འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ
Sanskrit title (Tibetan script, as in the text) ཨཥྚ་སཱ་ཧ་སྲི་ཀ་པྲྀཏྟི་མཉྫུ་ཤྲཱི་ཤབྡ་བྱཱ་ཀ་ར་ཎ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 194 · folio 142b
༄༅༅།། །།རྒྱ་གར་སྐད་དུ། ཨཥྚ་སཱ་ཧ་སྲི་ཀ་པྲྀཏྟི་མཉྫུ་ཤྲཱི་ཤབྡ་བྱཱ་ཀ་ར་ཎ། བོད་སྐད་དུ། འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་འཇམ་དབྱངས་དང་། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྱག་འཚལ་
ནས་ནི་ཡང་དག་པར། །འཇམ་དཔལ་སྒྲ་ཡི་མཚན་ཉིད་བྱ། །འདིར་སྒྲ་བཟང་པོ་གང་ཡིན་པ་ནི་འཇམ་དཔལ་ལོ། །ལེགས་པ་ཞེས་པ་ནི་གྲགས་པའི་ཆའོ། །དེའི་མཚན་ཉིད་ནི་རང་བཞིན་དང་རྣམ་དབྱེ་ལ་སོགས་པས་ཉེ་བར་བསྟན་པའོ། །རབ་ཏུ་སྦྱོར་བ་འདིའི་དགོས་པ་ནི་ཐམས་ཅད་དུ་འདི་ལས་གཞན་
པས་བྱེ་བྲག་ཏུ་རྟོགས་པར་མི་ནུས་པ་དང་མཆོད་པར་འོས་པ་ལ་སོགས་པའོ། །ཕྱི་མོ་འཇིག་པ་དང་སྐྱེ་བའི་སྐྱོན་གཉིས་ཀྱི་ཕྱིར་འདི་མངོན་པར་འདོད་པ་དེ་ཉིད་མི་འཐད་པ་ཡིན་ནམ་ཞེ་ན། ཉེ་བར་སྦྱར་བ་འདི་ཡི་གེའི་གནས་སྐབས་ལ་ལྟ་བ་དང་ལྷན་ཅིག་པས་འདིའི་ལུས་ལ་སྐྱོན་གྱི་ཆས་ཁྱབ་པ་མེད་པ་དང་
གཞུང་ལུགས་འདིས་དོན་ལ་ཡིད་ཆེས་པར་བྱེད་པས་རྗེས་སུ་བརྟགས་ཏེ་འཐད་པ་ཉིད་དོ། །བརྗོད་པར་བྱ་བ་ཉིད་ཀྱང་དོན་ཇི་ལྟ་བ་ཉིད་ཐུན་མོང་དུ་རྟོགས་པར་བྱ་བ་ཉིད་དོ། །སེམས་ཅན་དོན་གྲུབ་ཕྱིར་དུ་སྟེ་སངས་རྒྱས་དང་བདེ་འབྱུང་གི་སྒྲ་གྲུབ་པའི་ཕྱིར་རོ། །གང་བརྗོད་པའི་སྔགས་ཆེན་པོ་དེ་ཉིད་ཉེ་བར་བསྟན་
པར་བྱ་སྟེ། ཨ་ཨི་ཨུཎ། རྀ་ལྀཀ །ཨེ་ཨོང་། ཨཻ་ཨཽ་ཙ། ཧ་ཡ་ཝ་ར་ལཎ། ཉ་མ་ང་ཎ་ནམ། ཛྷ་བྷཉ། གྷ་ཌྷ་དྷཥ། ཛ་བ་གྷ་ཌ་ད་ཤ །ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་བ། ཀ་པ་ཡ། ཤ་ཥ་སར། ཧལ། དང་པོ་དང་ཨིཏ་ཀྱི་པར་ཡང་སོ་སོར་བསྡུའོ། །བསྟན་བཅོས་འདིར་ཡོངས་སུ་བཤད་པར་བྱ་བ་དང་པོའི་ཡི་
གེ་དང་མཐའི་བར་དུ་གནས་པ་རྣམས་དང་རང་ཉིད་ཀྱང་སོ་སོར་བསྡུ་སྟེ། སོ་སོ་བ་ཡང་འཛིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཨཀ་ནི་འདྲ་བའི་ཡི་གེ་ལ་རིང་པོར་བཤད་དོ། །དཎྜཱ་གྲཾ། ད་དྷཱི་དཾ། མ་དྷཱུཥྞཾ། པ་ཏྲཱི་ཀ་རཿ། མི་ཟད་པ་ནི་སུ་པ་མེད་པ་ལ། ནིཿ་ཤཱི་ཏཾ་དེ་རྣམས་ཀྱང་། ཨཎ། ཨཀ ། ཨིཀ ། ཨུཀ།
ཨེང་། ཨཙ། ཨིཙ། ཨེཙ། ཨཻཙ། ཨཎ། ཨིཎ། ཡཎ། ཨམ། ཡམ། ཉམ། ངམ། ཛྷཥ། བྷཥ། ཨཤ །ཧཤ། །བཤ །ཛཤ །ཛྷཤ །བཤ །ཚབ། ཡཡ། མ་ཡ། ཛྷར། ཁ་ཡ། ཙཡ། ཡར། ཛྷར། ཁར། ཙར། ཤར། ཨལ། ཧལ། ཝལ། རལ། ཛྷལ། ཤལ། གཅིག་
Vol. 194 · folio 143a
དང་གསུམ་དང་དེ་བཞིན་གཅིག །བཞི་དང་གསུམ་དང་བཞི་དང་ནི། །གཅིག་གཉིས་དྲུག་དང་དེ་བཞིན་གཅིག །ལྔ་དང་ལྔ་དང་དྲུག་ཉིད་དོ། །མན་ངག་ཇི་བཞིན་ཎ་ཡིག་སོགས། །གཟུང་བྱ་ཡི་གེའི་གོ་རིམས་བཞིན། །སོ་སོར་སྡུད་དོ་དེ་ཡང་ནི། །འདིར་ནི་བཞི་བཅུ་རྩ་གཉིས་
བརྗོད། །གཞན་དུ་ན་སུབ་དང་ཏིང་ལ་སོགས་པ་རྣམས་ལྷག་པ་དང་ཆེན་པོ་དང་ཡི་གེ་དུ་མ་བརྗོད་པས་སོ་སོར་ཉུང་ངུས་རབ་ཏུ་འཇུག་སྟེ། བསྟན་བཅོས་ཀྱི་སྒྲ་ལས་གྲུབ་བོ། །ཨཀ་ཤི་འདྲ་བའི་ཡི་གེའོ། །འདིར་ཡོད་པའི་ཀ་ཡིག་ནི་ཉེ་བར་མ་བསྟན་པ་རིགས་མཐུན་པའི་ཡི་གེ་དང་རང་ཉིད་ཀྱང་འཛིན་པར་
འགྱུར་རོ། །ཨ་ལས་ཡོན་ཏན་དང་དེ་དག་གཅིག་གོ་ཞེས་འཆད་དོ། །ཏ་བོ་ད་ཀཾ། ཁ་ཊྭོ་ཧ་ཏེ། ཨཏ་ཅེས་པ་ཅི་ཞེ་ན། ཨཏ་ལས་བྷིས་ཨཻ་སའོ། །ཁ་ཊྭཱ་བྷིཿ། རིགས་གསལ་བར་བསྟན་པ་ཉིད་ཀྱིས་རིགས་མཐུན་པ་སྨོས་པ་གྲུབ་པ་ལ་གསལ་བའི་དོན་དུ་ཚིག་སྨོས་སོ། །ཨཙ་རྣམས་ཀྱི་ཆོ་གའོ། །ཨཙ་
རྣམས་ཀྱི་གནས་ལ་སྒྲུབ་པ་ཉིད་དེ་ཨཎ་ཡིས་འདྲ་བའི་ཡི་གེ་འཛིན་པར་འགྱུར་རོ། །ཨ་མཱུཿ། ཨ་མུ་ཥྱ། དབྱངས་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨ་སྱ། སན་དང་ཨཱ་ཤནྶ་བྷི་ཀྵ་ལས་ཨུའོ། །བྷི་ཀྵུཿ། ཨཊ། ཨ་བྷ་བཏ་ཨིཊ། བྷ་བི་ཏ་བྱཾ། ཨུཏ་ཀྱི་ཚོགས་སོ། །ཙ་ཡ། ཨུ་ཡིག་གིས་ཉེ་བར་མཚོན་པས་འདྲ་བའི་
ཡི་གེ་འཛིན་པར་འགྱུར་རོ། །ཙུའི་ཀུའོ། །བ་ལི་བྷུཀ །ཁྱད་པར་བྱེད་པ་མཐའིའོ། །གང་བྱིངས་ཀྱི་དང་པོའི་ཁྱད་པར་ཉེ་བར་གཟུང་བའི་བྱ་བ་སྒྲུབ་པ་དེ་དང་དེ་ནི་མཐའ་ཉིད་དུ་རིག་པར་བྱ་སྟེ། ཨི་ལས་ཨཙ་ཞེས་འཆད་དོ། །ཨི་ལས་ཞེས་པ་བྱིངས་ཀྱི་ཁྱད་པར་ཉེ་བར་བཟུང་བ་ཨ་ཙའི་ཆོ་ག་དེ་མཐའ་ཉིད་དུ་འགྱུར་
རོ། །ཙཡའི་ཛ་ཡའོ། །དེ་བཞིན་དུ་ཨཏ་ལས་ཨི་ཉའོ། །དཱཀྵིཿ། པླཱཀྵིཿ། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ཡང་སྦྱོར་བ་པོའི་སྐྱེས་བུ་ལ་རག་ལས་པའི་ཕྱིར་རོ། །སྦྱོར་བ་པོ་ཡང་མཚོན་བྱེད་ཀྱི་གནས་དང་མཐུན་པ་གང་ཡིན་པ་ཁྱད་པར་ཉིད་དུ་རྟོགས་པར་བྱ་སྟེ། །དེ་ཉིད་ཀྱི་ཕྱིར་དེའི་མཐའ་སྨོས་ཀྱི་གཞན་ནི་
མ་ཡིན་ནོ། །དཔེར་ན་ན་ཊ་སོགས་ལས་ཕག་འོ། །ན་ཌ་ཡ་ནཿ། འདིར་ནི་མི་འགྱུར་ཏེ། སཽ་ཏྲ་ནཱ་ཌིཿ། གཉིས་ཉིད་ནི་བསྟན་བཅོས་ཀྱི་ཁྱད་པར་ལས་འབྱུང་ངོ་། །ཡང་ན་དེ་ཡི་གེའི་ཕྱི་མོའི་སྤྱིའི་བདག་ཉིད་དོ། །དེ་ལ་ཡི་གེའི་ཕྱི་མོ་འབའ་ཞིག་གི་སྦྱོར་བ་མེད་པས་ཁྱད་པར་ངེས་པ་ཉིད་ཀྱི་ཕྱིར་དེའི་མཐའོ། །དེ་ཉིད་
Vol. 194 · folio 143b
ཀྱི་ཕྱིར་ཡོངས་སུ་བཤད་པའི་འབྲས་བུ་ནི་ཡི་གེ་སྨོས་པ་ན་ཐམས་ཅད་དུ་དེའི་མཐའི་ཆོ་གའོ་ཞེས་བཤད་པར་བྱའོ། །ཚིག་གི་ཁྱད་པར་ཉིད་ནི་འདོད་ལ་རག་གོ། །དགོས་པའི་དབང་གིས་དེ་ལས་གཞན་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱེད་པ་མ་ཡིན་ནོ། །ཙའི་སྒྲ་སྨོས་པའི་ཡན་ལག་དང་ལྡན་པས་དེའི་
མཐའི་ཆོ་ག་ཞེས་བརྗོད་པར་མི་བྱའོ། །རྐྱེན་སྨོས་པ་ལ་ནི་དེ་མེད་པ་ཉིད་ཀྱིས་དེའི་མཐའ་ཉིད་དོ། །དེའི་ཕྱིར་ཁྱད་པར་མེད་པར་བརྗོད་པར་བྱའོ། །རྐྱེན་བཟུང་བ་ལ་གང་ལས་དེ་ལ་བྱས་པ་དེའི་དང་པོ་ལས་དེའི་མཐའ་བཟུང་བ་ཡིན་ནོ། །ཨིནྡ་ལ་སོགས་པའི་རྐྱེན་གྱིས་དོན་དང་ལྡན་པའི་རྐྱེན་གྱི་ཆ་ཤས་
དང་དོན་མེད་པ་ཅན་གྱི་ཆ་ཤས་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་དེའི་མཐའ་ཐུན་མོང་བ་བཟུང་བར་བཤད་དོ། །རྐྱེན་ཡོངས་སུ་བཤད་པ་ལས་འབྲས་བུ་ཁོ་ན་མཐའ་ཞེས་སོ། །ཨལ་སྨོས་པ་ལ་ཆོ་ག་གང་ཡིན་པ་དེའི་དང་པོ་ལའོ། །གང་ལ་ཕ་རོལ་ལས་ཅུང་ཟད་སྒྲུབ་པར་བྱེད་པ་ཨལ་ཙམ་གྱིས་ཉེ་བར་
བསྟན་པ་དེ་དང་པོའི་བྱ་བར་འགྱུར་ཏེ། ཁྱད་པར་དུ་བྱེད་པ་མཐའི་ཞེས་པ་འདིའི་དམིགས་བསལ་དུ་བཤད་དོ། །བྱིངས་ཤྣུ་བྷཱུ་རྣམས་ཀྱི་ཡ་ཝ་དག་ཨཙ་ལ་ཨི་ཡ་ཨུ་ཝ་དག་གོ། །ཤྲི་ཡཿ བྷྲུ་བཿ ཡལ་སྨོས་པ་ཅི་ཞེ་ན། མཱ་ཏྲྀ་པུ་ཏྲ། བདྷྭོ་ཞེས་པ་འདིར་ཨལ་མི་འགྱུར་བའོ། །བདུན་པ་ལས་སྔོན་མའི་འོ། །
འདིར་གང་བདུན་པའི་མཐའ་ཡིས་ཉེ་བར་ཟིན་པ་དེ་ལས་སྔོན་མའི་སྒྲུབ་པར་རིག་པར་བྱ་སྟེ། ཨིཀ་ནི་ཨལ་ཙ་ཆལ་ཡ་ཎའོ་ཞེས་འཆད་པར་བྱེད་དོ། །ད་དྷཱུ་ད་ཀཾ། མ་དྷཱི་དཾ། རྒྱུ་མཚན་གྱི་དངོས་པོ་ཡོད་པ་མ་ཡིན་པར་མཚུངས་པའི་ཕྱིར་གཞན་ལ་ཡང་འགྱུར་རོ་ཞེས་པ་ངེས་པའོ། །ལྔ་པ་ལས་ཕ་རོལ་གྱིའོ། །
འདིར་གང་ལྔ་པའི་ཀེ་མཐའ་ཡིས་ཉེ་བར་ཟིན་པ་དེ་ལས་ཕ་རོལ་གྱི་སྒྲུབ་པར་རིག་པར་བྱ་སྟེ། མང་པོའི་ཚིག་ལ་ཝས་ནས་དག་གོ་ཞེས་འཆད་པར་བྱེད་དོ། །གྲཱ་མོ་ཝཿསྭ། འདིར་མི་འགྱུར་ཏེ། ཡུཥྨཱ་ཀཾ་གྲཱ་མཿ སྭཾ། ཕྱོགས་བརྗོད་པའི་མཚན་ཉིད་ཀྱི་ལྔ་པ་ལ་སྔོན་མའི་ཡང་འགྱུར་བ་ལས་ཕ་རོལ་ཉིད་དུ་ངེས་
པའི་ཕྱིར་འདིའོ། །དང་པོའི་འོ། །དེ་མ་ཐག་པའི་མདོ་ཡིས་ཕ་རོལ་དྲུག་པས་བསྟན་པའི་བྱ་བ་ལ་སློབ་པ་ན་དང་པོར་རིག་པར་བྱ་སྟེ། དྭིའི་མཐའ་དང་པྲ་ལ་སོགས་པའི་ཨཱར་མིན་པ་ལས་ཨབ་ཨཱིཏའོ། །དྭཱི་པཿ། ས་མཱི་པཿ། ཨནྟ་རཱི་པཿ། མཐའིའོ་ཞེས་པ་འདིའི་དམིགས་ཀྱིས་བསལ་བའོ། །དེས་ན་
Vol. 194 · folio 144a
གང་ཨལ་གཅིག་བསྟན་པས་མཐའི་ཨལ་ཐོབ་པ་སྟེ་དང་པོའི་ཨལ་གྱི་སྒྲུབ་པའོ། །མཐའི་འོ། །གནས་ཅན་གྱི་བྱ་བ་སྒྲུབ་པ་ནི་མཐའི་ཡིན་པར་བྱ་སྟེ། ཨཥྚན་གྱི་སུཔ་ལ་ཨཱཏ་ཡང་ནའོ། །ཨཥྚ་བྷིཿ། འདིར་གནས་ཅན་ཉིད་ཀྱིས་བསྟན་པས་མཐའི་ཚིག་གམ་ངག་ཏུ་མི་འགྱུར་བས་
ཨལ་ཉིད་ཉེ་བར་གནས་སོ། །དེ་ལས་ཨ་ན་ཊུ་ཧའི་ཞེས་པ་འདིར་ཡང་ཨ་ན་ཊུ་ཧའི་སྒྲ་ཉིད་ཐོས་པ་ནི་གནས་ཅན་ཉིད་དོ། །ཁྱད་པར་དུ་མི་བྱེད་པ་ནི་མཆོག་གི་སྒྲར་ཡང་རྗེས་སུ་དཔག་པའི་ཕྱིར་རོ། །ངིར་ཀྱང་ངོ་། །ང་ཡིག་འགྲོ་བ་གང་ཡིན་པ་ཡང་མཐའི་སྒྲུབ་པར་འགྱུར་ཏེ། རྀཏ་ཨུ་ཤ་ནས་པུ་རུ་དཾ་ཤས་
ཨ་ནེ་ཧས་རྣམས་ཀྱིས་སུ་ལ་ཨ་ནང་འོ་ཞེས་འཆད་པར་བྱེད་དོ། །ཨུ་ཤ་ནཱ། པུ་རུ་དཾ་ཤཱ། ཧིང་དང་ཏཱ་ཏང་དག་གི་ང་ཡིག་འགྲོ་བ་བྱས་པ་ནི་ཡོན་ཏན་དགག་པའི་དོན་ཏོ། །ཏི་ཧི་དག་གི་ཞེས་བྱས་ནས་ཨེ་རྗེས་སུ་འཇུག་པ་ཉིད་ཀྱིས་གྲུབ་པ་ལ་ང་འགྲོ་བ་བྱེད་པ་ནི་དོན་མེད་པ་ཅན་ནོ། །ཨའི་ཎལ་དང་ཤིཏ་
ཨལ་གཅིག་མིན་པ་ཐམས་ཅད་ཀྱིའོ་ཞེས་པ་འདིའི་དམིགས་བསལ་ལོ། །ཨའི་ཎལ་དང་ཤིཏ་ཡལ་གཅིག་མ་ཡིན་པ་ཐམས་ཅད་ཀྱིའོ། །ཨ་ཡིག་བསྒྱུར་བའི་ཎལ་དང་ཤ་ཡིག་འགྲོ་བ་གང་ཡིན་པ་ཨལ་གཅིག་མ་ཡིན་པ་འདི་ཐམས་ཅད་ཀྱི་གནས་ལ་རིག་པར་བྱ་སྟེ། བྷཱུ་ལས་ཨཏ་ཅེས་འཆད་པར་བྱེད་
དོ། །བ་བྷཱུ་བ་ཡཱུ་ཡཾ། ཛ་གཱ་ད། ཛས་ཐམས་ཅད་ཤིའོ། །ཨསྟི་བྲཱུ་དག་གི་བྷཱུ་བ་ཙི་དག་གོ། །བྷ་བི་ཏཱ། བཀྟཱ། ཊྐཏ་དང་པོ་ཐ་མ་དག་གོ། །ཊ་འགྲོ་བ་དང་ཀ་འགྲོ་བ་དག་གི་བསྒྲུབ་པའི་བྱ་བ་ནི་དང་པོ་དང་ཐ་མ་དག་ལ་རིག་པར་བྱ་སྟེ། ཕྱེད་དུ་འགྲོ་བའི་ཨིཏ་བལ་དང་པོའི་ཞེས་འཆད་པར་བྱེད་དོ། །ལུང་ལི་ཊ་
དག་ལ་བྷཱུ་ལས་བུ་ཀའོ། །བ་བྷཱུ་བ་མི་ཏ་ཨཙ་མཐའ་ལས་ཕ་རོལ་ལོ། །མ་ཡིག་འགྲོ་བ་གང་ཡིན་པ་དེའི་བྱ་བ་ནི་ཨཙ་རྣམས་ཀྱི་བར་དང་མཐའི་ཨཙ་ལས་ཕ་རོལ་དུ་རིག་པར་བྱ་སྟེ། མ་ནིང་ལ་ཨཙ་ལས་ཛྷ་ལའོ་ཞེས་འཆད་པར་བྱེད་དོ། །པ་ཡཱནྶི། ཨ་སུ་པ་ཏ་པ་ཙ་རྣམས་ལ་ཐུག་སུམ་ཨུམ་རྣམས་སོ། །ཨ་
བོ་ཙ་ཏ། མ་ངེས་པ་དྲུག་པའི་གནས་ཉིད་ལའོ། །འདིར་འབྲེལ་བའི་ནང་གི་རྒྱུ་མཚན་ཉིད་ཀྱིས་མ་ངེས་པ་དྲུག་པའི་གནས་ནི་འབྲེལ་པར་རིག་པར་བྱ་སྟེ། གོ་ཧའི་མཐའི་ཉེའི་ཨུཏའོ་ཞེས་འཆད་པར་བྱེད་དོ། །ཨུ་པ་གཱུ་ཧ་ཏི། འདིར་གོ་ཧ་ཞེས་པ་མཐའ་ཉེའི་ཆ་ཤས་དང་འབྲེལ་པའི་དྲུག་པ་མཐའ་ཉེ་ནི་སླར་ཡང་
Vol. 194 · folio 144b
ཨཱུཏ་དང་ལྷན་ཅིག་འབྲེལ་པ་མ་ངེས་པས་གནས་དང་ལྡན་པ་ཉིད་དྲུག་པར་བསྟན་ནོ། །གནས་ཀྱི་སྒྲ་ཡང་འདིར་ཡུལ་བརྗོད་པ་སྟེ། ཡུལ་ཡང་རང་བཞིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡུལ་ལོ་ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་ཅི་ལྟར་འབྲེལ་བའི་གནས་ལ་དྲུག་པ་རྣམ་པར་རྟོག་པའི་དབྱེ་བ་ལས་སོ། །
སྭ་རཱུ་པ་བཱན་གྷ་ཊ་ཞེས་པ་འདིར་ཡང་རང་བཞིན་འབྲེལ་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། ཨཱ་ཀྲཱནྟོ྅ནྱ་དེ་ཤའཾ། ཨཱ་ཀྲཱནྟཱ་ནྱ་དེ་ཤ་ནི་ཡུལ་ལོ། །གནས་ཀྱི་སྒྲ་ནི་འདིར་ཐལ་བ་བརྗོད་པ་སྟེ། ཇི་ལྟར་རྩྭ་དརྦྷ་རྣམས་ཀྱི་གནས་སུ་ཐལ་བ་ལ་འདམ་བུ་རྣམས་བསྟིང་བའོ། །དེ་བཞིན་དུ་འདིར་ཡང་ཨསྟི་སོགས་སུ་ཐལ་
བ་ལ་བྷཱུ་སོགས་རྣམས་སོ་ཞེས་གཞན་དག་གོ། །དེ་མི་རིགས་ཏེ། གཅིག་གི་ཚིག་ལ་སོགས་པ་རྣམས་ཀྱང་ཏིབ་ལ་སོགས་པར་ཐལ་བ་བསྒྲུབས་པ་ལས་ཏིང་བསྒྱུར་བ་ཉིད་དུ་ཡང་འགྱུར་རོ། །དེ་ཕྱིར་པཏི་དང་པིཏ་མ་ཡིན་པའི་བྱ་བ་རྣམ་གྲངས་ཀྱིས་འགྱུར་རོ། །ལུང་ལ་ལྟོས་པས་ནི་དྲུག་པ་ཡན་ལག་དང་
ཡན་ལག་ཅན་གྱི་འབྲེལ་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ལས་དང་ལྡན་པ་ནི་ཡན་ལག་ཅན་ཉིད་ཀྱིས་རྟོགས་པར་བྱའོ་ཞེས་པ་ལུང་ངོ་། །དེ་སྐད་བརྗོད་པ་ཉིད་ཀྱང་དེའི་ཡན་ལག་ཉིད་ཁོ་ནའོ། །ཨིཥྚཾ་དགག་པ་དང་བྲལ་བ་ལའོ། །བལ་དགག་པ་མེད་པར་མཚུངས་པ་ནི་དགག་པ་དང་བྲལ་བའོ། དེ་ཡང་གཉིས་ཀྱི་
གོ་སྐབས་དང་བཅས་པ་དང་གོ་སྐབས་མེད་པ་དག་ལས་གཅིག་ཏུ་ཐལ་བ་ལ་ཡོད་པར་འགྱུར་རོ། །དེ་ལ་དགག་པ་དང་བྲལ་བར་འདོད་པ་དེ་རབ་ཏུ་འཇུག་གོ། །དཔེར་ན་བྷྱས་ལ་ཨེ་ཉིད་དང་ཨཱ་ཉིད་དག་ལས་ཨེ་ཉིད་དེ། བྲྀཀྵེ་བྷྱཿ། འདིར་ཚིག་དོན་གཉིས་ནི་རིགས་དང་བསལ་བའོ། །དེ་ལ་རིགས་ལ་ནི་
འདོད་པ་བཞིན་དུ་ནི། རང་གི་ཡུལ་ལ་ཡོངས་སུ་རྫོགས་པར་འདོད་པ་ལ་ཞེས་པས་གཉིས་པ་དག་གི་གོ་སྐབས་དང་བཅས་པ་གཉིས་ཀའི་སྣོད་ཀྱི་ཡུལ་ལ་སྒྲུབ་པ་མེད་པ་ལ་ཐོབ་པར་ཡོངས་སུ་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདིའི་འབྲས་བུས་དགག་པ་དང་བྲལ་བ་སྟེ་གང་དགག་པ་དེ་བཀག་པ་ཉིད་དོ་
ཞེས་བརྗོད་པར་བྱའོ། །བསལ་བ་ལ་ནི་སླར་ཡང་གོ་སྐབས་མེད་པ་དག་རྣམ་གྲངས་གཅིག་སྒྲུབ་པ་ལ་འདོད་པ་སྡེ་དང་པོ་འཇུག་པའི་དོན་དུ་གང་གིས་དང་པོ་འཇུག་པས་འདོད་པ་གྲུབ་པ་ཡིན་ནོ། །དེ་འདོད་པ་ཉིད་ཀྱི་ཕྱིར་དང་པོ་འཇུག་ལ་ཕྱིས་གཞན་ནོ། །འདིར་ཡང་འབྲས་བུ་ཡོངས་སུ་བཤད་དེ། སླར་ཡང་
Vol. 194 · folio 145a
ཐལ་བ་མི་ཤེས་པས་གྲུབ་བོ། །དཔེར་ན། བྷིནྡྷ་ཀི་ཞེས་པ་འདིར་དྷིའི་ངོ་བོའི་བྱ་བ་ལ་ཕྱི་ནས་ཨཀའོ། །ཨི་ཡ་རུ་ཞེས་པ་འདིར་ཀྲྀཏ་ལ་ཡཎ་གཉིས་པ་བརྗོད་པའོ། །སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་དང་རྟག་པ་དང་མི་རྟག་པ་དང་ནང་གི་ཡན་ལག་དང་ཕྱིའི་ཡན་ལག་རྣམས་ལ་བལ་
མ་བཀག་པར་མཚུངས་པའི་ཕྱིར་འདིའི་ཡུལ་ལ་ཨིཊ་བལ་དང་འདྲ་བ་ཁོ་ནར་འགྱུར་རོ། །ཨིཏ་འགྲོ་བ་བྱ་བའི་དོན་ཏོ། །འདིར་ཨིཏ་ནི་བྱ་བའི་དོན་གྱི་ཡི་གེ་གང་ཡིན་པ་སྟེ། རྟགས་ཀྱི་དོན་དང་བརྗོད་པའི་དོན་ཡང་མ་ཡིན་ནོ། །དེ་འགྲོ་བ་ཞེས་རིག་པར་བྱ་སྟེ། ཌུ་འགྲོ་བ་ལས་ཀྟྲིའོ། །པཀྟྲི་མ། ཌུ་འགྲོ་
བ་ལས་ཨ་ཐུ་ཙའོ། །ཤྭ་ཡ་ཐུཿ། ཏཱ་ཏང་། ཛུ་ཧུ་ཏཱཏ། ཨིཏ་སྨོས་པ་ཅི་ཞེ་ན། ཨགྣི་ཙིདྦྲཱཧྨ་ཎཱི་ཞེས་པ་འདིར་ནུཾ་དང་དཱིཔ་དག་ཏུ་ཐལ་བ་ལ་ཡཱ་ཏཱཾ། ངེས་པ་མེད་པ་ཉིད་ཀྱིས་ལྡོག་པ་ཉེ་བར་བསྟན་པའི་གནས་སྐབས་སུ་ཨུཀ་འགྲོ་བ་ཉིད་ལྡོག་པའི་ཡུལ་ཉིད་ཀྱིས་གཙོ་བོའི་ཕྱིར་རོ། །མི་བདེན་པར་
བཤད་པ་ནི་དོན་གྱི་ཤུགས་ཀྱིས་བསྒྲུབས་པ་ཉིད་ཀྱིས་འདི་སུན་ཕྱུང་ངོ་། །གནས་སུ་ཆེས་གཞན་ནོ། །མང་པོ་རྣམས་སུ་མ་ངེས་པ་བསྒྱུར་བ་ལ་གནས་སུ་ཆེས་འདྲ་བ་ཉིད་དུ་འགྱུར་རོ། །ཨཀ་ནི་འདྲ་བའི་ཡི་གེ་ལ་རིང་པོའོ་ཞེས་འཆད་དོ། །ལ་ཏཱ་གྲཾ། དེ་ཡང་མགྲིན་པ་དང་མཆུ་དང་རྐན་ལ་སོགས་པ་ལས་
སྐྱེས་པའི་དབྱངས་རིང་པོ་ཉིད་ལ་མགྲིན་པའི་གནས་ལ་མགྲིན་པ་ལས་སྐྱེས་པ་དང་ཆེས་འདྲ་བ་ཉིད་དུ་འགྱུར་རོ། །ཨ་མཱུ་ཨ་མུཥྨེ་ཞེས་པ་འདིར་ཕྱི་མོ་གཉིས་པ་དང་ཕྱི་མོ་གཅིག་པ་དག་གི་གནས་སུ་ཕྱི་མོ་གཉིས་པ་དང་ཕྱི་མོ་གཅིག་པ་དག་ཉིད་དེ། ཕྱི་མོ་གཅིག་པ་མ་ཡིན་ཞིང་ཕྱི་མོ་གསུམ་པ་ཡང་མ་
ཡིན་ནོ། །གནས་སུ་ཞེས་པ་ཅི་ཞེ་ན། ཙེ་ཏཱ། སྟོ་ཏཱ། གནས་ཀྱི་དོན་ནི་ཡོན་ཏན་གྱི་ཚད་རྣམས་ལ་གནས་གཞན་ཇི་ལྟ་བར་འགྱུར་རོ། །ཚད་གཞན་ལས་ཨ་ཡིག་ཏུ་མི་འགྱུར་རོ། །ཏ་མས་སྨོས་པ་ཅི་ཞེ་ན། མང་པོ་རྣམས་ལས་ཆེས་གཞན་པ་ལ་ཏ་མས་ཇི་ལྟ་བ་བཞིན་འགྱུར་རོ། །བཱགྦྷ་ས་ཏི། ཏྲིཥྚུབྦྷ་
ས་ཏི། ཡི་གེ་རྣམས་ཀྱི་ཡི་གེ་ལས་ཆེས་གཞན་པ་ནི་སློབ་མའི་མདོར་རྟོགས་པར་བྱའོ། །ཨེ་ཙའི་ཐུང་ངུ་ནི་ཨིཀའོ། །ཨེ་ཙའ་ཐུང་ངུར་བསྒྱུར་བ་ནི་ཨིཀ་ཉིད་དུ་འགྱུར་ཏེ། ཐུང་ངུའི་ཡན་ལག་གིའོ་ཞེས་འཆད་དོ། །ཨ་རི་རི། ཨ་ཏི་ནུ། འདིར་ཡང་མགྲིན་པ་དང་རྐན་ལས་བྱུང་བ་དག་གི་མགྲིན་པ་ལས་
Vol. 194 · folio 145b
བྱུང་བའི་ཨ་ཡིག་ཏུ་ཡང་འགྱུར་རོ། །དེ་བཞིན་དུ་མགྲིན་པ་ལས་བྱུང་བ་དང་མཆུ་ལས་བྱུང་བ་ཡང་ངོ་། །མ་བསྟན་པ་དབྱི་བ་དང་འཇིག་པ་དང་ཤྣུ་དབྱི་བའོ། །བསྒྱུར་བ་མ་བསྟན་པ་དབྱི་བ་ལ་སོགས་པའི་མིང་ཅན་དུ་འགྱུར་ཏེ། རཱ་ཛཱ། བྷ་བཱན། ཨརྟི། ཛུ་ཧོ་ཏི། ཛ་ན་བ་དེ་ལུ་པ། རྟགས་རྣམས་སོ། །
དབྱི་བ་ལ་སོགས་པ་བསྟན་པ་ནི། ཡན་ལག་གི་ཚིག་གི་ནའི་འོ། །ཨ་ཧན་གྱི་ན་དབྱིའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །རྐྱེན་བསྟན་པ་ལ་དེའི་མཚན་ཉིད་དོ། །རྐྱེན་བསྟན་པ་ལ་བྱས་པ་ནི་དེའི་མཚན་ཉིད་ཀྱི་བྱ་བར་འགྱུར་ཏེ། གོ་མཱན། ཨི་ཥུ་ལ་ནུམའོ། །ཨགྣི་ཙི་ད་ཏྲ། ཨ་ཧནྡྲ་མེ། སུཔ་དང་
ཏིང་གི་མཐའ་ཉིད་ཀྱི་ཕྱིར་ཚིག་ཉིད་དོ། །ཨ་ཏྲྀ་ཎེ་ཊ། ཧལ་དང་པོ་ལ་ཏྲྀ་ཎ་ཧ་ཨི་མའོ། །གཙོ་བོ་དང་ཕལ་པ་དག་ལས་གཙོ་བོའི་བྱ་བ་བསྟན་པའི་ཕྱིར་རྐྱེན་གཅིག་བསྟན་པས་མ་བསྟན་པར་མི་འགྱུར་ཏེ། ཨཱགྷྣཱི་ཏ་ཞེས་པ་འདིར་སཱི་ཡུཊའི་ས་ཡིག་ཛྷལ་ཉིད་ཡིན་པའི་ཕྱིར་དེའི་མཚན་ཉིད་མ་བསྟན་པ་ལ་
