No title in the text — opening words: ཨོཾ་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 194 · folio 257a
སྐྱབས་ནི། ཨཱགྣཱི་དྷྲཾ། སྐྱབས་སོ། །ས་མི་དྷ། ཨཱ་དྷཱ་ན་ལ་ཥེ་ཎྱ་ཎའོ། །འདིས་ལྷག་པར་ཀློག་པར་བྱེད་པ་ནི་ཨཱ་དྷཱ་ནཾ་སྟེ། དེ་ལས་མི་དྷ་ལས་ཥེ་ཎ་འགྱུར་ཏེ། ས་མི་དྷ་མཱ་དྷཱ་ནའི་སྔགས་ནི། པཱ་ནི་དྷེ་ནྱེཿ། སྔགས་སོ། སཱ་མི་དྷེ་ནཱི། རི་ཀ། རྣམ་འགྱུར་ལ་ཨཎའོ། །རང་བཞིན་ལ་གནས་སྐབས་
བཞིན་རྣམ་འགྱུར་རོ། །དེ་མངོན་པར་བརྗོད་པ་དེ་ལས་དྲུག་པའི་མཐའ་ལས་ཨཎ་འགྱུར་ཏེ། རྡོ་བའི་རྣམ་འགྱུར་ནི། ཨཱ་ཤྨཿ། ཨཎ་ལ་ཞེས་པས་དགག་པ་ཐོབ་པ་ལ་རྡོ་བའི་རྣམ་འགྱུར་ཞེས་པས་ཏྲི་དབྱིའོ། །མཱརྟྟི་ཀཿ། བྷཱསྨ་ནཿ། ནས་དེ་ཕན་ཞེས་པས་ཊི་དབྱི་བ་ཐོབ་པ་ལ། ཨན་ལས་ཞེས་པ་དགག་
པའོ། །ལྷག་མ་ལ་ཞེས་པ་ཉིད་དེ། ཨཎ་ལ་དེ་ཉིད་སླར་ཡང་བསྒྲུབ་པ་ལྷག་མ་གཞན་ལ་བཟློག་པའི་དོན་ཏོ། །དེས་ན་ཧཱ་ལ་སཻ་ར་ཞེས་པས་ཋ་ཀ་མི་འགྱུར་བའོ། །ཤིང་དང་སྨན་དང་སྲོག་ཆགས་རྣམས་ཀྱི་ཆ་ཤས་ལའང་ངོ་། །ཤིང་ལ་སོགས་པའི་རྣམ་འགྱུར་གྱི་ཆ་ཤས་ལའང་ཨཎ་འགྱུར་ཏེ། ཀཱ་རཱི་རཾ།
མདའ་འོ། །ཀཱ་རཱི་རཾ། ཐལ་བའོ། །དེ་བཞིན་དུ་ཤཾ་ཤ་པཾ། ཁ་དི་རཾ། ཨོཥ་དྷི་རྣམས་ལས་སོ། །མཽརྦཾ་མདའ་འོ། །མཽརྦཾ་ཐལ་བའོ། །དེ་བཞིན་དུ་མཽངྒ། གཽདྷུ་མཾ། ཤིང་གི་སྒྲས་བྱེ་བྲག་ནགས་ཀྱི་བདག་པོ་ཡང་གཟུང་ངོ་། །སྨན་གྱི་སྒྲས་ཁྲི་ཤིང་ལ་སོགས་པ་ཡང་ངོ་། །སྲོག་ཆགས་རྣམས་ལས་ནི།
ཀཱ་པོ་ཏཾ་བྱཉྫ་ནཾ། ཀཱ་པོ་ཏཾ་ཤཀྛི། ཤིང་དང་སྨན་དང་སྲོག་ཆགས་རྣམས་ཀྱི་ཆ་ཤས་ལ་ཡང་ངོ་ཞེས་པ་རྗེས་སུ་འཇུག་པར་འགྱུར་བ་ནི་རྐང་པ་ཡོངས་སུ་རྫོགས་པའི་བར་ལའོ། །དེས་ན་ཤིང་དང་སྨན་དང་སྲོག་ཆགས་ལ་སོགས་པ་འཆད་པར་འགྱུར་བ་ལ་མ་ཡཊ་ལ་སོགས་པ་རྣམས་འགྱུར་གྱི་ཆ་ཤས་དག་
ཏུ་རིག་པར་བྱའོ། །གཞན་རྣམས་ནི་རྣམ་འགྱུར་ཙམ་མོ། །ཏཱ་ལ་ལ་སོགས་པ་རྣམས་ལས་སོ། །ཏཱ་ལ་ལ་སོགས་པ་རྣམས་ལས་རྣམ་འགྱུར་གྱི་ཆ་ཤས་དག་ལ་ཨཎ་འགྱུར་ཏེ། ཏཱ་ལཾ་གཞུའོ། །གཞན་ལ་ནི་ཤ་ལ་མ་ཡཊའོ། །རྨ་བྱའོ། །དྷི་ཎ། ཨིནྡྲཱ་ཡ་དྷ། ཙཱ་པ། ཨིནྡྲ་དྲྀ་ཤ། །ཤྱཱ་མཱ་ཀ །བཱི་ཡུཀྵཱ་
ག་བེ་དྷུ་ཀ །སྔ་མ་ཉིད་ཀྱི་གྲུབ་པ་བརྗོད་པ་ནི་མཊ་བཟློག་པའི་དོན་ཏོ། གསེར་གྱི་དོན་ལས་ཡོངས་སུ་འཇལ་བ་ལའོ། །གསེར་གྱི་དོན་ལས་ཡོངས་སུ་འཇལ་བར་གྱུར་བ་ལ་རྣམ་འགྱུར་བ་ཨཎ་འགྱུར་ཞིང་མ་ཡཊའི་དམིགས་བསལ་ལོ། །ཧཱ་ཊ་ཀཿ། གསེར་རོ། ཛཱ་ཏ་རཱུ་པཾ། ཀཱཪྵཱ་པ་ཎཾ། ཏཱ་པ་ནི་ཡཾ་
Vol. 194 · folio 257b
ཡོངས་སུ་འཇལ་བ་ལ་ཞེས་པ་ཅི་ཞེ་ན། ཡཥྚིཿ། འདི་གསེར་གྱི་རང་བཞིན་ནོ། །ཏཱ་པུ་ཛ་རུ་ན་དག་ལས་ཥུཀའོ། །རྣམས་འགྱུར་ལ་ཕ་རོལ་དུ་འགྱུར་ཏེ། ཏྲཱ་བུ་ཥཾ། ཥུཀ་གི་སྒྲུབ་པ་འདི་ཉིད་ཀྱིས་ཨཎ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་མ་ཡཊ་དགག་པ་མེད་དོ། །ཏྲ་པུ་མ་ཡཾ། ཛ་རུ་མ་ཡཾ། བཟའ་བ་དང་། གོས་དག་
མིན་པ་ལ་མ་ཡཊ་ཡང་ནའོ། །རང་བཞིན་ཙམ་ལས་རྣམ་འགྱུར་གྱི་ཆ་ཤས་ལ་བཟའ་བ་དང་གོས་དག་མ་གཏོགས་པ་ལ་མ་ཡཊ་ཡང་ན་འགྱུར་ཏེ། ཨ་ཤྣ་མ་ཡཾ། བྷསྨ་མ་ཡཾ། ཀ་རཱི་ར་མ་ཡཾ། དུརྦཱ་མ་ཡཾ། ཀ་པོ་ཏ་མ་ཡཾ། ཨཱཤྨ་ནཾ། བྷཱསྨ་ནཾ། ཀཱ་རཱི་རཾ། དཽརྦཾ། ཀཱ་པོ་ཏཾ། གོས་དང་བཟའ་བ་དག་མིན་པ་ཞེས་
པ་ཅི་ཞེ་ན། མཽངྒཿ། སྲན་ཚོད་དོ། །ཀཱརྦཱ་སཾ་གོས་སོ། །རྣམ་འགྱུར་ལ་ཨཎ་ཉིད་དོ། །ཤར་སོགས་དང་། འཕེལ་བ་དང་། ཨཙ་གཅིག་པ་ལས་སོ། །ཤར་སོགས་རྣམས་ལས་དྲུག་པའི་མཐའ་ལས་དང་འཕེལ་བ་རྣམས་དང་ཨ་ཙ་གཅིག་པ་ལས་ཀྱང་རྣམ་འགྱུར་གྱི་ཆ་ཤས་དག་ལ་མ་ཡཊ་རྟག་ཏུ་འགྱུར་
ཏེ། ཤརྨ་ཡཾ། དརྦ་མ་ཡཾ། ཀུ་ཌི་མ་ཡཾ། ཤ་ར་ད་བྷ། ཀུ་ཌཱི། ཏྲྀ་ཎ། སོ་མ་བ་ལྭ་ཛ། འཕེལ་བ་ལས་ནི། ཨཱ་མྲ་མ་ཡཾ། ཨཙ་གཅིག་པ་ལས་ནི། བཱངྒ་ཡཾ། ཏངྨ་ཡཾ། གོ་དང་བྲཱི་ཧི་དག་ལས་པུ་རཱི་ཥཱ་དང་པུ་རོ་ཌཱ་ཤ་དག་ལས་སོ། །མ་ཡཊ་འགྱུར་ཏེ། བ་ལང་གི་ལྕི་བ་ནི། གོམ་མ་ཡཾ། གཞན་ལ་ག་བྱཾ།
པུ་རོ་ཌཱ་ཤ་ནི། བྲཱི་ནི་མ་ཡཾ། གཞན་ལ་བྲཻ་ཧཿ། ཏིལ་དང་། ནས་དང་པིཥྚ་ལས་མིང་པ་མ་ཡིན་པ་ལའོ། །ཏིལ་ལ་སོགས་པ་རྣམས་ལས་རྣམ་འགྱུར་དང་ཆ་ཤས་ལ་མིང་མ་ཡིན་པ་ན་མ་ཡཊ་འགྱུར་ཏེ། ཏིལ་མ་ཡཾ། ཡ་བ་མ་ཡཾ། པིཥྚ་མ་ཡཾ། མིང་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཏཻ་ལཾ། ཡཱ་བ་ཀཾ ། བཻཥྚ་ཀཿ།
པིཥྚ་ཀཱ། ཡཱ་བ་ཀཱཾ་ཞེས་པ་ནི་ཡ་བའི་སྒྲ་ལས་ཨཎ་གྱི་མཐའ་ལས་ཡ་བ་སོགས་ལས་ཞེས་པས་ཀནའོ། །ཡོངས་སུ་འཇལ་བ་ལས་ཉོས་པ་བཞིན་ནོ། །ཡོངས་སུ་འཇལ་བ་བརྗོད་པ་ན་རྣམ་འགྱུར་ལ་ཉོས་པ་བཞིན་དུ་རྐྱེན་རྣམས་འགྱུར་ཏེ། དཔེར་ན་གསེར་གྱིས་ཉོས་པ་ནི། ནཥྐི་ཀཿ། དེ་བཞིན་དུ་གསེར་
གྱི་རྣམ་འགྱུར་ནི། ནཻཥྐཿ། དེ་བཞིན་དུ་ཤ་ཏ་ཀིཿ། སཱ་ཧ་སྲཿ། དྲི་ཀཾ་སཿ། དྲི་ཀཾ་སཿ། ཏྲི་ཀཾ་སཿ། དྲི་ནིཥྐཿ། དྲི་ནཻཥྐི་ཀཿ། དྲི་བཻསྟི་ཀཿ། གྲངས་ལས་ལོ་ཡོངས་སུ་འཇལ་བའི་གྲངས་མིང་མ་ཡིན་པ་ཤཱ་ཎ་ཀུ་ལེ་ཛའི་ཞེས་པས་ཚིག་ཕྱི་མ་ལ་འཕེལ་བའོ། །ཤ་མཱི་ལས་ཊྞཉའོ། །རྣམ་འགྱུར་དང་ཆ་ཤས་
Vol. 194 · folio 258a
དག་ལ་འགྱུར་ཏེ། ཨཎ་དང་མ་ཡཌ་དག་གི་དམིགས་བསལ་ལོ། །ཤ་མཱི་ལཾ། ཐལ་བའོ། །ཤཱ་མཱི་ལཱི། སུ་གའོ། །ཨུཥྚ་ལས་བུཉའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ཨཽཥྚ་ཀཿ། ཨུ་མ་དང་། ཨུརྞ་ལས་ཡང་ནའོ། །རྣམ་འགྱུར་གྱི་ཆ་ཤས་དག་ལ་བུ་ཉ་འགྱུར་ཏེ། ཨཽམ་ཀཾ།
ཨཽ་མཾ། ཨཽ་རྞ་ཀཾ ། ཨཽ་རྞཾ། ཨ་པ་ལས་ཎྱ་ཏའོ། །རྣམ་འགྱུར་ལ་ཡང་ན་འགྱུར་ཏེ། ཨཱ་པྱཾ། ཨམྨ་ཡཾ། ཤ་ར་སོགས་དང་བྲྀདྡྷ་དང་ཨ་ཙ་གཅིག་པ་ལས་ཞེས་པས་རྟག་ཏུ་མ་ཡཊ་ཐོབ་པ་ལ་བརྗོད་པའོ། །ཨཻ་ཎཱི་དང་། ཀོ་ཤ་ལས་ཌྷཉའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ཨེ་ཎེ་ཡཾ། ཀཽ་ཤ་ཡཾ། ཨཎ་
དང་མ་ཡཊ་དག་གི་དམིགས་བསལ་ལོ། །ཅི་ལྟར་ཨཻ་ཎ་ཙརྨ་ཞེ་ན། སྐྱེས་པའི་རྟགས་ལས་འགྱུར་བའོ། །པིཥྚ་ལས་མིང་ཀནའོ། །འགྱུར་ཏེ། བིཥྚ་ཀཿ། བིཥྚ་ཀཱི། ཧཻ་ཡཾ་ག་བཱི་ནཾའོ། །མིང་དང་རྣམ་འགྱུར་ལ་ཚིག་ཕྲད་དེ། གློག་གོ། །གོ་དོ་ཧའི་ཁ་ཉ་ལ་ཧི་ཡང་གའི་དངོས་པོ་ལས་ཧཻ་མངྒ་བི་ན། མར་སར་ཏེ། མར་
མོད་ལ་སྨིན་པའོ། །གོ་དང་པ་ཡས་དག་ལ་ཡཏའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ག་བྱཾ། པ་ཡ་སྱཾ། ཐམས་ཅད་དུ་གོར་ཛ་སོགས་སུ་ཐལ་བ་ལ་གང་ཡོད་པ་ཉིད་མ་ཊའི་ཡུལ་ལ་ཡང་བསྒྲུབ་པར་བྱའོ། །དྲུ་ལས་སོ། །རྣམ་འགྱུར་དང་ཆ་ཤས་དག་ལ་ཡཏ་འགྱུར་ཏེ། དྲ་བྱཾ། འཇལ་བ་ལ་ཡའོ། །དྲུའི་
སྒྲ་ལ་རྣམ་འགྱུར་ལ་འཇལ་བ་ལ་ཡ་རྐྱེན་དུ་འགྱུར་ཏེ། དྲུ་བ་ཡཾ། འཇལ་བའོ། །ཀཾ་སཱི་ཡ་དང་པ་ར་བྱ་ལས་ཡ་ཉ་དང་ཨཉ་དག་སྟེ་ཚ་དང་ཡ་ཏ་དག་འཇིག་པ་འང་ངོ་། །ཀི་ཤཱི་ཡ་དང་བ་ར་ཤ་བྱ་དག་ལས་རིམ་པ་བཞིན་དུ་ཡ་ཉ་དང་དག་འགྱུར་ཞིང་ཚ་དང་ཡཏ་དག་འཇིག་པ་ཡང་ངོ་། །འཁོར་བ་ལ་ཕན་པ་ནི།
ཀཱཾ་སཱི་ཡཾ། ཀཱཾ་སཱི་ཡའི་རྣམ་འགྱུར་ནི། ཀཱཾ་སྱཱི། དགྲ་སྟ་ལ་ཕན་པ་ནི། པཱ་ར་ཤ་བྱའི་རྣམ་འགྱུར་ནི། པཱ་ར་ཤ་བཿ། དེ་དག་ལ་གཅིག་གོ། །རྣམ་འགྱུར་དང་ཆ་ཤས་ཀྱི་རྐྱེན་གྱི་མཐའ་ལས་རྣམ་འགྱུར་དང་ཆ་ཤས་དག་གི་རྐྱེན་འབྱུང་བ་ཐོབ་པ་ལ་ངེས་པ་བྱ་སྟེ། རྣམ་འགྱུར་གྱི་རྣམ་འགྱུར་དང་ཆ་ཤས་ཀྱི་ཆ་ཤས་ལ་རྐྱེན་
ཉིད་འགྱུར་གྱི། གཉིས་པ་མ་ཡིན་ཞིང་གསུམ་པ་ཡང་མ་ཡིན་ནོ། །ལྷའི་ཤིང་གི་རྣམ་འགྱུར་རམ། ཆ་ཤས་ནི། དཻ་བ་དཱ་ར་པཾ། ཀཱ་བིཏྠའི་ནི། ཀཱ་པིཏྠཾ། དེའི་ཡང་རྣམ་འགྱུར་རམ་ཆ་ཤས་ནི། དཻ་བ་དཱ་ར་ཀཾ །ཀཱ་པིཏྠ། ཅི་ལྟར་རང་བཞིན་ཁོ་ན་ལ་བྱུང་བ་རྣམ་འགྱུར་དང་ཆ་ཤས་ཀྱི་རྐྱེན་གཅིག་གིས་རྣམ་འགྱུར་གྱི་རྣམ་འགྱུར་
Vol. 194 · folio 258b
དང་ཆ་ཤས་ཀྱི་ཆ་ཤས་ཀྱང་མངོན་པར་བརྗོད་ཅེ་ན། རྣམ་འགྱུར་གྱི་རྣམ་འགྱུར་ཡང་རྩ་བའི་རང་བཞིན་དང་མངོན་པར་འབྲེལ་བའི་ཕྱིར་དང་ཆ་ཤས་ཀྱང་རྩ་བའི་ཆ་ཤས་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་བུར་ཤིང་གི་རྣམ་འགྱུར་ནི་བཅུད་དེ། བུ་རམ་དང་ཀ་ར་བྱེ་མ་ཀ་ར་ཞེས་པ་རབ་ཏུ་གྲགས་པ་བཞིན་ནོ། །དེ་བཞིན་དུ་
ལྷས་བྱིན་གྱི་དཔུང་པ་དང་ལག་པ་དང་སོར་མོ་དང་ཚིགས་ཞེས་པ་བཞིན་ནོ། །འོ་ན་ཇི་ལྟར་དྲཽ་བ་ཡཾ་ཞེ་ན། བྱེ་བྲག་གི་རྗོད་བྱེད་ལ་ཅི་མངོན་པར་རྗོད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེའི་ནོར་ཞེས་པ་བརྗོད་པར་འདོད་པ་ལ་ནི་ཡང་འགྱུར་ཏེ། འབྲས་བུ་ལ་འཇིག་གོ། །རྣམ་འགྱུར་ལ་ཆ་ཤས་དག་ལ་བྱུང་བའི་
རྐྱེན་ནི་འབྲས་བུ་ལ་འཇིག་པར་འགྱུར་ཏེ། སྐྱུ་རུ་རའི་རྣམ་འགྱུར་རམ་ཆ་ཤས་སམ་འབྲས་བུ་ནི། ཨཱ་མ་ལ་ཀཾ །ཀུ་བ་ལཾ། བ་ད་རཾ། འབྲས་བུ་ཅན་གྱི་ཤིང་གི་འབྲས་བུ་དང་ཆ་ཤས་དང་ཡིན་ནོ། །དཔེར་ན་ལྕུག་མ་ཅན་གྱི་པལླ་བ་བཞིན་ནོ། །རང་བཞིན་གྱི་བར་དུ་ཨཎ་ཉིད་འབྲས་བུ་ལ་འཇུག་གོ་ཞེས་ཁ་ཅིག་ཟེར་རོ། །
པླཀྵ་སོགས་ལས་ཨཎའོ། །འབྲས་བུ་དང་རྣམ་འགྱུར་དང་ཆ་ཤས་ཉིད་བརྗོད་པར་འདོད་པ་ལ་ཨཎ་འགྱུར་ཏེ། སྒྲུབ་པའི་ནུས་པ་ལས་འདི་འཇིག་པར་མི་འགྱུར་རོ། །པལླ་ཀྵཾ། །ནཻ་ཡ་གྲོ་དྷཾ། པལཀྵ། །ནྱ་གྲོ་དྷ། ཨིངྤུ་དཱི། རི་གུ །ཨ་ཤྭཏྠ། ཀ་ཀ་རུ། བྲི་ཧ་ཏཱི། ཛམྦུ། ལས་ཡང་ནའོ། །འབྲས་བུ་ལ་ཨཎ་
འགྱུར་ཏེ། འཇིག་པ་ཡང་ངོ་། །ཛམྦ་བཾ་འབྲས་བུའོ། །ཡང་ན་ཛམ་བུ་དབྱི་བའང་ངོ་། །ཛམ་བུ་ལས་འབྲས་བུ་བྱས་པའི་ཨཎ་ཡང་ན་དབྱི་བར་འགྱུར་ཏེ། རང་བཞིན་དང་འདྲ་བའི་དངོས་པོའི་བྱེ་བྲག་གོ། །ཛམ་བུཿ། ཛམ་བུ་འབྲས་བུའོ། །ཛམྤ་བཾ། འབྲས་བུའོ། །ཧ་ར་ཏི་ཀཱི་
སོགས་རྣམས་ལས་སོ། །འབྲས་བུ་ལ་དབྱི་བར་འགྱུར་ཏེ། ཧ་རཱི་ཏ་ཀྱཱཿ། འབྲས་བུའོ། །ཧ་རཱི་ཏ་ཀཱི། ཀོ་ཤཱ་ཏ་ཀཱི །འདིར་བསལ་བ་དང་རང་བཞིན་དང་འདྲ་བའི་དངོས་པོ་སྟེ། ཚིག་ཏུ་ནི་མི་འདོད་དོ། །དེས་ན་ཧ་རཱི་ཏ་ཀྱཱཿ། འབྲས་བུ་རྣམས་སོ། །ཧ་རཱི་ཏ་ཀཱི། ཀོ་ཤཱ་ཏ་ཀཱི །ན་མ་ཁ་རྙྫ་ནཱཿ། ཤཥྐཎྜཱི་
