོས་མིན་ཉིད་དུ་འགྱུར། །རྫུན་གྱི་སྡིག་པ་གསལ་བྱེད་དང་། །སྐྱེ་བོ་
པཿཔ་ད་ཙྱུ་ཏིཿ། །ཨ་པཱུ་ཎྱ་པ་རི་པཱ་ཀཱ་ནཱ་མེ་ཏཏྤྲ་ཏྱ་ཀྵ་ལ་ཀྵ་ཎཾ། །དོ་ཥཿས་མུནྨི་ཥ་ཏི་ཡཱ་ཏི་གུ་ཎཿཔྲ་ཎཱ་ཤཾ་ཀཱཪྻཾ་པི་པཪྻ་ཡ་མུ་བཻ་ཏི་བི་ཤཱིཪྻ་ཏེ་དྷཱིཿ། །པུཾ་སཱཾ་པཱུ་རཱ་བི་ཧི་ཏ་དུཿཀྲྀ་ཏ་པཱ་ཀ་
ཁྲོ་དང་གནས་ནས་ལྷུང་། །འདི་དག་བསོད་ནམས་མ་ཡིན་པ། །ཡོངས་སྨིན་མཚན་ཉིད་མངོན་སུམ་ཡིན། །སྐྱེས་བུ་རྣམས་ཀྱི་ཉེས་བྱས་སྔོན་བསྒྲུབས་སྨིན་པའི་དུས་སུ་ནི། །སྐྱོན་རྣམས་རབ་ཏུ་རྒྱས་ཤིང་ཡོན་ཏན་དག་ནི་ཉམས་པར་འགྱུར། །བྱ་བ་ཕྱིན་ཅི་ལོག་འགྱུར་བློ་གྲོས་རྣམ་པར་བསླད་
ཀཱ་ལེ་ཀེ་ཀེ་ན་ནཱ་མ་ནི་པ་ཏནྟི་མ་ཧཱ་བྷི་གྷཱ་ཏཱཿ། །བེ་རུདྡྷཱ་མི་ཥ་གནྡྷེ་ན་རུ་དྷེ་རེ་ཎ་ཙ་ཤཾ་ཀི་ཏཿ། །སོ་པ་ཤྱེདྦྲཱཧྨ་ཎཿཀུམྦྷེ་ཙཱི་བ་རཾ་མཱཾ་ས་ཏཾ་ག་ཏ། །པྲ་ཏྱཀྵྱཾ་དོ་ཥ་མཱ་ལོ་ཀྱ་ས་ཀྲོ་དྷ་བི་ཀྲྀ་ཏཱ་ཀྲྀ་
པར་འགྱུར། །མངོན་པར་འཇོམས་པ་ཆེན་པོས་ངེས་པར་སུ་དང་སུ་མི་ལྟུང་། །འགལ་བའི་ཤ་ཡི་དྲི་དང་ནི། །ཁྲག་གིས་ཀྱང་ནི་བསྒོས་པ་ཡི། །བྲམ་ཟེ་དེ་ཡི་བུམ་པར་ནི། །ཆོས་གོས་ཤ་ཉིད་གྱུར་པར་བལྟས། །སྐྱོན་ནི་མངོན་སུམ་མཐོང་གྱུར་ནས། །ཁྲོ་བའི་རྣམ་འགྱུར་དབྱིབས་
Vol. 171 · folio 283a
ཏིཿ། །ཏ་མ་བྷཱ་ཥ་ཏ་ནིརྦྷཏྶྱ་ཏཱི་བྲ་བཻ་ཤ་ཤ་ཀཾ་པི་ཏཿ། །ཨ་ཧོ་བ་ཏ་པཱ་དཱ་ཙཱ་རཿསྠི་ཏོ་ཡཾ་བི་ཛ་ནེ་བ་ནེ། །ཡ་སྱེ་དྲྀ་ཤཱ་ནི་ཀརྨྨ་ཎི་ན་ཀཤྩ་དི་ཧ་པ་ཤྱ་ཏི། །པྲ་བྲ་ཛྱཱ་རཾ་ཛི་ཏཿཀཱ་ཡཿཀྲྀ་ཡཱམླེཙྪ་ཛ་ནོ་ཙི་ཏཱ། །
ལྡན་ཞིང་། །མི་བཟད་སྡིག་པས་འདར་བ་དེས། །སྨོད་ཅིང་དེ་ལ་རབ་སྨྲས་པ། །ཀྱེ་མ་དམ་པའི་ཀུན་སྤྱོད་ལྡན། །མི་མེད་ནགས་སུ་གནས་པ་འདི། །གང་གི་ལས་ནི་འདི་འདྲ་བ། །འདིར་ནི་སུ་ཡང་མཐོང་བ་མེད། །རབ་ཏུ་བྱུང་བས་ལུས་བསྒྱུར་ཅིང་། །བྱ་བ་ཀླ་ཀློའི་སྐྱེ་བོར་འོས། །
ཛཱ་ནཱ་ཏིཙྪཱནྣ་པཱ་པཱ་ནཱཾ་ཀཿཀཱུ་ཊ་བྲ་ཏ་ཤཱནྟ་ཏཾ། །ཨི་ཏྱུཀྟོ་ཏེ་ན་སཱ་ཀྵེ་པ་རཻ་བ་ཏཿས་མ་ཙིནྟ་ཡཏ། །དོ་ཥེ་པྲ་ཏྱཀྵ་ལཀྵེསྨིནྐི་བྲ་བཱི་མི་ནི་རུཏྟ་རཿ། །མ་མ་དཻ་བོ་པ་གྷཱ་ཏོ་ཡ་མི་ཏྱུཀྟ་གོ་ནུ་མ་ནྱ་
སྡིག་པ་བསྒྲིབས་པའི་རྫུན་གྱིས་ནི། །བརྟུལ་ཞུགས་ཞི་ཉིད་སུ་ཡིས་ཤེས། །ཞེས་དེས་སྨོད་བཅས་བརྗོད་པའི་ཚེ། །རཻ་བ་ཏ་ཡིས་རབ་བསམས་པ། །སྐྱོན་ནི་མངོན་སུམ་མཚོན་འདི་ལ། །ལན་མེད་བདག་ནི་ཅི་ཞིག་སྨྲ། །བདག་གི་འདི་ནི་ལྷས་བཅོམ་ཞེས། །བརྗོད་ཀྱང་སུ་ཞིག་བདེན་པར་
ཏེ། །ཧཱ་སྱཱ་ཡ་ཏ་ན་ཏཱ་མེ་ཏི་པྲ་ཏྱཀྵཱ་པཧྣ་བཱི་ཛ་ནཿ། །ཨུ་པསྠི་ཏཾ་ས་ཧེ་སརྦྦོཾ་མཽ་ན་མཱ་ལ་བྱ་ཀེ་བ་ལཾ། །ཨ་ཡཾ་མེ་ནིཿཔྲ་ཏཱི་ཀཱ་རཿས་ལི་ལཱ་དགྣི་རུཏྠི་ཏཿ། །ངོ་ཥེ་གུ་ཎཱ་ཏི་ཤ་ཡ་མཱ་ཤུ་གུ་ཎེ་བི་དོ་ཥཾ་བེ་ཡཱུ་ཥ་དྷཱམྣི་
འཛིན། །མངོན་སུམ་གསང་བའི་སྐྱེ་བོ་ནི། །བཞད་གད་དག་གི་གནས་སུ་གྱུར། །མི་སྨྲ་འབའ་ཞིག་ལ་བརྟེན་ཏེ། །ཉེ་བར་གནས་པ་ཀུན་བཟོད་བྱ། །བདག་ལ་བཅོས་སུ་མེད་པ་འདི། །ཆུ་ལས་མེ་ནི་རབ་ཏུ་འཁྲུངས། །སྐྱོན་ལ་ཡོན་ཏན་ཕུལ་བྱུང་མྱུར་དུ་ཡོན་ཏན་དག་ལ་སྐྱོན། །བདུད་རྩིའི་
Vol. 171 · folio 283b
བི་ཥ་མ་བྱ་མྲྀ་ཏཾ་བི་ཥེ་བ། །སནྡཪྴ་ཡ་ཏྱ་ནི་ཤ་མདྦྷུ་ཏ་རཱུ་པ་མེ་བ་ཀཱ་ལེནྡྲ་ཛཱ་ལ་ཀ་བ་དྷཱུརྦྷ་བི་ཏ་བྱ་ཏེཪྻ། །ཨི་ཏི་ཙིནྟ་ཡ་ཏསྟ་སྱ་མཽ་ནཱཏྐྲུདྡྷེ་དྷི་ཀཾ་དྭི་ཛཿ། །མཱུརྡྷྣི་པཱ་པ་མི་བསྠཱུ་ལཾ་ལ་གུ་ཌཾ་ས་མ་པཱ་
གནས་ལ་དུག་དང་དུག་ལ་ཡང་ནི་བདུད་རྩི་སྟེ། །ངེས་པར་མྱོང་བྱ་དུས་ནི་མིག་འཕྲུལ་བྱེད་པའི་བུད་མེད་འདི། །རྟག་ཏུ་རྨད་བྱུང་རང་བཞིན་ཉིད་ནི་རབ་ཏུ་སྟོན་པར་བྱེད། །ཅེས་སེམས་དེ་ནི་མི་སྨྲ་བས། །གཉིས་སྐྱེས་ལྷག་པར་ཁྲོས་གྱུར་ཏེ། །སྡིག་པ་བཞིན་དུ་སྦོམ་པ་ཡི། །དབྱུག་པ་མགོ་ལ་
ཏ་ཡཏ། །ཏཾ་བནྡྷྭཱ་ས་བྷཱུ་པ་ཏི་ས་བྷཱནྣི་ཏྭཱ་རཀྟཱ་མ་གྲ་ཛཿ། །ཏདྦཏྶ་མཱཾ་སཾ་ཤནྡཪྴྱ་ཙཀྲེ་ཀཱ་རཱ་གྲྀ་ཧཱ་ཏི་ཐིཾ། །ནིརྡོ་ཥ་ཀླེ་ཤ་མཤྣཱ་ཏི་ཛྲྀམྦྷ་ཏེ་གུཔྟ་པཱ་ཏ་ཀཿ། །ཀཿཀ་སྱ་ཤུདྡྷིཾ་ཛཱ་ནཱ་ཏི་ཙི་ཏྲཱ་ཀཱ་རེ་
ཡང་དག་བསྣུན། །ཁྲག་གིས་བསྒོས་ཏེ་སྔོན་སྐྱེས་དེ། །བཅིངས་ནས་ས་བདག་མདུན་སར་ཁྲིད། །དེ་བཞིན་ཤ་དང་བཅས་པ་བསྟན། །བཙོན་ཁང་དག་གི་མགྲོན་དུ་བྱས། །སྐྱོན་མེད་དག་ནི་ཉོན་མོངས་སྤྱོད། །སྡིག་པ་སྦས་པ་དར་གྱུར་པ། །དབང་མེད་མཚར་བའི་རྣམ་པ་ལ། །སུ་ཡི་དག་
ཥྭ་སཱཀྵི་ཥུ། །ནི་བདྡྷེ་བནྡྷ་ནཱ་གཱ་རེ་ཏསྨིནྐཱ་ལེ་ན་བིསྨྲྀ་ཏེ། །པྲཱ་པྱ་བཏྶཱ་དྭི་ཛཿཀིཉྩིནྣོ་བེ་དཽརྫྱ་ནྱ་ལཛྫ་ཡཱ། །ཨ་ཐ་དྭཱ་ད་ཤ་བྷིརྦྦཪྵཻ་བྱོ་མ་བཱ་ཎཱི་བོ་བྷི་ཏཿ། །མུ་མོ་ཙ་བནྡྷ་ནཱདྦྷིཀྵུཾ་ཏཙྪི་ཥྱ་སྨཱ་རི་ཏཽ་ནྲྀ་
པ་སུ་ཡིས་ཤེས། །བཙོན་ཁང་དག་ཏུ་བཅིངས་པ་དེ། །དུས་ཀྱིས་བརྗེད་པར་གྱུར་པ་ན། །བེའུ་ཐོབ་ནས་གཉིས་སྐྱེས་ནི། །ཚུལ་ངན་ངོ་ཚས་ཅང་མི་སྨྲ། །དེ་ནས་ལོ་ནི་བཅུ་གཉིས་ན། །ནམ་མཁའི་སྐད་ཀྱིས་རྟོགས་བྱས་ཤིང་། །དེས་སློབ་ཀྱིས་སྦྲན་མི་བདག་གིས། །དགེ་སློང་བཅིངས་པ་
Vol. 171 · folio 284a
པཿ། །ཀཱ་རཱ་གཱ་རཱཏྐྲྀ་ཤཱ་ཀཱ་རཿཀཾ་ཀཱ་ལ་ཨི་བ་དྷཱུ་ས་རཿ། །ཨཱུརྡྷྭ་ཀེ་ཤོ་བི་བ་ས་ནཿས་པྲེ་ཏ་ཨི་བ་ནིཪྻ་ཡཽ། །ཨ་ཧོ་གྲཱ་བཱ་གྲ་ལེ་ཁེ་ན་ནིཤྩ་ལཱ་ཀརྨྨ་སཾནྟ་ཏིཿ། །པྲཱཔྟཱ་བྷི་ཛྙོ་པི་ཡཏྤྲ་པ་ཀྲཱུ་ར་ཀླེ་ཤ་ཀ་
དག་ལས་བཀྲོལ། །བཙོན་ར་དག་ལ་ཀེང་རུས་བཞིན། །རིད་པའི་རྣམ་པ་མདོག་མི་སྡུག །གོས་མེད་སྐྲ་ནི་གྱེན་དུ་ལངས། །དེ་ནི་ཡི་དགས་བཞིན་དུ་འཐོན། །ཀྱེ་མ་རྡོ་སྟེང་རི་མོ་བཞིན། །ལས་ཀྱི་རྒྱུན་ནི་གཡོ་བ་མེད། །གང་ཕྱིར་མངོན་ཤེས་ཐོབ་པས་ཀྱང་། །དྲག་པོའི་ཉོན་
དརྠ་ནཱཾ། །ཏཱི་བྲཱ་ནུ་ཤ་ཡ་སཾ་ཏཔྟ་སྟཾ་དྲྀཥྚྭཱ་ནནྡ་བྷཱུ་པ་ཏིཿ། །ནི་ནནྡི་མནྡ་པུ་ཎྱ་ཏྭཾ་པྲ་མཱ་དོདྦྷཱུ་ཏ་མཱཏྨནཿ། །ས་བྷིཀྵུཾ་པ་དཱ་པ་ཏི་ཏཿཔྲ་སཱ་དྱཱཙྪཱ་དྱ་བཱ་ས་སཱ། །ཨུ་བཱ་ཙཱ་ཛྙཱ་ན་
མོངས་སྡུག་བསྔལ་ཐོབ། །དེ་མཐོང་ས་བདག་དགའ་བོ་ནི། །དྲག་པོར་འགྱོད་པས་རབ་གདུངས་པ། །བག་མེད་ལས་བྱུང་བདག་ཉིད་ཀྱིས། །བསོད་ནམས་དམན་པ་ཉིད་ལ་སྨད། །དེ་ཡིས་དགེ་སློང་ཞབས་ལ་གཏུགས། །དང་བྱས་གོས་ཀྱིས་གཡོགས་ནས་སྨྲས། །མི་ཤེས་ལས་
ཛཾ་དོ་ཥཾ་མ་མཱཪྻ་ཀྵཀྟུ་མཱརྷ་སི། །ཏ་དཻ་བ་བཏྶ་ཀཱ་སརྦྦཻ་ལ་བྷཱ་ཏེ་ན་དྭི་ཛནྨ་ནཱ། །ཏྭདྦནྡྷ་ནཾ་ཏུ་པཱ་པ་སྱ་མོ་ཧེ་ན་མ་མ་བིསྨྲྀ་ཏཾ། །པ་རི་ཛྙཱ་ཏཿས་བྷཱ་ཡཾ་ཏྭ་མནྡ་བྷཱ་གྱཻརྣ་ཀེ་ན་ཙིཏ། །
སྐྱེས་བདག་གི་སྐྱོན། །འཕགས་པ་ཁྱོད་ཀྱིས་བཟོད་པར་འོས། །གཉིས་སྐྱེས་དེ་ཡིས་དེ་ཚེ་ཉིད། །བེའུ་དག་ནི་ཐམས་ཅད་ཐོབ། །སྡིག་ཅན་བདག་ནི་གཏི་མུག་གིས། །ཁྱོད་ཉིད་བཅིངས་པ་བརྗེད་པར་གྱུར། །མདུན་སར་ཁྱོད་ནི་སུ་ཡིས་ཀྱང་། །སྐལ་བ་ཞན་པས་ཡོངས་མ་ཤེས། །
Vol. 171 · folio 284b
དཎྜཿཔ་ཏ་ཏི་ཤུདྡྷེ་ཥུ་པྲཱཔྟ་པཱ་ཏེ་མ་ཧཱི་པ་ཏཽ། །ཨི་ཏྱུཀྟེ་ཀྵི་ཏི་ནཱ་ཐེ་ན་ཀྵཱནྟ་པྲ་ཀྵཱ་ལི་ཏཱ་ཤ་ཡ། །ཏཾ་རཻ་བ་ཏོ་བ་དནྨ་ནྱུརྨ་མ་རཱ་ཛནྣ་བི་དྱ་ཏེ། །ན་ཏྭ་བཱ་པ་ཀྲྀ་ཏཾ་ཀིཉྩིདྤི་པུ་ལ་ཀླེ་ཤ་བཱ་ཏི་ནཿ། །ཏནྨ་མོ་པ་ན་ཏཾ་
ས་བདག་ལྷུང་བ་ཐོབ་པ་ན། །དག་པ་རྣམས་ལ་ཆད་པ་ལྟུང་། །ས་ཡི་མགོན་པོས་འདི་བརྗོད་ཚེ། །བཟོད་པས་བསམ་པ་རབ་བཀྲུས་པ། །རཻ་བ་ཏ་ཡིས་དེ་ལ་སྨྲས། །རྒྱལ་པོ་བདག་ལ་ཁྲོ་བ་མེད། །ཅི་ཡང་ཁྱོད་ཀྱིས་གནོད་མ་བྱས། །ཉོན་མོངས་རྒྱ་ཆེར་ལྟུང་གྱུར་པ། །བདག་ལ་རང་ལས་
པཱ་ཀེ་སྭཱ་ཀརྨྨ་ས་དྲྀ་ཤཾ་ཕ་ལཾ། །ཡཏྶོཏྐཎྛ་ཏ་ཡཻ་བ་སརྦྦ་བི་པ་དཿཀུརྦྦནྟི་ཀཎྛེ་གྲ་ཧཾ་སརྦྦཱ་ག་པྲ་ས་བྷོ་ག་བྷོ་ག་སུ་བྷ་གཱཿཀླི་ཤྱནྟི་ཡཏྶམྤ་དཿ། །ཡཏྶྭེཙྪནྟྱ་སུ་ཁཱསྤ་དཾ་བི་ཧ་ར་ཎཾ་
མཚུངས་པའི་འབྲས། །སྨིན་པ་དེ་ནི་ཉེ་བར་གནས། །གང་ཞིག་འདོད་ལྡན་ཉིད་ཀྱིས་རྒུད་པ་ཀུན་གྱི་མགྲིན་ནས་འཛིན་པར་བྱེད་པ་དང་། །གང་ཞིག་ཕུན་ཚོགས་ཡན་ལག་ཐམས་ཅད་ལྷག་པའི་ལོངས་སྤྱོད་སྐལ་བཟང་ཉམས་བྱེད་དང་། །གང་ཞིག་རང་འདོད་བདེ་བའི་གནས་སུ་རྣམ་
དཱིརྒྷཉྩ་ཡདྦནྡྷ་ནཾ་ཏཏྤུཾ་སཱཾ་ནི་ཛ་ཀརྨྨ་པཱ་ཀ་ཤ་བ་ལཾ་སཾ་སཱ་ར་བལླཱི་ཕ་ལཾ། །ཨི་ཏི་བྲཱུ་བ་ཎཾ་ནྲྀ་པ་ཏིསྟ་མ་པ་བོ་ཙཏྐཽ་ཏུ་ཀཱཏ། །ཏ་བཱ་པི་སུ་མ་ཏེ་ཀ་སྱ་ཕ་ལ་མེ་ཏདྡུརྐརྨྨ་ཎཿ། །སཽ་བྲ་བཱི་ད་
པར་རྩེ་དང་གང་ཞིག་རིང་དུ་འཆིང་བྱེད་པ། །དེ་དག་སྐྱེས་བུ་རྣམས་ཀྱི་རང་ལས་འཁོར་བའི་འཁྲི་ཤིང་སྨིན་པའི་འབྲས་བུ་བཀྲ། །ཞེས་སྨྲ་དེ་ལ་མི་བདག་གིས། །དགེ་མཚན་དག་ལ་རབ་སྨྲས་པ། །བློ་བཟང་ཁྱོད་ཀྱིས་འདི་ཡང་ནི། །ལས་ངན་ཅི་ཡི་འབྲས་བུ་ཡིན། །དེས་སྨྲས་བཱ་
Vol. 171 · folio 285a
བྷ་བཾ་པཱུརྦྦ་བཱ་རཱ་ཎ་སྱཱཾ་ཀུ་ཐཱ་བྷི་དྷཿ། །གཽ་ཙཽ་རཿཀྲཱུ་ར་ཙ་རི་ཏསྟནྨཱཾ་ས་བི་ཧི་ཏཱ་ཤ་ནཿ། །ཀ་དཱ་ཙིདྒཽ་བི་གྷཱཏྟ་མཱཾ་སཾ་མཱཾ་བྷ་ཡ་བི་དྲུ་ཏཾ། །གཽ་ར་ཀྵིཎཿསཱ་ནུ་ཙ་རཱཿཀོ་པཱཏྶ་མ་བྷི་དུ་དྲུ་རུཿ། །ཏ་ཏ་
རཱ་ཎ་སཱིར་སྔོན། །ཀུ་ཐ་ཞེས་པ་གདུག་སྤྱོད་ཅན། །བ་ལང་བརྐུ་ཞིང་དེ་ཡི་ཤས། །ཟས་ནི་བསྒྲུབས་པ་དག་ཏུ་གྱུར། །ནམ་ཞིག་བ་ལང་བསད་པ་ཡི། །ཤ་བཟུང་འཇིགས་ནས་བྲོས་པ་བདག །བ་ལང་བསྲུང་བ་འཁོར་བཅས་རྣམས། །ཁྲོས་པ་ཡིས་ནི་མངོན་པར་གཙེས། །དེ་ནས་
ས་མཱི་པེ་ནི་ཀྵི་སྱ་པྲ་ཏྱ་གྲ་པི་ཤི་ཏམྨ་ཡཱ། །པྲ་ཏྱེ་ཀ་བུདྡྷེཤྩཽ་རོ་ཡ་མི་ཏི་ཏེ་ཥཱཾ་པྲ་དཪྴི་ཏཾ། །ས་ཏཻརྒཽ་བ་དྷ་པཱ་པོ་གྲ་ཀྲོ་དྷཿཔི་ཤི་ཏ་དཪྴ་ནཱཏྲ། །བྷ་དྷྱོ་ཡ་མི་ཏི་ཡཏྣེ་ན་ནི་བདྡྷེ་བནྡྷ་ནེ་དྷྲྀ་ཏཿ། །པཤྩཱཏྟཱ་
བདག་གིས་ཉེ་བར་ནི། །གསར་བའི་ཤ་དག་རབ་བཀོད་ནས། །རང་སངས་རྒྱས་ནི་ཆོམ་རྐུན་ནོ། །ཞེས་པ་དེ་དག་རྣམས་ལ་བསྟན། །བ་ལང་གསོད་སྡིག་དྲག་པོས་ཁྲོས། །དེ་དག་གིས་དེ་ཤ་མཐོང་ནས། །འབད་ནས་འདི་ནི་གསད་བྱ་ཞེས། །ཚོགས་པ་རྣམས་ཀྱིས་བཅིངས་ཏེ་བཟུང་། །དེ་ནས་འགྱོད་
པཱ་ད་ཐཱ་བྷྱེ་ཏྱ་མ་ཡཱ་དྭཱ་ད་ཤ་བྷིརྡི་ནཻཿ། །ཀྲྀ་ཏ་པཱ་པོ་ཧ་མི་ཏྱུཀྟྭཱ་ཀཱ་རཱ་གཱ་རཱཏྶ་མོ་ཙི་ཏཿ། །ཏཏྤཱ་པ་བ་ཀཾ་ན་ར་ཀེ་ཥྭ་ནུ་བྷཱུ་ཡ་མ་ཡཱ་ཙི་རཾ། །ཛནྨནྻསྨིནྣ་པི་པྲཱཔྟཱཿཀླེ་ཤོ་དྭཱ་ད་ཤཱ་བཪྵི་ཀཿ། །ཨི་ཏྱུཀྟྭཱ་ནྲྀ་པ་མཱ་
པས་བདག་གིས་ནི། །ཉི་མ་བཅུ་གཉིས་ན་སོང་སྟེ། །བདག་གིས་སྡིག་བྱས་ཞེས་བརྗོད་ནས། །དེ་ནི་བཙོན་ར་དག་ནས་བཏང་། །སྡིག་པ་དེ་སྨིན་བདག་གིས་ནི། །དམྱལ་བར་ཡུན་རིང་ཉམས་མྱོང་ནས། །སྐྱེ་བ་འདིར་ཡང་ཉོན་མོངས་ནི། །ལོ་ནི་བཅུ་གཉིས་རབ་ཏུ་ཐོབ། །ཅེས་བརྗོད་མི་བདག་ལ་
Vol. 171 · folio 285b
སནྟྲྱ་པྲ་ཎཱ་མཱཔྟ་སུ་རཱ་སུ་རཱ། །རྀདྡྷི་པྲ་དཪྴྱ་པྲ་ཡ་ཡཽ་རཻ་བ་ཏཿས་ཧ་བྷིཀྵུ་བྷིཿ། །ཨ་ས་ཏྱ་དོ་ཥེ་ཎ་བི་ཥ་ཡུཀྟྱཱ་པྲ་ཏྱཀྵཱ་ཀྵ་ཏ་ལཀྵ་ཎེ་ན། །ཨ་ལཾ་ཀི་ཏཿསཱ་དྷཱུ་ཛ་ནཿཁ་ལེ་ན་ཀིཾ་བཀྟི་བི་ཀྲཱི་ཏ་ཨི་བཾ་ཏྱ་
གསོལ་ནས། །ལྷ་དང་ལྷ་མིན་རབ་འདུད་ཐོབ། །རྫུ་འཕྲུལ་བསྟན་ནས་རཻ་བ་ཏ། །དགེ་སློང་རྣམས་དང་ལྷན་ཅིག་སོང་། །བདེན་མེད་སྐྱོན་གྱིས་བྱེ་བྲག་རིག་པ་ནི། །མངོན་སུམ་དུ་མཚོན་མི་ཉམས་མཚན་ཉིད་ཀྱིས། །བརླང་པོས་ཟིལ་མནན་སྐྱེ་བོ་དམ་པ་ནི། །ཡུལ་གཞན་དག་ཏུ་བཙོངས་བཞིན་
དེ་ཤ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་རཻ་བ་ཏཱ་བ་དཱ་ནཾ་པཉྩོཏྟ་ར་ཤ་ཏ་ཏ་མཿཔལླ་བཿ།། །།བི་ཛི་གཱི་ཥ་བ་ལ་ཨི་བ་ཏ་ར་སཱ་དུཿས་ཧཿསཾ་སཱ་ར་ཤ་ཏྲུཾ་བ་
ཅི་ཞིག་བརྗོད། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་རཻ་བ་ཏའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་ལྔ་པའོ།། །།རྒྱལ་བར་འདོད་རྣམས་བཞིན་དུ་སྟོབས་ཀྱིས་ནི། །བཟོད་དཀའ་འཁོར་བའི་