རྗེས་སུ་ང་རོ་དབྱི་བར་མི་འགྱུར་རོ། །དེའི་མཚན་ཉིད་ཅེས་པ་ཅི་ཞེ་ན། རཱ་ཡཿ། ནོར་གྱི་རིགས་ནི། རཻ་ཀུ་ལ། བ་ལང་ལ་ཕན་པ་ནི། གོ་ཧི་ཏཾ། ཨཱ་ཡ་ཨཱ་བ་དག་ཏུ་བསྒྱུར་བ་ནི་ཡི་གེ་ལ་བརྟེན་པ་ཡིན་གྱི་རྐྱེན་ལ་བརྟེན་པ་དག་ནི་མ་ཡིན་ནོ། །མུ་མ་ཏཱ་རང་བཞིན་ལས་མ་ཡིན་ནོ། །ལུ་མ་ཏཱའི་སྒྲ་ཡིས་བྱས་པ་
མ་བསྟན་པ་ལ་རང་བཞིན་ལས་རྐྱེན་གྱི་མཚན་ཉིད་ཀྱི་བྱ་བར་འགྱུར་བ་མ་ཡིན་ནོ། །མྲྀཥྚཾ་ཛུ་ཧུ་ཏཿ། གརྒཱཿ། ཤཔ་ལ་ཡཉ་ལའང་ཡོན་ཏན་དང་ཕེལ་བར་མི་འགྱུར་རོ། །རཱ་ཛ་པུ་རུ་ཥཿ། ངས་ལ་བྷཱི་མིང་མི་འཇུག་གོ། །རང་བཞིན་ལས་ཞེས་པ་ཅི་ཞེ་ན། པཉྩ་པཱ་མ་པ་ཡཿ། སྤྱིའི་ཚིག་ཉིད་འགྱུར་
བ་ཉིད་དོ། །སུ་པ་ལས་ཕྱི་མའི་ཚིག་ནི་ཚིག་དང་པོ་མིན་པའི་སྒྲུབ་པ་ལའོ། །སུཔ་ལས་ཕྱི་མའི་ཚིག་གི་ལུ་མ་ཏཱའི་སྒྲ་ཡིས་བྱས་པ་མ་བསྟན་པ་ལ་དེའི་མཚན་ཉིད་ཀྱི་བྱ་བར་མི་འགྱུར་རོ། །པ་ར་མ་བཱ་ཙཽ། པ་ར་མ་ཤྭ་ལི་ཧཱ། པ་ར་མ་གོ་དུ་ཧཽ། པ་ར་མ་དཎྜི་ནཽ། བསྡུ་བའི་མཐའ་འཇུག་པའི་སུཔ་འཇིག་པའི་
ཚིག་མཐའ་ལ་ཀུ་ཉིད་དང་གྷ་ཉིད་དང་ཌྷ་ཉིད་མི་དབྱི་བ་ཐོབ་པ་ལ་དེའི་དམིགས་བསལ་གྱི་དོན་གྱི་ཚིག་གོ། །ཚིག་དང་པོ་མིན་པའི་སྒྲུབ་པ་ལ་ཞེས་པ་ཅི་ཞེ་ན། ད་དྷི་སེ་ཙ་ཀཽ། ཚིག་དང་པོ་དང་མཐའ་མ་དག་ལ་མ་ཡིན་པ་ཞེས་པས་ཥ་ཉིད་དགག་པ་ཇི་ལྟ་བ་བཞིན་འགྱུར་རོ། །ཨ་ཙའི་མཐའ་དང་པོ་ནི་
Vol. 194 · folio 146a
ཊིའོ། །ཨཙ་རྣམས་ཀྱི་བར་དང་མཐའ་དག་དང་ཨཙ་དེའི་དང་པོ་ནི་ཊིའི་མིང་དུ་འགྱུར་རོ། །ཊི་རབ་ཏུ་བསྟན་པ་ནི། ཊི་ལས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །པ་མེད་པའི་དཱ་དྷཱ་དག་དྷིའོ། །པ་ཡིག་དང་བྲལ་བའི་དཱ་དྷཱ་དག་དྷིའི་མིང་ཅན་དུ་འགྱུར་ཏེ། དཱཉ། དཱཎ། དོ། དེཉ།
དྷཱཉ། དྷེཊ་རྣམས་སོ། །པྲ་ཎི་ད་དཱ་ཏི། པ་མེད་པ་ཞེས་པ་ཅི་ཞེ་ན། དཱ་ཏཾ། དྷྱཱ་ནྱཾ། ཨ་པ་དཱ་ཏཾ་བསྟྲཾ། དྷི་རབ་ཏུ་བསྟན་པ་ནི། དྷི་ཨས་ཨེ་ཏ་ཡུག་དང་པོ་དབྱི་བ་དང་ཧི་ལའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །འཕེལ་བ་ནི་དང་པོའི་ཨཙ་འཕེལ་བའོ། །ཨཙ་རྣམས་ཀྱི་བར་དང་པོའི་ཨཙ་འཕེལ་
བའི་ཨཙའི་སྒྲ་དང་གཟུགས་ནི་འཕེལ་བའི་མིང་ཅན་དུ་འགྱུར་ཏེ། ཨཱ་ཤྭཱ་ཡ་ནཱི་ཡཾཿ། ཤཱ་ལཱི་ཡཿ། ཨཻ་ཏི་ཀཱ་ཡ་ནཱི་ཡཿ། དང་པོ་སྨོས་པ་ཅི་ཞེ་ན། ས་བྷ་སནྣ་ཡ་ནེ་བྷ་བཿ། སཱ་བྷཱ་སནྣ་ཡ་ནཿ། ཨཙ་སྨོས་པ་ཅི་ཞེ་ན། ཧལ་དང་པོ་ལས་ཀྱང་ཇི་ལྟ་བཞིན་འགྱུར་རོ། །འཕེལ་བ་རབ་ཏུ་བསྟན་པ་ནི།
འཕེལ་བ་ལས་ཀྱང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཛི་ཧྭཱ་ཀཱ་ཏྱ་དང་ཧ་རི་ཏ་ཀཱ་ཏྱཾ་མ་ཡིན་པའི་དེའི་རིགས་ལས་ཕ་རོལ་ལོ། །དེ་ཞེས་པ་དང་པོ་འཕེལ་བའི་ཨཙའི་སྒྲ་གཟུགས་དང་རིགས་དང་རྐྱེན་གྱི་མཐའ་དེ་ལས་ཕ་རོལ་གང་ཡིན་པ་དེ་འཕེལ་བའི་མིང་དུ་འགྱུར་ཏེ། ཛི་ཧྭཱ་ཀཱ་ཏྱ་དང་ཧ་རི་ཏཱ་
ཀཱ་ཏྱཾ་མ་གཏོགས་པའོ། །ཨེ་ད་ན་པཱ་ཎི་ནཱི་ཡཱཿ། བྲྀདྡྷ་ཀཱ་པཱི་ཡཱཿ། ཨ་ཛཱ་ཏཽ་ལྭ་ནཱི་ཡཿ། ཛི་ཧྭཱ་ཀཱ་ཏྱ་དང་ཧ་རི་ཏཱ་ཀཱ་ཏྱ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཛཻ་ཧྭཱ་ཀཱ་ཏཱཿ། ཧ་རི་ཏ་ཀཱ་ཏཱཿ། ཏྱད་ལ་སོགས་པ་རྣམས་སོ། །འཕེལ་བའི་མིང་དུ་འགྱུར་ཏེ། ཏྱ་དཱི་ཡཾ། ཏ་དཱི་ཡཾ། ཡ་དཱི་ཡཾ། ཨི་ད་མཱི་ཡཾ། ཨ་ད་སི་ཡཾ།
ཡུཥྨ་དི་ཡཾ། ཨཥྨ་དཱི་ཡཾ། དྭཱི་ཡཾ། ཀ་མཱ་ཡཾ། མིའི་མིང་ལས་ཡང་ནའོ། །འཕེལ་བའི་མིང་དུ་འགྱུར་རོ། །དེ་བ་དཏྟཱི་ཡཱ། དེ་བ་དཏྟཿ། ཨེ་དང་པོར་བསྟན་པའོ། །ཨེང་དང་པོའི་ཨཙའི་སྒྲ་གཟུགས་དེ་འཕེལ་བར་འགྱུར་ཏེ། ཨེ་ཎཱི་པ་ཙ་ནཱི་ཡཿ། གོ་ནརྡཱི་ཡཿ། ཨེང་ཞེས་པ་ཅི་ཞེ་ན། ཨཱ་ད་ཙྪ་ཏྲཿ། དང་
པོ་ཞེས་པ་ཅི་ཞེ་ན། དེ་བ་དཏྟོ་ནཱ་མ་པཱ་ཧཱ་ཀེ་ཥུ་གྲཱ་མསྟ་ཏྲ་བྷ་བཿ། དཻ་བ་དཏྟཿ། བསྟན་པ་ཞེས་པ་ཅི་ཞེ་ན། གོ་མ་ཏྱཱཾ་བྷ་བཱ། གཽ་མ་ཏཱ་མཱི་ནཱཿ། ཀྟ་དང་ཀྟ་བ་ཏུ་དག་ནིཥྛཱིའི་མིང་ཅན་དུ་འགྱུར་རོ། །ནིཥྛཱ་རབ་ཏུ་བསྟན་པ་ནི། ན་ལཱ་བྱ་ཡ་ནིཥྛཱི་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །སུཔ་དང་ཏིང་གི་མཐའ་ནི་
Vol. 194 · folio 146b
ཚིག་གོ། །སུཔ་ཀྱི་མཐའ་དང་ཏིང་གི་མཐའི་སྒ་གཟུགས་གང་ཡིན་པ་དེ་ཚིག་གི་མིང་དུ་འགྱུར་ཏེ། བཽདྡྷཿ། ཛ་ཡནྟིཿ། ཚིག་རབ་ཏུ་བསྟན་པ་ནི། རྐང་པའི་དང་པོ་མ་ཡིན་པ་ལ་ཚིག་གཅིག་ལ་ངག་ཅེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །མཐའ་སྨོས་པ་ནི། མིང་གི་ཆོ་གར་རྐྱེན་བཟུང་བ་ལ་དེའི་
མཐའི་སྒྲུབ་པ་མེད་དོ་ཞེས་པའི་ཤེས་བྱེད་ཀྱི་དོན་ཏོ། །ནའི་ཀྱ་ལའོ། །ཀྱ་ཞེས་པས་ཀྱ་ཙ་དང་ཀྱང་དང་ཀྱཥ་རྣམས་ཐུན་མོང་དུ་བཟུང་ངོ་། །དེ་ལ་མཐའ་མ་ཡིན་པའི་ཡན་ལག་ཉིད་ཚིག་གི་མིང་དུ་འགྱུར་ཏེ། རཱ་ཛཱི་ཡ་ཏི། རཱ་ཛཱ་ཡ་ཏི། བརྨཱ་ཡ་ཏི། བརྨཱ་ཡ་ཏེ། ངེས་པ་ཅི་ཞེ་ན། བཱ་ཙ་མིཙྪ་ཏི་བཱ་ཙྱ་ཏི། ཏ་པ་
སྱ་ཏི། ཚིག་ལ་བརྟེན་པས་ཀུ་ཉིད་དང་རུ་ཉིད་དུ་མི་འགྱུར་རོ། །སུཔ་ལ་ཨི་ཥུ་མ་ཡིན་པ་ལའོ། །ཨ་ནི་ཥུ་ལ་སུཔ་ལ་རང་བཞིན་གྱི་ཆ་ཚིག་གི་མིང་ཅན་དུ་འགྱུར་ཏེ། རཱ་ཛ་བྷྱཱཾ། རཱ་ཛ་སུ། རཱ་ཛ་ཏྭཾ། རཱ་ཛ་ཏ་མཿ། ཨ་ནི་ཥུ་ལ་ཞེས་པ་ཅི་ཞེ་ན། རཱ་ཛཱ་ནཽ། རཱ་ཛཱ་ནཿ། དེ་དག་ནི་རྣམ་དབྱེའོ། །སུཔ་དང་ཏིང་
དག་རྣམ་དབྱེའི་མིང་ཅན་དུ་འགྱུར་རོ། །རྣམ་དབྱེ་རབ་ཏུ་བསྟན་པ་ནི། ཅིག་ཅར་དུ་རྣམ་དབྱེ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཚོགས་པ་དང་འབྲེལ་པ་ནི་ངག་གོ། །ཚིག་རྣམས་ཚོགས་པ་དང་འབྲེལ་པ་ནི་ངག་ཏུ་འགྱུར་རོ། །ངག་རབ་ཏུ་བསྟན་པ་ནི། ཊི་ལས་ངག་ཤིན་ཏུ་རིང་པོ་ཞེས་པ་དེ་
ལྟ་བུ་ལ་སོགས་པ་རྣམས་སོ། །འདི་ནི་བསྟན་བཅོས་ཀྱི་ངག་སྟེ་ཀུན་དུ་ཐ་སྙད་པ་བྱེད་པ་པོ་དང་ལྡན་པའི་བྱ་བ་ཉིད་ནི་མ་ཡིན་ནོ། །ཚིག་རྣམ་པར་སྦྱར་བ་ཡང་བསྟན་བཅོས་ཉིད་ཀྱིའོ། །རཱ་ཛ་པུ་རུ་ཥ་ཞེས་པ་ལ་སོགས་པ་ནི་བསྡུ་བ་ཡོད་པ་སྟེ་མཐའ་དང་དང་པོ་སྦྱོར་བར་མི་འགྱུར་རོ། །དོན་གྱི་ཤུགས་ལས་བསྡུ་བ་
དང་ལྡན་པ་སྟེ་ནུས་པ་ལས་མ་ཡིན་ནོ། །ཆོ་ག་ནི་བརྗོད་པར་ནུས་པའོ། །ཚིག་ལས་ཚིག་སྒྲུབ་པར་བྱེད་པ་ཚིག་རྣམ་པར་སྦྱར་བ་སྟེ། དོན་མངོན་པར་བརྗོད་པའི་ནུས་པ་ཡོད་པ་ཡིན་ནོ། །པུ་ཏྲ་མིཙྪ་ཏི། པུ་ཏྲི་ཡ་ཏི། ནག་པོའི་པུ་རྒྱུད་ནི་ཀཱཪྵྞིཿ། རྒྱལ་པོའི་སྐྱེས་བུ་ནི་རཱ་ཛ་པུ་རུ་ཥཿ། བརྗོད་པར་ནུས་པ་ཞེས་པ་ཅི་ཞེ་
ན། མ་ཧཱནྟ་པུ་ཏྲ་མཙྪི་ཏི། ཨ་བྷི་རཱུ་པ་སྱ་ཀྲྀཥྞ་སྱཱ་པ་ཏྱ། མ་ཧ་ཏོ་རཱ་ཛྙཿ། པུ་རུ་ཥཿ། ཨ་ཙ་ལ་བྷའོ། །ཨཙྪ་དང་པོའི་ཨ་ནི་ཥུ་སུཔ་ཀྱི་རང་བཞིན་གྱི་ཆ་ནི་བྷའི་མིང་ཅན་དུ་འགྱུར་ཏེ། ར་ཛྙཿ། བྷ་རབ་ཏུ་བསྟན་པ་ནི། བྷ་ལ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཡ་ལའང་ཨ་སི་ཏི་དེ་ཕན་ལའོ། །ཡ་ཡིག་
Vol. 194 · folio 147a
དང་པོ་དང་ཨཙ་དང་པོ་དེ་ཕན་གྱི་རང་བཞིན་གྱི་ཆ་ནི་བྷའི་མིང་ཅན་དུ་འགྱུར་ཏེ། གཱརྒྱཿ། ཨ་སི་ཏི་ཞེས་ཅི་ཞེ་ན། ཨཱརྞཱ་ཡུཿ། དེ་ཕན་སྨོས་པ་ཅི་ཞེ་ན། དེ་བ་དཏྟཱ་ཡཱཿ། ཏ་བ་དག་མ་རུའི་དོན་ལའོ། །བྷའི་མིང་ཅན་དུ་འགྱུར་ཏེ། བི་དྱུཏྦཱན། ཡ་ཤ་སྭཱི། ན་བྷས། ཨངྒི་རས། མ་ནུས་
རྣམས་ལ་བ་ཏིའོ། །བྷའི་མིང་དུ་འགྱུར་ཏེ། ན་བྷསྦ་ཏ། ཨངྒི་ར་སྭཏ། མ་ནུ་ཥྭཏ་ཚིག་གི་རྟེན་ཉིད་ཀྱི་ཕྱིར་དུ་མི་འགྱུར་རོ། །བྲྀ་ཥན་ལས་བ་སྭ་དང་ཤྭ་དག་གོ། །བྷའི་མིང་ཅན་དུ་འགྱུར་ཏེ། བྲྀ་ཥ་ཎྭ་སྭ་བི་ཥ་ཎ་ཥྭ་དི་ཨཱ་མ་ཡང་ངོ་། །བྷའི་མིང་དུ་འགྱུར་ཏེ། ནཱི། རཱ་ཛྙཱི། ཤི་ནི་ཨི་ཥུའོ། །ཛས་ཤས་དག་
ཤིའི་དངོས་པོར་གྱུར་པ་དེ་འདིར་སྨོས་པའི་ཤི་ནི་ཨུ་ཥུའི་མིང་ཅན་དུ་འགྱུར་ཏེ། ཀུཎྜཱ་ནི། སནྟི་པ་ཤྱ་བཱ། སུཊ་མ་ནིང་མ་ཡིན་པ་ལའོ། །ཨི་ཥུའི་མིང་ཅན་དུ་འགྱུར་ཏེ། རཱ་ཛཱ། རཱ་ཛཱ་ནོ། །སཱི་མཱ། སཱི་མཱ་ནཽ། །མ་ནིང་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། སཱ་མ་ནཱི། དྷཱ་མ་ནཱི། ཨི་ཥུ་ཉེ་བར་བསྟན་པ་ནི། སུཔ་
ལ་ཨི་ཥུ་མ་ཡིན་པ་ལ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །གཅིག་དང་གཉིས་དང་གསུམ་གྱི་ཕྱི་མོ་རྣམས་ཐུང་ངུ་དང་རིང་པོ་རྣམས་སོ། །ཕྱི་མོ་གཅིག་པ་ལ་སོགས་པའི་ཨཙ་རྣམས་ནི་ཐུང་ངུ་ལ་སོགས་པའི་མིང་ཅན་དུ་འགྱུར་རོ། །ཐུང་ངུ་སོགས་རབ་ཏུ་བསྟན་པ་ནི། ཐུང་ངུའི་ཡན་ལག་ལ་
ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཨཙ་དེ་རྣམས་སོ། །ཕྱི་མོ་གཅིག་པ་ལ་སོགས་པ་དེ་རྣམས་ཀྱི་དབྱངས་ནི་ཐུང་ངུ་ལ་སོགས་པའི་མིང་ཅན་གྱི་སྒྲུབ་པ་ནི་ཨཙའི་གནས་ལ་རིག་པར་བྱ་སྟེ། ཤཱ་མྱ་ཏི། དཱ་མྱ་ཏེ། དེ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨནཱ་བྲཱཧྨ་ཎཱཿ། ཐུང་ངུ་ནི་ཡང་བའོ། །
ཡི་གེ་ཐུང་ངུ་ནི་ཡང་བར་འགྱུར་རོ། །ཡང་བ་རབ་ཏུ་བསྟན་པ་ནི། ཡང་བ་མཐའ་ཉེའི་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །བརྩེགས་པ་ལས་ལྕི་བའོ། །བརྩེགས་པ་ཕ་རོལ་ལས་ཡི་གེ་ཐུང་ངུ་ནི་ལྕི་བའི་མིང་དུ་འགྱུར་ཏེ། ཤིཀྵཱ། བྷིཀྵཱ། རིང་པོ་ཡང་ངོ་། །ལྕི་བའི་མིང་ཅན་དུ་འགྱུར་ཏེ། ཨི་ཧཱཉྩ་ཀྲེ།
ལྕི་བ་རབ་ཏུ་བསྟན་པ་ནི། ལྕི་བའི་རིམ་པས་གཞན་ཡང་ནའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །རྐྱེན་ལས་སྔ་མ་ནི་རང་བཞིན་ནོ། །རྐྱེན་ལས་སྔ་མ་སྟེ་དུས་སྔ་མའི་ཚོགས་སུ་བྱ་བ་སྟེ་རང་བཞིན་གྱི་མིང་ཅན་དུ་འགྱུར་རོ། །རང་བཞིན་རབ་ཏུ་བསྟན་པ་ནི། རང་བཞིན་ལས་ཞེས་པ་དེ་ལྟ་བུ་ལ་
Vol. 194 · folio 147b
སོགས་པ་རྣམས་སོ། །བུད་མེད་ཀྱི་ཨཱིཏ་ནི་ན་དཱི་སྟེ་སྟྲཱི་དང་འདྲའོ། །བུད་མེད་ཀྱི་སྒྲའི་ཨཱིཏ་ཨཱུཏ་མཐའི་སྒྲ་གང་ཡིན་པ་ནི་བུད་མེད་ཉིད་བརྗོད་པའོ། །བུད་མེད་བཞིན་རྟགས་གཅིག་ཏུ་ངེས་པར་དེ་ན་དཱིའི་མིང་ཅན་དུ་འགྱུར་ཏེ། ཧེ་སྟྲི། ཧེ་ཀུ་མཱ་རི་ཧེ་བྲཧྨ་བནྡྷུ། སྟྲི་ཡཻ། ཀུ་མཱ་ཪྻཻ། བྲཧྨ་བནྡྷྭཻ། བུད་
མེད་བཞིན་ཞེས་པ་ཅི་ཞེ་ན། ཚིག་མཐའ་མི་གསལ་བ་ལ་བུད་མེད་བཞིན་མི་འགྱུར་བ་སྟེ། གྲཱ་མ་ཎྱེ་སྟྲི་ཡཻ། ཁ་ལ་སྭེ་སྟྲི་ཡེ། བུད་མེད་ལས་ཞེས་པས་གྲུབ་པ་ལ་སླར་ཡང་བརྩམས་པ་ནི་ངེས་པའི་དོན་ཏོ། །ཨིཡ་ཨུཝའི་འབྲེལ་པ་ལས་ཨཱིཏ་ཨཱུཏ་དག་ཏུ་གལ་ཏེ་འགྱུར་བ་དེའི་ཚེ་ཡང་བུད་མེད་ཀྱི་སྒྲ་
ཉིད་དོ། །འོ་ན་བུད་མེད་ཀྱི་སྒྲ་དང་ལྷན་ཅིག་སྤྱོད་པ་ལས་ཨཱིཏ་ཨཱུཏ་དག་བུད་མེད་དང་འདྲ་བ་ཉིད་དུ་ཐོབ་པས་དེ་སྨོས་པ་ཅི་ཞེ་ན། བུད་མེད་ལས་ལེགས་པ་མ་ཡིན་ཡང་རྟག་ཏུ་ན་དཱིའི་དོན་ཏོ། །སྔ་མ་རྣམ་འགྱུར་མེད་པ་ན་དིའི་མཐའོ། །མདོ་སྔ་མས་གང་ན་དཱིའི་མིང་ཅན་དེ་ཡང་ན་དཱིའི་མིང་དུ་འགྱུར་ཏེ། བ་
ཧུ་པྲེ་ཡ་སྱཱཾ་རཱ་ཛ་ནི། ཨ་ཏི་ལཀྵྨཻ་བི་པྲཱ་ཡ། སྔ་མ་སྨོས་པ་ཅི་ཞེ་ན། མཉྫུ་ཤྲི་ཡེ་བི་པྲཱ་ཡ། རྣམ་འགྱུར་མེད་པ་སྨོས་པ་ཅི་ཞེ་ན། ཨེ་ཏི་ཀུ་མཱ་ར་ཡེ། ལ་ཀྵྨཱི་སུ་བྷྲུ་ལས་སུ་ལ་ཡང་ནའོ། །ན་དཱིའི་མིང་དུ་འགྱུར་ཏེ། ཧེ་ལཀྵྨི། ཧེ་སུ་བྷྲཱུཿ། ཧེ་སུ་བྷྲུ། སུ་ལ་ཞེས་པ་ཅི་ཞེ་ན། ལཀྵྨྱོཿ། ཐུང་ངུའི་ཨིཡ་ཨུཝ་དག་
སུ་མིན་པ་ལའོ། །ཨཱིཏ་ཨཱུཏ་དང་འབྲེལ་པ་ལས་ཐུང་ངུའི་ཨིཡ་ཨུཝ་དང་འབྲེལ་པ་ཨཱིཏ་ཨཱུཏ་ལས་སུ་མ་གཏོགས་པའི་རྣམ་དབྱེ་ཕ་རོལ་ལ་ཡང་ན་ན་དཱིའི་མིང་དུ་འགྱུར་ཏེ། མ་ཏྱཻ། མ་ཏ་ཡེ། དྷེ་ནྭཻ། དྷེ་ན་ཝེ། ཤྲི་ཡཻ། ཤྲི་ཡེ། བྷྲུ་བཻ། བྷྲུ་བེ། སུ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧེ་ཤྲཱིཿ། བུད་མེད་བཞིན་ཞེས་པ་
ཉིད་དེ། སུ་དྷཱི་ཡཱཾ། བྱིངས་དང་རྐྱེན་གྱི་ཚིག་མ་ཡིན་པའི་དོན་དང་ལྡན་པ་ནི་ལུས་སོ། །བྱིངས་དང་ཚིག་གི་རྐྱེན་བོར་བའི་དོན་དང་ལྡན་པའི་སྒྲའི་གཟུགས་ནི་ལུས་ཀྱི་མིང་ཅན་དུ་འགྱུར་ཏེ། བྲྀཀྵཿ། ཤཀླཿ། དེ་བ་དཏྟཿ། རཱ་ཛ་པུ་ར་ཥཿ། པཱ་ཙ་ཀ་ཀཿ། དཱཀྵིཿ། བྱིངས་དང་རྐྱེན་གྱི་ཚིག་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཀུ་རུ་
ཏེཿ ཀུ་ལཾ། བ་ཧུ་གུ་ཌོ་དྲཱཀྵཱ། དོན་དང་ལྡན་པ་ཅི་ཞེ་ན། འདིར་ཕྱོགས་གཅིག་མི་འགྱུར་བའོ། །ལུས་རབ་ཏུ་བསྟན་པ་ནི། ལུས་ལས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །བྱ་བའི་དོན་ངོ་བོ་མེད་པ་རྣམས་ནི་བྱིངས་སོ། །འཆད་པར་འགྱུར་བའི་མཚན་ཉིད་ཀྱི་བྱ་བ་དེའི་དོན་གྱི་ངོ་བོ་མེད་པ་རྐྱེན་གྱི་མཐའ་བོར་བ་
Vol. 194 · folio 148a
རྣམས་བྱིངས་སུ་འགྱུར་རོ། །ཀ་རོ་ཏི། ཀཎྜཱུ་ཡ་ཏེ། ཀཱ་ར་ཀཿ། ཀརྟཱ། ངོ་བོ་མེད་པ་ཞེས་པ་ཅི་ཞེ་ན། པཱ་ཀཿ། ཏྱཱ་གཿ། ཀཎྜཱུ་ཡཱ། ཛུ་གུཔྶཱ། བྱིངས་རབ་ཏུ་བསྟན་པ་ནི། བྱིངས་ལས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །བྱེད་པ་ལ་སོགས་བྱེད་པ་པོ། །གྲོང་དང་ངེས་འཇུག་
སེམས་མེད་འདོད། །ཚིག་དོན་ལས་དང་བྱེད་པོའི་གནས། །བྱ་བ་ལྡན་རྣམས་བྱེད་པར་འདོད། །དབྱངས་ལ་སོགས་པ་མི་ཟད་པའོ། །དབྱངས་ལ་སོགས་པ་གང་དེའི་དབྱངས་ལ་སོགས་པའི་སྒྲ་གཟུགས་ནི་མི་ཟད་པའི་མིང་དུ་འགྱུར་ཏེ། སྭ་ར། ཨནྟར། པྲཱ་ཏར། པུ་ནར། ས་ནུ་ཏྟར། ཨུ་ཙྩཻས། ནཱི་
ཙཻས། ཤ་ནཻས། རྀ་དྷ་ཀ །རྀ་ཏེ། ཡུ་ག་པ་ཏ། ཨཱ་རཱ་ཏ། པྲྀ་ཐཀ །དྻུས། ཤྭས། དཱི་བཱ། རཱ་ཏྲཽ། སཱ་ཡཾ། མ་ནཱ་ཀ །ཨི་ཡཏ། ཛོ་ཥཾ། ཏཱུཥྞཱིཾ། བ་ཧི་ས། ཨཱ་བིས། ནི་ཀ་ཥཱ། ས་མ་ཡཱ། སྭ་ཡཾ། མྲྀ་ཥཱ། ནཀྟཾ། སཱརྡྷ། སཱ་མི་བརྟ། ས་ནཱ། ཏི་རས། ཨནྟ་རཱ། དྱོ། ཀཾ། ཤཾ། ནཱ་ནཱ། བི་ནཱ། སྭསྟི།
ཨུ་བཱ་ཤུཾ། ཀྵ། མཱ། ཨསྟི། ཨ་ནྱར། བི་ཧཱ་ཡས། དོ་ཥཱ། སུ་དྷཱ། མི་ཐྱཱ། པུ་རཱ། མི་ཐོ། མི་ཐས། པྲ་བཱ་ཧུ་ཀ །བ་ཧུ་ལཾ། མ་ནས། ཧི་རུ་ཀ །མི་ཟད་པའི་སྒྲུབ་པ་ལ་ཉེ་བར་བགྲང་བར་བྱ་བའོ། །འཇིག་པ་དང་ཉེ་བར་སྤྱོད་པའི་དོན་ལས་ན་ཀ་ལ་སོགས་པའི་དོན་ཏོ། །དེ་ལ་འཇིག་པ་ཞེས་པ་སུབ་འཇིག་པའི་
དོན་ཏེ། རེ་ཕའི་གནས་ལ་ས་ཡིག་ཉེ་བར་སྤྱོད་པ་དེ་བཟློག་པའི་དོན་ཡང་ངོ་། །ཨུ་པ་ས་ཡཿ། ཀཱ་མྱ་ཏི། ཨུ་པ་པ་ཡཿ། ཀཱ་མཿ། དེ་ལྟ་བུ་རྟགས་གསུམ་པ་རྣམས་ཐམས་ཅད་དང་རྣམ་དབྱེའི་ཚིག་ཐམས་ཅད་དུ་ཡང་གང་དྲང་བར་བྱ་བ་དེ་མི་ཟད་པའོ། །རྣམ་དབྱེའི་དོན་ཙྭིཏ་སྨཱད་པིཏ་མིན་པ་ལས་སོ། །རྣམ་དབྱེའི་
དོན་རྐྱེན་གང་ཡིན་པ་དེའི་མཐའ་དང་ཙྭི་མཐའ་དང་ཏ་ཡིག་དང་མ་ཡིག་དང་ཨཱཏ་ཀྱི་རྐྱེན་མཐའ་དང་མིཏ་རྣམས་བོར་བ་མི་ཟད་པར་འགྱུར་རོ། །རྣམ་དབྱེའི་དོན་ནི། ཡ་ཏྲ། ཨི་ཧ། ཀརྷི་པ་རཱ་རི། ཙྭི་ནི། ཤུ་ཀླི་སྱཏ། ཏ་ནི། ཏརྦཏ། ས་ནི། ཨུ་རསྟཿ། དྭིཿ། སཔྟ་ཀྲྀ་ཏྭཿ། མ་ནི། ཀརྟུམ། ཀཱ་རཾ་ཀཱ་རཾ། པཱ་ཙ་
མཱ་ས། ཨཱཏ་ནི། བྷུཀྟྭཱ། དྭིདྡྷཱ། བ་ཊ་པ་ཏཱ་སྱཱཏ། པིཏ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨ་ཛཱ། གོ་མཱན། རྣམ་དབྱེའི་དོན་དང་ནུས་པ་འབྲེལ་པ་ལས་དེ་དང་འབྲེལ་པ་ནི་མ་ཡིན་ནོ། །དེས་ན་ཨན་སོགས་སུ་ཐལ་བ་མ་ཡིན་ནོ། །ཙ་སོགས་སེམས་ཅན་མིན་པ་རྣམས་སོ། །མི་ཟད་པར་འགྱུར་ཏེ། ཙ་བླ། ཧ། ཨཧ།
Vol. 194 · folio 148b
ཨེ་བ། ཨེ་བཾ། ནཱུ་ནཾ། ཤ་ཤྭ་ཏ། ཀྭ་ཙི་ཏ། ཙེད། ཙཎ། ཀ་ཙྭིཏ། ཧནྟ། ཀི་ར། ཀི་ལ། མཱ། མཱུང་། ནཉ། ཡཱ་བཏ། ཏཱ་བཏ། ཏྭཻ། བཻ་ཤྲཽ་ཥཊ། བཽ་ཥཊ། བ་ཥཊ། ནཱསྨ། ཤཱསྨ། སྨི། ཨ། ཨཱ། ཨི། ཨཱི། ཨུ། ཨཱུ། རྀ། རཱྀ། ལྀ། ལཱྀ། ཨེ། ཨཻ། ཨོ། ཨཽ། ཨཱ་ཏཾ་ཀ ། བེ་ལཱ་ཡཱཾ། མཱ་ཏྲཱ་ཡཱཾ། ཀིམ།
ཡཏ། ཏཏ། དྷིཀ ། ཧེ་ཧཻ། ཡཊ། སྱཱཊ། ཨ་ཧོ། །ཨ་ཏཱ་ཧོ། ཨ་ཐོ། ནོ། ན་ནུ། སྭཱ་ཧཱ། ཨོཾ། ཧི། ཁ་ལུ། ཨ་ཐ། ཨ་དྷས། རྣམ་དབྱེ་སོ་སོའི་གཟུགས་རྣམས་ཀྱང་མི་ཟད་པའོ། །ཧ་སྟེ། པཱ་ཎཽ། མ་ནྱེ། བྲཱུ་ཧི། མ་ངི་ཞེས་པ་ལ་སོགས་པ་རྣམས་སོ། ནུཏྟ། ཨ་ཏི། ཨིཀ ། ཨཱ་ཧི་ཀཾ། ཤུ་བྷཾ།
ཤུ་བྷ་ཀཾ། ཨ་ནུ་ཀཾ། ནུ་ཀཾ། ན་ཧི་ཀཾ། ས་ཏྱཾ། རྀཏཾ། ཨ་ཏྭཱ། ཨཉྫ་སཱ། ཤྱེ། ནཱ་ན། ན་ཙིཏ། ན་ཧི། ཛཱ་ཏུ། ཧཱ་ཏཱ། ཧཻ་ཧོ། ཧཱ་ཧོ། ཨ་ཧོ་ཤྭིཏ། སམྦཏ། དིཥྚྱ། པ་ཤུ། ཀུཊ། ས་ཧ། ཨ་ནུ་ཥཀ །ཨངྒ་མུཀ ། ཏཱ་ཛཀ །ཨ་ཡེ། པ་རེ། ཨ་རེ། ཨ་ར་རེ། བཊ། བེཊ། ཧུཾ་ཧུཾ། ཁོ། པཪྻཱ། ཨིཾ། ཀཱིཾ། སཱིཾ། པྲ་ལ་
སོགས་པ་རྣམས་ནི། པྲ། པ་རཱ། ཨ་པ། ས་མ། ཨ་ནུ། ཨ་བ། ནིས། དུས། ཨ་བྷི། བི། ཨ་དྷི། སུ། ཨུ་ཏ་ཨ་ཏི། ནི། པྲ་ཏི། པ་རི། ཨ་པི། ཨུ་པ། ཨཱང་། ཨཱུ་རི་ལ་སོགས་པ་འཆད་པར་འགྱུར་བ་རྣམས་དང་། གང་སེམས་ཅན་མ་ཡིན་པ་སེམས་སོགས་རྣམས་ཀྱང་རྟོགས་པར་བྱའོ། །གཞན་གྱི་
དབྱངས་ལ་སོགས་པའི་དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་རོ། །པྲ་ལ་སོགས་པ་རྣམས་བྱ་བ་ལ་སྦྱོར་བ་ལ་ཉེ་བར་བསྒྱུར་བ་རྣམས་སོ། །པྲ་ལ་སོགས་པ་རྣམས་བྱ་བ་ལ་སྦྱོར་བ་ལ་འཇུག་པ་ན་ཉེ་བར་བསྒྱུར་བའི་མིང་ཅན་དུ་འགྱུར་ཏེ། པྲ་ཎ་ཡ་ཏི། པ་རི་ཥིཉྩ་ཏི། བྱ་བ་ལ་སྦྱོར་བ་ཅི་ཞེ་ན། པྲ་ཎ་ཡ་ཀོ་དེ་ཤཿ། མ་