ནནྡྲཱི་ནཱ་ཌཱི། དཱ་ཧཱི་དྲོ་ཏཱི། ཤྭེ་ཏ་པཱ་ཀཱི །ཨརྫུ་ན་བཱ་ཀི །ཀཱལླ། དྲཀྵཱ།། བྲཱཀྵཱ། །གརྒྒ་རི་ཀཱ། ཀཎྜ་ཀཱ་རི་ཀཱ། ཤེ་ཕ་ལི་ཀཱ །ཕ་ལ་པཱ་ཀཱ །ཤུ་ཥ་ལས་སོ། །འབྲས་བུ་ལ་དབྱི་བར་འགྱུར་ཏེ། བྲཱི་ཧ་ཡཿ། ཡ་བཱཿ། མཱ་ཥཱཿ། མུ་ཥཱཿ་མུངྒཱཿ། མེ་ཏོག་དང་རྩ་བ་དག་ལས་མང་པོ་ལའོ། །འདི་དག་ལ་རྣམ་འགྱུར་དང་ཆ་ཤས་
Vol. 194 · folio 259a
ཀྱི་རྐྱེན་དབྱི་བར་འགྱུར་ཏེ། མལླི་ཀཱི་མེ་ཏོག་ནི། མལླི་ཀ །ཛཱ་ཏཱི། བི་དཱ་རའི་རྩ་བ་ནི། བི་དཱ་རཱི། ཨཾ་ཤུ་མ་ཏཱི། བྲྀ་ཧ་ཏཱི། མི་འགྱུར་བ་ཡང་། པཱ་ཊ་ལཱ་ནི། མེ་ཏོག་རྣམས་སོ། །ཤཱ་ལྭཱ་ནི། རྩ་བ་རྣམས་སོ། །འགའ་ཞིག་ཏུ་གཞན་ཡང་སྟེ། ཀ་དམྤ་བུཥྤཾ་ཀ་རཱི་རཾ། ཨ་ཤོ་ཀཾ ། ཨ་དི་ཏི། ཡ་མ་
དེ་ཏི་ཨ་ཏི་ཏྱ་ལས་སྔ་མ་རྣམས་ལ་ཎྱའོ། །ཨ་དི་ཏི་ལ་སོགས་པ་རྣམས་ལས་སྔར་བརྗོད་པའི་དོན་རྣམས་ལ་འགྱུར་ཏེ། ཨཎ་ལ་སོགས་པའི་དམིགས་བསལ་ལོ། །ཨ་དི་ཏིའི་བུ་རྒྱུད་དམ་ནོར་རམ་དེས་རབ་ཏུ་བརྗོད་པའམ་དེ་འདིའི་ལྷ་ཡིན་པ་ཐམས་ཅད་དུ་ཨ་དི་ཏྱཿའོ། །དེ་བཞིན་དུ་ཡཱ་མྱཿ། དེ་ཏྱཿ། ཨཱ་དི་ཏྱཿ།
ཅི་ལྟར་དཻ་ཏྱ་ཡཿ། ཞེ་ན། དཱི་བ་ཀྱི་མཐའ་ལས་ཌྷ་ཀ་འགྱུར་བའོ། །པ་ཏིའི་མཐའ་ལས་ཨ་ཤྭ་སོགས་མིན་པ་སྔ་མ་ལས་སོ། །པ་ཏིའི་སྒྲའི་མཐའི་ཨངྒ་ལས་ཨ་ཤོ་སོགས་མིན་པ་སྔ་མ་ལས་སྔར་གྱི་དོན་རྣམས་ལ་ཎྱ་འགྱུར་ཏེ། བཱརྟ་སྤ་ཏྱཾ། བྲཱཛཱ་བ་ཏྱཾ། ཨ་ཤྭ་སོགས་མ་ཡིན་པ་སྔོན་མ་ལས་ཞེས་པ་ཅི་ཞེ་ན།
རྟའི་བདག་པོའི་བུ་རྒྱུད་ནི། ཨཱ་ཤྭ་པ་ཏཿ། ཨཱ་དྷི་པ་ཏཿ། ཨཱ་ཤྭ་ཤ་ཏ་དྷ་ན། རཱཥྚ། ཀུ་ལ་གྲྀ་ཧ། པ་ཤུ། དྷཱ་ནྱ། དྷ་ནྱཿ། ས་བྷཱ་ཨ་དྷི། སེ་ནཱ། ཀྵེ་ཏྲ། སྠཱ་མན་ལས་ཨའོ། །སྠ་མའི་སྒྲའི་མཐའ་ལས་དོན་སྔ་མ་རྣམས་ལ་ཨཎ་འགྱུར་ཏེ། འདིའི་སྤུ། ཨུ་ཌུ་ལོ་མཿ། དེའི་བུ་མོ་ནིཿ། ཨུ་ཌུ་ལོ་མཱཿ།
ཁ་ར་ལོ་མཿ། མང་པོའི་ཚིག་ཅི་ཞེ་ན། ཨཽ་ཌུ་ལོ་མིཿ། བ་ཧུ་སོགས་ཉིད་ཀྱི་ཕྱིར་ཨིཎའོ། །པྲྀ་ཐི་བཱི་ལས་ཉ་དང་ཨཎ་དག་གོ། །སྔར་བརྗོད་པ་རྣམས་ལ་འགྱུར་ཏེ། པཱརྠི་བཱཿ། པཱརྠབཱཿ། པཱརྠཱི་བཱི། ཨུཏྶ་སོགས་རྣམས་ལ་ཨཉའོ། །སྔ་མ་རྣམས་ལ་འགྱུར་ཏེ། ཨཽཏྶཿ། ཨོ་ད་པ་ནཿ། ཨུཏྶ།
ཨ་ད་པཱ་ན། བི་ན་ད། མ་ཧཱ་ན་ད། མ་ཧཱ་ན་ས། མ་ཧཱ་པྲཱ་ཎ། ཏ་རུ་ཎ། ཏ་ལ་ན། བསྐ་ཡ་ལས་བསྡུ་བ་མེད་པ་ནའོ། །བསྡུ་བ་ལ་ནི། སུ་བསྐ་ཡའི་བུ་རྒྱུད་ནི། སུ་བསྐ་ཡིཿ། དྷེ་ནུཿ། པྲཀྟཾ། །ཛ་ག་ཏི། ཏྲི་རྣུ་བྷ། ཨན་ཥྚུ་བྷ། ཛ་ན་པ་ད། བྷ་ར་ཏ། ཨུ་ཤཱི་ན་ར། གྲཱིཥྨ། པཱིལུ། ཀུ་ཎ། ཨུ་ད་སྠཱ་ན་ལས་
ཡུལ་ལ་ལའོ། །ཨུ་ད་སྠཱ་ནར་ཕྱུང་བའི་ཡུལ་ནི། ཨཽ་ད་སྠཱ་ནཿ། གཞན་དུ་ཨུ་ད་སྠཱ་ནའི་མིང་ལས་བུ་རྒྱུད་ལ། ཨཽ་ད་སྠཱ་ནིཿ། བྲྀཥ། བྷལླ་ཀཱི་ཥཱ། ར་ཐནྟ་ར། མ་དྱནྟི་ན། བྲྀ་ཧ་ཏ། མ་ཧ་ཏ། མ་ཧི་མ་ན། ས་ཏྭ་ཏ། ཀུ་རུ་པཱཉྩཱ་ལ། ཨིནྡྲ། ཨ་བ་སཱ་ན། ཨུཥྞི་ཧ། ཀ་ཀུ་བྷ། སུ་བརྞྞ། དེ་བ་ལས་ཡཉ་འང་ངོ་། །
Vol. 194 · folio 259b
དེ་བི་སྒྲ་ལས་སྔ་མ་རྣམས་ལ་ཡཉ་འགྱུར་ཏེ། འང་ཡིག་ལས་ཨ་ཉའང་ངོ་། །དཻ་བྱཿ། དཻ་བཿ། བ་ཧི་ས་ལས་ཊཱི་ཀགའང་ངོ་། །སྔ་མ་རྣམས་ལ་འགྱུར་ཏེ། འང་ཡིག་ལས་ཡཉའང་ངོ་། །ཕྱིའི་དངོས་པོ་ནི། །བཱ་ཧཱ་ཀིཿ། ཕྱི་རོལ་བ་གཉིས་པ་ལས་བུ་རྒྱུད་མིན་པ་ལ་ཡང་དང་ཨ་ཙ་སོགས་འཇིག་
གོ། །བ་གཉིས་པའི་རྒྱུ་མཚན་གྱིས་དངོས་པོ་དང་འབྲེལ་བ་ལས་བུ་རྒྱུད་མ་གཏོགས་པ་ལ་དོན་སྔ་མ་རྣམས་ལ་བྱས་པའི་སོགས་དང་ཨ་ཙ་སོགས་ཀྱང་འཇིག་པར་འགྱུར་ཏེ། ཤིང་རྟ་གཉིས་དག་ནོར་ནི་དྭིར་ཐཾ། ཏྲི་ར་ཐཾ། ཐོད་པ་ལྔ་རྣམས་སུ་འདུས་བྱས་པ་ནི་པཉྩ་ཀ་པཱ་ལཿ། པུ་རོ་ཌཱ་ཤའོ། །རིག་
བྱེད་གཉིས་ཀློག་པའམ། རིག་པར་བྱེད་པ་ནི། དྭི་བེ་དེཿ། བ་གཉིས་པ་ལས་ཞེས་པ་ཅི་ཞེ་ན། ཤར་གྱི་ར་བར་བྱུང་བ་ནི། པཽརྦ་ཤཱ་ལ། བ་གཉིས་པའི་རྒྱུ་མཚན་རྣམ་པར་རིག་པ་ལས་འདིར་མི་འགྱུར་ཏེ། ཆུ་ཀླུང་ལྔ་རྣམས་ཀུན་ནས་འདུས་པ་ནི། པཉྩ་ནཱ་དཾ། དེ་ལས་བྱུང་བ་ནི། པཉྩ་ན་དཿ། བུ་རྒྱུད་
མ་ཡིན་པ་ཞེས་པ་ཅི་ཞེ་ན། མ་གཉིས་པའི་བུ་རྒྱུད་ནི། དྭཻ་མཱ་རུ་རཿ། ཡ་དང་ཨ་ཙ་སོགས་ལས་ཞེས་པ་ཅི་ཞེ་ན། གརྒ་ལྔ་རྣམས་ལས་འོངས་པ་ནི། པཉྩ་གརྒ་རུ་སྱཱ། སྔ་མ་རྣམས་ལ་ཞེས་པ་ཉིད་དེ། བུམ་པ་གཉིས་དག་གིས་སྒྲོལ་བ་ནི། དྭཻ་ཀ་ལ་ཤི་ཀཿ། ཛི་ཏའི་གོང་གིས་ཨཎ་ལ་སོགས་
པའི་ཆོ་ག་བདུན་བཤད་ཡིན་ནོ། །བ་ཏིའི་སྒྲ་མེད་པ་ལས་སྔར་བཤད་པ་དང་འཆད་པར་འགྱུར་བའི་དོན་རྣམས་ལ་ཨགྣི་དང་ཀི་ལ་དག་ལས་ཌྷཀ་འགྱུར་ཏེ། མེའི་བུ་རྒྱུད་ནི་ཨཱགྣ་ཡཿ། ཀཱ་ལེ་ཡཿ། མེ་དང་ལྟ་བ་མཚུངས་པ་ནི། ཨཱགྣེ་ཡཾཿ། འདིའི་ལྷ་མེ་ཡིན་པ་ནི། ཨགྣེ་ཡཿ། མེ་ལྷའི་ནོར་ནི།
ཨགྣེ་ཡཾ། ཀཱ་ལེ་ཡཾ། མེའི་རྒྱུའམ་ལྡན་པའམ་སྐྱེས་པ་ནི། ཨཱགྣེ་ཡཿ། ཀཱ་ཡེ་ཡཿ། བ་ཏི་ལས་ཞེས་པ་ཅི་ཞེ་ན། ཨགྣི་བཏ། ཀ་བཏ། སྟྲི། པུནྶ་དག་ལས་ཧཉ། སྣཉ་དག་གོ། །རིམ་པ་བཞིན་དུ་བ་ཏི་ལས་སྔ་མའི་དོན་རྣམས་ལ་བཤད་ཟིན་དང་འཆད་པར་འགྱུར་བ་ལ་ཡང་འགྱུར་ཏེ། སྟྲཻ་ཎཾ།
པཽཾ་སཾ། བ་ཏི་ལས་ཞེས་པ་ཉིད་དེ། སྟྲི་བཏ། པུམྦ་ཏ། དངོས་པོ་ལ་ཡང་ནའོ། །སྟྲི་དང་པུམྶ་དག་ལ་འགྱུར་ཏེ། སྟྲཻ་ཎཾ། པཽཾས་ནཾ། སྟྲཱི་ཏྭཾ། གོ་ལས་ཨཙ་ལས་ཡཏའོ། །གོའི་སྒྲ་ལས་ཨ་ཙ་སོགས་དེ་ཕན་དུ་ཐལ་བ་ལ་ཡཏ་འགྱུར་ཏེ། འདི་བ་ལང་ནི། ག་བྱ། འདིའི་ལྷ་བ་ལང་ནི་ག་བྱཾ། ཨཙ་ལས་ཞེས་པ་ཅི་ཞེ་ན། གཽ་རཱ་
Vol. 194 · folio 260a
ག་ཏཿ། གོ་རཱུ་པྱཿ། བ་ཏི་ལས་གང་གི་ཌྷཀ་ལ་སོགས་པ་བཞི་བཤད་ཟིན་ཏོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་བཞི་
པའི་འགྲེལ་པ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ཡཏ་ལས་ཋཀའོ། །ཡཏ་ཡང་དག་པར་བསྒྲགས་པ་ལས་གོང་དུ་དོན་གང་ཡིན་པ་དེ་ལ་ཋཀ་འགྱུར་ཏེ། སྤྱིར་བཏང་བར་རིག་པར་བྱའོ། །ཐུལ་ལོ་རྒྱལ་ལོ་རྐོ་བར་བྱེད་དོ་ཞེས་པ་ལས་སོ། །རྒྱལ་ལོ་སོགས་ཀྱི་དོན་ལ་བྱེད་
པ་ལས་ཋཀ་ཡང་ན་འགྱུར་ཏེ་ཆོ་ལོ་རྣམས་ཀྱིས་ཐུལ་ལོའམ་རྒྱལ་ལོའམ་རྩེ་བར་བྱེད་དོ་ལ། ཨཱཀྵི་ཀཿ། ཤཱ་ལཱ་ཀི་ཀཿ། ཏོག་ཙེས་རྐོ་བར་བྱེད་པ་ནི། ཁཱ་ནི་ཏྲི་ཀཿ། ཀཽདྡྷ་ལི་ཀཿ། བྱེད་པ་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་ན་ཛི་ཏཾ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་ཚིག་ཉིད་དོ། །ཨངྒུ་
ལྱཱ་ཁ་ན་ཏི། འདུས་བྱས་པ་ལའོ། །དོན་ལ་ཐཀ་འགྱུར་ཏེ། ཞོ་དང་འདུས་བྱས་པ་ནི། དཱ་དྷི་ཀཾ །མཱ་རཱི་ཙི་ཀཾ། སྦྱོར་བ་རྣམ་པར་ཕྱེ་བ་ནི་ཕྱི་མའི་དོན་ཏོ། །ཀུ་ལཏྠ་དང་ཀ་མཐའ་ཉེ་ལས་ཨཎའོ། །ཀུ་ལཏྠ་དང་ཀ་ཡིག་མཐའ་ཉེ་ལས་ཀྱང་འདུས་བྱས་པ་ལ་ཨཎ་འགྱུར་ཏེ། ཀུ་ལཏྠ་ཡིས་འདུས་
བྱས་པ་ནི། ཀཽ་ལཏྠཾ། ཏིནྟི་ཌི་ཀ་དང་ལེགས་པར་སྦྱར་བའི་ཟན་ནི། ཏཻནྟི་ཌི་ཀཾ །ལྷག་མ་ལ་ཞེས་པས་ཨན་ཉིད་དུ་གྲུབ་པ་ལ་སླར་ཡང་སྨོས་པ་ནི་དགག་པ་འགེགས་པའི་དོན་ཏོ། །སྒྲོལ་ལོ། །མངོན་པར་བརྗོད་པ་ལས་ཋཀ་འགྱུར་ཏེ། ཨུ་ཌུ་པ་ཡིས་སྒྲོལ་ལོ་ནི། ཨཽ་ཌུ་པ་ཀཿ། གཽ་པུཙྪི་
ཀཿ། ཅི་ལྟར། ཨཱ་ཤྭ་མེ་དྷི་ཀ་ཞེ་ན། བྲམ་ཟེ་བསད་པའི་འོ། །འགོངས་པ་ཙམ་གྱི་ནི་ཏ་ར་ཏི་སྟེ་འདིར་བརྗོད་པར་འདོད་པའི་ཕྱིར་རོ། །ནཽ་ཨ་ཙ་གཉིས་པ་ལས་ཋནའོ། །ནཽའི་སྒྲ་ལས་ཨཙ་གཉིས་པའི་ཨངྒ་ལས་སྒྲོལ་བའི་དོན་ལ་བྱེད་པ་ལས་ཋན་འགྱུར་ཏེ། གྲུ་ཡིས་སྒྲོལ་ལོ་ལ། ནཱ་བི་ཀཿ།
གྷ་ཊི་ཀཿ། པལ་བི་ཀཿ། བཱ་ཧུ་ཀཿ། ཏཱི་རྠི་ཀཿ། བུད་མེད་ལ། ནཱ་བི་ཀྲ། ཏཱིརྠི་ཀཱ་སྤྱོད་དོ། །མངོན་པར་རྗོད་པ་ལ་བྱེད་པ་ལས་ཋཀ་འགྱུར་ཏེ། སྤྱོད་པ་ནི་ཟ་བ་དང་འགྲོ་བ་ལ་འཇུག་གོ། །ཞོ་ཡིས་སྤྱོད་པ་ནི། དཱ་དྷི་ཀཿ། ཤངྒ་བེ་རི་ཀཿ། རྟས་སྤྱོད་པ་ནི། ཨ་ཤྭི་ཀིཿ། ཀ་ར་ཎ་ལས་ཞེས་པ་ཉིད་དེ། ས་ཧ་པུ་ཏྲེ་
Vol. 194 · folio 260b
ཎཙ་ར་ཏི། ཅི་ལྟར་འོ་ན་གྷཱ་ཊི་ཀཿ། ཅི་ཞེ་ན། བྱེད་པའི་དོན་དུ་བརྗོད་པར་འདོད་པ་ལས་འགྱུར་རོ། །པརྦ་སོགས་ལས་ཥྛ་ནའོ། །བྱེད་པ་ལས་སྤྱོད་པའི་དོན་དུ་འགྱུར་ཏེ། པརྦི་ཀཿ། པརྦི་ཀཱིཿ། ཨ་ཤྭི་ཀཱཾ། ཨ་ཤྭི་ཀཱི། ཨ་ཀ་ཥི་ཀཿ། ཨ་ཀ་ཥི་ཀཱི། ཨཱ་ཀ་ཥ་ཞེས་པ་བྱ་བ་ནི་གསེར་བརྟགས་
པའི་དོན་དུ་རྡོལ་བ་དང་དར་བ་ལ་བརྗོད་དོ། །རྐང་པ་དག་གིས་སྤྱོད་པ་ནི། བ་དི་ཀཱཿ། པ་དི་ཀཱི། ཧི་མ་ཧ་ཏི་ཀཱ་ཤཥྛི་ན་ལ་པ་ད་ཞེས་པས་དཱ་ན་ཡུལ་ལོ། །པརྦྦ་ཨ་ཤྭ། ཨ་ཤྭཏྠ། ར་ཐ། ཛཱ་ལ། བྱཱ་ས། བྱུ་ལ། པཱ་ད། ཨཱ་ཀ་ཥ། ཤ་ག་ཎ་ལས་ཡང་ནའོ། །སྤྱོད་པར་བྱེད་པའི་
དོན་ལ་ཥྛན་ཡང་ན་འགྱུར་ཏེ། ཤྭ་ག་ཎི་ཀཿ། ཤྭཱ་ག་ཎི་ཀཱི། ཤྭཱ་ག་ཎིཿ། ཤྭ་ག་ཎི་ཀཱ། བེ་ཏ་ན་སོགས་ལས་འཚོ་བར་བྱེད་དོ། །བྱེད་པ་ལས་ཋཀ་འགྱུར་ཏེ། བེ་ཏ་ན་ཡིས་འཚོ་བར་བྱེད་པ་ནི། བཻ་ཏ་ནི་ཀཿ། བཱ་ཧི་ཀཿ། བེ་ཏ་ནཿ། བཱ་ཧ། ཨརྡྷ་བཱ་ཧ། བཻ་ཤ། །ཨུ་པ་བེ་ཤ། །པྲེ་ཥ་ཎ། སུ་ཁ། ཤཡྻཱ། ཨུ་པ་དེ་ཤ། །ཨུ་པ་
བཱ་ཧ། ཨུ་པ་ཧསྟ། ཨུ་པ་སྠཱ་ན། ཨུ་པ་སྠཱི། བཱ་ད། བརྟྟཱ། ཤཀྟི། །ཨུ་པ་ནི་ཥད། སྥི་ཀ །ཛཱ་ལ། བཱ་ལ། དྷ་ནུ་དང་དཎྜ་དང་དཎྜ་ལས་འདུས་པ་རྣམ་པར་གཟུང་བའི་ཕྱིར་རོ། །དྷ་ནུཥྐཿ། དཎྜི་ཀཿ། དྷ་ནུ་རྡཱཎྜི་ཀཿ། བསྣ་ཀྲ་ཡ། བི་ཀྲ་ཡ་ལས་ཋནའོ། །དེ་ཡིས་འཚོ་བའི་དོན་འདི་ལ་འགྱུར་ཏེ། བསྣ་ཡིས་འཚོ་བར་བྱེད་པ་ནི།
བསྣི་ཀ ། ཀྲ་ཡི་ཀ །བི་ཀྲ་ཡི་ཀཿ། ཀྲ་ཡཿ། ཨཱ་ཡུ་དྷ་ལས་ཚའང་ངོ་། །ཨཱ་ཡུ་དྷའི་སྒྲ་ལས་ཚར་འགྱུར་ཏེ། འང་ཡིག་ལས་ཋནའོ། །མཚོན་ཆས་འཚོ་བ་ནི། ཨཱ་ཡུ་དྷི་ཀཿ། ཨཱ་ཡུ་དྷཱི་ཡཿ། བྲཱ་ཏ་ལས་ཁཉའོ། །རིགས་སྣ་ཚོགས་པའི་མ་ངེས་པའི་སྤྱོད་པ་དང་ལུས་ཀྱི་སྒྱུ་མ་དང་འཚོ་བའི་འདུས་