ལཾ་ཧ་ཏྭཱ། །རི་པུ་ཨཱ་སཱ་ད་ཡནྟི་དྷཱི་རཱཿཔྲཱ་ཛྱཱཾ་སདྡྷརྨྨ་སཱམྼཱ་ཛྱཾ། །ཡ་དཱ་སཱུ་ཏྲཾ་བྷ་ག་བ་ཏཱ་བྱཱ་ཁྱཱ་ཏཾ་ན་ག་རོ་པ་མཾ། །ཏ་དཱ་ས་ཀཽ་ཏུ་ཀཱཏྤྲྀཥྚོ་བྷིཀྵུ་བྷིསྟཱ་ན་བྷ་ཥ་ཏ། །ཨ་བྷཱུ་ཏ་ཀ་ན་
དགྲ་ཡི་སྟོབས་བཅོམ་ནས། །དམ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ནི། །རྒྱས་པ་བརྟན་པ་རྣམས་ཀྱིས་ཐོབ་པར་འགྱུར། །གང་ཚེ་གྲོང་ཁྱེར་ལྟ་བུའི་མདོ། །བཅོམ་ལྡན་གྱིས་གསུངས་དེ་ཡི་ཚེ། །དགེ་སློང་རྣམས་ཀྱིས་དགེ་མཚན་ལས། །དྲིས་པ་དེ་ཡིས་རབ་གསུངས་པ། །གྲོང་ཁྱེར་གསེར་
Vol. 171 · folio 286a
ཀ་བ་ཏྱཱ་ཁྱཱ་ཛ་ན་སྭརྒ་པྲ་བྷཱ་པུ་རཱི། །ཏ་སྱཱ་མཱ་སཱིནྣ་ར་བ་ཏིརྜྱུ་ཏི་མཱནྐ་ན་ཀཱབྷི་དྷཿ། །ཏ་སྱ་པྲ་བརྡྷཱ་མཱ་ནཱ་ཡཱཿཔྲཱི་ཏེ་རཱ་ཡ་ཏ་ནཾ་པ་རཾ། །པུ་ཏྲཿཀ་ན་ཀ་བརྨྨཱ་བྷཱུཏྶུ་ཏཱ་བ་ཀ་ན་ཀ་པྲ་བྷཱ། །ཀཱ་ལེ་ན་ཡཽ་བ་ནཱ་རཱུ་ཌྷཱ་སྟན་
ཅན་ཞེས་པ་ནི། །སྐྱེ་བོ་མཐོ་རིས་འོད་ལྡན་བྱུང་། །དེར་ནི་མི་བདག་འོད་དང་ལྡན། །གསེར་ཞེས་བྱ་བ་བྱུང་བར་གྱུར། །དེ་ཡི་དགའ་བ་མཆོག་ཏུ་ནི། །རབ་ཏུ་རྒྱས་པ་དག་གི་གནས། །བུ་ནི་གསེར་གྱི་གོ་ཆ་དང་། །བུ་མོ་གསེར་འོད་དག་ཏུ་གྱུར། །དུས་ཀྱིས་ལང་ཚོ་ལ་འཛེགས་ཤིང་། །
སྟ་པ་ཀ་ཤོ་བྷི་ནཱི། །ལ་ཏེ་བ་སཱ་བ་བྷཽ་ཀཱནྟ་བ་སནྟ་ལ་ལི་ཏཱ་ཀྲྀ་ཏིཿ། །བཱ་ལ་པྲཱི་ཏྱཱ་པ་རི་ཙི་ཏ་ཏསྟཱཾ་མནྟྲི་ཏ་ན་ཡོ་ཡུ་བཱ། །ཀཱ་མ་སཱ་རཱ་བྷི་དྷེཿསྭཻ་ར་མ་ཀཱ་མ་ཡཏ་ཀཱ་མུ་ཀཿ། །པྲ་བྲྀཏྟེ་པུཥྤ་ས་
ནུ་མའི་མེ་ཏོག་ཕུན་བུས་མཛེས། །མཛེས་པ་དེ་མཛེས་དཔྱིད་ཀྱི་ནི། །ཡིད་འོང་དབྱིབས་ཅན་འཁྲི་ཤིང་བཞིན། །གཞོན་ལ་མཛའ་བས་ཡོངས་འདྲིས་པ། །བློན་པོའི་བུ་གཞོན་འོད་ལྡན་ནི། །འདོད་པའི་སྙིང་པོ་ཞེས་པ་ཡིས། །དེ་ལ་དལ་གྱིས་འདོད་པ་བསྟེན། །མེ་ཏོག་དུས་སུ་རབ་
མ་ཡེ་དྷཻཪྻ་ཧཱ་རི་ཎི་ཡཽ་བ་ནེ། །བྷྲྀཾ་གཿཔྲ་སཾ་ག་པཉྩ་རཱི་མཉྫཪྻཱཿཀེ་ན་བཱཪྻ་ཏེ། །ཏ་ན་ཡཱཾ་ནཥྚཱ་ཙ་རི་ཏཾ་ཛྙཱ་ཏྭཱ་མཱ་ནཱི་མ་ཧཱི་པ་ཏིཿ། །ཏུ་ལྱཾ་བི་བཻ་ཤ་བི་ཥ་མ་ཤོ་ཀ་ཀྲོ་དྷཱ་ན་ལ་དྭ་ཡཾ། །ཀ་ནྱཱ་བི་ཧཱི་ནཱ་ནི་སུ་
ཞུགས་ཤིང་། །ལང་ཚོ་ཅན་གྱི་བརྟན་འཕྲོག་ཚེ། །སྙེ་མ་དང་འགྲོགས་བུང་བ་ནི། །ཡང་དག་རྒྱུ་བ་སུ་ཡིས་ཟློགས། །བུ་མོ་སྤྱོད་ཚུལ་ཉམས་པ་དག །ཤེས་ནས་ས་བདག་ཁེངས་ལྡན་ནི། །མི་བཟང་མྱ་ངན་ཁྲོ་བ་ཡི། །མེ་གཉིས་དག་ལ་མཚུངས་པར་ཞུགས། །ཁེངས་པ་བསྟེན་པ་རྣམས་ལ་
Vol. 171 · folio 286b
ལཱ་ནི་པུ་ཎྱཻརྦྷ་བནྟི་མཱ་ནྱཱ་ནྱ་བྷི་མཱ་ན་བྷཱ་ཛཱཾ། །ཨ་ཡཱ་ཙྱ་ཡཙྪཻ་བ་མུ་ཁཾ་ཀྵ་ཎེ་ན་ཀུ་ལཾ་ཧི་ག་ནྱཱ་མ་ལི་ནཱི་ཀ་རོ་ཏི། །ཤཱ་ས་ནཱ་ད་ཐ་བྷཱུ་བྷརྟྟུཿཀ་ནྱཱ་མནྟྲི་སུ་ཏཤྩ་པཿ། །ཨཱ་ཀྲྀ་ཥྱ་བ་དྷྱ་བ་སུ་དྷཱ་ནཱི་ཏཽ་ཤཱ་ས་ན་
བསོད་ནམས་ཀྱིས། །མཆོད་འོས་རིགས་ནི་བུ་མོས་དམན་པར་གྱུར། །བསླང་བྱ་མིན་པར་སློང་བའི་གདོང་བཞིན་དུ། །སྐད་ཅིག་གིས་ནི་བུ་མོས་རིགས་ཉམས་བྱེད། །དེ་ནས་ས་ཡི་བདག་པོའི་བཀས། །བུ་མོ་བློན་པོའི་བུ་དེ་ཡང་། །བཀའ་ནི་བྱེད་པ་རྣམ་དག་གིས། །བླངས་ནས་གསོད་
ཀཱ་རི་བྷིཿ། །ཡ་ཙ་མཱ་ནཽ་པ་རི་ཏྲཱ་ཎཾ་ཏ་ཏསྟཽ་ཀ་རུ་ཎཱ་ཀུ་ལཿ། །རཱ་ཛ་པུ་ཏྲཿསྭ་ན་ག་རཱནྣི་ནཱ་ཡ་ན་ག་རཾ་པ་ར། །ཏ་ཏཿཀྲུ་དྷཿཀྵི་ཏི་བ་ཏིཿཔུ་ཏྲཾ་ཤ་ཏྲུ་མི་བོཏྐ་ཊཾ། །ནེཥྐ་སྱནིཿཀྲྀ་པཤྩ་ཀྲེ་པྲ་ཏྱནྟ་མ་ཧ་ནཱ་ཏི་
པའི་གནས་སུ་ཁྱེར། །དེ་ནས་སྐྱབས་ནི་ཞུ་བྱེད་པ། །དེ་དག་སྙིང་རྗེ་རྒྱས་པ་ཡི། །རྒྱལ་སྲས་ཀྱིས་ནི་རང་གྲོལ་ལས། །གྲོང་ཁྱེར་གཞན་པ་དག་ཏུ་ཁྲིད། །དེ་ནས་ས་བདག་བརྩེ་མེད་ཅིང་། །ཁྲོས་པས་དགྲ་ནི་དྲག་པོ་བཞིན། །བུ་ནི་ངེས་པར་རབ་བསྐྲད་དེ། །མཐའ་འཁོབ་ནགས་ཀྱི་མགྲོན་དུ་
ཐིཾ། །པི་ཏྲཱ་ནི་རསྟྭཿསཏྭཱ་བྡྷིརྦྷཱ་ཏྭཱ་ཏཱིརྠ་བ་ནཱ་བ་ནཽ། །ར་མྱོདྻཱ་ནཱ་བྫི་ཀཱནྟཾ་པུ་རཾ་པྲཱ་པ་ས་ནིརྫ་ནཾ། །ད་དཪྴཻ་ཀཱ་ཀི་ནཱིཾ་ཏ་ཏྲ་བྷ་གི་ནཱི་ཀ་ན་ཀ་པྲ་བྷཱཾ། །ཁིནྣཱཾ་ཛ་ན་བི་ཡོ་གེ་ན་ན་ག་ར་པ་སྱཻ་བ་དེ་བ་ཏཱཾ། །
བྱས། །སྙིང་སྟོབས་ཆུ་གཏེར་ཕས་བསྐྲད་དེ། །འཇུག་ངོགས་ནགས་ཚལ་སར་འཁྱམས་ནས། །དགའ་བའི་སྐྱེད་ཚལ་པདྨ་ཅན། །མི་མེད་གྲོང་ཁྱེར་མཛེས་པ་ཐོབ། །དེར་ནི་སྲིང་མོ་གསེར་གྱི་འོད། །སྐྱེ་བོ་དང་བྲལ་སྐྱོ་བ་ནི། །གྲོང་ཁྱེར་དག་གི་ལྷ་མོ་བཞིན། །གཅིག་པུ་ཉིད་ནི་མཐོང་བར་གྱུར། །
Vol. 171 · folio 287a
སྭ་བྷྲཱ་ཏ་རི་པ་རི་ཛྙཱ་ཡ་བྲྀ་ཏྱཱ་བཱཥྤཱམཱུ་པཪྵི་ཎཱིཾ། །ཤཱུ་ནྱཏ་ཀཱར་ཎཱཾ་ཏེ་ན་བྲྀཥྚཱ་ཏཾ་པྲ་ཏྱ་བྷཱ་ཥཏ། །བྷྲཱ་ཏརྣྣིརྫ་ན་ཏཱཾ་ནཱི་ཏཾ་པུ་ར་མེ་ཏཏྤྲ་ཧཱ་རི་བྷིཿ། །ཥཥྛི་སཾ་ཁྱཻརྨྨ་ཧཱ་ནགྣཻཪྻ་ཀྵཻརྣྱ་གྲོ་དྷ་སོ་ཤྲ་
དེ་ཡིས་སྟོང་པའི་རྒྱུ་དག་དྲིས། །དེ་ཡིས་མིང་པོར་ཡོངས་ཤེས་ནས། །མཛའ་བས་མཆི་མའི་ཆར་འབེབས་ཤིང་། །དེ་ལ་ལན་ནི་རབ་སྨྲས་པ། །མིང་པོ་ནྱ་གྲོ་དྷ་བརྟེན་པའི། །གནོད་སྦྱིན་སྟོབས་ཆེན་སྣུན་བྱེད་པ། །དྲུག་ཅུའི་གྲངས་ཀྱི་གྲོང་ཁྱེར་འདི། །སྐྱེ་བོ་མེད་པ་དག་ཏུ་
ཡཻཿ། །སཾ་པྲ་ཏྱ་སྨིན་ཀྵ་ཡེ་ཤེ་ཥ་བ་ཧཾ་མནྟྲི་སུ་ཏཤྩ་སཿ། །ཨ་དྷཱུ་ནཱ་ཏྭདྦཱ་ཧུ་བ་ལ་པྲ་བྷཱ་བསྟྲཱ་ཎ་མེ་བ་ནཽ། །ཨི་ཏི་སྭ་སུརྦྦ་ཙཿཤྲུ་ཏྭཱ་རཱ་ཛ་པུ་ཏྲཿས་མཱ་ག་ཏཱཾ། །ཨེ་ཀ་ཡཀྵཱ་བ་ཤེ་ཥཱཾ་ཙཀྲེ་ཡཀྵ་བ་ལིཾ་ཤ་
བྱས། །འདི་བརླག་ལྷག་མ་ད་ལྟ་ནི། །བདག་དང་བློན་པོའི་བུ་དེ་སྟེ། །ད་ནི་ཁྱོད་ཀྱི་དཔུང་པ་ཡི། །སྟོབས་མཐུས་བདག་ཅག་སྐྱོབ་པ་ཉིད། །ཅེས་པ་སྲིང་མོའི་ཚིག་ཐོས་ནས། །རྒྱལ་པོའི་བུ་ཡིས་མདའ་རྣམས་ཀྱིས། །གནོད་སྦྱིན་འཕྲེང་བ་འོངས་པ་དག །གནོད་སྦྱིན་གཅིག་གི་ལྷག་མར་
རཻཿ། །ས་ཡཀྵཿཀོ་ཊ་རོ་ནཱ་མ་ཏ་མེ་བ་ཤ་ར་ཎཾ་ག་ཏཾཿ། །པྲ་སནྣ་དཱ་ས་བྷཱ་བཱ་སྱ་བི་ད་དྷེ་ཛ་ཡ་གྷོ་ཥ་ཎཱཾ། །པུ་ནཿཔཽ་རིཿས་མཱ་ཀཱིརྞྞེ་པུ་རེ་ཏསྨིན་བི་པླུ་བེ། །ནྲྀ་པཾ་རཱ་ཛ་སུ་ཏཤྩ་ཀྲེ་མནྟྲི་སཱུ་ནུཾ་སྭ་སཿཔ་ཏིཾ། །པུ་ཏྲ་བྷཱ་
བྱས། །གནོད་སྦྱིན་ཀོ་ཊ་ར་ཞེས་པ། །དེ་ཉིད་ལ་ནི་སྐྱབས་སོང་ཞིང་། །འབངས་ཀྱི་དངོས་པོ་ཐོབ་པ་དེས། །དེ་ཡི་རྒྱལ་བ་བསྒྲགས་པ་བྱས། །སླར་ཡང་གང་དེ་གྲོང་ཁྱེར་བས། །ཁེངས་ཤིང་འཚེ་བ་མེད་པ་ན། །སྲིང་མོའི་བདག་པོ་བློན་པོའི་བུ། །རྒྱལ་སྲས་ཀྱིས་ནི་རྒྱལ་པོར་བྱས། །ངོ་མཚར་དང་
Vol. 171 · folio 287b
བཱཾ་སཱཤྩཪྻཾ་ཤྲུ་ཏྭཱ་ཙཱ་རཻརྣི་བེ་དི་ཏཾ། །ཀ་ན་ཀཿཀྵྨཱ་པ་ཏིརླེ་ཁ་པྲ་ཎ་ཡེ་ན་ནི་ནཱ་ཡཱ་ཏཾ། །ས་བདྡྷ་མུ་ཀུ་ཊཿཔི་ཏྲཱཏྻུ་བ་རཱ་ཛཿཔྲ་ཏཱ་པ་བཱན། །བ་ཤེ་བ་ཤྱེནྡྲ་ཡཤྩཀྲེ་ཙ་ཏུརྡཱི་པ་བ་ཏཱིམྨ་ཧཱིཾ། །ཤྲཱི་མཱནྼཱ་
བཅས་བུ་ཡི་མཐུ། །ཉན་རྣ་དག་གིས་བཤད་ཐོས་ནས། །ས་ཡི་བདག་པོ་གསེར་གྱིས་ནི། །སྤྲིང་ཡིག་དག་གིས་འབད་པས་བོས། །ཡབ་ཀྱིས་ཅོད་པན་བཅིངས་གྱུར་ཅིང་། །རྒྱལ་ཚབ་གཟི་བརྗིད་ལྡན་གྱུར་པ། །དབང་པོ་དབང་གྱུར་དེ་ཡིས་ས། །གླིང་བཞི་ལྡན་པ་དབང་དུ་བྱས། །འཁོར་བ་
ཛ་ཀུ་མཱ་རོ་སཱ་བ་ཧ་མེ་བ་ཏ་དཱ་བྷ་བཾ། །སཾ་སཱ་ར་སྱཻ་བ་ཡཤྩཀྲེ་ཤ་ཏྲུ་བརྒྒ་སྱ་སཾ་ཀྵ་ཡཾ། །ཨུཏྶཱ་ཧཱ་དུ་པ་བི་ཤྱ་སཏྭ་རུ་ཙི་རེ་སདྡྷརྨྨ་སིཾ་ཧཱ་ས་ནེ་ཤཱི་ལཥྞཱི་ཥ་བ་ཏཱ་བི་པེ་ཀ་ས་ལི་ལ་པྲཱཔྟཱ་བྷི་ཥེ་ཀ་ཤྲི་
བཞིན་དུ་དགྲ་ཡི་སྡེ། །གང་གིས་ཀུན་ཏུ་བརླག་བྱས་པ། །དཔལ་ལྡན་རྒྱལ་པོའི་གཞོན་ནུ་དེར། །ང་ཉིད་དེ་ཡི་དུས་ན་གྱུར། །སྙིང་སྟོབས་མཛེས་ལྡན་དམ་ཆོས་སེང་གེའི་ཁྲི་ལ་སྤྲོ་བ་ཡིས་ནི་ཉེར་བཞུགས་ཤིང་། །ཚུལ་ཁྲིམས་གཙུག་ཏོར་དང་ལྡན་དབེན་པའི་ཆུ་ཡིས་མངོན་པར་དབང་བསྐུར་
ཡཱ། །ཧ་ཏྭཱ་ཤ་ཏྲུ་པ་རཾ་པ་རཱཾ་པྲྀ་ཐུ་བྷ་བ་ཀླེ་ཤཱ་བ་ལཱི་མ་ཀྵ་ཡཱཾ་སཱ་ལབྡྷ་པྲ་ཤ་མེ་ན་བི་ཤྭ་ཛ་ཡི་ནཱ་ནིརྦྦཱ་ཎ་བྷཱུརྦྷུ་ཛྱ་ཏེ། །ན་ག་རོ་པ་མ་མ་མ་ལ་ཏ་རཾ་ནིརྦྦཱ་ཎ་ཡཀྵ་སནྣི་བྷཱནྐླེ་ཤཱན། །ཀྵ་པ་
དཔལ་ཐོབ་པས། །མི་བཟད་རྒྱ་ཆེ་སྲིད་པའི་ཉོན་མོངས་འཕྲེང་བ་བརྒྱུད་མར་གྱུར་པའི་དགྲ་བཅོམ་ནས། །རབ་ཞི་ཐོབ་ཅིང་ཀུན་ལས་རྒྱལ་བ་དག་གིས་མྱང་འདས་ས་དེ་སྤྱོད་པར་བྱེད། །གནོད་སྦྱིན་དང་མཚུངས་ཉོན་མོངས་བརླག་བྱས་ནས། །ཤིན་ཏུ་དྲི་མེད་གྲོང་ཁྱེར་ལྟ་བུ་ཡི། །མྱ་ངན་
Vol. 171 · folio 288a
ཡི་ཏྭཱཔྟཾ་ཀཻཤྩིདྦྷ་ག་བ་ནུགྟྭེ་ཏི་བི་ར་རཱ་མ་སཿ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་སཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཀ་ན་ཀ་བརྨྨཱ་བ་དཱ་ན་ཥ་ཌ་དྷི་ཀ་ཤ་ཏ་ཏ་མཿཔལླ་
འདའ་བ་འགའ་ཞིག་དག་གིས་ཐོབ། །ཅེས་པ་གསུངས་ནས་བཅོམ་ལྡན་རྣམ་པར་གནས། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་གསེར་གྱི་གོ་ཆའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་དྲུག་
བཿ།། །།གུ་ཎོ་སྤྲྀ་ཧཱ་ན་དྲ་པི་ཎེ་ཀ་དཱ་ཙིདྻོ་གེ་བྷི་ཡོ་གཿཔྲ་ས་བྷཾ་ན་བྷོ་གེ །པུ་ཎྱོ་ཛྭ་ལཱ་ནཾ་བི་ཤ་དཱ་ཤ་ཡཱ་ནཻ་ར་ཛོ་བི་རཱ་གཱ་བྷི་ར་ཏིརྣ་ཀཱ་མེ། །པུ་ཎྱ་པྲ་བྷཱ་བཾ་བྷ་ག་བཱནྤུ་ཎྱ་ཤཻ་ལསྟ་ཐཱ་ག་ཏཿ། །
པའོ།། །།བསོད་ནམས་རབ་འབར་བསམ་པ་དྲི་མེད་རྣམས། །ཡོན་ཏན་ལ་ཆགས་ནམ་ཡང་ནོར་ལ་མིན། །རྣལ་འབྱོར་ལ་སྦྱོར་ལོངས་སྤྱོད་དག་ལ་མིན། །རྡུལ་གྱི་ཆགས་བྲལ་ལ་དགའ་འདོད་ལ་མིན། །བསོད་ནམས་རི་བོ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་བསོད་ནམས་མཐུ། །
བ་བྷཱ་ཥེ་བྷཱིཀྵུ་བྷིཿཔྲྀཥྚསྟཏྤུ་ཎྱཱ་ད་ར་བིསྨི་ཏེཿ། །བཱ་རཱ་ཎ་སྱཾ་མ་ཧཱིཾ་རཱ་ཛྙི་བྲཧྨ་དཏྟེ་པྲ་ཤཱ་ས་ཏི། །ཤུདྡྷོ་ད་ནེ་གྲྀ་ཧ་པ་ཏིཾརྦྦ་བྷཱུ་བ་དྷཱ་ན་དོ་པ་མཿ། །ཏ་སྱཱརྠི་ཀལྤ་པྲྀཀྵ་སྱ་ས་མུ་དྲ་ག་མ་ནཱརྫི་
དེ་ཡི་བསོད་ནམས་ལ་གུས་པས། །ཡ་མཚན་དགེ་སློང་གིས་དྲིས་གསུངས། །བཱ་རཱ་ཎ་སཱིར་རྒྱལ་པོ་ནི། །ཚངས་བྱིན་དག་གིས་ས་བསྲུངས་ཚེ། །ཁྱིམ་བདག་ཟས་ནི་གཙང་མ་དག །ནོར་སྦྱིན་དང་ནི་མཚུངས་པ་བྱུང་། །རྒྱ་མཚོར་འགྲོ་བས་རབ་བསྒྲུབས་པ། །ནོར་བུ་མུ་ཏིག་ཚོགས་
Vol. 171 · folio 288b
ཏེཿ། །མ་ཎི་མོཀྟི་ཀ་སཾ་བྷཱ་རཻཿཔ་རི་པཱུརྞྞ་མ་བྷཱུདྒྲྀ་ཧཾ། །རཏྣ་དྭཱི་པཱནྟ་རཱ་ཡཱ་ཏཿས་ཀ་དཱ་ཙིནྨ་ཧཱི་པ་ཏིཾ། །དྲཥྚུཾ་ཡ་ཡཽ་ས་མཱ་དཱ་ཡ་མུཀྟཱ་ཧཱ་ར་མུ་པཱ་ལ་ནཾ། །པྲ་ཏྱུདྒ་ཏེ་ན་པྲ་ཎ་ཡཱནྨ་ནི་ཏཿས་མ་ཧཱི་བྷུ་
རྣམས་ཀྱིས། །སློང་བ་དག་གི་དཔག་བསམ་ཤིང་། །དེ་ཡི་ཁྱིམ་ནི་ཡོངས་གང་གྱུར། །ནམ་ཞིག་རིན་ཆེན་གླིང་གཞན་ནས། །འོངས་པ་དེ་ནི་ས་བདག་ལ། །སྐྱེས་སུ་མུ་ཏིག་དོ་ཤལ་དག །ཁྱེར་ནས་བལྟ་རུ་སོང་བར་གྱུར། །ས་བདག་སྔོན་དུ་ལངས་བྱས་ནས། །གུས་པས་མཆོད་པ་དེ་ཡིས་
ཛཱ། །ཏཱ་རཾ་ཧཱ་རཾ་ད་དཽ་ཏསྨཻ་ལཱི་ལཱ་ཧཱ་ས་མི་བ་ཤྲི་ཡཿ། །ས་ར་སྨི་སཱུ་ཏྲ་སཾ་སཀྟ་ཏཱ་ར་ཀཱ་ནི་ཀ་རོ་པ་མཿ། །བྷུ་མི་བྷརྟྟུརྒུ་ཎཱི་ཧཱ་རཤྩ་ཀཱ་ར་ཧྲྀ་ད་ཡ་གྲ་ཧཾ། །ཨསྨིནྣ་བ་ས་རེ་རཱ་ཛྙཿསུ་ཏ་བཱ་ལ་ས་ར་སྭཏཱི། །
ནི། །དཔལ་གྱི་རྩེ་དགའ་དགོད་པ་བཞིན། །གསལ་བའི་དོ་ཤལ་དེ་ལ་ཕུལ། །འོད་ལྡན་སྐུད་པར་ཡང་དག་ཆགས། །རྒྱུ་སྐར་གྱི་ནི་ཚོགས་ལྟ་བུ། །ཡོན་ཏན་ལྡན་པའི་དོ་ཤལ་གྱིས། །ས་བདག་སྙིང་ནི་བཟུང་བ་བྱས། །གནས་སྐབས་དེར་ནི་རྒྱལ་པོ་ཡི། །བུ་མོ་གཞོན་ནུ་དབྱངས་ཅན་མ། །
སུ་བྷཱ་ཥི་ཏཾ་བྷ་བྱ་གཾ་རཱ་ཧརྨྨོ་སཾ་ག་ཏཱ་ཛ་གཽ། །སཱུཀྟཾ་གྲྀ་ཧ་པ་ཏིཿཤྲུ་ཏྭཱ་ཤྲ་བ་ཎཱ་མྲྀ་ཏ་མཱིཔྶི་ཏཾ། །པྲ་ལ་ཀཱཾ་ཀུ་རི་ཏཱ་ཀཱ་རསྟསྨནྨ་ཡཿསྭ་གྲྀ་ཧཾ་ཡ་ཡཽ། །ཏྱཀྟ་ཧཱ་ར་བི་ཧཱ་རོ་ཐ་སུ་བྷཱ་ཥི་ཏ་ཧྲྀ་ཏཱ་ཤ་
བ་གམ་ཅན་གྱི་ནང་སོང་བས། །ལེགས་ལྡན་ཚིག་གིས་ལེགས་བཤད་བླངས། །རྣ་བའི་བདུད་རྩི་འདོད་པ་ཡི། །ལེགས་བཤད་ཁྱིམ་བདག་གིས་ཐོས་ནས། །སྤུ་ལོང་མྱུ་གུའི་རྣམ་པ་ཅན། །དེ་ཡི་རང་བཞིན་རང་ཁྱིམ་སོང་། །དེ་ནས་ཟས་དང་རྩེ་དགའ་བཏང་། །ལེགས་བཤད་ཀྱིས་
Vol. 171 · folio 289a