རུཏ་ཀྱིས་བྱིན་པ་ནི་མ་རུཏྟའོ། །ཉེར་བསྒྱུར་ཉི་ཚེ་ནི་ཉེར་བསྒྱུར་ཏེ། གྷཉ་ལ་མང་པོ་ལའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་བྱིངས་ཀྱི་སྔོན་དུའོ། །བཤད་མ་ཐག་པ་རྣམས་དང་ཙ་ལ་སོགས་པ་རྣམས་བྱ་བ་ལ་སྦྱོར་བ་ན་བྱིངས་ཀྱི་སྔོན་དུ་རབ་ཏུ་སྦྱོར་བར་འགྱུར་ཏེ། པྲ་པ་ཙ་ཏི། ཏི་ར་སྐྲྀ་ཏྭ། ཏིར་
སྐྲྀ་ཏྭ། བྱ་བ་ལ་སྐྱར་བ་ལ་རབ་ཏུ་བསྟོད་པ་ཉིད་ཀྱི་ཕྱིར་བྱིངས་ལས་ཞེས་ཐོབ་པ་ལ་གང་བྱེད་པ་ནི་མི་ཟད་པ་དགག་པའི་དོན་ཏོ། །ཨིཀ་ཡཎ་ལས་ས་ཏྱཾའོ། །ཡ་ཎའི་གནས་ལ་གྱུར་པའི་དངོས་པོ་ཨིཀ་ནི་ས་ཏྱའི་མིང་ཅན་དུ་འགྱུར་ཏེ། ཨིཥྚཾ། ཨུཔྟཾ། གྲྀ་ཧཱི་ཏཾ། ས་ཏྱ་རབ་ཏུ་བསྟན་པ་ནི། ས་ཏྱའི་ཕྱི་མའི་ཚིག་ལ་རིང་
Vol. 194 · folio 149a
པོའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །མང་པོ་ཚོགས་དང་ལྡན་པ་ཏ་ཌ་ཏི་ཡང་གྲངས་སོ། །མང་པོ་ཚོགས་ཀྱི་སྒྲ་དག་མང་པོའི་དོན་དག་ལྡན་པ་ཏ་ཊ་ཏིའི་རྐྱེན་དག་དང་། དང་ཡིག་ལས་གཅིག་ལ་སོགས་པ་འཇིག་རྟེན་ན་རབ་ཏུ་གྲགས་པ་རྣམས་ཀྱང་གྲངས་ཀྱི་མིང་ཅན་དུ་འགྱུར་ཏེ།
གྲངས་རབ་ཏུ་བསྟན་པ་ནི། རྒྱུན་གྱི་གྲངས་ལས་སོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཚིག་གཉིས་པ་དང་ཕྱེད་སོགས་ཁ་སྐོང་བ་ལྷག་པའི་ཕྱེད་དོ། །ཕྱེད་ཀྱི་སྒྲ་དང་པོ་གང་ཡིན་པ་རྫོགས་པའི་རྐྱེན་གྱི་མཐའ་དེ་ནི་ཕྱེད་དང་པོ་རྫོགས་པའོ། །ཚིག་གཉིས་པའི་བསྡུ་བ་སྒྲུབ་པ་ལ་ཕྱེད་དང་པོ་
རྫོགས་པའི་རྐྱེན་མཐའ་དག་ལྷག་པའི་ཕྱེད་ཀྱི་སྒྲ་དང་གྲངས་ཀྱི་མིང་ཅན་དུ་ཡང་འགྱུར་ཏེ། ཨརྡྷ་པཉྩ་མ་པཱུརྦཾ། ཨརྡྷ་པཉྫ་མ་ཀཾ། ཨ་དྷྱརྡྷ་པཱུརྦྦཾ། ཨ་དྷྱརྡྷ་ཀཾ། ཆོ་ག་ལས་རེ་ཞིག་ཉིད་ལ་སྦྱོར་བ་གྲངས་བཞིན་ནོ། །གང་གྲངས་ཡོངས་སུ་ཆད་པའི་ཆོ་གའི་ཆའི་སྒྲུབ་པ་ཡང་རེ་ཞིག་ཉིད་ལ་འབྲེལ་པ་
ནི་གྲངས་བཞིན་རྗོད་པར་བྱེད་དོ། །ཨེ་ཙའི་ཨཡ་ཨབ་ཨཱཡ་ཨཱབ་རྣམས་སོ། །ན་ཡ་ཏི། བྷ་བ་ཏི། ནཱེ་ཡ་ཡ་ཏི། བྷཱ་བ་ཡ་ཏི། འདོད་པ་དེ་ལ་རྗེས་སུ་འཇུག་གོ། །འདོད་པ་ལ་མདོ་དེ་ཕྱོགས་གཅིག་ལ་ཡང་ན་རྗེས་སུ་འཇུག་གོ། །སྟྲི་ཡཱཾ། ཀཱ་རཱི་ཥ་གནྡྷྱ། ནཽ་བཻ་རང་གི་འཇུག་པ་ལྡན་པའོ། །ནཽ་དང་བཻའི་སྒྲ་དང་།
འབྲེལ་པ་མིན་པ་རང་ལ་སྦྱོར་བ་ལ་འཇུག་པ་ལྡན་པ་སྟེ། གཞན་དུ་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །ཧལ་ལས་བར་མ་ཆད་པ་ནི་བརྩེགས་པའོ། །ཨཙ་རྣམས་ཀྱིས་བར་མ་ཆོད་པའི་ཧལ་ནི་བརྩེགས་པའི་མིང་ཅན་དུ་འགྱུར་ཏེ། ཨགྣི་ཞེས་པའོ། །བརྩེགས་པ་རབ་ཏུ་བསྟན་པ་ནི། ཡོན་ཏན་ལས་
བརྩེགས་པ་མཐའ་ཉེ་ལས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཀུན་དུ་བོད་པ་ལ་སུ་སམྦུདྡྷིའོ། །ཀུན་དུ་བོད་པ་ལ་སུ་སམྦུདྡྷིའི་མིང་ཅན་དུ་འགྱུར་རོ། །སཾ་བུདྡྷི་རབ་ཏུ་བསྟན་པ་ནི་སམྦུདྡྷི་ལ་ཐུང་ངུའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །གཅིག་ལ་དང་པོ་དང་མཐའ་བཞིན་ནོ། །ལྷན་ཅིག་མ་
ཡིན་པ་ལ་དང་པོ་དང་མཐའ་བཞིན་ནོ་ཞེས་སྟོན་པར་བྱེད་དོ། །བལ་པོ་དང་ལས་ཨི་ཊ་ཕྱེད་འགྲོའོ། །ཨ་ལཱ་བི་ཥུཿ། ཏིང་ཤ་འགྲོ་བ་ནི་ཀུན་འགྲོའོ། །ཀུན་འགྲོ་རབ་ཏུ་བསྟན་པ་ནི། པིཏ་མ་ཡིན་པའི་ཀུན་འགྲོ་ལའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ལིཊ་དང་སྨོན་པའི་ལིང་གི་ལྷག་མ་ནི་ཕྱེད་
Vol. 194 · folio 149b
འགྲོའོ། །ཏིང་ཤ་འགྲོ་བ་དང་ལིཊ་དང་སྨོན་པའི་ལིང་དག་གི་ལྷག་མ་གང་དེ་ཕྱེད་འགྲོའི་མིང་དུ་འགྱུར་ཏེ། ཏ་རི་ཏཱ། ཏ་རི་ཏཱུཾ། ཏ་རི་ཏ་བྱཾ། པེ་ཙི་ཐ། ཛ་གླེ། པ་པིཪྵཱཥྚ། སྨོན་པ་ལ་ཞེས་པ་ཅི་ཞེ་ན། པྲ་ནཱི་ཡཱཏ། ཕྱེད་འགྲོ་རབ་ཏུ་བསྟན་པ་ནི། ཕྱེད་འགྲོའི་བལ་དང་པོ་ལ་ཨིཊའོ་ཞེས་པ་དེ་ལྟ་བུ་
ལ་སོགས་པ་རྣམས་སོ། །འཕེལ་བ་ནི་ཨཱཏ་ཨཻཙའོ། །ཨཱཏ་ཨཻ་ཨཽ་ནི་འཕེལ་བའི་མིང་ཅན་དུ་འགྱུར་རོ། །ཏ་ཕ་རོལ་ཏུ་བྱེད་པ་ནི་ཨཱཏ་ཨེཙ་དག་གི་དེའི་དུས་ཡོངས་སུ་བཟུང་བའི་དོན་ཏེ། དེ་ནི་ཕྱི་མོ་བཞི་པའི་གནས་ལ་ཕྱི་མོ་བཞི་པར་མ་གྱུར་པའོ། །འཕེལ་བ་རབ་ཏུ་བསྟན་པ་ནི་ཉྞིཏ་ལ་ཨཙ་འཕེལ་
བའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འབྱུང་བར་འགྱུར་བ་ལས་ཨཎ་འདྲ་བའི་ཡི་གེ་གཟུང་བ་ལས་འདི་གསལ་བྱེད་ཀྱི་ཡུལ་ཉིད་ཤེས་པར་བྱེད་དོ། །ཨཏ་ཨེང་ཡོན་ཏན་ནོ། །ཨཏ་ཨེ་ཨོ་ཡོན་ཏན་གྱི་མིང་དུ་འགྱུར་ཏེ། ཏ་ཕ་རོལ་དུ་བྱེད་པ་སྔ་མ་བཞིན་ནོ། །ཡོན་ཏན་རབ་ཏུ་
བསྟན་པ་ནི། ཨཱཏ་ཡོན་ཏན་དེ་དག་གཅིག་པ་ཉིད་དོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་དག་ཨིཀ་ལས་སོ། །ཡོན་ཏན་དང་འཕེལ་བ་དེ་དག་གི་སྒྲུབ་པ་ལ་ར་དང་ལ་དག་ཕ་རོལ་དུ་རིག་པར་བྱ་སྟེ། ཨ་ཀཱཪྵཱིཏ། ཨཙཻ་ཥཱིཏ། ཨ་ལཱ་བཱིཏ། ཏ་ར་ཏི།ཛ་ཡ་ཏི། བྷ་བ་ཏི། མིང་གིས་བསྒྲུབ་པ་
ཡོངས་སུ་བཤད་པ་འདི་ལ་འཇུག་པ་དེས་ན་འདིར་མི་འགྱུར་ཏེ། དྷྱཽཿ། པནྠཱཿ། སཿ། རྀ་ལྀ་ལས་ར་ལ་དག་མཐའོ། །རྀ་ཡིག་དང་ལྀ་ཡིག་དག་གི་སྒྲུབ་པ་ལ་ར་དང་ལ་དག་ཕ་རོལ་དུ་རིག་པར་བྱ་སྟེ། ཀཱ་ར་ཡ་ཏི་ཨཱལྐཱ་རཾ་ཀ་རོ་ཏི། ཏ་བལྐཱ་རཿ། བྱིངས་མ་བསྟན་པ་ཕྱེད་དུ་འགྲོ་བ་ལ་མ་ཡིན་ནོ། །བྱིངས་
མ་བསྟན་པའི་རྒྱུ་མཚན་ལ་ཕྱེད་དུ་འགྲོ་བ་དག་འཕེལ་བ་དང་ཡོན་ཏན་དུ་མི་འགྱུར་ཏེ། མ་རཱི་མྲྀ་ཛཿ། ལོ་ལུ་བཿ། ཨཙ་ལ་ཡང་ལས་བྱིངས་ཕྱོགས་གཅིག་མ་བསྟན་པའོ། །ཀིཏ་ལའང་ངོ་། །དེ་དག་ཏུ་མི་འགྱུར་ཏེ། མྲྀཥྚཿ། ནྱ་ནུ་བཱིཏ། ཙི་ཏཾ། ཙི་ནུ་ཏཿ། ཁ་དང་སྣ་ཡིས་བརྗོད་པ་ནི་རྗེས་སུ་སྣ་ལྡན་ནོ། །ཁ་
དང་ལྷན་ཅིག་པའི་སྣ་ཡིས་བརྗོད་པ་ནི་རྗེས་སུ་སྣ་ལྡན་གྱི་མིང་ཅན་དུ་འགྱུར་ཏེ། ཨཾ་ཨཿང་ཉ་ཎ་ན་མ་རྣམས་སོ། །ཨཾ་ཞེས་པ་རྗེས་སུ་ང་རོའོ། །འགྱུར་རོ། །ཨཿཞེས་པ་རྣམ་པར་བཅད་པའོ། །འགྱུར་རོ། །རྗེས་སུ་ང་རོ་རབ་ཏུ་བསྟན་པ་ནི། འདིར་རྗེས་སུ་སྣ་ལྡན་སྔོན་མའི་འོ་ཞེས་པ་དེ་ལྟ་བུ་ལ་སོགས་
Vol. 194 · folio 150a
པ་རྣམས་སོ། །རིགས་མཚུངས་པ་ནི་འདྲ་བའི་ཡི་གེའོ། །རིགས་དང་སྐྱེ་བའི་གནས་མགྲིན་པ་ལ་སོགས་པར་མཚུངས་པ་དང་དབྱངས་ལ་སོགས་པ་མཚུངས་པ་གང་ཡིན་པ་ནི་འདྲ་བའི་ཡི་གེའི་མིང་ཅན་དུ་འགྱུར་ཏེ། དཎྜཱ་གྲཾ། ད་དྷི་དཾ། ཡ་བ་ལེ། རྗེས་སུ་ང་རོའི་དེ་འདྲ་བའི་ཡི་གེའོ། །
སཾ་ཡྻ་མཿ། སཾ་བྦཏྶ་རཿ། ཏལློ་ཀཾཿ། རིགས་ཐ་དད་པའི་ཕྱིར་འདིར་ནི་མི་འགྱུར་ཏེ། དཎྜ་ཧསྟ། ད་དྷི་ཤྭི་ཏཾ། གནས་ཐ་དད་པའི་ཕྱིར་ཡང་ངོ་། །ཁ་ཊྭེ་ཧ། ཕྲད་པ་དང་ནི་ཕྲད་པ་ལྡན་པའོ། །ཕྲད་པ་ལྡན་པའི་ཡི་གེ་ནི་ཕྲད་པ་ལྡན་པ་ཉིད་དེ་འདྲ་བའི་ཡི་གེའི་མིང་ཅན་དུ་འགྱུར་ཏེ། ཡི་གེ་རྣམས་ཀྱི་སྔ་
མའི་མདོ་དང་ཕྲད་པ་རྣམས་ནི་ཅུང་ཟད་ཕྲད་པ་སྟེ། ཕྲད་པ་ནི་ཧ་ཡིག་དང་ཡ་ཡིག་ལ་སོགས་པ་རྣམས་དང་འདྲ་བའི་ཡི་གེ་ཐོབ་པ་ལ་ངེས་པ་འདིའོ། །དེས་ན་ཉེ་བར་མཚོན་པས་སྡེ་ཉིད་འཛིན་པར་འགྱུར་རོ། །གནས་ཅན་བཞིན་བསྒྱུར་བ་ནི་མང་པོ་ལ་སྡེ་ཨལ་གྱི་ཆོ་ག་ལ་མ་ཡིན་ནོ། །ཨལ་གྱི་ཆོ་ག་ལ་དུ་མ་
བསྒྱུར་བ་ནི་མང་པོ་ལ་གནས་ཅན་བཞིན་འགྱུར་ཏེ། བྱིངས་བསྒྱུར་བ་ནི་བྱིངས་བཞིན་ནོ། །བཀྟཱཾ། བཀྟཾ། བཀྟ་བྱཾ། ཏ་བྱ་ལ་སོགས་པར་འགྱུར་རོ། །ཨཱ་བ་དྷིཥྚ། ཨཱ་ཧེནྟེ། ཨཱཏྨ་ནེའི་ཚིག་གོ། །ཀྲྀཏ་དང་དེ་ཕན་བསྒྱུར་བ་ནི་ཀྲྀཏ་དང་དེ་ཕན་བཞིན་ནོ། །པྲ་ཀྲྀ་དྱཱ་ད་དཱི་ཀཾ། ཚིག་བསྒྱུར་བ་ནི་ཚིག་བཞིན་ནོ། །གྲཱ་
མོ་བཿ། སྭཾ། ཏུ་ཉིད་དུ་འགྱུར་རོ། །མང་པོའི་ཚིག་ལས་འགའ་ཞིག་ཏུ་མི་འགྱུར་ཏེ། ཨཏྠེ། ཨ་བྷུ་ཏ། ཨལ་གྱི་ཆོ་ག་ལ་མ་ཡིན་ཞེས་པ་ཅི་ཞེ་ན། ཡི་གེའི་སྒྲུབ་པ་ལ་མི་འགྱུར་བའོ། །དྱཽཿ། བནྠཱཿ། སཿ། ཧལ་ལས་ཞེས་པས་སུ་མི་དབྱིའོ། །ཨ་ཙ་ལས་ཕ་རོལ་སྔོན་མའི་སྒྲུབ་པ་ལའོ། །ཨལ་གྱི་སྒྲུབ་
པ་དོན་རྩོམ་པའོ། །ཨ་ཙ་བསྒྱུར་བ་ཕ་རོལ་གྱི་རྒྱུ་མཚན་ཅན་ནི་སྔ་མའི་སྒྲུབ་པ་ལ་གནས་ཅན་བཞིན་འགྱུར་ཏེ། བ་ཊ་ཡ་ཏི། ལ་གྷ་ཡ་ཏི། ཨ་བ་བྷཱི་ཏ། ཎི་དབྱི་བ་ཡང་ཨཏ་དབྱི་བ་ཡང་གནས་ཅན་བཞིན་གྱི་དངོས་པོ་ལས་འཕེལ་བར་མི་འགྱུར་ཏོ། །ཚིག་མཐའ་དང་གཉིས་བརྗོད་པ་དང་ཡང་དབྱི་བ་དང་འདྲ་
བའི་ཡི་གེ་དང་རྗེས་སུ་ང་རོ་དང་རིང་པོ་དང་ཛ་དང་ཙའ་ཆོ་ག་རྣམས་ལམ་ཡིན་ནོ། །འདི་རྣམས་ལ་སྔ་མའི་ཆོ་ག་ལ་ཨ་ཙ་བསྒྱུར་བ་གནས་ཅན་བཞིན་མི་འགྱུར་ཏེ། ཚིག་མཐའ་ལ་ནི། ཀཽསྟཿ། ཨཱ་བ་རུ་མ་བསྒྱུར་བའོ། །གཉིས་བརྗོད་པ་ལ་ནི། ད་དྷྱ་ཏྲ། གཉིས་བརྗོད་པར་མ་གྱུར་པའོ། །ཡ་དབྱི་བ་ལ་ནི།
Vol. 194 · folio 150b
ཨཏ་དབྱི་བ། ཡཱ་ཡཱ་བ་རཿ། ཀཎྜཱུ་ཏིཿ། བལ་ལ་ཡ་མ་ཕྱིས་པའོ། །འདྲ་བའི་ཡི་གེའི་སྒྲུབ་པ་ལ་ཤྨམ་ལས་ཨ་དབྱིའོ། །ཤིཎྜི། པིཎྜི་ཚིག་མཐའ་མ་ཡིན་པ་ཞེས་པས་སྡེ་བ་རྣམས་ལ་ཕ་རོལ་འདྲ་བའི་ཡི་གེ་ཉམ་དུ་མ་གྱུར་པའོ། །རྗེས་སུ་ང་རོ་ལ་ནི། ཤིཾ་ཥནྟི། ཚིག་མཐའ་མ་ཡིན་པའི་ནིའང་ཛྷ་ལ་
ལའོ་ཞེས་པས་རྗེས་སུ་ང་རོར་མ་གྱུར་པའོ། །རིང་པོའི་སྒྲུབ་པ་ལ་ནི། ཨཏ་དབྱི་བ་མ་ཡིན་ནོ། །པྲ་ཏི་དྷིནྣ། ཧ་ལ་ལའང་ཞེས་པས་རིང་པོར་མ་གྱུར་པའོ། །ཛའ་སྒྲུབ་པ་ལ་ནི། པུཀ་གི་ཨ་ཡིག་དབྱིའོ། །དྷཏྶྭ། དྷབྡྷཾ། ཛ་ཤ་ཉིད་དུ་མ་གྱུར་པའོ། །ཙའི་སྒྲུབ་བ་ལ་ནི། གམ་ཧན་ཞེས་པ་ལ་སོགས་
པས་མཐའ་ཉེ་དབྱིའོ། །ཛཀྵ་རུཿ། ཛཀྵུཿ། ཁར་ལ་གྷའི་ཙར་ཉིད་དུ་མ་གྱུར་པའོ། །ཡ་དབྱི་བ་ལ་ནི། དབྱི་བ་དང་ཨཙ་བསྒྱུར་བ་གནས་ཅན་བཞིན་མང་པོ་ལ་མ་ཡིན་པ་རྗེས་སུ་འཇུག་གོ། །དེས་ན་པཱ་དྱོཿཞེས་པ་འདིར་ཡཎ་ཏུ་བསྒྱུར་བ་གནས་ཅན་བཞིན་ནོ། །གཞན་དུ་ན་ཡའི་ཝལ་ལ་དབྱི་བར་
འགྱུར་རོ། །ཀྭིཔ་འཇིག་པ་དང་མཐའ། ཉི་ཉིད་དང་ཙཏྶཾ་ཐུང་དུ་མིན་པ་དང་ཀུ་ཉིད་དང་ཁ་ཉིད་རྣམས་ལ་དབྱི་བ་གནས་ཅན་བཞིན་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཀྭིཔ་ཕྱིས་པ་ལ་ནི། ལཽཿ། པཽཿ། ཎི་ཕྱིས་པ་ལ་གནས་ཅན་ཉིད་མེད་པའི་ཕྱིར་ཨཱུ་ཋའོ། །འཇིགས་པ་ལ་ནི། ཨཱ་མ་ལ་ཀཾ། མ་ཡཊ་འབྲས་བུ་
ལ་འཇིག་པ་བྱས་པ་ལའོ། །དེ་ཕན་འཇིག་པ་དང་ལུཀྱ་གོ་ཎྱ་སོགས་ལས་ཞེས་པ་བུད་མེད་ལས་བཟློག་པ་དེ་ནི་གནས་ཅན་བཞིན་མེད་པའི་ཕྱིར་ངི་ལ་དབྱི་བར་མི་འགྱུར་བའོ། །མཐའ་ཉེ་ཉིད་ལ་ནི། པཱ་རི་ཁཱི་ཡཾ། ཙཱ་ཏུ་ར་རྠི་ཀཱ་ཎཾ། དེ་གང་ཡིན་པ་ལ་དབྱི་བ་གནས་ཅན་བཞིན་མ་ཡིན་པའི་ཕྱིར་རོ། །ཎི་
ལ་ཙང་ལ་ཞེས་པ་ཐུང་ངུའོ། །དེ་བཞིན་དུ་པཱ་པ་ཙྱ་ཏེ། པཱ་པཀྟི། པ་ཙ་ཡ་ཏེ། པཀྟི། ཡཱ་ཡ་ཛྱ་ཏི། ཡཱ་ཡཥྚི། ཨཊ་དབྱི་བ་དང་། ཎི་དབྱི་བ་གནས་ཅན་བཞིན་མ་ཡིན་པའི་ཕྱིར་ཛྷ་ལ་ལ་ཏ་གུ་ཉིད་དང་ཥ་ཉིད་དོ། །གཉིས་བརྗོད་པ་ལས་ཨཙ་ལའོ། །གཉིས་བརྗོད་པའི་རྒྱུ་མཚན་གྱི་ཨཙ་ལ་ཨཙ་བསྒྱུར་
པ་གནས་ཅན་བཞིན་ཏེ། གནས་ཅན་གྱི་གཟུགས་སུ་འགྱུར་རོ། །གཉིས་བརྗོད་པ་ལ་སླར་ཡང་བསྒྱུར་བའི་གཟུགས་འཛིན་ནོ། །ཎན་ཊ་བཏ། ཡ་ཡཏྟཪྻ་ཡུཿ། ཛ་གྷྣ་ཏུཿ། ཛ་གྷྣུཿ། ཨཱཏ་ལས་དབྱི་བ་ནི། ག་མ་ཧན་ཞེས་པས་མཐའ་ཉེ་དབྱེ་བ་གནས་ཅན་དང་འདྲ་བའི་ཕྱིར། གང་ཧ་ན་ལ་གཉིས་བརྗོད་
Vol. 194 · folio 151a
པའོ། །ནི་ནཱ་ཡ། ལུ་ལཱ་བ་ཞེས་པ་འདིར་ཨཱ་ཡ་ཨཱབའི་གནས་ཅན་དང་འདྲ་བའི་ཕྱིར་ནཱི་དང་ལཱུའི་སྒྲ་དག་གཉིས་བརྗོད་དོ། །ཨ་ཙ་ལ་ཞེས་པ་ཅི་ཞེ་ན། ཛི་གྷཱི་ཡ་དེ། ཡང་ལ་ངྱཱ་ཉིད་གནས་ཅན་བཞིན་མ་ཡིན་ནོ། །གཟུགས་བརྟན་པའི་དོན་དུ་འདི་སྔོན་གྱི་བྱ་བ་བསྟན་པའི་དོན་ཏོ། །དོན་
གཞན་དང་སྒྲ་གཞན་ནི་སྒྲའི་དོན་གཞན་དང་མིང་གཞན་བསྟན་པར་བཤད་པ་སྟེ། དེ་ཉིད་སོ་སོར་རྟོག་པར་བྱེད་དོ། །དེའི་མཚོན་པར་མི་བྱ་བ་མི་ནུས་པའི་ཕྱིར་རོ། །དེ་ལ་སྒྲ་གཞན་གྱིས་བསྟན་པ་ནི། དོན་བཞིན་སྨོས་པས་དོན་མ་ཡིན་པ་ངོ་ཞེས་ཡོངས་སུ་བཤད་པས་བྱ་བ་གཞན་དང་འཁྲུལ་པ་མེད་
པའི་ཕྱིར་རོ། །གཱང་ཎཱི་ཏ་ལས་ཉྩི་ཏ་མ་ཡིན་པ་ལས་ངི་ཏའོ། །ཨིང་བསྒྱུར་བའི་གཱང་དང་ཎཱི་ཏ་ལས་བྱིངས་ཀྱི་ཕ་རོལ་གྱི་ཉྞི་ར་མ་ཡིན་པའི་རྐྱེན་རྣམས་ངིད་དང་འདྲ་བར་འགྱུར་ཏེ། ཨ་དྷྱཱ་ཥཱིཥྚ། ཨ་དྷྱ་ཤཱི་ཥཏ། ཀུ་ཊི་ཏཱ། ཀུ་ཊི་ཏུཾ། ཀུ་ཊི་ཏ་བྱཾ། པུ་ཊི་ཏཱ། པུ་ཊི་ཏུཾ། པུ་ཊི་ཏ་བྱཾ་ཞེས་པ་ལ་སོགས་པ་རྣམས་སོ། །
ཉྞིཏ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཀོ་ཊཿ། ཀོ་ཊ་ཡ་ཏི། བྱ་ཙི་ལས་ཨས་མ་ཡིན་པ་ལས་སོ། །བྱ་ཙི་ལས་ཕྱི་མར་ཉྞིཏ་མ་ཡིན་པའི་རྐྱེན་ལ་ཨས་བོར་བ་ལ་ངི་ཏ་དང་འདྲ་བར་འགྱུར་ཏེ། བིཙི་ཏཱ། བིཙིཏཱུཾ། བི་ཙི་ཏ་བྱཾ། ཨས་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱུ་རུ་བྱ་ཏཱཿ། བི་ཛི་ལས་ཨིཊ་ལའོ། །བི་ཛི་
ལས་ཨིཊ་དང་པོའི་རྐྱེན་ལས་ངི་ཏ་འགྱུར་ཏེ། ཨུངྦི་ཛི་ཏཱ། ཨུངྦི་ཛི་ཏུཾ། ཨུངྦི་ཛི་ཏ་བྱཾ། ཎིའི་མཐའ་ལས་ཨུངྦེ་ཛི་ཏཱ་པྲྀཥྚི་བྷིཿ། ཨོ་བི་ཛཱི་ཏི་འདི་སྨོས་པ་ལས་བི་ཛི་མ་ཡིན་པ་ལས་ཨིཊ་མ་ཡིན་པའི་ཕྱིར་རོ། །ཨཱུརྞུ་ལས་ཡང་ནའོ། །ཨི་ཊ་དང་པོ་ལས་ངིཏ་འགྱུར་ཏེ། པྲོརྞུ་བི་ཏ། པྲོརྞུ་བིཏྟུཾ། པྲོརྞྞུ་བི་ཏ་བྱཾ། བིཏ་
མ་ཡིན་པའི་ཀུན་འགྲོ་ལའོ། །ངིཏ་འགྱུར་ཏེ། ཀུ་རུ་ཏཿ། ཀུརྦནྟིཿ། ཙི་ནུ་ཏཿ། ཙི་ནྭནྟི། པིཏ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཀ་རོ་ཏི། ཙི་ནོ་ཏི། པི་ཏ་མ་ཡིན་པ་ཞེས་སྦྱོར་བ་རྣམ་པར་ཕྱེ་བའི་ཕྱིར་ངིཏ་ལ་པིཏ་ལ་མི་འགྱུར་ཞེས་སྦྱོར་རོ། །དེས་ན་སྟཱུ་ཡཱ་ཏ་ཞེས་པ་འདིར་ཨཱ་སུཊ་ལས་ངིཏ་ཉིད་ལ་པིད་ཉིད་བཀག་པའི་ཕྱིར་
འཕེལ་བར་མི་འགྱུར་རོ། །བྲཱུ་ཏཱདྦྷ་བན་ཞེས་པ་འདིར་བྲཱུ་ལས་ཨིཏ་མི་འགྱུར་རོ། །བརྩེགས་པ་མ་ཡིན་པ་ལས་ལིཏ་མི་འགྱུར་རོ། །བརྩེགས་པ་མིན་པས་ལས་ཕ་རོལ་དུ་གང་ལིཊ་ཀིཊ་དང་བཅས་པར་འགྱུར་ཏེ། ཙཀྲ་ཏུཿ། ཙ་ཀྲུཿ། ཨཱི་ཛ་ཏུཿ། ཨཱི་ཛུཿ། བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། བ་ལིརྦ་བནྡྷེ།
Vol. 194 · folio 151b
ཛ་ལ་ནི་དྷི་ར་མ་མནྠེ། པི་ཏ་མ་ཡིན་པ་ལ་ཞེས་པ་ཉིད་དེ། །བི་བྷེ་དང་། ད་མི་དཀྵྭ་ད་དྷྲྀ་ཥ་ཤཱིད་པཱུ་ལས་ནིཥྛ་ཨིཊ་དང་བཅས་པ་ལ་མ་ཡིན་ནོ། །འདི་རྣམས་ལས་ཕ་རོལ་ཎིཥྛའི་རྐྱེན་ཨིཊ་དང་བཅས་པ་ལ་ཀིཊ་མི་འགྱུར་ཏེ། པྲ་སྭེ་དི་ཏཿ། པྲ་མེ་དི་ཏཿ། ཀྵྭེ་དི་ཏཿ། དྷཪྵི་ཏཿ། ཤ་ཡི་ཏཿ། པ་བི་ཏཿ
ཨུ་ཨཱུ་ཡི་ཏ་ཞེས་པ་ཡང་བྱིངས་ཀྱི་དཔུང་གཉེན་ལས་བལྟ་བར་བྱའོ། །མྲྀ་ཥ་ལས་བཟོད་པ་ལའོ། །ཨིཊ་དང་བཅས་པའི་ནིཥྛཱ་ལ་ཀིཏ་མི་འགྱུར་ཏེ། མཪྵི་ཏཿ། མཪྵི་ཏ་བན། བཟོད་པ་ལ་ཞེས་པ་ཅི་ཞེ་ན། ཨ་པ་མྲྀ་ཥི་ཏཾ་ཤཱཀྱ་མཱ་ཧཱ། ཨུཏ་མཐའ་ཉེ་ཤ་པ་ལྡན་པ་ལས་དངོས་པོ་དང་རྩོམ་པ་དག་ལ་ཡང་
ནའོ། །ཨུ་ཡིག་མཐའ་ཉེ་ལ་ཤབ་བི་ཀ་ར་ཎ་བྱས་པ་ལ་ནཥྛཱིའི་རྐྱེན་ཨིཊ་དང་བཅས་པ་ལ་ཀིཏ་ཡང་ན་མི་འགྱུར་ཏེ། ངྱུ་ཏི་ཏ་མ་ནེ་ན། པྲ་ངྱུ་ཏི་ཏཿ། པྲ་དྱོ་ཏི་ཏཿ། ཉིན་མོར་བྱེད་པའོ། །པྲ་དྱུ་ཏི་ཏཿ། ན་ཡ་བ་ཏ། དེ་བཞིན་དུ་མུད་སོགས་རྣམས་ལས་ཀྱང་ངོ་། །མཐའ་ཉེ་ལས་ཞེས་པ་ཅི་ཞེ་ན། ཁི་དི་ཏ་མ་ནེ་
ན། ཤ་བ་ལས་ཞེས་པ་ཅི་ཞེ་ན། གུ་དྷི་ཏ་མ་ནེ་ན། པྲ་གུ་དྷི་ཏཿ། དངོས་པོ་དང་རྩོམ་པ་དག་ལ་ཞེས་པ་ཅི་ཞེ་ན། རུ་ཙི་ཏཱ་ཀ་ནྱཱ། ཨིཊ་དང་བཅས་པ་ཞེས་པ་ཉིད་དེ། རཱུ་ཌྷ་མ་ནེ་ན། པྲ་རཱུ་ཌྷཿ། མྲྀ་ཌ་མྲྀད་གུ་དྷ་ཀུ་ཥ་ཀླི་ཤ་བ་ད་བ་ས་ལས་ཀྟྭཱ་ལ་མ་ཡིན་ནོ། །མྲྀ་ཌ་སོགས་བོར་བའི་བྱིངས་ལ་ཕ་རོལ་ཀྟྭ་ཨི་ཊ་དང་
བཅས་པ་ལ་ཀིཊ་མི་འགྱུར་ཏེ། དེ་བི་ཏཱ། བརྟི་ཏྭཱ། སྱིནྡ་ཏྭཱ། གུམྥི་ཏྭཱ། མྲྀ་ཌ་སོགས་བཀག་པ་ཅི་ཞེ་ན། མྲྀ་ཌི་ཏྭཱ། མྲྀ་དི་ཏྭཱ། གུ་དྷི་ཏྭཱ། ཀུ་ཥི་ཏྭཱ། ཀླི་ཤི་ཏྭཱ། ཨུ་དི་ཏྭཱ། ཨུ་ཥི་ཏྭཱ། བཉྩི། ལུཉྩི་ལས་ཡང་ནའོ། །ཨིཊ་དང་བཅས་པའི་ཀྟྭཱུལ་ཀིཏ་ཡང་ན་འགྱུར་ཏེ། བ་ཙི་ཏྭཱ། བཉྩི་ཏྭཱ། ལུ་ཙི་ཏྭཱ། ཨིཊ་དང་
བཅས་པ་ཞེས་པ་ཉིད་དེ། བཀྟྭཱ། རྀ་ཏ་ཏྲྀ་མྲྀ་ཥ་ཀྲྀ་ཥ་རྣམས་ཀྱིའོ། །རྀཏ་ལ་སོགས་པ་ཨིཊ་དང་བཅས་པའི་ཀྟྭཱ་དང་བཅས་པའི་ཀྟྭཱ་ལ་ཀཊི་ཡང་ན་འགྱུར་ཏེ། རྀ་ཏི་ཏྭཱ། ཨ་རྟི་ཏྭཱ། ཏྲི་ཥི་ཏྭཱ། ཏཪྵི་ཏྭཱ། མྲྀ་ཥི་ཏྭཱ། མཪྵི་ཏྭཱ། ཀཪྵི་ཏྭཱ། རལ་ལས་ཧལ་དང་པོ་ཨུ་ཨི་མཐའ་ཉེ་ལས་སན་འང་ངོ་། །རལ་མཐའ་ཅན་ཧ་ལ་དང་པོ་ཨུ་ཨི་མཐའ་ཉེའི་
བྱིངས་གང་ཡིན་པ་དེ་ལས་ཕ་རོལ་ཨིཊ་དང་བཅས་པའི་ཀྟྭཱ་ལ་ཀིཊ་ཡང་ན་འགྱུར་ཞིང་ས་ན་འང་ངོ་། །ལི་ཁི་ཏྭཱ། ལི་ཁི་ཏྭཱ། ལི་ལི་ཁི་ཥ་ཏི་དྱུ་ཏི་ཏྭཱ། དྱོ་ཏི་ཏྭཱ། གུ་ཕི་ཏྭཱ། དི་དྱུ་ཏི་ཥ་ཏི། དི་དྱོ་ཏི་ཥ་ཏི། དི་དྱོ་ཏི་ཥ་ཏེ། ཧལ་དང་པོ་ལས་ཞེས་པ་ཅི་ཞེ་ན། ཨེ་ཥིཏྭཱ། ཨེ་ཥི་ཥ་ཏི། ཨི་ཨུ་མཐའ་ཉེ་ལས་ཞེས་པ་ཅི་ཞེ་ན།
Vol. 194 · folio 152a