པ་གང་ཡིན་པ་དེ་རྣམས་ནི་བྲཱ་ཏ་སྟེ་དེ་དང་འབྲེལ་བ་ཡང་བྲ་ཏའོ། །དེས་འཚོ་བའི་དོན་ལ་ཁཉ་འགྱུར་ཏེ། བརྟུལ་ཞུགས་ཀྱིས་འཚོ་བ་ནི། བྲཱ་ཏིའི་ནཿ། ཧ་རི་ཏི་ལ་ཨུཏྶཾ་ག་སོགས་ལས་སོ། །ཨུཏྶཾ་སོགས་ལས་བྱེད་པ་ལས་འཕྲོག་པར་བྱེད་པའི་དོན་ཋཀ་འགྱུར་ཏེ། པང་པས་འཕྲོག་པ་ནི། ཨཽཏྶཾ་གི་ཀཿ། ཨཽ་ཌུ་
པི་ཀཿ། བྷ་རི་ཀཿ། ནཱ་བི་ཀཿ། ཨུཏྶངྒ། ཨུ་ཌུ་པ། བྷཱ་ར་ནཽ། ཨུཏྟ་པ། ཨུཏྤུ་ཌ་པི་ཊ་ཀ །པིཊཱ་ཀཿ། བྷསྟ་སོགས་ལས་ཥྛནའོ། །བྱེད་པ་ལས་འཕྲོག་པའི་དོན་ལ་འགྱུར་ཏེ། བྷསྟྲ་ཡིས་འཕྲོག་པ་ནི། བྷསྟྲི་ཀཱི །བྷསྟི་ཀཱི། བྷ་ར་ཊི་ཀ །བྷ་ར་ཌི་ཀཱི །བྷསྟྲཱ། བྷ་ར་ཊ། བྷ་ར་ཎ། ཤཱིཪྵ་བྷཱ་ར། ཨཾ་ཤབྷཱ་ར
Vol. 194 · folio 261a
བི་བ་བྷ། བཱི་བ་དྷ་ལས་ཡང་ནའོ། །གསུམ་པའི་མཐའ་ལས་འཕྲོག་པའི་དོན་ལ་ཥྛན་འགྱུར་ཏེ། ཕྱོགས་གཅིག་ལ་ཋཀའོ། །བི་བདྷ་ཡིས་འཕྲོག་པ་ནི། བི་བ་དྷི་ཀཿ། བི་བ་དྷི་ཀཱི །བཻ་བ་དྷ་ཀིཿ། བཻ་བ་དྷི་ཀཱི །བི་བ་དྷ་དང་བཻ་བ་དྷའི་སྒྲ་དག་དོན་མཚུངས་པ་ཉེ་བར་སྡུད་པ་འཇུག་
གོ། །ཀུ་ཊི་ལ་ཀཱ་ལས་ཨཎའོ། །བྱེད་པ་ལས་འཕྲོག་པའི་དོན་ལ་འགྱུར་ཏེ། གྱ་གྱུའི་འགྲོས་ཀྱིས་རྔོན་པ་འཕྲོག་པར་བྱེད་པ་ནི། ཀཽ་ཀྲི་ལི་ཀཿ། རི་དགས་སོ། །ཀཽ་ཊི་ལི་ཀཱི །ཚོགས་ཅན་མའོ། །ཨཀྵ་དྱུ་ཏ་ལས་དྲིན་པ་ལའོ། །བྱེད་པ་ལ་ཋཀ་འགྱུར་ཏེ། ཆོ་ལོའི་རྒྱན་པོ་རྩེས་ཟིན་པ་ནི་ཨཱཀྵཱ་དྱུ་ཏི་ཀཾ །
དགྲ་བོ་ནི་ཛཾ་གྷཱ། པྲཱ་ཀི་ཏི་ཀཾ ། ཨཀྵ་དྻུ་ཏ། ཛཾ་གྷཱ་པྲ་ཧྲི་ཏ། པྲཱ་ད་སེ་ད་ན། ཀ་ཎྚ། ཀ་མརྔ་ན། ག་ཏཱ་པ་ག་ཏ། ག་མཱ་ག་མ། ཡཱ་ཏཱ་ཡཱ་ཏ། ཀྟྲི་དང་དངོས་པོ་ལས་ཨི་མས་འོ། །ཀྟྲིའི་རྐྱེན་མཐའ་དང་པོའི་རྐྱེན་མཐའ་ཟིན་པ་ལས་ཨིམ་མ་བ་འགྱུར་ཀྲི་ཏི་མཾ། བཀྟྲི་མཾ། ཧི་ཏྲི་མཾ། བཙོས་ཟིན་པ་ནི། པཱ་ཀི་མཾ། སི་ཀི་མཾ།
ཀུཊྚི་མཾ། ཀྟྲི་ལས་དངོས་པོ་ཉིད་དུ་བསྒྲུབ་པའི་ཕྱིར་དངོས་པོའི་རྐྱེན་ལས་ཞེས་པ་ཉིད་ཀྱིས་གྲུབ་པ་ལས་སོ་སོར་ཉེ་བར་གཟུང་བ་ནི་གཏན་དུ་བའི་དོན་ཏོ། །ཨ་པ་མི་ཏྱ་ཡ་ཙི་ཏ་དག་ལས་ཀག་དང་ཀན་དག་གོ། །ཨ་པ་མི་ཏྱའི་སྒྲ་དང་ཡི་ཙ་ཏའི་སྒྲ་ལས་དངོས་པོའི་ཀྟའི་རྐྱེན་མཐའ་ལས་ཚར་ཟིན་གྱི་དོན་ལ་
རིམ་པ་བཞིན་དུ་ཀཀ་དང་ཀན་དག་འགྱུར་ཏེ། ཨ་པ་མི་ཏྱ་ཡིས་ཟིན་པ་ནི། ཨཱ་པ་མི་ཏྱ་ཀཾ །ནོར་རོ། །ཡཱ་ཙི་ཏ་ཡིས་ཟིན་པ་ནི། ཡ་ཙི་ཏ་ཀ་རྒྱན་ནོ། །དེ་ཡིས་བསྲེས་པ་ལའོ། །བྱེད་པ་ལས་ཟིན་པ་ལ་དེ་ཡིས་ཞེས་པ་གསུམ་པའི་མཐའ་ལས་ཋཀ་འགྱུར་ཏེ། ཞོ་དང་བསྲེས་པ་ནི། དྷ་དྷི་ཀཾ །བཻ་པྦ་ལི་
ཀཾ །བསྲེས་པ་ནི་འདྲེས་པར་བྱས་པའོ། །སྒྲུབ་པ་འདི་ནི་ཚོགས་པ་ཙམ་ལ་མ་ཡིན་པས་དེས་ན་འདིར་མི་འགྱུར་ཏེ། སྲི་པེ་ན་སཾ། སྲིཥྚ། སྣོད་དོ། །ཙུརྞ་མུདྒ་ལས་ཨི་ནི་ཨན་དག་གོ། །བསྲེས་པ་ལ་འགྱུར་ན། ཕྱེ་མ་རྣམས་དང་ཡང་དག་པར་བསྲེས་པ་ནི་ཙུ་རྞིནཿ། ཨ་པཱུ་པཱཿ། མཽངྒཿ། ཟན་ནོ། ལ་བ་ཎ་ལས་
འཇིག་གོ །བསྲེས་པ་ལ་བྱས་པའི་ཋཀ་འཇིག་པར་འགྱུར་ཏེ། ལ་བ་ཎ་ཚོད་མའོ། །ལ་བ་ཎཱ། ཐུག་པའོ། །ཨཽ་ཛས། ས་ཧས། ཨམྦྷས་ལས་འཇུག་པར་བྱེད་དོ། །འདི་རྣམས་གསུམ་པའི་མཐའ་ལས་འཇུག་པར་བྱེད་དོ་ཞེས་པ་འདིའི་དོན་ལ་ཋ་ཀ་འགྱུར་ཏེ། གཟི་བརྗིད་ཀྱིས་འཇུག་པར་བྱེད་པ་ནི། ཨཽ་ཛ་སི་ཀཿ།
Vol. 194 · folio 261b
དཔའ་བོའོ། །སྔ་ཧ་སི་ཀཿ། ཆོམ་རྐུན་ནོ། །ཨཱམྦྷ་སི་ཀཿ། ཉའོ། །པྲ་ཏི་ཨ་ནུ་དག་ལ་ཨི་པ། ལོ་མ། ཀུ་ལ་ལས་ཨཾ་ལས་སོ། །པྲ་ཏི་དང་ཨ་ནུ་སྔོན་མའི་ཨི་པ། ལོ་མ་ཀུ་ལ་རྣམས་གཉིས་པའི་མཐའ་ཅན་ལ་འཇུག་པར་བྱེད་དོ་ཞེས་འདིའི་དོན་ལ་ཋཀ་འགྱུར་ཏེ། པྲ་ཏཱི་པ་ལ་འཇུག་པ་ནི། པྲ་ཏཱི་བི་ཀཿ། ཨ་ནྲཱི་
པི་ཀཿ། པྲ་ཏི་ལོ་མི་ཀཱཿ། ཨ་ནུ་ལོ་མི་ཀྲཿ། པྲ་ཏི་ཀུ་ལི་ཀཿ། ཨཱ་ནུ་ཀཱུ་ལི་ཀཿ། བྱ་བའི་ཁྱད་པར་ཉིད་ཀྱིས་ལས་ཉིད་དོ་པྲ་རི་ལས་མུ་ཁ་དང་པར་ཤ་ལས་སོ། །གཉིས་པའི་མཐའ་ལས་འཇུག་པར་བྱེད་དོ་ཞེས་པ་འདིའི་དོན་ལ་ཋ་ཀ་འགྱུར་ཏེ། མུ་ཁཾ་མུ་ཁཾ་པ་རི་པ་རི་མུ་ཁཾ་དེ་བཞིན་དུ་པ་རི་པཱ་རཤྭཾ། དོན་ཇི་ལྟ་བ་མི་
ཟད་པའི་ཆོ་གའོ། །ཡོངས་སུ་ཕྱོགས་ཏེ་འཇུག་པ་ནི། པཱ་རི་མུ་ཁི་ཀཿ། གང་དང་གང་དུ་རྗེའོ་ཕྱོགས་པ་དེ་དང་དེར་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་པཱ་རི་པཱརྴྭ་ཀཿ། རཀྵ་ཏི་དང་ཨཉྪ་ཏིའོ། །དོན་འདི་དག་ལ་གཉིས་པའི་མཐའ་ལས་ཋཀ་འགྱུར་ཏེ། འདུས་པ་སྲུང་བར་བྱེད་པ་ནི། སཱ་མཱ་ཛི་ཀཿ།
སཱནྣི་བེ་ཤི་ཀཿ། རྒྱ་ཤུག་རྣམས་མཐོ་བ་ནི། ཨུཙྪི་ནོ་ཏི། བཱ་ད་རི་ཀཿ། ཤཱ་ཀི་ཀཿ། ཤབྡ་དང་ད་རྡ་ལས་བྱེད་དོ། །འདི་དག་ལས་བྱེད་དོའི་དོན་ལ་ཋཀ་འགྱུར་ཏེ། སྒྲ་བྱེད་དོ། །ལ་ཤཱབྡི་ཀཿ། ཚིག་གི་སྒྲ་གཟུང་གི་སྒྲ་ཙམ་ནི་མ་ཡིན་ནོ། །དཱརད་རི་ཀ ། ཀུ་ལཱ་ལཿ། རྫ་མཁན་ནོ། །པཀྵི། མཏྶྱ་མྲྀ་ག་ལས་
འཇམས་ལའོ། །པཀྵི་སོགས་གཉིས་པའི་མཐའ་ཅན་ལས་འཇོམས་སོ་ཞེས་པ་འདིའི་དོན་ལ་ཋཀ་འགྱུར་ཏེ། བཱཀྵ་ཀཿ། མཱཏྶྱི་ཀཿ། མཱརྒྷི་ཀཿ། དོན་གཙོ་བོའི་ཕྱིར་ངེས་པར་བསྟན་པ་དེའི་རྣམ་གྲངས་རྣམས་ལའང་འགྱུར་ཏེ། ཤཱ་ཀུ་ནི་ཀཿ། ཤཱ་ཕ་རི་ཀཿ། ཧ་རོ་ཎི་ཀཿ། ཤཽ་ཀ་རི་ཀཿ། འདིར་ཨ་ཛིཧྨ་ཧནྟི། ཨ་ནི་མིཥཱན་
ཧནྟི་ཞེས་པ་ལ་ཅི་ལས་མི་འགྱུར་ཞེ་ན། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཨ་ཛིཧྨཱ་ནི་རི་དགས་ཀྱི་བྱེ་བྲག་གོ། །ཨ་ནི་མི་ཁཱ་ནི་ཉའོ། །པ་རི་པནྠ་ལས་གནས་ལའང་ངོ་། །པ་རི་པནྠའི་སྒྲ་ལས་འཇོམས་སོ་དང་གནས་སོ་ཞེས་པ་འདི་དག་གི་དོན་ལ་ཋཀ་འགྱུར་ཏེ། པ་རི་པནྠ་ལ་གནས་སོའམ་འཇོམས་པ་ནི། པཱ་རི་པནྠ་ཀཿ།
པམ་པོར་བ་ནི་བནྠའོ། །རྣམ་པར་གཞག་པའི་རྣམ་གྲངས་ལས་བ་ཧི་ལའང་སྡ་བའི་འོ་ཞེས་པས་མི་ཟད་པའི་ཆོ་གའོ། །འདི་ཉིད་ཚེ་ཕྲད་ལས་པནྠར་བསྒྱུར་བའོ། །མཐའི་མཐའ་དང་པ་དཔའི་ཨ་ནུ་པ་དང་ཨཱཀྲནྡ་ལས་རྒྱུག་གོ་ལའོ་འི་དོན་ལ་གཉིས་པའི་མཐའ་ལས་ཋཀ་འགྱུར་ཏེ། དབྱུག་པ་འདྲ་
Vol. 194 · folio 262a
པའི་ལམ་ནི་མ་ཐ་སྟེ། དཎྜ་མཐའོ། །དེར་རྒྱུག་པ་ནི། དཱཎྜ་མཱ་ཐི་ཀཿ། ཤཽལྐ་མ་ཐི་ཀཿ། པ་ད་བཱི་ཀཿ། བ་དཾ་ནི་རྐང་པ་སྟེ་རྗེས་སུ་ནི་ཨ་ནུ་པ་དམ་མམ་ག་ཏའོ། །ཨ་ནུ་པ་དམ་དར་རྒྱུག་པ་ནི་ཨཱ་ནུ་བཱ་དི་ཀཿ། ཨཱཀྲནྡནྟི་ནི་འདིར་ཨཱ་ཀྲནད་ཞེས་པར་བསྒྱུར་བའོ། །གང་ཞིག་རང་ཉིད་སྡུག་
བསྔལ་གྱིས་གཟིར་བ་གསལ་བར་བྱེད་པ་ནི་ངུ་བར་བྱེད་པ་སྟེ་ཨཱ་ཀྲནྡ་སྟེ། སྐྱབས་འོས་པའོ། །དེར་རྒྱུག་པར་བྱེད་པ་ནི་ཨཱ་ཀྲནྡ་ཀཿ། པ་དའི་མཐའ་དང་པྲ་ཏི་ཀཎྛ་ཨཱརྠ་ལ་ལཱ་མ་ལས་འཛིན་ནོ། །པ་ད་དང་ཨུཏྟ་ར་བ་ད་ལས་གཉིས་པའི་མཐའ་དང་པ་ཏི་ཀཎྛ་སོགས་རྣམས་ལས་འཛིན་པའི་ཋཀ་འགྱུར་ཏེ། པཽརྦ་
བ་ཏིཀ །ཨཽཏྟ་ར་པ། བ་དི་ཀཿ། པྲཱ་ཏི་ཀཎྛི་ཀཿ། ཨཱརྠི་ཀཿ། ལ་ལཱ་མི་ཀཿ། ཀཎྛཾ་ཀཎྛཾ་ཀཎྛཾ། པྲ་ཏི་པྲ་ཏི་ཀཎྛཾ། དོན་ཇི་ལྟ་བ་མི་ཟད་པའི་ཆོ་གའོ། །ཡང་ན་མཚན་ཉིད་ཀྱིས་ཨ་བྷི་པྲ་ཏི་དག་གོ། །ལ་ལཱ་མཾ། མཚན་མ་སྟེ་རྒྱལ་མཚན་དང་མགུལ་རྒྱན་ནོ། །སྨད་པ་ལའོ། །འཛིན་པར་བྱེད་དོ། །གཉིས་
མཐའ་ཅན་ལས་ཋཀ་འགྱུར་ཏེ། དྭཻ་གུ་ཎི་ཀཿ། ཏྲཻ་གུ་ཎི་ཀཿ། རྒན་པོའི་ནོར་གྱི་བར་དུ་བྱིན་པ་དེས་ལས་གཉིས་འགྱུར་སུམ་འགྱུར་དུ་འཛིན་པར་བྱེད་པ་ནི། མལླ་ཏེ་སྨད་པའོ། །འདི་ལྟ་བུ་འཛིན་པར་བྱེད་པའི་བསྟན་བཅོས་སུ་བཀག་པའི་ཕྱིར་རོ། །བྲྀདྷི་ལས་བྲྀ་དྷ་ཥ་ལས་སོ། །ཋཀ་སྦྱོར་བར་འགྱུར་
ཏེ། འཕེལ་བ་འཛིན་པ་ནི། བཱརྡྷུ་ཥིཀཿ། བྲྀདྷུ་ཥིའི་སྒྲ་ཡིས་གྲུབ་པ་བརྗོད་པ་ནི་བིདྡྷི་ཐོས་པ་བཟློག་པའི་དོན་ཏོ། །དེ་ཤཻ་ཀ་ད་ཤ་ཀུ་ཤཱི་ར་ལས་ཋཊའོ། །འདི་དག་ལ་སྨད་པ་འཛིན་ནོ་ལ་ཋཊ་འགྱུར་ཏེ། དེ་ཤཻ་ཀ་ད་ཤ་ནི་བཅུ་གཅིག་པའི་དོན་མངོན་པར་རྗེད་བྱེད་དེ་འདི་ཉིད་ཚིག་ཕྲད་པ་ལས་ལེགས་པའོ། །
ད་ཤཻཀཱ་ད་ཤི་ཀཿ། ཀཽ་ཤི་ཀཱ་དང་ཤ་ཀཿ། ཀཽ་ཤཱི་དི་ཀཿ། ཤིན་ཏུ་འཕེལ་བ་དང་ཐ་མའི་བུ་ལོན་སྦྱིན་པར་མི་ནུས་པའི་ཀུ་ཤི་ད་སྟི་བུ་ལོན་བྱེད་པ་ཉིད་ཀུར་ཤཱི་དར་མངོན་པར་བརྗོད་དོ། །དེ་འཛིན་པར་བྱེད་པ་ནི་མལླ་སྟེ་སྨད་པའོ། །དྷརྨ་ཨ་དྷརྨ་ལས་སྤྱོད་དོ། །མངོན་པར་བརྗོད་པ་གཉིས་པའི་མཐའ་ལས་ཋཀ་འགྱུར་ཏེ།
ཆོས་སྤྱོད་པས་བསྟེན་པར་བྱེད་པ་ནི། དྷཱརྨི་ཀཿ། ཨཱ་དྷརྨི་ཀཿ། པྲ་ཏི་པ་ལས་ཡ་ཏ་ལ་ཋན་འང་ངོ་། །ཋཀ་འགྱུར་ཏེ་འང་ཡིག་ལས་ཋན་འང་ངོ་། །ལམ་སོ་སོ་ཞེས་པ་ལ་པྲཱ་ཏི་པ་ཋི་ཀཿ། པྲཱ་ཏི་པ་ཋི་ཀཿ། འདུས་པའི་དོན་ལ་འདུ་བར་བྱེད་དོའི་དོན་ལ་གཉིས་པའི་མཐའ་ལས་ཋཀ་འགྱུར་ཏེ། འདུས་
Vol. 194 · folio 262b
པ་འདུ་བར་བྱེད་དོ་ལ། སཱ་མཱ་ཛི་ཀཿ། སཱ་མཱ་བཱ་ཡིཀཿ། སུ་མུ་ཧི་ཀཿ། ས་མུ་དཱ་ཡ་ཀཿ། འདུ་བར་བྱེད་དོ་ཞེས་པ་ནི་དེའི་ཕྱོགས་གཅིག་ལ་འགྱུར་རོ་ཞེས་པའི་དོན་ཏོ། །པ་རི་ཥ་ད་ལས་ཎྱའོ། །འདུ་བར་བྱེད་དོ་ལ་འགྱུར་ཏེ། འཁོར་འདུ་བར་བྱེད་དོ་ལ། པཱ་རི་ཥ་དྱཿ། ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་
གཞན་མ་ཡིན་པ་བཞིན་ནོ་ཞེས་པའི་རིགས་པས་པཪྵད་ལས་ཀྱང་འགྱུར་ཏེ། པཱཪྵ་དྱཿ། སེ་ནཱ་ལས་ཡང་ནའོ། །སེ་ནའི་སྒྲ་ལས་འདུ་བར་བྱེད་དོ་ལ་ཡང་ན་ཎྱ་འགྱུར་ཏེ། སེ་ནྱཿ། སེ་ནི་ཀཿ། སེ་ནི་ཀཿ། སེ་ནྱ་ཞེས་པ་ནི་ཙཱ་རུརྦརྞྱ་སོགས་ཉིད་ཀྱི་ཕྱིར་ཥྱཉའོ། །ལཱ་ལཱ་ཌི་ཀ། ཀོཀྐུ་ཊི་ཀ་དག་གོ། །འདི་དག་
ཚིག་ཕྲད་དེ། དཔྲལ་བ་བལྟ་བར་བྱེད་པ་ནི། ལཱ་ལཱ་ཌི་ཀཿ། གང་ཞིག་བསྟན་པའི་རྗེའི་བྱ་བ་དུས་སུ་ཉེ་བར་མི་གནས་པ་ན་དཔྲལ་བ་ཉིད་ཀྱིས་ཁྲོ་བ་དངས་པའི་མཚན་མ་མཚོན་པའི་ཕྱིར་ཡང་དག་པར་ལྟ་བར་བྱེད་པ་ལའོ། །བྱ་གག་བཞིན་ལྟ་བར་བྱེད་པ་ནི། ཀཽཀྐུ་ཌཱི་ཀཿ། ཀཀྐུ་ཊཱིའི་སྒྲ་ཡིས་བྱ་གག་གིས་
རྐང་པས་མཚོན་པའི་ཕྱོགས་མངོན་པར་བརྗོད་དོ། །གང་ཞིག་དགེ་སློང་རྣམ་པར་མི་གཡེང་བ་ནི་རྐང་པ་འདོར་བའི་ཕྱོགས་སུ་མིག་ཡང་དག་པར་བསྡམས་ཏེ་འགྲོ་བར་བྱེད་པ་དེ་ནི་ཀཽཀྐུ་ཊི་ཀཿ། གང་ཡང་རྣམ་པ་དེ་ལྟ་བུའི་བདག་ཉིད་མ་ཡིན་པ་རྣམས་དེ་ལྟ་བུར་སྟོན་པར་བྱེད་པ་དེ་ནི་ཚུལ་འཆོས་ཀྱི་སྤྱོད་པ་