ཡཿ། །ནི་དྲཱ་ད་རི་དྲཿསྭ་གྲྀ་ཧེ་བ་ཙི་རཾ་མ་ཙིནྟ་ཡཏ། །ཨ་ཧོ་ནུ་རཱ་ཛ་པུ་ཏྱཱཏྟ་གཱི་ཏཾ་སཱ་དྷུ་སུ་བྷཱ་ཥི་ཏཾ། །ཨ་པཪྻཱ་ལོ་ཙི་ཏེ་ནཱ་པི་ཡེ་ནཱ་མྲྀ་ཏ་མི་བཱརྤྤི་ཏཾ། །མ་ཡཱ་དྭཱ་ད་ཤ་བྷིརྦཪྵོ་རྦི་
ནི་བསམ་པ་ཕྲོགས། །གཉིད་གྱིས་དབུལ་བ་དེ་ཡིས་ནི། །རང་གི་ཁྱིམ་དུ་ཡུན་རིང་བསམས། །ཀྱེ་མ་རྒྱལ་པོའི་བུ་མོ་དེས། །ལེགས་པའི་ལེགས་བཤད་གླུར་བླངས་པ། །གང་དེ་ཡོངས་སུ་མ་སྤྱད་ཀྱང་། །བདུད་རྩི་དག་ནི་བྱིན་པ་བཞིན། །བདག་གིས་ལོ་ནི་བཅུ་གཉིས་ཀྱིས། །
པུ་ལོ་རཏྣ་སཉྩ་ཡཿ། །སཾ་པྲཱཔྟཿསཱུཀྟ་རཏྣཾ་ཏུ་ན་ཀུ་ཏཤྩི་དུ་པཱརྫི་ཏཾ། །རཏྣཻཿཀི་མཤྨ་གུ་རུ་བྷིཿཔྲ་ཡཏྣ་གུ་རུ་སཾ་ཙི་ཏཻཿ། །སནྨཱརྒ་ལོ་ཀ་ནེ་རཏྣཾ་ཏདྦི་དྷནྟུ་སུ་བྷཱ་ཥི་ཏཾ། །ཨི་ཏི་སཾ་ཙི་ཏྱ་པུ་
རིན་ཆེན་ཚོགས་ནི་ཡངས་པ་དག །ཐོབ་དེ་ལེགས་བཤད་རིན་ཆེན་ནི། །འགའ་ཞིག་ལས་ཀྱང་ཉེར་མ་བསྒྲུབས། །འབད་པ་བརྒྱ་ཡིས་བསགས་པ་ཡི། །རྡོ་ལྕི་རིན་ཆེན་རྣམས་ཀྱིས་ཅི། །དམ་པའི་ལམ་ནི་གསལ་བྱེད་པའི། །ལེགས་བཤད་དེ་ལྟར་རིན་ཆེན་ཡིན། །ཞེས་པ་བསམས་ནས་
རུ་ཥཾ་བི་སྲྀ་ཛྱ་ནྲྀ་པ་མནྡི་རཾ། །ས་ཙཀྲེ་རཱ་ཛ་དུ་ཧིཿཏུ་སཱུཀྟ་ཡཙྙཱ་མ་ཡཱ་ཙ་ཀཿ། །སཱ་བ་བྷཱ་ཥེསྨི་ཏ་མུ་ཁཱི་སུཀྟཾ་མུ་ལེ་ན་ལ་བྷྱ་ཏེ། །ཏ་སྱཱརྒྷ་ཏུ་ལྱཾ་དྲ་བི་ཎཾ་དཱི་ཡ་ཏཱཾ་ཡ་དི་ཤཱཀྱ་ཏེ། །ཡཱ་བདྡྭཱ་
མི་བདག་གི། །ཁང་པར་སྐྱེས་བུ་རབ་བཏང་སྟེ། །ལེགས་བཤད་རྒྱལ་པོའི་བུ་མོ་ལས། །སློང་བ་པོ་མིན་དེ་ཡིས་བསླངས། །འཛུམ་པའི་བཞིན་ལྡན་དེས་སྨྲས་པ། །ལེགས་བཤད་རིན་གྱིས་ཐོབ་པར་འགྱུར། །དེ་ཡི་རིན་དང་མཚུངས་པའི་ནོར། །གལ་ཏེ་ནུས་ན་སྦྱིན་པར་མཛོད། །ཇི་སྲིད་
Vol. 171 · folio 289b
དཤ་བྷིརྦྦཪྵོསྟེ་ན་སད་རཏྣ་སཾཉྩ་ཡཿ། །ནི་ཧི་ཏཿསཏྱ་ཤཱི་ལེ་ན་པ་ཎྱཱརྷོ་སཽ་ས་མརྦྦི་ཏཱཾ། །ཨེ་ཏདྦྷཱུ་པཱ་ལ་དུ་ཧི་ཏུཿསནྡེ་ཤཾ་དཱུ་ཏ་བྷཱ་ཥི་ཏཾ། །ཤྲུ་ཏྭཱ་གྲྀ་ཧ་པ་ཏིཿསརྦྦ་རཏྣཱ་ནྱཱ་དཱ་ཡ་སཱ་དཱ་རཿ། །སྭ་ཡཾ་
ལོ་ནི་བཅུ་གཉིས་སུ། །བདེན་པའི་ངང་ཚུལ་དེ་ཡིས་ནི། །རིན་ཆེན་དམ་པའི་ཚོགས་བསྒྲུབས་པ། །རིན་དུ་འོས་པ་དེ་སྦྱིན་མཛོད། །ས་སྐྱོང་བུ་མོ་དག་གི་འཕྲིན། །འདི་དག་ཕོ་ཉས་བཤད་པ་ནི། །ཐོས་པས་ཁྱིམ་བདག་གུས་བཅས་པས། །རིན་ཆེན་ཐམས་ཅད་བླངས་བྱས་ནས། །རང་
རཱ་ཛ་གྲྀ་ཧ་ག་ཏྭཱ་ད་ཏྭཱ་སཽ་ཏྲི་ཎ་ལཱི་ལ་ཡཱ། །སཱུཀྟ་རཏྣཾ་ཏ་དཱ་དཱ་ཡ་པ་པཱ་ཋོཏྐཎྛ་ཏོ་མུ་ཧུཿ། །ཡདྻཏྐིཾ་ཙིཏྶུ་ཁ་མ་ནུ་པ་མཾ་བཱ་ཧྱ་མཱ་བྷྱནྟ་རཾ་བཱ་ཡོ་ཡཿསཏྭ་པྲ་ས་པ་བི་ལ་སདྦཾསྨ་ཡཿསིདྡྷི་ཡོ་གཿ། །ཡེ་ཡེ་
ཉིད་རྒྱལ་པོའི་ཁྱིམ་སོང་སྟེ། །དེ་ལ་རྩྭ་ཡིས་རྩེ་དགའ་བྱིན། །དེ་ཚེ་ལེགས་བཤད་རིན་ཆེན་ཐོབ། །དགའ་བས་ཡང་དང་ཡང་དུ་བརྗོད། །གང་གང་ཕྱི་འམ་ནང་གི་བདེ་བ་དཔེ་མེད་ཆུང་ཟད་དག་དང་ནི། །གང་གང་སྙིང་སྟོབས་ཀྱིས་བསྐྲུན་ཡ་མཚན་རྒྱས་པ་གྲུབ་པའི་སྦྱོར་བ་དང་། །གང་གང་
ཏྲཾཥྞཱ་པྲ་ཤ་མ་བི་མ་ལཱ་སནྟ་ཏཱ་ནནྡ་ལཱ་བྷཱཿཔཱ་ཀོཏྶིཀྟ་ས་ས་ཕ་ལ་བྷ་རཿཔུ་ཎྱ་ཀལྤ་དྲུ་མ་སྱ། །ཨཽ་དཱཪྻ་ནི་དྷི་ནཱ་ཏེ་ན་སརྦྦ་རཏྣ་སུ་བྷཱ་ཥི་ཏཾ། །གྲྀ་ཧཱི་ཏཾ་ནྲྀ་པ་ཏི་ཤྲུ་ཏྭཱ་ཏཾ་པ་པྲཙྪ་ས་བིསྨ་ཡཿ། །རཏྣཱ་
སྲེད་པ་རབ་ཞི་དྲི་མེད་རྒྱུན་དུ་དགའ་བ་ཐོབ་པ་དག །དེ་དེས་བསོད་ནམས་དཔག་བསམ་ཤིང་གི་འབྲས་བུ་སྨིན་ཅིང་རྒྱས་པའི་ཁུར། །རྒྱ་ཆེར་གྱུར་པའི་གཏེར་དེ་ཡིས། །རིན་ཆེན་ཀུན་གྱིས་ལེགས་བཤད་ནི། །བླངས་པ་ཐོས་ནས་མི་ཡི་བདག །ཡ་མཚན་བཅས་པས་དེ་ལ་དྲིས། །ཅི་སླད་
Vol. 171 · folio 290a
ནི་ཀསྨཱ་དུཏྶྲྀ་ཛྱ་སཱུཀྟ་མཱ་ཏྲ་མི་དཾ་ཏྭ་ཡཱ། །གྲྀ་ཧཱི་ཏཾ་བཱ་ལི་ཀཱ་བཱ་ཀྱ་ས་ར་ལཿཔྲ་ཏྱ་ཡཱིདྦཱན། །པཱུརྞྞཱ་སུ་བྷཱ་ཥི་ཏེརྦྷཱུ་མིརྡྷ་ནཾ་ཀྲྀཙྪྲེཎ་ལ་བྷྱ་ཏེ། །ན་བྷཀྟ་བི་ར་ཧེ་བྷུཀྟཾ་སཱུཀྟེ་ན་ཀེ་ན་ཙིཏ། །
རིན་ཆེན་རབ་བཏང་ནས། །ལེགས་བཤད་ཙམ་ནི་ཁྱོད་ཀྱིས་བཟུང་། །བུ་མོ་འདི་ཡི་ཚིག་དག་ལ། །དྲང་པོ་ཁྱོད་ནི་ཡིད་ཆེས་ལྡན། །ལེགས་བཤད་ཀྱི་ནི་ས་གཞི་གང་། །ནོར་ནི་ཚོགས་ཆེན་དག་གིས་འཐོབ། །ཟས་དང་བྲལ་ན་སུ་ཞིག་གིས། །ལེགས་བཤད་དག་ནི་བཟའ་བར་ནུས། །
ཨི་ཏི་ཤྲུ་ཏྭཱ་གྲྀ་ཧ་པ་ཏིཿསྣེ་ཧ་དུཀྟམྨ་ཧཱི་བྷུ་ཛཱ། །སཱུཀྟ་ལཱ་བྷེ་ན་མ་ཧ་ཏ་སུ་ཏུཥྚསྟ་མ་བྷཱ་ཥ་ཏ། །རཱ་ཛནྐིཾ་ཀྲི་ཡ་ཏེ་རཏྣཻཪྻཏྣ་རཀྵཱ་བི་ནཱ་ཤི་བྷིཿ། །སརྤྤཱ་ཎཱ་མི་བ་ཡཻཿཔུཾ་སཱཾ་རཱ་ག་དྭེ་ཥ་བི་ཥོ་ད་ཡཿ། །
ཞེས་པ་ས་བདག་མཛའ་བ་ཡིས། །བརྗོད་པ་ཁྱིམ་བདག་གིས་ཐོས་ནས། །ལེགས་བཤད་རྙེད་པ་ཆེན་པོ་ཡིས། །ཚིམ་པས་དེ་ལ་རབ་སྨྲས་པ། །གང་གིས་སྤྲུལ་བཞིན་སྐྱེས་བུ་ལ། །ཆགས་སྡང་དུག་ནི་སྐྱེད་བྱེད་པ། །རྒྱལ་པོ་འབད་བསྲུངས་ཉམས་པ་ཡི། །རིན་ཆེན་དག་གིས་ཅི་ཞིག་བྱ། །
བཻ་མ་ལྱོ་བ་ཙི་ཏཱཾ་རུ་ཙིཾ་ར་ཙ་ཡ་ཏཿསནྨཱརྒ་དཱི་པོ་པ་མཱཾ་བྷ་བྱཱ་ནཾ་ཧྲྀ་ད་ཡེ་སུ་བྷཱ་ཥི་ཏ་མ་ཎེརྒཱ་དྷེ་གུ་ཎཱ་ལམྦི་ནཿ། །པཱ་ཀོཏྟཱིརྞྞ་སུ་བརྞྞ་སུནྡ་ར་པ་ད་པྲཱཔྟ་པྲ་བནྦྷསྠི་ཏཻརྨཱུ་ལྱཾ་སཱ་ག་ར་མེ་ཁ་ལཱ་བ་སུ་མ་
ལེགས་བཤད་ནོར་བུ་ལེགས་ལྡན་རྣམས་ཀྱི་སྙིང་གར་བརྟན་པའི་ཡོན་ཏན་གྱིས་བརྟགས་ཤིང་། །དམ་པའི་ལམ་གྱི་སྒྲོན་མ་དང་མཚུངས་དྲི་མེད་རྒྱས་པའི་འོད་ཟེར་སྤྲོ་བྱེད་པ། །འཚེད་པ་ལས་ཐར་གསེར་བཟང་མཛེས་པའི་གནས་ལ་རབ་སྦྱར་གནས་པ་ཐོབ་པ་ཡི། །རིན་དེ་ནོར་གྱི་བློ་གྲོས་རྒྱ་མཚོའི་
Vol. 171 · folio 290b
ཏཱི་པཱ་དཱཾ་ཤ་ཀོ་པྱ་བྱ་ཀཾ། །ཨི་ཏི་ཤྲཱི་མནྒྲྀ་ཧ་པ་ཏིཿརྣྣི་ག་ཏྱ་ཀུ་ཤ་ལོ་དྱ་ཏཿ། །སུ་བརྞྞ་པ་ཏྲ་ལི་ཁི་ཏཾ་སཱུཀྟཾ་དིཀྵུ་ནྱ་བེ་ཤ་ཡཏ། །ཤུདྡྷོ་ད་ནོ་གྲྀ་ཧ་པ་ཏིཿསོ་ཧ་མེ་བ་ཏ་དཱ་བྷ་བ། །སཱུཀྟེཿཔུ་ཎྱོ་པ་
སྐེ་རགས་དང་ལྡན་རྐང་པའི་ཆ་ལའང་ཆུང་། །ཞེས་ཏེ་དཔལ་ལྡན་ཁྱིམ་བདག་ནི། །དགེ་ལ་བརྩོན་ལྡན་ཕྱིར་ཐོས་ནས། །གསེར་གྱི་གླེགས་བུ་ལ་བྲིས་ཏེ། །ལེགས་བཤད་ཕྱོགས་རྣམས་དག་ཏུ་སྤྲིངས། །དེ་ཡི་ཚེ་ན་ང་ཉིད་ནི། །ཁྱིམ་བདག་ཟས་གཙང་དེར་གྱུར་ཏེ། །ལེགས་བཤད་བསོད་ནམས་
དེ་ཤཱརྠི་སརྦྦ་ནི་ནཱ་བི་པཱ་ད་རཿ། །ཤཱ་རི་པུ་ཏྲོ་པྱ་ཡཾ་བྷིཀྵུཿསཱ་བྷཱུ་པ་ཏི་སུ་ཏཱ་བྷ་པཏ། །ཨི་ཏྱུ་བཱ་ཙཱ་ཁི་ལ་ཛ་གདྐུ་ཤ་ལཱ་ཡ་ཏ་ཐཱ་ག་ཏཿ། །ཨཱརྱཿཀནྡཿཀུ་ཤ་ལ་ན་ལི་ནཱི་མཱུ་ལ་བནྡྷ་པྲ་སཱུ་ཏེརྣཱ་ནཱ་སམྤནྣ་བ་ན་བ་
ཉེར་སྟོན་པའི། །དོན་ལ་བདོག་ཀུན་བཏང་བས་གུས། །དགེ་སློང་ཤཱ་རིའི་བུ་འདི་ཡང་། །ས་བདག་བུ་མོ་དེར་གྱུར་ཏོ། །ཞེས་པ་དེ་བཞིན་གཤེགས་པ་ཡིས། །འགྲོ་ཀུན་དགེ་བའི་སླད་དུ་གསུངས། །དགེ་བའི་པདྨོ་ཅན་ནི་རྩ་བ་བཙུགས་ནས་རབ་སྐྱེད་དང་པོའི་རྒྱུ། །སྣ་ཚོགས་ཕུན་ཚོགས་གསར་
ལ་ཏཱ་སཾ་བྷ་བོ་དྱཱ་ན་བྷཱུ་མིཿ། །ཏྲྀཥྞཱ་ཏཱ་པ་པྲ་ཤ་མ་ན་ཧི་མ་སྨེ་ར་གཾ་གཱ་པྲ་བཱ་ཧཿསནྨཱརྒཱ་གྲ་པྲ་ཀ་ཊ་ན་པ་ཊུཿཔུ་ཎྱ་མེ་བ་པྲ་ཀཱ་ཤཿ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་སཏྭཱ་པ་དཱ་ནཀལྤ་ལ་ཏཱ་ཡཱཾ་
པ་གསར་པའི་འཁྲི་ཤིང་རབ་སྐྱེད་སྐྱེད་ཚལ་ས། །སྲེད་པའི་གདུང་བ་རབ་ཏུ་ཞི་བྱེད་ཁ་བའི་འཛུམ་ལྡན་གང་གཱའི་རྒྱུན། །དམ་པའི་ལམ་མཆོག་གསལ་བར་བྱེད་མཁས་སྣང་བ་དག་ནི་བསོད་ནམས་ཉིད། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་
Vol. 171 · folio 291a
ཤུདྡྷོ་ད་ནཱ་བ་དཱ་ནཾ་སཔྟོཏྟ་ར་ཤ་ཏ་ཏ་མཿཔལླ་བཿ།། །།ཨེ་ཥཱ་ཛི་ནེནྡྲ་བི་ཧི་ཏོ་རུ་བི་ཧཱ་ར་ཙ་ཡེ་ཙཻ་ཏྱཱཾ་ག་ཎེ་ཀ་ན་ཀ་ཙི་ཏྲ་གུ་ཧཱ་གྲྀ་ཧེ་ཥུ། །ནེ་ཏྲ་མྲྀ་ཏ་པྲ་
བསམ་གྱི་འཁྲི་ཤིང་ལས་ཟས་གཙང་མའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱ་རྩ་བདུན་པའོ།། །།རྒྱལ་བའི་དབང་པོས་བསྒྲུབས་པ་གཙུག་ལག་ཁང་ཆེན་དག་གི་ཚོགས། །མཆོད་རྟེན་ཁྱམས་སུ་གསེར་གྱི་རི་མོའི་ཕུག་གི་ཁང་པར་ནི། །སངས་རྒྱས་རྟོགས་
ཙི་ཏ་ལེ་པྱ་མ་ཡཱི་བ་བྷཱུ་བ་བུདྡྷཱ་བ་དཱ་ན་བི་བི་དྷཱདྦྷུ་ཏ་ཀལྤ་བལླི། །སཻ་བེ་ཡཾ་ཀུ་ཤ་ལཱ་ཡ་པཱུརྞྞ་སུ་ཀྲྀ་ཏེ་ཙི་ཏྲེ་བི་ཧཱ་རེ་ས་ཏྲཾ་ཀྵེ་མེནྡྲེ་ཎ་བི་ཤེ་ཥ་ཙི་ཏྲ་ར་ཙ་ནཱ་ར་མྱཱ་བ་དཱ་ནཱ་བ་ལཱི། །
བརྗོད་རྣམ་མང་རྨད་བྱུང་དཔག་བསམ་འཁྲི་ཤིང་འདི། །མིག་གི་བདུད་རྩི་རབ་སྐྱེད་ཡི་གེའི་རང་བཞིན་དག་ཏུ་འཁྲུངས། །ལེགས་བྱས་ཀྱིས་གང་བཀྲ་བའི་གཙུག་ལག་ཁང་དུ་དམ་པ་རྣམས་ནི་དགེ་བའི་སླད། །ཁྱད་པར་གྱིས་ནི་བཀྲ་བར་བཀོད་ཅིང་དགའ་བའི་རྟོགས་བརྗོད་འཕྲེང་བ་གཟུགས་ཅན་དག །
ཨཱ་ཀལྤཾ་པྲ་ཏི་མཱ་ས་ཧ་སྲ་བི་ཀ་སཏྤུ་ཎྱ་པྲ་བནྦྷོ་ཛྭ་ལ་མཱ་བྷཱུཏྟདྦི་ར་ཧཱ་ཀུ་ལཾ་ཛ་ག་དི་ཏི་བྱཀྟཾ་པྲ་ཏིཥྛཱ་པི་ཏཱ། །སཔྟོཏྟ་ར་ཤ་ཏ་མེ་ཏཏྟེ་ན་ཀྲྀ་ཏཾ་བོ་དྷི་སཏྭ་ཙ་རི་ཏཱ་ནཱཾ། །མདྒ་ལ་ས་
སྟོང་ཕྲག་རྣམ་གསལ་བསོད་ནམས་རབ་སྦྱར་འབར་བ་དེ་ཉིད་དགེ་བའི་དབང་པོ་ཡིས། །བསྐལ་པའི་བར་དུ་འགྲོ་བ་དེ་བྲལ་འཁྲུགས་པར་མ་གྱུར་ཅིག་ཅེས་གསལ་བར་བཀོད། །དེ་ཡིས་བྱང་ཆུབ་སེམས་དཔའི་སྤྱོད། །བརྒྱ་རྩ་བདུན་པོ་འདི་དག་བྱས། །བཀྲ་ཤིས་གྲངས་
Vol. 171 · folio 291b
ཁྱཱ་པཱུ་ར་ཎ་མེ་ཀཾ་ཀཱཪྻཱཾ་པྲ་ཡཏྣེ་ན། །སོ་མེནྡྲ་ནཱ་མཱ་ཏ་ན་ཡོ་ཐ་ཏ་སྱ་ཀ་བིཙྪནྣཀྐཱ་བ་རཱ་ནཱ་མ་དྷེ་ཡཿ། །ཨསྨིནྫི་ནོ་དཱ་རེ་ཀ་ཐཱ་པྲ་བནྡྷེ་སཾ་པཱུ་ར་ཡི་ཥྱ་ཏྱ་བ་དཱན་ཤེ་ཥཾ། །བནྡྷཿཀེ་ར་ལ་ཀཱ་མི་ནཱི་ཀ་ཙ་བྷ་རཱ་ཀཱ་རཿཔ་རཾ་
ནི་རྫོགས་པ་ལ། །གཅིག་ནི་རབ་ཏུ་འབད་པས་བྱ། །དེ་ནས་བླ་དབང་ཞེས་པ་དེ་ཡི་བུ། །མིང་གཞན་ནཱ་ཀོ་ཞེས་བརྗོད་སྙན་དངགས་མཁན། །རྒྱལ་བའི་གཏམ་རྒྱུད་རྒྱ་ཆེ་སྦྱར་བ་འདིར། །རྟོགས་པ་བརྗོད་པ་ལྷག་མ་སྐོང་བྱེད་གྱུར། །མཚམས་སྦྱོར་ཀེ་ར་ལ་ཡི་བུ་མོའི་སྐྲ་ཚོགས་རྣམ་པ་མཆོག་ཏུ་ཡང་
སཾ་ཧ་ཏཿཀཱཾ་རཱི་ཀཱནྟ་ཀ་པོ་ལ་ཀོ་མ་ལ་ཏ་རཿཀོ་པི་པྲ་སཱ་དོ་ད་ཡཿ། །ཀཱརྞྞཱ་ཊཱི་ན་ཡ་ནཙྪ་ཊཱ་པ་རི་ཙི་ཏཱ་ཀརྞཱནྟ་རཱ་སཾ་གི་ནཱི་བྷཾ་གིཪྻ་སྱ་ཏ་རཾ་གི་ཎཱི་ར་ས་ནི་དྷེརྦྦནྡྱཿས་སཱུཀྟོ་ད་ད་དྷིཿ། །ཨོཾ་ཀཱ་རཏྐུ་ཊི་ལ་ཏྭ་མེ་
དག་འབྲེལ། །ཅི་ཡང་རབ་ཏུ་དང་བ་རྒྱས་པ་ཀེ་རིའི་མཛེས་མའི་འགྲམ་པ་ཤིན་ཏུ་མཉེན། །རོ་ཡི་གཏེར་གྱུར་གང་གིས་འཁྱོག་ཚིག་གཡོ་ལྡན་ཀརྞ་ཊ་མའི་མིག་གིས་ཟེར། །ཡོངས་འདྲིས་རྣ་བའི་བར་དུ་འགྲོགས་ལྡན་ལེགས་བཤད་ཆུ་གཏེར་དེ་ནི་ཕྱག་བྱར་འོས། །གང་གིས་ཨོཾ་ཡིག་དག་ལས་གྱ་
བ་པ་ར་མཾ་ཡཻཿཤིཀྵི་ཏཾ་ནཱ་པ་རཾ་ཡེ་ཥཱཾ་སྭསྟི་བ་དཾ་ཀ་དཱ་ཙི་ད་པི་ན་སྤྲྀཥྚཾ་མུ་ཁཱནྣིརྒ་ཏཱཾ། །ཀྲོ་དྷཱ་དྷྨཱ་ཏ་ཏ་ཡཱ་བི་བརྞྞ་བ་ད་ནཱ་ཏཱི་པྲཱ་པ་རཱ་དྷོ་པ་ཡཾ་ཏེ་བི་དྱཱ་ནི་དྷ་མཿཀ་ཐཾ་པྲྀ་ཐུ་ཀ་ཐཾ་ཀཱ་བྱཾ་ཀྵ་མནྟེ་ཁ་ལཱཿ། །
གྱུ་ཁོ་ན་མཆོག་ཏུ་བསླབས་ཀྱིས་གཞན་པ་ཡིན། །གང་གི་ཁ་ནས་སྭསྟིའི་ཚིག་ནི་གསལ་བ་ནམ་ཡང་ངེས་པར་མི་འབྱུང་ཞིང་། །ཁྲོ་བ་འབར་བས་བཞིན་ནི་མདོག་བྲལ་མི་སྲུན་རིག་བྱེད་གཏེར་གྱུར་དེ་དག་གིས། །དྲག་པོའི་གནོད་པ་བཞིན་དུ་རྒྱ་ཆེ་གཏམ་གྱི་སྙན་དངགས་དག་ནི་ཇི་ལྟར་བཟོད། །
Vol. 171 · folio 292a
ཀྲྀ་ཏྭེ་མཱ་མ་བ་དཱ་ན་ཀལྤ་ལ་ཏི་ཀཱཾ་ཀྵེ་མེནྡྲ་ནཱ་མཱ་ཀ་བིཿསདྡྷརྨྨ་པྲ་ཎི་དྷཱ་ན་མེ་ཏ་ད་དྷུ་ནཱ་དྷཏྟེ་དྷི་ཡཱདྡྷཱི་དྷ་ནཿ། །པུ་ཎྱཾ་ཡཏྶ་མུ་པཱརྫི་ཏཾ་ཛི་ན་གུ་ཎཱ་ཁྱཱ་ཎ་པྲ་བནྡྷཏྨ་ཡཱ་བྷཱུ་ཡཏྟེ་ན་ས་མཔྟ་
དགེ་དབང་ཞེས་པའི་སྙན་དངགས་མཁན་གྱི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་འདི་བྱས་ནས། །ད་ནི་དམ་པའི་ཆོས་ཀྱི་སྨོན་ལམ་འདི་དག་བློ་གྲོས་ནོར་ལྡན་བློ་ཡིས་འཛིན། །རྒྱལ་བའི་ཡོན་ཏན་སྒྲོགས་བྱེད་བསྡེབས་ལས་བདག་གིས་བསོད་ནམས་གང་ཞིག་ཉེར་བསྒྲུབས་པ། །
སཏྭ་ཀུ་ཤ་ལེ་ནི་ཏྱོ་དྱ་ཏོ་ཡཾ་ཛ་ནཿ། །སཾ་སཱ་རོ་རུ་པ་རི་ཤྲ་མ་སྱ་ད་དྷ་ཏཿཀཱ་མཱ་པ་བ་ཀྵཱི་བ་ཏྭཾ་མོ་ཧསྨཱ་ཧ་ཏ་མོ་ནི་མཱི་ལི་ཏ་དྲྀ་ཤཿསུཔྟ་སྱ་ལུཔྟ་སྨྲྀ་ཏེཿ། །སནྣདྡྷཾ་ཛ་ག་ཏཿཔྲ་བོ་དྷ་ན་བི་