བརྟི་ཏྭཱ། བི་བརྟི་ཥ་ཏི། རལ་ལས་ཞེས་པ་ཅི་ཞེ་ན། དེ་བི་ཏྭཱ། དི་དེ་བི་ཥི་ཥ་ཏི། ཨིཊ་དང་བཅས་པ་ཞེས་པ་ཉིད་དེ། བྷུ་ཀྟྭཱ་བུ་བྷུ་ཀྵ་ཏེ། རུ་ད་བི་ད་མུ་ཥ་གྲ་ཧེ་སྭཱ་པི་པྲཙྪ་ལས་སོ། །ཕ་རོལ་ཨིཊ་དང་བཅས་པའི་ཀྟྭཱ་ལ་ས་ན་དང་ཀིཏ་དག་འགྱུར་ཏེ། རུ་དི་ཏྭཱ། རུ་རུ་དི་ཥ་ཏི། བི་དི་ཏྭཱ། བི་བི་དི་ཥ་ཏི།
མུ་ཥི་ཏྭཱ། མུ་མུ་ཥི་ཥ་ཏི། གྲྀ་ཧི་ཏྭཱ། ཛི་གྷྲྀཀྵ་ཏི། སུ་སུཔྶ་ཏི། པི་པྲྀ་ཙྪི་ཥ་ཏི། ཀི་ར་སོགས་དང་ཨརྟི་སྨི། པཱུང་། ཨཉྫ། ཨ་ཤས་ལས་སན་ལས་ཞེས་པས་ཨིཊའོ། །སྭ་པི་པྲཙྪ་ལས་སན་ནི་དོན་བརྗོད་པའོ། །ཀིཏ་ཉིད་ལས་ཧིཀྟྭཱ་ཨིཊ་མེད་པའི་ཕྱིར་རོ། །ཨིཀ་ལས་ཨིཊ་མེད་པ་ལས་སོ། །ཨིཀ་མཐའི་
བྱིངས་ལས་ཕ་རོལ་ཨིཊ་མེད་པའི་སན་གྱི་རྐྱེན་ལས་ཀིཏ་འགྱུར་ཏེ། ཙི་ཙཱི་ཥ་ཏི། ནི་ནཱི་ཥ་ཏི། ཏུ་ཥྚཱུ་ཥ་ཏི། ཙིཀཱིཪྵ་ཏི། ཨིཏ་མེད་པ་ཞེས་པ་ཅི་ཞེ་ན། ཤི་ཤ་ཡི་ཥ་ཏི། དེའི་མཐའ་ཉེ་ལས་སོ། །ཕྱི་མར་ཨ་ཏ་མེད་པའི་སན་ལས་ཀིཏ་འགྱུར་ཏེ། བིབྷིཪྶ་ཏི་བུ་བྷུཪྶ་ཏེ། རི་ལས་ཀྱང་ལིང་པི་ཙད་ག་ཏང་ལས་སོ། །
ཨིཀ་མཐའ་ཉེ་དང་རི་ཡིག་མཐའ་ལས་ཀྱང་ཕ་རོལ་གང་ལིང་སི་ཙ་དག་ཏང་དང་འབྲེལ་བ་དག་ལ་ཀིར་འགྱུར་ཏེ། བྷིཪྶཱ་ཥྚ། བྷུཪྶཱིཥྚ། ཨ་བྷིརྟུཾ། ཨ་བུདྡྷ། ཧྲྀ་ཥཱིཥྚ། ཨཀྲྀ་ཏ། ཨ་ཧྲྀ་ཏ། ཏཱིརྵིཥྚ། ན་དཱི། ཨ་ཏཱིརྵྚ། དྷི་དང་སྠཱ་ལ་ཨིཏ་དང་སིའང་ངོ་། །དྷའི་མིང་ཅན་རྣམས་དང་ཏིཥྛ་ཏི་ལས་ཕ་རོལ་སི་དང་ཀིཏ་འགྱུར་
ཏེ་མཐའ་ཨི་ཏ་དུ་བསྒྱུར་བ་འང་ངོ་། །ཨ་དི་ཏ། ཨ་དི་ཥཱ་ཏཾ། ཨ་དྷི་ཏ། ཨ་དྷི་ཥཱ་ཏཾ། པྲཱ་སྠི་ཏ་པྲཱ་སྠི་ཥཱ་ཏཾ། ཞེས་པ་སཱ་དྷུ་ཀཱིརྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་
དང་པོའི་རྐང་པ་དང་པོ་རྫོགས་སོ།། །།ལྔ་པ་གཙོ་བོར་བྱས་པ་རྐྱེན་ནོ། །ལྔ་པའི་མཐའ་གཙོ་བོར་བྱས་པའི་སྒྲུབ་པ་ནི་རྐྱེན་གྱི་མིང་ཅན་དུ་འགྱུར་ཏེ། དེ་ཡང་ཕ་རོལ་དུ་འགྱུར་རོ། །རྐྱེན་ལས་སྔོན་མ་ནི་རང་བཞིན་ནོ། །ཚིག་སྡུད་དག་དང་སུབ་དང་བྱིངས་དོན་མ་ཡིན་པ་ནི་དེ་ཕན་ནོ། །ཚིག་
སྡུད་དང་སུབ་བོར་བའི་རྐྱེན་ནི་དེ་ཕན་གྱི་མིང་ཅན་དུ་འགྱུར་ཏེ། བྱིངས་དོན་མ་ཡིན་པ་ལ་བྱས་པ་ནི། གཱརྒྱཿ། དྦྱཿ། ཧཿ། སུབ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། རཱ་ཛ་པུ་རུ་ཥཿ། བྱིངས་དོན་མ་ཡིན་པ་ཞེས་པ་ཅི་ཞེ་ན། ལོ་ཧི་ཏཱ་ཡ་ཏེ། གནས་ཅན་ནི་བསྒྱུར་བའོ། །གནས་ཅན་ངེས་པར་བསྟན་པའི་ཆོ་ག་ནི་བསྒྱུར་
Vol. 194 · folio 152b
བའི་མིང་ཅན་དུ་འགྱུར་ཏེ། གནས་ཅན་སྨོས་པ་ནི་དག་པའི་མཐའ་ཉེ་བར་མཚོན་པའི་དོན་ཏོ། །ཥྚྐ་འགྲོ་བ་ལ་ནི་ཨཱ་ག་མའོ། །གནས་ཅན་ངེས་པར་བསྟན་པའི་ཆོ་ག་ལ་ཥྚྐྨ་འགྲོ་བ་ནི་ཨཱ་ག་མའི་མིང་ཅན་དུ་འགྱུར་ཏེ། རྐྱེན་གྱི་དང་པོའི་ཕྱོགས་གཅིག་གོ། །བཱནྟཽ་ཨི་པྲ་ཏྱ་ཡ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་
སོ། །ལས་ལས་འདོད་པ་ལ་ཀཱམྱ་ཙ་ཡང་ནའོ། །ལས་ལས་འདོད་པ་ལ་ཀཱ་མྱ་ཙ་ཡང་ན་འགྱུར་ཏེ། པུ་ཏྲ་སྱེཙྪ། པུ་ཏྲ་ཀཱ་མྱཱ། པུ་ཏྲ་མི་ཙྪ་ཏི། པུ་ཏྲ་ཀཱ་མྱ་ཏི། དྷ་ན་ཀཱ་མྱ་ཏི་ཨུཙྪེཿ། ཀཱ་མྱ་ཏི། ལས་ལས་ཞེས་པ་ཅི་ཞེ་ན། དཱ་ཏེ་ཎེཙྪ་ཏི། འདོད་པ་ལ་ཞེས་པ་ཅི་ཞེ་ན། པུ་ཏྲཱཾ་ཤྱ་ཏེ། འདིར་ཅིའི་ཕྱིར་མི་
འགྱུར་ཞེ་ན། མཧཱནྟཾ་པུ་ཏྲ་མིཙྪ་ཏི། ལྟོས་པ་དང་བཅས་པའི་དོན་གཅིག་གི་ངོ་བོ་མེད་པའི་ཕྱིར་རོ། །མ་ཧཱ་པུ་ཏྲ་ཀཱ་མྱ་ཏི་ཞེས་པ་སླར་ཡང་བུ་ཆེན་པོའི་སྒྲ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །འོ་ན་ཅི་ལྟར་བདག་ཉིད་བུ་འདོད་པར་བྱེད་ཅེ་ན། བུ་འདོད་པའི་བདག་ཉིད་སོ་སོར་བུ་ལ་རྟག་ཏུ་ལྟོས་པ་དང་
བཅས་པའི་ཕྱིར་རོ། །མི་ཟད་པ་མིན་པའི་ཨམ་ལས་ཀྱང་ཡང་ནའོ། །མི་ཟད་པ་མིན་པའི་ཨམ་ཡིག་མཐའ་ལས་ལས་ལ་ཀཱ་མྱ་ཙའི་ཡུལ་ལ་ཀྱ་ཙ་ཡང་ན་འགྱུར་ཏེ། པུ་ཏྲ་མི་ཙྪ་ཏེ། པུ་ཊཱི་ཡ་ཏི། པུ་ཏྲ་ཀཱ་མྱ་ཏི། མི་ཟད་པ་མིན་པ་ལས་ཞེས་པ་ཅི་ཞེ་ན། སྭ་རིཙྪ་ཏི། ཨཾ་ལས་ཞེས་པ་ཅི་ཞེ་ན། ཀི་མིཙྪ་ཏི།
སྔ་མའི་ཡང་ནའི་སྒྲ་ནི་ངག་ཐམས་ཅད་རྣམ་པར་བརྟག་པའི་དོན་ཏོ། །སྤྱིར་བཏང་ལས་ཀྱང་ཉེ་བར་འཇལ་བ་ལས་ཀུན་སྤྱོད་ལའོ། །སྤྱིར་བཏང་ལས་ལས་ལ་ཉེ་བར་འཇལ་བ་ལས་ཀུན་སྤྱོད་ཀྱི་དོན་ལ་ཀྱ་ཙ་འགྱུར་ཏེ། བུ་བཞིན་དུ་ཀུན་དུ་སྤྱོད་པ་ནི། པུཏྲཱི་ཡ་ཏི། གཡོག་ལའོ། །མཱ་ཏྲཱི་ཡ་ཏི་པ་ར་ཀ་ལ་ཏྲཾ། པྲ་
སཱ་དཱི་ཡ་ཏི། གང་ཁང་ཆུང་ལའོ། པཪྻཾ་ཀཱི་ཡ་ཏི། ཁྲིའུ་ལའོ། །ཉེ་བར་འཇལ་བ་ལས་ཞེས་པ་ཅི་ཞེ་ན། པུ་ཏྲ་མཱ་ཙ་ར་ཏི། ཀུ་ཊྱཱ་མཱ་ཙ་ར་ཏི། ཀུན་སྤྱོད་ལས་ཞེས་པ་ཅི་ཞེ་ན། པུ་ཏྲ་མི་བ་པ་ཤྱ་ཏི། ཀུན་ཊྱ་མི་བ་ཀུ་རུ་ཏེ། ཉེ་བར་འཇལ་བ་ནི་རབ་ཏུ་གྲགས་པའི་ཆོས་དང་བཅས་པས་བསྒྲུབ་བྱ་དང་སྒྲུབ་བྱེད་དེ། དེ་
ལྟར་རིགས་པ་ཅན་གྱི་ཚད་མའི་མཚན་ཉིད་ཀྱིས་དངོས་པོའི་མཚན་ཉིད་ཉེ་བར་འཇལ་བ་ལས་མཚུངས་པར་བྱེད་དོ། །གང་ཞིག་རབ་ཏུ་མ་གྲགས་པའི་རིགས་ལ་སོགས་པ་རྣམས་ཀྱིས་དེར་རབ་ཏུ་གྲགས་པ་དེ་དང་མཚུངས་པའི་དངོས་པོ་ཉེ་བར་འཇལ་བའོ། །བྱེད་པ་པོ་ལ་ཝི་པའོ། །བྱེད་པ་པོ་བརྗོད་པ་ཉེ་བར་འཇལ་
Vol. 194 · folio 153a
བ་ལས་ཀུན་སྤྱོད་ཀྱི་དོན་ལ་ཝི་པ་རྐྱེན་དུ་ཡང་ན་འགྱུར་ཏེ། རྟ་བཞིན་དུ་ཀུན་དུ་སྤྱོད་པ་ནི། ཨ་ཤྭ་ཏི་ཁ་རཿ། རི་པ་བ་ཏི་མི་ཏྲཾ། ཀ་པ་ཡ་ཏི་མཱུརྑཿ། བི་དྷ་བ་ཏཱི། ས་བི་ཏ། གལྦྷ་ཀླཱི་བ་ཧོ་ཌ་རྣམས་ལས་ངིཏའོ། །གལྦྷ་སོགས་རྣམས་ལས་ཕ་རོལ་ཝིཔ་དང་ངིཏ་འགྱུར་ཏེ། གལྦྷ་ཏེ། ཀླཱི་བ་ཏེ།
ཧོ་ཌ་ཏེ། གལྤྷཱ་ཙ་ཀྲེ། ཀླཱི་བཾ། ཙཀྲེ། ཧོ་ཌཱི་ཙིཀྲེ། ཀྱང་འོ། །བི་པ་ཀྱི་ཡུལ་ལས་ཀྱང་ཡང་ན་འགྱུར་ཏེ། ཨ་ཤྭཱ་ཡ་ཏེ། ཁ་རཿ། རི་པཱུ་ཡ་ཏེ། མི་ཏྲཾ། བིདྷཱུ་ཡ་ཏེ། ས་བི་ཏཱ། ཀ་བཱི་ཡ་ཏེ་མཱུརྑཿ། ཤི་ཤཱུ་ཡ་ཏེ། བྲྀདྡྷཿ། ཨེ་རཎྜོ་བི་དྲུག་མཱ་ཡ་ཏེ། ཀཱ་ཀོ་པི་ག་རུ་ཌཱ་ཡ་ཏེ། ག་བྱ་སྡེ་ག་བ་ཡཿ། ནཱ་བྱ་སྟེ་དྲོ་ཎཱིཿ།
པ་ཡཱ་ཡ་ཏེ། པ་ཡ་སྱ་ཏེ། ཀྱང་ལ་ཡང་ནའོ་ཞེས་པས་ས་དབྱིའོ། །ཨོཛཱ་ཡ་ཏེ། ཨཔྶ་རཱ་ཡ་ཏེ། ཨོཾ་ཛས་དང་ཨཔྶ་རས་དག་ལའོ་ཞེས་པས་རྟག་ཏུ་ས་དབྱིའོ། །ཨེ་ཎཱི། ཨེ་ཏཱ་ཡ་ཏེ། ཤྱེ་ནཱི། ཤེ་ཏཱ་ཡ་ཏེ། ཀྱང་དང་མ་ནི་ན་དག་ལ་ཞེས་པས་སྐྱེས་པ་བཞིན་གྱི་དངོས་པོ་ཐམས་ཅད་དུའོ། །ཨ་ཀྲྀཏ་ཀུན་འགྲོ་
ལ་རིང་པོ་ཞེས་པས་རིང་པོ་ཉིད་དོ། །བྷྀ་ཤ་སོགས་རྣམས་ལས་ཙིའི་དོན་ལས་ས་ཏ་དབྱི་བའང་ངོ་། །མ་བྱུང་བ་དེའི་དངོས་པོ་ནི་ཙིའི་དོན་ཏོ། །འདིར་བྷྲྀ་ཤ་སོགས་ལས་བྱེད་པ་པོ་བརྗོད་པ་ལས་ཀྱང་ཡང་ན་འགྱུར་ཏེ། དེར་ས་ཡིག་དང་ཏ་ཡིག་དབྱི་བ་དང་མཐའ་བསྒྱུར་བའང་ངོ་། །མ་ངེས་པ་ངེས་པར་གྱུར་པ་ནི། །བྷྲྀ་
ཤཱ་ཡེ་ཏེ། ཤཱི་གྷཱ་ཡ་ཏེ། བྷྲྀ་ཤ །ཤཱི་གྷཱ། ཙ་པ་ལ། པཎྜི་ཏ། ཨུཏྶུ་ཀ་ཨུནྨ་ནས། ཨུནྨ་ནཱ་ཡ་ཏེ། ཨབྷི་མ་ནས། ཨབྷི་མ་ནཱ་ཡ་ཏེ། དུརྨ་ནས། དུརྨ་ནཱ་ཡ་ཏེ། སུ་མ་ནས། སུ་མ་ནཱ་ཡ་ཏེ། བརྩས། བརྩཱ་ཡ་ཏེ། རེ་ཧཏ། རེ་ཧཱ་ཡ་ཏེ། བེ་ཧཏ། བེ་ཧཱ་ཡ་ཏེ། ཤ་ཤྭཏ། ཤ་ཤཱ་ཡ་ཏེ། དྲི་ཥ་ད། ཤུ་ཙི། མཎྜ་ན།
ནཱི་ལ། མ་དྲ། ཕེ་ན། ཧ་རི་ཏ། མནྡ། བྱེད་པ་པོ་ལས་ཞེས་པ་ཉིད་དོ། །མ་ངེས་པ་ངེས་པར་བྱེད་པའོ། །ཅི་ལྟར་སུ་མ་ནཱ་ཡཏ། སུ་མ་ནཱ་ཡྻ་ག་ཏཿ། སུ་མི་མ་ནཱ་ཡི་ཥ་ཏེ་ཞེ་ན། ཨུད་ལ་སོགས་པའི་དོན་གྱི་ཁྱད་པར་ལས་མ་ནའི་སྒྲ་འབའ་ཞིག་ཉིད་ལ་དལ་ཀྱང་དང་བསྡུ་པ་ངེས་པར་བསྟན་པའི་ཕྱིར་རོ་ཞེས་རཏྣ་མ་ཏིའོ། །
ཀུན་སྤྱོད་ཀྱི་དོན་ལ་ནི་སྔ་མའི་ཀྱང་ཉིད་ཇི་ལྟར་མངོན་པར་བརྗོད་པའོ། །འདིར་བྱ་བའི་དོན་གྱི་རབ་ཏུ་བྱེད་པ་ལས་བྱེད་པ་པོ་ལ་ཙྭི་ལས་སྐྱེད་པར་བྱེད་པའི་བྱིངས་ཀྱི་དོན་ནི་ཙྭིའི་དོན་དང་སྒྲས་མངོན་པར་བརྗོད་དོ། །རྣམ་པར་འགྱུར་བ་ནི་བྱེད་པ་པོ་མ་ཡིན་ནོ། །ཌཙ་དང་ལོ་ཧི་ཏ་སོགས་ལས་ཀྱཥའོ། །ཌཱ་ཙའི་མཐའ་དང་ལོ་
Vol. 194 · folio 153b
ཧི་ཏ་སོགས་རྣམས་ལས་ཙིའི་དོན་ལ་ཀྱཥ་འགྱུར་ཏེ། སྣམ་བུ་མ་ཡིན་པ་སྣམ་བུར་གྱུར་པ་དང་། སྣམ་བུ་སྣམ་བུར་གྱུར་པ་ནི། པ་ཊ་པ་ཊཱ་ཡཱ་ཏི། པ་ཊཱ་པ་ཊཱ་ཡ་ཏེ། ལོ་ཧཱི་ཏ་ཡ་ཏི། ལོ་ཧཱི་ཏ་ཡ་ཏེ། ལོ་ཧི་ནཱི་ཡ་ཏི། ལོ་ཧི་ནཱི་ཡ་ཏེ། བརྨཱ་ཡ་ཏི། བརྨཱ་ཡ་ཏེ། ཙརྨཱ་ཡ་ཏི། ཙརྨཱ་ཡ་ཏེ། འདི་དབྱིབས་ཀྱི་ཚོགས་སོ། །
དེ་ཉིད་ཀྱི་ཕྱིར་ཀྱཥ་དང་ཌ་ཙ་དག་བྱུང་བའི་དོན་ལ་ཡང་ན་སྦྱར་རོ། །ནི་དྲཱ་སོགས་ལས་མ་ཏུབ་དབྱི་བའོ། །ནི་དྲཱ་སོགས་རྣམས་ལ་མ་ཏུ་བའི་མཐའ་རྣམས་ལས་ཙྭིའི་དོན་ལ་ཀྱཥ་ཡང་ན་འགྱུར་ཏེ་མ་ཏུཔ་དབྱི་བའང་ངོ་། །གཉིད་དང་མི་ལྡན་པ་གཉིད་དང་ལྡན་པར་གྱུར་པ་ནི། ནི་དྲཱ་ཡ་ཏི། ནི་དྲཱ་ཡ་ཏེ། ཀུ་རུ་ཎ་ཡ་ཏི། ཀུ་རུ་
ཎཱ་ཡ་ཏེ། གྷྲྀ་ཎཱ་ཡ་ཏི། གྷྲྀ་ཎཱ་ཡ་ཏེ། ཀེ་ཀཱ་ཡ་ཏེ། ཀེ་ཀཱ་ཡ་ཏེ། ཀཥྚ་ཀཀྵ་པ་ཏྲ་ག་ཧ་ན་ལས་སྡིག་པའི་ཆེད་དུ་འགྲོ་བ་ལའོ། །ཀཥྚ་སོགས་བཞི་པའི་མཐའ་རྣམས་ལས་སྡིག་པ་ལ་འཇུག་པའི་ཆེད་དུ་འགྲོ་བའི་དོན་ལ་ཀྱང་ཡང་ན་འགྱུར་ཏེ། ཀཥྚཱ་ཡ་ཏེ། ཀཀྵཱ་ཡ་ཏེ། པ་ཏྲཱ་ཡ་ཏེ། ག་ཧཱ་ནཱ་ཡ་ཏེ། སྡིག་པའི་ཆེད་དུ་ཞེས་པ་ཅི་ཞེ་
ན། ཀཥྚཱ་ཡ་ཏ་པ་སེ་ཀྲཱ་མ་ཏི། དེའི་ཆེད་དུ་ཞེས་པ་ཅི་ཞེ་ན། ཀཥྚཾ་ཀྲཱ་མ་ཏི། རོ་མནྠ་ལས་སྐྱུགས་ལྡང་བྱེད་པ་ལའོ། །རོ་མནྠ་ལས་སྐྱུགས་ལྡད་བྱེད་པའི་དོན་ལ་ཀྱང་ཡང་ན་འགྱུར་ཏེ། རོ་མནྠཾ་བརྩ་ཡ་ཏི། རོ་མནྠཱ་ཡ་ཏེ་གཽཿ། སྐྱུགས་ལྡང་བྱེད་པ་ལ་ཞེས་པ་ཅི་ཞེ་ན། ཀཱི་ཊོ་རོ་མནྠཾ་བརྟྟ་ཡ་ཏི། ཟོས་ནས་སྐྱུགས་པ་ཁར་
གནས་པ་མི་འདོར་བར་སླར་ནང་དུ་མིད་པ་ནི་རོ་མནྠའོ། །དེ་ལ་ཁར་གནས་པ་ཉིད་བཟུང་གི་གཞན་ལ་སྐྱུགས་ལྡད་མེད་པའི་ཕྱིར་རོ། །བཱཥྤ། ཨཱུཥྨ། ཕེ་ན། དྷཱུ་མ་ལས་སྟེང་དུ་འཕྱུར་བ་ལའོ། །ཀྱང་ཡང་ན་འགྱུར་ཏེ། རླངས་པ་གྱེན་དུ་འཕྱུར་བ་ལ། པཱཥྦཱ་ཡ་ཏེ་སྠཱ་ལཱི། ཨཱུཥྨཱ་ཡ་ཏེ་བྷཀྟཾ། ཕེ་ནཱ་ཡ་ཏེ་ས་མུ་དྲཿ།
དྷཱུ་མཱ་ཡ་ཏེ་བཧྣིཿ། ཀུན་སྤྱོད་ལའང་ཀྱང་སྟེ། དྷཱུ་མཱ་ཡ་ཏེ་དྷཱུ་ལཱི་པ་ཊ་ལཾ། སུ་ཁ་སོགས་ལས་ཡང་དག་པར་རིག་པ་ལའོ། །ཀྱང་ཡང་ན་འགྱུར་ཏེ། བདེ་བ་ཡང་དག་པར་རིག་པ་ལ་སུ་ཁཱ་ཡ་ཏེ་དུཿ། ཁཱ་ཡ་ཏེ། སུ་ཁ། དུཿ། ཁ། ཏྲིཔ། ཀྲྀཙྪ། ཨཔྲ་ཨ་ལཱི་ཀ། ཀྲྀ་པ་ཎ། ཀ་རུ་ཎ། སོཌྷ། པཏཱི་པ། མ་དྲ། ཡང་
དག་པར་རིག་པ་ནི་མངོན་སུམ་དུ་བྱེད་པ་སྟེ། ཚོར་བ་ཙམ་ནི་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པས་ཚོར་བ་ནི་བདེ་བ་ཡང་དག་པར་རིག་པ་མ་ཡིན་ནོ། །རབ་ཏུ་སྒྲུབ་པ་པོ་ལྷས་བྱིན་གྱི་སྟེ། གཞན་གྱི་རྒྱུད་དུ་གཏོགས་པའི་བདེ་བ་ནི་ལྐོག་ཏུ་གྱུར་པའི་ཕྱིར་རོ། །ཤབྡ་སོགས་ལས་བྱེད་པ་ལའོ། །ཀྱང་ཡང་ན་
Vol. 194 · folio 154a
འགྱུར་ཏེ། སྒྲ་བྱེད་དོ་ལ་ཤབྡཱ་ཡ་ཏེ། བཻ་རཱ་ཡ་ཏེ། ཀ་ལ་ཧཱ་ཡ་ཏེ། ཨ་བྷཱ་ཡ་ཏེ། ཀཎྜཱ་ཡ་ཏེ། མེ་གྷཱ་ཡ་ཏེ། སུ་དི་ནཱ་ཡ་ཏེ། ཅི་ལྟར་འོ་ན་བཻ་ར་ཡ་ཏི་ཞེ་ན། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཎི་ཙ་ཡང་བསྟན་པའི་ཕྱིར་རོ། །ཏ་པས་ལས་ཀྱ་ཙའོ། །བྱེད་པ་ལ་ཡང་འགྱུར་ཏེ།
དཀའ་ཐུབ་བྱེད་དོ། །ལ་ཏ་པ་སྱ་ཏི། ཙི་ཏྲད་ལས་ངོ་མཚར་བ་ལའོ། །འཇུག་པའི་བྱེད་པ་ལ་ཀྱ་ཙ་ཡང་ན་འགྱུར་ཏེ། བཀྲ་བར་བྱེད་པ་ནི། ཙིཏྲཱི་ཡ་ཏེ། དེའི་ཕྱིར་འདི་ངོ་མཚར་བ་ནི་གསེར་དང་དངུལ་ལས་བྱས་པའི་རི་དགས་ལྟ་བུའོ་ཞེས་ཇོ་བོ་ཟེར་རོ། །ང་ཡིག་ནི་ཏང་གི་དོན་ཏོ། །ངོ་མཚར་ཞེས་པ་ཅི་ཞེ་ན།
ཙི་ཏྲཾ་ཀ་རོ་ཏཾ། ཧ་ལས་དང་བ་རི་པས་ལས་མཆོད་པ་དང་ཡངས་སུ་སྤྱོད་པ་དག་ལའོ། །ཀྱ་ཙ་ཡང་ན་འགྱུར་ཏེ། ན་མསྐ་རོ་ཏི། ན་མ་སྱ་ཏི། ན་མ་སྱ་ཏི་དེ་བཱན། །མཆོད་པ་བྱེད་དུ་འཇུག་གོ་ཞེས་པའི་དོན་ཏོ། །པ་རི་བ་སྱ་ཏི་གུ་རཱུན། གུས་པར་ཉན་ཞེས་པའི་དོན་ཏོ། །ཀུཎྚུ་སོགས་པས་ཡ་ཀའོ། །བྱེད་པ་
ལ་ཡང་འགྱུར་ཏེ་ཀཎྜཱུ་ཉ། ཀཎྜཱུ་ཀ་རོ་ཏི། །ཀཎྜཱུ་ཡ་ཏི། ཀཎྜཱུ་ཡ་ཏེ། མཎྜཱུ། མཎྜཱུཾ་ཀ་རོ་ཏི། མཎྜཱུ་ཡ་ཏི། མཎྜཱུ་ཡ་ཏེ། བལྐུ། བལྒཱུ་ཡ་ཏི། ཨ་སཱུ་ཉ། ས་སཱུ་ཡ་ཏི། ཨ་སཱུ་ཡ་ཏེ། ཧྲི་ཎིང་། ཧྲི་ཎཱི་ཡ་ཏེ། མ་ཧིང་། མ་ཧཱི་ཡ་ཏེ། བེང་། བེ་ཡ་ཏེ། ལཱང་། ལཱ་ཡ་ཏེ། བེཊ། བེཊྱ་ཏི། ནཱཊ། ནཱཊྱ་ཏི། བཊེ་ནཱ་ཊ་
ཞེས་ཁ་ཅིག་འདོན་པར་བྱེད་དོ། །དེ་དག་གི་ལྟར་ན་བེཊ་ནཱ་ཊྱ་ཏི། ཏི་རས། ཏི་ར་སྱ་ཏི། ཨི་ཡས། ཨི་ཡ་སྱ་ཏི། ཨུ་རས། ཨུ་ར་སྱ་ཏི། ཨུ་ཤས། ཨུ་ཤ་སྱ་ཏི། ཀུ་ཀ་བྷྱ་ཏི། ཀུ་སུ་བྷ། ཀུ་སུ་བྷྱ་ཏི། མ་ག་དྷ། མ་ག་དྷྱ་ཏི། ཡ་ཀ་ལ་ཞེས་པས་ཨ་ཡིག་དབྱིའོ། །གོདྷཱ། མེདྷཱ། ཏནྟུ་ས། སམྤྶ།
བྷི་ཥ་ཛཱ། བྷིཥྚུ་ཛ། ཨ་ར་ར། ས་མ་ར། ཨི་སུ་བྷ། ཨཱུ་ར་ཎ། ཙ་ར་ཎ། ཏུ་ར་ཎ། བྷུ་ར་ཎ། བྷ་ར་ཎ། ག་ཧུ་ད། ཨེ་ལཱ། བེ་ལཱ། ཀེ་ལཱ། ཁེ་ལཱ། ལེ་ཊ། ལོ་ཊ། དུཿ། ཁ། སུ་ཁ། ཅི་ལྟར་ཀླི་ཤྱན་ཡང་ཡིན་ཞེ་ན། མེདྷཱ་བཱི། མྲྀགྱནྟཿ། པ་དི་པཱཾ་ཞེས་པ་སོགས་པས་གྲུབ་པ་ལ། དི་ཝ་སོགས་ཀྱི་
དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་རོ། །སུཔ་ལས་བྱིངས་དོན་ལ་མང་པོ་ལ་ཎི་ཙ་སྟེ་ཨིཥྛ་བཞིན་འང་ངོ་། །སུཔ་མཐའ་ལས་བྱིངས་དོན་ལ་བྱེད་པ་སོགས་ལ་ཎི་ཙ་ཡང་ན་འགྱུར་ཏེ། མང་པོ་ལ་ཨིཥྛན་བཞིན་བྱ་བ་ཡང་ངོ་། །པ་ཊུཾ་ཀ་རོ་ཏི། པ་ཊ་ཡ་ཏི། ལ་གྷ་ཡ་ཏི། སྠཱུ་ལ་མཱ་ཙཥྚེ། སྠ་བ་ཡ་ཏི། ད་བ་ཡ་ཏི།
Vol. 194 · folio 154b
སྠཱུ་ལ་དཱུ་ར་ཡུ་བ་ཀྵི་པྲཀྵུ་དྲ་རྣམས་ཀྱི་ཡན་ལ་སོགས་པ་དང་ཡོན་ཏན་ཡང་ངོ་ཞེས་པས་ཡན་ལ་སོགས་པ་དབྱི་བ་དང་ཡོན་ཏན་འང་ངོ་། །ས་ཏྱ་མཱ་ཙཥྚེ། ས་ཏྱཱ་པ་ཡ་ཏི། ཨརྠཱ་པ་ཡ་ཏི། བེེ་དཱ་པ་ཡ་ཏི། ལེ་ཁ་ཏི་ཞེས་པས་དེ་འདྲི་བ་ལ་རབ་ཏུ་སྦྱོར་བ་ནི། ལི་ཁཱ་ཡ་ཏི། པ་ཤཾ་བི་གྷ་ཊ་ཡ་ཏི། བི་པཱ་ཤ་ཡ་ཏི། རཱུ་པཾ་པ་
ཤྱ་ཏི། བི་རཱུ་པ་ཡ་ཏི། པི་ཝང་ཉེ་བར་སྒྲོགས་པ་ནི། ཨུ་པ་བི་ཎ་ཡ་ཏི། ཤིང་བལ་གྱི་སྐུད་པ་བྱེད་པ་ནི། ཨ་ནུ་རཱུ་ལ་ཡ་ཏི། ཚིགས་བཅད་ཀྱིས་བསྟོད་པ་ནི། ཨུ་པ་ཤླཽ་ཀ་ཡ་ཏི། སྡེ་ཡིས་མངོན་པར་འགྲོ་བ་ནི། ཨ་བྷི་ཥེ་ཎ་ཡ་ཏི། བ་སྤུ་རྣམས་ལངས་པ་ནི། ཨ་ནུ་ལོ་མ་ཡ་ཏི། བྱིངས་དོན་ཙམ་གསལ་
བར་བྱེད་པ་ལ་ཎི་ཙ་དང་། ནུས་པའི་ཁྱད་པར་གསལ་བར་བྱེད་པ་ལ་ཉེར་བསྒྱུར་རྣམས་རབ་ཏུ་སྦྱར་བ་ཉིད་དོ། །པགས་པ་འཛིན་པ་ནི། སྲ་ཙ་ཡ་ཏི། ཨ་ཙ་གཅིག་མ་ཡིན་པ་ལ་ཞེས་པས་ཊི་དབྱི་བ་མེད་དོ། །གོ་ཆ་ཀུན་དུ་འཆིང་བ་ནི། སཾ་བརྨ་ཡ་ཏི། ཁ་དོག་ཀུན་དུ་འཛིན་པ་ནི། སཾ་བརྞ་ཡ་ཏི། ཕྱེ་མ་ཀུན་
ནས་འཐག་པ་ནི། ཨ་བ་ཙཱུརྞ་ཡ་ཏི། སྲད་བུ་བྱེད་པ་ནི། སཱུ་ཏྲ་ཡ་ཏི། མགོ་ཟླུམ་བྱེད་པ་ནི། མུཎྜ་ཡ་ཏི། དེ་བཞིན་དུ་ཥླཀྵྞ་ཡ་ཏི། མི་ཤྲ་ཡ་ཏི། ལ་བ་ཎ་ཡ་ཏི། པྲ་ཏ་ཡ་ཏི། གོས་ཀྱིས་ཀུན་དུ་འགེབས་པ་ནི། སཾ་བསྟྲ་ཡ་ཏི། ཐོང་གཤོལ་འཛིན་པ་ནི། ཧ་ལ་ཡ་ཏི། རྩོད་པ་འཛིན་པ་ནི། ཀ་ལ་ཡ་ཏི།
ཨིཥྛ་བདྦྷཱ་བ་དྡྷྲྀ་དྦྷྱ་བྷཱ་བཿ། དེའི་ཕྱིར་གློ་བི་ཏྭཾ་ཞེས་སནྜྷ་བ་བྷཱ་བཿ། དེས་ན་ཨ་ཛ་ཧ་ལ་ཏ། ཨ་ཙ་ཀ་ལ་ཏ། ཅི་ལྟར་ཨ་པཱི་པ་ཊ་ཏ། ཨ་ལཱི་ལ་གྷ་ཏ་ཅེ་ན། མང་པོ་ལ་བརྗོད་པའི་ཕྱིར་བྲྀདྡྷཱ་ཙ་ན་གློ་བ་ཉིད་དོ། །བྱས་པ་འཛིན་པ་ནི། ཀྲྀ་ཏ་ཡ་ཏི། རཱུསྟཾ་བི་ཧནྟི། བི་རཱུསྟ་ཡ་ཏི། ཡང་ལག་ལས་སེལ་བ་ལ་ཎིངའོ། །
ཎིང་ཡང་ན་འགྱུར་ཏེ། སྣོད་རྣམས་སུ་ཀུན་དུ་སོགས་པ་ནི། །སམྦྷཱཎྜ་ཡ་ཏི། ཙཱི་བ་ར་ལས་བྱི་དོར་དང་ཡོངས་སུ་འཇོག་པ་དག་ལའོ། །ཎིང་ཡང་འགྱུར་ཏེ། ཙཱི་བ་རཾ་སཾ་མརྫ་ཡ་ཏེ། བ་རི་ད་དྷཱ་ཏི། ཡང་ནའོ། །སཾ་ཙཱི་བ་ར་ཡ་ཏེ་བྷིཀྵུཿ། ཤྭེ་ཏ་ཨ་ཤྭ་ཏ་ར་དང་གཱ་ལོ་ཌི་ཏ་དང་ཨ་ཧྭ་ར་ཀ་རྣམས་ཀྱི་ཨ་ཤྭ་ཏ་ར་དང་ཨི་ཏ་དང་
ཀ་དབྱི་བ་ཡང་ངོ་། །ཤྭེ་ཏ་ལ་སོགས་པ་རྣམས་ལས་བྱིངས་དོན་ལ་ཎིང་འགྱུར་ཞིང་ཨ་ཤྭ་སོགས་དབྱི་བའང་ངོ་། །ཤྭེ་ཏ་མཱ་ཙཥྚེ། ཡང་ན་དེས་འགྲོ་བ་ནི་ཤྭི་ཏ་ཡ་ཏེ། ཨ་ཤྭ་ཡ་ཏེ། གཱ་ལོ་ཌ་ཡ་ཏེ། ཨ་ཧྭ་ཀ་ར་ཡ་ཏེ། ཨིཥྛ་བཞིན་གྱི་དངོས་པོ་ལས་ཏི་དབྱིའོ། །བྱིངས་ལས་སོ། །འདིར་ནི་སྤྱིར་བཏང་བ་
Vol. 194 · folio 155a
སྟེ། འདི་ལས་ཕྱིར་མར་གང་འཆད་པར་འགྱུར་བ་དེ་རྣམས་བྱིངས་ལས་ཕ་རོལ་དུ་འགྱུར་རོ་ཞེས་རིག་པར་བྱའོ། །བྱེད་པ་པོ་ལས་སྦྱོར་བ་ལ་ཎིཙའོ། །བྱེད་པ་པོ་ལ་གང་རབ་ཏུ་སྦྱོར་བའི་བྱ་བ་ལ་སྤྲིང་བསྐུལ་དང་གསོལ་བ་གདབ་པ་སོགས་ལ་བྱིངས་ལས་ཎི་ཙཻ་འགྱུར་ཏེ། ཀཱ་ར་ཡ་ཏི། ཧཱ་
ར་ཡ་ཏི། ཀུན་བཤད་ལ་ཡང་བྱ་བ་ལའོ། །བྱེད་པ་པོ་ཀུན་བཤད་པའི་བྱ་བ་ལས་ཎི་ཙ་འགྱུར་ཏེ། བྱེད་པ་པོ་བརྗོད་པ་ནི། ཀཱ་ར་ཡ་ཏི། དེ་བཞིན་དུ་བཱ་ཙ་ཡ་ཏི། ཁར་བ་བསད་པ་བརྗོད་པ་ནི། ཀཾ་སཾ་གྷཱཾ་ཏ་ཡ་ཏི། གཏམ་མོ་གཞོན་ནུ་འབྱུང་བ་བརྗོད་པ་ནི། ཀུ་མཱ་རཾ་སཾ་བྷཱ་བ་ཡ་ཏི། ཀུན་དུ་བཤད་པ་ནི་རབ་
ཏུ་གསལ་བ་སྟེ། དེ་ཡང་སྒྲ་གཞན་གྱིས་ཀྱང་སྲིད་དོ། །དེས་ན་རི་མོ་བྱེད་པ་ལ་སོགས་པ་ཡང་རྟོགས་པར་བྱའོ། །སྟོབས་ལྡན་བཅིངས་པ་བརྗོད་པ་ནི། བ་ལིཾ་བནྡྷ་ཡ་ཏི། སུ་བརྞ་ལ་ནི་མི་འགྱུར་ཏེ། དེ་ནི་ཎི་ཙ་ལས་ཀྱང་མང་པོ་ལ་བསྒྲུབ་པའི་ཕྱིར་རོ། །ཤེས་པ་ལའོ། །བྱ་བ་ལས་ཤེས་པ་ལ་བྱིངས་