པའམ་ཀུཀྐུ་ཊཱི་ཞེས་བརྗོད་དོ། །དེས་སྤྱོད་པར་བྱེད་པ་ནི་ཀཽཀྐུ་ཊ་ཀཿ། འདི་དག་ནི་དོན་གྱི་ཚོགས་ཀྱི་ཚིག་ཕྲད་ལས་ཐོབ་བོ། །པར་དཱ་ར། སུ་སྣ་ཏ། མཱ་ཤབྡ་སོགས་རྣམས་ལས་འགྲོ་བ་དང་དྲི་བ་དང་སྨྲ་བ་རྣམས་ལའོ། །སོགས་ཀྱི་སྒྲ་ནི་རེ་རེ་ཞིང་མངོན་པར་སྦྱར་ཏེ། འདི་རྣམས་གཉིས་པའི་མཐའ་
ལས་རིམ་པ་བཞིན་དུ་ཋཀ་ཀ་འགྱུར་ཏེ། གཞན་གྱི་ཆུང་མ་ལ་འགྲོ་བ་ནི། པཱ་ར་དཱ་རི་ཀཿ། བླ་མའི་ཆུང་མ་འཕྲོག་པ་ཉིད་ཉེ་བར་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །པ་ར་དཱ་ར། གུ་རུ་ཏལྦ་ལེགས་པར་བཀྲུས་ཏེ་འདྲི་བར་བྱེད་པ་ནི། སཽ་སྣཱ་ཏི་ཀཿ། བཀྲ་ཤིས་འདོན་པ་པོ་ཉིད་བརྗོད་དེ་གཞན་ལ་མ་ཡིན་ནོ། །
སཽ་ཁར་རཱ་ཏྲི་ཀཿ། སཽ་ཁ་ཤ་ཡྻི་ཀཿ། སུ་སྣ་ཏ་སུ་ཁ་རཱི་ཏྲི། སུ་ཁ་ཤིཡྻ། མཱའི་སྒྲ་སྨྲ་བ་ནི། མཱ་ཤབྡི་ཀཿ། རྟག་པའི་སྒྲ་སྨྲ་བ་ནི། ཀཱཪྻ་ཤབྡི་ཀཿ། ཚིག་ལ་སོགས་པའམ་ཋཀའི་སྒྲུབ་པའི་བསྡུ་བ་ནི་ཚོགས་སུ་བཀླགས་པ་ཉིད་ལས་སོ། །མང་པོ་སྨྲ་བ་ནི། པཱ་བྷཱུ་ཏི་ཀཿ། གཅེར་བུའི་སྤྱོད་པ་མངོན་པར་
Vol. 194 · folio 263a
བརྗོད་པ་ནི། པྲབྷུ་ཏཾ་ཞེས་སོ། །བྱ་བའི་ཁྱད་པར་ནི་པཪྻཱ་བྷི་ཀཿ། མཱ་ཤབྡ། ནིཏྱ། ཤབྡ། ཀཱཪྻ་ཤབྡ། པྲ་བྷཱུ་ཏ། པཪྻཱཔྟ། ངས་ལས་ཆོས་ལུགས་ལའོ། །ཆོས་ལུགས་ནི་འདིར་ཀུན་སྤྱོད་ལ་མངོན་པར་འདོད་དེ། དེ་དང་ལྡན་པའི་ཆོས་ལུགས་ཀྱི་རིགས་བ་ཞེས་པའི་བར་རོ། །དེ་མངོན་
པར་བརྗོད་པ་ལ་ངས་ལས་ཞེས་པ་དྲུག་པའི་མཐའ་ལས་ཋཀ་འགྱུར་ཏེ། ལག་ཅན་པའི་ར་བའི་ཆོས་ལུགས་ནི། ཤཽལྐ་ཤཱ་ལི་ཀཾ །ཨཱ་པ་ཎི་ཀ །ཨཱ་ཏ་རི་ཀཾ །གཽལླི་ཀཾ། རི་དང་མ་ཧིཥ་སོགས་རྣམས་ལས་ཨཎའོ། །རྀ་ཡིག་མཐའ་དང་མ་ཧི་ཥཱ་སོགས་རྣམས་ལས་ཀྱང་ཆོས་ལུགས་ཀྱིས་དོན་ལ་ཨཎ་འགྱུར་ཏེ།
སྦྱིན་སྲེག་མཁན་གྱི་ཆོས་ལུགས་ནི་ཧཽ་ཏྲཾ། ཨཽ་ད་གཱ་ཏཾ། མཱ་ཧི་ཥཾ། པྲཱ་ཛཱ་པ་ཏམ། མཱ་ཧི་ཥཱི། པྲ་ཛཱ་བ་ཏཱི། བི་ལི་པི་ཀཱ །ཨཱ་ནུ་ལེ་པི་ཀཱ། པུ་རོ་ཧི་ཏཱ། མ་ཎི་པཱ་ལཱི། ཨ་ནུ་ཙཱ་ར་ཀཱ །ཡ་ཛ་མཱན། ན་ར། ནིའི་སྒྲ་ལས་ཨཎ་གྲུབ་པ་ལ་ན་རའི་སྒྲ་བཀླག་པ་ནི་ཋཀ་བཟློག་པའི་དོན་ཏོ། །བཻ་ཤསྟྲི་དང་། བཻ་བྷྲ་ཛ་ཊི་ལའོ། །
བཻ་ཤསྟྲི་དང་བཻ་བྷཱ་ཛི་ཏྲྀ་ལས་ཆོས་ལུགས་ཀྱི་དོན་ལ་ཨིཊ་ལས་ཨཎ་དང་ཙ་ཡང་དབྱི་བ་ཚིག་ཕྲད་དེ། བཻ་ཤསྟྲཾ། བཻབྷཱ་ཛ་ཏྲ་མ། ཨ་བ་ཀྲཱི་ལའོ། །མཚམས་སུ་བྱས་ན་ཉོ་བར་བྱེད་འཛིན་པར་བྱེད་པ་ནི་འདི་ཡིས་ཞེས་པ་ཀུན་ཏུ་བརྗེ་བ་ནུས་པས་བསྡུས་པ་དེ་མངོན་པར་བརྗོད་པ་ལ་དྲུག་པའི་མཐའ་ལས་
ཋཀ་འགྱུར་ཏེ། ཤོ་གམ་གྱི་ར་བའི་ཀུན་དུ་བརྗེ་བ་ནི། ཤཽལྐ་ཤཱ་ལི་ཀཿ། གཽལླི་ཀཿ། འཇིག་རྟེན་གཟིར་བས་ཀྱང་འཛིན་པ་སྲིད་པའི་ཕྱིར་རོ། །ངས་ལས་ཆོས་ལུགས་ཞེས་པས་མི་ཐོབ་པ་ལ་བརྗོད་པའོ། །སུ་ལས་ཚོང་ཟོང་ལ་འདིའོ། །སུ་ལས་ཞེས་པ་དང་པོའི་མཐའ་ལས་ཚོང་ཟོང་བརྗོད་པ་ལ་འདིའི་ཞེས་
པའི་དོན་ལ་ཋཀ་འགྱུར་ཏེ། འདིའི་ཚོང་ཟོང་ལ་ཨ་པཱུ་པ་ཡིན་པ་ནི། ཨ་པཱུ་པི་ཀཿ། ཤཥྐུ་ལི་ཀཿ། ལཱ་བ་ཎི་ཀཿ། མཱ་ལི་ཀཿ། ཤཽཎྜི་ཀཿ། ཤཽ་ལཱི་ཀཿ། ཚོང་ཟོང་ནི་བཙོང་བར་བྱ་བ་ལ་བརྗོད་དོ། །ཤི་ཤར་སོགས་རྣམས་ལས་ཥྛནའོ། །ཚོང་ཟོང་རྣམས་ལས་འདིའི་ཞེས་པའི་དོན་ལ་དང་པོའི་མཐའ་ལས་འགྱུར་
ཏེ། འདིའི་ཚོང་ཟོང་གི་ཤ་ར་ཡིན་པ་ནི། ཀི་ཤ་རི་ཀཿ། ཀི་ཤ་རི་ཀཱི །ནལ་དིཀཿ། ན་ལ་དི་ཀཱི །ཀེ་ཤ་ར། ན་ལ་ད། སྠ་ག་ཏ། ཏ་ག་ཏ། གུགྒུ་ལུ། ཨུ་ཤྲཱི་ར། ཧ་རི་དྲཱ། ཧ་རི་དྲཱུ་པརྞཱི་བ་ད་ར། ཀི་ཤར་ལ་སོགས་པ་རྣམས་དྲིའི་རྫས་བརྗོད་པའོ། །ཤ་ལཱ་ལུ་ལས་ཡང་ནའོ། །ཚོང་ཟོང་ལས་དང་པོའི་མཐའ་ལས་དྲུག་
Vol. 194 · folio 263b
པའི་དོན་ལ་ཥྛ་ན་ཡང་ན་འགྱུར་ཏེ། འདིའི་ཚོང་ཟོང་ཤ་ལཱ་ལུ་ཡིན་པ་ནི། ཤ་ལཱ་ལུ་ཀཿ། ཤ་ལཱ་ལུའི་སྒྲ་དྲིའི་རྫས་ཡོད་པའོ། །བཟོ་བོའི་ཡུལ་ལས་སོ། །དང་པོའི་མཐའ་ལས་འདིའི་ཞེས་པས་དོན་ལ་ཋཀ་འགྱུར་ཏེ། འདི་རྔ་བཟོ་བའི་ཡུལ་ཡིན་པ་ནི། མཱརྡཾ་གི་ཀཿ། བཻ་ཎ་བི་ཀཿ། པཱཎ་བི་ཀཿ། གང་ཡང་རྔ་ལ་
སོགས་པ་རོལ་མོའི་བྱ་བ་ཤེས་པའི་ཁྱད་པར་ནི་ཀཽ་ཤ་ལཾ་སྟེ། བཟོ་བོ་མངོན་པར་བརྗོད་དོ། །དེ་ཡང་བྱ་བ་ཁོ་ན་ཡུལ་གྱི་གཙོ་བོའོ། །དེ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ཕྱིར་རྔ་ལ་སོགས་པ་ཉིད་དུ་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་བྱུང་བའི་རྐྱེན་གྱིས་དེའི་བཟོ་བོ་ཉེ་བར་འཚོ་བའི་མངོན་བརྗོད་བསྟན་པའི་ཕྱིར་རོ། །
མཌྜུ་ཀ་དྡྷརྫྷ་ར་ལས་ཨཎའོ། །དང་པོའི་མཐའ་ལས་གཟོ་བོའི་ཡུལ་ལ་འདིའི་ཞེས་པའི་དོན་ལ་ཨཎ་ཡང་ན་འགྱུར་ཏེ། མཱུཌྜུ་ཀི་ཀཱཿ། ཛྷཱརྫྷ་རི་ཀཿ། མཱཌྜུ་ཀཿ། ཛྷཱརྫྷ་རཿ། མཚོན་ཆ་རྣམས་ལས་སོ། །དང་པོའི་མཐའ་ལས་དྲུག་པའི་དོན་ལ་ཋཀ་འགྱུར་ཏེ། འདིའི་མཚོན་ཆ་རལ་གྲི་ཡིན་པ་ནི། ཨཱ་སཱི་ཀཿ།
ཙཱ་ཀྲཾ་ཀཿ། དྷཱ་ནུཥྐཿ། པཱ་ར་ཤྭ་དྡྷི་ཀཿ། ཤཀྟི། །ཡཥྚི་ལས་ཊཱིཀ་ཀའོ། །འགྱུར་ཏེ། འདིའི་མཚོན་ཆ་ཤཀྟི་ཡིན་པ་ནི། ཤཱཀྟཱི་ཀིཿ། ཤཱཀྟཱི་ཀིཿ། ཡཱཥྚཱི་ཀཱཿ། ཡཱཥྚཱ་ཀིཿ། ཨསྟི་ནཱསྟི། དཥྚ་ལས་ལྡན་པ་ཞེས་པ་ལའོ། །ཨསྟི་སོགས་རྣམས་ལས་འདི་ལྡན་པ་ཞེས་པ་འདིའི་དོན་ལ་ཋཀ་འགྱུར་ཏེ།
འདིའི་ཡོད་པ་དང་ལྡན་པ་ནི། ཨཱསྟི་ཀཿ། ནཱསྟི་ཀཿ། སྐལ་པ་ནི་སྔོན་བྱས་པའི་དགེ་བ་དང་མི་དགེ་བ་སྟེ། འདི་དང་ལྡན་པ་ནི་དཻཥྚེ་ཀཿ། ལྷ་དང་སྐྱེས་བུའི་བྱེད་པ་གཞན་གྱིས་སྟོང་པར་བརྗོད་དོ། །ལྡན་པ་གང་ཞིག་ཚད་མའི་མཐར་ལྷུང་བ་ཡང་མ་ཡིན་ཏེ། དེཥྚའི་སྒྲ་ནི་ཚད་མའི་དོན་དུ་བསྟན་པའི་ཕྱིར་
རོ། །ངང་ཚུལ་ལས་སོ། །ངང་ཚུལ་གྱི་ཡུལ་ལས་དང་པོའི་མཐའ་ལས་དེའི་འདི་ཞེས་པ་འདིའི་དོན་ལ་ཋཀ་འགྱུར་ཏེ། འདིའི་ཡུལ་ལ་པཱུ་པའི་ངང་ཚུལ་ནི་ཨཱ་པཱུ་པི་ཀཿ། པཱ་རུ་ཥི་ཀཿ། ཨཱ་ཀྲོ་ཤི་ཀཿ། ཀཱ་རུ་ཎིཀཿ། འབྲས་བུ་ལྡན་པ་ལ་ལྟོས་པ་ཉིད་ཀྱིས་ཡོངས་སུ་བསྟེན་པ་ནི་ངང་ཚུལ་ལོ། །ཙྪ་ཏྲ་
སོགས་རྣམས་ལས་ཨཎའོ། །ངང་ཚུལ་རྣམས་ལས་འདིའི་དོན་ལ་འགྱུར་ཏེ། འདིའི་ངང་ཚུལ་གདུགས་དང་འདྲ་བས་ན་གདུགས་ཀྱི་རང་བཞིན་ཏེ། ཙྪ་ཏྲཿ། ཅི་ལྟར་གདུགས་ནི་ཚ་གདུང་ལ་སོགས་པ་སྐྱོབ་པར་བྱེད་པ་དང་བདེ་བའི་རྒྱུར་གྱུར་པ་དེ་བཞིན་དུ། སློབ་མ་ཡང་བླ་མའི་སྐྱོན་སྒྲིབ་པར་བྱེད་པ་
Vol. 194 · folio 264a
དང་བདེ་བའི་རྒྱུར་གྱུར་པས་ན་གདུགས་ཀྱི་ངང་ཚུལ་དུ་འགྱུར་རོ། །དེ་བཞིན་དུ། ཤཻཀྵཿ། ཏ་པ་སཿ། ཙཽ་རཿ། འདིའི་ལ་ཎའི་རྐྱེན་ནོ་ཞེས་གཞན་ནོ། །ཙྪ་ཏྲ། ཤཀྵཱི། བྷིཀྵ། །དྷུཀྵཱ། པུ་རོད་ཙུར། ཨུད་སྠཱ་ན། ཀྲྀ་ཀརྨ། བི་ཤྭདྷཱ། ཏ་པས། སཏྱ། ཨ་ནྲྀ་ཏ། བི་ཤི་ཀ །སྠཱ། སྠཱའི་སྒྲ་འདི་
ཨནྟ་དང་པྲ་ལ་སོགས་པ་སྔོན་མའི་ཨང་གི་མཐའ་གཟུང་ངོ་། །དེས་ན་ཨནྟ་ཐཱ། ཨུ་པསྠཱ། སུ་སྠཱ། ཨེ་ཀཱ་ནྱ་སོགས་ལས་ལས་དང་ཨ་དྷ་ཡན་བྲྀཏྟ་ལས་སོ། །ཨེ་ཀཱ་ནྱ་སོགས་ལས་ལས་དང་དད་པོའི་མཐའ་ལས་འདིའི་ཞེས་པ་འདིའི་ཡུལ་ལ་ཋཀ་འགྱུར་ཏེ། དེ་ཡང་གལ་ཏེ་ཨེ་ཀཱ་ནྱ་སོགས་ཨ་དྷྱ་ཡ་ནའི་ཡུལ་
ལ་འཇུག་པར་གྱུར་པ་ནའོ། །ཨེ་ཀ་ནྱཏ་ཀྱི་ལས་ལྷག་པར་འདོན་པ་ལ་འཁྲུལ་བའི་གཟུགས་མི་ཀློག་པའི་བདག་ཉིད་ལ་འདི་འཇུག་པ་ནི། ཨེ་ཀཱ་ནྱ་ཀིཿ། དྲི་ཡ་ནྱི་ཀཿ། ཨེ་ཀ་གྲནྠི་ཀཿ། ཨེ་ཀ་རཱུ་པི་ཀཿ། ཡོངས་སུ་བརྟག་པའི་དུས་སུ་ཡང་དག་པར་ཀློག་པ་ལ་ལྟོས་ནས་གཞན་གྱི་ལས་སུ་གྱུར། མི་ཀློག་པའི་
བདག་ཉིད་འཁྲུལ་བའི་གཟུགས་ཉིད་རབ་ཏུ་སྦྱོར་བའི་ནུས་པ་ལས་ཐོབ་བོ། །ཨདྷྱ་ཡན་ལ་ཞེས་པ་ཅི་ཞེ་ན། ཨེ་ཀ་མ་ནྱཏ་འདི་ལས་འཁྲུལ་བར་འགྲོ་བ་ལའོ། །ཨཙ་མང་པོའི་ཚིག་སྔ་མ་ལས་ཋནའོ། །ཨཙ་མང་པོ་ཚིག་སྔ་མ་ལས་ཨེནྱ་སོགས་ལས་ཋན་འགྱུར་ཏེ། དེ་གལ་ཏེ་ལས་བརྗོད་པ་ལས་
འཇུག་པར་འགྱུར་ནའོ། །འདི་ལས་གཞན་བཅུ་གཉིས་འདོན་པ་ལ་འཇུག་པ་ནི་དྭཱ་དི་ཤཱ་ནྱི་ཀཿ། ཏྲ་ཡོད་ཤཱནྱི་ཀཿ། བྷཀྵྱ་ལས་ཧི་ཏ་ལའོ། །དང་པོའི་མཐའ་ལས་འདིའི་ཞེས་པའི་དོན་ལ་ཋཀ་འགྱུར་ཏེ། འདི་ལ་པཱུ་པ་ལ་ཕན་པ་ནི། ཨཱ་པཱུ་པི་ཀཿ། ཤཱཥྐུ་ལི་ཀཿ། སྦྱིན་བྱ་ལས་ངེས་སྦྱོར་དང་ཡང་
དག་པར་རབ་ཏུ་སྦྱིན་པ་ལའོ། །སྦྱིན་བྱ་ལས་དང་པོའི་མཐའ་ལས་ངེས་སྦྱོར་རྟོགས་པར་བྱེད་པ་དང་ཡང་དག་པར་རབ་ཏུ་སྦྱིན་པ་མངོན་པར་བརྗོད་པ་ལ་ཋཀ་འགྱུར་ཏེ། འདིའི་ཆེད་དུ་ཟས་མཆོག་སྦྱིན་པ་ངེས་པར་སྦྱོར་བ་ནི། ཨཱ་གྲ་བྷོ་ཛ་ནི་ཀཿ། པྲཱ་ཐ་མ་ཕ་ལི་ཀཿ། ཨ་པཱུ་ཕི་ཀཿ། ཤཱ་ཎི་ཀཿ། མཾ་སཽད་ནི་ཀཿ།
ངེས་སྦྱོར་ནི་ངེས་པའི་དངོས་པོ་སྟེ། དེ་ཡང་སྦྱིན་བྱའི་ཁྱད་པར་རོ། །ཨོད་ན་ལས་ཋཊའོ། །འགྱུར་ཏེ། འདིའི་ཆེད་ཟན་སྦྱིན་པ་ལ་ངེས་པར་སྦྱོར་བ་ནི། ཤཽལྐ་ཤཱ་ལི་ཀཿ། དཽ་བཱ་རི་ཀཿ། ངེས་སྦྱོར་ནི་འདི་ལྷག་པར་བྱེད་པ་ལ་བརྗོད་དོ། །ཨཱ་གཱ་རའི་མཐའ་ལས་ཋནའོ། །བདུན་པའི་མཐའ་ལས་ངེས་སྦྱོར་ལ་
Vol. 194 · folio 264b
འགྱུར་ཏེ། དེ་བཱ་གཱ་རི་ཀཿ། ཀོཥྛ་ག་རི་ཀཿ། ཡུལ་ཡིན་པ་ལས་ཀློག་པ་ལའོ། །ཡུལ་དང་དུས་མ་ཡིན་པ་བརྗོད་པ་བདུན་པའི་མཐའ་ལས་ཀློག་པ་མངོན་པར་བརྗོད་པ་ལ་ཋཀ་འགྱུར་ཏེ། དུར་ཁྲོད་དུ་ཀློག་པ་ནི། ཤམ་ཤ་ནི་ཀཿ། ཙཱ་རུཥྤ་ཋི་ཀཱ །དུས་མ་ཡིན་པ་ལས་ནི། ཙཱ་ཏུརད་ཤི་ཀཿ། ཨཱ་མཱ་བཱ་སྱི་ཀཿ། ཡུལ་
དུས་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཤྲུགྷྣེ྅དྡྷཱི་ཏེ། པཱུརྦཱ་ཧྞེ྅དྷཱི་ཏེ། འདིར་འདོན་པ་བཀག་པའི་ཡུལ་དང་དུས་ནི། ཡུལ་དུས་མ་ཡིན་པར་མངོན་པར་འདོད་དེ། བཟའ་བར་མི་བྱ་བ་དང་རིག་པར་མི་བྱ་བ་བཞིན་ནོ། །ཇི་སྐད་དུ། དུར་ཁྲོད་དུ་ནི་མི་བཀླག་སྟེ། གྲོང་མཐའ་དེ་བཞིན་ཕྱུགས་ལྷས་མིན། །ཤིང་དང་