དེ་ཡིས་སྐྱེ་བོ་འདི་ནི་སེམས་ཅན་མཐའ་དག་དགེ་ལ་རྟག་ཏུ་བརྩོན་གྱུར་ཅིག །འཁོར་བས་ཆེ་བར་ཡོངས་སུ་ངལ་ཞིང་འདོད་པའི་ཆང་གིས་མྱོས་པ་ཉིད་འཛིན་ལ། །གཏི་མུག་རྒྱས་པའི་མུན་པ་དག་གིས་མིག་ཟུམ་ཉལ་ཞིང་དྲན་པ་ཉམས་པ་ཡི། །འགྲོ་བ་རབ་ཏུ་རྟོགས་པར་བསྒྲུབ་ལ་ཆས་ཤིང་
དྷཽ་ནིཿཤེ་ཥ་དོ་ཥཱ་པ་ཧཾ་བྷཱ་སྭནྟཾ་བྷ་ག་བནྟ་མེ་བ་ས་ཏ་ཏཾ་བུདྡྷཾ་པྲ་བུདྡྷནྣ་མཿ། །ཨཱ་ནནྡ་བནྡྷུ་མ་ས་ཀྲྀཏྤྲྀ་ཐུ་མཱ་ན་སཱ་ནཱཾ་སཱུཀྟཾ་ཤུ་བྷིརྦྦ་ཧི་ཏ་སརྦྦེ་སུ་ཁོ་པ་དེ་ཤཾ། །ཀྵེ་མེནྡྲ་མུ་ཛྭ་ལ་ནི་ཛཱ་བྷི་ཛ་
སྐྱོན་རྣམས་མ་ལུས་འཇོམས་བྱེད་པ། །འོད་དང་ལྡན་པའི་བཅོམ་ལྡན་སངས་རྒྱས་རབ་ཏུ་སད་པ་ཉིད་ལ་རྟག་ཏུ་བསྟོད། །ཀུན་དགའི་གཉེན་གྱུར་ལན་ཅིག་མིན་པར་རྒྱ་ཆེ་ཡིད་ཅན་ལ། །ལེགས་བཤད་འོད་ཀྱི་བདེ་བ་ཀུན་གྱི་ཉེ་བར་བསྟན་པ་སྒྲུབ། །དྲི་མེད་རང་རིག་ཆུ་གཏེར་དག་གི་ཟླ་བ་དགེ་བའི་
Vol. 171 · folio 292b
ནཱབྡྷི་ཙནྡྲཾ་ཀཱིརྟྟིཔྲ་ཀཱ་ཤ་ཛ་ན་ཀཾ་ཛ་ན་ཀཾ་ན་མཱ་མི། །བཱཀྤཱ་ཀ་པཱ་བ་ན་ནི་དྷཱ་ན་ཛི་ནཱ་བ་དཱ་ན་ནིརྨྨཱ་ཎ་པུ་ཎྱ་ཀ་ལ་ནཱ་ཀུ་ཤ་ལཱ་བྷི་ཡོ་གེ། །ཨསྨྲིནྐྲྀ་ཏཿསུ་ཀྲྀ་ཏ་ནཱ་དི་ཤ་ཏཱ་ནི་ཡོ་གཾ་སཾ་པཱུ་ར་ཎཱ་ཡ་གུ་རུ་ཎཱ་མ་
དབང་། །གྲགས་པ་གསལ་བ་སྐྱེད་བྱེད་ཡབ་ལ་བདག་ནི་ཕྱག་འཚལ་ལོ། །རྒྱལ་བའི་རྟོགས་པ་བརྗོད་པ་དག་བྱེད་ཚིག་ནི་སྨིན་པའི་གཏེར། །སྤྲུལ་བྱེད་བསོད་ནམས་རྟག་པ་དགེ་བའི་མངོན་པར་སྦྱོར་བ་འདི། །བླ་མ་ལེགས་བྱས་ལྡན་པ་བཀའ་ནི་རབ་ཏུ་སྦྱིན་མཛད་པས། །ཡོངས་སུ་རྫོགས་པའི་
མ་སཾ་བི་བྷཱ་གཿ། །ཡེ་ཥཱཾ་སུ་བརྞཱ་པྲ་ཏི་མ་པྲ་ཏཱ་ནཱ་ཛི་ནཱ་བ་དཱ་ནཱ་ནྱ་བྷ་བནྒུ་ཧཱ་སུ། །སཾ་སཀྟ་ནེ་ཏྲཱ་མྲྀ་ཏ་ཙི་ཏྲ་ཙི་ཏྲཱཿཀཱ་ལེ་ན་ཏེ་ཏེ་པི་ག་ཏཱ་བི་ཧཱ་རཱཿ། །ས་ར་ཏཱི་ཏཱུ་ལི་ཀ་ཡཱ་བི་ཙི་ཏྲ་བརྞྞ་ཀྲ་མཻ་
སླད་དུ་བདག་ལ་སྐལ་བའི་ཆ་ཤས་མཛད། །གང་ཞིག་ཕུག་ཏུ་རྒྱལ་བའི་རྟོགས་བརྗོད་དང་། །གསེར་གྱི་གཟུགས་བརྙན་རབ་ཏུ་རྒྱས་པར་གྱུར། །མིག་གི་བདུད་རྩི་བཀྲ་བའི་རི་མོ་ཆགས། །དེ་ནི་གཙུག་ལག་ཁང་ནི་དུས་ཀྱིས་འདའ། །དབྱངས་ཅན་པིར་གྱིས་རྣམ་པར་བཀྲ་བ་ཡི། །རྟོགས་པ་བརྗོད་
རུལླེ་ཁི་ཏཱ་བ་དཱ་ནཿ། །ཏཱ་ཏེ་ན་ཡོ་ཡཾ་བི་ཧི་ཏོ་མ་ཧཱརྠེཿསནྣནྡ་ན་པུ་ཎྱ་མ་ཡོ་བི་ཧཱ་རཿ། །ན་ཏ་སྱ་ནཱ་ཤོསྟི་ཡུ་ག་ཀྵ་ཡེ་བི་ཛ་ལཱ་ན་ལོལླ་སི་པ་རི་པླ་བེ་ན། །དིཀྵུ་པྲ་ཏིཥྛཱ་དྷི་ཏ་པུསྟ་ཀཱ་ལཱི་སྠཱི་ར་པྲ་
པ་ཡི་གེའི་རིམ་པས་བྲིས། །གང་འདི་བསོད་ནམས་རང་བཞིན་གཙུག་ལག་ཁང་། །དོན་ཆེན་དམ་པ་དགའ་བྱེད་ཡབ་ཀྱིས་བསྒྲུབས། །ཕྱོགས་སུ་པོ་ཏིའི་འཕྲེང་བ་རབ་བཀོད་པའི། །གཟུགས་བརྙན་ཚོགས་ནི་བརྟན་པ་རབ་ཆགས་པ། །དེ་ནི་ཆུ་དང་མེས་བསྐྱེད་ཉེར་འཚེ་ཡི། །དུས་བཞི་འཇིག་
Vol. 171 · folio 293a
སཀྟ་པྲ་ཏི་མཱ་ག་ཎ་སྱ། །ཏསྨིནྨ་ཡཱ་སྱ་ཀྵ་ཡ་པུཎྱ་ལོ་བྷཱ་དེ་ཀཱ་བ་དཱ་ན་པྲ་ཏི་མཱརྤྤི་ཏེ་ཡཾ། །མ་ཧཱཏྨ་ནཱཾ་པྲོ་ཌྷ་པ་དཱ་ནུ་སཱ་རཱི་སྭལྤོ་པྱ་ཡཏྣེ་ན་མ་ཧ་ཏྭ་མེ་ཏི། །མཱ་དྷུཪྻ་དྷུཪྻ་མ་མྲ་ཏ་ཤྲུ་ཏི་
ཀྱང་ཉམས་པ་ཡོད་མ་ཡིན། །དེ་ལ་རྟོགས་བརྗོད་གཅིག་གི་གཟུགས་བརྙན་འདི། །མི་ཟད་བསོད་ནམས་ལ་ཆགས་བདག་ཀྱང་འགོད། །བདག་ཉིད་ཆེན་པོ་དེར་གནས་རྗེས་འབྲང་བ། །ཤིན་ཏུ་ཆུང་ཡང་འབད་མེད་ཆེན་པོར་གྱུར། །ཐོས་པའི་སྐྱོགས་ཀྱིས་བཏུང་བྱའི་བདུད་
ཤུཀྟི་པེ་ཡ་མཱ་མོ་ད་པདྨ་མུ་ཁ་པདྨ་པ་དེ་དྷྭ་ནནྟཱི། །བྷྲྀངྒཱདྒ་ནཱ་མི་བ་པི་ཏུཿཔྲ་ཎི་པ་ཏྱ་བཱ་ཎཱིཾ་སཾ་པཱུ་ར་ཡཱ་མི་པྲྀ་ཐུ་ཀཱ་བྱ་བི་ཤི་ཥ་ཤེ་ཥ་མ། །ཀཱནྟཱཾ་ནཱུ་ཏ་ན་སཾ་ག་མོཏྶ་བ་བ་ཏཱིཾ་དི་བྱ་པྲ་བྷཱ་བི་ཤྲི་ཡཾ་ཏཱ་
རྩི་སྙན་པ་དག་གི་རྒྱུན། །དྲི་བཟང་ཁང་པ་བཞིན་གྱི་པདྨོའི་གནས་སུ་སྒྲོགས་བྱེད་པ། །བུང་བའི་ན་ཆུང་དང་མཚུངས་ཡབ་ཀྱི་སྐད་ལ་བཏུད་ནས་ནི། །སྙན་ངག་རྒྱ་ཆེའི་ཁྱད་པར་ལྷག་མ་བདག་གིས་རྫོགས་པར་བྱས། །མཛེས་མ་གསར་དུ་འགྲོགས་པའི་དགའ་སྟོན་ཅན་དང་ལྷ་ཡི་མཐུ་ལྡན་
རུ་ཎྱཱ་བྷ་ར་ཎོ་པ་བྷོ་ག་ལ་ཧ་རིཾ་ཏྱཀྟྭ་ཏྲྀ་ཎ་ཀྲཱི་ཌ་ཡཱ། །པྲཱ་ཎཱ་ཏྲཱ་ཎ་བི་དྷོ་པ་ར་སྱ་ཀྲྀ་པ་ཡཱ་ཀུརྦྦནྟི་ཡཻ་སཱ་ད་རཱ་ནིརྦྱཱ་ཛཱ་ནི་ཛ་དེ་ཧ་དཱ་ན་མ་ཙ་ལཱསྟཱ་ནེ་བ་བནྡཱ་མ་ཧཻ། །བ་བྷཱུ་བ་ཀཱཉྩ་ན་པུ་རེ་ཤྲཱི་
དཔལ་དང་ནི། །དར་བབ་རྒྱན་གྱི་ཉེ་བར་ལོངས་སྤྱོད་རྦ་རླབས་རྩྭ་ཡི་རྩེ་དགའ་བཏང་བྱས་ནས། །གུས་བཅས་གང་དག་བརྩེ་བས་གཞན་གྱི་སྲོག་ནི་བསྐྱབ་པར་བསྒྲུབ་ལ་རང་གི་ལུས། །ཟོལ་མེད་སྦྱིན་པར་བྱེད་ལ་གཡོ་བ་མེད་པ་དེ་ལ་བདག་ཅག་ཕྱག་འཚལ་ལོ། །དཔལ་ལྡན་རིག་པ་འཛིན་པའི་
Vol. 171 · folio 293b
མནྦི་དྱ་དྷ་རེ་ཤྭ་ར། །ཛཱི་མཱུ་ཏ་ཀེ་ཏུརྫཱི་མཱུ་ཏ་ཨི་བ་ཏཱ་པ་ཧ་རོརྠི་ནཱཾ། །ཡ་སྱ་ཀལྤ་དྲུ་མོདྦྷཱུ་ཏཱཿཔ་དཱ་ན་བ་ན་བཱཿཤྲི་ཡཿ། །ཙ་ཀཱ་ཤི་རེ་ཡེ་ཤཿཔུཥྤཱཿཔུཎྱ་སཽ་ར་བྷཱ་ནིརྦྷ་རཱཿ། །ཛཱི་མཱུ་ཏ་བཱ་ཧ་ནསྟ་
དབང་། །སྤྲིན་གྱི་ཏོག་ནི་སྤྲིན་བཞིན་དུ། །སློང་བའི་གདུང་བ་འཕྲོག་པ་དག །གྲོང་ཁྱེར་གསེར་དུ་བྱུང་བར་གྱུར། །གང་གི་དཔག་བསམ་ཤིང་ལས་འཁྲུངས། །རྟག་ཏུ་གསར་པ་གསར་པའི་དཔལ། །གྲགས་པའི་མེ་ཏོག་བསོད་ནམས་ཀྱི། །དྲི་བཟང་རྒྱས་པ་རྣམ་པར་མཛེས། །ཆུ་གཏེར་ལ་ནི་ཟླ་བ་བཞིན། །
སྱ་པུ་ཏྲཤྩནྡྲ་ཨི་བོ་ད་དྷེཿ། །ཨ་བྷཱུ་ད་ཏྱུ་གྲ་པུ་ཎྱཱ་ནཱི་པྲ་ཏྱ་གྲ་ཨི་བ་སཉྩ་ཡཿ། །གུ་ཎ་བཱནྦི་ན་ཡེ་ནེ་བ་ཏྱཱ་གེ་ནེ་བ་བི་བྷཱུ་ཏི་མཱན། །ས་བ་བྷཽ་ཏེ་ན་པུ་ཏྲེ་ཎ་སུ་ཀྲྀ་ཏ་ནེ་ཡ་སཛྫནཿ། །ཀལྤ་དྲུ་མཾ་ས་སཱ་མ་རཱ་ཛྱ་པུ་ཏྲཱ་
སྤྲིན་གྱི་བཞོན་པ་དེ་ཡི་སྲས། །ཤིན་ཏུ་ལྷག་པའི་བསོད་ནམས་རྣམས། །གསར་དུ་ཚོགས་པ་བཞིན་དུ་གྱུར། །དམ་པའི་སྐྱེ་བོ་ལེགས་བྱས་དང་། །ཡོན་ཏན་ལྡན་པ་དུལ་བས་དང་། །འབྱོར་པ་ལྡན་པ་གཏོང་བས་བཞིན། །དེ་ནི་སྲས་པོ་དེ་ཡིས་མཛེས། །དེ་ཡིས་བུ་ལ་དཔག་བསམ་ཤིང་། །རྒྱལ་
ཡ་པྲ་ཏི་པཱ་དྱ་སཿ། །ཏ་པ་སེ་ཤཱནྟི་ནི་ལ་ཡཾ་བི་པེ་ཀཱ་མ་ལ་ཡཾ་ཡ་ཡཽ། །ཛཱ་ཡཱ་ས་ཁེ་ཤྲི་ཡཾ་ཏྱཀྟྭཱ་ཡཱ་ཏེ་ཏཱ་ཏེ་ཏ་པོ་བ་ནཾ། །ཛཱི་མཱུ་ཏ་བཱ་ཧ་ནཿཔྲཱཔྟ་བི་བྷ་བཿས་མ་ཙིན་ཏ་ཡཏ། །གུ་རུ་སེ་བྱ་བི་ཡུཀྟ་སྱ་མ་
སྲིད་ཆེ་དང་བཅས་བཏང་ནས། །དཀའ་ཐུབ་སླད་དུ་ཞི་བའི་གནས། །མ་ལ་ཡར་ནི་དབེན་པས་སོང་། །ཡབ་ནི་བཙུན་མོ་དང་འགྲོགས་ཏེ། །དཔལ་བཏང་དཀའ་ཐུབ་ནགས་སོང་ཚེ། །སྤྲིན་གྱི་བཞོན་པ་འབྱོར་པ་དག །ཐོབ་པ་ཡིས་ནི་རབ་བསམས་པ། །བླ་མ་བསྟན་པ་དང་བྲལ་བ། །བདག་ལ་
Vol. 171 · folio 294a
མ་ནིཿསུ་ཁ་ཏཱཾ་ག་ཏཱ། །ཨི་ཡཾ་ཤྲཱིརྣེ་ཏྲ་ཧཱི་ན་སྱ་ཙི་ཏྲག་ལེ་བ་ནིཿཕ་ལཱ། །ཏཱ་ཏ་སྱ་པཱ་ད་པ་ཏ་ནེ་ན་ཁ་རཤྨ་མཱ་ལཱ་བི་བྷྲ་ཛ་མཱན་མུ་ཀུ་ཊ་སྱ་ཡ་ཐཱ་པུ་རཱ་བྷཱུཏ། །ཏཙྪཱ་ས་ན་ཤྲ་པ་ཎ་ཀུཎྜ་ལ་མཎྜི་ཏ་
དཔལ་ནི་བདེ་མེད་གྱུར། །མིག་གིས་དམན་པ་དག་ལ་ནི། །རི་མོའི་གནས་དག་འབྲས་མེད་བཞིན། །ཡབ་ཀྱི་ཞབས་ལ་གཏུགས་ཚེ་སེན་མོའི་འོད་ཀྱི་འཕྲེང་བ་ཡིས། །རྣམ་པར་མཛེས་པའི་ཅོད་པན་དང་ལྡན་དེ་ཡི་བཀའ་ཉན་པའི། །རྣ་རྒྱན་གྱིས་བརྒྱན་དཔལ་ནི་ཇི་ལྟར་བདག་ལ་
སྱ་ནོ་ཙཀྲ་བརྟྟི་བི་བྷ་བེ་དྱ་ཏ་ཐཱ་མ་མ་ཤྲཱིཿ། །ཨི་ཏྱ་སཾ་ཙི་ཏྱ་ས་ན་ནི་ཛཾ་ཀྲྀ་ཏྭཱ་ཀ་ན་ཀ་བཪྵི་ཎཾ། །སརྦྦ་ལོ་ཀོ་པ་གཱ་རཱ་ཡ་སནྣནྡྷཾ་ཀལྤ་པཱ་ད་པཾ། །པྲཱ་ཛྱཾ་སཱམྼཱ་ཛྱ་མུཏྤྲྀ་ཛྱ་པྲ་ཡ་ཡཽ་པི་ཏུ་རཱ་ཤྲ་
སྔོན་གྱུར་པ། །ད་ལྟ་འཁོར་ལོས་སྒྱུར་བའི་འབྱོར་པ་དག་ལ་དེ་ལྟ་མེད། །ཅེས་བསམས་དེ་ཡི་འཇིག་རྟེན་ནི། །ཀུན་ལ་ཕན་སླད་རང་ཉིད་ཀྱིས། །དཔག་བསམ་རྐང་འཐུང་གསེར་གྱི་ཆར། །འབེབས་པ་དག་ཏུ་བསྟར་བྱས་ནས། །རྒྱལ་སྲིད་ཆེན་པོ་རབ་བཏང་སྟེ། །ཡབ་ཀྱི་བསྟི་གནས་དག་ཏུ་
མ། །ཏྲཻ་ལོཀྱ་སཱ་ར་མཻ་ཤྭཪྻ་ཏྲྀ་ཎཾ་བི་པུ་ལ་ཙེ་ཏ་སཱཾ། །ཏསྨིནྶཱམྼཱ་ཛྱ་མུཏྤྲྀ་ཛྱ་པྲ་ཡཱ་ཏེ་མ་ལ་ཡཱ་ཙ་ལཾ། །ཧེམྣཱ་ཀལྤ་དྲུ་མཿཔྲྀ་ཐཱིཾ་པ་རི་པཱུཪྻ་དི་བཾ་ཡ་ཡཽ། །གི་རཾ་ཛི་མཱུ་ཏ་བཱ་ཧ་ནཿཔྲཱ་སྱ་ཤྲཱི་ཁཎྜ་མཎྜ་
སོང་། །འཇིག་རྟེན་གསུམ་གྱི་སྙིང་པོ་ཡི། །དབང་ཕྱུག་སེམས་ཡངས་རྣམས་ལ་རྩ། །རྒྱལ་སྲིད་ཆེན་པོ་བཏང་ནས་དེ། །མ་ལ་ཡ་ཡི་རིར་སོང་ཚེ། །དཔག་བསམ་ལྗོན་པས་ས་གཞི་ནི། །གསེར་གྱིས་ཡོངས་བཀང་མཁའ་ལ་སོང་། །སྤྲིན་གྱི་བཞོན་པས་རི་བོ་ནི། །དཔལ་གྱི་དུམ་བུས་བརྒྱན་
Vol. 171 · folio 294b
ནཾ། །བི་ཡོ་ག་ཏཱ་པ་ཏ་ཏཱ་ཛི་བི་ཏྲཽཿབཱ་དཱབྫ་སེ་བ་ཡཱ། །ཨ་ཏྲཱནྟ་རེ་ཙནྡ་ན་བལླ་རཱི་ཎཱཾ་དི་དེ་ཤ་བཱ་ལཱ་ནི་ལ་ལོ་ལ་ཏཱི་ནཱཾ། །ཨུཙྪྭཱ་བི་ནི་ནཱ་མ་བྷི་ལཱ་ཥ་བྲྀཏྟཾ་ཛྲྀཾ་བྷཱ་ཛུ་ཥཾ་ཀཱ་མ་སུ་ཧྲྀདྦ་སནྟཿ། །ཨ་དཀྵི་
པར་ཕྱིན། །ཕ་མའི་ཞབས་པད་བསྟེན་པ་ཡིས། །འབྲལ་བའི་གདུང་བ་རབ་ཏུ་བཏང་། །སྐབས་དེར་ཙནྡན་འཁྲི་ཤིང་རླུང་གཞོན་གྱིས། །བསྐྱོད་ཅིང་ཤུགས་རིང་གླལ་བ་བསྟེན་རྣམས་ལ། །འདོད་པའི་གྲོགས་པོར་གྱུར་པ་དཔྱིད་ཀྱིས་ནི། །མངོན་པར་འདོད་པའི་སྤྱོད་ཚུལ་རབ་ཏུ་བསྟན། །ཁྱོ་བྲལ་
ཎ་པྲོ་ཥི་ཏ་ཀཱ་མི་ནཱི་ནཱཾ་བ་པོ་མུ་ཧུརྡཀྵི་ཎ་མཱ་ཏ་རི་ཤྭཱཾ། །ཛ་གཛྫ་ཡཱ་ཡེ་བ་ཛྷ་ཥ་དྷྭ་ཛེ་ན་བཱ་ཡ་བྱ་མསྟྲཾ་ས་ཧ་སཱ་པྲ་ཡུཀྟཾ། །ཨ་སཱུ་ཏྲ་ཎཻཿཥཌྤ་ད་མཎྜ་ལཱ་ནཾ་གྷ་ན་པྲ་སཱུ་ནཻརྒུ་རུ་ཏཱཾ་པྲ་ཡཱ་ཏཱཿ། །ཙཱུ་ཏ་དྲུ་མཱཤྩཀྲུ་
འདོད་ལྡན་མ་ཡི་མི་མཐུན་ཕྱོགས། །ལྷོ་ཕྱོགས་རླུང་ནི་ཡང་ཡང་རབ་ཏུ་ལྡང་། །འགྲོ་ལ་རྒྱལ་སླད་ཉ་ཡི་རྒྱལ་མཚན་གྱིས། །རླུང་གི་མཚོན་ནི་འཕྲལ་ལ་རབ་སྦྱར་བཞིན། །རྐང་དྲུག་དཀྱིལ་འཁོར་དག་གིས་མ་སྤྲས་པ། །སྟུག་པོས་རྒྱས་པས་ལྕི་བ་ཉིད་གྱུར་པའི། །ཙཱུ་ཏའི་ཤིང་གིས་མི་ཕྱེད་
ར་བྷིནྣ་མུ་དྲཱ་བནྡྷེ་ན་ཡཱུ་ནཱ་མ་བྷི་ལཱ་ཥ་དཱིཀྵྱཱ། །བ་སནྟ་ལཀྵྨཱི་ཤྲ་བ་ཎཱ་བ་ཏཾ་པཱཤྩ་ཀཱ་ཤི་རཻ་ལ་ཏ་ཊཱི་ཥྭ་ཤོ་ཀཱཿ། །པཱ་ད་པྲ་ཧཱ་རཻ་རི་བ་ནཱ་ག་རཱི་ཎཱཾ་སཾ་ཀྲཱནྟ་རཱ་གཱ་ན་བ་པལླ་བེ་ཥུ། །དྷ་ནྱ་སྱ་ཀཱནྟཱ་བ་ད་ནཱ་བ་བེ་ན་མ་
ཕྱག་རྒྱ་བཅིངས། །ལང་ཚོ་ཅན་ལ་མངོན་འདོད་བསླབ་པ་བྱས། །དཔྱིད་ཀྱི་དཔལ་མོ་དག་གི་རྣ་བའི་རྒྱན། །རི་བོའི་ངོས་ལ་མྱ་ངན་མེད་པ་མཛེས། །གྲོང་ཁྱེར་མ་ཡི་རྐང་པས་རབ་བསྣུན་པས། །ཡལ་འདབ་གསར་པ་དག་ལ་ཚོན་འཕོས་བཞིན། །མཛེས་མའི་ཁ་ཡི་ཆང་གི་དགའ་ལྡན་པ། །
Vol. 171 · folio 295a
མ་བ་ར་མྱཿསྨ་ར་དོ་ཧ་དེ་ཡཾ། །ཨི་ཏཱི་བ་ཛཱ་ཏཱ་བ་ཀུ་ལ་དྲུ་མ་སྱ་ཧཪྵསྨི་ཏ་ཤྲཱིཿཀུ་སུ་མ་ཧྭ་ལ་ན། །མཱ་ནཾ་ས་མུཏྤྲྀཛྱ་བི་ཧཱ་ཡ་མཽ་ནཾ་པཱ་ད་པྲ་ཎཱ་མེ་ན་མ་ན་སྭི་ནཱི་བྷིཿ། །པྲ་སཱ་དྱ་མཱ་ནཱནྡ་ཡི་ཏཱནྦི་
འདོད་པའི་ཐབས་ནི་སྐལ་ལྡན་བདག་ཉིད་ལ། །ཞེས་ཏེ་བ་ཀུ་ལ་ཤིང་མེ་ཏོག་གི། །ཟོལ་གྱིས་དགའ་ཞིང་འཛུམ་པའི་དཔལ་སྐྱེས་བཞིན། །ཁེངས་ལྡན་མ་རྣམས་ཁེངས་པ་རབ་བཏང་ཞིང་། །མི་སྨྲ་སྤངས་ནས་རྐང་པ་རབ་བཏུད་དེ། །མཛའ་བོ་དག་ལ་དང་བར་བྱེད་མཐོང་
ལོཀྱ་ཛ་ཧཱ་ས་པུཥྤཻ་རི་བ་སིནྡུ་བཱ་རཿ། །བ་སནྟ་སིཾ་ཧ་སྱ་པ་ལཱ་ཤ་པཱ་ལཱི་བ་བྷཽསྥུ་རཏྐེ་ཤ་ར་བྷཱ་ར་བྷཱ་ཛཿ། །མ་ན་སྭི་ནཱི་མཱ་ན་ག་ཛཱ་བྷཱི་གྷཱ་ཏ་རཀྟཱ་བ་སིཀྟཱ་ན་ཁ་རཱ་བ་ལཱི་བ། །ཀརྞྞེ་ཀྭ་ཎཏྐོ་ཀི་ལ་ཀཱ་མི་ནཱི་བྷིཿསྤཪྴེ་ཤི་རཱི་ཥོ་
ནས། །སིནྡུ་བཱ་ར་མེ་ཏོག་གིས་དགོད་བཞིན། །གེ་སར་རྒྱས་པའི་ཁུར་བསྟེན་པ་ལཱ་ཤའི། །འཕྲེང་བ་མཛེས་པ་དཔྱིད་ཀྱི་སེང་གེ་ཡིས། །ཁེངས་ལྡན་མ་ཡི་ཁེངས་པ་གླང་པོ་ལ། །བསྣུན་པའི་ཁྲག་བསྒོས་སྡེར་མོའི་འཕྲེང་བ་བཞིན། །རྣ་བར་སྙན་སྒྲོགས་ཁུ་བྱུག་བུ་མོ་ཡིས། །རེག་ལས་
དྲྀ་ཤི་ཀརྞི་ཀཱ་རཻཿ། །གྷྲ་ཎེ་པ་ར་ཏ་ཀེ་ཤ་རེ་ཎུ་པཱུ་རཻརྦ་བཪྵ་ཧཪྵཾ་ཀུ་སུ་མཱ་ཀ་ར་ཤྲཱིཿ། །ཏསྨིནྨ་དྷུ་ཀྵཱི་བ་བི་གྷཱུརྞྞ་མཱ་ན་བྷྲྀངྒཱཾ་ག་ན་བྷྲ་མ་བྷོ་ག་ཀཱ་ལེ། །ཨུཏྥུལླ་བལླ་ཥུ་པ་ནསྠ་ལེ་ཥུ་ཙ་ཙཱ་ར་བི་དྱཱ་དྷ་ར་
