ལུང་སྟོན་པ་ཙནྡྲ་པའི་མདོ

Sanskrit title (Tibetan script, as in the text) ཙནྡྲ་བྱཱ་ཀ་ར་ཎ་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 194 · folio 29a

ལ་ཡང་ནའོ། །གི་རི་ན་དཱི་ལ་སོགས་པ་རྣམས་ཀྱིའོ། །ཀུན་གྱི་མཐའ་དང་ཉེ་བ་དང་དག་ལ་ཡུ་བ་ལ་སོགས་པ་མ་ཡིན་པ་རྣམས་ཀྱིའོ། །ཀུན་ལྡན་པ་ཨཙ་གཅིག་པའིའོ། །དུར་མ་ཡིན་པའི་པྲ་ལ་སོགས་པ་དང་ཨནྚར་ལས་ཎིའོ། །ཧི་ནུ། མཱིན། ཨཱ་ནུའོ། །ནད། ག་ད། པ་ད། པད།

དཱ། དྷཱ། མཱ། བཱ། དི་ཧ། བཧ། ཤམ། ཧན། ཡཱ། སཱ། དྲཱ། པྶཱ། ཙི། བ་པི་རྣམས་ལ་ནིའིའོ། །བསྟན་པ་ལ་དང་པོའི་ཁ་མེད་པ་མཐར་ཥ་མེད་པ་ལ་ཡང་ནའོ། །ཨན་གྱི་མཐའ་ལ་ཡང་ངོ་། །ཧན་གྱིའོ། །བ་མ་དག་ལ་ཡང་ནའོ། །ཨནྟ་ར་ལས་ཨ་ཡ་ནའིའང་ཡུལ་མིན་པ་ལའོ། །སུཔ་

ལ་ཨཙ་ལས་སོ། །ནིརྦྦ་ཎྞའོ། །ཎི་ལས་ཡང་ནའོ། །ཧལ་དང་པོ་ཨིཙ་མཐའ་ཉེ་ལས་སོ། །ཨིཙ་དང་ཧལ་ལས་ནུམ་ལའོ། །ནི། ཀྵ། ནིམ། ས་ནནྡི་རྣམས་ཀྱི་ཡང་ནའོ། །བྷཱ། བྷཱུ། པཱུཉ། ཀ་མི། ག་མི། སྱཱ་ཡཱི། བེབ་རྣམས་ཀྱི་མ་ཡིན་ནོ། །ཥ་ལས་ཚིག་ལའོ། །ཥ་ཀའི་ན་ཤིའིའོ། །མཐའ་ལའོ། །ཙཊུ། ཏུ། ལ། ཤར་བ་ན་ཡོད་

པ་ལའོ། །ཨཱང་མ་ཡཊ་མ་ཡིན་པའི་སུཔ་ཀྱིས་སོ། །ཧའི་གྷ་ཡིས་སོ། །ཀྵུ་བྷཱ་ལ་སོགས་པ་རྣམས་ཀྱིའོ། །སྟུའི་ཤྩུ་དང་ཥྚུ་དག་གིས་དེ་དག་གོ། །ཊུ་ལས་ན་བ་ཏི་ན་ག་རི་དག་མ་ཡིན་པའི་དང་པོའི་མ་ཡིན་ནོ། །ཏུའི་ཥ་ལའོ། །ཤ་ལས་སོ། །ཡར་གྱི་ཉམ་ལ་ཉམ་ཡང་ནའོ། །ཨཙ་ལས་ར་ཧ་ལས་གཉིས་སོ། །ཨཙ་མེད་པ་

ལའོ། །ཡཎ་ལས་མ་ཡའིའོ། །ཤར་ལས་ཁ་ཡའིའོ། །ཁྲོས་ཚིག་ལ་ཨཱ་དི་ནི་དེ་ཕ་རོལ་ལའང་སུཏྲའི་མ་ཡིན་ནོ། །ར་ལས་ཨཙ་ལ་ཤར་གྱིའོ། །རིང་པོ་ལས་སོ། །ཁར་ལ་ཛྷལ་གྱི་ཙར་རོ། །རྫོགས་པ་ལ་ཡང་ནའོ། །ཨཎའི་རྗེས་སུ་སྣ་ལྡན་ནོ། །ཡམ་ལ་རྗེས་སུ་ང་རོའི་ཡམ་མོ། །ཚིག་དང་པོ་ལ་ཡང་ནའོ། །ཏུའི་

ལ་ལའོ། །ཨུཏ་ལས་སྠཱ་སྟམ་བྷ་དག་གི་ཏའོ། །ཧལ་ལས་ཛྷར་ལ་ཛྷར་རྣམས་ཀྱི་མཐུན་པའི་གནས་སུ་དབྱི་བ་ཡང་ནའོ། །ཛྷ་ཡ་ལས་ཧའི་ཛྷ་ཡའོ། །ཨམ་ལ་ཤའི་ཚའོ། །ཤར་ལ་ཙ་ཡའི་གཉིས་པའོ། །སྐབས་དྲུག་པའི་རྐང་པ་བཞི་པ་སྟེ་ལུང་སྟོན་པ་ཙནྡྲ་པའི་སྐབས་དྲུག་པ་རྫོགས་སོ།། །།ལུང་དུ་སྟོན་

པ་ཙནྡྲ་པའི་མདོ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ། །སྐད་གཉིས་སྨྲ་བའི་དབང་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བ་ལས། སླར་ཡང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words