རྟ་ལ་འཛེགས་པས་མིན། །བོང་བུ་རྔ་མོ་གླང་ཆེན་མིན། །ཚེས་བརྒྱད་ལ་ནི་མཁན་པོ་འཇོམས། བཅུ་བཞི་པ་ནི་སློབ་མ་འཇོམས། བཅོ་ལྔ་པ་ལ་ནི་རིག་པ་འཇོམས། ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །དེ་ཕྱིར་དེ་དག་རྣམ་པར་སྤང་། །དུས་སུ་བསྒྲགས་ཏེ་དུས་མིན་དུ། །མི་གང་རིག་པ་ཀློག་པ་བྱེད་པ། དེ་བཞི་ཚེ་དང་རིག་
པ་དང་། གྲགས་པ་དང་ནི་ནོར་ཉམས་བྱེད། །ཅེས་པ་ལ་སོགས་པ་རྒྱས་པར་འབྱུང་ངོ་། །ཀ་ཋི་ནའི་མཐའ་པྲསྟཱར་དང་སཾ་སྠཱ་ན་ལས་ཐ་སྙད་བྱེད་དོ། །ཀ་ཋི་ན་བདུན་པའི་མཐའ་དང་པྲསྟཱ་ར་དང་སཾ་སྠཱ་ན་དག་ལས་ཐ་སྙད་བྱེད་དོའི་དོན་ལ་ཋཀ་འགྱུར་ཏེ། འོད་མ་མཁྲང་པོས་ཐ་སྙད་བྱེད་པ་ནི། པཱཾ་ཤ་ཀ་ཋི་ན་ཀཿ། ཙཱ་ཀྲ་ཐི་ནི་ཀཿ། བ་རུ་ཌ་
སོགས་མངོན་པར་རྗོད་པ་བྱེད་པའོ། །པྲཱ་སྟཱ་རི་ཀཿ། སཱཾ་སྠཱ་ནཱི་ཀཿ། ནི་ཀ་ཊ་སོགས་ལས་བརྟུལ་ཞུགས་ལ་གནས་སོ། །ནི་ཀཊ་སོགས་ལས་བརྟུལ་ཞུགས་རྟོགས་པར་བྱེད་པ་ལ་གནས་པའི་དོན་ལ་ཋཀ་འགྱུར་ཏེ། ནི་ཀ་ཊར་གནས་པ་ནི། ནཻ་ཀ་ཊི་ཀཿ། གྲོང་ནས་རྒྱང་གྲགས་ཀྱི་གནས་སུ་གནས་པར་བྱ་བ་ནི་དགོན་
པ་ཞེས་བསྟན་བཅོས་ལས་སོ། །དེས་ཀུན་དུ་སྤྱོད་པའི་དགེ་སློང་ནི་ནཻ་ཀ་ཌི་ཀ་ཞེས་མངོན་པར་བརྗོད་དོ། ཤྨཱ་ཤཱ་ནི་ཀཿ། བཱརྐཱ་མཱུ་ལི་ཀཿ། ཨཱ་བྱ་བ་ཀཱ་ཤི་ཀཿ། ཨཱ་བས་ཐི་ཀཿ། ཨ་བ་ས་ཐི་ཀ་གཞན་ནོ། །ན་ཀཊ། ཤྨཱ་ཤཱ་ན། བྲྀཀྵ་མཱུ་ལ། ཨ་བྷྱ་བ་ཀཱ་ཤ། །ཨ་བ་ས་ཐ་ཋཀའི་མཐའ་དགང་བའོ། །ཧི་ཏ་ལས་གོང་དུ་ཡ་ཏའོ། །
ཧི་ཏ་ཡང་དག་པར་བསྒྲགས་པ་ལས་གོང་དུ་དོན་གང་ཡིན་པ་དེ་ལས་ཡ་ཏ་འགྱུར་རོ་ཞེས་རིག་པར་བྱའོ། །ཏཱིརྠ་ལས་མཚུངས་པ་སྔ་མ་ལས་སོ། །གནས་པའི་དོན་ལ་བདུན་པའི་མཐའ་ལས་ཡཏ་འགྱུར་ཏེ། མུ་སྟེགས་དང་མཚུངས་པར་གནས་སོ་ནི། ས་ཏཱིརྠྱཿ། བླ་མ་གཅིག་གོ། །མཚུངས་པ་ནི་ཕྱོགས་ལ་སོགས་
Vol. 194 · folio 265a
པ་སྟེ་དེའི་དངོས་པོའོ། །མུ་འགྲམ་བཞིན་དུ་གཙང་བར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་མུ་སྟེགས་ཏེ་སྟོན་པ་བླ་མ་བརྗོད་པའོ། །ཨུ་ད་ར་ལས་ཨུ་ཤིང་རྟ་ལའོ། །མཚུངས་པ་སྔ་མ་ཨུ་ད་ར་ལས་ཨུ་ཤིང་རྟའི་དོན་ལས་ཡཏ་འགྱུར་ཏེ། ལྟོ་མཚུངས་པར་ལོན་པ་ནི་སམཱ་ནོ་དརྱཿ། སོ་དཪྱཿ། མིང་དང་
རིགས་དང་ལྟོ་བ་དང་གཟུགས་དང་ཆོས་དང་གནས་དང་མདོག་དང་ན་ཚོད་དང་རིས་རྣམས་ལ་ཡང་ནའོ་ཞེས་པའི་རྣམ་པར་བརྟགས་པས་ས་མཱ་ན་ནི་ས་རུ་བསྒྱུར་བའོ། །ཡུ་ག་དང་པྲཱ་སངྒ་ལས་ཨམ་ལས་བྱེད་དོ། །ཨཾ་ལས་ཞེས་པ་གཉིས་པའི་མཐའ་ལས་ཡུག་དང་པྲཱ་སངྒ་ལས་བྱེད་དོའི་དོན་ལ་ཡཏ་འགྱུར་ཏེ། ཟུང་དུ་
བྱེད་པ་ནི། ཡུ་གྱཿ། པྲཱ་སངྒྱཿ། ཡུ་གཾ་ནི་ཤིང་རྟ་སོགས་འདྲེན་པའི་ཕྱིར་ཕྲག་པ་ལ་འཇོག་པའི་ཤིང་ངོ་། །པྲཱ་སངྒ་ནི་འདུལ་བའི་ཕྱིར་སྐེ་འཆིང་བའོ། དེས་ན་འདིར་མི་འགྱུར་ཏེ། ཡུ་གམ་བ་ཧ་ཏི། རྒྱལ་པོ་དང་བཅས་པའོ། །ཡང་ན་རྩོད་པ་དང་གཞན་ཉིད་དོ། །ཐོགས་པ་མེད་པར་འགྲོ་བ་ནིཔྲཱ་སངྒཿ། དེ་བྱེད་
པའོ། །ར་དང་དེའི་མཐའ་ལས་སོ། །གཉིས་པའི་མཐའ་ལས་བྱེད་དོའི་དོན་ལ་ཡཏ་འགྱུར་ཏེ། ཤིང་རྟ་ཞོན་པ་ནི། རཐྱཿ། དྭིར་ཐྱཿ། པར་ར་མ་ར་ཐྱཿ། དྷུ་རུ་ལས་ཌྷ་ཀའང་ངོ་། །གཉིས་པའི་མཐའ་ལས་བྱེད་དོའི་དོན་ལ་འགྱུར་རོ། །འང་ཡིག་སི་ཡཏའང་ངོ་། །འབད་པར་བྱེད་པ་ནི། དྷུ་རེ་ཡཿ། དྷུ་ཪྻཿ། བུད་མེད་
ལ་དྷུ་རཱི་ཞེས་པ་ཅི་ལྟར་ཞེ་ན། གོ་ར་སོགས་ཉིད་ཀྱི་ཕྱིར་རོ། །སརྦ་ཨུཏྟ་ར། དཀྵ་ཎ། པཱུརྦ་ལས་ཁའོ། །སརྦ་སོགས་སྔོན་མའི་དྷུ་ར་ལས་ཁ་འགྱུར་ཏེ། ཀུན་ལ་འབད་པར་བྱེད་དོ་ལས་སརྦ་དྷུ་རཱི་ཎཱཿ། དཀྵི་ཎ་དྷུ་རཱི་ཎཿ། པཱུ་རདྷུ་རཱི་ཎཿ། ཨེ་ཀ་དང་པོ་ལས་ཡང་ན་འཇིག་གོ། །ཨེ་ཀ་དང་པོའི་དྷུ་ར་ལས་བྱེད་དོའི་དོན་ལ་ཁ་
འགྱུར་ཞིང་དེ་འཇིག་པ་ཡང་ནའོ། །གཅིག་ཏུ་འབད་པར་བྱེད་དོ་ལ། ཨེ་ཀ་དྷུ་རཱི་ཎིཿ། ཨེ་ཀ་དྷུ་རཿ། ཤ་ཀ་ཊ་ལས་ཨཎའོ། །བྱེད་དོའི་དོན་ལ་གཉིས་པའི་མཐའ་ལས་ཨཎ་འགྱུར་ཏེ། ཤཱཀཊཿ། ཧ་སི་ར་ལས་ཋཀའོ། །བྱེད་དོའི་དོན་ལ་གཉིས་པའི་མཐའ་ལས་ཋཀ་འགྱུར་ཏེ། ཧཱ་ལི་ཀཿ། སཻ་རི་ཀཿ། མིང་ལ་
ཛིནཱ་ལས་སོ། །མིང་ལ་མངལ་སྐྱེད་དོ་ཞེས་པ་ཛིནཱའི་སྒྲ་ལས་བུ་མོ་ལ་བརྗོད་པ་ལ་ཡཏ་འགྱུར་ཏེ། མང་པོའི་ཚིག་ཀྱང་ཚིག་ཕྲད་དོ། །ཛ་ནཱིའི་སྒྲ་ནི་ཛ་ནཱིའི་དངོས་པོ་ཡང་སྟེ། ཛ་ནཱི་འཾམ་ཛ་ན་ནིཾ་ལ་བྱེད་དོ་ལ་ཛ་ནྱཿ། བུ་མོ་སར་པའི་མཛའ་བཤེས་དང་བྲན་དག་རྗོད་པར་བྱེད་པ་སྟེ། དེ་ཉིད་དེར་ཛ་མཱ་ཏྲི་རུ་བསྒྱུར་བ་ཐོབ་པ་ལ་
Vol. 194 · folio 265b
དེ་ལྟར་བྱས་པའོ། །དྷེ་ནུ་ཥྱཱ། གཱརྡ་པ་ཏྱ་དག་གོ། །མིང་ལ་ཚིག་ཕྲད་དེའི་མ་བཅིངས་པས་གནས་པའི་བ་ལང་ངམ་ན་ཧེ་ནི་དྷ་ནུ་ཥྱཱ་ཏེ། ཡ་ཏ་དང་ཥུཀ་ཚིག་ཕྲད་དེ་ཁྱིམ་བདག་དང་ཡང་དག་པར་ལྡན་པ་ནི་གཱརད་པ་ཏྱཿ། མེའི་ཁྱད་པར་རོ། །྅ཚིག་ཕྲད་དེ། ཁྱིམ་བདག་མཆོད་སྦྱིན་བྱེད་པ་བརྗོད་པའོ། །འབུགས་པ་ལ་བྱེད་
པ་མ་ཡིན་པ་ལས་སོ། །གཉིས་པའི་མཐའ་ལས་འབུགས་པའི་དོན་ལ་ཡཏ་འགྱུར་ཏེ། རྐང་དག་འབུགས་པ་ནི། པཱ་དྱཱཿ། གསེགས་མའོ། །ཨུ་ར་སྱེཿ། ཚེར་མའོ། །བྱེད་པ་མ་ཡིན་པས་ཞེས་པ་ཅི་ཞེ་ན། རི་སུཾ་བི་དྷྱ་ཏི་ཤསྒྱུ། ཙོཤཀྟྱཱ། །ཙཽ་རཱ་ན་བི་དྷྱ་ཏི་དྷ་ནུ་ཥཱ། དྷན་དང་གཎ་ལས་ཐོབ་བྱེད་ལའོ། །གཉིས་པའི་ལས་
འབུགས་པའི་དོན་ཡཏ་འགྱུར་ཏེ། ནོར་ཐོབ་པར་བྱེད་པ་ནི། དྷ་ནྱཿ། གཎྱཿ། ཐོབ་བྱེད་ལ་ཞེས་པ་ཅི་ཞེ་ན། ཏྲྀ་ནཾ་ཆུའོ། །ཨནྣ་ལས་ཎའོ། །གཉིས་པའི་མཐའ་ལས་ཐོབ་བྱེད་ལ་འགྱུར་ཏེ། ཟས་ཐོབ་པར་བྱེད་པ་ལ། ཨཱནྣཿ། བ་ཤ་ལས་འགྲོ་བ་ལའོ། །བ་ཤ་ལས་གཉིས་པའི་མཐའ་ལས་འགྲོ་བའི་དོན་ལ་ཡཏ་འགྱུར་ཏེ། དབང་དུ་
འགྲོ་བ་ནི། བཤྱཿ། སྐྱེ་བ་ཐམས་ཅད་དུ་བུད་མེད་ཀྱི་སྡེ་འདོད་པ་ཐོབ་པ་བསྒྲུབ་པའི་ཕྱིར་ཞེས་པའི་དོན་ཏོ། །སུ་ལས་པ་ད་ལས་ལྟ་བའི་གཞི་ལའོ། །དང་པོའི་མཐའ་ལས་པ་ད་ལས་ལྟ་བའི་གཞི་ལ་ཡཏ་འགྱུར་ཏེ། འདིར་གནས་ལྟ་བར་བྱེད་པ་ནི། པདྱཿ། ཞལ་ཞལ་ལོ། །ཧ་ཅང་གཤེར་བ་མ་ཡིན་ཞིང་
ཧ་ཅང་སྐམ་པ་མ་ཡིན་པ་མངོན་པར་རྗོད་པ་བྱེད་དོ། །མཱུ་ལ་ལས་ཨུཏྶ་ཊ་ལས་འདིའི་འོ། །མཱུ་ལས་དང་པོའི་མཐའ་ལས་འདི་འབྱིན་པར་འོས་སོ་ཞེས་པའི་དོན་ལ་ཡཏ་འགྱུར་ཏེ། འདི་རྩ་བ་ནས་འབྱིན་པ་ནི། མཱུ་ལྱཱཿ། སྲན་མ་མུངྒ་རྣམས་སོ། །མུ་ལྱཱཿ། འབྲས་སཱ་ལི་རྣམས་སོ། །ངན་པ་དང་ཕུན་སུམ་ཚོགས་པ་
རྣམས་རྩ་བ་ནས་འབྱིན་པ་ཉིད་ཀྱིས་ཡང་དག་པར་གཟུང་བར་ནུས་ཞེས་པའི་དོན་ཏོ། །མིང་མ་ཡིན་པ་ལཊཱ་ལས་མིང་ལའོ། །མཱུ་ལ་ལས་གསུམ་པའི་མཐའ་ལས་མིང་མ་ཡིན་པའི་དོན་ལ་མིང་ལ་ཡཏ་འགྱུར་ཏེ། རྩ་བ་ལ་མིང་མ་ཡིན་པ་ནི། མཱུལྱཱཾ། རྩ་བ་ནས་སྐྱེ་བའི་རྒྱུ་སྟེ། དབྱིག་དང་གོས་ལ་སོགས་པའོ། །
དེ་ལྷག་པར་བཙོང་བར་བྱ་བ་ལས་བྱུང་བ་དབྱིག་གི་རིན་མངོན་པར་རྗོད་པར་བྱེད་དོ། །དེ་ནི་ལྷགས་པའི་ཕྱིར་རྩ་བ་ནས་མངོན་པར་འབྱུང་བའོ། །ཨཱ་ནཱ་མྱཾ་ཞེས་པ་ཉིད་དེ་ཚིག་ཕྲད་ལ་ཎྱཏའོ། །མིང་ལ་ཞེས་པ་ཅི་ཞེ་ན། མཱུ་ལེ་ན་ནཱ་མྱཾ་ཤིང་ངོ་། །ན་ཚོད་མཚུངས་པ་ལས་ཀྱང་ངོ་། །མཱུ་ལ་གསུམ་པའི་མཐའ་
Vol. 194 · folio 266a
ལས་ན་ཚོད་མཚུངས་པའི་དོན་ལ་ཡཏ་འགྱུར་ཏེ། ན་ཚོད་མཚུངས་པ་ནི། བ་ཡཱ་ཡྱཿ། རིན་ཐང་མཚུངས་པ་ནི། མཱུ་ལྱཿ། སྣམ་བུའོ། །མིང་ལས་ཞེས་པ་ཉིད་དེ། བ་ཡ་སཱ་ཏུ་ལྱོ་རི་བུཿ། ནཽ་ཏུ་ལཱ་བིཥ་དྷརྨ་ལས་བསྒྲལ་བྱ་དང་ཡང་དག་པར་གཞལ་བྱ་དང་གསད་བྱ་དང་ཐོབ་བྱ་རྣམས་ལའོ། །ནཽ་ལ་
སོགས་པ་རྣམས་ལས་བསྒྲལ་བྱ་ལ་སོགས་པའི་དོན་རྣམས་ལ་ཡཏ་འགྱུར་ཏེ། གྲུ་ཡིས་བསྒྲལ་བར་བྱ་ནུས་པ་ནི། ན་བྱཿ། ཆུའོ། །སྲང་གིས་ཡང་དག་པར་གཞལ་ཏེ། ཡོངས་སུ་གཅོད་པ་ནི། ཏཱུ་ལྱཾ་ཅི་ལྟར་གྱི་རི་ཏུ་ལྱ་ཞེ་ན། གླང་པོ་ཆེའོ། །ལྟ་བ་དང་ཡོངས་སུ་གཅོད་པ་ཆོས་མཚུངས་པར་འཇལ་བ་ཉིད་ཀྱིས་
ཡོངས་སུ་གཅོད་པའོ། །དུག་གིས་གསད་པར་འོས་པ་ནི། བི་ཥྱཿ། དགྲ་བོའོ། །ཆོས་ཀྱིས་ཐོབ་པར་བྱ་བ་ནི། དྷརྨྱཾ་བདེ་འགྲོའོ། །སི་ཏཱ་དང་དེའི་མཐའ་ལས་ཡང་དག་པར་འགྲོ་བ་ལའོ། །གསུམ་པའི་མཐའ་ལས་ཡཏ་འགྱུར་ཏེ། སཱི་ཏཱ་དང་ཡང་དག་པར་འགྲོ་བ་ནི། སཱི་ཏྱཾ། ཞིང་ངོ་། །དྭི་སཱི་ཏྱཾ། ཏྲི་སཱི་ཏྱཾ།
པ་ཐི། དྷརྨ། ཨརྠ། ནྱཱ་ཡ་ལས་སོ། །གསུམ་པའི་མཐའ་ལས་ཡང་དག་པར་འགྲོ་བ་ལ་ཡཏ་འགྱུར་ཏེ། པ་ཐྱཾ། དྷརྨྱཾ། ཨརྠྱཾ། ནྱཱ་ཡྻཾ། མིང་ལ་ཞེས་པ་རྗེས་སུ་འཇུག་པ་བཞིན་པ་ལས་བྱ་བའི་ལམ་དུ་ཡང་དག་པར་འགྲོ་བས་སྨན་ཉིད་ཡིན་གྱི། གྲོང་ལ་སོགས་པའི་ལམ་དང་ནི་མ་ཡིན་ནོ། །སྡེབ་སྦྱོར་གྱིས་སྤྲུལ་
པའོ། །གསུམ་པའི་མཐའ་ལས་ཡཏ་འགྱུར་ཏེ། སྡེབ་སྦྱོར་རམ་རིག་བྱེད་དམ། སྦྱོར་ཚུལ་གྱིས་སྤྲུལ་པའི་བྱ་བ་མདའ་འམ་སྙན་ངག་ནི་ཙྪནྡ་སྱཾ། འདོད་པས་འཇུག་པ་ཉིད་ཀྱིས་འདུན་པའི་སྒྲ་སྨོས་སོ་ཞེས་རྒྱལ་བ་ཉི་མ་འོད་ཟེར་རོ། །ཨུ་རས་ལས་ཨཎའང་ངོ་། །ཨུ་རས་ཀྱིས་སྒྲ་གསུམ་པའི་མཐའ་
ལས་ཡཏ་འགྱུར་ཏེ། འང་ཡིག་ལས་ཨཎའོང་ངོ་། །ཨཽ་ར་སཿ། བུའོ། །ཨུ་ར་སྱཿ། བུ་བརྗོད་པའོ། །མིང་གི་དབང་དུ་བྱས་པ་ལས་སློབ་མ་ཡང་ངོ་། །ཨུ་ར་སཱ་ནི་སྙིང་པོར་གྱུར་པས་ཏེ་དེ་ཉིད་ཀྱིས་ནི་ཁྱད་པར་གྱི་གཟུགས་ཉིད་ཀྱིས་སྤྲུལ་ཞིང་སྐྱེད་པ་ཞེས་བྱས་སོ། །ཧྲྀ་ད་ཡ་ལས་ངས་ལས་དགའ་བ་
པའོ། །ཧྲྀ་ད་ཡའི་སྒྲ་ལས་དྲུག་པའི་མཐའ་ལས་དགའ་བ་བརྗོད་པ་ལ་ཡཊ་འགྱུར་ཏེ། སྙིང་དགའ་བ་ནི། ཧྲྀ་དྱཿ། འཆིང་བ་ལ་ཡང་སྔགས་ལའོ། །ཧྲྀ་ད་ལས་དྲུག་པའི་མཐའ་ལས་ཡཏ་འགྱུར་ཏེ། སྙིང་འཆིང་བ་ནི་ཧྲྀ་དྱཿ། སྔགས་དེ་གང་གིས་དབང་དུ་བྱེད་པ་དེ་བརྗོད་དོ། །ཡཏ་ཛ་ན་དག་ལས་བྱེད་པ་དང་
Vol. 194 · folio 266b
སྨྲ་བ་དག་ལའོ། །དྲུག་པའི་མཐའ་ལས་ཡཏ་འགྱུར་ཏེ། འདོད་པའི་བྱེད་པའམ་དངོས་པོའི་བྱེད་པ་ནི་མ་ཏྱཿ། སྐྱེ་བོའི་སྨྲ་བ་ནི། ཛ་ནྱཿ། ཧ་ལ་དང་དེའི་མཐའ་ལས་སྨོད་པ་ལའོ། །དྲུག་པའི་མཐའ་ལས་ཡཏ་འགྱུར་ཏེ། གཤོལ་གྱིས་རྨོས་པའི་དངོས་པོའམ་བྱེད་པ་ནི། ཧ་ལྱཿ། དྭི་ཧ་ལྱཿ།