ཤི་རི་ཥས་མིག་ཀརྞི་ཀར། །སྣ་ལ་གེ་སར་རྡུལ་ཚོགས་རྒྱས་པ་ཡི། །མེ་ཏོག་འབྱུང་གནས་དཔལ་གྱི་དགའ་ཆར་ཕབ། །བུང་བའི་ན་ཆུང་རྣམ་འཕྲུལ་ལོངས་སྤྱོད་ལྡན། །སྦྲང་རྩིས་མྱོས་ཤིང་རྣམ་པར་འཁྱམ་དུས་དེར། །མེ་ཏོག་རབ་རྒྱས་འཁྲི་ཤིང་ཚལ་གྱི་གཞིར། །རིག་འཛིན་རྒྱལ་
Vol. 171 · folio 295b
རཱ་ཛ་སཱུ་ནུཿ། །ས་ཏ་ཏྲ་ཧེ་མ་པྲ་ཏི་བདྡྷ་དྷཱམྣི་སིདྡྷ་པྲ་ཏིཥྛཱ་པ་ཏི་རཏྣ་མཱུརྟཱིཾ། །ཨ་བྷྱ་ཙྱ་གཽ་རཱི་མུ་པ་བཱི་ཎ་ཡནྟཱི་ད་དཪྴ་ཀ་ནྱཱཾ་ཀ་ལི་ཀཱ་མེ་བེནྡོཿ། །གཽཪྻཱཿས་མཱ་ར་དྷ་ན་སམྦི་མཱ་ན་བདྡྷ་སྠི་ཏཾ་མནྨ་ཐ་ཛཱི་བ་ནཱ་
པོའི་སྲས་ནི་རྣམ་པར་རྒྱུ། །དེས་དེར་གསེར་ལས་བསྒྲུབས་པའི་ཁང་པར་ནི། །གྲུབ་པས་རབ་ཏུ་གནས་བྱས་རིན་ཆེན་གཟུགས། །གཽ་རཱི་མཆོད་ནས་རྒྱུད་མང་གླུ་ལེན་པའི། །ཟླ་བ་གསར་པ་ལྟ་བུའི་བུ་མོ་མཐོང་། །ཡིད་སྲུབས་འཚོ་སླད་གཽ་རི་མཉེས་པ་ཡི། །སྒྲུབ་བྱེད་ལ་ནི་རབ་ཏུ་གནས་བྱས་
ཡ། །བི་ལོ་ཀྱ་ཏཱཾ་ཀཱ་མ་བ་དྷཱུ་མི་བཱ་ནྱཾ་ཛཱི་མཱུ་ཏ་བཱ་ཧཿཔྲྀ་ཐུ་བིསྨ་ཡོ་བྷཱུཏ། །ཤ་ནཻ་ར་ཐཱཾ་ཀཱ་ད་བ་ཏཱརྤ་བཱི་ཎཱཾ་གཱི་ཏཱ་བ་སཱ་ནེ་ཧ་རི་ཎཱ་ཡ་ཏཱ་ཀྵི། །ལཛྫཱ་ན་ཏཱ་ཏྱཀྟ་ས་ར་སྨ་རཱ་བྷཾ་ད་དཪྴ་བི་དྱཱ་དྷ་ར་རཱ་ཛ་པུ་ཏྲཾ། །
པ། །འདོད་པའི་ཆུང་མ་གཞན་བཞིན་དེ་མཐོང་ནས། །སྤྲིན་གྱི་བཞོན་པ་ཡ་མཚན་རྒྱ་ཆེར་གྱུར། །དེ་ནས་རི་དགས་མིག་ཡངས་ངོ་ཚ་ཡིས། །དུད་པས་གླུ་མཐར་རྒྱུད་མང་ཕང་པ་ནས། །དལ་གྱིས་ཕབ་པས་རིག་འཛིན་རྒྱལ་པོའི་བུ། །མདའ་བཞག་འདོད་པ་དག་དང་མཚུངས་པ་མཐོང་། །
པ་རསྤ་རཱ་ལོ་ཀ་ན་བི་བྷྲ་མེ་ཎ་ནེ་ཏྲཱཾ་ཤུ་ཤོ་བྷཱ་བྷ་ར་ཎོ་བྷི་ལཱ་ཥཿ། །ག་ཏྲཱ་ག་ཏཱ་ནཱི་བ་ཏ་ཡོཤྩ་ཀཱ་ར་མ་དྷྱེ་མ་ནཿསནྡྷི་ནི་བདྡྷ་དུ་ཏཿ། །སཱ་ཀཱ་མ་པདྨཱ་ཀ་ར་རཱ་ཛ་ཧཾ་སཱི་ས་པཀྵ་པཱ་ཏཱ་ན་བ་དཪྴ་ནེ་པི། །ཛནྨཱནྟ་
མིག་ཟེར་མཛེས་པའི་རྒྱན་ལྡན་མངོན་འདོད་དེས། །ཕན་ཚུན་ལྟ་བར་བྱེད་པའི་རྣམ་འཕྲུལ་གྱིས། །ཡིད་ནི་ཉེ་བར་མཚམས་སྦྱོར་ཕོ་ཉ་བཞིན། །དེ་དག་བར་དུ་འགྲོ་དང་འོང་བ་བྱས། །གསར་མཐོང་ལ་ཡང་ཕྱོགས་སུ་ལྷུང་བཅས་པ། །འདོད་པ་པད་མཚོའི་ངང་པའི་རྒྱལ་མོ་དེས། །སྐྱེ་བ་
Vol. 171 · folio 296a
རཱ་བྷྱཱ་ས་ར་སཱ་དི་བཱ་སྱ་སྭཙྪ་མ་ཧནྨཱ་ན་ས་མཱ་བི་བེ་ཤ། །ཤ་ཤཱཾ་ཀ་རཏྣཾ་བི་མ་ལ་ཤ་ཤཱི་བ་ཀ་ནྱཱ་ཀུ་ལཾ་ལཀྵྨ་མི་བསྨ་རེ་ཥུཿ། །ཏ་སྱཱཿས་རཱ་གཾ་ས་བི་བེ་ཤ་ཙིཏྟ་མིནྡིནྡི་རཿཕུལླ་མི་བཱ་
གཞན་དུ་གོམས་པའི་རོ་ལས་བཞིན། །དེ་ཡི་ཡིད་མཚོ་ཆེ་ཞིང་དངས་པར་ཞུགས། །རིན་ཆེན་ཟླ་བས་དྲི་མེད་རི་བོང་དང་། །བུ་མོའི་ཚོགས་ཀྱིས་འབེན་ལ་དྲན་པའི་མདའ། །རབ་རྒྱས་པདྨོ་དག་ཏུ་བུང་བ་བཞིན། །ཆགས་ལྡན་དེ་ཡི་སེམས་ལའང་དེ་
ར་བིནྡཾ། །ཨ་བྷྱེ་ཏྱ་ཏཱཾ་བཱ་ལ་ས་ཁཱི་དྭི་ཏཱི་ཡཱཾ་ལཛྫཱ་ནི་མཛྫནྣ་བ་ཀཱ་མ་ཛྲྀཾ་བྷཾ། །བི་དྱཱ་དྷ་རེནྡུརྦི་ཛ་ནེ་ཛ་གཱ་ད་དྷཱི་རོ་པི་རཱུ་པཱདྦྷུ་ཏ་ཀྲྀཥྱ་མཱ་ཎཿ། །སཾ་བྷཱ་ཥ་ཎེན་ཀྲི་ཡ་ཏེ་ན་ཀསྨཱཏྶུ་བྷྲཱུ་ཏྭ་ཡཱ་
ཞུགས་གྱུར། །གྲོགས་མོ་བུ་མོའི་གཉིས་པ་དང་བཅས་དེར། །འདོད་པ་གསར་སྐྱེས་ངོ་ཚས་སྣུན་བྱེད་ཅིང་། །བརྟན་ཡང་རྨད་བྱུང་གཟུགས་ཀྱིས་དྲངས་གྱུར་པ། །རིག་འཛིན་ཟླ་བས་དབེན་པར་མངོན་ཕྱོགས་སྨྲས། །སྨིན་ལེགས་ཅི་སླད་སྔོན་དུ་འོང་བ་ལ། །ཕེབས་སྨྲས་
བྷྱཱག་ཏ་སཾ་བི་བྷཱ་གཿ། །བི་བྷརྟྟི་བྷ་བྱཱ་བྷི་ཛ་ནཱ་ནུ་རཱུ་པཾ་རཱུ་པཾ་ས་དཱ་ཙཱ་ར་གུ་ཎེ་ན་ཤོ་བྷཱཾ། །ཨི་དཾ་ན་པཱ་ལཾ་ཀ་ར་ཎཾ་སྨ་ར་སྱ་ཏ་བཱ་ན་བ་དྱཾ་གི་ཤ་ཤཾ་ཀ་ཀཱནྟཾ། །དི་བྱཾ་བ་པུཿཀ་སྱ་ས་མུནྣ་ཏ་སྱ་བཾ་
བཀུར་བའི་ཆ་ནི་ཁྱོད་མི་བྱེད། །དམ་པའི་ཀུན་སྤྱོད་ཡོན་ཏན་གྱིས་མཛེས་གཟུགས། །ལེགས་ལྡན་རིགས་ཀྱི་རྗེས་མཐུན་རྣམ་པར་འཛིན། །ཁ་ན་མ་ཐོ་མེད་ལུས་ཁྱོད་ལུས་མཆོག །དྲན་པའི་རྒྱན་ནི་གསར་པ་ཟླ་བ་ལྟར། །མཛེས་པ་མུ་ཏིག་ནོར་བུ་ཉིད་འདི་ནི། །རབ་ཏུ་
Vol. 171 · folio 296b
ཤ་སྱ་མུཀྟཱ་མ་ཎི་ཏཱ་མ་བཱཔྟཾ། །ཏ་བཱ་ཐ་བཱ་སུནྡ་རི་དཪྴ་ནེ་ན་བ་ཡཾ་སུ་དྷཱརྡྲེ་ཎ་ཀྲྀ་ཏོ་པ་ཙཱ་རཱཿ། །ཀ་རོ་ཏི་ལཱ་བ་ཎྱ་བི་ཏཱིརྞྞ་ཧཪྵཱ་སཾ་བྷཱ་ཥ་ཎཾ་ཀ་སྱ་ཤ་ཤཱཾ་ཀ་ལེ་ཁཱ། །ཨི་དཾ་ཏུ་ནཿཀཽ་ཏུ་ཀ་མཱ་ཏྲ་མེ་བ་བྲི་ཏྱཱ་བེ་ནེ་ཏུཾ་
མཐོ་བའི་རིགས་སྨིན་གང་ལས་ཐོས། །ཡང་ན་མཛེས་མ་ཁྱོད་ནི་མཐོང་གྱུར་པ། །བདུད་རྩིས་བརླན་པས་ངེད་ལ་རིམ་གྲོ་བྱས། །མཛེས་སྡུག་དགའ་སྟེར་རི་བོང་གིས་མཚན་པའི། །རི་མོ་སུ་ལ་ཕེབས་པར་སྨྲ་བར་བྱེད། །འོན་ཀྱང་དགའ་བས་ངེད་ཀྱི་དགེ་མཚན་ཙམ། །གསལ་བའི་
བྷ་བ་ཏཱི་པྲ་བཱིཏ། །སཏྤཀྵ་པཱ་ཏཱ་བྷི་མུ་ཁེ་ན་དྷཱ་ཏྲ་ཀ་སྱ་ནྭ་ཡ་སྱཱ་བྷ་ར་ཎཱི་ཀྲྀ་ཏཱ་བི། །ཤྲུ་ཏྭེ་ཏི་བི་དྱཱ་དྷ་ར་ཤེ་ཁ་ར་སྱ་བ་ཙསྟ་དཽཏྶུ་ཀྱ་བི་བྷཱ་བ་གརྦྷཾ། །ཀྲི་ཡཱ་བྷ་བཱཏ་མཽ་ན་བ་ཏཱི་ཡ་དཱ་སཽ་ཏ་དཱ་
སླད་དུ་ཁྱེད་ཀྱིས་འདིར་སྨྲོས་ཤིག །དམ་པའི་ཕྱོགས་ལྷུང་མངོན་ཕྱོགས་བྱེད་པ་ཡི། །སུ་ཡི་རིགས་ནི་ཁྱོད་ཀྱིས་བརྒྱན་པར་བྱས། །ཞེས་པ་རིག་འཛིན་ཅོད་པན་དག་གི་ཚིག །འདོད་དགོངས་སྙིང་པོ་ཅན་དེ་ཐོས་གྱུར་ནས། །ངོ་ཚས་དེ་ནི་མི་སྨྲ་ལྡན་གྱུར་གང་། །དེ་ཚེ་གྲོགས་
ས་ཁི་མ་ཏ་ལི་ཀཱ་ཛ་གཱ་ད། །ཀུ་མཱ་ར་བི་དྱཱ་དྷ་ར་རཱ་ཛ་བཾ་ཤ་སུ་དྷཱབྡྷི་ཙནྡྲ་སྟྭ་མི་ཧ་པྲ་སིདྡྷཿ། །ཨསྨཏྤུ་རེ་སིདྡྷ་བི་ལཱ་སི་ནཱི་བྷིཪྻངྒཱི་ཡ་སེ་བི་གྲ་ཧ་བཱ་ན་ནཾ་གཿ། །པྲ་ཁྱཱ་ཏ་ཀལྤ་དྲུ་མ་དཱ་ན་ལི་ལཾ་གུ་ཎ་པྲ་བྷཱ་བཱ་བྷ་
མོ་མ་ཏ་ལི་ཀས་སྨྲས། །གཞོན་ནུ་རིག་འཛིན་རྒྱལ་རིགས་བདུད་རྩི་ཡི། །ཆུ་གཏེར་གྱི་ནི་ཟླ་བ་ཁྱོད་འདིར་གྲགས། །དེད་ཀྱི་གྲོང་ན་གྲུབ་པའི་རྩེ་དགའ་མས། །ལུས་མེད་ལུས་ལྡན་ཁྱོད་ནི་གླུ་ལེན་བྱེད། །དཔག་བསམ་ཤིང་སྦྱིན་རྩེ་དགས་རབ་གྲགས་པ། །ཁྱོད་ཀྱི་
Vol. 171 · folio 297a
ར་ཎཾ་ཡ་ཤ་སྟེ། །ཨ་སྱཱཤྩ་མི་ཏྲཱ་བ་སུ་ནཱ་ནུ་ཛེ་ན་ཀརྞྞཱ་པ་ཏཾ་སཱཾ་ཀི་ཏ་མིནྡུ་ཤུ་བྷྲཾ། །ས་ཏྭམྨ་ཧཱ་སཏྭ་ཀ་ཐཾ་ཀ་ཐཱརྷཿཔྲོ་ཌྷོ་པ་ཙཱ་ར་ཀྲི་ཡ་ཡཻ་བ་ས་ཁྱཱཿ། །བྷ་བནྟི་མཛྫ་
གྲགས་པ་ཡོན་ཏན་མཐུ་ཡིས་བརྒྱན། །ཟླ་ལྟར་དཀར་བ་འདི་ཡི་རྣ་རྒྱན་དུ། །མིང་པོ་ནོར་གྱི་བཤེས་གཉེན་དག་གིས་བྱས། །སེམས་དཔའ་ཆེན་པོ་དེ་ཁྱོད་གྲོགས་མོས་གཏམ། །དར་མའི་ཉེར་སྤྱོད་བྱ་བས་ཇི་ལྟར་འོས། །ཁྱད་པར་ཚེ་རྣམས་
བི་ཛི་ཏ་སྭ་བྷཱ་བཱ་བི་ཤེ་ཥ་ཏོ་གྲེ་མ་ཧ་ཏཱཾ་ཧི་ཀ་ནྱ་ཀཱཿ། །སིདྡྷཱ་ནྭ་ཡཱཾ་བྷོ་དྷི་སུ་དྷཱ་ཀ་ར་སྱ་བི་ཤྭཱ་བ་སོཿསིདྡྷ་པ་ཏེཿསུ་ཏེ་ཡཾ། །ཨུདྻཱ་ན་ཀེ་ལི་ཥུ་ཀ་རོ་ཏི་ཡ་སྱཱཿས་དེ་བ་ཀཱནྟིཿཀུ་མུ་དཱ་བ་བོ་དྷཾ། །ན་བ་མ་ལ་ཡ་ཛ་བལླ་རཱི་བ་ཏ་ནྭཱི་
མདུན་དུ་བུ་མོ་ནི། །ངོ་ཚས་རྣམ་པར་ཐུལ་བའི་རང་བཞིན་འགྱུར། །བུ་མོ་འདི་ནི་གྲུབ་རིགས་ཆུ་གཏེར་གྱི། །ཟླ་བ་གྲུབ་བདག་སྣ་ཚོགས་ནོར་གྱི་སྟེ། །གང་གི་མཛེས་པ་སྐྱེད་ཚལ་དུ་རྩེ་ཚེ། །རྟག་པ་ཉིད་དུ་ཀུ་མུད་རྒྱས་པར་བྱེད། །མ་ལ་ཡར་སྐྱེས་འཁྲི་ཤིང་གསར་བཞིན་
པྲ་ཐ་མ་ས་མུདྒ་ཏ་པལླ་བཱ་ཏུ་ཎོཥྛཱི། །ཨི་ཡ་མ་མྲྀ་ཏ་མ་ཡི་སུ་རཱ་སུ་རཱ་ཎཱཾ་མ་ལ་ཡ་བ་ཏཱི་ས་ཏ་ཏཱ་བྷི་ལཱཥ་བྷཱུ་མིཿ། །ཨི་ཏི་ཏ་སྱཱཾ་ཤྲུ་བཱ་ཎཱ་ཡཱཾ་སྠ་བི་རོ་བྷྱེ་ཏྱ་ཀཾ་པུ་ཀཱི། །སཏྭ་རཱ་ག་མ་ནོཙྪྭཱ་སཿཔྲཱ་ཧ་སིདྡྷཱ་དྷི་
ཕྲ། །དང་པོར་འཁྲུངས་གྱུར་ཡལ་འདབ་ལྟར་དམར་མཆུ། །བདུད་རྩིའི་རང་བཞིན་མ་ལ་ཡ་ཅན་འདི། །རྟག་ཏུ་ལྷ་དང་ལྷ་མིན་མངོན་འདོད་པ། །ཞེས་དེས་སྨྲས་པར་གྱུར་པ་ན། །ཉུག་རུམ་རྒན་པོ་མངོན་ཕྱོགས་ཏེ། །མྱུར་བར་འོང་བའི་ཤུགས་བཅས་པས། །གྲུབ་
Vol. 171 · folio 297b
པཱཏྨ་ཛཱཾ། །ཀ་ལྱཱ་ཎི་མི་ཏྲཱ་བ་སུ་ནཱ་ས་ཧི་ཏོནྟཿཔུ་རསྠི་ཏཿ། །ཏྭདྦི་བཱ་ཧ་ཀ་ཐཱ་སཀྟཿསི་ཏཱ་ཏྭཱཾ་དྲཥྚུ་མིཙྪ་ཏི། །ཨི་ཏྱུཀྟཱ་ས་ཧ་སཱ་ཏེ་ན་ས་ཧ་ས་ཁྱཱ་ལོ་ཙཱ་ནཱ། །ཛཱི་མཱུ་ཏ་བ་ཧ་
བདག་བུ་མ་ལ་སྨྲས་པ། །དགེ་མ་ནོར་གྱི་བཤེས་གཉེན་དང་། །ལྷན་ཅིག་ཕོ་བྲང་འཁོར་ན་འཁོད། །ཁྱོད་ཀྱི་བག་མའི་གཏམ་ལ་ཆགས། །ཡབ་ནི་ཁྱོད་ལ་ལྟ་བར་འཚལ། །ཞེས་པ་དེ་ཡིས་བརྗོད་པའི་འཕྲལ། །གྲོགས་མོ་དང་བཅས་མིག་བཟང་མ། །ཡིད་ནི་སྤྲིན་གྱི་
ན་ནྱསྟ་མཱ་ན་སཱ་སཱ་ཤནཻཪྻ་ཡཽ། །ཏ་སྱཱཾ་པཤྩ་ཏྶྠཱི་ཏ་ས་ཁཱི་ཀ་ཐཱ་བྱཱ་ཛཻཿཔུ་ནཿཔུ་ནཿ། །ཀཱནྟཾ་ནི་རཱིཀྵྱ་མཱ་ནཱ་ཡཱཾ་བྲ་ཛཾ་ཏྱཱ་མ་ལ་སཻཿཔ་དཻ། །ཏཏྤ་ཐེ་དཏྟ་ན་ཡ་ནཿཀུ་མཱ་རཿས་མ་ཙིནྟ་
བཞོན་པ་ལ། །རྣམ་པར་བཀོད་ནས་དལ་གྱིས་སོང་། །གྲོགས་མོ་ཕྱི་ན་འཁོད་དེ་ལ། །གཏམ་གྱི་ཟོལ་གྱིས་ཡང་དང་ཡང་། །མཛེས་པ་རྣམ་པར་ལྟ་བྱེད་ཅིང་། །ལེ་ལོའི་གོམ་པས་འགྲོ་བའི་ཚེ། །མངོན་འདོད་གསར་པ་ལ་བརྟེན་ཅིང་། །ཕྲག་དོག་གིས་བཞིན་བརྟན་པ་
ཡཏ། །ན་བོཏྐཎྛ་ཤྲ་ཡོ་དྷྲྀ་ཏྱཱ་ཏྱ་ཛྱ་མཱ་ན་ཨི་བེཪྵྱ་ཡཱ། །ཨ་ཧོ་ནུ་མྲྀ་ག་ཤ་བཀྵྱཱ་བྲ་ཛཾ་ཏྱཱཿཔི་ཏུ་རནྟི་ཀཾ། །ས་རཱ་གཾ་ཏདྦྷ་ཡེ་ནེ་བ་མ་ཡི་ནྱཱ་སི་ཀྲྀ་ཏམྨ་ནཿ། །ཤྭཱ་སཱ་ཡཱ་ས་ནི་རོ་དྷ་
བཏང་། །ལམ་དེར་མིག་ནི་གཏད་པ་ཡི། །གཞོན་ནུ་ཡིས་ནི་རབ་བསམས་པ། །ཀྱེ་མ་རི་དགས་ཕྲུག་གུའི་མིག །ཕ་ཡི་དྲུང་དུ་འགྲོ་བྱེད་མ། །དེ་ཡིས་འཇིགས་བཞིན་ཆགས་བཅས་ཀྱི། །ཡིད་ནི་བདག་ལ་གཏམས་པར་བྱས། །དབུགས་ཀྱི་ངལ་དུབ་འབད་པས་
Vol. 171 · folio 298a
ཡཏྣ་ནི་ར་ཏཱ་ནིཿཤཔྡ་སམྦཱ་དི་ནཱི་སོཏྐམྦཱ་བི་ཛ་ནེ་ཡ་དཪྴ་ན་བྷ་ཡཱ་ད་ཏྱཾ་ཏ་ཤཾ་ཀཱ་ཀུ་ལཱ། །ཏ་ནྭི་མནྨ་ཐ་མཱརྒ་ཎཱ་ཏི་བ་ཏ་ནཻ་བཻ་ལཀྵྱ་ལཱི་ན་སྠི་ཏིརྣཱོ་ཛཱ་ནེ་ཀ་ཏ་མེ་
འགོག་ལ་ཆགས་ཤིང་སྒྲ་མེད་དག་ཏུ་རྣམ་པར་གནས། །མཐོང་བའི་འཇིགས་ལས་ཤིན་ཏུ་དོགས་པས་འཁྲུགས་ཤིང་དབེན་པ་རུ་ཡང་རབ་འདར་བཅས། །ཡིད་སྲུབས་དག་གི་མདའ་ཡིས་རབ་ཏུ་བསྣུན་ཚེ་སྐྱེངས་པ་ཡི་ནི་ཆགས་ཤིང་གནས། །ལུས་
ན་སཱ་མ་མ་པ་ཐཱ་ཙོ་རཱི་པྲ་བིཥྚཱ་མ་ནཿ། །ཙི་རཾ་བི་ཙི་ཏྱེ་ཏི་ཤི་ལཱ་ཏ་ལསྠཿས་མནྨ་ཐཱ་ཛྙཱ་བི་ཥ་ཡཾ་པྲཱ་ཡཱ་ཏཿ། །སཾ་ཀལྤ་བརྟྱཱ་པུ་ར་ཏོ་བྷི་ལི་ཁྱ་མུ་ཧུ་མྲྀ་གཱ་ཀྵཱིཾ་སྟི་མི་ཏེ་ཀྵ་ཎོ་བྷཱུཏ། །ཨ་ཐཱ་
ཕྲ་ཆོམ་རྐུན་མ་དེ་བདག་ཡིད་ལ་ཞུགས་ལམ་གང་ནས་ནི་ཡོངས་མི་ཤེས། །ཞེས་པ་ཡུན་རིང་བསམས་ནས་རྡོ་ལ་འཁོད། །ཡིད་སྲུབས་བཀའ་ཡི་ཡུལ་དུ་གྱུར་པ་དེས། །ཀུན་རྟོག་པིར་གྱིས་མདུན་དུ་རི་དགས་མིག །ཡང་ཡང་མངོན་བྲིས་མིག་ནི་གཡོ་མེད་གྱུར། །དེ་ནས་མེ་
ཡ་ཡཽ་པུཥྤ་རཱ་ག་རེ་ཎུ་ནཱ་པཱུརྞྞེ་བ་ནེ་པཱ་ད་པ་རོ་ཛ་མུ་དྲཱཿ། །ཙཀྲ་དྷྭ་ཛཱཾ་ཀ་བི་ཛ་ནེ་ནུ་སྲྀ་ཏྱ་ཏ་སྱཱནྟི་ཀཾ་ནརྨྨ་སུ་ཧྲྀཏྶུ་བནྡྷུཿ། །ས་ཏཾ་བི་ལོ་ཀྱཱ་བྷི་ན་བཱ་བྷི་ལཱ་ཥ་བི་ཤེ་ཥ་ཙིནྟཱ་པྲ་ཏི་བདྡྷ་
ཏོག་རྡུལ་དང་རྡུལ་གྱིས་གང་། །ནགས་ཚལ་དབེན་པར་རྐང་པའི་མཚོ་སྐྱེས་རྒྱ། །འཁོར་ལོ་རྒྱལ་མཚན་གྱིས་མཚན་རྗེས་འབྲངས་ནས། །དེ་ཡི་དྲུང་དུ་རྩེད་གྲོགས་གཉེན་བཟང་འོངས། །མངོན་འདོད་གསར་པའི་ཁྱད་པར་བསམས་པ་ཡིས། །སེམས་ནི་རབ་ཏུ་བཀག་དེ་དེས་
Vol. 171 · folio 298b
ཙིཏྟཾ། །བི་ཀྲཱི་ཏ་དྷཻཪྻཾ་སྨ་ར་ཤཱ་ས་ནེ་ན་པ་པྲཙྪ་སཱཤྩཪྻ་བི་ཀཱ་ར་ཧེ་ཏུཾ། །ཀོ་ཡཾ་ས་ཁྱཻ་དྷཻཪྻ་ནི་དྷེསྟ་བཱ་པི་ནི་ཏནྟི་སནྟཱ་པ་པ་དོ་པ་དེཥྚ། །ཙིནྟ་ཤྲ་ཡནྣིཤྩ་ལ་ལོ་ཙ་ན་སྱ་བི་བྷཱ་བྱཱ་ཏེ་ཀོ་པྱ་དྷྲྀ་
མཐོང་ནས། །དྲན་པའི་བཀའ་ཡིས་བརྟན་པ་བཙོངས་པ་ལ། །ངོ་མཚར་བཅས་པའི་རྣམ་འགྱུར་རྒྱུ་དག་དྲིས། །གྲོགས་པོ་བརྟན་པའི་གཏེར་གྱུར་ཁྱོད་ལ་ཡང་། །ཤིན་ཏུ་གདུང་བའི་གནས་ནི་ཉེར་བསྟན་ཅིང་། །བསམ་པ་ལ་བརྟེན་མིག་ནི་གཡོ་མེད་པ། །བརྟན་མེད་རྣམ་པ་
ཏི་པྲ་ཀཱ་རཿ། །ཨི་ཏི་པྲ་ཡཏྣ་པྲ་ཎ་ཡེ་ན་པྲྀཥྚོ་བི་ཤྲཾ་བྷ་དྷཱམྣཱ་སུ་ཧྲྀ་དཱ་ཀུ་མཱ་རཿ། །ཏ་མ་བྲ་པཱིནྣི་ཤྭཱ་སི་ཏཱ་ནུ་མེ་ཡ་ས་པཀྵ་བཱ་ཏ་སྨ་ར་བཱ་ཎ་ནཱ་ཏཿ། །ས་ཁེ་ས་ཁེ་ད་སྱ་པུ་རཱ་ཎ་སརྒ་བརྒེ་