ལས་ཎི་ཙ་འགྱུར་ཏེ། རྒྱལ་དང་ཟླ་བ་སྦྱོར་བར་ཤེས་པ་ནི། པུཥྱེ་ཙནྡྲཾ་ཡོ་ཛ་ཡ་ཏི། དུས་ཉེ་བར་མཚོན་པའི་བྱེད་པ་ལའོ། །དུས་ཉེ་བར་མཚོན་པའི་ལས་བྱེད་པ་ལ་ཀུན་བཤད་ལས་ཎི་ཙ་འགྱུར་ཏེ། འཕགས་རྒྱལ་དུ་ཞུགས་པ་ན་ས་ལ་ཉི་མ་འཆར་བ་ལ། སམྦྷཱ་བ་ཡ་ཏི། མཱ་ཧིཥྨ་དྱཱཾ་སཱུཪྻ་མུངྒ་མ་ཡ་ཏི།
མཚན་མོའི་བར་དུ་རྣམ་པར་གནས་པ་ནི། རཱ་ཏྲིམྦ་བཱ་ས་ཡ་ཏི། ཙུར་སོགས་རྣམས་ལས་སོ། །ཎི་ཙ་འགྱུར་ཏེ། ཙོ་ར་ཡ་ཏི། ནཱ་ཊ་ཡ་ཏི། བཱིཏ་ལས་ཡང་ནའོ། །ཙུར་སོགས་ཀྱི་བྱིངས་བཱིཏ་རྣམས་ལས་ནི་ཡང་ན་འགྱུར་ཏེ། བྲིམྲྀཥ། མཪྵ་ཡ་ཏི། མཪྵ་ཏི། བི་དྷི་ཥ་དྷིཪྵ་ཡ་ཏེ། དྷཪྵ་ཏི། ཀམ་ལས་ཎིང་འོ། །
འགྱུར་ཏེ། ཀཱ་མ་ཡ་ཏེ། རི་ཏི་ལས་ཨཱི་ཡང་ངོ་། །རྀ་ཏ་ཞེས་པ་མདོའི་བྱིངས་སྨད་པ་ལ་འཇུག་པ་དེ་ལས་ཨཱི་ཡང་ཞེས་པ་འགྱུར་ཏེ། རྀ་ཏཱི་ཡ་ཏེ། རྀ་ཏཱི་ཡ་མཱ་ནཿ། དེ་ལས་གཞན་དུ་ཏྭཏ་དེ། པུ་ཏྲ་དྭ་མཱ་ག་ཏཿ། གུ་པཱུ་དྷཱུ་པ་བིཙྪ་པ་ཎ་པ་ནི་ལས་ཨས་ཡའོ། །འགྱུར་ཏེ། གོ་པཱ་ཡ་ཏི་དྷཱུ་པ་ཡ་ཏི། བིཙྪ་པ་ཡ་ཏི། པ་
ཎཱ་ཡ་ཏི། པ་ནཱ་ཡ་ཏི། ཁ་ཅིག་ཏུ་པ་ནི་དང་ལྷན་ཅིག་སྤྱོད་པའི་ཕྱིར་བསྟོད་པའི་དོན་གྱི་པ་ཎི་གཟུང་ངོ་། །ཐ་སྙད་ཀྱི་དོན་མ་ཡིན་ན་ཤཏ་སྱ་པ་ཎ་ཏེ། ཎིང་ལ་སོགས་པ་ཕྱེད་དུ་འགྲོ་བ་ལ་ཡང་ནའོ། །འགྱུར་ཏེ་ཀ་མི་ཏཱ། ཀཱ་མ་ཡི་ཏཱ། ཨརྟི་ཏཱ་རྀ་ཏྀ་ཡ་ཏཱ། གོཔྟཱ། གོ་པཱ་ཡི་ཏཱ། ཏི་ཛ་དང་གུ་པ་ལས་བཟོད་པ
Vol. 194 · folio 155b
དང་སྨད་པ་དག་ལ་སན་འང་ངོ་། །འགྱུར་ཏེ། ཏི་ཏིཀྵ་ཏེ། ཛུ་གུཔྶ་ཏེ། བཟོད་པ་དང་སྨད་པ་དག་ལ་ཞེས་པ་ཅི་ཞེ་ན། ཏེ་ཛ་ཡ་ཏེ། གོ་པ་ཡ་ཏེ། ཀིཏ་ལས་ཐེ་ཚོམ་སེལ་བ་ལའོ། །ཀིཏ་གནས་པ་ཞེས་པ་ནི་ལས་ཐེ་ཚོམ་སེལ་བ་ལ་འཇུག་པ་ནས་ན་འགྱུར་ཏེ། བི་ཙི་ཀིཏྶ་ཏི། ཙི་ཀིཏྶ་ཏི། གཞན་དུ་ན། ནི་ཀེ་ཏ་
ནཾ། སཾ་ཀེ་ཏཿ། ཀེ་ཏ་ཏི། ཙི་ཀིཏྶཱ་ནི་ཏྲྀ་ཎཱ་ནི། ཙི་ཀིཏྶྱོ་སུཿ། ཙི་ཀིཏྶྱོཿ། པཱ་ར་དཱ་རི་ཀཿ། ངེས་པར་བཟུང་བ་ཞེས་པའི་དོན་ཏོ། །བདྷའི་ཨིའི་ཨཱིའང་རྣམ་འགྱུར་ལའོ། །བ་དྷང་འཆིང་བ་ཞེས་པའི་བྱིངས་འདི་ལས་རྣམ་འགྱུར་བྱེད་པ་ལ་སན་འགྱུར་ཞིང་ཨིའི་ཨཱི་རུའང་ངོ་། །བཱི་བྷཏྶ་ཏེ། གཞན་དུ་ན། བ་དྷ་ཏེ།
བ་དྷ་ཀཿ། མཱན་ལས་རྣམ་པར་དཔྱོད་པ་ལའོ། །པན་འགྱུར་ཏེ། ཨིའི་ཨཱིའང་ངོ་། །མཱི་མཱནས་ཏེ་ཤཱསྟཱཾ། གཞན་དུ་ན། མཱ་ན་སྟེ། བྷཱུ་སོགས་སུ་བཀོད་པ་ལས་བྷཱུ་སོགས་ཅན་གྱི་མཱ་ན་ཉིད་བཟུང་ངོ་། །དེ་བཞིན་དུ་མ་ནྱ་སྱ་ཡང་ངོ་། །དཱན་དང་ཤཱན་ལས་ཡང་ནའོ། །སན་འགྱུར་ཏེ། ཨིའི་ཨཱིའང་ངོ་། །དཱི་དཱཾ་ས་ཏི། དཱི་དཱཾ་ས་ཏེ། ཤཱི་ཤཱཾ་
ས་ཏི། ཤཱི་ཤཱཾ་ས་ཏེ། གཞན་དུ་ན། དཱ་ན་ཏི། དཱ་ན་ཏེ། ཤཱ་ན་ཏི། ཤཱ་ན་ཏེ། འདི་རྣམས་ཎིའི་མཐའ་ཀིཏ་བོར་བ་ཏིང་གི་གཟུགས་ལ་མེད་དོ་ཞེས་པཱ་ཎི་ནཱི་ལས་སོ། །ཐམས་ཅད་དུ་མི་འདོད་པ་ལ་ཞེས་པས་ཨིཊ་བཀག་གོ། །དེའི་ཆེད་དུ་བྱེད་པ་པོ་གཅིག་པ་ལས་འདོད་པའོ། །དེའི་ཆེད་དུ་འདོད་པ་ལ་ཨིས་ཨིཎ་ལྷན་ཅིག་བྱེད་པ་པོ་
གཅིག་པའི་བྱིངས་ལས་སན་ཡང་ན་འགྱུར་ཏེ། ཀརྟུ་མིཙྪ་ཏི། ཙིཀཱིཪྵ་ཏི། བྷོཀྟུ་མིཙྪ་ཏི། བུ་བྷུཀྵ་ཏེ། ཨིཙྪཱ་སན་མཐའ་ཡས་ཨུས་ཨན་ནོས་དེ་ལས་འདིར་ཞེས་པས་བཀག་གོ། །དེས་ན་འདིར་མི་འགྱུར་ཏེ། ཙི་ཀཱིཪྵ་རུ་མིཙྪ་ཏི། འདིར་ནི་འགྱུར་བ་ཉིད་དོ། །ཛུ་གུཔྶ་ཏེ། ཏི་ཏིཀྵ་ཏེ། ཡུག་སོགས་མ་ཡིན་པ་ལས་
ཞེས་པས་བཀག་པའི་ཕྱིར་གཉིས་བརྗོད་པ་མ་ཡིན་ནོ། །བྱེད་པ་པོ་གཅིག་པ་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟེ་ན་བྷོསྟུ་མིཙྪ་ཏི། དེའི་ཆེད་དུ་ཞེས་པ་ཅི་ཞེ་ན། བྷོཛ་ན་མིཙྪ་ཏི། ཅི་ལྟར། ན་དཱི་ཀཱུ་ལཾ་པི་པ་ཥ་ཏི། ཤྭཱ་མུ་མཱུཪྵ་ཏི་ཞེ་ན། མི་འདོད་ཀྱང་ལྷག་པར་སྒྲོ་བཏགས་པའི་ཕྱིར་རོ། །རུ་ཙ་དང་ཤུ་བྷ་མ་ཡིན་པའི་ཨཙ་
གཅིག་པ་ཧལ་དང་པོ་ལས་ཤིན་ཏུ་བ་དང་ཡང་ཡང་ལ་ཡང་འོ། །རུ་ཙ་དང་ཤུ་བྷ་བོར་བའི་ཨཙ་གཅིག་པ་ཧལ་དང་པོ་ཅན་གྱི་བྱིངས་གང་ཡིན་པ་དེ་ལས་ཤིན་ཏུ་བ་དང་ཡང་ཡང་གི་དོན་ལ་འཇུག་པ་ན་ཡང་འགྱུར་ཏེ། པ་ཙ་ཙཱི། པཱ་པ་ཙྱ་ཏེ། ཤ་ཀ་ཏེ། ཤཱ་ཤ་ཀྱ་ཏེ། ཤིན་ཏུ་བ་དང་ཡང་ཡང་གི་དོན་ལ་ཡང་ནའོ། །ཨཙ་
Vol. 194 · folio 156a
གཅིག་པ་ཞེས་པ་ཅི་ཞེ་ན། ཛཱ་གརྟྱ་བྷཱིཀྵྞཾ། བྱིངས་ལས་ཞེས་པ་ཉིད་དེ། པྲ་ཏི་བྷྲྀ་ཤཾ། པྲ་ལ་སོགས་པ་ནི་བྱ་བ་བརྗོད་པ་གསལ་བར་བྱེད་པའོ། །ཤིན་ཏུ་བ་དང་ཡང་ཡང་ལ་ཞེས་པ་ཅི་ཞེ་ན། པ་ཙ་ཏི། རུ་ཙ་དང་ཤུ་བྷ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བྷྲྀ་ཤཾ་ཤོ་བྷ་ཏེ། རོ་ཙ་ཏེ་པུ་ནཿ། པུ་ནཿཞེས་པ་
ཡང་ནའོ། །རྀ། སཱུ་ཏྲི། མུ་ཏྲི། སཱུ་ཙི། ཨ་ཊ། ཨ་ཤ།། ཨཱུརྞུ་རྣམས་ལས་སོ། །བདུན་པོ་འདི་རྣམས་ལས་ཤིན་ཏུ་བ་དང་ཡང་ཡང་ལ་ཡང་འགྱུར་ཏེ། ཤིན་ཏུ་བ་ལ། ཨི་ཡརྟི་ཡང་ན་རྀཙྪ་ཏི། ཨ་རཱཪྻ་ཏེ། ཨརྟི་དང་བརྩེགས་པ་དང་པོ་དག་ལ་ཡོན་ཏན་ནོ་ཞེས་རྗེས་སུ་འཇུག་པ་ལས་ཡང་ལ་ཞེས་པ་
ཡོན་ཏན་ནོ། །ཨ་ཡི་ར་ཞེས་པས་ཡ་ཡིག་བོར་བའི་ཧལ་ལ་བཀག་པའི་ཕྱིར། ཡ་ཡིག་ལ་གཉིས་བརྗོད་དོ། །ཤིན་ཏུ་བ་ལ། སཱུ་ཏྲྱ་ཡ་ཏི། སོ་སཱུ་ཏྲྱ་ཏེ། དེ་བཞིན་དུ་སོ་སཱུ་ཏྲྱ་ཏེ། སོ་སཱུ་ཙྱ་ཏེ། ཤིན་ཏུ་བ་ལ། ཨ་ཊ་ཏི། ཨ་ཊཱ་ཊྱ་ཏེ། དེ་བཞིན་དུ་ཨ་ཤཱ་ཤྱ་ཏེ། པྲོ་རྞུ་ནཱུ་ཡ་ཡ་ཏེ། ཨ་ཡི་ར་བཀག་པའི་ཕྱིར།
ནུའི་སྒྲ་ཡིས་གཉིས་བརྗོད་དོ། །ཨ་ཙ་དུ་མ་ཧལ་དང་པོ་མ་ཡིན་པ་ལས་བརྗོད་པའོ། །འགྲོ་བའི་དོན་ལས་འཁྱོག་པོ་ཁོ་ན་ལའོ། །ཡང་ན་འགྱུར་ཏེ། ཤིན་ཏུ་བ་དང་ཡང་ཡང་ལ་མ་ཡིན་ནོ། །ཙཾ་ཀྲ་མྱ་ཏེ། དཾ་ད་མྱ་ཏེ། འཁྱོག་པོ་ཁོ་ན་ལ་ཞེས་པ་ཅི་ཞེ་ན། བྷྲྀ་ཤཾ་ཀྲཱ་མ་ཏི། འཁྱོག་པོ་ནི་འདིར་ཡོན་པོར་བགྲོད་པའོ། །
གྲཱྀ། ལུ་པ་ས་ད། ཙ་ར། ཛ་པ། ཛ་བྷ། ད་ཧ། ད་ཤ་ལས་སྨད་པ་ལའོ། །བརྒྱད་པོ་འདི་རྣམས་ལས་སྨད་པ་ལ་ཡང་འགྱུར་ཏེ། གརྷ་ཏཾ། ནི་གི་ལ་ཏི། ནེ་ཛེ་གི་ལྱེ་ཏེ། དེ་བཞིན་དུ་ལོ་ལུ་སྱ་ཏེ། སཱ་ས་དྱ་ཏེ། ཙཾ་ཙྡུཪྻ་ཏེ། ཛཾ་ཛ་སྱ་ཏེ། དཾ་ད་ཧྱ་ཏེ། ད་ད་ཤྱ་ཏེ། ལུཔྟ་ན་ཞེས་པས་ངེས་པར་བསྟན་པ་ཡང་ལས་
འཇིག་པའི་དོན་ཏོ། །དཾ་ད་ཤཱི་ཏི། ཉིད་ཅེས་བྱ་བ་རྗེས་སུ་འཇུག་པས་གཞན་དུ་ན་མི་འགྱུར་ཏེ། པུ་ནཿ། པུ་ནརླུམྦ་ཏི། རང་བཞིན་གྱི་ཁྱད་པར་ཅི་ཞེ་ན། ཛ་པ་ཏི་བྲྀ་ཥ་ལཿ། ཀཱས་དང་ཨས་དང་ད་ཡ་དང་ཨ་ཡ་ཝི་བ་ཨ་ཙ་གཅིག་མིན་པ་ལས་ལིཊ་ཨཱཾ་གྱི་རྗེས་སུ་ཀྲྀཉ་བྷཱུ་ཨ་སྟི་ལིཊཱང་ཕ་རོལ་ལོ། །ཀཱས་ལ་སོགས་པ་
རྣམས་ལས་བི་པ་རྐྱེན་དང་ཨཙ་གཅིག་མིན་པ་ལས་ལྀཊ་ཨཱམ་འགྱུར་ཞིང་ལིཊའི་ཕ་རོལ་དུ་ཀྲྀ་བྷཱུ་ཨསྟིའང་རྗེས་སུ་སྦྱར་རོ། །ཀཱ་སཱཉྩ་ཀྲེ་པཱུ་རི་སཽ་དྷེཿ། ཀཱ་སཱམྦ་བྷཱུ་བ། ཀཱ་སཱ། མཱ་ས། ཨཱ་སཱཉྩ་ཀྲེ། ཨཱ་སཱམྦ་བྷཱུ་བ། ཨཱ་སཱ་མཱ་ས། ད་ཡཉྩ་ཀྲེ། ད་ཡཉྩེ་ཀྲེ། ད་ཡམྦྷ་བྷཱུ་བ། ད་ཡ་མཱ་ས། ས་ལ་ཡཱཉྩ་ཀྲེ། པ་ལཱ་ཡམྦ་བྷཱུ་བ། པ་
Vol. 194 · folio 156b
ལཱ་ཡཱ་མཱ་ས། ནམ་མཁའ་བཞིན་དུ་ཀུན་དུ་སྤྱོད་པ་ནི། ཁཉྩ་ཀཱ་ར། ཁཱམྦ་བྷཱུ་བ། ཁཱ་མཱ་པ་གལྦྷཱཉྩ་ཀྲེ། ཙ་ཀཱ་པཉྩ་ཀཱ་ར། ད་རི་དྲཱཉྩ་ཀཱ་ར། ཀཱ་རཱ་ཡཱཉྩ་ཀཱ་ར། ཙུ་ལུམྦཱ་ཀཱ་ར། ལོ་ལཱུ་ཡཱཉྩ་ཀྲེ། རྀ་ཏཱི་ཡཱཉྩ་ཀྲེ། ཙིཀཱིཪྵཱཉྩ་ཀཱ་ར་ཞེས་པ་ལ་སོགས་པའོ། །ཙུ་ལུམྦ་ཞེས་པའི་མདོ་ལས་བྱིངས་དང་རྐྱེན་དང་ལྡན་པ་ལ་
འཇུག་གོ། །ཅི་ལྟར་དྲཱཀྵཾ་པྲ་ཙ་ཀྲུ། གྲོང་ཁྱེར་གྱི་ལམ་དེར་བབ་པ་ལས་འཇལ་བྱེད་དང་པོ་ལས་ཕྱིས་དོན་ཐ་དད་པའི་བྱ་བ་བས་ཆོད་པ་འགལ་ལོ་ཞེ་ན། པྲ་ལ་སོགས་པ་བྱ་བ་གསལ་བར་བྱེད་པའི་ཕྱིར་དང་པོའི་སྒྲ་ཡང་དེའི་བྱེ་བྲག་ཡིན་པའི་ཕྱིར་སྐྱོན་མེད་དོ། །རྀཙྪ་དང་ཨུརྞུ་མ་ཡིན་པའི་ཨིཙ་དང་པོ་ལྕི་བ་ལྡན་པ་
ལས་སོ། །རྀཙྪ་དང་ཨཱུ་རྞོ་ཏི་བོར་བའི་ཨིཙ་དང་པོའི་བྱིངས་ལྕི་བ་ལྡན་པ་ལས་ལིཊ་དང་ཨམ་འགྱུར་ཞིང་ཀྲྀ་བྷཱུ་ཨ་སྟི་ལིཊ་ཕ་རོལ་ཏུ་རྗེས་སུ་སྦྱར་བར་བྱའོ། །ཨཱ་ཧ་ཙཾ་ཀྲེ། ཧི་ཧཱལྦ་བྷཱུ་བ། ཨཱི་ཧཱ་མཱ་ས། ཨཱིཀྵཱཉྩ་ཀྲེ། ཨཱཀྵཱམྦ་བྷཱུ་པ། ཨི་ཙ་དང་པོ་ལས་ཞེས་པ་ཅི་ཞེ་ན། ཏ་ཏཀྵ། ར་རཀྵ། ལྕི་
བ་ལྡན་པ་ལས་ཞེས་པ་ཅི་ཞེ་ན། ཨི་ཡ་ཥེ། རྀཙྪ་དང་ཨུརྞུ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། ཨཱ་ན་རྩྪ། པྲོརྞྞཱུ་ནཱ་པ། ཛ་གྲྀ་དང་ཨུ་ཥ་ལས་ཡང་ནའོ། །ཛཱ་གརྟི་དང་ཨུ་ཥ་ལས་ཀྱང་ལྀཊ་ཨཱམ་ཡང་ན་འགྱུར་ཞིང་ཀྲྀ་བྷཱུ་ཨསྟི་དང་ལྀཊ་ཕ་རོལ་ཏུ་རྗེས་སུ་སྦྱར་བར་འགྱུར་རོ། །ཛཱ་ག་རཱཉྩ་ཀ་ར། ཛཱ་ག་རཱམྦ་བྷཱུ་བ། ཛཱ་ག་རཱ་མཱ་ས།
ཨོཥཱཉྩ་ཀ་ར། ཨོཥཱམྦ་བྷཱུ་བ། ཨོ་ཥཱ་མཱ་ས། མི་འགྱུར་བ་ནི། ཛ་ཛཱ་ག་ར། ཨུ་བོ་ཥ། བྷཱི་ཧྲཱྀ་བྷྲྀ་ཏུ་རྣམས་ཀྱི་ཤྣུ་བཞིན་འང་ངོ་། །འདི་རྣམས་ལ་ལྀཊ་ཨཱམ་ཡང་ན་འགྱུར་ཞིང་ཀྲྀ་བྷཱུ་ཨསྟིའང་རྗེས་སུ་སྦྱར་བ་དང་ཤྣུའི་སྒྲུབ་པ་འང་ངོ་། །བི་བྷ་ཡཱཉྩ་ཀཱ་ར། བི་བྷཱ་ཡ། ཛིཧྲ་ཡཱཉྩ་ཀཱ་ར། ཛིཧཱ་ཡ། བིབྷཱ་རཉྩ་ཀཱ་ར། བ་བྷཱ་ར།
ཛུ་ཧ་བཱཉྩ་ཀཱ་ར། ཛུ་ཧཱ་བ། བེཏྟ་ལས་ཀི་ཏའོ། །བེཏྟི་ལས་ལྀཊ་ཨཱམ་ཡང་ན་འགྱུར་ཞིང་དེ་ལ་ཡང་ཀི་ཏ་བཞིན་ནོ། །བི་དཱཉྩ་ཀཱ་ར། བི་བེ་ད། ལོཊ་ལ་ཀྲྀ་ཉཱང་དེའི་ཕ་རོལ་ལོ། །བེཏྟི་ལས་ལོཊ་ལ་ཕ་རོལ་ཏུ་ཨཱམ་ཡང་ན་འགྱུར་ཞིང་ལོ་ཊའི་ཕ་རོལ་ཏུ་ཀྲྀ་ཉའང་རྗེས་སུ་སྦྱར་རོ། །བི་དཱཾ་ཀ་རོ་ཏུ། བི་དཱཾ་ཀུ་རུ་ཏཱཾ། བི་དཾ་ཀུ་རུན།
བེཏྟཾ། བིཏྟཱཾ། བི་དནྟུ། དེ་ལས་ལ་ནི་འཇིག་གོ། །ཨཱམ་དེ་ལས་ཕ་རོལ་གྱི་ལ་ནི་འཇིག་པར་འགྱུར་ཏེ། དེ་ལྟར་ཡང་། ཨེ་བོ་དཱ་ཧྲྀ་ཏཾ། སྱ་ཏཱས་དག་མྲྀ་དང་ལུཊ་དག་ལའོ། །མྲྀ་ཞེས་པས་ལྲྀཊ་དང་ལྀང་དག་མཚུངས་པར་བཟུང་ངོ་། །དེ་དང་ལུཊ་ལའང་གྲངས་བཞིན་དུ་སྱེ་དང་ཏཱས་དག་འགྱུར་ཏེ། ཀ་རི་ཥྱ་ཏི།
Vol. 194 · folio 157a
ཨ་ཀ་རཾ་ཥྱཏ། ཤྭཿ། ཀརྟཱ། ལྲྀཊ་ལ་སོགས་པ་རྣམས་ལ་ལའི་གནས་སུ་བྱེད་པ་པོ་དང་དངོས་པོ་དང་ལས་རྣམས་ལ་སྱ་ལ་སོགས་པ་བསྒྲུབ་པར་བྱ་སྟེ། ནང་གི་ཡན་ལག་ཡིན་པའི་ཕྱིར་རོ། །ཀུན་འགྲོ་ལ་བྱས་པའི་ཤ་པ་ལས་སོགས་པ་ལ་ཡཀའང་གནོད་དོ། །ལུང་ལ་སི་ཙའོ། །བྱིངས་
ལས་ལུང་ལ་སི་ཙ་འགྱུར་ཏེ། ཨཀཱཪྵཱི་ཏ། བྱཛེཥྚ། ཙ་ཡིག་ནི་སིཙྱ་ཤྭི་ལས་པ་ར་སྨཻའི་ཚིག་གོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་བརྗོད་པའི་དོན་ཏོ། །སྤྲྀ་ཤ། མྲྀ་ཤ། ཀྲྀ་ཤ། ཏྲྀ་པ། དྲྀ་པ་ལས་ཡང་ནའོ། །འདི་རྣམས་ལས་ལུང་ལ་སིཙ་ཡང་ན་འགྱུར་ཏེ། ཨསྭཱརྐྵརྟི། ཨ་སྤྲཀྵཱི་ཏ། ཨ་སྤྲིཀྵ་ཏ། སྤྲི་
ཤ་དང་ལྷན་ཅིག་སྤྱོད་པའི་ཕྱིར་མྲྀ་ཤ་ནི་ཨཱ་མཪྵ་ན་ཞེས་པ་འདི་ཉིད་བཟུང་ངོ་། །ཨམཱརྐྵཱི་ཏ། ཨམྲཱཀྵཱི་ཏ། ཨ་མྲྀ་ཀྵ་ཏ། ཨ་ཀྲཱ་ཀྵཱི་ཏ། ཨ་ཀྲྀ་ཀྵ་ཏ། ཨཏཱརྦྶཱིཏ། ཨ་ཏཱ་བྶཱིཏ། ཨ་ཏྲི་པཏ། ཨ་དཱརྦྶཱིཏ། ཨདྲཱ་པྶཱི་ཏ། ཨ་དྲི་པ་ཏ། ཏན་སོགས་རྣམས་ལས་ཏ་ཐཱས་དག་ལ་འཇིག་གོ། །ཏན་སོགས་ཀྱི་ཚོགས་འདི་
རྣམས་ལས་ཕ་རོལ་ཏུ་སིཙ་དང་ནི་ཏ་ཐཱས་དག་པ་ཕ་རོལ་ལ་ཡང་ན་འཇིག་པར་འགྱུར་ཏེ། ཨ་ཏཏ། ཨ་ཏ་ནིཥྛཱ། ཨ་ཏ་ཐཱ་ས་ཏ་ནིཥྛཿ། ཨ་སཏ། ཨ་ས་ནིཥྛཱཿ། ཨ་ས་ཐཱཿ། ཨ་ས་ནིཥྛཱཿ། ཏ་ཐཱས་དག་ལ་ཞེས་པ་ཅི་ཞེ་ན། ཨ་ཏ་ནཱི་ཥཱ་ཏཱཾ། ཐཱས་དང་ལྷན་ཅིག་སྤྱོད་པའི་ཏའི་སྒྲ་བཟུང་བའི་ཕྱིར་འདིར་ནི་མི་འགྱུར་ཏེ།
ཨ་ཏ་ནཥྛ་ཡུ་ཡཾ། ཀ་རོ་ཏི་ལས་མི་འཇིག་པའི་ཕྱོགས་ལ་ཡང་ཐུང་ངུ་ལས་ཞེས་པས་ས་དབྱིའོ། །ཨ་ཀྲྀ་ཏ། ཨ་ཀྲྀ་ཐཱ། གྷྲཱ། ཙྪཱ། ཤཱ། དྷེ། སཱ་ལས་ཨ་ཏང་ལོའོ། །གྷྲ་ལ་སོགས་པ་རྣམས་ལས་ཕ་རོལ་གྱི་སིཏ་ཏང་ལ་ཡང་ན་འཇིག་པར་འགྱུར་ཏེ། ཨགྷྲཱ་ཏ། ཨ་གྷྲཱར་སཱིཏ། ཨཙྪཱ་ཏ། ཨཙྪཱ་ས་ཏེ།
ཨ་ཤཱཏ། ཨ་ཤཱ་སཱིཏ། ཨ་དྷཱ་ཏ། ཨ་དྷཱ་སཱིཏ། ཨ་སཱ་ཏ། ཨ་སཱ་སཱི་ཏ། ཨ་ཏང་ལ་ཞེས་པ་ཅི་ཞེ་ན། ཨ་གྷྲཱ་སཱི་ཏཱཾ་སུ་མ་ན་སཽ་དེ་བ་དཏྟེ་ན། དྷི། སྠཱ། གཱ། ཏི། པི་བ། བྷཱུ་རྣམས་སོ། །རྟག་ཏུ་ཕ་རོལ་གྱི་སོ་ཙ་འཇིག་པར་འགྱུར་ཏེ། ཨ་དཱ་ཏ། ཨ་དཱ་ཏཱཾ། ཨ་དུཿ། ཌུ་དཱཉ་སྦྱིན་པ་དང་དོ་དུམ་བུར་བྱེད་པ་དང་། དཱཎ་སྦྱིན་
པ་སྟེ་གསུམ་པོ་གཟུགས་མཚུངས་སོ། །དེ་ནི་གཟུང་བར་མི་བྱ་སྟེ། ཨཱཏྨ་ནེའི་ཚིག་ཅན་ཡིན་པའི་ཕྱིར་རོ། །ཌུ་དྷཱཉ་དྷཱ་ཏཱཾ། ཨ་དྷུཿ། དྷེཊ་ནི་སྔར་ཉིད་དུ་རྣམ་པར་བརྟག་པར་བསྒྲུབས་པའི་ཕྱིར་འདིར་མི་གཟུང་ངོ་། །ཨསྠཱ་ཏ། ཨསྠཱ་ཏ། ཨ་སྠུཿ། གྲཱ་མ་མ་གཱཏ། མཱ་རུ་ར་དྷྱ་གཱ་ཏ། ཨི་ཎའི་ཨིཀའི་གཱའོ་ཞེས་
Vol. 194 · folio 157b
པས་གཱའི་དངོས་པོའོ། །གཱ་ཏི་ཞེས་ངེས་པར་བསྟན་པའི་ཕྱིར། གཱ་ཡ་ཏི་ལས་མི་འགྱུར་རོ། །ཨ་གཱ་སཱི་ཏ། གླུའོ། །ཨ་པཱཏ། ཆུའོ། པི་བ་ཞེས་ངེས་པར་བསྟན་པས་ན། པཱ་ཏི་ལས་མི་འགྱུར་རོ། །ཨ་པཱ་སཱིཏ། མི་བདག་སྟེ་སྐྱེ་དགུ་རྣམས་ཀྱིའོ། །ཨ་བྷཱུཏ། ཨ་བྷཱུ་ཏཱཾ། ཨ་བྷཱུ་བན། བྷཱུ་ལས་ལུང་དང་ལིཊ་
དག་ལས་བུ་ཀའོ་ཞེས་པས་བུཀའོ། །ཨ་ཏང་ལ་ཞེས་པ་ཉིད་དེ། ཨ་དེ་ཥཱ་ཏཾ། གྲཱ་མཽ་དེ་བ་དཏྟེ་ན། ཨ་གཱསྟ་གྲཱ་མཾ་དེ་བ་དཏྟཿ། ཤལ་ལས་ཨིཀ་མཐའ་ཉེ་དྲྀ་ཤ་མིན་པ་ལས་ཀྶ་ཏེ་ཨིཊ་མེད་པ་ལས་སོ། །ཤལ་མཐའ་ཨིཀ་མཐའ་མཉེ་དྲྀ་ཤ་བོར་བ་ཨིཊ་མེད་པ་ལས་ལུང་ལ་ཀྶ་འགྱུར་ཏེ། བི་ཤ། ཨ་བི་ཀྵཏ།
དི་ཥ། ཨ་དྲིཀྵཏ། ལི་ཧ། ཨ་ལི་ཀྵཏ། ཨ་ལཱིཌྷ། གུ་ཧུ། ཨ་གྷུཀྵཿ། པ་ཏྱུ་རཱཏྨ་ནཾ། ནྱ་གཱུ་ཌྷ། དི་ཧ་དུ་ཧ་ལི་ཧ་གུ་ཧ་ལས་ཏང་ལ་སོ་བྱུང་ལ་འཇིག་པ་ཡང་ནའོ་ཞེས་པས་ཏང་ལ་ཀྶ་འཇིག་པ་རྣམ་པར་བརྟག་པའོ། །ཤ་ལས་ཞེས་པ་ཅི་ཞེ་ན། ཨ་བྷེཏྶཏ། ཨིཀ་མཐའ་ཉེ་ལས་ཞེས་པ་ཅི་ཞེ་ན། ཨ་
དྷཀྵཱི་ཏ། དྲྀ་ཤ་མིན་པ་ལས་ཞེས་པ་ཅི་ཞེ་ན། ཨ་དྲཱཀྵཱི་ཏ། ཨ་དཪྴཏ། ཨིཊ་མེད་པ་ལས་ཞེས་པ་ཅི་ཞེ་ན། ཨ་ཀོ་ཥཱིཏ། ཤླི་ཥ་ལས་སོ། །ཤཱི་ཥྱ་ཏི་ལས་ལུང་ལས་ཀས་འགྱུར་ཏེ། ཨུ་པ་ཤླི་ཀྵཏ་ཀ་ནྱཱཾ་དེ་བ་དཏྟཿ། ཨང་དགག་པའི་དོན་དུ་སོ་སོར་བརྗོད་དོ། །ཙི་ཎི་ན་མི་འགོག་གོ། །པུ་རསྟ་ལས་དམིགས་བསལ་
བར་མ་ཆད་པའི་ཕྱིར་སྒྲུབ་པ་ལ་འགོག་སྟེ། གཞན་ལས་མ་ཡིན་ཞེས་པའི་རིགས་པ་ལས་སོ། །དེས་ན། ཨུ་པ་ཤླེ་ཥ་ཀ་ནྱཱཾ་དེ་བ་དཏྟེ་ན། ཨིཊ་མེད་པ་ཞེས་པ་ཉིད་དེ། ཨ་ཤླེ་ཥཱི་ཀ་ནྱཱ་དེ་བ་དཏྟེ་ན་ཞེས་པའི་དོན་ཏོ། །སེམས་ཅན་འཁྱུད་པ་ལའོ། །སྲོག་ཆགས་ཀྱི་ཡུལ་ཉིད་ལ་འཁྱུད་པ་ལ་འཇུག་པ་ལ་ཤླི་
ཤྱ་ཏི་ལས་ལུང་ལ་ཀྶ་འགྱུར་ཏེ་གཞན་ལ་ནི་མ་ཡིན་ནོ། །ཨུ་པ་ཤླི་ཥ་ཏ་ཛཱ་ཏུ་ཀྵཥྛི། བྱ་ཏྱ་ཤླིཥྚ་ཛ་ཏུ་ཙ་ཀཱཥྛཉྩ། ཎི། ཤྲི། དྲུ། སྲུ། ཀམ་ལས་བྱེད་པ་པོ་ལ་ཙང་འོ། །ཎིའི་མཐའ་དང་ཤྲ་ཡ་ཏི་སོགས་རྣམས་ལས་ཀྱང་ལུང་དུ་བྱེད་པ་པོ་ལ་ཙང་འགྱུར་ཏེ། སི་ཙའི་དམིགས་བསལ་ལོ། །ཨ་ཙཱི་ཀ་ར་ཏ། ཨ་ཙཱི་
ཀ་མ་ཏ། ཨ་ཤི་ཤྲི་ཡ་ཏ། ཨ་དུ་དྲུ་བ་ཏ། ཨ་སུ་སྲུ་བཏ། ཨ་ཙ་ཀ་མ་ཏ། བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨ་ཀཱ་ར་ཡི་ཥ་ཏཾ་ཊཽ་དེ་བ་དཏྟེ་ན། ཙ་ཡིག་ནི་ཤྣུ་ཙང་ལྀཊ་རྣམས་ལ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ང་ཡིག་ནི་ངིད་ཀྱི་བྱ་བའི་དོན་ཏོ། །དྷེ། ཤྭི་ལས་ཡང་ནའོ། །ལུང་ལ་ཙང་འགྱུར་ཏེ། ཨ་ད་དྷཏ།
Vol. 194 · folio 158a
ཨདྷཱ་དི་ཏ། ཨདྷཱ་ཏ། ཨ་ཤི་ཤྭི་ཡ་ཏ། ཨ་ཤྭཏ། བྱེད་པ་པོ་ལ་ཞེས་པ་ཉིད་དེ། ཨ་དྷི་ཥ་ཏཱཾ་གཱ་བཽ་བཏྶེ་ན། ཨ་ཤྭ་ཡི་ཥཱ་ཏཱཾ་པརྦ་ཏཽ་མི་ཏྲེ་ཎ། རྀ། སྲྀ། ཤཱས། ཨསུ། ཁྱཱ། བ་ཙ་ལས་ཨངའོ། འདི་རྣམས་ལས་ཨང་འགྱུར་ཏེ། ཨ་རཏ། སམཱ་རཏ། སམ་ལས་ཞེས་པ་ལ་སོགས་
པས་ཏངའོ། །ཨ་པ་ར་ཏ། རྀ་དྲྀ་ཤ་དག་ལས་ཨང་ལ་ཞེས་པས་ཡོན་ཏན་ནོ། །ཤད་དང་ལྷན་ཅིག་སྤྱོད་པའི་ཕྱིར། རྀ་སྲྀ་དག་བི་ཀ་ར་ཎ་འཇིག་པ་དག་གཟུང་ངོ་། །བྷཱུ་སོགས་སུ་ནི། ཨཱཪྶཱི་ཏ། ཨ་སཱཪྶཱི་ཏ་ཅེས་ཙནྡྲ་པ་ལས་སོ། །ཨ་ཤི་ཥ་ཏ། ཤིཥཱ་དེ་ཤཿ། ཨ་སྱ་ཏི་དང་ལྷན་ཅིག་སྤྱོད་པའི་ཕྱིར།
པ་རསྨཻའི་ཚིག་ཅན་གྱི་ཤཱ་བ་གཟུང་གི་དེ་ལས་གཞན་ནི་མ་ཡིན་ནོ། །ཨ་ཤཱ་སིཥྚ། པ་སྠ་ཏ། ཁྱ་ནི་བ་ཙི་ཞེས་པར་བསྒྱུར་བ་དང་མ་བསྒྱུར་བ་གཉི་ག་གཟུང་ངོ་། །ཨ་ཁྱཱཏ། ཨ་བོ་ཙ་ཏ། ཧྭཱ་ལི་པ་སི་ཙ་ལས་སོ། །ཧྭ་ཡ་ཏི་དང་ལི་བ་དང་སིཙ་ལས་ལུང་ལ་ཨཱང་འགྱུར་ཏེ། ཨ་ཧྭ་ཏ། ཨ་ལི་པ་ཏ། ཨ་
སི་ཙཏ། བྱེད་པ་པོ་ལ་ཞེས་པ་ཉིད་དེ། །ཨ་ལིཔྶཱ་ཏཱཾ་ཧ་སྟོ་ཙནྡན་ནེ་ན་དེ་བ་དཏྟེ་ན། ཏང་ལ་ཡང་ནའོ། །ཧ་ལ་སོགས་པ་རྣམས་ལས་བྱེད་པ་པོའི་ཏང་ལས་ལུང་ལ་ཨཱང་ཡང་ན་འགྱུར་ཏེ། ཨཱ་ཧྭ་ཏ། ཨཱ་ཧ་སྟ། ཨཱ་ལི་པཏ། ཨཱ་ལིཔྟ། ཨསི་ཙཏ་ཨ་སི་ཙ་ཏ། ཛྷལ་ལས་ཛྷལ་ལ་ཞེས་པས་ས་དབྱིའོ། །ལི་འགྲོ་བ་
དང་དྻུ་ཏ། རདྷ། ཤམ་སོགས་རྣམས་ལས་ཨ་ཏང་ལའོ། །ལི་འགྲོ་བ་དང་དྻུ་ཏ་སོགས་དང་ར་དྷ་སོགས་དང་ཤམ་སོགས་རྣམས་ལས་ཏང་མ་ཡིན་པའི་ལུང་ལ་ཡང་འགྱུར་ཏེ། གམླི། ཨ་ག་མ་ཏ། སྲྀཔླི། ཨསྲི་པཏ། པུཥླྀ། ཨ་པུ་ཥཏ། ཨ་པུ་ཥ་ཏཱཾ། ཤུཥླྀ། ཨ་ཤུ་ཥཏ། ཨ་པུ་ཥ་ཏཱཾ། ཀླི་དུ། ཨ་