ཏྲི་ཧ་ལྱཿ། ངི་ལས་ཞེས་པ་བདུན་པའི་མཐའ་ལས་ལེགས་པའི་དོན་ལ་ཡཏ་འགྱུར་ཏེ། ལས་ལེགས་པ་ནི། ཀརྨ་ཎྱཿ། ཤརྞྱཿ། མདུན་སར་ལེགས་པ་ནི། ས་བྷྱཿ། མཚུངས་པར་ལེགས་པ་ནི། སཱ་མ་ནྱཿ། བྲ་ཧྨ་ཎཿ། ལེགས་པ་ནི་དགེ་བའམ་ཕན་པའོ། །པྲ་ཏ་ཛ་ན་སོགས་ལས་ཁའོ། །
བདུན་པའི་མཐའ་ལས་ལེགས་པ་ལ་འགྱུར་ཏེ། ཡཏ་ཀྱི་དམིགས་བསལ་ལོ། །སོ་སོར་སྐྱེ་བ་ལེགས་པ་ནི། པྲཱ་ཏི་ཛཱ་ནཱི་ནཿ། སྐྱེ་ཞིང་སྐྱེས་པ་སོ་སོར་ལེགས་པའི་དོན་ཏོ། །བཻ་ཤྭ་ཛ་ནཱི་ནཿ། པ་ཏི་ཛ་ན། བི་ཤྭ་ཛ་ན། མ་ཧཱ་ཛ་ན། སརྦ་ཛ་ན། སཾ་ཡུ་ག །ཨི་དཾ་ཡུ་ག །པ་རཾ་ཀུ་ལ། ཨ་མུ་ཥྱ་
ཀུ་ལ། བྷཀྟ་ལས་ཎའོ། །བདུན་པའི་མཐའ་ལས་ལེགས་པ་ལ་འགྱུར་ཏེ། ཟས་ལེགས་པ་ནི། བྷཱཀྟཿ། ཤཱི་ལིའོ། །འབྲས་ཐུག་པོ་ཆེ་རྣམས་སོ། །པ་རི་ཥད་ལས་ཎྱའོ། །བདུན་པའི་མཐའ་ལས་ལེགས་པ་ལ་འགྱུར་ཏེ། ཎའང་ངོ་། །པཱ་རི་ཥ་དྱཿ། པཱ་རི་ཥ་དཿ། སྔ་མ་བཞིན་པཱཪྵི་དྱཿ། བཱཪྵ་དཿ།
ཀ་ཐ་སོགས་རྣམས་ལས་ཋཀའོ། །བདུན་པའི་མཐའ་ལས་ལེགས་པ་ལ་འགྱུར་ཏེ། ཀ་ཐཱི་ཀཿ། །བཻ་ཀ་ཐི་ཀཿ། ཀ་ཐཱཿ། བི་ཀ་ཐཱ། བི་ཤྭ་ཀ་ཐཱ། བིཏཎྜཱ། ཛ་ན་བཱ་དཿ། བྲྀཏྟི་སཾ་གྲ་ཧ། གུ་ཎ། ག་ཎཱ། ཨཱ་ཡུ་བེ་ད། ཀུལྨཱ་ཥ། ཨིཀྵུ། །སཀྵུ། །ཨ་པཱུ་ལ། མཱ་སཽ་ད་ན། བཻ་ཎུ་སཾ་གྷཱ་ཏ། པྲ་བཱཾ་ས། ཨུ་པ་བཱ་ས། བཱི་བཱས།
པ་ཐྱ། ཏི་ཐི། བ་ས་ཏི། སྭ་པ་ཏི་ལས་ཌྷཉའོ། །བདུན་པའི་མཐའ་ལས་ལེགས་པ་ལ་འགྱུར་ཏེ། ལམ་ལེགས་པ་ནི་པཱ་ཐེ་ཡཾ། ཨ་ཏི་ཐེ་ཡཾ། པཱ་ས་ཏེ་ཡཾ། སྭཱ་པ་ཏེ་ཡཾ། པཱ་རི་ཁཱ་ལ་ས་གོང་དུ་ཚའོ། །པ་རི་ཁཱ་ཡང་དག་པར་བསྒྲགས་པ་ལས་གོང་དུ་དོན་གད་ཡིན་པ་དེ་རྣམས་ལ་ཚ་རིག་པར་བྱའོ། །ཨུཏ་
དང་གོ་སོགས་རྣམས་ལས་ཡཏའོ། །ཨུ་ཡིག་མཐའ་དང་གོ་སོགས་རྣམས་ལས་ཚའི་ཡུལ་ལ་ཡཏ་འགྱུར་ཏེ། ཕུར་བུ་ལ་ཕན་པ་ནི། ཤཾ་ཀ་བྱཾ་ཤིང་ངོ་། །པི་ཙ་བྱཿ། རས་བལ་ལོ། །ས་ནངྒ་བྱཾ། པགས་པ་ནི་ས་ནངྒ་སྟེ་ལྷམ་གྱིས་འཚོ་བར་བྱེད་པའི་པགས་པ་བརྗོད་དོ། །ཙ་ར་བྱཿ། འབྲས་ཐུག་
Vol. 194 · folio 267a
པོ་ཆེ་རྣམས་སོ། །པཀྟ་བྱཱཿ། ནས་རྣམས་སོ། །ཀ་མཎྜ་ལ་བྱཱཿ། སའོ། །གོ་སོགས་ལས་ནི་ག་བྱ། ནགས་ཚལ་ལོ། །ཧ་བཱི་ཥྱཱཿ། འབྲས་ཐུག་པོ་ཆེ་རྣམས་སོ། །གོ་ཧ་བི་ཥཿ། བརྒྱད་པའོ། །བརྷི་ཥཿ། ཡུ་ག་མེ་དྷཱ། ཤུའང་ངོ་། །ནཱ་བིའི་ན་བྷའང་ངོ་། །ན་བྷྱཿ། ཤིང་ངོ་། །ལུས་
ཀྱི་ཆ་ཤས་ལས་ཞེས་པས་ཡཏ་འགྱུར་བ་དེ་ལ་ན་བྷ་ར་བསྒྱུར་བ་མེད་དོ། །ཤྭ་ན་ལས་བདེན་པ་བརྗོད་པ་ལས་རིང་པོ་ཉིད་དོ། །ཤུ་ནྱ། ཤཱུ་ནྱཾ། ཨུདྷ་ས་ཀྱི་ནའང་ངོ་། །ཨཱུ་དྷ་ནྱཿ། ཁྲོན་པའོ། །ཨཀྵ་ར། ད་ར་བེ་ད། སླུ་ད། བི་ཤ། །གོང་ལས་ཨ་ཙ་ལ་ཡཏ་འོས་གྲུབ་པ་ལ་སླར་ཡང་གོ་བརྗོད་པ་ནི་དེའི་མཐའི་ཆོ་གའི་
ཤེས་བྱེད་ཀྱི་དོན་ཏོ། །སུ་ག་བྱཾ། པྲཱ་ཏི་ག་བྱཾ། པ་ར་མ་ག་བྱཾ། ཀམྦ་ལ་ལས་མིང་ལའོ། །ཡཏ་འགྱུར་ཏེ། ཀམྦ་ལྱཾ། ལུག་བལ་སྲང་བརྒྱད་བརྗོད་པའོ། །མིང་ལ་ཞེས་པ་ཅི་ཞེ་ན། ཀམྦ་ལཱི་ཡཱཿ། བ་ལ། ཧ་བི་ར་ཡཱུ་བ་སོགས་རྣམས་ལས་ཡང་ནའོ། །ཧ་བིཿ། བརྗོད་པ་རྣམས་ལས་ཡཱ་བ་སོགས་
རྣམས་ལ་ཚའི་ཡུལ་ལ་ཡཏ་ཡང་ན་འགྱུར་ཏ། པུ་རོ་ཌཱ་སྱཱཿ། འབྲས་ཐུག་པོ་ཆེ་རྣམས་སོ། །པུ་རོ་ཌཱ་སཱ་ཡཱཿ། ཧ་བིའི་སྒྲ་ལས་སྔ་མ་ཉིད་ཀྱི་རྟག་ཏུའོ། །ཨ་མི་ཀྵྱཾ། ཨ་མཱི་ཀྵཱི་ཡ། ཡཱུ་པྱཾ། ཤིང་ངོ་། །ཡཱུ་པཱི་ཡཾ། དཱི་པཱི་ཡཾ། ཏཎྜུ་ལཱི་ཡཾ། ཡཱུ་པ་ཏཎྜ་ལ། ཨ་པཱུ་པ། དྭཱི་པ། པཱི་ཐ་ཀ། ཨ་བྷ་ལུ་ཥ། ཨ་བྱོ་ཥ།
ཀཎྛི། མུ་ས་ལ། ཀརྞ། བེཥྚ་ཀ །ཤ་ཀ་ཊ། ཨརྒྐ་ལ། སྠཱུ་ཎ། པཱུརྦྱ། ཨ་ཤྭ་པ་ཊ། ཟས་ཀྱི་རྣམ་འགྱུར་ལས་ཀྱང་ངོ་། །ཟས་ཀྱི་རྣམ་འགྱུར་བརྗོད་པ་ལ་ཡཏ་ཡང་ན་འགྱུར་ཏེ། སུཪྻཱཿ། སུ་རཱི་ཡཱཿ། འབྲས་ཐུག་པོ་ཆེ་རྣམས་སོ། །ཨཱ་པཱུ་པའི་སྒྲ་ལས་རྣམ་འགྱུར་བརྗོད་པའི་ཚོགས་སུ་བཀླགས་
བ་དེའི་མཐའི་ཆོ་ག་ཤེས་བྱེད་ཀྱི་དོན་ཏོ། །དེས་ན་དེ་ལ། ཡཱ་བཱ་པཱ་པྱཾ། ཡ་བཱ་པཱུ་པཱི་ཡཾ། པ་དཱི་པྱི་ཡཾ། ཕན་པ་ལ་བཞི་པ་ལས་སོ། །བཞི་པའི་མཐའ་ལས་ཕན་པའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཚ་དང་ཡིཏ་དག་འགྱུར་ཏེ། བེའུ་རྣམས་ལ་ཕན་པ་ནི། བཏྶཱི་ལཿ། འོ་མའོ། །ཀ་ར་བྷཱི་ཡཿ། བ་ཊ་བྱཿ། ག་བྱཾ་
ནགས་སོ། །ཨ་པཱུ་བྱཾ། ཨ་པཱུ་པཱི་ཡ། རཱ་ཛ། ཨཱ་ཙཱརྱ། བྲཱཧྨ་ཎ། བྲྀཥྞཱ་ལས་མ་ཡིན་ནོ། །རཱ་ཛ་སོགས་རྣམས་ཕན་པའི་དོན་ལ་ཚ་མི་འགྱུར་ཏེ། རཱཛྙེ་ཧི་ཏཾ། ཨཱ་ཙཱཪྱ་ཡ་ཧི་ཏཾ། བྲཧྨ་ཎཱ་ཡ་ཧི་ཏཾ། ལུས་ཀྱི་ཆ་ཤས་ལ་ཡཏའོ། །བཞི་པའི་མཐའ་ལས་ཕན་པ་ལ་འགྱུར་ཏེ། སོ་རྣམས་ལ་ཕན་པ་ནི། དནྟྱཿ། ཏིལ་རྣམས་སོ།།
Vol. 194 · folio 267b
ནཱ་བྷྱཿ། ཙཱཀྵུ་ཥྱཾ། ཁ་ལ། ཡ་བ། མཱ་ཥ། ཏི་ལ། བྲྀ་ཥ། བྲཧྨ་ར་ཐ་ལས་སོ། །བཞི་པའི་མཐའ་ལས་ཕན་པ་ལ་ཡཏ་འགྱུར་ཏེ། ཐ་ཆད་ལ་ཕན་པ་ནི། ཁ་ལྱཾ། ཡ་བྱཾ། མཱ་ཥྱཾ། ཏི་ལྱཾ། ཀྲིཥྞ་ཏི་ལྱཾ། བྲྀཥྱཾ། བྲཧྨ་ཎྱ། ཤིང་རྟའི་ཆེད་དུ་ཕན་པ་ནི། ར་ཐྱཱཿ། པྲ་ཏོ་ལཱི། ཨ་ཛ། ཨ་བྷི་དག་ལ་ཐྱནའོ། །བཞི་
པའི་མཐའ་ལས་ཕན་པ་ལ་འགྱུར་ཏེ། ར་འམ་ལུག་གི་ཆེད་དུ་ཕན་པ་ནི། ཨ་ཛ་ཐྱཱ། ཨཱརྨ་དང་བྷོ་གའི་མཐའ་དག་ལ་ཁའོ། །བཞི་པའི་མཐའ་ལས་ཕན་པའི་དོན་ལ་ཁ་འགྱུར་ཏེ་བདག་ལ་ཕན་པ་ནི། ཨཱརྨ་ནཱི་ནཾ། མིའི་ལོངས་སྤྱོད་ལ་ཕན་པ་ནི། མཱ་ཏྲི་བྷོ་གཱི་ཎཿ། བྷོ་གཿ། ཤ་རཱི་རཾ། རཱ་ཛ་བྷོ་གཱི་ནི། ཨཱ་ཙཱཪྻ་བྷོ་གཱི་ནི། ཀྵུ་གྷྣ་སོགས་ཉིད་ཀྱིས་
ཕྱིར་ན་ཎ་ཉིད་དོ། །པཉྩ་བི་ཤྭ་སོགས་ལས་ཛི་ན་ལས་ལས་འཛིན་ལའོ། །པཉྩ་དང་བི་ཤྭ་དང་པོའི་ཛི་ནའི་སྒྲ་བཞི་པའི་མཐའ་ཅན་ལས་ཕན་པའི་དོན་ལ་ཁ་འགྱུར་ཏེ། ལྔ་རྣམས་ལས་སྐྱེས་པ་ལ་ཕན་པ་ནི། པཉྩ་ནཱི་ནིཿ། བི་ཤྭ་ཛ་ནཱི་ནཿ། ལས་འཛིན་ཞེས་པ་ཅི་ཞེ་ན། འདི་སྣ་ཚོགས་ལས་སྐྱེས་པ་ནི། བི་ཤྭ་ཛ་ནཿ། དེའི་ཆེད་དུ་
ཕན་པའམ། སྣ་ཚོགས་རྣམས་སྐྱེ་བའི་ཆེད་དུ་ཕན་པ་ནི། བི་ཤྭ་ཛ་ནཱི་ཡཿ། སརྦ་ལས་སོ། །ཕ་རོལ་ཛ་ན་ལས་བཞི་པའི་མཐའ་ལས་ཕན་པའི་དོན་ལ་ཁ་འགྱུར་ཏེ། ཐམས་ཅད་རྣམས་ལས་སྐྱེས་པ་རྣམས་ལ་ཕན་པ་ནི། སརྦ་ཛ་ནཱི་ནཿ། ལས་འཛིན་ལ་ཞེས་པ་ཉིད་དེ། སརྦ་ཛ་ནཱི་ཡཿ། མ་ཧ་ཏ་
ལས་ཋཉའང་ངོ་། །མ་ཧཏ་ཀྱི་སྒྲ་དང་སརྦ་ལས་ཕ་རོལ་གྱི་ཛ་ན་ལས་བཞི་པའི་མཐའ་ལས་ཕན་པ་ལ་ཋཉ་འགྱུར་ཏེ། མཱ་ཧཱ་ཛ་ནི་ཀཿ། སརྦ་ཛ་ནི་ཀཿ། ལས་འཛིན་ལ་ཞེས་པ་ཉིད་དེ། མཱ་ཧཱ་ཛ་ནཱི་ཡཿ། སརྦ་ཛི་ནཱི་ཡཿ། སརྦ་ལས་ཎ་ཡང་ནའོ། །སརྦའི་སྒྲ་བཞི་པའི་མཐའ་ལས་ཕན་པ་ལ་ཎ་ཡང་
ན་འགྱུར་ཏེ། ཐམས་ཅད་ཀྱི་ཆེད་དུ་ཕན་པ་ནི། སཱརྦཿ། སརྦཱ་ཡཿ། སླར་ཡང་སརྦ་སྨོས་པ་ནི། ཛ་ན་བཟློག་པའི་དོན་ཏོ། །མཱ་ཎ་བ་དང་ཙ་ར་ཀ་ལས་ཁཉའོ། །བཞི་པའི་མཐའ་ལས་ཕན་པ་ལ་འགྱུར་ཏེ། མཱ་ཎ་བཱི་ནཾ། ཙཱ་ར་ཀཱི་ཎཾ། བྱ་བ་ལས་ཉེ་བར་ལེན་པ་ལའོ། །བྱ་བ་བརྗོད་པ་བཞི་པའི་མཐའ་ལས་ཉེ་བར་ལེན་
པའི་རྒྱུ་མངོན་པར་བརྗོད་པ་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་ཚ་དང་ཡཏ་དག་འགྱུར་ཏེ། སོལ་བ་རྣམས་ལ་ཕན་པའི་ཤིང་རྣམས་ནི། ཨངྒ་རཱི་ཡཱ་ཎིཿ། པྲཱ་པཱ་དཱི་ཡཱཿ། སོ་ཕག་རྣམས་སོ། །པི་ཙ་བྱཿ། རས་བལ་ལོ། །ཉེ་བར་ལེན་པ་ལ་ཞེས་པ་ཅི་ཞེ་ན། ཨུ་ད་ཀཱ་ཡ་ཀཱུ་པཿ། བྱ་བ་ལས་ཞེས་པ་ཅི་ཞེ་ན།
Vol. 194 · folio 268a
དེ་སྨོས་པས་ཆོ་ག་རྣམ་པར་ཤེས་པར་བྱེད་དོ། །བཞི་པའི་མཐའ་ལས་ཞེས་པ་ཅི་ཞེ་ན། སཀྟུ་ནཱི་དྷཱ་ནཱཿ། འདིར་ཅི་ལས་མི་འགྱུར་ཞེ་ན། མཱུ་ཏྲ་ཡ་ཀལྤ་ཏེ་ཡ་བཱ་གཱུཿ། ལྟོས་པ་དང་བཅས་པའི་ཕྱིར་རོ། །བྱ་བ་མ་ཡིན་པ་ཉིད་ཚིག་ཕྱི་མ་འཇུག་པའི་ངག་ཉིད་ཀྱི་ཕྱིར་རོ། །
ཅི་ལྟར་འོ་ན། དེའི་ངག་ཉིད་ཅེ་ན། བྱ་བ་དང་འབྲེལ་བར་རུང་བའི་ཕྱིར་ཞེས་སྨྲའོ། །དེ་ཉིད་ཀྱི་ཕྱིར་འདི་མ་ཡིན་ཏེ། སཱནྡྷྱ་བ་ཧ་བི་ཀཾ །ཨཾ་ཏྱཱ་མ་ནནྟིཿ། འོ་ན་ཅི་ལྟར་བུ་འདོད་པར་བྱེད་པ་ལ་པུ་ཏྲཱི་ཡ་ཏི་ཞེ་ན། བྱ་བ་ཉིད་ལས་དེར་རྐྱེན་གྱི་དོན་གཉིས་ལས་སོ། །འོ་ན་ཅི་ལྟར་ཡ་བ་གཱུ་ཉེ་བར་ལེན་པ་མ་
ཡིན་ཞེ་ན་མ་ཡིན་ཏེ། ཡ་བ་གཱུ་ན་གཅིག་པའི་ཉེ་བར་ལེན་པ་ནི། དེ་འགྱུར་བ་གཤེར་བའི་རྫས་ཉིད་དོ། །གང་བྱ་བ་མ་ཡིན་པ་གང་གིས་སྐྱེད་པ་དེ་ནི་རྒྱུད་གཅིག་ལ་དེའི་ཉེ་བར་ལེན་པའོ། །ཙརྨ་ན་ལ་ཨཉའོ། །ཙརྨ་ཉེ་བར་ལེན་པའི་རྣམ་འགྱུར་བརྗོད་པ་ལ་ཨཉ་འགྱུར་ཏེ། བ་ཌྷའི་ཆེད་དུ་
ཕན་པ་ནི། བཱ་ཌྷཾ་པགས་པའོ། །འཕྲེང་བ་ལ་ཕན་པ་ནི། བྲ་ཏྲཾ། པགས་པའོ། །རྀ་ཥ་བྷ་དང་། ཨུ་པཱ་ནཱ་ཧ་ལས་ཉའོ། །ཉེ་བར་ལེན་པ་ལ་ཕན་པ་ལ་བཞི་པ་ལས་འགྱུར་ཏེ། ཨཱཪྵ་བྷྱཿ། བེའུའོ། །ཨཽ་པཱ་ན་ཧྱཾ། པགས་པའོ། །ཚ་དི་པ་ལི་དག་ཌྷཉའོ། །འདི་དག་བཞི་པའི་མཐའ་ལས་ཉེ་
བར་ལེན་ལ་ཕན་པའི་ཌྷཉ་འགྱུར་ཏེ། ལག་པ་ཁེབ་པའི་རྩྭ་རྣམས་ནི། ཚཱ་དཱི་ཥེ་ཡཾ་པགས་པའོ། །བཱ་ལ་ཡཱཾ། འབྲས་ཐུག་པོ་ཆེ་རྣམས་སོ། །ཨུ་པ་དྷི་ལས་སོ། །རང་དོན་ལ་ཌྷཉ་འགྱུར་ཏེ། སྦྱོར་བ་རྣམ་པར་ཕྱེ་བ་ལས་ཨུ་པ་དྷི་ཉིད་དོ། །ཨཽ་པ་དྷི་ཡཾ། ཨུ་པ་དྷི་ཡ་ཏེ། ཨུ་པ་ཡཱ་དྷི་ཡ་ཏེཿ།
ཞེས་པའི་ཨུ་པ་དྷཱ་ནི་ཤིང་རྟའི་ཡན་ལག་གོ། །སུ་ལས་དེའི་གཞི་ཉེ་བར་ལེན་པ་ཉིད་ཀྱིས་སྲིད་པ་ལའོ། །སུ་ལས་ཞེས་པ་དང་པོའི་མཐའ་ལས་ཚད་དང་ཡཏ་དག་ཆོ་ག་ཇི་ལྟ་བ་བཞིན་འགྱུར་ཏེ། དེ་ཡང་དང་པོའི་མཐའི་གཞི་ཉིད་ཀྱིས་སྲིད་པའི་དོན་དང་ཉེ་བར་ལེན་པའི་རྒྱུ་ཉིད་ཀྱིས་འདིར་པྲ་སཱ་ད་ལས་
འགྱུར་རོ། །པྲ་སཱ་དཱི་ཡཿ། ཡུལ་ལོ། །པྲཱ་སཱ་དཱཿ། འདིར་འགྱུར་རོ། །པྲཱ་སཱ་དཱི་ཡཾ། ཤིང་ངོ་། །དེ་བཞིན་དུ་པ་ར་ཤ་བྱཾ། འདིའོ། །ཙ་ར་བྱཱཿ། འབྲས་ཐུག་པོ་ཆེ་རྣམས་སོ། །ཨ་ག་ར་བྱཾ། ནགས་ཚལ་ལོ། །སྲིད་པ་སྨོས་པ་ཅི་ཞེ་ན། པྲཱ་སཱ་དཿ། འདིར་ཡོད་པའོ། །པྲཱ་སཱ་དཱཿ། འདིའོ། །