ཅི་ཞིག་ཉམས་སུ་མྱོང་། །ཞེས་པ་ཡིད་གཅུགས་གནས་ནི་གྲོགས་པོ་དག །རབ་ཏུ་འབད་ཅིང་གུས་པས་དྲིས་པ་ནི། །ཤུགས་རིངས་མཐུན་ཕྱོགས་རླུང་གིས་རྗེས་དཔག་བྱ། །དྲན་པའི་མདའ་ལྷུང་གཞོན་ནུས་དེ་ལ་སྨྲས། །གྲོགས་པོ་སྔོན་སྤྲོས་སྡེ་ལ་སྐྱོ་ལྡན་པའི། །བྱེད་པོ་
བི་དྷརྣཱུ་ཏ་ན་རཱུ་པ་རེ་ཁཱ། །དྲྀཥྚཱ་མ་ཡཱ་ཀཱནྟི་མ་ཡཱི་བ་ཀ་ནྱཱ་སིདྡྷྭ་ནྭ་ཡཱཾ་བྷོ་དྷི་སུ་དྷཱཾ་ཤུ་རེ་ཁཱ། །ཨིནྡོསྟདྦ་ད་ནཱ་ར་བིནྡ་བི་ལ་སལླཱ་པ་ཎྱ་ལུཔྟ་དྱུ་ཏེཿསཱ་རཾ་ག་སྱ་ཙ་ཏདྦི་ལོ་ཙ་ན་རུ་ཙི་པྲ་ཏྱསྟ་ནེ་ཏྲ་ཤྲི་
ཡིས་ནི་གཟུགས་གསར་རི་མོ་དག །གྲུབ་རིགས་རྒྱ་མཚོའི་ཟླ་བའི་རི་མོ་བཞིན། །མཛེས་པའི་རང་བཞིན་བུ་མོ་བདག་གིས་མཐོང་། །དེ་ཡི་བཞིན་གྱི་པདྨོ་མཛེས་སྡུག་རྒྱས་པས་གཟི་བྱིན་ཉམས་པའི་ཟླ་བ་དང་། །དེ་ཡི་མིག་དག་མཛེས་པས་མིག་གི་དཔལ་ནི་རབ་ཏུ་ཉམས་
Vol. 171 · folio 299a
ཡཿ། །མ་ནྱེ་ཧཾ་ས་མ་དུཿཁ་ཡོཿཔྲ་ཏི་ནི་ཤཾ་བཻ་ལ་ཀྵྱ་ལཱི་ནཱཏྨ་ནོཤྩིནྟཱ་ནིཤྩ་ལ་ཨེ་ཥ་ཤཱནྟ་ཡ་ཤ་སོཿསཾ་དྲྀ་ཤྱ་ཏེ་སཾ་ག་མཿ། །ཀརྞྞཱ་བ་ཏཾ་སཱི་ཀྲྀ་ཏ་ནེ་ཏྲ་ཀཱནྟིརྣ་བེ་པི་
པའི་རི་དགས་དག །གྲགས་པ་ཞི་ཞིང་སྡུག་བསྔལ་མཚུངས་པས་མཚན་མོ་སོ་སོར་སྐྱེངས་ཏེ་ཞུམ་པ་ཡི། །བདག་ཉིད་དག་ནི་བསམ་པ་གཡོ་མེད་འགྲོགས་པ་འདི་ཉིད་མཐོང་བར་བདག་རྟོག་གོ། །མཐོང་བའི་རྣམ་འཕྲུལ་གསར་པ་ཡིན་མོད་
སནྡཪྴ་ན་བི་བྷྲ་མེ་སཱ། །བི་བྷཱ་བྱ་མཱ་ནཱ་བྷི་ན་བཱ་བྷི་ལཱ་ཥཾ་མ་ཡི་སྭ་བྷཱ་བཾ་པྲ་ཀ་ཊཱི་ཙ་ཀཱ་ར། །ཏསྨིནྐཾ་པ་ཏ་རཾ་གི་ཎི་བྱ་ཏི་ཀ་རེ་བྱཱ་ཧཱ་རི་ཎཱི་མེ་ཁ་ལཱཾ་མཱུ་ཀཱི་ཀྲྀ་ཏྱ་སུ་སཱནྟི་ཏཱ་མི་བ་བྷ་ཡཱདྦསྟྲ་
ཀྱང་། །མིག་གི་མཛེས་པ་རྣ་བའི་རྒྱན་བྱས་དེས། །མངོན་འདོད་གསར་པ་ཉམས་སུ་མྱོང་བྱེད་པའི། །རང་གི་ངོ་བོ་བདག་ལ་གསལ་བར་བྱས། །དེར་ནི་གློ་བུར་འདར་ཞིང་གཡོ་ལྡན་སྒྲ་དག་སྒྲོགས་པར་བྱེད་པའི་འོག་པག་ལ། །འཇིགས་པས་རབ་ཏུ་ཞི་བར་བྱེད་བཞིན་ཡང་
པྲ་དཱ་ནཻརྨུ་ཧུཿ། །ལཛྫཱ་མཽ་ན་བ་ཏཱི་བི་ན་མྲ་བ་ད་ནཱ་སཱ་སྲསྟ་ཀརྞྞོཏྤ་ལོ་དཾ་ཙཙྩཀྵུ་ར་ཙཾ་ཙ་རཱི་ཀ་བི་རུ་ཏཻཤྩཀྲེ་མ་མ་སྭཱ་ག་ཏཾ། །བཀྟྲེ་ཙནྡྲ་ཤ་ཏཱ་ནི་ལོ་ཙ་ན་ཡུ་གེ་ནཱི་ལོཏྤ་ལཱ་ནཱཾ་བ་ནཾ་བཱ་
ཡང་གོས་དག་བྱིན་ནས་ལྐུགས་པར་བྱས། །ངོ་ཚས་མི་སྨྲ་དང་ལྡན་བཞིན་དུད་དེ་ཡི་རྣ་བའི་ཨུཏྤལ་ལྷུང་བ་ལ། །འཁོར་ཞིང་རྒྱུ་བའི་བུང་བ་རྣམས་ཀྱི་སྒྲ་ཡིས་བདག་ལ་ལེགས་པར་འོངས་སམ་བྱས། །བཞིན་ལ་ཟླ་བ་བརྒྱ་ཕྲག་དང་ནི་མིག་གཉིས་དག་ལ་ཨུཏྤལ་སྔོན་པོའི་ནགས། །
Vol. 171 · folio 299b
ཧྭོརྦྦཱ་ལ་མྲྀ་ཎཱ་ལི་ཀཱཤྩ་ར་ཎ་ཡོ་རུཏྤུལླ་པདྨཱ་ཀ་རཱཿ། །ནིརྨྨཱ་ཎེ་པ་ར་མཱ་ཎུ་ཏཾ་པ་ར་ཏ་ནོཿཀཱ་མེ་ན་ཙེ་ཏ་པྲཱ་ཏཱསྟདྐིཾ་བཧྣི་མ་ཡཱི་བ་སཱ་ད་ཧ་ཏི་མེ་སྣེ་ཧཱ་ནུ་བིདྡྷ་མ་ནཿ། །སཱ་ཀཱ་པི་ཀཱ་མ་ཀུ་མུ་དཱ་ཀ་
ལག་པ་དག་ལ་པད་རྩ་གཞོན་ནུ་རྐང་པར་པདྨོའི་འབྱུང་གནས་རབ་རྒྱས་པ། །ལུས་མཆོག་སྤྲུལ་ལ་ཕྲ་རབ་རྡུལ་དག་གལ་ཏེ་འདོད་པས་རབ་ཏུ་བཀོད་པ་ན། །མེ་ཡི་རང་བཞིན་བཞིན་དུ་དེ་ཡིས་བདག་ཡིད་མཛའ་བས་ཕུག་པ་ཅི་སླད་སྲེག །འདོད་པའི་ཀུ་མུད་ཚལ་གྱིས་ཟླ་
ར་ཙནྡྲ་ལེ་ཁཱ་དྲྀཥྚཱ་མ་ཡཱ་ན་ཡ་ན་པདྨ་བི་ཀཱ་ཤ་ཧེ་ཏུཿ། །ཡཏྐཱནྟི་བི་བྷྲ་མ་སུ་དྷཱ་ཏ་ཊི་ནཱི་ནི་པཱི་ཏཱ་མཱུཙྩཱཾ་བི་ཥོཥྨ་པི་ཤུ་ཎཱ་མ་ནི་ཤཾ་ཏ་ནོ་ཏི། །བི་ཤྭཱ་བ་སོརྦི་མ་ལ་སི་དྡྷ་ཀུ་ལཱ་
བའི་རི་མོ་སུ་ཞིག་དེ། །མིག་གི་པདྨོ་རྣམ་པར་རྒྱས་པའི་རྒྱུར་ནི་བདག་གིས་མཐོང་། །གང་གིས་མཛེས་པའི་རྣམ་འཕྲུལ་བདུད་རྩིའི་ཆུ་བོ་འཐུངས་པ་ཡིས། །ཚ་བའི་དུག་ཏུ་གསལ་བྱེད་རྨོངས་པ་རྟག་ཏུ་རྒྱས་པར་འགྱུར། །མ་ལ་ཡ་ཅན་ཞེས་པའི་བུ་མོ་རི་དགས་མིག་
མྲྀ་ཏཱབྡི་ཏཱ་རཱ་དྷི་པ་སྱ་ཏ་ན་ཡེ་ཏི་མ་ཡཱ་ཤྲུ་ཏཱ་སཱ། །བཱ་ལཱ་བི་ལཱ་ཤ་ཛ་ན་ནཱི་ཀུ་སུ་མཱ་ཡུ་དྷ་སྱ་ལཱི་ལ་གུ་རོརྨྨ་ལ་ཡ་བ་ཏྱ་བྷི་དྷཱ་མྲྀ་གཱ་ཀྵཱི། །ཤྲུ་ཏྭེ་ཏི་བི་དྱཱ་དྷ་ར་རཱ་ཛ་སཱུ་ནོརྦཱ་ཀྱཾ་ན་བོདྦྷཱུ་ཏ་མ་
ཅན་དེ། །རྩེ་དགའི་བླ་མ་མེ་ཏོག་མཚོན་གྱི་རོལ་རྩེད་སྐྱེད་བྱེད་མ། །དྲི་མེད་གྲུབ་རིགས་བདུད་རྩིའི་ཆུ་གཏེར་དག་གི་རྒྱུ་སྐར་བདག །སྣ་ཚོགས་ནོར་བདག་གི་ནི་བུ་མོ་ཡིན་ཞེས་བདག་གིས་ཐོས། །ཞེས་པ་རིག་འཛིན་རྒྱལ་པོ་དག་གི་བུ། །ཡིད་བྱུང་གསར་པ་རྒྱས་
Vol. 171 · folio 300a
ནོ་བྷ་བ་སྱ། །ཨུ་བཱ་ཙ་གནྡྷརྦྷ་ཀུ་མཱ་ར་ཀསྟཾ་བི་ཤྲཱནྟ་བྷཱུ་མིཿཔྲ་ཎ་ཡཱི་སུ་བནྡྷུཿ། །དིཥྚྱཱ་ས་ཁེ་ཏུ་ལྱ་གུ་ཎཱ་ནུ་བྷཱ་བཱཏྶྠ་ནེ་ཏ་བཱ་ཡཾ་པྲ་སྲྀ་ཏོ་བྷི་ལཱ་ཥཿ། །བྷ་བ་ཏྱ་བ་ཤྱ་སུ་ཀྲྀ་ཏོ་
པའི་ཚིག་ཐོས་ནས། །དྲི་ཟའི་གཞོན་ནུ་ཡིད་གཅུགས་དག་གི་ས། །གུས་ལྡན་གཉེན་བཟང་གིས་ནི་དེ་ལ་སྨྲས། །གྲོགས་པོ་དགའ་བས་ཁྱོད་ཀྱི་མངོན་འདོད་འདི། །ཡོན་ཏན་མཐུ་དག་མཚུངས་པའི་གནས་ལ་སྤྲོས། །ལེགས་བྱས་ལྡན་པ་རྣམས་ཀྱི་
ཙི་ཏཱ་ནཾ་མ་ནོ་ར་ཐཿསཏྥ་ཐ་པཱནྠཱ་ཨེ་བ། །དྷ་ནྱེ་བ་ལོ་ཀ་ཏྲ་ཡ་ལཀྵཏ་བྷཱུ་ཏཱ་སཱ་བཻ་ཛ་ཡནྟཱི་ར་ཏི་བལླ་བྷ་སྱ། །སུ་རཱཾ་ག་ནཱ་ལོ་ཀ་ན་ནིཤྩ་ལ་སྱ་ཡ་ཡཱ་དྷྲྀ་ཏིསྟེ་ཏ་ར་ལཱི་ཀྲྀ་ཏེ་བ། །པ་རཾ་རཱ་ཛ་ཏྱེ་ཀཱ་ཛ་ག་
རེ་བ་ནི། །ངེས་པར་དམ་པའི་ལམ་དུ་འགྲོ་བར་འགྱུར། །ལྷ་ཡི་བུ་མོ་བལྟས་པས་མི་གཡོ་བ། །ཁྱོད་ཀྱི་བརྟན་པ་གང་གིས་གཡོ་བཞིན་བྱེད། །དགའ་མའི་བདག་པོ་དག་གི་རུ་མཚོན་དེ། །སྐལ་ལྡན་འཇིག་རྟེན་གསུམ་གྱི་མཚོན་བྱ་ཉིད། །འགྲོ་ལ་ཉ་ཡི་མཚན་མོ་རྒྱལ་བ་དང་
ཏི་ཛ་ཡི་ནཱི་པཱུརྞ་ར་ཛ་ནཱི་བ་རཱ་ཤྱཱ་མཱ་བརྒེ་བ་ཧ་ཏི་བི་བྷ་བཾ་སཻ་བ་སུ་བྷ་གཱ། །ཡ་ཡཱ་ཧཱི་ནཿཀྵཱི་ཎཪྻུ་ཏི་ར་མྲྀ་ཏ་རཤྨིཿཔྲ་ཏི་ནི་ཤཾ་ཤ་ནཻརྡྷཏྟེ་ཏ་ནྭཱི་ན་བ་ན་ཁ་མུ་ཁོལླེ་ཁ་ཏ་ནུ་ཏཱཾ། །བྷ་ཛ་སྭ་དྷཻཪྻ་ཏ་
ལྡན་གཅིག་པུ་མཆོག་ཏུ་མཛེས། །སྔོ་བསངས་སྡེ་ལ་མཆོག་གི་འབྱོར་པ་འཛིན་པ་དེ་ཉིད་སྐལ་བ་བཟང་། །གང་དང་བྲལ་བས་མཚན་མོ་སོ་སོར་བདུད་རྩིའི་ཟེར་ནི་གཟི་བྱིན་ཉམས། །དལ་གྱིས་སེན་མོའི་ཁ་རིས་གསར་པ་ཕྲ་བ་ཉིད་འཛིན་ལུས་དང་ལྡན། །བརྟན་པ་སྟེན་ཅིག་
Vol. 171 · folio 300b
བ་བཉྪི་ཏཾ་ཡཏྟ་ད་པྲ་ཡཏྣོ་བ་ན་ཏཾ་ཀ་ར་གྲེ། །བི་ཤྭཱ་བ་པོཿསིདྡྷ་པ་ཏེསྟྭ་དརྠེ་ཀ་ནྱཱརྠི་ཏཱ་ཏྭཛྫ་ན་ཀེ་ན་སཱ་ཧི། །དྷ་ནྱོསྨི་ཡ་སྱ་ཏ་ན་ཡཱ་ཏྲི་ཛ་གཏྤྲི་ཡེ་ཎ་སཾ་ཡུ་ཛྱ་ཏེ་དྱུ་ཏི་མ་ཏཱ་ཤ་ཤི་ནཱ་ནི་ཤེ་
ཁྱོད་ཀྱི་འདོད་པ་གང་། །དེ་ནི་འབད་མེད་ལག་པའི་རྩེ་ན་གནས། །གྲུབ་བདག་སྣ་ཚོགས་ནོར་ལས་བུ་མོ་དེ། །ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ཀྱི་དོན་དུ་བསླངས། །འདོད་ལྡན་ཟླ་བས་མཚན་མོ་ལ་བཞིན་གང་གི་བུ་མོ་ལ། །འགྲོ་གསུམ་དགའ་བས་ཡང་དག་སྦྱོར་བ་བདག་ནི་སྐལ་བ་
བ། །ཨུཀྟྭ་ཏི་སིདྡྷ་པ་ཏི་རཱ་ད་ར་ཧཪྴ་པཱུརྞྞ་ཀ་ནྱཱ་བི་བཱ་ཧ་མ་ཧ་ཏཏ་པ་ར་ཏཱ་མ་བསྟཿ། །པྲཱ་ཏཿས་ཁེ་ས་བྷ་བི་ཏཱ་བི་པུ་ལོཏྤ་བསྟེ་ཀཱནྟཱ་ས་མཱ་ག་མ་སུ་དྷཱ་ས་ཕ་ལོ་བི་ཧཱ་རཿ། །ཡསྨིན་
བཟང་། །ཞེས་པ་བརྗོད་ནས་གྲུབ་པའི་བདག་པོ་གུས་དང་དགའ་བས་གང་། །བུ་མོ་ཡིས་ནི་བག་མའི་དགའ་སྟོན་དེ་ཉིད་སྐྱོང་བར་གྱུར། །གྲོགས་པོ་ནང་པར་ཁྱོད་ཀྱི་རྩེ་དགའི་དགའ་སྟོན་ཡངས་པ་དག །མཛེས་མ་དང་འགྲོགས་བདུད་རྩིའི་འབྲས་བུ་ལྡན་པ་དེ་བྱུང་སྟེ། །གང་ལ་
ས་མཱ་ན་གུ་ཎ་སཾ་ག་མ་དཪྴ་ནེ་ན་དྷཱ་ཏུཿཀ་རི་ཥྱ་ཏ་ཛ་ནཿསུ་ཙི་རཱཏྤྲ་ཤཾ་སཾ། །ཨི་ཏི་སུ་ཧྲྀདྦ་ཙ་ནཾ་ས་ཧ་སཻ་བོཙྪ་ལདྦི་པུ་ལ་ཧཪྵ་མ་ཡ་ས་ནི་ཤ་མྱ་ཏཏ། །ནི་ཛ་པ་དཾ་པྲ་ཡ་ཡཽ་ཀ་ལ་ཡནྡྷི་
ཡོན་ཏན་མཚུངས་པ་འགྲོགས་པ་དག་ནི་མཐོང་བས་ན། །སྐྱེ་བོ་ཤིན་ཏུ་ཡུན་རིང་བྱེད་པོ་བསྔགས་པ་བྱེད་པར་འགྱུར། །ཞེས་པ་གྲོགས་པོའི་ཚིག་དེ་ཐོས་གྱུར་ནས། །དགའ་བའི་རང་བཞིན་ཡངས་པ་འཕྲལ་རྒྱས་ཏེ། །ཉིན་མོའི་ལྷག་མ་དུ་མའི་དུས་མཚུངས་པར། །
Vol. 171 · folio 301a
ཡཱ་དི་བ་ཤ་ཤེ་ཥ་མ་ནེ་ཀ་ཡུ་གོ་པ་མཾ། །ཨ་ཐ་སཾ་དྷྱཱ་བ་དྷཱུ་སཾ་གཱ་དི་བ་སཾ་ཀྲཱནྟ་ཀུཾ་ཀུ་མཿ། །ཛ་གཱ་མ་ག་ག་ནོ་དྱཱ་ནེ་ཏིགྨཱཾ་ཤུ་རཱ་ཊ་རཱ་ག་ཏཱཾ། །དི་ནཱནྟེ་པདྨི་ནཱི་ཀཱནྟི་བི་ཤྲནྟེསྟ་ཏ་ཊཱཾ་ཏ་
བློ་ཡིས་རྟོག་ཅིང་རང་གི་གནས་སུ་སོང་། །དེ་ནས་ཐུན་མཚམས་བུ་མོ་དང་། །འགྲོགས་པས་གུར་གུམ་འཕོས་པ་བཞིན། །ནམ་མཁའ་ཡི་ནི་སྐྱེད་ཚལ་དུ། །ཉི་མ་ཆགས་རྟག་ལྡན་པར་གྱུར། །པདྨ་ཅན་དགའ་ཉིན་མོའི་མཐར། །ནུབ་རིའི་ངོས་ལ་འཁོད་
ར། །བཱ་ད་སཾ་བཱ་ཧ་ནཱ་སཀྟཱ་སནྡྷྱཱ་ཏ་སྱཱནྟི་ཀེ་བ་བྷཽ། །ཏ་ཏཤྩ་པཤྩི་མཱཾ་བྷོ་དྷིཾ་པྲ་བིཥྚེ་བཱ་ས་རེ་ཤྭ་རེ། །ཁ་མ་པཱུཪྻ་ཏ་ན་ཀྵ་ཏྲཻསྟ་དུཏྠཻ་རི་བ་ཤཱི་ཀ་རེཿ། །ཤ་ནཻ་སྟོ་ཀ་ཏ་མཿཥྱཱ་མཱ་ནི་ཤ་བྷུ་
པ་ན། །དེ་ཡི་མཇུག་ཏུ་ཐུན་མཚམས་ནི། །རྐང་པ་བསྟེན་པ་ལ་ཆགས་མཛེས། །དེ་ནས་ནུབ་ཕྱོགས་ཆུ་གཏེར་དུ། །ཉིན་མོའི་དབང་ཕྱུག་རབ་ལྷུང་ཚེ། །དེ་ལས་འཐོར་བས་ཐིགས་པས་བཞིན། །སྐར་མ་རྣམས་ཀྱིས་ནམ་མཁའ་གང་། །དལ་གྱིས་མུན་པ་ཆུང་ངུ་གནག །མཚན་མོས་
བ་ན་བྷཱ་ཛ་ནཱཏ། །སནྡྷྱཱ་རཱ་གཱ་ས་བཾ་པཱི་ཏྭཱ་ཀྵཱི་རེ་བཱ་གྷཱུརྞྞི་ཏེ་ཀྵ་ཎཾ། །ཏ་ཏཿཔྲ་ཙཱི་ཤ་ཙཱི་ཀཱནྟ་བི་ལཱ་སི་བ་ས་ཏིཿཀ་ཀུ་པ། །ཨཱ་སནྣེནྡཱུ་ད་ཡཱ་ལོ་ཀ་ཙནྟ་ནེ་ནཱཾ་ཀི་ཏཱ་བ་བྷཽ། །ཨ་ཐོདྻ་ཡཽ་སུ་
སྲིད་པའི་སྣོད་དག་ལས། །ཐུན་མཚམས་དམར་བའི་ཆང་འཐུངས་ནས། །མྱོས་པ་བཞིན་དུ་སྐད་ཅིག་འཁྱམས། །དེ་ནས་བདེ་སོགས་མཛེས་པ་ཡི། །རྩེ་དགའ་གནས་པ་ཤར་གྱི་ཕྱོགས། །ཟླ་འཆར་སྣང་བ་ཉེ་བ་ན། །ཙནྡན་དག་གིས་མཚན་བཞིན་མཛེས། །དེ་ནས་བདུད་རྩི་སྐྱེད་པ་ནི། །
Vol. 171 · folio 301b
དྷཱ་སཱུ་ཏིཾ་ཤྱཱ་མཱ་མུ་ཁ་བི་ཤེ་ཥ་ཀཿ། །བྷོ་གི་ནཱཾ་བྷོ་ག་སཾ་བྷཱ་གྱ་ལཱི་ལཱ་མུ་ཁ་བི་ཤེ་ཥ་ཀཿ། །བི་ལཱ་ས་ཧཱ་སཱ་བྷི་མུ་ཁཱི་མིཾ་དོརྦཱིཀྵྱ་ཀུ་མུདྦ་ཏཱིཾ། །མ་ནྱུ་ལཱི་ནེ་བ་ན་ལི་ནཱི་ནི་མི་མཱི་ལ་ག་ལདྡྻུ་ཏིཿ། །པྲ་ཏྱ་གྲ་ཙནྡྲ་
ལོངས་སྤྱོད་ཅན་གྱི་ལོངས་སྤྱོད་ཀྱི། །སྐལ་བཟང་རྩེ་དགའ་ཁྱད་པར་ཅན། །སྔོ་བསངས་གདོང་གི་ཁྱད་ཅན་ཤར། །ཟླ་བའི་རྩེ་དགར་མངོན་ཕྱོགས་པའི། །ཀུ་མུད་ལྡན་པ་མཐོང་གྱུར་ནས། །ཁྲོ་བས་ཞུམ་བཞིན་པདྨ་ཅན། །གཟི་བྱིན་ཉམས་ཤིང་ཟུམ་པར་གྱུར། །ཟླ་བའི་ཐིག་ལེ་གསར་
ཏི་ལ་ཀཱ་ཏཱ་རཱ་ནི་ཀ་ར་ཧཱ་རི་ཎཱི། །ཀཱ་མཾ་ཛ་གཱ་མ་སཱ་ཤྱཱ་མཱ་མུ་ནི་སུཾ་ཡ་མ་སུཾ་ཡ་མ་བཱ་མ་ཏཱཾ། །ཏ་སྱཱ་ནི་ཤ་ཡཾ་སོཏྐཎྛཱ་ཧརྨྱེ་མ་ལ་ཡ་བ་ཏྱ་ཐ། །ཛཱི་མཱུ་ཏ་བཱ་ཧ་ན་དྷྱཱ་ན་ནིརྣི་དྲཱ་ས་མ་ཙིནྟ་ཡཏ། །ཨི་ཡཾ་མ་མ་
པ་དང་། །སྐར་མའི་ཚོགས་ཀྱི་དོ་ཤལ་ཅན། །སྔོ་བསངས་མ་དེ་ཐུབ་པ་ནི། །དུལ་བའི་མི་མཐུན་ཕྱོགས་ཉིད་གྱུར། །དེ་ནས་མཚན་དེ་ཁང་བཟང་དུ། །སྲིད་ལྡན་མ་ལ་ཡ་ཅན་མ། །གཉིད་མེད་སྤྲིན་གྱི་བཞོན་པ་ཡི། །བསམ་གཏན་ལྡན་པས་རབ་བསམས་པ། །བདག་ནི་བག་མར་
ས་མཱ་པནྣ་བི་བཱ་ཧཱནྟ་ར་བརྟྟི་ནཱི། །ན་པ་རི་ཀྵཱ་ཡ་ཏེ་བཱ་མཱ་ཤ་ཏ་ཡཱ་མི་བ་ཡཱ་མི་ནཱི། །ཨ་ཧོ་ནུ་ག་ག་ནོདྻཱ་ནཾ་ཤ་ཤི་སཾ་ག་མ་ནྲིརྦྲྀ་ཏཱ། །ཏཱ་ར་ཀཱ་ཀུ་སུ་མ་སྨཻ་རཾ་ར་ཛ་ནཱི་ན་བི་མུཉྩ་ཏཾ། །ཨཱ་ཡཱ་མི་
ཉེ་བ་ཡི། །བར་ན་གནས་པའི་མི་མཐུན་ཕྱོགས། །མཚན་མོ་འདི་ནི་ཐུན་བརྒྱ་དང་། །ལྡན་པ་བཞིན་དུ་ཡོངས་མི་འཛད། །ཀྱེ་མ་ནམ་མཁའི་སྐྱེད་མོས་ཚལ། །རྒྱུ་སྐར་མེ་ཏོག་འཛུམ་ལྡན་པ། །རི་བོང་ཅན་འགྲོགས་དགའ་བ་ཡི། །མཚན་མོ་ཡིས་ནི་གཏོང་མི་བྱེད། །ཤིན་ཏུ་རིང་
Vol. 171 · folio 302a
ནཱི་ཡ་མི་ནཱི་ཡཾ་ཡཱ་ཏཱ་མེ་པྲི་ཡ་བི་གྷྣ་ཏཱཾ། །སྭ་ཡཾ་སུ་ཁ་རཱ་སཱ་སཀྟཿཀོ་ཛཱ་ནཱ་ཏི་པ་ར་བྱ་ཐཱཾ། །ཨི་ཏི་ཙིནྟཱ་ནུ་བནྡྷེ་ན་ཏ་སྱཱཿསནྟཱ་པ་ཀཱ་རི་ཎཱ། །སཱ་ནུ་རོ་དྷེ་བ་