ཀླི་ད་ཏ། ཨ་ཀླི་ད་ཏཱེ། དྱུ་ཏ། ཨདྱུ་ཏ་ཏཱ། སྱནྟ། ཨ་སྱ་དཏ། ཨ་སྱད་ཏཱཾ། རདྷ། ཨརདྷ་ད། ཨརདྷ་ཏཱཾ། ཥྞིཧ། ཨསྣི་ཧཏ། ཨ་སྣི་ཧ་ཏཱཾ། ཤ་མུ། ཨ་ཤ་མ་ཏ། ཨ་ཤ་མ་ཧཱཾ། ཀྵ་མཱུ་ཥ། ཨཀྵ་མ་ཏ། ཨཀྵ་མ་ཏཱཾ། ཏང་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བྱ་ཏོ་ཏིཥྚ། བྱ་ལོ་ཏཥྚི། དྻུ་ཏ་ར་དྷ་ཤ་མ་ལ་
སོགས་པའི་ཚོགས་ཀྱི་མདོ་རྣམས་སོ། །རྀ་དྷི། ཏྲྀ་ཥི། གྲྀ་དྷི། སིདྷི། ཀྵཱི་དི། མི་དི། ཀྲུ་དྷི་རྣམས་ལས་སོ། །བདུན་པོ་འདི་རྣམས་ལས་ཏང་མ་ཡིན་པ་ལ་ཡང་འགྱུར་ཏེ། རྀདྷུ། ཨཱརྡྡྷ་ཏ། ཉྀ་ཏྲྀཥ། ཨ་ཏྲྀཥཏ། གྲྀ་དྷུ། ཨ་གྲྀ་དྷཏ། ཉི་ཀྵྭི་དཱ། ཨཀྵི་དཏ། ཉི་མི་དཱ། ཨ་མི་དཏ། ཀྲུདྷ། ཨ་ཀྲུ་དྷ་ཏ། ཏང་མ་
Vol. 194 · folio 158b
ཡིན་པ་ལ་ཞེས་ཉིད་དེ། ཨ་མེ་དིཥྚ། ཨིར་འགྲོ་བ་ལས་ཡང་ནའོ། །ཨིར་འགྲོ་བའི་བྱིངས་ལས་ལུང་ལ་ཨང་ཡང་ན་འགྱུར་ཏེ། ཨ་རུ་དྷཏ། ཨ་རཽཏྶཱིཏ། ཨ་བྷི་དཏ། ཨ་བྷཻཏྶྟ། ཨ་ཙྱུ་ཏཏ། ཨ་ཙྱོ་ཏཱིཏ། ཨ་གྷུ་ཥཏ། ཨ་གྷོ་ཥཱི་ཏ། ཏང་མ་ཡིན་པ་ལ་ཞེས་པ་ཉིད་དེ། ཨ་བྷིཏྟ་དེ་བ་དཏྟཾ་ཡ་ཛཉ་དཏྟ། ཛྲྀ་སྟནྦྷུ་མྲུ་
ཙུ། མླུ་ཙུ། གྲུ་ཙུ། གླུཉྩུ། ཤྭི་རྣམས་ལས་སོ། །བདུན་པོ་འདི་རྣམས་ལས་ལུང་ལ་ཨང་ཡང་ན་འགྱུར་ཏེ། ཛྲཱྀཥ། ཨ་ཛ་རཏ། ཨཛཱ་རཱིཏ། སྟནྦྷུ་མདོ་ལས་བྱུང་བའོ། །ཨསྟ་བྷ་ཏ། ཨསྟནྦྷཱིཏ། མྲུ་ཙུ། ཨ་མྲུ་ཙཏ། ཨ་མྲོ་ཙཱིཏ། མླུ་ཙུ། ཨ་མློ་ཙ་ཏ། ཨ་མློ་ཙཱི་ཏ། གྲུ་ཙུ། ཨ་གྲུ་ཙ་ཏ། ཨ་གྲོ་ཙཱ་ཏི། གླུཉྩུ་
ཨ་གླུ་ཙཏ། ཨ་གླུ་ཉྩཱིཏ། ཨཤྭ། །ཨཤྭ་ཡཱི་ཏ། ཨ་ཤི་ཤྭི་ཡ་ཏ། ཙིཎ་ཏ་ལ་པ་ད་སྲྀ་ཛ་ལས་སོ། །པད་དང་སྲྀཛ་ལས་བྱེད་པ་པོ་ལ་ཏ་གྱུར་པ་ན་ལུང་ལས་ཕ་རོལ་དུ་ཙིཎ་འགྱུར་ཏེ། ཨུ་ད་པཱ་དི། ཨ་སརྫི་མ་ལཱཾ་དྷཱརྨིཀཿ། དད་པ་དང་ལྡན་པ་ཉིད་ཀྱིས་བྱེད་པ་པོ་ལ་སྲྀ་ཛ་ཏི་ལས་ཙིཎ་འདོད་དོ། །དེས་ན་
འདིར་མི་འགྱུར་ཏེ། བྱ་ཏྱ་སྲྀཥྚ་མཱ་ལཱ་མཱ་ལི་ཀ་ས་མཱུ་ཧཿ། ཏ་ལ་ཞེས་པ་ཅི་ཞེ་ན། ཨུ་ད་པཏྶཱ་ཏཱཾ། ཙ་ཡིག་ནི་བྷཉྫི་ལས་ཙིཎ་ལ་ཡང་ནའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཎ་ཡིག་ནི་འཕེལ་བའི་དོན་ཏོ། །དཱི་པ་ཛ་ན་བུདྷ། པཱུ་ཡི། པྱཱ་ཡ་ལས་ཡང་ནའོ། །དཱི་པ་ལ་སོགས་པས་ཏ་གྱུར་པ་ན་ལུང་ལས་ཕ་རོལ་ཏུ་བྱེད་པ་
པོ་ཙི་ཎ་ཡང་ན་འགྱུར་ཏེ། ཨ་དཱི་པི། ཨ་དཱི་པི་སཥྚི། ཨ་ཛི་ནི། ཨ་ཛི་ནིཥྚ། ཨ་བོ་དྷི། ཨ་བུདྷཱ། ཨ་པཱུ་རི། ཨ་པཱུ་རིཥྚ། ཨྀ་ཏཱ་ཡི། ཨ་ཏཱ་ཨཥྚི། ཨ་སྱཱ་ཡི། ཨ་སྱཱ་ཡཥྚི། བྱེད་པ་པོ་ཞེས་པ་ཉིད་དེ། ཨ་བོ་དྷི། དུ་ཧ་ཨཙ་ལས་ལས་བྱེད་པ་པོ་ལའོ། །དུ་ཧ་ཨ་ཙའི་མཐའི་བྱིངས་ལས་ལས་ལས་བྱེད་པ་པོ་ལ་
ཏ་གྱུར་པ་ན་ལུང་ལས་ཕ་རོལ་ཏུ་ཙིཎ་ཡང་ན་འགྱུར་ཏེ། ལས་བཞིན་དུ་དངོས་པོ་ལས་རྟག་ཏུ་ཐོབ་པ་ལ་རྣམ་པར་བརྟག་པའོ། །ཨ་དོ་ཧི་གཽ། སྭ་ཡ་མེ་བ། ཨ་དུགྡྷ་གཽཿ། སྭ་ཡ་མེ་བ། ཨ་ཀཱ་རི་ཀ་ཊཿ། སྭ་ཡ་མེ་བ། ཨ་ཀྲྀ་ཏ་ཀ་ཊཿ། སྭ་ཡ་མེ་བ། དུ་ཧ་ཨ་ཙ་ལས་ཞེས་པ་ཅི་ཞེ་ན། ཨ་བྷི་དི་ཀོཥྛ། སྭ་ཡ་
མེ་བ། ལས་བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨ་དུ་ཧི་གཽ་རྒྒོ་པེ་ན། ཨ་ཀཱ་རི་ཀ་ཊོ་དེ་བ་དཏྟེ་ན། རུདྷ་ལས་མ་ཡིན་ནོ། །རུདྷི་ལས་ལས་བྱེད་པ་པོ་ལ་ཙིཎ་མི་འགྱུར་ཏེ། ཨ་རུདྡྷ་གཽཿ། སྭ་ཡང་མེ་བྷ། ཏ་བ་ལས་ཨ་ནུ་ཏཱ་པ་ལ་འང་ངོ་། །ཙིཎ་མི་འགྱུར་ཏེ། ཨ་ནྭ་ཤཱ་ཏཔྟ། པཱ་པིཥྛཿ། སྭ་ཡ་མེ་བ། ཨ་ན་པཱ་ཏཔྟ་པཱ་བེ་
Vol. 194 · folio 159a
ན་ཀརྨ་ཎཱ། རྗེས་སུ་གདུང་བ་ནི། ཨ་ནུ་ཏཱ་པའོ། །དེ་ལ་དངོས་པོ་དང་ལས་དག་ལའང་ཙིཎ་དགག་པ་ཇི་ལྟ་བ་བཞིན་འགྱུར་བར་བཤད་དོ། །ཨ་ནུ་ཏཱ་པ་ལ་ཞེས་པ་ཅི་ཞེ་ན། ཨ་ཏཱ་པི། སའི་རྒྱལ་པོས་གཟིར་ཞེས་པའི་དོན་ཏོ། །དངོས་པོ་དང་ལས་དག་ལའོ། །དངོས་པོ་དང་ལས་
ལའང་ཏ་བྱུང་བ་ན་ལུང་ལས་ཕ་རོལ་བྱིངས་ལས་ཙིཎ་འགྱུར་ཏེ། ཨཱ་བི་བྷ་བ་ཏཱ། ཨསྠཱ་ཡི་བྷ་བ་ཏ། ཨ་ཀཱ་རིཀ་ཊོ་བྷཱ་བ་ཏཱ། ཨ་ཧཱ་རི་བྷ་རོ་བྷ་བ་ཏཱ། དེ་ལས་འཇིག་གོ། །ཙིཎ་ལས་ཕ་རོལ་གྱི་ཏའི་སྒྲ་འཇིག་པར་འགྱུར་ཏེ། དེ་ལྟར་དཔེར་བརྗོད་པའང་ཟིན་ཏོ། །ཀུན་འགྲོ་བ་ལ་ཡ་ཀའོ། །དངོས་པོ་དང་
ལས་དག་ལ་འགྱུར་ཏེ། ཨཱ་སྱ་ཏེ་དེ་བ་དཏྟེ་ན། ག་མྱ་ཏེ་གྲྭ་མཿ། ས་མྱ་མཱ་ན། ཀུན་འགྲོ་ལ་ཞེས་པ་ཅི་ཞེ་ན། བ་བྷཱུ་བེ་དེ་དཏྟེ་ན། བི་བྷི་དེ་ཀུ་ཤཱུ་ལ། བྷ་བི་ཥཱིཥྚ་དེ་བ་དཏྟེ་ན། བཀྵཱིཥྚ་ཨོ་ད་ནཿ། ཀ་ཡིག་ནི་ཨཏ་ཀྱི་བྱ་བའི་དོན་ཏོ། །ཏ་པ་ལས་ལས་ལ་ཏ་པ་ལས་སོ། །ཡཀ་འགྱུར་ཏེ། ཏ་སྱད་ཏེ། ཏ་
བསྟཱ་པ་སཿ། བྱེད་པའི་དོན་ནི་རྩོམ་པའོ། །ཏ་པ་ལས་ལས་ལ་ཞེས་པ་ཅི་ཞེ་ན། ཨུཏྟ་པ་ཏི་སུ་བརྞཾ། གསེར་མགར་རོ། །བྱ་བའི་གཞི་ལས་ལ་བྱེད་པ་པོ་ཉིད་ལ་ལས་བཞིན་ནོ། །གང་ལ་བྱ་བའི་ལས་གནས་པ་དེར་བྱེད་པ་ཉིད་བརྗོད་པར་འདོད་པ་ལ་ལས་བཞིན་དུ་བྱ་བ་རྣམས་འགྱུར་ཏེ། ཡཀ་དང་
ཨཱཏྨནེའི་ཚིག་དང་ཙིཎའོ། །ཙིཎ་བཞིན་གྱི་དངོས་པོ་རབ་ཏུ་སྦྱོར་རོ། །པྲཱཛྙ་སྱཙྪི་དྱ་ཏེ་ཏྲྀཥྞཱ་སྭ་ཡ་མེ་བ། བྷི་དྱ་ཏེ་ཀུ་ཤཱུ་ལ་སྭ་མེ་བ། ཅི་ལྟར་ཀུ་ཤཱ་ལ་ཡིས་འཇོམས་པར་བྱེད་ཅེ་ན། རྣམ་པར་འཇོམས་པའི་དོན་གྱི་ལས་ཉིད་ཀྱིས་ལས་བྱེད་པ་པོའི་མཚན་ཉིད་ལྡན་པའི་ཕྱིར་རོ། །སྭ་ཡཾ་གྱི་སྒྲ་ནི་འདིར་བདག་སྟེ་རང་
གི་དོན་ལ་འཇུག་པར་བྱེད་པས་ལས་བྱེད་པ་པོ་ཉིད་གསལ་བར་བྱེད་དོ། །བྱ་བའི་གཞི་ལས་ལ་ཞེས་པ་ཅི་ཞེ་ན། གཙྪ་ཏི་གྲཱ་མཾ་དེ་བ་དཏྟ། ཀུ་ཤ་དང་རཉྫི་ལས་ཤན་དང་པ་རསྨེའི་ཚིག་ཡང་ནའོ། །ཀུ་ཥི་དང་རཉྫི་ལས་རབ་ཏུ་སྦྱོར་བའི་ལས་ལ་བྱེད་པ་པོ་ཉིད་དང་བརྗོད་པར་འདོད་པ་ལ་ཤྱན་དང་པ་རསྨཻའི་
ཚིག་ཡང་ན་འགྱུར་ཏེ། ཤ་ཥྱ་ཏི་པཱ་དང་སྭ་ཡ་མེ་བ། ཡང་ན་ཀུ་ཥྱ་ཏེ། རཛྱ་ཏི་བསྟྲཾ་སྭ་ཡ་མེ་བ། ཡང་ན་རཛྱ་ཏེ་ཀུ་ཥྱནྟཱི་ཛ་གྷཱ་ཤྱན་ལ་རྟག་ཏུ་ནུ་མ་ལོ་དུ་ཧ་ལས་ཡ་ཀ་མ་ཡིན་ནོ། །དུ་ཧི་ལས་ལས་ལ་བྱེད་པ་པོ་བརྗོད་པར་འདོད་པ་ལ་ཡ་ཀ་མི་འགྱུར་ཏེ། དུགྡྷེ་གཽཿ། སྭ་ཡ་མེ་བ། བྲཱུ་དང་ཀི་ར་ཏི་སྣུ། ན་མ།
Vol. 194 · folio 159b
རྒྱན་གྱི་དོན་དང་ཤྲི་ཤྲནྠི་ཎི། སན་རྣམས་ལ་ཙིཎ་འང་ངོ་། །འདི་རྣམས་རབ་ཏུ་སྦྱོར་བའི་བྱེད་པ་པོ་ལ་ཙིཎ་མི་འགྱུར་ཞིང་། འང་ཡིག་གིས་ཡཀ་ཀྱང་ངོ་། །བྲཱུ་ཏེ་དྷརྨཿ། སྭ་ཡ་མེ་བ། ཨ་བོ་ཙཏ། ཨ་བ་ཀི་ར་ཏེ་ཧསྟཱི་སྭ་ཡ་མེ་བ། ཨ་བཱ་ཀིཪྵཱ་པྲ་སྒུ་ཏེ་གཽཿ། སྭ་ཡ་མེ་བ། པྲཱ་སྣོཥྚ། ན་མ་ཏེ་དཎྜ་སྭོ་ཡ་མེ་བ།
ཨ་ནཾ་སྟ་ཨ་ལཾ་ཀུ་རུ་ཏེ་ཀ་ནྱཱ་སྭ་ཡ་མེ་བ། ཨ་ལམ་ཀྲྀཏ། ཨུཙྪ་ཡ་ཏེ་དཎྜཿ། སྭ་ཡ་མེ་བ། ཨུ་ད་ཤི་ཤྲི་ཡཏ། ཤྲ་ཐྣཱི་ཏེ་མཱ་ལཱ་སྲ་ཡ་མེ་བ། ཨ་ཤྲནྠིཥྚ། ཀཱ་ར་ཡ་ཏེ་ཀ་ཊཿ། སྭ་ཡ་མེ་བ། ཨ་ཙ་ཀཱིརྵྚ། ལས་མ་ཡིན་པའི་ཏང་གི་མཐའ་ལས་ཅན་མ་ཡིན་པའི་ཕྱིར་དང་ལས་དང་བྱེད་པ་པོ་མེད་པའི་ཕྱིར་དཔེར་བརྗོད་
མི་རིགས་སོ། །བི་ཀུ་རུ་ཏེ། ཀྲོཥྚཱ་ཡ་མེ་བ། བྱ་ཀྲྀ་ཏ། པ་རི་པཱ་ར་ཡནྟེ་ཀཎྜེ་ཀཱཿ། སྭ་ཡ་མེ་བ་ཞེས་བྱེད་པ་དང་བྱེད་པ་པོ་བརྗོད་པར་འདོད་པ་ལ་བྱེད་པ་པོར་བསམས་པའི་འབྲས་བུ་ཏང་གིས་གྲུབ་བོ། །ཅི་ལྟར་ཨུ་དུམྦ་རསྶ་ལོ་ཧི་ཏཾ་ཕ་ལཾ་པ་ཙྱ་ཏེ་ཞེ་ན། ཨུ་དུམྦ་རའི་སྒྲ་ནི་འདིར་འབྲས་བུ་ལ་འཇུག་པ་ཉིད་ཀྱིས་རཽ་
དྲ་སོགས་ཀྱི་ལོ་ཧི་ཏ་ལ་ཇི་ལྟ་བར་འགྱུར་ཏེ། དེ་ལྟར་སྨིན་པར་བྱེད་པ་དང་སྨིན་པ་དག་མངོན་པར་འབྲེལ་བར་བསམས་སོ་ཞེས་པའི་དོན་ཏོ། །སྣུ་ནམ་ལ་སོགས་པའི་ནང་དུ་ཆུད་པ་ཎིའི་དོན་རྣམས་སོ། །འདི་ནི་བྱ་བ་ཤིན་ཏུ་བསྟན་པ་སྟེ། དེས་ན་ཡཀྟིཎླི་འཇུག་པའི་སྤྱིར་བཏང་གིས་གྲུབ་པས་ཤབ་ལ་སོགས་པ་ཉིད་
དོ། །བྱེད་པ་པོ་ལ་ཤབ་འོང་ངོ་། །བྱེད་པ་པོ་བརྗོད་པ་ལ་བྱིངས་ལས་ཤ་པ་འགྱུར་ཏེ། ཏ་ར་ཏི། ན་ཡ་ཏི། ཙི་ཀཱིཪྵ་ཏི། དྷཱ་ར་ཡཿ། པྲཱ་ར་ཡ། ཀུན་འགྲོ་ལ་ཞེས་པ་ཉིད་དེ། པ་བྷཱུ་བ། བྷཱུ་ཡཱ་ཏ། ཤ་ཡིག་ནི་ཤིད་ཀྱི་བྱ་བའི་དོན་ཏོ། །ཤ་ཡིག་ནི་ཤཔ་ཤྱན་ལས་སོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཎི་ལས་སོ། །བྱིངས་
ལས་ཎིའི་མཐའ་ལས་བྱེད་པ་པོ་ལ་ཤབ་པ་འགྱུར་ཏེ། བི་ཤྲཱ། ཤྲཱ་ཡ་ཏི། བི་པྲྀ། པཱ་ར་ཡ་ཏི། བི་དཾ་བུ། དེ་བ་ཡ་ཏི། ཨེ་ལ་བི། ཨེ་ལ་ཡ་ཏི། བཱི་འགྲོ་བ་ལས། བཱ་ཡ་ཏི། རང་དོན་ལ་ཎི་ཙའོ། །བརྗོད་པ་འདི་ནི་འཇིག་པ་ལ་སོགས་པའི་ཚོགས་ཀྱི་བྱ་བ་དགག་པའི་དོན་ཏོ། །ཨད་སོགས་ལས་འཇིག་གོ། །ཨད་
སོགས་རྣམས་ལས་ཤཔ་འཇིག་པར་འགྱུར་ཏེ། ཨརྟི། ཧནྟི་ཡང་ལས་མང་པོ་ལའོ། །འཇིག་པར་འགྱུར་ཏེ། བོ་བྷ་བཱི་ཏི། བོ་བྷུ་ཡ་ཏེ། ཁ་ཅིག་ཏུ་རྟག་ཏུ་སྟེ། ལོ་ལུ་བ། པོ་པུ་བཿ། ཁ་ཅིག་ཏུ་མི་འགྱུར་ཏེ། ལོ་ལཱུ་ཡཱ། ཛུ་ཧོ་ཏི་སོགས་ལས་ཤྣུའོ། །ཛུ་ཧོ་ཏི་སོགས་རྣམས་ལས་ཕ་རོལ་ཤབ་ལས་ཤྣུ་འགྱུར་ཏེ།
Vol. 194 · folio 160a
ཛྷུ་ཧོ་ཏི། བི་བྷེ་ཏི། དི་པ་སོགས་ལས་ཤྱནའོ། །ཤབ་ཀྱི་ཡུལ་ལ་ཤྱན་འགྱུར་ཏེ། དཱི་བྱ་ཏི། སཱི་བྱ་ཏི། བྷཱ་ས་བྷཱ་ས་བྷྲ་མུ། ཀླ་མུ། ཏྲ་སི། ཏྲུ་སི། ཏྲུ་ཊི། ལ་ཥ་ལས་ཡང་ནའོ། །བྷཱ་ས་སོགས་བརྒྱད་པོ་རྣམས་ལས་ཤྱན་ཡང་ན་འགྱུར་ཏེ། བྷྲཱ་སྱ་ཏེ། བྷྲཱ་ས་ཏེ། བྷྲཱ་ས་ཏེ། བྷྲཱ་སྱ་ཏེ། བྷྲཱ་ས་ཏེ། བྷྲ་
མྱ་ཏི། བྷྲ་མ་ཏི། བྷཱུ་སོགས་ཅན་ཉིད་ཀྱི་ཕྱིར་རིང་པོ་མེད་པ་ཉིད་དོ། །ཀྲཱ་མྱ་ཏི། ཀྲཱ་མྱ་ཏི། ཀླཱ་མྱ་ཏི། ཀླཱ་མ་ཏི། ཏྲ་སྱ་ཏི། ཏྲ་ས་ཏི། ཏྲུ་སྱ་ཏི། ཏྲུ་ཊ་ཏི། པི་ལ་ཥྱ་ཏི། ཡས་ལས་སོ། །ཤྱན་ཡང་ན་འགྱུར་ཏེ། ཡ་སྱ་ཏི། ཡ་ས་ཏི། སམ་ལས་སོ། །སམ་ཉིད་ལས་ཕ་རོལ་ཡས་ལས་ཤྱན་ཡང་འགྱུར་ཏེ། སཾ་ཡ་ས་
ཏི། ཏུད་སོགས་རྣམས་ལས་ཤའོ། །ཏུ་སོགས་རྣམས་ལས་ཤབ་ཀྱི་ཡུལ་ལ་ཤ་འགྱུར་ཏེ། ཏུ་ད་ཏི། ནུ་ད་ཏི། རུ་དྷ་ལ་སོགས་པ་རྣམས་ལ་ཤྣམའོ། །རུ་དྷ་སོགས་རྣམས་ཀྱི་མཐའི་ཨ་ཙ་ལས་ཤབ་ཀྱི་ཡུལ་ལ་ཤྣམ་འགྱུར་ཏེ། རུ་ཎརྡྷི། བྷི་ནརྟི། མ་ཡིག་ནི་མིཏ་ཀྱི་བྱ་བའི་དོན་ཏོ། །ཏན་སོགས་ལས་
ཨུའོ། །ཏན་སོགས་རྣམས་ལས་ཤབ་ཀྱི་ཡུལ་ལ་ཨུ་འགྱུར་ཏེ། ཏ་ནོ་ཏི། ས་ནོ་ཏི། སུ་སོགས་ལས་ཤྣུའོ། །ཤཔ་ཀྱི་ཡུལ་ལ་འགྱུར་ཏེ། སུ་ནོ་ཏི། སོ་ནོ་ཏི། ཤྲུ། ཀྲྀཔ། དྷི་པ་རྣམས་ཀྱི་ཤྲྀ་ཀྲྀ་དྷི་འང་ངོ་། །ཤྲུ་ཀྲྀ་པ། དྷི་པ་ཞེས་པ་འདི་རྣམས་ལ་ཤྣུ་རྐྱེན་དུ་འགྱུར་ཞིང་། དེ་དང་ལྡན་པ་ལས། ཤྲྀ། ཀྲྀ། དྷི་
ཞེས་པར་བསྒྱུར་བར་འགྱུར་རོ། །ཤྲྀ་ཎོ་ཏི། ཀྲྀ་ཎོ་ཏི། དྷི་ནོ་ཏི། ཨཀྵུ་ལས་ཡང་ནའོ། །ཤྣུ་འགྱུར་ཏེ། ནི་རཀྵྞོ་ཏི། ནི་རཀྵ་ཏི། རཀྵ་ལས་ཕྲ་མོར་བྱེད་པ་ལའོ། །ཤྣུ་འགྱུར་ཏེ། རཀྵྞོ་ཏི། ཕྲ་མོར་བྱེད་པ་ལ་ཞེས་པ་ཅི་ཞེ་ན། པནྟཀྵ་ཏི་བྷ་གབྷིཿ། ཀྲཱྀ་སོགས་རྣམས་ལས་ཤྣཱའོ། །ཀྲཱྀ་སོགས་རྣམས་ལས་ཤཔ་ཀྱི་
ཡུལ་ལ་ཤྣཱ་འགྱུར་ཏེ། ཀྲཱྀ་ཎཱ་ཏི། བི་ཀྲཱྀ་ཎཱི་ཏེ། པྲཱི་ཎ་ཏི། སྟནྦྷུ། སྟུནྦྷུ། སྐནྦྷུ། སྐུནྦྷུ། སྐུ་རྣམས་ལས་ཤྣུའང་ངོ་། །སྟནྦྷུ་ལ་སོགས་པ་བཞི་པོ་རྣམས་མདོ་ལས་བྱུང་བའོ། །སྐུ་ཀུན་དུ་འགྲོ་བ་ལའོ། །འདི་རྣམས་ལས་ཤྣཱ་རྐྱེན་དུ་འགྱུར་ཞིང་ཤྣུའང་ངོ་། །སྟ་བྷྣ་ཏི། སྟ་བྷྣོ་ཏི། སྟུ་བྷྣཱ་ཏི། སྟུ་བྷྣོ་ཏི། སྐ་བྷྣཱ་ཏི། སྐུ་བྷྣོ་ཏི།
ཀུ་ནཱ་ཏི། སྐུ་ནོ་ཏི། མདོ་ལས་བྱུང་བ་རྣམས་ལ་བྱུང་བའི་རྐྱེན་བྱེད་པ་ནི་ཡུལ་ཐམས་ཅད་ཉིད་བཤད་པའི་དོན་ཏེ། སྟབྟཱ་སྟམྦྷི་ཏྭཱ་སྟ་བྡྷཿ། ཧལ་ལས་ཧི་ལ་ཤཱན་ཙའོ། །ཧལ་མཐའ་ལས་ཧི་ཕ་རོལ་ལ་ལ་ཤྣཱའི་ཡུ་ལ་ཤཱ་ན་ཙ་འགྱུར་ཏེ། པུ་ཥཱ་ཎ། གྲྀ་ཧཱཎ། ཧལ་ལས་ཞེས་པ་ཅི་ཞེ་ན། ཀྲཱི་ཎཱི་ཧི། ཧི་ལ་ཞེས་པ་ཅི་
Vol. 194 · folio 160b
ཞེ་ན། ཨ་ཤཱ་ཏི། ཞེས་པ་སཱ་དྷཱུ་ཀཱིརྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྱོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་དང་པོའི་རྐང་པ་གཉིས་པ་རྫོགས་སོ།། །།བྱུང་བ་
ལ་ལུངའོ། །བྱུང་བའི་དོན་ལྟར་བ་ལ་བྱིངས་ལས་ལུང་འགྱུར་ཏེ། ཨ་ཀྲྀ་ཏ། ཨ་ཀྲྀ་ཥཱ་ཏཱ། ཨ་ཀཪྵཱི་ཏ། འདི་ནི་འདས་པའི་དུས་བརྗོད་པ་སྟེ། བྱུང་བའི་སྒྲ་ནི་ས་ལ་སོགས་པ་བརྗོད་པའོ། །བྱིངས་ལས་ཞེས་པ་སྤྱིར་བཏང་བའི་ཕྱིར་དང་དེ་དགག་པ་འཇུག་པ་སོགས་ཀྱི་དབང་དུ་ཡང་བྱས་སོ། །དེ་ཡང་
བྱ་བ་ཉིད་ཡིན་གཞན་མ་ཡིན་ཏེ་འདས་པ་ལ་སོགས་པ་སྒྲུབ་པའོ། །དེ་ཡང་དེ་དང་ལྡན་པས་གཞན་མ་ཡིན་ཞེས་པ་མཆོག་གི་དོན་ཏོ། །ཤྲུ། སད། བས་ལས་ལིཊ་ཡང་ནའོ། །ད་ལྟར་བ་འཇུག་པའི་ཤྲྀ་ཎོ་ཏི་སོགས་ལས་ལིཊ་ཡང་ན་འགྱུར་ཏེ། ཨུ་པ་ཤུ་ཤྲཱ་པ། ཨུ་པཱ་ཤྲཽ་ཥཱི་ཏ། ཨུ་པཱ་ས་ད། ཨུ་པཱ་ས་ད་ཏ།
ཨཱ་ནཱུ་བཱ་ས། ཨ་ནྲ་བཱཏྶཱི་ཏ། དེ་རིང་མ་ཡིན་པ་ལ་དེ་བརྗོད་འདོད་མ་ཡིན་པ་ལའོ། །དེ་རིང་མ་ཡིན་པ་བྱུང་བ་ལ་དེ་བརྗོད་འདོད་མ་ཡིན་པ་ལ་ལུང་འགྱུར་ཏེ། ཨ་བྷཱུན་བྲྀ་པཿ། ཨ་ག་མཱ། མ་གྷོ་ཥཱན། ཨ་པཱ་མ་པ་ཨཿ། ཨ་ཤ་ཡིཥྨ། ཧི་པཱུ་ཏི་ཏྲི་ཎེ་ཥུ། དེ་བཞིན་དུ། ས་ཀ་ལཱཾ་ར་ཏྲིཾ་ཛཱ་ག་རི་ཏོ་རཱ་ཏྲི་ཤེ་ཥེ་པྲྀཥྛཿ། བྷ་བཱ་
ནུ་ཥི་ཏ་ཞེས་པ་ཅི་ཞེ་ན། ཤིན་ཏུ་སད་པས་དེ་རིང་མ་ཡིན་པར་གྱུར་པ་ཡང་དེ་རིང་འདྲ་བར་སེམས་ཏེ་སྨྲའོ། །གཞན་དུ་ན། ཨ་བཱཏྶམ་ཞེས་སོ། །དེ་རིང་མ་ཡིན་པ་ཞེས་པ་ཉེ་བར་མཚོན་པ་སྟེ། པ་རོཀྵ་ལའང་དེ་བརྗོད་འདོད་མ་ཡིན་པ་རྟོགས་པར་བྱའོ། །ལངའོ། །དེ་རིང་མ་ཡིན་པ་བྱུང་བའི་དོན་ལ་འཇུག་
པའི་བྱིངས་ལས་ལའང་འགྱུར་ཏེ། ཨ་པ་ཙ་ཏ། ཨ་ཀ་རོ་ཏ། དེ་རིང་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨ་པཱཀྵཱི་ཏ། འདས་པའི་མཚན་མོ་ལས་ཕྱི་མ་སོགས་ལ་མ་ཡིན་པ་དང་། ཡང་ན་ཐུན་དང་པོ་དང་། དེའི་ཕྱེད་ཇི་སྲིད་པའོ། །དེ་རིང་ཡོད་པ་མ་ཡིན་པ་གང་དེ་དེ་རིང་མ་ཡིན་པའོ། །དེས་ན་འདིར་མི་འགྱུར་ཏེ།
ཨ་རྒྱ་ཛྱོ་བཱ། ཨ་བྷུཀྵྨ་ཧི། དྲན་པར་བྱེད་པའི་དོན་ལ་ཡཏ་མ་ཡིན་པ་ལས་ལྲྀཊའོ། །དྲན་པར་བྱེད་པའི་དོན་ལས་བྱིངས་གང་ཡིན་པ་དེ་ལས་ལང་གི་ཡུལ་ལ་ལྲྀཊ་འགྱུར་ཏེ། གལ་ཏེ་ཡཏ་སྦྱོར་བར་མི་འགྱུར་བ་ནའོ། །སྨ་ར་སི་དེ་བ་དཏྟ་ཀཤྨཱི་རེ་ཥུ་བཏྟྱཱ་མཿ། ཨ་བྷི་ཛཱ་ནཱ་སི་དེ་བ་དཏྟ་ཀ་ལིངྒེ་ཥུ་བཏྶྱཱ་མཿ། སྨ་ར་
Vol. 194 · folio 161a
སྱཱ་དོ་ད་ཤ་ར་ཐིརྦྷ་བན་བྷ་བཱ་ན་མུཾ་ཙ་ནཱནྟཱ་དབ་ནི་ཏཱ་པ་ཧ་རི་ཎཾ། པ་ཡོ་དྷི་མཱ་བདྡྷ་ཙ་ལཛྫ་ལཱ་བི་ལཾ་གྷྱ་ལཾ་ཀཱཾ་ནི་ཀ་ཥཱ་ཧ་ནི་ཥྱ་ཏི་ཞེས་མཱ་གྷ་ཟེར་རོ། །ཡཏ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། སྨ་ར་སི་དེ་བ་དཏྟ་ཡཏ་ཀཤྨཱི་རི་ཥུ་བ་སཱ་མ། འདོད་པ་ལ་ཡང་ནའོ། །བྱ་བའི་ཁྱད་པར་འདོད་པའི་དྲན་པའི་
ལས་ལ་ལང་གི་ཡུལ་ལ་ལིཊ་ཡང་ན་འགྱུར་ཏེ། ཡཏ་སྦྱོར་བ་ཡོད་པ་མེད་པ་ལའང་ངོ་། །སྨ་ར་སི་དེ་བ་དཏྟ་ཡཏ་ཀཤྨཱི་རེ་ཥུ་བཏྶྱཱ་མཿ། ཏ་ཏྲཽ་ད་ནཾ་ཡདྦྷོཀྵྱཱ་མ་ཧེ། སྨ་ར་སི་དེ་བ་དཏྟ་ཡཏྐ་ཤྨཱི་རེ་ཥུ་བ་སཱ་མ། ཡཏྟ་ཏྲཽ་ད་ན་མ་བྷུ་ཛྫྨ་ཧེ། སྨ་ར་སི་དེ་བ་དཏྟ་ཀཤྨཱི་རེ་ཥུ་བ་སཱ་མསྟ་ཏྲཽ་ད་ནཾ་བྷོཀྵྱ་མ་ཧེ། སྨ་ར་སི་དེ་བ་དཏྟ་ཀཤྨཱི་
རེ་ཥུ་བ་སཱ་མསྟ་ཏྲཽ་ད་ན་བྷུཉྫྨ་ཧི། གཉི་ག་ཡང་དྲན་པར་བྱེད་པའི་དོན་ཅན་གྱི་ཕྱིར་རྣམ་པར་བརྟག་པའོ། །རྣམ་པར་གཞག་པ་རྣམ་པར་བཤད་པ་མཚུངས་པ་ཉིད་ཀྱིས་ལྲྀཊ་དང་ལང་གཉིས་ཀྱང་ངོ་། །ཧ་དང་ཤ་ཤྭཏ་ལས་ལངའོ། །ཧ་དང་ཤ་ཤྭཏ་སྦྱོར་བ་དྲན་པའི་དོན་གྱི་བྱིངས་ལས་ལང་འགྱུར་ཏེ། ལྲྀཏའི་
དམིགས་བསལ་ལོ། །སྨ་ར་སི་དེ་བ་དཏྟ་ཨི་ཏི། ཧ་ཀཤྨཱི་རེ་ཥ་བ་སཱ་མ། སྨ་ར་སི་དེ་བ་དཏྟ་ཀཤྨཱི་རེ་ཥུ་ཤ་ཤྭ་ད་བ་སཱ་མ། པ་རོཀྵཱ་ལ་ཡང་ནའོ། །ཧ་དང་ཤ་ཤྭཏ་དག་སྦྱོར་བར་གྱུར་པ་དི་རིང་མ་ཡིན་པ་ལྐོག་ཏུ་གྱུར་པའི་དོན་ལ་འཇུག་པའི་དབྱིངས་ལས་ལང་ཡང་ན་འགྱུར་ཏེ། ཨི་ཏི་ཧཱ་ཀཱ་རོཏ། ཨི་ཏི་ཧ་ཙ་
ཀཱ་ར། ཤ་ཤྭ་ད་ཀ་རོཏ། ཤ་ཤྭཙྩ་ཀཱ་ར། ཡང་ན་མིག་བསྐྱོད་པ་ནི་གཞན་ལ་ལྐོག་ཏུ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ཡང་ན་ཚིག་ཕྲད་ལས་ཨུཏ་ལ་སོགས་པའོ། །དུས་ཉེ་བར་དྲི་བ་ལའང་ངོ་། །ཉེ་བའི་དུས་ཀྱི་ཡུལ་ལ་དྲི་བ་འཇུག་པའི་བྱིངས་ལས་བྱུང་བར་གྱུར་པ་དེ་རིང་མ་ཡིན་པ་ལྐོག་ཏུ་གྱུར་པ་ལ་ལང་
ཡང་ན་འགྱུར་ཏེ། ཀཤྩིཏ་ཀཉྩི་ཏ་པྲྀཉྪ་ཏི། ཀི་མ་གཙྪདྡེ་བ་དཏྟཿ། ཀིཾ་ཛ་གཱ་མ་དེ་བ་དཏྟ། པཉྩ་བཪྵཱ་བྷྱནྟ་ར་མཱ་སནྣ་ཀ་ལཿ། དེས་ན་འདིར་མི་འགྱུར་ཏེ། ཀིཾ་ཛ་ཧཱ་ར་ཤཱི་ཏཱཾ་པཽ་ལསྟྱཿ། དྲི་བ་ལ་ཞེས་པ་ཅི་ཞེ་ན། ཛ་གཱ་མ་དེ་བ་དཏྟཿ། ཡུལ་དུ་བྱས་པ་ལའོ། །ཡང་ན་ཞེས་པ་བཟློག་གོ། །བྱུང་བ་དེ་རིང་མ་
ཡིན་པ་ཡུལ་དུ་བྱས་པ་ཀློག་ཏུ་གྱུར་པའི་དོན་ལ་འཇུག་པའི་བྱིངས་ལ་ལང་འགྱུར་ཏེ། ཨ་ཛ་ཡགྒརྟྟོ་ཧཱུ་ཎན། ཨ་རུ་ཎཛྫ་བ་ནཿ། ཤཱ་ཀེ་ཏཾ། འཇིག་རྟེན་གྱིས་རྣམ་པར་ཤེས་པར་འདོད་པ་དེས་ན་འདིར་མི་འགྱུར་ཏེ། ཙ་ཀཱ་ར་ཀ་ཊཾ་དེ་བ་དཏྟཿ། ལིཊའོ། །བྱུང་བ་དེ་རིང་མ་ཡིན་པ་ལྐོག་ཏུ་གྱུར་པའི་དོན་ལ་
Vol. 194 · folio 161b