Vol. 194 · folio 268b
ཉེ་བར་ལེན་པ་སྨོས་པ་ཅི་ཞེ་ན། པྲཱ་སཱ་དཿ། འདི་འཕེལ་བ་ཅན་དུ་འགྱུར་རོ། །བྱ་བ་རྒྱ་ཆེ་བ་ཉིད་ཀྱིས་མང་པོ་ཉིད་ལ་ཡང་འདི་སྲིད་པ་མ་ཡིན་ནོ། །པཱ་རི་ཥ་ལས་ཌྷཉའོ། །པ་རི་ཁཱའི་སྒྲ་ལས་དེའི་གཞི་ཉེ་བར་ལེན་པ་ཉིད་ཀྱི་སྲིད་པ་ལ་དང་པོའི་མཐའ་ལས་ཌྷཉ་འགྱུར་ཏེ། པཱ་རི་ཁེ་ཡཿ། ཡུལ་ལོ། །པ་རཱི་ཁེ་
ཡཱི་སའོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་ལྔ་པའི་རྐང་པ་དང་པོ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་
ལོ། །བ་ཏི་ལས་གོང་དུ་ཋཉའོ། །བ་ཏི་ཡང་དག་པར་བསྒྲགས་པ་ལས་གོང་དུ་དོན་གང་ཡིན་པ་དེ་རྣམས་ལ་ཋཉ་རིག་པར་བྱའོ། །གྲངས་དང་པོ་ཉིད་མི་འཇིག་པ་ལས་སོ། །འདི་ལས་ཕ་རོལ་བ་ཏིའི་གོང་གི་དོན་རྣམས་ལ་རང་བཞིན་གྱི་ཁྱད་པར་ལས་སྒྲུབ་པའི་རྐྱེན་དེའི་མཐའ་
གྲངས་དང་པོ་ཉིད་ལས་གལ་ཏེ་མཐའ་མི་འཇིག་པར་གྱུར་པ་ན་སྟེ། དཔུང་གཉེན་ལ་འཇུག་པར་བྱེད་དོ་ལ། པཱ་རཱ་ཡ་ཎི་ཀཿ། ཏཽ་ར་ཡ་ཎི་ཀཿ། ཙཱནྡྲ་ཡ་ཎི་ཀཿ། དྭཻ་པ་ར་ཡ་ཎི་ཀཿ། མི་འཇིག་པ་ལས་ཞེས་པ་ཅི་ཞེ་ན། སློབ་མ་གཉིས་དག་གིས་ཉོས་པ་ནི། དྭི་སཱུརྦྱཻ་ཎ་ཀྲཱི་ཏྲ། དྭི་སཽརྦྱ་ཀིཾ ། གྲངས་དང་པོ་ལས་
ཀྱང་དྭི་སཱུརྦྱའི་སྒྲ་ལས་སླར་ཡང་ཨཉ་མི་འགྱུར་རོ། །གྲངས་དང་པོ་ལས་ཞེས་པ་ཅི་ཞེ་ན། པ་ར་མ་པཱ་རཱ་ཡ་ནཱཾ་བརྟྟ་ཡ་ཏིཿ། སྤྱི་ཉེ་བར་བླངས་པ་ལས་ནི་ངེས་པ་མེད་དོ། །དེས་ན་པ་ར་མ་སཽརྦི་ཀཿ། དྭི་སཽརྦྱི་ཀཿ། ཨརྷ་ཏིའི་མཐའ་རྣམས་ལ་རང་བཞིན་གྱི་ཁྱད་པར་མིན་པ་རྣམས་ལའོ། །འདི་ལས་
ཕྱི་མའི་སྒྲུབ་པ་དེ་རྣམས་ཨརྷ་ཏིའི་མཐའ་རྣམས་ལ་རིག་པར་བྱ་སྟེ། གལ་ཏེ་དོན་རྣམས་རང་བཞིན་གྱི་ཁྱད་པར་དང་འབྲེལ་པར་མ་གྱུར་པ་ནའོ། །ཀ་ས་དང་ཨརྡ་ལས་ཋ་ཊའོ། །འོས་པའི་མཐའ་རྣམས་ལ་འགྱུར་རོ། །ཀཾ་སི་ཀཿ། ཀཾ་ས་ཀཱི། །ཨརྡྷ་ཀ །ཨརྡྷི་ཀཱི །ཀཱཪྵཱ་པ་ཎ་ནི་པ་ཏི་རུ་ཡང་ནའོ། །ཨརྷ་
ཏིའི་མཐའ་རྣམས་ལ་ཋ་ཊ་དང་པྲ་ཏི་རུ་བསྒྱུར་བ་ཡང་ན་འགྱུར་ཏེ། ཀཱཀྵཱ་པ་ཎི་ཀཿ། ཀཱཪྵཱ་པ་ཎི་ཀཱ །པྲ་ཏིཀ་འི།། པྲ་ཏི་ཀཱི །སཱུརྦྦ་ལས་ཨཉའོ། །འོས་པའི་མཐའ་རྣམས་ལ་ཡང་ན་འགྱུར་ཏེ། སཽརྤྤ། སཽརྤྤོ་ཀཱི །ཤ་ཏ་མཱ་ན་བིམ་ཤ་ཏི་ཀ །ས་ཧ་སྲ། བས་ན་ལས་རྟག་ཏུ་ཨཎའོ། །འོས་པའི་མཐའ་རྣམས་ལ་
Vol. 194 · folio 269a
འགྱུར་ཏེ། ཤཱ་ཏ་མཱ་ན། བཻཾ་ཤ་ཏི་ཀཿ། སཱ་ཧ་སྲམ། བཱ་ས་ནཾ། ཤ་ཏ་འབའ་ཞིག་ལས་ཋན་དང་ཡཏ་དག་སྟེ། དེ་ལ་མ་ཡིན་ནོ། །ཤ་ཏ་ལས་འབའ་ཞིག་ལས་ཋ་དང་ཡཏ་དག་འགྱུར་ཏེ། དེ་ཉིད་བརྒྱད་མངོན་པར་བརྗོད་པར་གྱུར་པ་ན་མ་ཡིན་ནོ། །ཤཏྱཿ། ཤ་ཏི་ཀཿ། འབའ་
ཞིག་པ་ལས་ཞེས་པ་ཅི་ཞེ་ན། གཉིས་དང་བརྒྱ་ན། དྭི་ཤ་ཏི། དེ་ཡིས་ཉོས་པ་ན། དྭི་ཤ་ཏི་ཀཾ །དེ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། འདིའི་ཚད་བརྒྱ་ཡིན་པ་ཏེ། གླེང་གཞི་བརྒྱའི་བདག་ཉིད་ཀློག་ཅེས་པ་ནི། ཤ་ཏ་ཀཾ། གླེང་གཞིའོ། །འདི་ཤ་ཏཾ་ཉིད་རྐྱེན་གྱི་དོན་ཏོ། །ཤ་ཏའི་སྒྲ་ནི་བགྲང་བྱ་ལ་ཡང་
འཇུག་པར་བསྟན་པའི་ཕྱིར་རོ། །གཞན་ལ་ནི་ཤ་ཏ་ཉིད་དུ་འགྱུར་ཏེ། བརྒྱ་ཡིས་ཉོས་པའི་ཁྱུ་མཆོག་གོ། །ཤ་ཏཾ། ཤ་ཏཾ། ཤཏ་ཀཾ །ཀ་ཏི་དང་། གྲངས་ལས་ཏི་དང་ཤ་ཏ་མིན་པ་ལས་ཀནའོ། །ཀ་ཏི་དང་གྲངས་ལས་ཏི་མཐའ་དང་ཤ་ཏ་མཐའ་མ་གཏོགས་པ་ལས་ཀན་འགྱུར་ཏེ། ཀ་ཏི་རྣམས་ཀྱིས་ཉོས་
པ་ནི། ཀ་ཏི་ཀཿ། པཉྩ་ཀཿ། བ་ཧུ་ཀཿ། ག་ན་ཀཿ། ཏི་ཤ་ཏ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། སཱཔྟ་ཏི་ཀཿ། ཥཱཥྚི་ཀཿ། པཱཉྩཱ་ཤཏྐཿ། ཏིའི་མཐའ་ཉིད་ལས་དགག་པ་ཐོབ་པ་ལ་ཀ་ཏི་སྨོས་པའོ། །བ་ཏུ་ལས་ཨིཊ་ཡང་ནའོ། །བ་ཏུའི་མཐའ་ལས་ཕ་རོལ་ཀན་ལས་ཨིཊ་ཨཱ་ག་མ་ཡང་ན་འགྱུར་ཏེ།
ཏཱ་བ་རི་ཀཿ། ཏཱ་བཏྐཿ། ཡཱ་བ་ཏི་ཀཿ། ཡཱ་བཏྐཾ། ཀི་ཡ་ཏི་ཀཿ། ཀ་ཡིཏྐཿ། ཨི་ཡ་ཏི་ཀཿ། ཨི་ཡཏྐཿ། ཏྲིཾ་ཤཏ་བིཾ་ཤཏི་དག་ལས་སོ། །འདི་དག་ལ་འོས་པའི་མཐའ་རྣམས་ལ་ཀཎ་འགྱུར་ཏེ། ཏྲིཾ་ཤཏྐཿ། བིཾ་ཤཏྐཿ། མིང་མ་ཡིན་པ་ལ་ཌྦུནའོ། །བཤད་མ་ཐག་པ་དག་ལ་འགྱུར་ཏེ། ཏྲིཾ་ཤ་ཀཿ། བིཾ་ཤ་ཀཿ། དེ་རྣམས་ལ་
ཌི་ཏ་ལ་བིཾ་ཤ་ཏའིའོ་ཞེས་པས་ཏི་དབྱིའོ། །མིང་མ་ཡིན་པས་ལས་ཞེས་པ་ཅི་ཞེ་ན། ཏྲིཾ་ཤཏྐཿ། བིཾ་ཤཏྐིཿ། བ་གཉིས་པ་ལས་འཇིག་གོ། །བ་གཉིས་པ་ལ་བྱས་པ་ནི་འོས་པའི་མཐའ་རྣམས་ལ་འཇིག་པར་འགྱུར་ཏེ། དྭི་སཱུརྦྱཿ། ཨདྷྱརྷ་སཱུརྦྱཿ། ཨརྷ་པཉྩ་མ་སཱརྦྱ། བ་གཉིས་ལས་ཞེས་པ་ཅི་ཞེ་ན།
སཽརྦྱཿ། ཨེ་ཀཱ་ད་ཤ་ཀཿ། བྱས་པའི་ཁྱད་པར་ཅི་ཞེ་ན། སློབ་མ་གཉིས་ཀྱིས་ཉོས་པ་ནི། དྭི་སཽརྦྱཾ་ཀཾ །གྲངས་ཞེས་པས་དང་པོ་ལ་མ་ཡིན་ཞིང་ཚིག་ཕྱི་མ་ལ་འཕེལ་བའོ། །མིང་མ་ཡིན་པ་ཞེས་པ་ཉིད་དེ། པཱཉྩ་ལཽ་ཧི་ཏི་ཀཾ །པཉྩ་ཀཱ་པཱ་ལི་ཀཾ །ཨ་ནུ་ཤ་ཏི་ཀ་ལ་སོགས་པ་ཉིད་ཀྱི་ཕྱིར་ཚིག་གཉིས་
Vol. 194 · folio 269b
ཀ་ལ་འཕེལ་བའོ། །ཀཱཪྵཱ་པ་ཎ་ས་ཧསྲ། སུ་བརྞ། ཤ་ཏ་མཱ་ན་ལས་ཡང་ནའོ། །ཀཱཪྵཱ་པ་ཎ་སོགས་ཀྱི་མཐའ་ལས་པ་གཉིས་པ་ལ་འོས་པའི་མཐའ་རྣམས་ལ་ཡང་ན་འཇིག་པར་འགྱུར་ཏེ། དྭི་ཀཱཪྵཱ་པ་ཎཾ། དྭི་ཀཱཪྵ་པ་ཎི་ཀཾ །ཨ་དྷྱརྡྷ་ཀཱཪྵཱ་པ་ཎཾ། ཨ་དྷྱཱརྡྷ་ཀཱཪྵཱ་པ་ཎི་ཀཾ །དྭི་སཱ་ཧས་སྭཾ། དྭི་སཱ་ཧ་སྲཾ་ཨ་དྷྱརྡྷ་སཱ་
ཧ་སྲཾ། དྭི་སུ་བརྞཾ་དྭི་སཽ་བརྞི་ཀཾ །སུ་བརྞའི་སྒྲ་ཡོངས་སུ་འཇལ་བ་ལ་འཇུག་སྟེ། ཨ་དྷྱརྡྷ་སུ་བརྞཾ། ཨ་དྷྱརྡྷ་སཽ་བརྞྞི་ཀཾ །དྭི་ཤ་ཏ་མཱ་ནཾ། དྭི་ཤཱ་ཏི་མཱཾ་ནཾ། ཨ་དྷྱརྡྷ་ཤ་ཏ་མཱ་ནཾ། ཨ་དྷྱརྡྷ་ཤཱ་ཏ་མཱ་ནཾ། དྭི་ཏྲི། བ་ཧུ་ལས་ནིཥྐ། བིསྟི་ལས་སོ། །འཇིག་པར་ཡང་ན་འགྱུར་ཏེ། དྭི་ནིཥྐཾ། དྭི་ནིཥྐི་ཀཾ ། ཏྲི་
ནཥྐ། ཏྲི་ནཻཥྐཾ། བ་ཧུ་ནིཥྐི་ཀཾ །བ་ཧུ་ནཻཥྐི་ཀཾ །དྭི་བི་སྟཾ། དྭི་བཻ་སྟི་ཀཾ །ཏྲི་བི་སྟཾ། ཏྲི་བཻསྟི་ཀཾ །བ་ཧུ་བི་སྟཾ། བ་ཧུ་བཻ་སྟཾ་ཀཾ །བིངྴ་ཏི་ཀ་ལས་རྟག་ཏུ་ཁའོ། །བ་གཉིས་པ་ལས་ཤ་ཏི་ཀའི་མཐའ་ལས་ཀན་འཇིག་པའི་ཡུལ་ལ་རྟག་ཏུ་ཁ་འགྱུར་ཏེ། དྭི་བིཾ་ཤ་ཏི་ཀཱི་ནཾ། ཨ་དྷྱརྡྷ་ཤ་ཏི་ཀཱི་ནཾ། ཁ་རཱི་
དང་ཀ་ཀཱ་ཎིའི་མཐའ་ལས་ཀྱང་ཨི་ཀནའོ། །ཁཱ་རཱི་དང་ཀཱ་ཀ་ཎིའི་མཐའ་བ་གཉིས་པ་ལས་དང་ཀྱང་ཡིག་ལས་འབའ་ཞིག་པ་ལས་ཀྱང་ཨི་ཀན་འགྱུར་ཏེ། དྭི་ཁཱ་རཱི་ཀཾ །ཨ་དྷྱརྡྷ་ཁཱ་རཱི་ཀཾ་དྭི་ཀཱ་ཀ་ཎཱི་ཀཾ །འབའ་ཞིག་པ་ལས་ཀྱང་། ཁཱ་རཱི་ཀམ། །ཀཱ་ཀ་ཎཱཾ་ཀ །ཁ་ཅིག་ནི་ཀཱ་ཀ་
ཎིའི་གནས་སུ་ཀཱ་ཀ་ནཱི་ཞེས་ཀློག་པར་བྱེད་དོ། །པ་ཎ་པཱ་ད་མ་ས་ལས་ཡཏའོ། །པ་ཎ་སོགས་ཀྱི་མཐའ་ལས་བ་གཉིས་པ་ལས་འོས་པའི་མཐའ་རྣམས་ལ་ཡཏ་འགྱུར་ཏེ། དྭི་པ་ཎྱཱཾ། ཨ་དྷྱརྡྷ་པ་ཎྱཾ། དྭི་མཱ་སྱཾ། ཨ་དྷྱརྡྷ་པཱ་དྱཾ། དྭི་མཱ་སྱཾ། ཨ་དྷྱརྡྷ་མཱ་སྱཾ། སྲོག་ཆགས་ཀྱི་ཡན་ལག་མ་ཡིན་
པའི་ཕྱིར་བ་དར་བསྒྱུར་བ་མེད་དོ། །ཤ་ཏ་ལས་ཡང་ནའོ། །ཤ་ཏའི་མཐའ་ལས་བ་གཉིས་པ་ལས་འཇིགས་པ་ལ་ཡཏ་འགྱུར་ཏེ། དྭི་ཤ་ཏྱཾ། ཨ་དྷྱརྡྷ་ཤ་ཏྱཾ། དྭི་ཤ་ཏཾ། ཨ་དྷྱརྡྷ་ཤ་ཏཾ། ཋཉའི་ཕྱོགས་ལ་འཇིག་གོ། །ཤཱ་ཎ་ལས་སོ། །ཤཱ་ཎའི་མཐའ་ལས་བ་གཉིས་པ་ལས་འཇིག་པ་ལ་ཡཏ་
ཡང་ན་འགྱུར་ཏེ། དྭི་ཤཱ་ཎྱཱཾ། དྭི་ཤཱ་ཎཾ། ཨ་དྱརྡྷ་ཤཎྱཾ། ཨ་དྷྱརྡྷ་ཤ་ཎཾ། དྭི་ཏི་ལས་ཨཎའང་ངོ་། །དྭི་དང་ཏི་སྔོན་མའི་ཤཱ་ཎ་ལས་ཨཎཱང་འགྱུར་ཏེ། ཡཏ་ཀྱང་ངོ་། །དྭི་ཤཱ་ཎྱཾ། དྭཻ་ཤཱ་ཎཾ། ཏྲི་ཤཱ་ཎྱཾ། ཏྲཻ་ཤཱ་ཎཾ། དྭི་ཤཱ་ཎཾ། ཏྲི་ཤཱ་ནཾ། ཊཱ་ལས་ཉོས་པ་ལ་རིན་ལས་སོ། །རིན་ཐང་བརྗོད་པ་གསུམ་པའི་མཐའ་ལས་ཉོས་པ་ཞེས་
Vol. 194 · folio 270a
པ་འདིའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཋཀ་འགྱུར་ཏེ། བདུན་ཅུས་ཉོས་པ་ནི། སཱཔྟ་ཏི་ཀཾ །ཨ་ཤཱི་ཏི་ཀཾ །ཀཱཾ་སི་ཀཾ །ཨཱརྡྷི་ཀ །སརྦྱ། སཱཧ་སྲཿ། པཉྩ་ཀཿ། རིན་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟེ་ན་ཀྲི་ཏཾ། པ་ཎི་ནཱ་ཀྲི་ཏཾ། འགྲེལ་པར་གྲངས་ཀྱི་ཁྱད་པར་བརྗོད་
པའི་ཤུགས་ལས་གཉིས་ཚིག་དང་མང་ཚིག་མི་འགྱུར་རོ། །པྲསྠཱ་བྷྱཾ་ཀྲཱི་ཏཾ། པྲསྠཻཿ་ཀྲཱི་ཏཾ། ནུས་པ་ཡོད་པ་ལས་འགྱུར་བ་ཉིད་དེ། དྭི་ཀཾ །ཏྲི་ཀཾ །པཉྩ་ཀཾ །སྲན་མ་རྣམས་ཀྱིས་ཉོས་པ་ནི། མཽངྒ་ཀཾ །སྲན་མ་གཅིག་གིས་ཉོས་པ་ལ་འགྱུར་བ་མ་ཡིན་པས་མང་པོ་ཉིད་ཀུན་དུ་འགྲོ་བའོ། །
ངས་ལས་འདེབས་པ་ལའོ། །དྲུག་པའི་མཐའ་ལས་འདེབས་པའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་ཋཉ་འོས་པའི་མཐའ་ལས་འགྱུར་ཏེ། བྲེ་གང་འདེབས་པ་ནི། པྲསྠཱི་ཀཾ་ཞིང་ངོ་། །པཱ་ཏྲི་ཀཾ །དྲོ་ཎི་ཀཾ །ཀཾ་སི་ཀཾ །པཽརྦྱཿ། ཁཱ་རཱི་ཀཾ །འདིར་ས་བོན་འདེབས་པས་ན་འདེབས་པའོ། །བཱ་ཏ། བིཏྟེ། ཤླེཥྨ།
པནྣི་པཱ་ཏ་ལས་ཞི་བ་དང་འཁྲུགས་པ་དག་ལའོ། །དྲུག་པའི་མཐའ་ལས་ཋཉ་འགྱུར་ཏེ། རླུང་ཞི་བའམ་འཁྲུགས་པ་ནི། བཱ་ཏི་ཀཾ །བཻཏ་ཀཾ །ཤླེཥི་ཀཾ །སཱནྣི་པཱ་ཏི་ཀཾ །ཞི་བ་ནི་གསོ་བའིའོ། །འཁྲུགས་པ་ནི་ཁྲོ་བའི་རྒྱུའོ། །རྒྱུ་མཚན་ལས་སྦྱོར་བ་དང་སྐྱེད་པ་ལའོ། །དྲུག་པའི་མཐའ་ལས་
ཋཉ་འོས་པའི་མཐའ་ལས་འགྱུར་ཏེ། བརྒྱ་ཐེམ་པའི་རྒྱུ་སྦྱོར་བའམ་སྐྱེད་པ་ནི། ཤ་ཏི་ཀཿ། ཤ་ཏྱཿ། སཱཾ་གྲ་མི་ཀ །ཨུལྐཱ་པཱ་ཏཱཿ། སྦྱོར་བ་ནི་འབྲེལ་པའོ། །སྐྱེད་པ་ནི་སྲོག་ཆགས་རྣམས་ཀྱིས་དགེ་བ་དང་མི་དགེ་བ་ཡང་དག་པར་མཚོན་པར་གྱུར་པའི་ཡོངས་སུ་འགྱུར་བའོ། །སྦྱོར་བ་དང་སྐྱེད་པ་
ཞེས་པ་ཅི་ཞེ་ན། ཤ་ཏ་སྱ་ནི་མིཏྟཾ་དེ་བ་དཏྟཿ། ཨཙ་གཉིས་པ་ལས་གྲངས་དང་ཡོངས་སུ་འཇལ་བ་དང་ཨ་ཤྭ་སོགས་མིན་པ་ལས་ཡཏའོ། །ཨཙ་གཉིས་པ་ལས་དྲུག་པའི་མཐའ་ལས་གྲངས་དང་ཡོངས་སུ་འཇལ་བ་དང་ཨ་ཤྭ་སོགས་བོར་བ་ལས་སྦྱོར་བ་དང་སྐྱེད་པ་ལ་ཡཏ་འགྱུར་ཏེ། ཋཉ་
ལ་སོགས་པ་རྣམས་ཀྱི་དམིགས་བསལ་ལོ། །ནོར་གྱི་རྒྱུ་མཚན་ལ་སྦྱོར་བའམ་སྐྱེད་པ་ནི། དྷ་ནྱཿ། སརྒྒྱཿ། ཨཱ་ཡུ་ཥྱཿ། ཡ་ཤ་སྱཿ། པ་ཡ་སྱཿ། གྲངས་ལ་སོགས་པ་བོར་བ་ཅི་ཞེ་ན། པཉྩ་ཀཿ། པྲཱསྠི་ཀཿ། ཨ་ཤྭི་ཀཿ། ཨཤྨི་ཀཿ། ཨ་ཤྭ།། ཨཤྨན། གཎ། ཨཱུརྞྞ།