བའི་མཚན་མོ་འདི། །བདག་གི་དགའ་བའི་གེགས་སུ་གྱུར། །རང་ཉིད་བདེ་བའི་རོར་ཆགས་པ། །སུ་ཡིས་གཞན་གྱི་གདུང་བ་ཤེས། །ཞེས་པ་དེ་ཡི་བསམ་པ་ནི། །གདུང་བྱེད་རྗེས་སུ་འབྲེལ་བ་ཡི། །དོར་བཞིན་དུ་ནི་
ར་ཛ་ནཱི་ཛ་གཱ་མཱ་དཪྴ་ནཾ་ཤ་ནཻཿ། །ཨ་ཐཱ་རུ་ཎཱཾ་ཤུ་ཀ་བ་ཏཱི་ཏྭ་རཱ་གྲསྟེནྡུ་དརྤྤ་ཎཱ། །ཨཱ་སནྣོཏྶ་བ་སཛྫེ་པ་པྲ་བྷཱ་པྲཱ་བྷཱ་ཏི་ཀཱི་བ་བྷཽ། །ཨུ་དི་ཏེ་པདྨི་ནཱི་ཀཱནྟེ་ཤཱནྟེ་ཏ་མ་སི་སཱརྦྦ་རེ། །
མཚན་མོ་དེ། །དལ་གྱིས་མཐོང་བ་མིན་པར་གྱུར། །དེ་ནས་སྐྱ་རེངས་གོས་དང་ལྡན། །བྲེལ་བས་ཟླ་བའི་མེ་ལོང་ཟགས། །དགའ་སྟོན་ཉེ་བ་ལ་ཆས་བཞིན། །སྣང་བ་ལྡན་པ་ཐོ་རེངས་མཛེས། །པདྨོ་ཅན་གྱི་དགའ་བ་ཤར། །མཚན་མོ་མུན་པ་ཞི་བ་ན། །
བ་བྷཱུ་བ་སརྦྦ་བྷཱུ་ཏཱ་ནཱཾ་སུ་ཁཱ་ཡ་ན་ཡ་ནོཏྶ་བཿ། །ཏ་ཏཿཔྲ་བྲྀཏྟེ་པདྨི་ནྱཱ་དི་པཱ་ཀ་ར་ཀ་ར་གྲྀ་ཧེ། །ཨུདྻ་ཡུརྦྷྲྀཾ་ག་ལ་ལ་ནཱ་སཾ་ག་མཾ་ག་ག་གཱི་ཏ་ཡཿ། །ཏ་ཏཿསིདྡྷཱ་དྷི་ན་ཐ་སྱ་བྷ་བ་ནེ་བྷཱུ་རི་སཾ་
འབྱུང་པོ་ཐམས་ཅད་བདེ་བའི་སླད། །མིག་གི་དགའ་སྟོན་དག་ཏུ་གྱུར། །དེ་ནས་པདྨ་ལྡན་པ་ཡིས། །ཉིན་བྱེད་ཟེར་འཛིན་ལ་ཞུགས་ཚེ། །བུང་བའི་ན་ཆུང་འགྲོགས་པ་ཡིས། །བཀྲ་ཤིས་གླུ་དག་རབ་ཏུ་བསྐྲུན། །དེ་ནས་གྲུབ་པའི་བདག་པོ་ནི། །ཕུན་ཚོགས་མང་བའི་
Vol. 171 · folio 302b
པ་དཿ། །སུ་ཏཱ་པ་རི་ཎ་ཡཱ་རཾ་བྷ་སཾ་བྷཱ་རཿས་མ་བརྟྟཏ། །ཨ་ཐ་སི་དྡྷ་པུ་རནྡྷྲི་བྷིརྡི་བྱཱཾ་ཤུ་ཀ་བི་བྷཱུ་ཥ་ཎཻཿ། །དྲྀཥྚྭཱ་པྲ་སཱ་དྷི་ཏཱཾ་ཀ་ནྱཱ་མཱུ་ཙུ་ར་པྤ་ར་སོ་མི་ཐཿ། །ཧཱ་རོ་སྱཱཿཀུ་ཙ་ཡོརྦྷཱ་རཿ
ཁྱིམ་དག་ཏུ། །བུ་མོ་བག་མའི་དགའ་སྟོན་དག །རྩོམ་པའི་ཆས་ནི་རབ་ཏུ་བསྟར། །ཅི་སྟེ་གྲུབ་པའི་ན་ཆུང་གིས། །ལྷ་ཡི་གོས་དར་རྒྱན་རྣམས་ཀྱིས། །བུ་མོ་བརྒྱན་པ་མཐོང་གྱུར་ནས། །ལྷ་མོ་རྣམས་ཀྱིས་ཕན་ཚུན་སྨྲས། །འདི་ནི་ནུ་མ་རབ་མཛེས་པ། །
པ་རི་ཧཱ་རཱཿཔ་ར་རུ་ཙཿ། །ལཱ་བ་ཎྱ་བྱ་བ་དྷཱ་ནེ་ན་བྷཱུ་ཡ་སཱ་བྷཱུ་ཥ་ཎེ་ན་ཀིཾ། །ཏ་ཏྭཱཾ་ཤྱཱཿས་ཁི་ཀིཾ་ཀྲི་ཏ་སྟ་ན་ཏ་ཊེ་རཏྣཱ་བ་ལཱི་བྷིརྦྷ་རཤྩི་ཏྲཾ་མཎྜ་ན་པཎྜི་ཏཱ་སི་སུ་དྲྀ་ཤཿཀིཾ་བཱཉྫ་ནེ་ནཱ་
དོ་ཤལ་ཁུར་གྱིས་རབ་ཏུ་བསྒྲིབས། །མཛེས་སྡུག་སྒྲིབ་པར་བྱེད་པ་ཡི། །ཤིན་ཏུ་མང་བའི་རྒྱན་གྱིས་ཅི། །གྲོགས་མོ་ལུས་ཕྲ་ནུ་མའི་ངོས་ལ་རིན་ཆེན་འཕྲེང་བའི་ཁུར་གྱིས་ཅི་ཞིག་བྱེད། །ཁྱོད་ནི་བཀྲ་བར་རྒྱན་ལ་མཁས་ཏེ་མིག་བཟང་དག་
མུ་ནཱ། །ར་མྱཱ་རཉྫ་ན་དུངྒྲ་ཧེ་ཎ་བི་ཧི་ཏཱ་བཀྟྲེནྡུ་བིམྦེ་ཏྭ་ཡཱ་པ་ཤྱེ་ཡཾ་ཀུ་རུ་ཏེ་ཀ་ལཾ་ཀ་ཀ་ལ་ཎཱཾ་ཀ་སྟཱུ་རི་ཀཱ་མཉྫ་རཱི། །ས་ཁཱི་བྷི་རི་ཏི་སཾ་ཀལྤ་ཛ་ཝེ་རཱ་
ལ་མིག་སྨན་འདིས་ཀྱང་ཅི། །བཞིན་རས་ཟླ་བའི་དཀྱིལ་འཁོར་དག་ལ་ཁྱོད་ཀྱིས་འབད་ནས་དགའ་བར་བསྒྲུབས་པའི་མཚོན། །གླ་རྩི་དག་གི་དོག་པ་རྣམས་ནི་དྲི་མ་ཆགས་པར་བྱེད་པ་འདི་ལ་ལྟོས། །དེ་ལྟར་ཀུན་རྟོག་བརྗོད་པ་ཡིས། །གྲོགས་
Vol. 171 · folio 303a
ཀ་ལྤ་བི་བྷྲ་མཿ། །ཀལྤི་ཏོ་མཾ་ག་ལཱ་ཡཻ་བ་སྭལླ་པྱ་སྱཱ་བྱ་རཱ་ཛ་ཏ། །ཨ་ཐཱ་ཡ་ཡཽ་བི་མཱ་ནེ་ན་མ་ཎི་མཱ་ལཱཾ་ཤུ་མཱ་ལི་ནཱ། །ཧཱ་ར་ཧརྨྨྱཱ་ཡ་མ་ནི་ན་བྱོམྣཱ་ཛཱི་མཱུ་
མོས་རྒྱན་གྱི་རྣམ་འཕྲུལ་ནི། །བཀྲ་ཤིས་སླད་དུ་བརྟགས་གྱུར་པ། །ཤིན་ཏུ་ཆུང་བ་དག་ཀྱང་མཛེས། །དེ་ནས་ནམ་མཁའ་གཞལ་ཡས་ཁང་། །ནོར་ལ་འཕྲེང་བའི་ཟེར་འཕྲེང་ཅན། །དོ་ཤལ་བ་གམ་ཅན་ལྟ་བུས། །སྤྲིན་
ཏ་བཱ་ཧ་ནཿ། །ཛ་གཏྟྲ་ཡཱི་པཱུ་ཛྱ་གུ་ཎཱ་ད་རེ་ཎ་སིདྡྷཱ་དྷི་ནཱ་ཐེ་ན་སུ་པཱུ་ཛྱ་མཱ་ནཿ། །བི་དྱཱ་དྷ་ར་ཤྲེ་ཎི་ཤ་ཏཱ་ནུ་ཡཱ་ཏཿསཛྫཱི་ཀྲྀ་ཏཱཾ་མཾ་ག་ལ་བྷཱུ་མི་མཱ་ཡ། །ཨ་ཐཱ་ཡ་ཡཽ་རཏྣ་
གྱི་བཞོན་པ་རབ་ཏུ་འོངས། །ཡོན་ཏན་ལ་གུས་འཇིག་རྟེན་གསུམ་གྱིས་མཆོད། །གྲུབ་པའི་མགོན་པོས་མཆོད་པར་གྱུར་པ་དེས། །རིག་འཛིན་འཕྲེང་བ་བརྒྱ་ཕྲག་རྗེས་འབྲང་ཞིང་། །བསྟར་བྱས་བཀྲ་ཤིས་ས་གཞི་དག་ཏུ་ཕྱིན། །དེ་ནས་རིན་ཆེན་གཞལ་
བི་མཱ་ན་སཀྟཱ་ཀ་ནྱཱ་མ་ནོ་ཛནྨ་བི་ལཱ་ས་བལླཱི། །བི་བཱ་ཧ་ཧཪྵ་དྱུ་ཏི་སཾ་པི་བྷཱ་གརྦྦི་བྷཱུ་ཥ་ཎཱ་ནཱི་བ་དི་ཤཱཾ་དི་ཤནྟི། །ས་ཁི་ཀ་རཱནྡོ་ལི་ཏ་ཙ་མ་རཱ་གྲ་བི་སྲསྟ་ཀརྞྞོཏྤ་ལ་པལླ་ཡན། །ཀ་པོ་
ཡས་ཁང་གནས་པ། །ཡིད་སྐྱེས་རྩེ་དགའི་འཁྲི་ཤིང་བུ་མོ་ནི། །བག་མ་ལ་དགའ་མཛེས་པའི་ཆ་དག་གིས། །ཕྱོགས་ལ་རྒྱན་དག་སྟེར་བ་བཞིན་དུ་འོངས། །གྲོགས་མོའི་ལག་པས་བསྐྱོད་པའི་རྔ་ཡབ་རྩེས། །རྣ་བའི་ཨུཏྤལ་ཡལ་འདབ་ལྷུང་གྱུར་པ། །འགྲམ་
Vol. 171 · folio 303b
ལ་ལགྣེ་ན་བ་བྷཽཀྵ་ཎཾ་སཱ་བྱ་སྟཱཾ་ཀ་ཙནྡྲཱ་བྷ་ར་ཎཱ་ནི་ཤེ་པ། །ཏ་ཏཿཔྲ་པྲྀཏྟེ་བི་དྷི་བདྦི་བཱ་ཧ་མ་ཧོཏྤ་བེ་སིདྡྷ་ནྲྀ་པཱདྨ་ཛཱ་ཡཱཿ། །པཱ་ཎི་གྲ་ཧ་སྤཪྴ་ན་བཱ་མྲྀ་ཏེ་ན་ན་ནནྡ་བི་དྱཱ་དྷ་ར་རཱ་ཛ་
པར་རེག་པས་སྐད་ཅིག་དེ་རབ་མཛེས། །རྟགས་ཡོན་ཟླ་བས་བརྒྱན་པའི་མཚན་མོ་བཞིན། །དེ་ནས་བག་མའི་དགའ་སྟོན་ཆེན་པོ་ལ། །ཆོ་ག་བཞིན་ཞུགས་གྲུབ་བདག་བུ་མོ་ཡི། །ལག་བཟུང་རེག་པ་གསར་པའི་བདུད་རྩི་ཡིས། །རིག་འཛིན་རྒྱལ་པོའི་བུ་
སཱུ་ནུཿ། །ཏཽ་དམྤ་ཏཱི་ཧཱ་ར་མ་ཧཱརྷ་རཏྣ་སཾ་ཀྲཱནྟ་དེ་ཧཽ་བ་བྷཱ་ཏུརྦི་བཱ་ཧེ། །པྲཱི་ཏྱེ་བ་ལབྡྷྭཱ་ཧྲྀ་ད་ཡེ་བ་ཀཱ་ཤཾ་པ་རསྤ་རཾ་སྭཙྪ་ཏ་ཡཱ་པྲ་བིཥྚཽ། །ནིརྦྦརྟྟི་ཏོདྦཱ་ཧ་བི་དྷི་པྲ་བནྡྷཽ་གཱི་ཏ་ནྲྀཏྟོ་ཙི་
ནི་དགའ་བར་གྱུར། །ཁྱོ་ཤུག་དེ་དག་ལུས་ནི་བག་མའི་ཚེ། །དོ་ཤལ་ཆེ་འོས་རིན་ཆེན་ལ་འཕོས་མཛེས། །མཛའ་བས་སྙིང་ལ་གོ་སྐབས་ཐོབ་གྱུར་ནས། །ཕན་ཚུན་རབ་ཏུ་དང་བས་ཞུགས་པ་བཞིན། །བག་མའི་ཆོ་གས་རབ་ཏུ་སྦྱར་བྱས་པ། །མཆོད་ཡོན་
ཏ་ནཱ་ཀ་ཀཱནྟཾ། །བི་ནྱ་སྟ་རཏྣཱ་ས་ན་མ་རྒྷྱ་བྷཱ་ཛཽ་རཱ་ཛཱཾ་ག་ཎཾ་ཛགྨ་ཏུ་རུཏྶ་བཱརྷཾ། །ཨ་ཐོཏྶ་བོཏྶཱ་ཧཾ་བི་ཤེ་ཥ་ནྲྀཏྟ་ཁིནྣེ་བ་པཱི་ཏྭཱ་མ་དྷུ་ཤ་ཏ་པ་ཏྲཾ། །བི་ཤྲཱ་ནྟི་མསྟཱ་དྲི་ཏ་ཊེ་
བསྟེན་པ་དེ་དག་རྒྱལ་པོའི་ཁྱམས། །གླུ་དང་གར་ལྡན་མཐོ་རིས་ལྟར་མཛེས་པ། །རིན་ཆེན་སྟན་བཀོད་དགའ་སྟོན་འོས་པར་སོང་། །དེ་ནས་དགའ་སྟོན་སྤྲོ་བའི་ཁྱད་པར་གྱིས། །གར་གྱིས་ངལ་བཞིན་འདབ་བརྒྱའི་སྦྲང་རྩི་འཐུངས། །ཚ་ཟེར་ལྡན་པའི་ཟེར་འཕྲེང་
Vol. 171 · folio 304a
ནི་ཥཎྞཱ་བྷེ་ཛེ་ཤ་ནཻ་རཾ་ཤུ་མ་ཏོཾ་ཤུ་མཱ་ལཱ། །ཏ་ཏཿས་མཱ་དཱ་ཡ་ཀ་རཱ་བ་ལགྣཱཾ་དི་ན་ཤྲི་ཡཾ་རཱ་ག་བ་ཏཱིཾ་ཙ་སནྡྷྱཱཾ། །ཨུདྻཱ་ན་ལོ་བྷཱ་དི་བ་ར་སྨི་མཱ་ལཱི་མེ་རོ་རྫ་གཱ་མཱ་པ་ར་
ནུབ་རི་ཡི། །ངོས་ལ་འཁོད་པས་དལ་གྱིས་ངལ་གསོ་བསྟེན། །དེ་ནས་འོད་ཆགས་ཉིན་མོའི་དཔལ་དང་ནི། །ཆགས་ལྡན་ཐུན་མཚམས་དག་ཀྱང་ཁྲིད་བྱས་ནས། །འོད་ཟེར་འཕྲེང་བ་སྐྱེད་ཚལ་ལ་ཆགས་བཞིན། །ལྷུན་པོའི་ཕ་རོལ་ངོས་
པཱརྴྭ་བྷུ་མིཾ། །ནཱི་ལཱམྦ་རཱ་དྲྀ་ཤྱ་ཏ་བཱ་ས་རཱནྟེ་བི་ལོ་ལཱ་ཏཱ་རཱ་ར་ཛ་ནཱི་མྲྀ་གཱ་ཀྵཱི། །བི་ལོ་ཀཱ་ཡནྟཱི་བྷ་ཡ་སཾ་བྷྲ་མེ་ཎ་མུ་ཧུརྡི་གཾ་ཏཱ་ན་བྷི་པཱ་རི་ཀེ་བ། །ཨ་ཐོ་ད་ཡཱ་དྲེཿཤི་ཁ་ར་
ཀྱི་ས་གཞིར་སོང་། །རྒྱུ་སྐར་གཡོ་ལྡན་མཚན་མོ་རི་དགས་མིག །ཉིན་མོའི་མཇུག་ཏུ་གོས་སྔོན་ལྡན་པ་མཐོང་། །འཇིགས་ཤིང་འཁྲུལ་པས་ཡང་ཡང་ཕྱོགས་རྣམས་སུ། །རྣམ་པར་བལྟ་ཞིང་མངོན་པར་འགྲོ་བ་བཞིན། །དེ་ནས་ཤར་གྱི་རི་རྩེར་རི་བོང་ཅན། །
ཤ་ཤཱཾ་ཀཿཀ་རཱ་བ་ལཱི་སྥཱ་ཊི་ཀ་ཛཱ་ལ་པ་ཊཾ། །མ་ཧོངྶ་བི་སིདྡྷ་པུ་རནྡྷྲི་ནྲྀཏྟཾ་དྲྀཥྚུཾ་མ་ཧཱ་ཧརྨྱ་མི་བཱ་རུ་རོ་ཧ། །པྲ་ཀཱིརྞྞ་ཏཱ་རཱཀྵ་ཏ་ལཱ་ཛ་པུཥྤེ་ཏསྨིནྣཾ་ཤཱ་ཙནྡྲ་མ་སོརྦྦི་བཱ་ཧེ། །ཨ་བྷཱུནྨ་དྷུཀྵཱི་བ་
འོད་ཟེར་འཕྲེང་བ་ཤེལ་གྱི་དྲ་བས་བསྡམས། །བ་གམ་ཆེར་འཛེགས་དགའ་སྟོན་ཆེན་པོ་ལ། །གྲུབ་པའི་བུ་མོའི་གར་ལ་བལྟ་བ་བཞིན། །རྒྱུ་སྐར་རྒྱུ་དང་འབྲས་ཡོས་མེ་ཏོག་གཏོར། །མཚན་མོའི་ཟླ་བས་བག་མར་བླངས་པ་དེར། །སྦྲང་རྩིའི་བརྟུལ་ཞུགས་
Vol. 171 · folio 304b
མ་དྷུ་བྲ་ཏཱ་ནཱཾ་ཀོ་པི་པྲ་མོ་དཿཀུ་མུ་དཱ་ཀ་རཱ་ཎཱཾ། །མ་ཧོཏྶ་བོཏྶ་ཧོ་ར་པེ་ཐ་ཏསྨིནྦི་ལོ་ལ་ཕེ་ནོ་ཛྭ་ལ་མཱ་ལྱ་ཧཱ་རཿ། །ནྲྀ་ཏྱན་བ་བྷཽ་སིདྡྷ་པུ་རནྡྷྲི་ལོ་ཀཤྩནྡྲོ་ད་ཡོདྦྷཱུ་ཏ་ཨི་བཱ་མྲྀ་ཏཱབྡྷིཿ། །
སྦྲང་རྩིའི་མྱོས་པ་ཅན། །ཀུ་མུད་འབྱུང་གནས་ཅི་ཡང་རབ་དགར་གྱུར། །དེ་ནས་ཉམས་དགའ་དགའ་སྟོན་ཆེན་པོ་དེར། །འཕྲེང་བ་དོ་ཤལ་རབ་འབར་དབུ་བ་གཡོ། །གྲུབ་པའི་ན་ཆུང་འཇིག་རྟེན་རྣམ་པར་མཛེས། །ཟླ་ཤར་བདུད་རྩིའི་རྒྱ་མཚོ་འཕྱུར་བ་བཞིན། །
ཏ་ཏཿཔྲ་བྷཱ་ཏེ་པ་རི་བརྡྷ་མཱ་ནེ་མ་ཧོཏྤ་བེ་མི་ཏྲ་ས་མཱ་ག་མེ་ན། །བཱ་ལཱ་ཏ་པཻཿསིདྡྷ་པུ་རེ་བ་བྷཱུ་བ་སིནྡཱུ་ར་པཱུ་རཻ་རི་བ་པོ་ར་ཀེ་ལིཿ། །ཤ་ནེཿཔྲ་ཡཱ་ཏེ་ཥུ་དི་ནེ་ཥུ་ཥཊྶུ་མ་ཧོཏྶ་བ་སྱཱ་དྦྷུ་ཏ་ཧཪྵབྷཱུ་
དེ་ནས་སྔ་དྲོ་དགའ་སྟོན་ཆེན་པོ་ནི། །ཡོངས་སུ་རྒྱས་ཚེ་གྲོགས་དང་ཕྲད་པ་ཡིས། །ཉི་འོད་གཞོན་ནུས་ལི་ཁྲིའི་ཚོགས་ཀྱིས་བཞིན། །གྲུབ་པའི་གྲོང་དུ་གྲོང་བའི་རྩེ་དགའ་བྱུང་། །དགའ་སྟོན་ཆེན་པོ་རྨད་བྱུང་དགའ་བའི་ས། །ཉི་མ་དྲུག་ནི་དལ་གྱིས་རབ་
མེཿ། །གི་རེསྟ་ཊེ་སཔྟ་མ་བཱ་ས་རཱ་ཀྲེ་ཙ་ཙཱ་ར་བི་དྱཱ་དྷ་ར་རཱ་ཛ་སཱུ་ནུཿ། །ད་དཪྴ་ཏ་ཏྲ་སྥུ་ཊ་རཤྨི་ཛཱ་ལ་ཕ་ཎཱ་མ་ཎི་སྥཱི་ཏ་ཀྲྀ་ཏ་པྲ་ཀཱ་ཤཾ། །མཱ་ཏྲཱ་ནུ་ཡཱ་ཏཾ་པ་རི་པཱུརྞྞ་ཙནྡྲ་བིམྦཱ་ན་ནཾ་ནཱ་ག་ཀུ་མཱ་ར་
འདས་ཏེ། །ཉི་མ་བདུན་གྱི་དང་པོ་རི་ངོས་ལ། །རིག་འཛིན་རྒྱལ་པོའི་བུ་ནི་རྣམ་པར་རྒྱུ། །དེར་ནི་གདེངས་ཀའི་ནོར་བུའི་འོད་ཟེར་དག །རབ་གསལ་དྲ་བའི་སྣང་བ་རྒྱས་བྱེད་པ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་བཞིན་རས་ཅན། །ཀླུ་གཞོན་མ་དང་
Vol. 171 · folio 305a
མ་གྲེ། །ཏ་སྱཱཿཔྲ་སརྦྱདྒྷ་ན་བཱཥྤ་པིནྡུ་མཱ་ལཱ་བ་ཀཱིརྞྞ་སྟ་ན་མཎྜ་ལཱ་ཡཱཿ། །ཨ་བྷྱུ་གྲ་ཤོ་ཀཱ་ཧ་ཏི་ཀམྤི་ཏཱ་ཡཱཿཤུ་ཤྲཱ་བ་ཏཱ་རཾ་ཀ་རུ་ཎ་པྲ་ལཱ་པཾ། །ཧཱ་བཏྶ་པཱ་ཏཱ་ལ་མ་ཎི་པྲ་དཱི་པ་ས་མཱི་ས་མཱཔྟེ་སི་
བཅས་པ་མདུན་དུ་མཐོང་། །མཆི་མ་སྟུག་པོར་རབ་འབབ་ཐིགས་པ་ཡི། །ཕྲེང་བས་ནུ་མའི་དཀྱིལ་འཁོར་དཀྲིགས་གྱུར་ཅིང་། །རབ་དྲག་མྱ་ངན་གྱིས་བཅོམ་འདར་བ་དེའི། །སྙིང་རྗེའི་ཆོ་ངེ་རབ་ཏུ་གསང་བ་ཐོས། །ཀྱི་ཧུད་མཉེས་གཤིན་ས་འོག་ནོར་བུའི་སྒྲོན། །ཇི་ལྟར་ཁྱོད་ནི་
ཀ་ཐཾ་ཀྵ་ཡ་སྱ། །དྲཀྵྱ་མི་ཀཱནྟཾ་ཀྭ་པུ་ནསྟ་བེ་ད་མཱ་ནནྡ་སནྡོ་ཧ་མི་བཱ་ན་ནཱ་བྫཾ། །ཨ་སྨིནྤྲི་ཡཱ་པྲཱི་ཏི་ལ་ཏཱ་བ་སནྟེ་ཀིཾ་ཡཽ་བ་ནེ་མནྨ་ཐ་སནྡྷི་དཱུ་ཏེ། །ཧཱ་བཀྵྱ་སེ་བཱནྡྷ་བ་ཇཱི་བ་བྷཱུ་ཏ་ཀཱ་ལ་དྭི་པཱ་ཀྲནྟ་ཨི་བཱ་
བརླག་ལ་ཉེ་བ་ཐོབ། །ཁྱོད་གདོང་ཆུ་སྐྱེས་ཀུན་དགའི་ཚོགས་བཞིན་མཛེས། །འདི་ནི་བདག་གིས་ཕྱི་ནས་གང་དུ་མཐོང་། །ཀྱི་ཧུད་དགའ་མའི་དགའ་བའི་འཁྲི་ཤིང་དཔྱིད། །ཡིད་སྲུབས་མཚམས་སྦྱོར་ཕོ་ཉ་ལང་ཚོ་འདིར། །ཇི་ག་གཉེན་གྱི་སྲོག་གྱུར་ཁྱོད་ཟ་འགྱུར། །དུས་ཀྱི་གཉིས་འཐུང་གིས་
སི་ཙཱུ་ཏཿ། །ཤྲུ་ཏྭེ་ཏི་ཏ་སྱཱཿཀ་རུ་ཎ་པྲ་ལཱ་པ་མནྟཿས་མུཏྐཱིརྞྞ་བི་ཥཱ་ད་ཤ་ལྱཿ། །ས་པྲཙྪ་ཏཱཾ་དུཿས་ཧ་དུཿཁ་ཧ་ཏུ་མ་བྷྱེ་ཏྱ་བི་དྱཱ་དྷ་ར་རཱ་ཛ་པུ་ཏྲ། །ཀ་སྨཏྟ་བཱ་མཾ་དྱ་ན་དུཿཁ་པཾ་ཤཱི་མཱ་ཏཿཔྲ་ཛཱ་ཏཿཔྲ་ས་བྷཾ་པྲ་ལཱ་པཿ། །ཀིཾ་ཏཱི་པྲ་མ་
བཅོམ་ཙཱུ་ཏ་བཞིན། །ཞེས་པ་དེ་ཡི་སྙིང་རྗེའི་སྒྲ་ཐོས་ནས། །མྱ་ངན་ཟུག་རྔུ་ནང་དུ་རབ་ཟུག་པ། །རིག་འཛིན་རྒྱལ་པོའི་བུ་ཡི་མངོན་ཕྱོགས་ཏེ། །དེ་ལ་བཟོད་དཀའི་སྡུག་བསྔལ་རྒྱུ་དག་དྲིས། །མ་མ་ཁྱོད་ཀྱི་ཆོ་ངེ་དྲག་པོ་འདི། །སྡུག་བསྔལ་དྲག་པོའི་གསལ་བྱེད་ཅི་ལས་སྐྱེས། །དགེ་བའི་
Vol. 171 · folio 305b