འཇུག་པའི་བྱིངས་ལས་ལིཊ་འགྱུར་ཏེ། ཛ་གྷཱ་ན། ཤིན་ཏུ་གསང་བ་ལའོ། །ཤིན་ཏུ་གསང་བར་བྱེད་པའི་དོན་གྱི་བྱིངས་ལས་ལིཊ་འགྱུར་ཏེ། འདི་ནི་ལྐོག་ཏུ་གྱུར་པ་མ་ཡིན་པའི་དོན་རྩོམ་པའོ། །ཀ་ལིངྒེ་སྠི་ཏོ་སི། ནཱ་ཧཾ་ཀི་ལ་བི་ཇ་གཱ་མ། ཀཿ་ཀ་ལིངྒ་ཛ་གཱ་མ་ཀཿ། ཀཱ་མ་རཱུ་པཾ་པྲ་བི་བེེ་ཤ།། སྭ་པ་
སོགས་དུས་ལ་ཨསྨད་ལའོ། །སྭ་པ་སོགས་གང་དུས་ཀྱི་བྱ་བའི་དོན་ལ་བྱིངས་ལས་བྱུང་བ་དེ་རིང་མ་ཡིན་པ་ལ་ཨསྨད་རབ་ཏུ་སྦྱོར་བ་ན་ལིཊ་འགྱུར་ཏེ། སུཔྟོ་ཧཾ་ཀི་ལ་བི་ལ་ལཱ་པ། མཏྟོ་ཧཾ་ཀི་ལ་བི་ལ་ལཱ་པ། ཨ་སྨད་ལ་ཞེས་པ་ཅི་ཞེ་ན། མཏྟོ་ཡཾ་བྱ་ལ་པཏ། པ་རོཀྵ་མ་ཡིན་པ་ལ་སྨ་ལ་ལཊའོ། །སྨའི་སྒྲ་
སྦྱོར་བ་ན་བྱུང་བ་དེ་རིང་མ་ཡིན་པ་ལ་ལྐོག་ཏུ་གྱུར་པ་དང་ལྐོག་ཏུ་གྱུར་པ་མ་ཡིན་པ་ལའང་བྱིངས་ལས་ལཊ་འགྱུར་ཏེ། ལང་དང་ལིཊའི་དམིགས་བསལ་ལོ། །ཨེ་བཾ་མ་ཡཱ་ཤྲུ་ཏ་མ་ཀ་སྨིན་ས་མ་ཡི་རཱ་ཛ་གྲི་ཧེ་བི་ཧ་ར་ཏིསྨ། ཛྱོ྅དྷི་ཡ་ཏིསྨ། ཧ་ར་ཏིསྨཱ་ཤཱི་ཏཾ་པཽ་ལསྐྱཿ། བྱུང་བ་ལ་ན་ནུ་དྲི་བའི་བརྗོད་པ་ལའོ། །
ན་ནུའི་སྒྲ་སྦྱོར་བ་ན་དྲི་བའི་ལན་བརྗོད་པ་བྱུང་བའི་སྤྱི་བརྗོད་པའི་དོན་ལ་འཇུག་པའི་བྱིངས་ལས་ལཊ་འགྱུར་ཏེ། ཨ་ཀཱརྵཱིཿ། ཀ་ཊཾ་མ་ཎ་བ་ཀ་ན་ནུ་ཀ་རོ་མི། ཨ་བེ་ཙསྟེ་དེ་བ་དཏྟ་ན་ནུ་བྲ་བཱི་མི། དྲིས་པའི་ལན་བརྗོད་པ་ཞེས་པ་ཅི་ཞེ་ན། ན་ནུ་ཀཱཪྵཱི་མཱ་ཎ་བ་ཀཿ། ན་དང་ནུ་ལས་ཡང་ནའོ། །ནའི་སྒྲ་དང་ནུའི་སྒྲ་
རབ་ཏུ་སྦྱོར་བ་ན་དྲི་བ་སྔོན་མ་དང་ལན་བརྗོད་པ་ལ་བྱུང་བ་སྤྱིའི་དོན་ལ་འཇུག་པའི་བྱིངས་ལས་ལཊ་ཡང་ན་འགྱུར་ཏེ། ཨ་ཀཱཪྵཱིཿ། ཀ་ཊ་དེ་བ་དཏྟེ་ན་ཀ་རོ་མི་བྷོཿ། ནཱ་ཀཱཪྵཾ། ནུ་ཀ་རོ་མི། ནཱ་ཀཱཪྵཾ། པུ་ར་ལ་ལུང་ཡང་ན་སྟེ་སྨ་མ་ཡིན་པ་ལའོ། །དེ་རིང་མ་ཡིན་པ་སྨོས་པ་འདིར་སྦལ་པ་འཕར་བའི་རིགས་པ་
རྗེས་སུ་འཇུག་ཅིང་པ་རོཀྵ་ཞེས་པའང་ངོ་། །སྨ་བོར་བ་པུ་རའི་སྒྲ་སྦྱོར་བ་ན་བྱུང་བ་དེ་རིང་མ་ཡིན་པའི་དོན་ལ་འཇུག་པའི་བྱིངས་ལས་བྱུང་བ་དེ་རིང་མ་ཡིན་པ་ལྐོག་ཏུ་གྱུར་པ་ལའང་ལཊ་ཡང་ན་འགྱུར་ཞིང་ལུང་ཡང་ངོ་། །བ་སནྟཱི་ཧ་པུ་རཱ་ཙྩཱ་ཏྟྲཱཿ། ཨ་བཱཧྥུ་རི་ཧ་པུ་རཱ་ཙྪཏྟྲཱཿ། ཨ་བ་སནྣི་ཧ་པུ་རཱ་ཙྪཏྟྲཱཿ། ཨཱུ་ཥུ་རི་ཧ་
པུ་རཱ་ཙྪཏྟྲཱཿ། སྨ་དགག་པ་ཅི་ཞེ་ན། ན་ཊེ་ནསྨ་པཱུ་རཱ་དྷཱི་ཡ་ཏེ། ད་ལྟར་བ་ལ་ལཊའོ། །བྱ་བ་བརྩམས་ནས་ཡོངས་སུ་མ་རྫོགས་ཀྱི་བར་གང་ཡིན་པ་ནི་ད་ལྟར་བའི་དུས་ཏེ། དེ་ལ་འཇུག་པ་ན་བྱིངས་ལས་ལཊ་རྐྱེན་དུ་འགྱུར་ཏེ། ཏིཥྛནྟི་གི་ར་ཡཿ། སྲ་བ་ཏི་ན་དཱི། ཡང་ན་ཞེས་པ་ཉིད་དེ། ཨཱ་ཙ་ཀཿ། དེ་དང་ཉེ་
Vol. 194 · folio 162a
བའང་དེ་དང་འདྲའོ། །ད་ལྟར་བ་དང་ཉེ་བའི་དུས་གང་འདས་པའམ་མ་འོངས་པ་དེ་ལའང་ད་ལྟར་བ་དང་འདྲ་བའི་རྐྱེན་འགྱུར་ཏེ། ཀ་དཱ་དྭ་མཱ་ག་ཏོ་སི། ཨེ་ཥ་ཨཱ་གཙྪཱ་མི། ཨཱ་གཙྪནྟ་མེ་བ་མཱཾ་བདྡྷི། ཀ་དཱ་དེ་བ་དཏྟ་ག་མི་ཥྱ་སི། ཀ་ཨེ་ཥ་གཙྪཱ་མི། གཙྪནྟ་མེ་བ་མཱཾ་བིདྡྷེ།
ཡང་ན་ཞེས་པ་ཉིད་དེ། ཨེ་ཥོསྨི་ཨཱ་ག་ཏཿ། ག་མི་ཥྱཱ་མི། གནྟཱ་སྨིཿ། དེ་དང་འདྲ་བ་ཞེས་པ་ཅི་ཞེ་ན། བ་རུ་ད་གཙྪ་ཏ་པུ་ཊ་ལི་པུ་ཏྲཾ་བཪྵེ་ཎཱ་ག་མི་ཥྱ་ཏི། འདྲ་བའི་སྒྲ་བྱེད་པ་ནི་ཐམས་ཅད་མཚུངས་པའི་དོན་ཏོ། །ཁྱད་པར་གང་གིས་ད་ལྟར་བའི་རྐྱེན་དུ་བྱས་པ་རང་བཞིན་གྱི་སྒྲུབ་པ་ལྷག་པར་བྱེད་པ་དེ་འདྲ་བར་
འགྱུར་ཏེ། ཨ་ལཾ་ག་རིཥྞུཿ། ཨ་ལ་མ་ཀཱཪྵཱིཏ། ཨ་ལཾ་ཀ་རཱི་ཥྱ་ཏི། འདོད་པར་བྱེད་པ་ལ་བྱུང་བ་བཞིན་ཡང་ངོ་། །འདོད་པར་བྱེད་པའི་དོན་ལ་འཇུག་པའི་བྱིངས་ལས་འབྱུང་བར་འགྱུར་བའི་དུས་ལ་ད་ལྟར་བ་དང་འདྲ་བའི་རྐྱེན་ཡང་ན་འགྱུར་ཏེ། བྱུང་བ་བཞིན་འང་ངོ་། །ཨུ་པཱ་དྷྱཱ་ཡཤྩེ་དཱ་གཙྪ་ཏི། ཨཱ་
ག་ཏཿ། ཨཱ་ག་མ་ཏ། ཨཱ་ག་མི་ཥྱ་ཏི། ཡུཀྟཱ་བྱཱ་ཀ་ར་ཎ་མ་དྷཱི་མ་ཧེ། ཨ་དྷྱ་གཱིཥྨ་ཧི། ཨ་དྷྱེ་ཥྱཱ་མ་ཧེ། བྱུང་བའི་ཁྱད་པར་བརྗོད་འདོད་མེད་པའི་ཕྱིར་ལང་དང་ལིཊ་དག་མི་འགྱུར་བའོ། །མྱུར་བར་བརྗོད་པ་ལ་ལྲིཊའོ། །མྱུར་བར་བརྗོད་པ་སྦྱོར་བ་ལ་འདོད་པར་བྱེད་པའི་དོན་ལ་ལྲྀཊ་འགྱུར་ཏེ། བྱུང་བ་བཞིན་
འང་ངོ་ཞེས་པ་འདིའི་དམིགས་བསལ་ལོ། །ཨུ་བཱ་དྷྱ་ཡཱཤྩི་ཏཀྵི་པྲ་མཱ་ག་མི་ཥྱཱ་ཏི། ཀྵི་པྲཱ་བྱཱ་ཀ་ར་ཎ་མ་དྷྱེ་ཥྱཱ་མ་ཧེ། ཨེ་བཾ་ཤཱི་གྷྲཾ་ཨཱ་ཤུ་དྲུ་ཏ་མ་དྷྱེ་ཥྱཱ་མ་ཧེ། མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལ་ལྲིཊ་སྨོས་པ་ནི། ལུཊའི་ཡུལ་ལའང་ཇི་ལྟར་བ་བཞིན་འགྱུར་ཏེ། ཤྭཿ། ཀྵཾ་པྲ་མ་དྷྱེ་ཥྱཱ་མ་ཧེ། འདོད་པའི་ཚིག་ལ་
ལིངའོ། །འདོད་པ་ནི་འདུན་པ་སྟེ། མ་ཐོབ་པ་ཐོབ་པར་འདོད་པའི་བསམ་པ་ལ་བརྗོད་དེ། བསམ་པ་དེ་བརྗོད་པ་ནི་འདོད་པར་གྱུར་པ་སྟེ། དེ་ལ་ལིང་འགྱུར་ཏེ། བྱུང་བ་བཞིན་ཡང་ངོ་ཞེས་པ་འདིའི་དམིགས་བསལ་ལོ། །ཨུ་པཱ་དྷྱཱ་ཡཤྩ་དཱ་གཙྪེ་ཏ། ཨཱ་ཤཾ་སེ་ཡུཀྟོ་བྱཱ་ཀ་ར་ཎ་མ་དྷཱི་ཡི་ཡ། ཨ་བ་ཀལྦ་ཡེ་ཡུཀྟོ་྅་
དྷཱི་ཡི་ཡ། ཨཱ་ཤཾ་སེ་ཀྵི་པྲ་མ་དྷཱི་ཡཱི་ཡ། ཨ་དྱ་ཏ་ན་མ་ཡིན་པ་བྱ་བ་རབ་ཏུ་བཅིངས་པ་ཉེ་བ་དག་ལ་མ་ཡིན་ནོ། །བྱུང་བ་དེ་རིང་མ་ཡིན་པ་ལ་ལང་བྱས་པ་དང་། འབྱུང་བ་དེ་རིང་མ་ཡིན་པ་ལའང་ལུང་སྒྲུབ་པར་བྱེད་པ་དེ་དག་འདིར་དགག་གོ། །བྱ་བ་རབ་ཏུ་བཅིངས་པ་ཉེ་བ་ལང་བགྲོད་བཞིན་པ་དེ་རིང་མ་ཡིན་པ་
Vol. 194 · folio 162b
ལ་བྱས་པ་དེ་དག་མི་འགྱུར་ཏེ། ཨཱ་བཛྫཱི་བཾ་བྷྲྀ་ཤ་མ་ནུ་མ་དཱཏ། ཡཱ་བཛྫཱི་བཾ་བྷྲྀ་ཤ་མ་ནུ་དཱ་སྱ་ཏི། ཉེ་བ་ལ་ཡེ་ཡཾ་པཽརྞྞ་མཱ་སྱ་ཏི་ཀྲཱནྟཱ། ཨེ་ཏ་སྱཱ་མུ་པྰ་དྷྱ་ཡོ྅གྣྰི་ནཱ་དྷི་ཏ། སོ་མེ་ནཱ་ཡཥྚ། ཡེ་ཡཾ་པཽརྞ་མ་སྱ་ཏི་ཀྲཱནྟཱ་ཏ་སྱཱཾ་སཾ་གྷཿ། པོ་ཥ་དྷ་མ་ཀྲྀ་ཏ། ཡེ་ཡ་མཱ་གཱ་མི་ནཱི་ཙ་ཏུརད་ཤཱི་ཏ་སྱཾ་སཾ་གྷཿ། པྲཱ་ཏི་མོཀྵ་མུ་དྡེཀྵྱ་ཏི།
བྱ་བ་རྣམས་ཀྱི་རབ་ཏུ་བཅིངས་པ་ནི་རྟག་ཏུ་སྒྲུབ་པའོ། །དུས་རྣམས་དང་ཉེ་བ་ནི་རིགས་མཚུངས་པ་སྟེ་གང་ཞིག་ཟླ་བ་སོགས་ཀྱིས་བར་ཆོད་པའོ། །བྷཱ་བི་ནི། གཞན་ལ་མཚམས་བརྗོད་པ་ལའོ། །བྱ་བ་རབ་ཏུ་བཅིངས་པ་མ་ཡིན་པ་ཉེ་བའི་དོན་བརྗོད་པ་འབྱུང་བར་འགྱུར་བའི་དུས་ཀྱི་མཚམས་
བརྗོད་པ་ལ། གཞན་ལ་རབ་ཏུ་རྣམ་པར་འབྱེད་པ་དེ་རིང་མ་ཡིན་པ་དག་ལ་བྱས་པ་དེ་མི་འགྱུར་ཏེ། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨ་མུངྒ་གི་རེསྟ་སྱ་ད་བ་རཾ་ནི་རཉྫ་ནཱ་ཡཱསྟ་ཏྲ་དྭི་རོ་ད་ནཾ་བྷོཀྵྱ་མ་ཧེ། ཏ་དྲ་སཀྟཱུན་པཱ་སྱཱ་མཿ། བྷཱ་བི་ནི་ཞེས་པ་ཅི་ཞེ་ན། ཡོ་ཡ་མ་དྷྭཱ་ག་ཏ་ཨཱ་པཱ་ཊ་ལི་པུ་ཏྲཱཏ། ཏཏ་སྱ་ཡ་ད་པ་རཾ་ཀོ་ཤཱམྦྱསྟ་
ཏྲ་ཡུཀྟཱ་ཨ་དྷྱེ་མ་ཧི། སཀྟཱུན་པི་བཱ་མ། མཚམས་བརྗོད་པ་ལ་ཞེས་པ་ཅི་ཞེ་ན། ཡོ་མ་དྷྭཱ་ནི་ར་བ་དྷི་ཀོ་གནྟ་བྱསྟ་སྱ་ཡ་ད་བ་ར་མ་ཧིཙྪ་ཏྲཱཏ། ཏ་ཏྲ་དྭི་རོ་ད་ཎཾ་བྷོཀྟཱསྨ་ཧེ། ཏ་ཏྲ་སཀྟཱུ་བཱ་ཏཱསྨཿ། གཞན་ལ་ཞེས་པ་ཅི་ཞེ་ན། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨཱ་པཱ་ཊ་ལི་པུ་ཏྲཱཏ། ཏ་སྱ་ཡཏ་པ་རཾ་ཀཽ་ཥཱམྦྱསྟ་ཏྲ་དྭི་རོ་ད་ནཾ་
བྷོཀྟཱཾ་སྨ་ཏེ། སཀྟཱུན་པཱ་ཏྲཱ་སྨཿ། མདོ་འདིར་བསྟན་པ་བྱས་པའི་མཚམས་བརྗོད་པ་ནི་ཕྱི་མའི་དུས་ལ་བྱས་པའོ། །དུས་ཀྱི་ཉིན་མཚན་མ་ཡིན་པའིའོ། །བྷཱི་བི་ནི་གཞན་ལ་མཚམས་བརྗོད་པ་ལ་ཞེས་པ་ཐམས་ཅད་དུ་རྗེས་སུ་འཇུག་གོ། །མཚམས་བརྗོད་པ་ལ་ཡོད་པ། དུས་གཞན་གྱི་རབ་ཏུ་ཕྱེ་བ་
ལ་འབྱུང་བར་འགྱུར་བ་དེ་རིང་མ་ཡིན་པ་ལ་བྱས་པ་དེ་མི་འགྱུར་ཏེ། གལ་ཏེ་ཉིན་མཚན་དང་འབྲེལ་པས་རབ་ཏུ་ཕྱེ་བ་མ་ཡིན་པའོ། །ཡོ་ཡཾ་སམྦྷཏྶ་ར་ཨཱ་གཱ་མཱི་ཏ་སྱ་ཡ་ད་བ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་ཡུ་ཀྟཱ་དྷརྨཾ་ཤྲོ་ཤྱཱ་མཿ། བྷི་བི་ནི་ཞེས་པ་ཉིད་ད། ཡོ྅ཡཾ་སམྦཏྶ་རོ྅སྷཱི་ཏ་སྟ་སྱ་ཡ་ད་པ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་
ཡུཀྟཱ་དྷརྨ་མ་ཤྲྀ་ཎུ་མ། ཨ་དྷྱེ་མ་ཧི། མཚམས་བརྗོད་པ་ལ་ཞེས་པ་ཉིད་དེ། ཡོ་ཡ་མཱ་གཱ་མཱི་ནི་བ་ར་དྷི་ཀ །ཀཱ་ལྱསྟ་སྱ་ཡ་བ་ད་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་ཡུཀྟཱ་ཨ་དྷོ་ཏཱ་སྨ་ཧེ། ཉིན་མཚན་དག་དགག་པ་ཅི་ཞེ་ན། ཡོ་ཡཾ་མཱ་ས་ཨཱ་གཱ་མི་ཏ་སྱཱ་ཡོ྅པ་རཿ། པཉྩ་ད་ཤ་རཱ་ཏྲཿ། ཡོ་ཡཾ་ཏྲིཾ་ཤད་རཱ་ཏྲ་ཨཱ་གཱ་མཱི་ཏ་སྱ་
Vol. 194 · folio 163a
ཡོ྅བ་རོ྅རྡྷ་མཱ་སཿ། ཡོ་ཡཾ་ཏྲིཾ་ཤད་རཱ་ཏྲ་ཨཱ་གཱ་མི་ཏ་སྱ་ཡོ྅བ་ར་པཉྩ་ད་ཤ་རཱ་ཏསྟྲ་ཏྲ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེཿ། རྣམ་པ་གསུམ་ཀ་ཡང་ཉིན་མཚན་དང་མ་འབྲེལ་པའི་ཕྱིར་བཀག་གོ། །པ་ར་ཡང་ནའོ། །གཞན་ལ་ཞེས་པ་སྤངས་ནས་མདོ་གཉིས་རྗེས་སུ་འཇུག་གོ། །མཚམས་བརྗོད་
པ་ལ་འཇུག་པ་དུས་གཞན་རྣམ་པར་འབྱེད་པ་འབྱུང་བ་དེ་རིང་མ་ཡིན་པ་དག་ལ་བྱས་པ་དེ་མི་འགྱུར་ཏེ། གལ་ཏེ་ཉིན་མཚན་དང་འབྲེལ་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །ཡོ་ཡཾ་སཾ་བཏྶ་ར་ཨཱ་གཱ་མི་ཏ་སྱ་ཡཏྤ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཡུཀྟཱ་ཨ་དྷྱེ་ཥྱཱ་མ་ཧེ། ཨ་དྷྱེ་ཏཱསྨ་ཧེ། ཏ་ཏྲ་སཀྟཱུན་པཱ་སྱཱ་མཿ། སཀྟཱུན་པཱ་
ཏཱསྨཿ། ཉིན་མཚན་མ་ཡིན་པ་ལ་ཞེས་པ་ཉིད་དེ། ཨིསྟྲཾ་ཤད་རཱ་ཏྲ་ཨཱ་གཱ་མི་ཏ་སྱ་ཡཿ། པཉྩ་ད་ཤ་རཱ་སྟ་ཏྲ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེ། ཏ་ཏྲ་སཀྟཱུན་པཱ་ཏཱསྨ། བྷཱུ་བི་ནི་ཞེས་པ་ཉིད་དེ། ཡོ་ཡཾ་སམྦཏྶ་རོ྅ཏླི་ཏས་སྱ་ཡ་ཏ་པ་ར་མཱ་གྲ་ཧཱ་ཡ་ཎྱས་ཏྲ་ཡུགྟཱ་ཨ་དྷྱེ་མ་ཧི། མཚམས་བརྗོད་པ་ལ་ཞེས་པ་ཉིད་དེ། ཡོ་
ཡཾ་ནི་ར་བ་དྷི་ཀཿ། ཀཱ་ལ་ཨཱ་གཱ་མི་ཏ་སྱ་ཡ་ཏ་པ་ར་མཱ་གྲ་ཧཱ་ཡ་ཎྱ་སྟ་ཏ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེ། དུས་ལ་ཞེས་པ་ཉིད་དེ། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨཱ་པཱ་ཊ་ལི་པུ་ཏྲཱཏ་སྱ་ཡ་ཏ་པ་རཾ་ཀཽ་ཤཱམྦྷྱཱ་སྟཱསྨ་ཧེ། ལིང་ལ་བྱ་བཤོར་བ་ལ་ལྲྀངའོ། །ལིང་གི་ཡུལ་ལ་བྱ་བ་ཤོར་བ་ལ་ཐམས་ཅད་དུ་ལྲྀང་འགྱུར་ཏེ། སྨད་པ་ལ་ཀ་ཐཾ་ལ་ལིང་འོ་
ཞེས་འཆད་པར་འགྱུར་རོ། །དེ་ལ་བྱུང་བའི་དུས་ལ་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་ཉིད་འགྱུར་ཏེ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། བྱུང་བ་ལ་རྣམ་པར་བརྟག་པ་འཆད་པར་བྱེད་དོ། །ཀིཾ། ཀ་ཏ་ར། ཀ་ར་མ་རྣམས་ལ་ལིང་ལིཊ་དག་ལ་ཞེ་ན། ཀོ་ནཱ་མ་བྲི་ཥ་ལོ་ཡཾ་བྷ་བཱ་ན་ཡཱ་ཛ་ཡི་
ཥྱཏ། འདོད་པ་བརྗོད་པ་ལ་ལིངའོ་ཞེས་བཤད་དེ། དེ་ལ། ཨུ་པཱ་དྷྱ་ཡཤྩེ་དག་མི་ཥྱཏ། ཨཱ་ཤཾ་སེ་ཡུགྟཱ་བྱཱ་ཀ་རཎ་མ་དྷྱཻཥྱཱ་མ་ཧི། དེ་བཞིན་དུ་གཞན་ལའང་ངོ་། །ཤེ་ཥའི་བར་ལས་བྱུང་བ་ལ་ཡང་ནའོ། །ཤེ་ཥའི་སྒྲའི་བར་ལས་བྱུང་བའི་དུས་ལ་ལུང་གི་ཡུལ་ལ་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་
ཡང་ན་འགྱུར་རོ་ཞེས་སྤྱིར་བཏང་བར་རིག་པར་བྱའོ། །ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱ་ན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏེ། ཀོ་ནཱ་མ་བྲྀ་ཥ་ལོ྅ཡཾ་ཏཾ་ཏྲ་བྷ་བཱན་ཡཱ་ཛ་ཡི་ཥྱཏ། ཡང་ན་ཡཱ་ཛ་ཡེཏ། བྱེད་པ་གང་གིས་བྱ་བ་ལས་བྱུང་ཉིད་དོ། །ཡང་ན་བྱུང་བ་ཉིད་བྱ་བ་ཤོར་
Vol. 194 · folio 163b
བའོ། །སྨད་པ་ལ་ཀ་ཐཾ་ལ་ལིངའོ། །སྨད་པ་རྟོགས་པར་བྱེད་པ་ལ་དུས་ཐམས་ཅད་དུ་ཀ་ཐཾ་གྱི་སྦྱོར་བ་ནི་བྱིངས་ལས་ལིང་ཡང་ན་འགྱུར་ཏེ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡཏ། ཡང་ན་ཞེས་པ་རྗེས་སུ་འཇུག་པས་དུས་ཇི་ལྟ་བ་བཞིན་མ་བྱས་པའི་རྐྱེན་རྣམས་འགྱུར་རོ། །ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་ཡཱི་ཡ་ཛཏ།
ཨ་ཡཱ་ཛ་ཡཏ། ཡཱ་ཛ་ཡཱཉྩ་ཀཱ་ར་ཡཱ་ཛ་ཡི་ཥྱ་ཏི་ཡ་ཛ་ཡི་ཏ། ཨ་བི་དང་ཛཱ་ཏུ་ལ་ཡང་ལཊའོ། །སྨད་པ་རྟོགས་པར་བྱེད་པ་ལ་བི་དང་ཛཱ་ཏུ་དག་དང་ཐ་ཐམ་གྱི་སྒྲ་སྦྱོར་བ་ན་ལཊ་འགྱུར་ཏེ། ལ་ཡིག་ཐམས་ཀྱི་དམིགས་བསལ་ལོ། །ཨ་པྲི་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི། ཛཱ་རུ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི།
ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི། གརྷཱ་མ་ཧེ། གཞན་ལ་ཡང་འདིའོ། །སྨད་པ་ལ་ཞེས་པ་ཅི་ཞེ་ན། ག་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲཱཧྨ་ཎ་མ་ཡཱ་ཛ་ཡ་ཏ། ཀཾ་དང་ཀ་ཏ་ར་དང་ཀ་ཏམ་རྣམས་ལ་ལྲྀཊ་དག་གོ། །ཀིམ་ལ་སོགས་པ་སྦྱོར་བ་ན་ལིང་དང་ལྲྀཊ་དག་འགྱུར་ཏེ། དང་པོའི་ལ་ཡིག་ཐམས་ཅད་ཀྱི་དམིགས་
བསལ་ལོ། །ཀོ་ནཱ་མ་ཀ་ཏ་ར་རོ་ནཱ་མ་ཀ་ཏ་མོ་ནཱ་མ་བྲྀ་ཥ་ལོ་ཡཾ་བྷ་བཱ་ན་ཡཱ་ཛ་ཡེ་ཏ། ཡཱ་ཛ་ལི་ཥྱ་ཏི། སྨད་པ་ཞེས་པ་ཉིད་དེ། ཀོ་ནཱ་མ་བྲཱཧྨ་ཎོ་ཡཾ་ཏ་ཏྲ་བྷ་བཱན། ཡ་ཛ་ཡ་ཏི། མི་བཟོད་པ་དང་མི་སྲིད་པ་དག་ལའོ། །ཡུལ་གང་གི་དོན་དེའི་དོན་གྱི་བྱིངས་ལས་ལིང་དང་ལིཊ་དག་འགྱུར་ཏེ། དང་པོའི་ལ་ཡིག་ཐམས་ཅད་
དམིགས་བསལ་ལོ། །ན་མཪྴ་ཡཱ་མི་དུརྫྫ་ན། སམྤ་དཾ་པྲཱཔྣུ་ཡ་ཏ། ཡང་ན་པྲཔྶྱ་ཏི། ནཱ་བ་ཀ་ལྤ་ཡཱ་མི་ན་ཤྲད་དྷེ་ན་སཾ་བྷཱ་བ་ཡཱ་མི་མནྡ་བྷཱ་གྱ། པུ་བརྞ་ལ་བྷེ་ཏ། ཡང་ན་ལཔྶྱ་ཏེ། ཡང་ན་བྱུང་བ་བྱ་བ་ཤྲ་བ་ལ་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ན་མཪྵ་ཡཱ་མི་ཏ་ཏྲ་བྷ་བཱན། བཽ་དྡྷཾ་མནྟྲ་མ་པཱ་ཋ་ཡི་ཥྱཏ། ཀིཾ་ཀ་ལ་དང་།
ཡོད་པའི་དོན་དག་ལ་ལྲྀཊའོ། །ཀིཾ་ཀི་ལའི་སྒྲ་དང་པོ་ཡོད་པའི་དོན་དག་སྦྱོར་བ་ན་མི་བཟོད་པ་དང་མི་སྲིད་པའི་ཡུལ་ལ་ད་ལྟར་བའི་བྱིངས་ལས་ལྲྀཊ་ཉིད་འགྱུར་གྱི་ལིང་ནི་མ་ཡིན་ནོ། །ཀིམ་ཀི་ལ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡིཥྱ་ཏི། ཀིཾ་ཀྲ་མིཥྱ་ཏི་ཀི་ལེ་ལེ་ཥ་བཱ་མ་ནཿ། ན་ཀྵ་མེ་ན་མཪྵ་ཡཱ་མི། ན་སམྦྷཱ་བ་
ཡཱ་མི། ན་ཤྲད་དྷེ། ཨསྟི། བྷ་བ་ཏི། བི་དྱ་ཏེ། ནཱ་མ་ཏ་ཏྲ་བྷཱ་བཱན་བྲི་ཥ་ལཾ་ཡཱ་ཛ་ཡེ་ཥྱ་ཏེ། ཡད་ཡ་ད་ཡ་དཱ། ཛཱ་ཏུ་རྣམས་ལ་ལིངའོ། །ཡང་ལ་སོགས་པ་རྣམས་སྦྱོར་བ་ན་མི་བཟོད་པ་དང་མི་སྲིད་པ་དག་ལ་ལང་ཉིད་འགྱུར་གྱི་ལྲྀཊ་མ་ཡིན་ནོ། །ཡཏྟ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏེ། ཡ་དི་ཏ་ཏྲ་བྷ་
Vol. 194 · folio 164a
བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏེ། ཡ་དཱ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། ཛཱ་ཏུ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། ན་སམྦྷཱ་བ་ཡཱ་མི། ན་མཪྵ་ཡཱ་མི། ན་ཤྲདད་དྷེ། བྱ་བ་ཤོར་བ་ལ་བྱུང་བ་ལ་ལྲྀང་ཡང་ནའོ། །བྷྲ་བི་ནི་ཏུ་ནི་ཏྱཾ། ན་སམྦྷཱ་བ་ཡཱ་མི། ཡ་ཏུ་ཏྲ་བྱ་བཱན་བྲི་ཥ་ལཾ་མཱ་ཡ་ཛ་མི་ཥྱ་ཏ། ཡཙྪ་དང་ཡ་ཏྲ་དག་
ལས་སྨད་པ་ལའང་ངོ་། །ཡཙྪ་དང་ཡ་ཏྲའི་སྒྲ་དག་སྦྱོར་བ་ནས་སྨད་པ་ལ་མི་བཟོད་པ་དང་མི་སྲིད་པ་དག་ལའང་ལིང་འགྱུར་ཏེ། ཡཙྪ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེཏ། ཡ་ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། གརྷཱ་མ་ཧེ། ན་མཪྵཱ་མི། ན་ཤྲདྡ་དྷེ། བྱུང་བ་ལ་བྱ་བ་ཤོར་བ་ལ་ཡང་ལ་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ཡ་
ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ངོ་མཚར་བ་ལའོ། །ཡཙྪ་དང་ཡ་ཏྲ་དག་སྦྱོར་བས་ངོ་མཚར་བ་ལ་འཇུག་པའི་བྱིངས་ལས་ལིང་འགྱུར་ཏེ། ལ་ཡིག་ཐམས་ཅད་ཀྱི་དམིགས་བསལ་ལོ། །ཡཙྪ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེད། ཡ་ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེད། འདི་ངོ་མཚར་བའོ། །
བྱུང་བ་ལ་བྱ་བ་ཤོར་བ་ལ་ཡང་ན་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ཨཱཥྩ་དྱཾ། ཡཙྪ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ལྷག་མ་ལ་ལྲྀཊའོ། །ཡཙྪ་དང་ཏ་ཏྲ་དག་གཞན་ལ་ངོ་མཚར་བ་ལ་འཇུག་པ་ན་ལྲྀཊ་ཉིད་འགྱུར་ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨདྦྷཱུ་ཏ་མནྡྷ་ནཱོ་མ་སརྦ་རོཀྵྱ་ཏི། བ་དྷི་རོ་ནཱ་
མ་བྱཱ་ཀ་ར་ཎཾ་ཤྲོ་ཥྱཏི། ཡིད་ལ་ལིངའོ། །ངོ་མཚར་བ་ལ་འཇུག་པ་ན་ཡ་དེ་བརྗོད་པར་བྱ་བ་ལ་ལིང་འགྱུར་ཏེ། ལྷག་མ་ལ་ལྲྀཊའོའི་དམིགས་བསལ་ལོ། །ངོ་མཚར་བ་ལ། ནཱ་མ་ཡ་དི་ས་བྷུཉྫི་ཏ། ཨུཏ་དང་ཨ་པི་དག་ལས་ཤིན་ཏུའི་དོན་ལའོ། །ཨུད་དང་ཨ་པིའི་སྒྲ་དག་སྦྱོར་བའི་བྱིངས་ལས་ལིང་འགྱུར་
ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨཥྐུ་ཪྻཱ་ཏ། ཨ་པི་ཀུཪྻཱཏ། བ་ཌྷཾ་ཞེས་པ་ཤིན་ཏུའི་དོན་ཏེ། སུཥྛུ་ཀུཪྻཱཏ། ཤིན་ཏུ་བྱའོ་ཞེས་པའི་དོན་ཏོ། །ཤིན་ཏུ་དོན་ལ་ཞེས་པ་ཅི་ཞེ་ན། ཨུདྡནྜཿ། པ་ཏི་ཥྱ་ཏི། ཨ་པི་དྷཱ་སྱ་ཏི་དྭཱ་རཾ། དྲི་བ་དང་སྒྲིབ་པ་ལ་ཡང་རྟོགས་པར་བྱའོ། །བྱུང་བ་ལ་ཡང་