ཀམྦ་ཀ་མ་སྱ་སཱ་དྷོཿཀ་ལྱཱ་ཎ་མཱུརྟྟེ་ར་ཏི་ཤཾ་ཀ་སེ་ཏྭཾ། །བ་པཱུཾ་ཥི་ཀཱ་མཾ་ཀུ་ཤ་ལོ་ཙི་ཏཱ་ནི་སཽ་ཛ་ནྱ་སམྦཱ་ད་སུ་ཁ་པྲ་དཱ་ནི། །ཨ་བཾ་བི་དྷཱ་ནི་པྲ་ཏི་གྷཱ་ཏི་ནཱི་ནཱཾ་ནཻ་བ་སྱ་ད་ཏྭཾ་བི་པ་དཱཾ་པྲ་ཡཱ་ཏི། །སཾ་ཀྲཱནྟ་ཏདྡུཿཁ་བི་ཥཱ་ཀུ་ལེ་
གཟུགས་ཅན་དམ་པ་འདི་ལ་ཁྱོད། །དྲག་པོ་ཀུན་ཏུ་འདར་བྱེད་ཅི་ཞིག་དོགས། །ངེས་པར་དགེ་བ་དག་ལ་འོས་པའི་ལུས། །སྐྱེ་བོ་བཟང་པོ་དང་འགྲོགས་བདེ་བ་སྟེར། །རྣམ་པ་འདི་ལྟ་བུ་ནི་རབ་འཇོམས་པའི། །རྒུད་པའི་གནས་ཉིད་རབ་ཏུ་མི་འགྱུར་རོ། །ཞེས་པ་དེ་ཡིས་སྡུག་བསྔལ་དུག་འཕོས་
ན་པྲྀཥྚེ་ཏི་སཱ་ཏེ་ན་ད་ཡཱ་མ་ཡེ་ན། །ཏམ་བྲ་བཱིཏྐཱི་ལི་ཏ་ལོ་ཙ་ནེ་བ་བི་ཡོ་ག་བྷཱི་ཏྱཱ་བ་ད་ནེ་སུ་ཏ་སྱ། །ཀིཾ་ནི་སྤྲ་ཏཱི་ཀཱ་ར་ས་ནུངྒ་མེ་ན་ཤྲུ་ཏེ་ན་ཏེ྅སྨདྦྱ་ས་ནཱ་ན་ལ་ན། །ཨ་ཀཱ་ལ་པཱ་ཏཱི་མ་མ་དུཿས་ཧོ་ཡཾ་དུཿཀརྨྨ་
འཁྲུགས། །བརྩེ་བའི་རང་བཞིན་དེ་ཡིས་དྲིས་ལ་དེས། །འབྲལ་བས་འཇིགས་ནས་བུ་ཡི་བཞིན་ལ་མིག །ཕུར་པ་བཙུགས་བཞིན་དེ་ལ་རབ་སྨྲས་པ། །བཅོས་ཐབས་མེད་པར་གྱུར་པ་ངེད་ཀྱི་ནི། །སྡུག་བསྔལ་མེད་དག་ཐོས་པས་ཁྱོད་ལ་ནི། །ལས་ངན་སྨིན་པ་ཉེར་གནས་བཟོད་དཀའ་ཡི། །རྣམ་པ་
པཱ་ཀོ་པ་ན་ཏཿཔྲ་ཀཱ་རཿ། །བི་ཤཱ་ལ་ཀཱིརྟྟྱུཛྫྭ་ལ་ཤཾ་ཁ་པཱ་ལ་ཀུ་ལཱཾ་ཀུ་རེ་བཏྶ་ཏ་རེ་མ་མཱསྨིན། །མཱུ་ལཱ་བྷི་གྷཱ་ཏཱི་བི་དྷུ་རེ་ཎ་དྷཱ་ཏྲཱ་སཛྫི་ཀྲྀ་ཏོ་ཡ་ཀ་ཐི་ནཿཀུ་ཋཱ་རཿ། །ཨེ་ཀཿས་དཱ་བྷཀྵྱ་ཎ་དཱིཀྵི་ཏསྨ་ཏཱརྐྵཱ་སྱ་སརྦྦཀྵ་ཡ་རཀྵཱ་ཎཱ་ཡ། །བཱ་རེ་
འདི་ནི་བདག་ལ་དུས་མིན་ལྷུང་། །རྒྱ་ཆེ་གྲགས་འབར་དུང་སྐྱོང་རིགས་ཉིད་ཀྱི། །མྱུ་གུ་བདག་གི་བུ་གཞོན་འདི་ལ་ནི། །བྱེད་པོ་གདུག་པས་རྩ་བ་འཇོམས་པ་ཡི། །སྟ་གྲི་རྣོན་པོ་འདི་ནི་ཆས་སུ་བྱས། །རྟག་ཏུ་ཟ་བར་སྟོན་བྱེད་མཁའ་ལྡིང་ལ། །ཐམས་ཅད་བརླག་པ་བསྲུང་སླད་རེ་མོས་ཀྱི། །གདེངས་
Vol. 171 · folio 306a
ཎ་ནཱ་གཿཕ་ཎི་ནཱ་ཡ་ཀེ་ན་བི་སྲྀ་ཛྱ་ཏེ་པཱ་ཊ་ལ་པཊྚ་ཙི་ཧྣཿ། །ཡོ་ཡཾ་ཏུ་ཥཱ་རཱ་ཙ་ལ་སཾ་ནི་བེ་ཤཿསཾ་དྲྀ་ཤྱ་ཏེ་རཱ་ཤི་ར་དྲྀ་ཤྱ་པརཿ། །ས་ཨེ་ཥ་བྷུཀྟོཛྫྷི་ཏ་བྷོ་གི་ཀཱ་ཡ་ཀཾ་ཀཱ་ལ་མཱ་ལཱ་ཀ་ལི་ཏོསྠི་ཀཱུ་ཊཿ། །བཱ་ར་ཀྲ་མེ་ཎཱ་དྱ་མ་
ཅན་འདྲེན་པ་དག་གིས་ཀླུ་དེ་ནི། །གོས་དང་རྟགས་ཀྱིས་མཚན་པ་སྤྲིང་བར་བྱེད། །གང་འདི་ཁ་བའི་རི་ནི་བཀོད་པ་ཡི། །ཕུང་པོ་ཕ་རོལ་མཐོང་མིན་མཐོང་གྱུར་པ། །འདི་ནི་གདེངས་ཅན་ལུས་ཟོས་དོར་བ་ཡི། །ཀེང་རུས་ཕྲེང་བས་བསྒྲུབས་པའི་རུས་ཕུང་ཡིན། །མཐར་བྱེད་སོ་ཡི་དྲུང་དུ་
མཱ་སྱ་སཱུ་ནོཿཀྲྀ་ཏཱནྟ་དནྟཱནྟི་ཀ་མཱ་ག་ཏ་སྱ། །པྲཱཔྟོ་ཡ་མསྨཏྐུ་ལ་མཱུ་ལ་གྷཱ་ཏཱི་གྲྀ་ཧཱི་ཏ་ཤོ་ཎཱཾ་ཤུ་ཀ་ཤཱ་ས་ན་སྱ། །ཨི་ཏི་བྲུ་བ་ཎཱ་ཏ་བྷ་ཡེ་ན་ཏཱུརྞྞཱ་མཱ་ཤྭཱ་སྱ་མཱ་ན་ཏ་ན་ཡེ་ན་ཏེ་ན། །སཱ་ཏཾ་བི་དྷཱ་ཡཱཾ་ཤུ་ཀ་པལླ་བེ་ན་ཙུ་ཀྲོ་ཤ་ཏཱ་
སོང་གྱུར་ཞིང་། །གོས་དམར་བཀའ་ནི་རབ་ཏུ་བཟུང་བྱས་པ། །བདག་གི་བུ་འདིས་དེ་རིང་རིམ་གྱིས་ནི། །ངེད་རིགས་རྩ་བ་འཇོམས་པའི་རེས་འདི་ཐོབ། །ཅེས་པ་འཇིགས་པས་མྱུར་དུ་སྨྲ་བྱེད་ཅིང་། །བུ་དེ་ཡི་ནི་དབུགས་དག་འབྱིན་བྱེད་མ། །དེ་ཡིས་དེ་ནི་གོས་འདབ་ཀྱིས་བསྒྲིབས་ནས། །སྙིང་རྗེའི་
རཾ་ཀ་རུ་ཎ་སཱུ་ཏེ་ན། །ཧཱ་ཤཾ་ཁ་ཙཱུ་ཌ་ཏྭ་ར་སེ་ཀི་མེ་བཾ་གནྟུ་ཛ་གནྨཎྜ་ན་བ་དྷྱ་བྷཱུ་མིཾ། །ཨུཀྟྭེ་ཏི་ཀཎྛ་གྲྀ་ཧི་ཏྭཱ་དུ་ཏྲཱ་ཏ་ཏ་སྐནྡྷ་བི་ནྱ་སྟ་མུ་ཁཱི་ས་མུ་མོ་ཧ། །དྲྀཥྚྭཱཔྟ་སཾ་ཛྙཱ་ཤ་ན་ཀཻཿཀུ་མཱ་རསྟཱཾ་ཀྵ་ཏ་རཱཾ་དྷེ་ནུ་མི་བཻ་ཀ་
ང་རོ་གསང་པོར་ཆོ་ངེ་བཏོན། །ཀྱི་ཧུད་དུང་གི་གཙུག་ཕུད་འགྲོ་བའི་རྒྱན། །གསར་པར་འགྲོ་ལ་འདི་ལྟར་ཁྱོད་རིང་ཅི། །ཞེས་བརྗོད་བུ་ཡི་མགྲིན་བཟུང་དེ་ཡི་ནི། །ཕྲག་པར་བཞིན་བཀོད་མ་དེ་རྨོངས་པར་གྱུར། །དལ་གྱིས་འདུ་ཤེས་ཐོབ་ཅིང་སྐྲག་མ་དེ། །བེའུ་གཅིག་ལྡན་པ་བཞིན་གཞོན་ནུས་
Vol. 171 · folio 306b
བཏྶཱཾ། །ཨ་ཙིནྟ་ཡདྡུཿཁ་ད་བཱ་ན་ལ་སྱཱ་ནི་བ་ར་ཎོ་པཱ་ཡ་དྷི་ཡཱ་ད་ཡཱརྡྲཿ། །ཨ་ཧོ་བ་ཏཱ་ཡཾ་པ་ཏ་གེ་ཤྭ་ར་སྱ་ཀྲོཪྻཱ་ནུ་བནྡྷཱི་མ་ལི་ནཿཔྲ་ཡཏྣཿ། །པུཥྞཱ་ཏི་ནི་ཏྱཾ་ཀ་རུ་ཎཱ་བི་ཧཱི་ནཱཿཔ་རོ་པ་གྷཱ་ཏེ་ན་ཤ་རཱི་ར་ཀཾ་ཡཿ། །བི་ཡུ་
མཐོང་། །དེ་ཡི་སྡུག་བསྔལ་ནགས་མེ་ཟློག་པའི་ཐབས། །བརྩེ་བས་བརླན་པའི་བློ་ཡིས་རབ་བསམས་པ། །སྙིང་རྗེས་དམན་པ་གང་གིས་རྟག་ཏུ་ནི། །གཞན་དག་བཅོམ་ནས་ལུས་ངན་གསོ་བྱེད་པ། །ཀྱེ་མ་འདབ་ཆགས་དབང་གིས་འབད་པ་ནི། །གདུག་པས་རྗེས་སུ་འབྲེལ་འདི་རབ་ཏུ་དམན། །བུ་དང་
ཛྱ་མཱ་ནཱ་ཏ་ན་ཡེ་ན་ནེ་ཡཾ་ཛཱི་བ་ཏྱ་བ་ཤྱཾ་ཛི་ན་ནཱི་བི་བཏྶཱ། །ཨ་ཡཾ་ཀུ་མཱ་རཿསུ་ཀུ་མཱ་ར་མཱུརྟྟིརྨྨ་ཡེ་བ་རཀྵྱཿསྭ་ཏ་ནུ་པྲ་དེ་ན། །ཀྵ་ཎཾ་བི་ཙིཾ་ཏྱེ་ཏི་ས་ཏཱ་མུ་བཱ་ཙ་མཱ་ཏརྦྲ་ཛ་ཏྭཾ་ས་སུ་ཏཱ་སྭ་བྷཱུ་མིཾ། །གཙྪཱ་མྱ་ཧཾ་སནྣ་ག་བ་དྷྱ་དྷཱ་མ་པྲ་
བྲལ་བར་གྱུར་པ་བུ་མེད་ཀྱི། །མ་འདི་ངེས་པ་ཉིད་དུ་འཚོ་མ་ཡིན། །གཞོན་ནུ་ཤིན་ཏུ་གཞོན་པའི་ལུས་ཅན་འདི། །རང་གི་ལུས་བྱིན་བདག་གིས་བསྲུང་བར་བྱ། །སྐད་ཅིག་འདི་བསམས་དེ་ཡིས་དེར་སྨྲས་པ། །མ་གཅིག་ཁྱོད་ནི་བུ་བཅས་རང་སར་སོང་། །ཀླུ་དག་གསོད་པའི་གནས་སུ་བདག་མཆི་
ཡཙྪ་ཤོ་ཎཱཾ་ཤུ་ཀ་ཙིཧྣ་མེ་ཏཏ། །ཨི་ཏྱུཀྟ་མཱ་ཏྲེ་པ་ད་ཡེ་ན་ཏེ་ན་སཱ་ཀམྤ་མཱ་ནཱཾ་ག་ལ་ཏཱ་ཏ་མཱུ་ཙེ། །ན་བཱ་ཙྱ་མེ་ཏདྦྷ་བ་ཏཱ་བི་རུ་དྷཾ་ཏྭཾ་ཤཾ་ཁ་ཙུ་ཌཱ་ད་དྷི་ཀཿསུ་ཏོ་མེ། །ཨ་ཧཾ་ཏུ་མོ་ཧོརྨྨི་མ་གཱ་དྷ་སིནྡྷུ་མ་ཤརྨྨ་ཀརྨྨོ་པ་ན་
ཡིས། །གོས་དམར་མཚན་མ་འདི་ནི་བདག་ལ་སྩོལ། །ཞེས་པ་བརྩེ་ལྡན་དེ་ཡིས་བརྗོད་ཙམ་ལ། །ཡན་ལག་འཁྲི་ཤིང་འདར་དེས་དེ་ལ་སྨྲས། །འགལ་བ་འདི་ནི་ཁྱོད་ཀྱིས་བརྗོད་མི་བྱ། །ཁྱོད་ནི་དུང་གཙུག་ལས་ལྷག་བདག་གི་བུ། །བདེ་མེད་ལས་ཀྱི་ཉེར་གནས་གཏིང་མེད་མཚོ། །རྨོངས་པའི་རྦ་རླབས་
Vol. 171 · folio 307a
ཏ་བི་ཤཱ་མི། །ཨ་ཀཱ་ལ་ཡནྟྲོ་པ་ལ་དུཿས་ཧཱ་ནི་དུཿཁཱ་ནྱ་ལཾ་དུཿཀྲྀ་ཏི་ནཱ་པ་ཏནྟི། །སཱ་དྷོ་སུ་དྷཱ་སནྣི་དྷི་རཱ་ཤྲི་ཏཱ་ནཱཾ་ས་ཏྭོ་ད་དྷེཿསྭསྟི་མསྟཱི་ཏ་ནུ་སྟེ། །བྷཱུ་ཡཱཛྫ་གལློ་ཙ་ན་ཛཱི་བ་བྷཱུ་ཏཱ་ཀལྤ་ཀྵ་ཡེ་སྱ་ཀྵ་ཡ་
ལྡན་པར་བདག་འཇུག་གོ། །ཉེས་པ་བྱེད་པ་རྣམས་ལ་སྡུག་བསྔལ་ནི། །དུས་མིན་ཕྱོགས་ཀྱི་རྡོ་བ་བཟོད་དཀའ་ལྷུང་། །དམ་པའི་སྙིང་སྟོབས་ཆུ་གཏེར་ཁྱོད་ཀྱི་ལུས། །འགྲོ་བའི་མིག་དང་སྲོག་གྱུར་བསྐལ་པ་ནི། །འཇིག་ཀྱང་མི་འཇིག་མངོན་སུམ་རྟེན་བྱེད་ཀྱི། །བདུད་རྩི་ཉེ་འདི་
སཱ་ཀྵི་ཎཱི་ཡཾ། །ཨི་ཏྱུ་ཙྱ་མཱ་ནཿས་ཏ་ཡཱ་པྲ་ཡཏྣཱདྦ་དྡྷཱ་ནུ་བནྡྷཿསྭ་ཏ་ནུ་པྲ་དཱ་ནེ། །ཡ་དཱ་བྷ་བནྣིཤྩ་ལ་ཙིཏྟ་བྲྀཏྟི་སྟཾ་ཤཾ་ཁཱི་ཙཱུ་ཌོ་པ་ཏ་དཱ་ཛ་གཱ་ད། །ཏཱརྐྵྱ་སྱ་བྷཀྵྱཱ་བ་ཡ་མཱ་དི་སརྒ་སིདྡྷཱཿཀི་མ་ཏྲ་ཀྲི་ཡ་ཏེ་བི་དྷཱ་ཏུཿ། །མི་
ལེགས་པར་ལྡན་གྱུར་ཅིག །ཅེས་པ་དེ་ཡིས་བརྗོད་ཅིང་འབད་པ་དེས། །རྗེས་སུ་བཅིངས་བྱས་རང་ལུས་སྦྱིན་པ་ལ། །གང་ཚེ་སེམས་སྤྱོད་གཡོ་བ་མེད་གྱུར་པ། །དེ་ཚེ་དུང་གཙུག་གིས་ཀྱང་དེ་ལ་སྨྲས། །མཁའ་ལྡིང་ཟས་སུ་བདག་སྤྲོས་དང་པོར་གྲུབ། །འདི་ལ་བྱེད་པོ་ལ་ནི་ཅི་ཞིག་བྱ། །རྒྱུ་
ཐྱཻ་བ་ནིཿཀཱ་ར་ཎ་བཏྶ་ལ་ཏྭཾ་ན་ཀརྟྟུ་མརྷ་སྱ་པ་དེ་྅ཏྲ་ཙིནྟཱཾ། །ཨི་དཾ་གུ་ཎཱ་ལཾ་ཀ་ར་ཎཾ་བ་སུ་སྟེ་སཾ་པཱུརྞྞ་སཽ་ཛ་ནྱ་སུ་དྷཱ་ནི་དྷཱ་ནཾ། །ཏྲཻ་ལོ་ཀྱ་ཛཱི་བཻ་ར་པི་རཀྵ་ཎཱི་ཡཾ་ཏྱཱ་ཛྱཱཾ་ཏྲྀ་ཎ་སྱཻ་བ་ཀ་ཐཾ་མ་མཱརྠེ། །བྷ་བནྟི་
མེད་མཉེས་གཤིན་དག་ལས་གནས་མིན་འདིར། །ཁྱོད་ནི་ལོག་པའི་བསམ་པ་བྱར་མི་འོས། །ཁྱོད་ཀྱི་ལུས་ནི་ཡོན་ཏན་རྒྱན་དང་ལྡན། །ཚུལ་བཟང་ཡོངས་སུ་རྫོགས་པ་བདུད་རྩིའི་གཏེར། །སྲིད་གསུམ་འཚོ་བ་ཡིས་ཀྱང་བསྲུང་བྱ་འདི། །རྩྭ་མཚུངས་བདག་དོན་ཇི་ལྟར་གཏང་བར་འོས། །སྲིད་པའི་
Vol. 171 · folio 307b
ནི་ཏྱཾ་བྷ་བ་ཀཱ་ན་ནེསྨིནྟསྨདྦི་དྷཿཀཱ་ཤ་པ་ལཱ་ཤ་ཏུ་ལྱཱཿ། །བྷ་བདྦི་དྷ་སྱཱ་མྲྀ་ཏ་སོ་ད་ར་སྱ་ན་པཱ་རི་ཛཱ་ཏ་སྱ་པུ་ནཿཔྲ་སཱུ་ཏིཿ། །པྲ་སཱི་ད་ཛནྨཱནྟ་ར་པུ་ཎྱ་པ་ཎྱཻ་དྲྀཥྚོ་སི་སཽ་ཛ་ནྱ་སུ་དྷཱ་སུ་དྷཱཾ་ཤུཿ། །ཨསྨདྦི་ཥཱ་དེ་
ནགས་ཚལ་འདིར་ནི་བདག་ལྟ་བུ། །ཀ་ཤིའི་འདབ་མ་དང་མཚུངས་རྟག་ཏུ་འབྱུང་། །བདུད་རྩིའི་སྤུན་ཟླར་གྱུར་པ་ཡོངས་འདུའི་ཤིང་། །ཁྱོད་ལྟ་བུ་ནི་ཕྱི་ནས་འཁྲུངས་མ་ཡིན། །སྐྱེ་གཞན་བསོད་ནམས་ཟོང་གི་ཚུལ་བཟང་ཁྱོད། །བདུད་རྩི་བདུད་རྩིའི་ཟེར་མཐོང་དང་བར་མཛོད། །བདག་གི་ཐུགས་
ན་མ་ནཿཔྲ་ཡཱ་སཿསརྦྦཱཏྨ་ནཱ་ཡཾ་བྷ་བ་ཏཱ་ན་ཀཱཪྻཿ། །ག་ཏྭཱརྞྞ་བཱ་བྷྱརྞྞ་ནི་བིཥྚ་མཱུརྟྟིཾ་གཽ་ཀརྞྞ་ཤརྦྦཾ་པྲ་ཎི་པ་ཏྱ་ཏཱུརྞྞཾ། །པཱ་ཏཱ་ལ་གེ་ཧཾ་ཛ་ནི་ནཱཾ་བི་སྲྀ་ཛྱ་གཙྪཱ་ཏི་ཏཱཾ་ཏརྐྵྱ་ཤི་ལ་མ་ཁིནྣཿ། །ཨུཀྟྭེ་ཏི་ནཱ་གཿཔྲ་ཎི་པ་ཏྱ་མཱུརྡྷྣཱ་ཛཱི་
ཁྲལ་དག་གིས་ཡིད་གདུང་འདི། །བདག་ཉིད་ཀུན་གྱིས་ཁྱོད་ནི་ཡོངས་མ་མཛད། །རྒྱ་མཚོའི་དྲུང་དུ་ལུས་བཀོད་གཽ་ཀརྞ། །ཤ་སྦར་མྱུར་དུ་ཕྱིན་ནས་ཕྱག་འཚལ་ཏེ། །མ་ནི་ས་འོག་ཁང་པར་རྣམ་སྤྲིངས་ནས། །མཁའ་ལྡིང་རྡོ་དེར་སྐྱོ་མེད་བདག་མཆིའོ། །ཞེས་བརྗོད་མགོ་ཡིས་སྤྲིན་གྱི་བཞོན་པ་ལ། །
མཱུ་ཏ་བཱ་ཧཾ་ཛ་ན་ནཱི་ས་ཧཱ་ཡཿ། །ཛ་གཱ་མ་གཽ་ཀརྞྞ་ཏ་ཊཾ་མ་ཧཱ་བི་ཏ་རཾ་ག་ཧསྟཱརྤི་ཏ་ཕེ་ཎ་མཱ་ལྱཾ། །བིདྱཱ་དྷ་རཱ་དྷཱི་ཤ་སུ་ཏ་སྟུ་ཏ་ཏྲ་ཏཏྤྲ་ཎི་སཾ་རཀྵ་ཎ་ནིཤྩ་ཡེ་ན། །པྲ་ཛནྡ་དཪྴཱ་རུ་ཎ་པ་ཊ་པཱ་ཎི་མཱ་ཡཱནྟ་མནྟཿཔུ་རི་ཀཾ་པུ་རསྟཱཏ། །
རབ་ཏུ་བཏུད་ནས་ཀླུ་ནི་མ་དང་བཅས། །རྦ་རླབས་ཆེན་པོའི་ལག་པས་དབུ་བའི་ཕྲེང་། །རབ་བཀོད་གཽ་ཀརྞ་ངོས་སུ་སོང་། །རིག་འཛིན་བདག་པོ་དག་གི་བུ་ཡང་དེར། །དེ་ཡི་སྲོག་ནི་རབ་བསྲུངས་ངེས་པ་ཡི། །འགྲོ་བ་མདུན་དུ་ཉུག་རུམ་པ་དག་ནི། །ལག་ན་གོས་དམར་ཐོགས་ནས་འོང་བ་མཐོང་། །
Vol. 171 · folio 308a
ས་ཙཪྻ་ཙཪྻཱཿཔྲ་ཎི་པ་ཏྱ་ཏསྨཻ་ཏ་ཏྲཱ་ཐ་ཏནྨཾ་ག་ལ་པཊྚ་ཡུགྨཾ། །ཨཱ་ག་མྱ་ཏཱ་མུཏྶ་བ་སཔྟ་རཱ་ཏྲ་སྣཱ་ནཱ་ཡ་སཛྫོ་བི་དྷི་རི་ཏྱུ་བཱ་ཙ། །བྷ་དྲ་ཏྭ་མ་གྲེ་བྲ་ཛ་ནིརྦྦ་ལམྦ་མ་བཻ་ཧི་མཱ་མཱ་ག་ཏ་མེ་བ་པཤྩཱཏ། །ཏཱུརྞྞནྟ་
དེ་ནས་ཉུག་རུམ་པ་དེས་ཕྱག་འཚལ་ནས། །བཀྲ་ཤིས་གོས་ཟུང་དེ་ནི་དེ་ལ་ཕུལ། །དགའ་སྟོན་ཞག་བདུན་དག་གི་ཁྲུས་ཀྱི་སླད། །ཆོ་ག་བསྟར་བས་གྱོན་པར་མཛོད་ཅེས་སྨྲས། །བཟང་པོ་སྔོན་ལ་ཁྱེད་སོང་རྗེས་ནས་ནི། །ཐོགས་འགོར་མེད་པར་བདག་འོང་ཤེས་པར་མཛོད། །ཅེས་
མུཀྟྭེ་ཏི་བི་སྲྀ་ཛྱ་ཧཪྵ་ད་ཙིནྟ་ཡཏྶ་ཏྭ་དྷི་ཡཱ་ཀུ་མཱ་རཿ། །དིཥྚྱཱ་མ་ཡཱ་པནྣ་ག་བ་དྷྱ་ཙིཧྣཾ་ས་མཱི་ཧི་ཏཾ་པཱ་ཊ་ལ་པཊྚ་ཡུགྨཾ། །ཡཏྣཱདྦི་ནཱ་བཱཔྟ་མི་དཾ་པྲ་ཛཱ་མི་ཀྵི་པྲཾ་ཤི་ལ་མེ་བ་བྷུ་ཛཾ་ག་ཤ་ཏྲོཿ། །དྷྱཱ་ཏྭེ་ཏི་ཙཱུ་ཌཱ་མ་ཎི་
བརྗོད་མྱུར་དུ་དེ་བཏང་དགའ་བ་ཡི། །གཞོན་ནུ་སྙིང་སྟོབས་བློ་ཡིས་རབ་བསམས་པ། །ཀླུ་དག་གསོད་པའི་རྟགས་གྱུར་གོས་དམར་ཟུང་། །འདོད་པ་འདི་ནི་འབད་པ་དང་བྲལ་བར། །ཨ་ལ་བདག་གིས་ཐོབ་པས་མྱུར་ཉིད་དུ། །ལག་འགྲོ་དགྲ་ཡི་རྡོ་ཅན་འགྲོ་བར་བྱ། །ཞེས་བསམས་གཙུག་གི་ནོར་
དཱིཔྟ་རསྨི་པུཾ་ཛོ་པ་མཾ་མཱུརྡྡྷྣི་ནི་དྷཱ་ཡ་པཊྚཾ། །ཀྲྀ་ཏོ་ཏྟ་རཱི་ཡ་པྲ་ཎ་ཡཿཔ་རེ་ཎ་ས་ཏཱརྐྵྱ་པཱ་ཏཱཾ་ཀ་ཤི་ལཱཾ་ཛ་གཱ་མི། །ཨཱ་སཱ་དྱ་ཏཱཾ་ཤོ་ཎི་ཏ་ཤོ་ཎ་པཱཪྴྭཱ་མཱ་ཤྱཱ་ན་ལཱི་ནཱ་ཧི་བ་ཤཱ་བ་ཥེ་ཀཱཾ། །ཨཱ་རུ་ཧྱ་ཏཱརྐྵྱཱ་ག་མ་
བུའི་འོད་ཟེར་ནི། །རབ་འབར་ཚོགས་མཚུངས་གོས་ནི་སྤྱི་བོར་བཀོད། །གཞན་གྱི་བླ་གོས་དག་ཏུ་ཆགས་བྱས་ཏེ། །མཁའ་ལྡིང་བབས་རྟགས་ལྡན་པའི་རྡོ་ཅན་སོང་། །བརླན་ཆགས་སྦྲུལ་གྱི་ཞག་གི་དྲན་གྱུར་ཞིང་། །ངོས་ནི་ཁྲག་གིས་དམར་བ་དེར་ཕྱིན་ནས། །འཛེགས་ཏེ་མཁའ་ལྡིང་འོང་བ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words