ནའོ་ཞེས་པ་བཟློག་གོ། །དེའི་ཕྱིར་བྱུང་བ་ལ་ཡང་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་བལྟ་བར་བྱའོ། །ཨུ་ཏཱ་ཀ་རི་ཥྱཏ། ཨ་སྱ་ཀ་རི་ཥྱཏ། འདོད་པ་རབ་ཏུ་ཚོར་བ་ལ་ཀཙྪིཏ་མ་ཡིན་པ་ལའོ། །འདོད་པའི་ནི་སྲིད་པ་སྟེ་མངོན་པར་འདོད་པ་ཞེས་པའི་དོན་གྱི་ཁྱད་པར་རོ། །དེ་རབ་ཏུ་ཚོར་བ་ནི་རབ་ཏུ་གསལ་བ་སྟེ། དེ།
Vol. 194 · folio 164b
ལ་འཇུག་པ་ན་ལིད་འགྱུར་ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཀཱ་མོ་མེ་བྷཱུཉྫཱི་བྷ་བཱན། ཀཙྪིཏ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཀཙྪིཛྫཱི་བ་ཏི་ཏེ་མཱ་ཏཱ་མཱ་ར་བི་ད་ཏྭཱཾ་པྲྀཙྪཱ་མི་ཀཙྩི་ཛྫི་བ་ཏི་པཱརྦ་ཏཱི། སྲིད་པ་དང་ནུས་པའི་དོན་ལ་དེའི་ཆེད་ཀྱི་དོན་རབ་ཏུ་སྦྱོར་བ་ལའོ། །ནུས་པའི་དོན་གྱི་ཡུལ་ལ་སྲིད་པ་
རྟོགས་པར་བྱེད་པ་ལ་ལིང་འགྱུར་ཏེ། གལ་ཏེ་ནུས་པའི་དོན་གྱི་སྒྲ་མི་སྦྱོར་བ་ནའོ། །ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨ་པི་སརྦ་ཏཾ་ཤི་ར་སཱ་བྷིནྡྱཏ། ཨ་པི་པྲསྠ་ཏ་ཡཾ་བྷུཉྫཱིཏ། ནུས་པའི་དོན་ལ་ཞེས་པ་ཅི་ཞེ་ན། བི་དེ་ཤ་སྠཱ་ཡཱི་དེ་བ་དཏྟཿ། པྲཱ་ཡེ་ཎ་གྲཱ་མཾ་གྲཱ་མཾ་ག་མི་ཥྱ་ཏི། དེའི་ཆེད་ཀྱི་དོན་རབ་ཏུ་
སྦྱོར་བ་ཞེས་པ་ཅི་ཞེ་ན། ཨ་ལཾ་དེ་བ་དཏྟ་ནཾ་ཧ་ནི་ཥྱ་ཏི། བྱ་བ་ཤོར་བ་ལ་བྱུང་བ་ལ་བྷཱ་སིན་ལའང་ལྲི་འགྱུར་ཏེ། ཨ་པི་དྲོ་ཎ་པཱ་ཀ་མ་བྷོཀྵྱཏ། ཨ་པི་བཛྲཱ་ཧ་ཏོ་ནཱ་པ་ཏི། ཡད་མ་ཡིན་པའི་བྱིངས་བརྗོད་པ་ལ་ཡང་ནའོ། །བྱིངས་བརྗོད་པ་སྲིད་པ་ལ་ལིང་ཡང་ན་འགྱུར་ཏེ། གལ་ཏེ་ཡཙྪའི་སྒྲ་མིས་བྱོར་བ་ནའོ། །
སྔ་མས་རྟག་ཏུ་ཐོབ་པ་ལ་རྣམ་པར་བརྟག་པའི་དོན་དུ་བརྗོད་དོ། །སམྦྷཱ་པ་ཡཱ་མི་ཤྲདྡ་དྷེ་ཨ་པ་ཀལྤ་ཡཱ་མི་བྷཱུཉྫཱིཏ་བྷ་བཱན། བྷཀྵྱོ་ཏེ་བྷ་བཱན། ཨ་བྷཱུཾ་ཀྟ་བྷ་བཱན། ཡང་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། སམྦྷཱ་བ་ཡཱ་མི་ཡདྦྷུཉྫཱི་ཏ་བྷ་བཱན། ནུས་པའི་དོན་ལ་ཞེས་པ་ཉིད་དེ། སམྦྷཱ་བ་ཡཱ་མི་བི་དེ་ཤསྠཱ་ཡཱི་དེ་བ་དཏྟོ་གྲཱ་མཾ་ག་
མི་ཥྱ་ཏི། བྱ་བ་ལྲྀང་འགྱུར་བ་ཁོ་ན་སྟེ། སམྦྷཱ་བ་ཡཱ་མི་ཨ་བྷོཀྵ་ཏ་བྷ་བཱན། རྒྱུ་དང་འབྲས་བུ་དག་ལའོ། །རྒྱུར་གྱུར་པ་དང་འབྲས་བུར་གྱུར་པ་བྱ་བ་འཇུག་པའི་བྱིངས་ལས་ལིང་ཡང་ན་འགྱུར་ཏེ། དེཀྵ་ཎེ་ན་ཙེད་ཡཱ་ཡཱནྣ་ཤ་ཀ་ཊཾ་པཪྻཱ་བྷ་བེཏ། དཀྵི་ཎེན་ཙེད་ཡཱ་སྱ་ཏི་ན་ཤ་ཀ་ཊཾ་པཪྻཱ་བྷ་བིཥྱ་ཏི་འདིར་ཅིའི་ཕྱིར་མི་
འགྱུར་ཞེ་ན། ཧནྟཱི་པ་ལཱ་ཡ་ཏེ། བཪྵ་ཏཱི་ཏི་དྷཱི་བ་ཏི། ཧ་ནི་ཥྱ་ཏཱི་ཏི་བ་ལཱ་ཡི་ཥྱ་ཏི། ཨི་ཏིའི་སྒྲ་ཉིད་ཀྱིས་རྒྱུད་དང་རྒྱུར་སྲིད་པ་གསལ་བར་བྱེད་པའི་ཕྱིར་རོ། །བྱ་བ་ཤོར་བ་ལ་ལྲྀའོ། །དཀྵི་ཎེ་ན་ཙེ་ད་ཡཱ་སྱ་ཏ་ན་ཤ་ཀ་ཊཾ་པཪྻཱ་བྷ་བི་ཥྱཏ། རྟགས་ཁ་ཅིག་ཏུ་འབྱུང་བར་འགྱུར་བ་བྱ་བ་ཤོར་བར་རྟོག་པར་བྱའོ། །བྱུང་བ་
ལ་ནི་རབ་ཏུ་སྦྱོར་བ་མཐོང་བ་ཉིད་དེ། ཨ་མཾ་ཀྵྱཏ་བ་སུ་དྷཱ་ཏོ་ཡེ་ཙྱུ་ཏ་ཤཻ་ལེནྡྲ་བནྡྷཱ་ནཱ། ནཱ་རཱ་ཡ་ཎ་ཨི་བ་ཤྲཱི་མཱན་ཡ་དི་ཏྭཾ་ནཱ་དྷཱ་རི་ཥྱ་ཐཱཿ། འདོད་པའི་དོན་རྣམས་ལས་ད་ལྟར་བ་ལའོ། །འདོད་པའི་དོན་གྱི་བྱིངས་རྣམས་ལས་ད་ལྟར་བའི་དུས་ལ་ལིང་ཡང་ན་འགྱུར་ཏེ། ཨིཙྪ་ཏ། ཨིཙྪ་ཏི། ཨུ་ཤྱཱ་ཏ། བིཥྚི་
Vol. 194 · folio 165a
ཀཱ་མ་ཡེ་ཏ། ཀཱ་མ་ཡ་ཏེ། དེ་རྣམས་ལ་ལོཊའང་སྟེ་འདོད་པ་རབ་ཏུ་ཚོར་བར་བྱེད་པ་ལའོ། །འདོད་པའི་དོན་ལ་རབ་ཏུ་སྦྱོར་བ་འདོད་པ་རབ་ཏུ་ཚོར་བར་བྱེད་པའི་དོན་ལ་ལིང་འགྱུར་ཞིང་ལོཊ་འང་ངོ་། །ཨིཙྪཱ་མི་བྷཱུཉྫཱི་ཏ་བྷ་བཱན། ཨིཙྪ་མི་བྷཱུཾཉྫཱི་ཏ་བྷ་བཱན། ཀཱ་མ་ཡེ་བྷུཾ་ཀྟཾ་བྷ་བཱན། འདོད་པ་
རབ་ཏུ་ཚོར་བྱེད་པ་ལ་ཞེས་པ་ཅི་ཞེ་ན། ཨིཙྪན་ཀ་རོ་ཏི། འདི་ནི་ལ་ཡིག་ཐམས་ཅད་ཀྱི་དམིགས་བསལ་ལོ། །ཆོ་ག་དང་དྲི་བ་དང་དོན་གཉེར་བ་རྣམས་ལའོ། །མི་ཐོབ་པ་ཐོབ་པར་བྱེད་པའི་ངེས་པར་སྦྱོར་བ་ནི་ཆོ་ག་སྟེ། དེ་ནི་རྣམ་པ་བཞིའོ། །རབ་ཏུ་གསལ་བའི་ཡན་ལག་བོད་པའི་ཚུལ་དང་། ཡན་
ལག་མ་ཡིན་པ་བོད་པའི་ཚུལ་དང་། བཀུར་སྟི་སྔོན་དུ་འགྲོ་བས་ལྷག་པར་འདོད་པའི་ཚུལ་དང་། དམའ་བར་བྱེད་པ་སྔོན་དུ་འགྲོ་བས་བཀའ་ཉན་པའི་ཚུལ་ལོ། །དེ་ལ་བསྒོ་བ་ལ་སོགས་པ་ལ་ལོཊ་ཉིད་འཆད་པར་བྱེད་དོ། །དེ་ཡང་སོ་སོར་མཐོང་བ་དང་མ་མཐོང་བའི་རབ་ཏུ་སྦྱོར་བས་རྣམ་པ་གཉིས་སོ། །
དེ་ཤེས་པའི་ཕྱིར་ཕན་ཚུན་དྲི་བ་དང་། ཡང་དག་པར་རབ་ཏུ་འཛིན་པ་ཇི་ལྟ་བ་དེ་ལྟར་བྱ་བའི་ཚུལ་དང་། དོན་དུ་གཉེར་བ་དང་སློང་བ་དང་འདོད་ཅིང་ཀུན་དུ་འདོད་པའོ། །བྱིངས་འདི་ལས་ལང་འགྱུར་ཏེ། ཨི་ཧ་བྷུཉྫི་ཏ་བྷ་བཱན། པོ་ཥ་དྷཾ་ཀུཪྻ་དཱ་ཡུཥྨཱ་ན། ཨི་ཧ་བྷཱ་བཱ་ནཱ་སཱི་ཏ། ཨ་བྷྱ་བ་ཀཱ་ཤཱ་མཱ་ཡུཥྨཱན་
ཀུཪྻཱ། མཱ་ཎ་བ་ཀཾ་བྷ་བཱ་ན་དྷྱཱ་བ་ཡེཏ། ཨཱ་ཡུཥྨཱ་ན་མཱ་ཎ་བ་ཀཾ་མནྟྲཾ་བ་ཋ་ཡེཏ། དྲི་བ་ལ། ཀིནྟུ་ཁ་ལུ་བྷོ་བྱཱ་ཀ་ར་ཎ་མ་དྷཱི་ཡཱི་ཡ། དོན་དུ་གཉེར་བ་ལ། ལ་བྷེ་ཡཱ་ཧཾ་བྷི་ཀྵཾ། ཛཱི་བྱཱ་བྷ་བཱན། ལོཊ་ལའོ། སྒྲུབ་པ་ལ་སོགས་རྣམས་ལ་བྱིངས་ལས་ལོཊ་འགྱུར་ཏེ། ཀ་ཊཾ་ཀ་ཏོ་ཏུ་བྷ་བཱན། ཀྵ་མཱཾ་ཀ་རོ་ཏྭཱ་
ཡུཥྨཱན། ཨི་ཧཱ་བྷ་བཱན་སྟཱཾ། ཨི་ཧཱ་ཡུཥྨཱ་ན་པཱུཾ་ཤུ་ཀྵུ་ལཾ་ཀ་རོ་ཏུ། མཱ་ཎ་བ་ཀ་མ་དྷྱཱ་བ་ཡ་ཏུ་བྷཱ་བཱན། མནྟཱ་བཱ་ཋ་ཡ་ཏུ་བཱ། ཀིནྟུ་ཁ་ལུ་བྷོ་བྱཱ་ཀ་ར་ཎ་མ་དྷྱ་ཡཻ། མནྟྲ་མྦཱ། དེ་ཧི་བྷིཀྵཱཾ། ཛཱཾ་བ་ཏུ་བྷ་བཱན། བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལའོ། །བསྒོ་བ་ལ་སོགས་པ་རྣམས་ལ་ལོཊ་འགྱུར་ཏེ། གྲཱ་མཾ་གཙྪ་
བྲྀཥ་ལ། ཀརྟུ་མིཙྪ་ཏ། ཁས་ལེན་པའོ། །ཨེ་བཾ་ཀུ་རུ། ཀ་ཊཾ་ཀུ་རུ། རེ་ལྡེ་བྱེད་པ་དུས་ལ་བབ་པའོ། །ཨཱུཛྷྭ་དང་མཽ་ཧཱུརྟིཀ་ལ་ལིང་འངའོ། །ཨཱུཛྷྭ་དང་མུ་ཧཱུརྟྟ་ལས་བྱུང་བ་ཨཱུཛྷྭོ་མཽ་ཧཱུརྟྟ་ཀ་སྟེ། དུས་བརྗོད་པ་ལས་ཞེས་པས་ཚིག་ཕྲད་ལས་ཋཉའོ། བསྡུ་བ་ཚིག་ཕྱི་མ་ལས་འཕེལ་བའང་ངོ་། །ཨཱུརྡྷྭ་མཽ་
Vol. 194 · folio 165b
ཧཱུརྟྟི་ཀ་ལས་ད་ལྟར་བའི་བྱིངས་ལས་ལིང་འགྱུར་ཏེ། ལོཊ་འང་ངོ་། །དེ་ཡང་སྤྲིང་བསྐུལ་ལ་སོགས་པ་རྟོགས་པར་བྱེད་པ་རྣམས་ལའོ། །ཨཱུརྡྷྭཾ་མུ་ཧཱུརྟྟཱ་ཏ་ཀ་ཊཾ་ཀུཪྻཿཀ་ཊཾ་ཀུ་རུ། ཨཱུཾ་རྡྷྭཾ་མུ་ཧཱུརྟྟཱ་དེ་བཾ་ཀུཪྻཿ། ཨེ་བཾ་ཀུ་རུ། ཨུརྡྷྭཾ་མུ་ཧཱུརྟྟཱ་ཏ་ཀ་ཊཾ་ཀུཪྻ་དྷྦཱ་བཱན། ཀ་ཊཾ་ཀ་རོ་ཏུ་བྷ་བཱན། བྷ་བ་ཏོ་ཧི་པྲཱཔྟཿཀཱ་ལཿ
ཀ་ཊ་ཀ་ར་ཎེ། སྨ་ལ་ལོཊའོ། །སྨའི་སྒྲ་སྦྱོར་བ་ལ་སྤྲིང་བསྐུལ་ལ་སོགས་པ་རྣམས་ལ་ཨཱུརྡྷྭ་མཽ་ཧཱུརྟྟཱི་ཀ་ལ་ད་ལྟར་བ་ལས་ལོཊ་ཉིད་འགྱུར་ཏེ། ཨཱུརྡྷྭ་མུ་ཧཱུརྟྟཱདྒྲཱ་མཾ་གཙྪ་ཏུསྨ་བྷ་བཱན། ཀ་ཊ་ཀ་རོསྟུ་བྷ་བཱན། ཁྱོད་ནི་རེ་ལྡེ་བྱེད་པའི་དུས་ལ་བབ་ཅེས་པའོ། ལྷག་པར་ཚོལ་བ་ལའོ། །ལྷག་པར་ཚོལ་བ་ལ་སྨའི་
སྒྲ་སྦྱོར་བ་ན་ལོཊ་ཉིད་འགྱུར་ཏེ། ཨངྒ་སྨ་བི་དྭན་མཱ་ཎ་བ་ཀ་མ་དྷྱཱ་བ་ལ། སྤྲིང་བསྐུལ་ལ་སོགས་པ་རྣམས་ལ་བྱ་བར་འགྱུར་བ་ན་གནས་པའི་ཚུལ་གྱི་ཆོ་གས་སོ། །བྷ་བ་ཏཱ་ཁ་ལུ་ཀ་ཊ། ཀ་ར་ཎཱི་ཡཿ། ཀཱཪྻ། །ཀ་ཐཾ་ཀཱ་ལ་བྷོཀྟུཾ། ས་མ་ཡོ་བྷོཀྟུཾ། བེ་ལཱ་བྷོཀྟུཾ་ཞེས་སོ། །འདིར་ཡང་དེའི་ཆེད་ཀྱི་དོན་ཉིད་
ལ་ཏུཾ་རྐྱེན་དུ་འགྱུར་བ་ཉིད་དོ། །ཀཱ་ལ། ས་མ་ཡ། བེ་ལཱ་རྣམས་ལ་ཡང་ལ་ལིངའོ། །ཀཱ་ལ་ལ་སོགས་པའི་སྒྲ་ལྷན་ཅིག་སྦྱོར་བའི་བྱིངས་ལས་ལིང་འགྱུར་ཏེ། ཀཱ་ལ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། ས་མ་ཡོ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། བེ་ལོ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། འོས་པ་དང་ནུས་པ་དག་ལའོ། །འོས་པ་དང་ནུས་པ་
དག་ལའང་ལིང་འགྱུར་ཏེ། བྷ་བཱན་ཁ་ལུ་ཀ་ནྱཱཾ་པ་ཧེ་ཏ། ཨརད་ཏིཀ་བྱཱ་བོ་ཌྷུཾ། བྷ་བཱན་ཁ་ལུ་བྷཱ་རཾ་བ་ཧེ་ཏ། ཤཀྟོ་བྷ་བཱན་བྷཱ་རཾ་བོ་ཌྷུཾ། བྷ་བ་ཏཱ་ཁ་ལུ་ཀ་ནྱཱ་བོ་ཌྷ་བྱཱ། བ་ཧ་ནཱི་ཡཱ། བཱ་ཧྱ་བྷ་བཱན། ཁ་ལུ་ཀ་ནྱཱ་ཡ་བོ་ཌྷ་ཞེས་པ་གནས་པའི་ཚུལ་གྱི་ཚོགས་འགྲུབ་བོ། །བྱ་བའི་ཁྱད་པར་ལས་དུས་གཞན་དུ་གྱུར་པ་
ལ་ཡང་རྣམ་པ་གཞན་དུ་མ་བྱས་སོ། །ཚིག་གི་ཁྱད་པར་བརྗོད་པའི་བྱ་བ་དང་འབྲེལ་པའི་དུས་གཞན་དུ་གྱུར་པ་ལ་ཡང་དུས་ཀྱི་ཁྱད་པར་ལ་བྱས་པའི་ཚིག་གང་ཡིན་པ་དེ་རྣམ་པ་གཞན་དུ་མི་འགྱུར་ཏེ། ཨགྣི་ཥྚོ་མ་ཡཱ་ཛྱ་སྱ་པུ་ཏྲོ་ཛ་ནཱི་ཏཱ། གོ་མ་ནཱ་སཱི་ཏ། གོ་མཱན་བྷ་བི་ཏཱ། དེ་བཞིན་དུ། ལུ་ནཱི་ཧི་ལཱུ་ནཱི་ཞེས་པ་
འདི་ཉིད་ལུ་ནཱ་ཏིའོ། །ཨ་ལཱ་བི་ཏ། ལ་བི་ཥྱ་ཏི། ལུ་ནཱ་སི། ཨ་ལ་བཱི། ལ་བི་ཥྱ་སི། ལུ་ནཱ་སི། ཨ་ལཱ་བི་ཥཾ། ལ་བི་ཥྱཱ་མི། དེ་བཞིན་དུ་གཉིས་ཚིག་དང་མང་ཚིག་དག་ལ་ཡང་དཔེར་བརྗོད་དོ། །ཨ་དྷཱི་ཥྭ་ཨ་དྷཱིཥ་ཞེས་པ་འདི་ཉིད་ཨ་དྷཱི་ཏེ་ཞེས་ཏེ། ལོཊའི་མཐའ་ཉིད་ཡང་ཡང་ལ་གཉིས་བརྗོད་པའོ། །འདི་
Vol. 194 · folio 166a
སྐད་བཤད་པ་ཡིན་ཏེ། འདི་ལྟར་འདི་ནི་མྱུར་བ་དང་ལྡན་པ་གཞན་ཡང་བསྐུལ་བ་བཞིན་དུ་བྱ་བ་བྱེད་དོ། །དེ་བཞིན་དུ་བྱེད་པ་པོ་དང་བྱ་བ་ཀུན་སྡུད་པ་ལ་ཡང་མ་ཋ་མ་ཊ་བཱི་ཧཱ་ར་མ་ཊ་ཞེས་པ་འདི་ཉིད་ཨཊ་ཏིའོ། །ཙྪནྡོ྅དྷཱི་ཥྭ། བྱཱ་ཀ་ར་ཎ་མ་དྷཱི་ཥྭ་ཞེས་པ་འདི་ཉིད་ཨ་དྷཱི་ཏེའོ། །ཨོ་ད་
ནཾ་བྷུཾ་ཀྵྭཾ་སཀྟཱུན་པི་བ་དྷཱ་ནཱཿ། ཁ་ང་ཞེས་པ་འདི་ཉིད་ཨ་བྷྱ་བ་ཧ་ར་ཏིའོ། །ཨ་བྷྱ་བཱ་ཧཪྵཱིཏ། ཨ་བྷྱ་བ་ཧ་རི་ཥྱ་ཏི། དེ་བཞིན་དུ་བར་མ་དང་ཕྱི་མ་དག་ལ་ཡང་དཔེར་བརྗོད་པར་བྱའོ། །བྱ་བའི་ཁྱད་པར་ཀུན་སྡུད་པ་ལ་ཡང་དེ་དང་མཚུངས་པའི་བྱ་བ་ཉིད་རྗེས་སུ་སྦྱར་ཏེ། གཞན་དང་འདྲ་བ་བྱེད་པ་ལ་གཞན་གྱིས་
བསྐུལ་བ་མེད་པའི་ཕྱིར་རོ། །འབྱུང་འགྱུར་ལ་ལྲྀཊའོ། །འབྱུང་བར་འགྱུར་བའི་དོན་ལ་འཇུག་པ་ད་ལྟར་བའི་བྱིངས་ལས་ལྲྀཊ་འགྱུར་ཏེ། ཀ་རི་ཥྱ་ཏི་དི་རིང་མ་ཡིན་པ་ལུཊའོ། །དི་རིང་ཡོད་པ་མ་ཡིན་པ་འབྱུང་བར་འགྱུར་བའི་དོན་ལ་ད་ལྟར་བའི་བྱིངས་ལས་ལུཊ་འགྱུར་ཏེ། ཤྭཿཀརྟཱ། ཚིག་གི་དོན་
གཞན་ཞེས་པ་ཅི་ཞེ་ན། ཨ་དྱ་ཤྭོ་བཱ་ག་མི་ཥྱ་ཏི། པུ་རཱ་ཡཱ་བ་ཏ་དང་མི་ཟད་པ་ལ་ལཊའོ། །པུ་རཱའི་སྒྲ་དང་ཡཱ་བཏ་ཀྱི་སྒྲ་མི་ཟད་པ་སྦྱོར་བ་ན་འབྱུང་འགྱུར་བ་ལཊ་འགྱུར་ཏེ། པུ་རཱ་བྷུཾ་ཀྟེ། ཡཱབདྦྷུཾ་ཀྟེ། མི་ཟད་པ་ལ་ཞེས་པ་ཅི་ཞེ་ན། ལ་ཧ་ཏྱཱ་པུ་རཱ། ཛེ་ཥྱ་ཏེ་གྲཱ་མ། ཡཱ་བཏྟཱ་སྱ་ཏི། ཏཱ་བདྦྷོ་ཀྵྱ་ཏེ། ཀ་དཱ། ཀརྡི་དག་
ལ་ཡང་ནའོ། །ཀ་དཱའི་སྒྲ་དང་ཀརྡིའི་སྒྲ་སྦྱོར་བ་ན་འབྱུང་འགྱུར་ལ་ལཊ་ཡང་ན་འགྱུར་ཏེ། ཀརྡི་བྷུཾཀྟེ། ཀརྡི་བྷོཀྵྱ་ཏེ། ཀ་དཱ་བྷཱུཾཀྟེ། ཀ་དཱ་བྷོཀྵྱ་ཏེ། ཀིམ་དང་ཀ་ཏ་ར་དང་ཀ་ཏ་མ་རྣམས་ལ་བྱུག་འདོད་པ་ལའོ། །ཀ་ལ་སོགས་རྣམས་རབ་ཏུ་སྦྱོར་བ་ན་བྱུག་འདོད་པ་རྟོགས་པར་བྱེད་པའི་འབྱུང་འགྱུར་ལ་ལཊ་ཡང་ན་
འགྱུར་ཏེ། ལབྡྷུ་མི་ཙྪཱ་ལིཔྶ། དོན་དུ་གཉེར་བ་ནི་མངོན་པར་འདོད་པའོ། །ཀིཾ་བྷ་བནྟོ་བྷོ་ཛ་ཡནྟི། ཀཾ་བྷ་བནྟོ་བྷོ་ཛ་ཡི་ཥྱནྟི། ཀ་ཏ་རོ་བྷིཀྵཾ་ད་དཱ་ཏི། ཡང་ན་དཱ་སྱ་ཏི། ཀ་ཏོ་མ་བྷིཀྵཾ་ད་དཱ་ཏི། ཡང་ན་དཱ་སྱ་ཏི། བྱུག་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཀཿཔཱ་ཊ་ལི་པུ་ཏྲཾ་ཡཱ་སྱ་ཏི། འབྲས་བུ་བརྗོད་པ་ལའོ། །བྱུག་པར་
བྱེད་པ་གང་གི་འབྲས་བུ་མཐོ་རིས་ལ་སོགས་པ་ཅན་དེ་བརྗོད་པ་འབྱུང་འགྱུར་གྱི་དུས་ལ་ལཊ་ཡང་ན་འགྱུར་ཏེ། ཨ་ཀི་ལ་སོགས་ཀྱི་དོན་ནི་རྩོམ་པའོ། །ཡོ་བྷགྟཾ་ད་དྷ་ཏི་ས་སྭརྒྷཾ་ཡ་ཏི། ཡོ་བྷཀྟཾ་དཱ་སྱ་ཏི་ས་སྭརྒྒཾ་ཡཱ་སྱ་ཏི། ལོ་ཊའི་དོན་མཚན་ཉིད་དོ། །ལོ་ཊའི་དོན་གྱི་སྒྲུབ་པ་སོགས་དེ་མཚོན་པ་དེ་བྱིངས་ཀྱི་དོན་
Vol. 194 · folio 166b
གང་གིས་ལོཊ་དང་བཅས་པའི་དོན་མཚོན་པ་དེ་བྱིངས་ཀྱི་དོན་ཏེ། དེ་ལ་འཇུག་པའི་བྱིངས་ལས་འབྱུང་བར་འགྱུར་བའི་དུས་ལ་ཡཊ་ཡང་ན་འགྱུར་ཏེ། ཨུ་པཱ་དྷྱཱ་ཡཤྩེ་དཱ་གཙྪ་ཏི། ཨ་ཐ་ཏྭཾ་ཙྪནྡོ་དྷཱི་ཥ། ཨུ་པཱ་དྷྱཱ་ཡ་ཤྩེ་དཱ་ག་མི་ཥྱ་ཏི། ཨ་ཐ་ཏྭཾ་ཙྪནྡོ྅དྷཱིཥྭ། མཁན་པོའི་ཐང་དུ་འགྲོ་བ་ཀློག་པའི་ཆོ་གའི་
མཚན་ཉིད་དོ། །ཨཱུ་རྡྷྭ་མཽ་ཧཱུརྟྟི་ཀ་ལ་ལིང་འང་ངོ་། །ཨཱུ་རྡྷྭ་དང་མཽ་ཧཱུརྟྟི་ཀ་ལ་འབྱུང་བར་འགྱུར་བ་ལོཊའི་དོན་མཚོན་པར་བྱེད་པ་ན་བྱིངས་དོན་ལ་ད་ལྟར་བ་ལས་ལིང་ཡང་ན་འགྱུར་ཏེ། འང་ཡིག་ལས་ལཊ་འང་ངོ་། །ཨཱུརྡྷྭཾ་མཽ་ཧཱུརྟྟཱ་དུ་པཱདྷྱཱ་ཡཤྩེ་དཱ་གཙྪེ་ཏ། ཡང་ན་ཨཱ་གཙྪ་ཏི། ཨུ་པཱ་དྷྱཱ་ཡཤྩེ་དཱ་ག་མི་ཥྱཏི།
ཨཱ་གནྟཱ། ཨ་ཐ་ཏྭཾ་བྱཱ་ཀ་ར་ཎ་མ་དྷཱི་ཥ། མཱང་ལ་ལུངའོ། །མཱང་སྦྱོར་བ་ལ་འབྱུང་འགྱུར་གྱི་དོན་ལ་ད་ལྟར་བ་ལས་ལུང་འགྱུར་ཏེ། མཱ་ཀཱཪྵཱིཿ། ང་ཡིག་ནི་ཀིཏའོ། །མཱཀ་རོ་ཏུ། མཱ་ཀ་རི་ཥྱ་ཏི། སྨ་ཕ་རོལ་ལ་ལང་ངོ་། །མང་ལ་ཞེས་པ་ཉིད་དེ་སྨ་ཕ་རོལ་ལ་མཱང་སྦྱོར་བ་ནི་འབྱུང་འགྱུར་གྱི་དོན་
ལ་ད་ལྟར་བ་ལས་ལང་འགྱུར་ཏེ་ལུང་ངོ་། །མཱ་སྨ་ཀ་རོ་ཏ། མཱ་སྨ་ཀཱཪྵཱིཏ། །ཞེས་པ་ལེགས་པར་གྲགས་པའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་
དང་པོའི་རྐང་པ་གསུམ་པ་རྫོགས་སོ།། །།ལའི་འོ། །ལུང་ལ་སོགས་པའི་ལ་ཡིག་དགུ་པོ་རྣམས་ལ་ལ་ཡིག་ཙམ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་སྤྱིར་བཏང་བ་སྟེ། ལའི་གནས་སུ་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཏིཔ་ལ་སོགས་པ་རྣམས་འགྱུར་རོ། །གཅིག་དང་གཉིས་དང་མང་པོ་
རྣམས་ལའོ་ཞེས་པ་སྤྱིར་བཏང་བ་རིག་པར་བྱའོ། །བྱེད་པ་པོ་ལ་ཏིཔ། ཏས། ཨནྟིའོ། །ལའི་གནས་སུ་བྱེད་པ་པོ་མངོན་པར་བརྗོད་པ་ལ་གོ་རིམས་བཞིན་དུ་གཅིག་དང་གཉིས་དང་མང་པོ་རྣམས་ཀྱི་དོན་ལ་ཏིཔ། ཏས། ཨནྟི་རྣམས་འགྱུར་རོ། །ས་བྷ་བ་ཏི། པ་ཡིག་ནི་པེཏ་བྱ་བའི་དོན་ཏོ། །ཏཽ་བྷ་བ་ཏཿ།
ཏེ་བྷ་བནྟི་ཡུཥྨད། ལ་སིཔ། ཐས་ཐའོ། །ཡུཥྨད་ཀྱི་སྒྲ་མངོན་པར་རྗོད་པ་བྱེད་པ་པོ་ལ་གཅིག་དང་གཉིས་དང་མང་པོ་རྣམས་ལ་སིཔ། ཐས། ཐ་རྣམས་འགྱུར་རོ། །ཏྭཾ་བྷ་བ་སི། ཡུ་བཱཾ་བྷ་བ་ཐ། ཡཱུ་ཡཾ་བྷ་བ་ཐ། ཨསྨད་ལ་མིབ་བསམས་རྣམས་སོ། །ཨསྨད་ཀྱི་སྒྲ་མངོན་པར་བརྗོད་པ་པོ་ལ་གཅིག་
Vol. 194 · folio 167a
དང་གཉིས་དང་མང་པོ་རྣམས་ལ་མིཔ། བསམས་རྣམས་སུ་འགྱུར་ཏེ། ཨ་ཧཾ་བྷ་བཱ་མི། ཨཱ་བཱཾ་བྷ་བཱ་བ། ང་ཡཾ་བྷ་བཱ་མ། འདི་དག་སྔ་མའི་དམིགས་བསལ་ལོ། །ངིཏ་ལས་ཏ་ཨཱ་ཏཱམ། ཨནྟ། ཐཱས། ཨཱ་ཐཱཾ། དྷྭམ། ཨིཊ། བ་ཧིང་། མ་ཧིང་། སྔ་མ་བཞིན་ནོ། །ང་ཡིག་
འགྲོ་བ་གང་ཡིན་པ་བྱིངས་དེ་ལས་ངིཏ་སྟེ། དེ་ལ་བྱས་པའི་ལའི་གནས་སུ་ཏཱ་ལ་སོགས་པ་དགུ་སྔ་མ་བཞིན་དུ་འགྱུར་ཏེ། བྱེད་པ་པོ་མངོན་པར་བརྗོད་པ་ལ་གཅིག་དང་གཉིས་དང་མང་པོའི་དོན་རྣམས་ལ་ཏ། ཨཱ་ཏཱམ། ཨནྟ། ཡུཥྨད་ལ་ཐཱས། ཨཱ་ཐཾ། དྷྭཾ། ཨསྨད་ལ། ཨིཊ། བ་ནི། མ་ཧིངའོ། །ས་
བནྡ་ཏེ། ཏཽ་བནྡནྟེ། ཏེ་བནྡནྟེ། ཏྭཾ་བནྡ་སེ། ཡུ་བཾ་བནྡེ་ཐེ། ཡཱུ་ཡཾ་བནྡ་དྷྭེཿ། ཨ་ཧྭཾ་བནྡེ་ཨཱ་བཱཾ་བནྡཱ་བ་ཧེ། བ་ཡཾ་བནྡཱ་མ་ཧེ། ཤེ་ཏེ། ཤ་ཡཱ་ཏེ། ཤེ་ར་ཏེ། ཤེ་སེ། ཤ་ཡཱ་ཐེ། ཤེ་དྷྭེ། ཤ་ཧེ། ཤེ་པ་ཧེ། ཤེ་མ་ཧེ། ཏི་པ་ལ་སོགས་པ་དགུ་པ་རསྨཻའི་ཚིག་སྟེ། ཤ་ཏྲྀ་དང་ཀཱ་སུའང་ངོ་། །ཏཱ་ལ་སོགས་
པ་ཨཱཏྨ་ནེའི་ཚིག་སྟེ་ཨཱ་ནའང་ངོ་། །འདི་དག་གི་འང་གསུམ་ཚན་པ་གསུམ་ནི་དང་པོ་དང་དབུས་མ་དང་མ་ཕྱི་མའི་མིང་ཅན་ཏེ། དེ་ལྟར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ། །འདི་དག་གིའང་གསུམ་གསུམ་རྣམས་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་ཏེ། གཅིག་དང་གཉིས་
དང་མང་པོའི་ཆོ་ག་ལས་ཉིད་ལས་གྲུབ་པོ། །ཊ་ཡིག་ནི་ཨཊ་ལས་ཨཏའོ་ཞེས་པའི་མཚན་མའི་དོན་ཏོ། །ང་ཡིག་ནི་སོ་སོར་བསྡུ་བ་གཟུང་བའི་དོན་ཏོ། །འགྲོ་བ་དང་འཚེ་བ་དང་སྒྲའི་དོན་མ་ཡིན་པའི་ཧས་ལས་བརྗེ་བ་ལའོ། །འགྲོ་བ་ལ་སོགས་པ་བོར་བའི་བྱིང་བྱ་བ་ཡོངས་སུ་བརྗེ་བ་ལ་འཇུག་པ་ལས་
བྱེད་པ་པོ་ལ་ཏ་ལ་སོགས་པ་རྣམས་འགྱུར་ཏེ། བྱ་ཏི་ལུ་ཏན་ལེ། བྱ་ཏི་པུ་ན་ཏེ། འགྲོ་བ་སོགས་པ་དགག་པ་ཅི་ཞེ་ན། བྱ་ཏི་གཙྪནྟི། བྱ་ཏི་གྷྣནྟི། བྱ་ཏི་ཛལྤནྟི། བྱ་ཏི་ཛ་སནྟི། གཙོ་བོར་འགྲོ་བ་སོགས་ཀྱི་དོན་རྣམས་བཟུང་བར་འདོད་དོ། །དེས་ན། བྱ་ཏི་བ་ཧ་ཏེ་བྷཱ་རཾ། སཾ་པྲ་ཧ་རནྟེ་རཱ་ཛ་ནཿ། ཅི་
ལྟར་ཨི་ཏ་རེ་ཏ་ར་བྱ་ཏི་ལུ་བནྟི། ཨ་ནྱོ་ནྱ་སྱ་ཏི་ལུ་ནནྟི། པ་ར་སྤ་པ་ར་སྱ་ཏི་ལུ་ནནྟི་ཞེ་ན། བརྗེ་བ་ནི་ཚིག་གཞན་གྱིས་ཆོད་པའི་ཕྱིར་རོ། །ཧྲྀཉ་ལས་འགྲོ་བ་དང་དེའི་ངང་ཚུལ་ལའོ། །ཧ་ར་ཏི་ལས་འགྲོ་བ་དང་དེའི་ངང་ཚུལ་ལ་འཇུག་པ་ཏ་ལ་སོགས་པ་འགྱུར་ཏེ། པཻ་ཀྲྀ་ཀ་མ་ཤྭཱ་ཨ་ནུ་ཧ་རནྟ། ཛ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words