Vol. 194 · folio 270b
ཨུ་མཱ་བྷངྒཱ། བཪྵཱ། བ་སུ། ཅི་ལྟར་བ་ལང་གི་རྒྱུ་མཚན་ལ་སྦྱོར་བའམ་སྐྱེད་པ་ནི། ག་བྱཿ། ཞེ་ན། ག་ལས་ཨ་ཙ་ལས་སོ་ཞེས་པས་ཡཏ་བསྒྲུབ་པའི་ཕྱིར་རོ། །བྲཧྨ་བརྩ་ས་ལས་སོ། །དྲུག་པའི་མཐའ་ལས་ཡཏ་འགྱུར་ཏེ། བྲཧྨ་བརྩ་བའི་རྒྱུ་མཚན་ལ་སྦྱོར་བའམ་སྐྱེད་པ་ནི། བྲཧྨ་བརྩ་སྱེཿ། པུ་ཏྲ་ལས་ཚ་
ཡང་ངོ་། །དྲུག་པའི་མཐའ་ལས་ཚ་འགྱུར་ཞིང་ཡཏ་འང་ངོ་། །བུའི་རྒྱུ་མཚན་ལ་སྦྱོར་བའམ་སྐྱེད་པ་ནི། པུ་ཏྲཱི་ཡཿ། པུ་ཏྲྱཿ། ཨ་ཙ་གཉིས་པ་ལས་ཞེས་པ་རྟག་ཏུ་ཡཏ་ཐོབ་པ་ལ་བརྗོད་པའོ། །པྲྀ་ཐི་བཱི་སརྦ་བྷཱུ་མི་ལས་དབང་ཕྱུག་ལ་ཨནའང་ངོ་། །པྲྀ་ཐི་བཱི་དང་སརྦ་བྷཱུ་མི་ལས་དབང་ཕྱུག་མངོན་པར་བརྗོད་པ་ལ་
ཨཎ་འགྱུར་ཏེ། འང་ཡིག་ལས་སྦྱོར་བ་དང་སྐྱེད་པའི་རྒྱུ་ལའང་ངོ་། །སའི་དབང་ཕྱུག་ནི། པཱརྠི་པཿ། སཱརྦྦ་བྷཽ་མཿ། དེ་བཞིན་དུ་སྦྱོར་བ་དང་སྐྱེད་པའི་རྒྱུ་ལ་འང་ངོ་། །ངི་ལས་རིག་པར་བྱེད་པ་ལའོ། །པྲྀ་ཐི་བཱི་དང་སརྦ་བྷཱུ་མི་དག་བདུན་པའི་མཐའ་ལས་རིག་པར་བྱེད་པ་ལས་ཨཎ་འགྱུར་ཏེ། ས་རིག་པར་བྱེད་པ་ནི།
པཱརྠི་བཿ། སཱརྦྦ་བྷཱུ་མཿ། ཀཾ་པ་སོགས་རྣམས་ལ་ཋཉ་ལ་སོགས་པ་མི་འགྱུར་ཏེ། རང་བཞིན་གྱིས་ཁྱད་པར་གྱི་འབྲེལ་པ་ལས་སོ། །ལོ་ཀ་དང་ས་ལོ་ཀ་ལས་སོ། །བདུན་པའི་མཐའ་ལས་རིག་པར་བྱེད་པ་ལས་ཋཉ་འགྱུར་ཏེ། འཇིག་རྟེན་པའི་རིག་པ་ནི། ལཽ་ཀི་ཀཿ། སཱརྦ་ལཽ་ཀི་ཀཿ། སུ་ལས་སྐྱེད་དང་བསྐྱངས་
པ་དང་རྙེད་པ་དང་ཤོ་གམ་དང་ཉེ་བར་སྦྱིན་པ་ལ་གང་ལ་གང་གི་ཆེད་དུ་སྦྱིན་པར་བྱ་བ་ལ་འང་ངོ་། །གང་ལ་གང་གི་ཆེད་དུ་སྦྱིན་པར་བྱ་བའི་དོན་དེ་དག་ལ་དང་པོའི་མཐའ་ལས་སྐྱེད་ལ་སོགས་པའི་དོན་དེ་དག་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཋཉ་འོས་པའི་མཐའ་ལ་འགྱུར་ཏེ། ལྔའི་ཆེད་དུ་འདི་ལ་སྦྱིན་པར་བྱ་བ་ལ་སྐྱེད་
དང་བསྐྱངས་པའམ་རྙེད་པ་འམ་ཤོ་གམ་མམ་ཉེ་བར་སྦྱིན་པ་ལ། པཉྩ་ཀཿ། སཔྟ་ཀཿ། ས་ཧ་སྲཿ། ཤ་དྱཿ། ཤ་ཏི་ཀཿ། པྲཱསྠི་ཀཿ། ཀཾ་སི་ཀཿ། སཽརྦྱཿ། སྐྱེད་ལ་སོགས་པ་ལས་ཞེས་པ་ཅི་ཞེ་ན། པཉྩ་མུ་ལྱ་མ་མཻ་དཱ་ཡ་སྟེ། བུ་ལོན་མཆོག་གིས་གཟུང་བའི་ནོར་ལས་ཐ་དད་པའི་སྦྱིན་བྱ་ནི་སྐྱེད་དོ། །
རྒྱལ་པོས་བཟུང་བའི་གྲོང་ལ་སོགས་པ་རྣམས་སུ་བསྐྱེད་པ་ནི་བསྐྱངས་པའོ། །བཙོད་བྱ་ལས་བྱུང་བའི་རིན་ལས་ཐ་དད་པའི་རྫས་ནི་རྙེད་པའོ། །རྒྱལ་པོའི་བསྲུངས་མས་བཅིངས་ཏེ་སྦྱིན་པར་བྱ་བ་ནི་ཤོ་གམ་མོ། །དེའི་རྒྱུར་བསྐྱངས་ཏེ། ཐ་དད་པ་སྦྱིན་པར་བྱ་བ་ཨུཏྐོ་ཙ་སྟེ་ཉེ་བར་སྦྱིན་པའོ། །པཱུ་ར་ཎ། ཨརྡྷ་ལས་
Vol. 194 · folio 271a
ཋནའོ། །རྫོགས་པ་བརྗོད་པ་དང་ཨརྡྷའི་སྒྲ་ལས་དང་པོའི་མཐའ་ལས་འདི་ལ་འདིའི་ཆེད་དུ་སྦྱིན་པར་བྱ་བ་ཞེས་པ་འདི་དག་གི་དོན་དག་ལ་ཋན་འགྱུར་ཏེ། ཋཉ་དང་ཋཊ་དག་གི་དམིགས་བསལ་ལོ། །དེ་གལ་ཏེ་དང་པོའི་མཐའ་ལས་སྐྱེད་ལ་སོགས་པར་གྱུར་ནའོ། །ལྔ་པ་འདི་ལ་
འདིའི་ཆེད་དུ་སྦྱིན་པར་བྱ་བའི་སྐྱེད་ལ་སོགས་པ་ནི། །པཉྩ་མི་ཀཿ། སབྟ་མི་ཀཿ། དྭི་ཏཱི་ཡི་ཀཿ། ཏྲི་ཏཱི་ཡི་ཀཿ། ཨ་རྔྷི་ཀཿ། བྷཱ་ག་ལས་ཡཏའང་ངོ་། །བྷཱ་ག་ལས་དང་པོའི་མཐའ་ལས་འདི་ལ་འདིའི་ཆེད་དུ་སྦྱིན་པར་བྱ་བ་ཞེས་འདི་དག་གི་དོན་དག་ལ་ཡཏ་འགྱུར་ཏེ། ཋཉ་ཡང་ངོ་། །དེ་གལ་ཏེ་སྐྱེད་ལ་སོགས་
པ་ལས་ཆེས་གཞན་པར་གྱུར་ནའོ། །སྐལ་བ་འདི་ལ་འདིའི་ཆེད་དུ་སྦྱིན་པར་བྱ་བ་ནི། བྷཱ་གྱཿ། བྷཱ་གི་ཀཿ། བྷཱ་གི་ཀཿ། འདིའི་ཚད་འཇལ་བ་ལས་མི་འཇིག་པའོ། །དང་པོའི་མཐའ་ལས་འདིའི་ཚད་འཇལ་བ་བརྗོད་པ་ལས་འདིའི་དོན་ལ་ཆོ་ག་བཞིན་དུ་ཋཉ་འོས་པའི་མཐའ་ལ་འགྱུར་ཏེ། འདིའི་ཚད་
བྲེས་འཇལ་བ་ནི། པྲཱསྠི་ཀཿ། འབྲུའོ། །ཁཱ་ར་ཤ་ཏི་ཀཿ། འདིའི་ཚད་འཚོ་བ་དྲུག་ཅུས་ཡོངས་སུ་འཇལ་བ་ནི། ཥཱཥྚི་ཀཿ། དེ་བཞིན་དུ་འདིའི་ཚད་ལྔས་ཡོངས་སུ་འཇལ་བ་ནི། པཉྩ་ཀཿ། དགེ་འདུན་ནོ། །ཨཥྚ་ཀཿ། པཱ་ཎི་ནཱིའི་མདོའོ། །སཔྟ་ཀཾ །རཱ་ཛཱ་ཤྲཱིའི་འོ། །ཨཥྚཱ་ཀཾ །སཱ་དྷུ་ཀཱིརྟྟིའི་འོ། །ལྔ་
ལས་མཆེད་པའི་རང་བཞིན་འདིའི་ཚད་ཡིན་པ་ནི། པཉྩ་ཀཿ། ཀློག་འདོན་པའོ། །པཉྩ་ཀཱ་བྱ་རྣམས་སོ། །འདིའི་ཚད་ལྔ་ལུས་སུ་བྱས་ནས་ཡན་ལག་ཐ་དད་པའོ། །སྤྱི་ནི་རང་བཞིན་གྱི་དོན་ཏོ། །དེའི་ཁྱད་པར་ནི་སྤྱི་དང་ལྡན་པ་སྟེ་རྐྱེན་གྱི་དོན་ཏོ། །འདི་ལྟར་བཀོད་པའི་བིངྴ་ཏི། ཏྲིཾ་ཤདྟ།
ཙ་ཏྭཱ་རི་ཤཏ། པཉྩཱ་ཤཏ། ཥྚི། སཔྟ་ཏི། ཨ་ཤཱི་ཏི། ན་བ་ཏི། ཤ་ཏ་ལ་སོགས་པ་རྣམས་ཀྱང་ཚིག་ཕྲད་དེ། དྭཽ་པཉྩ་དེ་དག་འདིས་ཡོངས་སུ་འཇལ་བ་ལ་ཏི་རྐྱེན་དང་ཊི་དབྱི་བས་སོ། །ཕྲེང་བ་ཡང་། དྭཽ་ད་ཤ་དེ་དག་ལ་ཏི་རྐྱེན་དང་བིང་ཤའི་དངོས་པོས་བིང་ཤ་ཏི། དྭ་ཡོད་ཤ་ལས་ཤཏ་རྐྱེན་དང་ཏྲིཾམ་
དུ་བསྒྱུར་བས་ཏྲིཾ་ཤཏ། དེ་བཞིན་དུ་ཙ་ཏྭཱ་རིམ་དུ་བསྒྱུར་བས་ཙ་ཏྭཱ་རིཾ་ཤཏ། པཉྩར་བསྒྱུར་བས་པཉྩཱ་ཤཏ། ཥཊ་ད་ཤ་ལས་ཏི་རྐྱེན་དང་ཥཥ་སུ་བསྒྱུར་བས་ཥ་ཥྚི། དེ་བཞིན་དུ་སཔྟང་བསྒྱུར་བས་སཔྟ་ཏིཿ། ཨ་ཤཱིའི་ངོ་བོས་ཨ་ཤཱི་ཏི། ན་བའི་ངོ་བོས་ན་བ་ཏི། ད་ཤ་ད་ཤ་ལས་ཏན་རྐྱེན་དང་ཤའི་ངོ་བོས་
Vol. 194 · folio 271b
ཤ་ཏཾ། སོགས་པའི་སྒྲས་ད་ཤ་ཤ་ཏ་ནི་ས་ཧ་སྲཾ། ད་ཤ་ས་ཧ་སྲེ་ནི་ཨ་ཡུ་ཏན། ད་ཤ་ཡུ་ཏ་ནི་ལཀྵཾ་ཞེས་པ་ལ་སོགས་པ་རྣམས་རྟོགས་པར་བྱའོ། །མི་འཇིག་པ་ལ་འང་ཞེས་པ་ཅི་ཞེ་ན། འདིའི་འཚོ་བའི་ཚད་དྲུག་ཅུ་རྩ་གཉིས་ཀྱིས་འཇལ་བ་ནི། དྭ་ཥྀ་ཥྚི་ཀཿ། ཞེས་པ་འདིར་གཉིས་པ་ལས་ཞེས་
པས་འཇིག་པར་མ་གྱུར་པའོ། །པཉྩད་ད་ཤ་ད་སྡེ་ལ་ཡང་ནའོ། །འདི་དག་ལ་ཏུ་བ་རྐྱེན་དུ་བྱས་ནས་ཚིག་ཕྲད་དེ། པཉྩད་སྡེའོ། །པཉྩ་ཀཿ། ད་ཤ་ད་སྡེའོ། །ད་ཤ་ཀཿ། སྟོན་མ་ལཌཊའོ། །དང་པོའི་མཐའ་ལས་འཇལ་བ་བརྗོད་པ་ལ་སྟོན་མ་མངོན་པར་བརྗོད་པ་ཊཏ་འགྱུར་ཏེ། པཉྩ་ད་
ཤཿ། སྟོན་མོའོ། །པཉྩ་ད་ཤཱི། །ཕྲེང་བའོ། །དེ་བཞིན་དུ་བིཾ་ཤཿ། སྡེ་ཡོད་པ་ལ་སྟོ་མ་སྨོས་པ་ནི་སྲོག་ཆགས་ཀྱི་སྒྱི་ལ་ཆོ་གའི་ཤེས་བྱེད་ཀྱི་དོན་ཏོ། །དེ་ཡང་གྲངས་ཉིད་ཀྱིས་ཡོངས་སུ་གཞལ་གྱིས་བྲེ་ལ་སོགས་པས་མ་ཡིན་ནོ། །དེས་ན་དེའི་ཆོ་ག་ལས་མ་ཡིན་ཏོ། །ཏྲིང་ཤཊ་ཙ་ཏྭཱ་རིཾ་ཤཏ་ལས་
བྲམ་ཟེའི་མིང་ལ་ཌཱ་ཎའོ། །འདི་དག་ལས་དང་པོ་མཐའ་ལས་བྲམ་ཟེ་ཞེས་པ་འདིའི་དོན་ལ་མིང་ལ་ཌཱ་ཎ་འགྱུར་ཏེ། འདི་རྣམས་ཀྱི་ཚད་སུམ་ཅུར་ཀློག་པ་ནི། ཏྲཱིཾ་ཤཱ་ནི། བྲམ་ཟེ་རྣམས་སོ། །ཙཱ་ཏྭཱ་རིཾ་ཤཱ་ནི། མིང་ལ་ཞེས་པ་ཅི་ཞེ་ན། ཏྲིཾ་ཤཱཏྐཿ། ཏྲིཾ་ཤཏ་བིཾ་ཤ་ཏ་དག་ལ་ཀནའོ། །ཙཱ་ཏྭཱ་རིཾ་
ཤཏྐཿ། བ་ཏི་ལས་གོང་དུ་ཋཉའོ། །རིག་བྱེད་ཀྱི་ལྷག་མ་དང་བྲམ་ཟེ་དེ་རྣམས་ཀྱང་ངོ་། །འགའ་ལ་བརྗོད་ཀྱིས་དོན་ཐམས་ཅད་ལ་མ་ཡིན་ནོ། །བྷྲྀ་ཏི། བསྣ། ཨཾ་ཤ་ལས་སོ། །དང་པོའི་མཐའ་ལས་འདིའི་ཞེས་པ་འདིའི་དོན་ལ་ཆོ་ག་བཞིན་དུ་ཋཉ་འོས་པ་རྣམས་ཀྱང་འགྱུར་ཏེ། དང་པོའི་མཐའ་གང་
ཡིན་དེ་ཡང་གལ་ཏེ་བྷྲྀ་ཏི་སོགས་སུ་གྱུར་ནའོ། །འདིའི་གླ་ཀཱཪྵ་པ་ན་ལྔ་ཡིན་པ་འམ། ཆ་ཤས་ཡིན་པ་དེ། པཉྩ་ཀཿ། པྲསྠཱི་ཀཿ། གླ་ནི་རས་ཀྱི་རིན་ནོ། །བསྣཾ་ནི་བཀོད་པའི་རིན་ནོ། །ཨཾ་ཤ་ནི་སྐལ་བའོ། །པ་ཙི་ཏི་དྲོ་ཎ་ལས་ཨཾ་ལས་ཨཎ་འང་ངོ་། །ཨཾ་ལས་ཞེས་པ་གཉིས་པའི་མཐའ་ལས་དྲོ་
ཎའོ་སྒྲ་ལས་འཆད་དོའི་དོན་ལ་ཨཎ་འགྱུར་ཞིང་འང་ཡིག་ལས་ཋཉའང་ངོ་། །བྲེའོ། །གང་འཚེད་པ་ནི་དྲཽ་ཎཿ། དྲཽ་ཎི་ཀཱཿ། དྲཽ་ཎི་ཀཱི །བྲམ་ཟེའོ། །མོའོ། །བི་ཀླེད་ནཾ་པཱ་ཀཿ། སམྦྷ་བ་ཏི་དང་ཨ་བ་ཧ་ར་ཏི་འང་ངོ་། །ཀུན་དུ་འབྱུང་བར་བྱེད་ཟ་བར་བྱེད་འཚེད་པར་བྱེད་ཅེས་པ་འདི་རྣམས་ཀྱི་དོན་ལ་གཉིས་པའི་
Vol. 194 · folio 272a
མཐའ་ལས་ཆོ་ག་བཞིན་དུ་ཋཉ་འོས་པའི་མཐའ་ལས་གྱུར་ཏེ། བྲེ་གང་ཀུན་འབྱུང་བར་བྱེད་པའམ་ཟ་བར་བྱེད་པའམ་འཚེད་པར་བྱེད་པ་ནི། པྲཱསྠཱི་ཀཿ། དྲཽ་ཎི་ཀཿ། སཱ་ཧ་སྲཿ། འབྲས་ཐུག་པོ་ཆེ་ལ་སོགས་པ་རྒྱུན་གྱིས་ཚད་ལས་ལྷག་པ་ནི་ཀུན་འབྱུང་བའོ། །ཉེ་བར་སྡུད་པ་ནི་ཟ་བའོ། །
བཱ་དྲ། ཨ་ཙི་ཏ། ཨཱ་དྷ་ཀ་ལས་ཁ་ཡང་ནའོ། །གཉིས་པའི་མཐའ་ལས་ཀུན་འབྱུང་བ་ལ་སོགས་པ་རྣམས་ལ་འགྱུར་ཏེ། སྣོད་དུ་ཀུན་འབྱུང་བའམ་ཟ་བའམ་འཚེད་པ་ནི། པྲཱ་ཏཱི་ཎཱ། པྲཱ་ཏཱི་ཀཱི །ཨཱ་ཙི་ཏཱི་ནཱཿ། ཨ་ཙི་ཏཱི་ཀཱིཿ། ཨ་ཌྷ་ཀཱི་ནཱཿ། ཨཱ་ཌྷ་ཀཱི །བ་གཉིས་པ་ལས་ཋཊའང་ངོ་། །པཱ་ཏྲ་ལ་སོགས་
པའི་མཐའ་ལས་ཀུན་འབྱུང་བ་ལ་སོགས་པ་རྣམས་ལ་ཋཉ་འགྱུར་ཞིང་ཁ་ཡང་ཡང་ནའོ། །སྣོད་གཉིས་སུ་ཀུན་དུ་འབྱུང་བའམ་ཟ་འམ་འཚེད་པ་ནི། དྭི་པཱ་ཏྲཱི་ཀཱི །དྭི་པཱ་ཏྲཱི་ཎ། དྭི་པཱ་ཏྲཱི། ཡོངས་སུ་འཇལ་བ་ལས། ཀཱ་ལ་བསྟི། ཨ་ཙི་ཏ། ཀམྤ་ལྱ། སཾ་ཁྱ་ལས་འཇིག་པ་ལའོ་ཞེས་པས་དིཔའོ། །དྭྱཱ་ཙི་
ཏ་ཀཱི ། དྭྱཱ་ཙི་ཏཱི་ནཱ། དྭྱཱ་ཙི་ཏཱི། དྭྱཱ་ཌྷ་ཀི་ཀཱི །དྭྱ་ཌྷ་ཀཱི། ནཱ་དྭྱཱ་ཀཱི །འང་ཡིག་གིས་རྐྱེན་གཉིས་གྲུབ་པ་ལའམ་གྱི་སྒྲ་རྗེས་སུ་འཇུག་པ་དང་ཋཉ་འཇིག་པའི་རང་བཞིན་ཡས་གསལ་བའི་དོན་ཏོ། །ཀུ་ལི་ཛི་ལས་ཡང་ནའོ། །ཀུ་ལི་ཛའི་མཐའ་ལས་འབྱུང་བ་ལ་སོགས་པ་རྣམས་ལ་ཋ་ཡང་ན་འགྱུར་ཏེ། ཁ་ཡང་
ཡང་ནའོ། །རིགས་གཉིས་ལས་སྐྱེས་པར་ཀུན་འབྱུང་བའམ་ཟ་བ་འམ་འཚེད་པ་ནི། དྭི་ཀུ་ལི་ཛི་ཀཱ །དྭི་ཀུ་ལི་ཛཱི་ནཱ། དྭི་ཀུ་ལི་ཛཱ། དྭཻ་ཀུ་ལི་ཛི་ཀཱི །འམ་གྱི་སྒྲ་རྗེས་སུ་འཇུག་པ་ལ་བཻ་ཀ་ར་ཎཿ། ཋ་རྣམ་པར་བརྟག་པའི་དོན་ཏོ། །དེས་ན་ཙཱ་རཱུ་པྱཾ་སམྦ་དྱ་ཏེ། བཾ་ཤ་སོགས་ལས་བྷ་ར་ལས་ཁུར་
ཕྲོགས་པ་དང་འདྲེན་པ་དང་ཀུན་དུ་འདྲེན་པའོ། །བཾ་ཤ་སོགས་ལས་ཕ་རོལ་བྷ་ར་ལས་འཕྲོག་པ་སོགས་ཀྱི་དོན་རྣམས་ལ་ཋཉ་འགྱུར་ཏེ། འོད་མའི་ཁུར་འཕྲོག་པ་འམ་འདྲེན་པ་འམ་ཀུན་དུ་འདྲེན་པ་འམ། བཱ་ཤ་བྷཱ་རི་ཀཿ། ཀཽ་ཏྲ་ཛ་བྷཱ་རི་ཀཿ། བཾ་ཤ་སོགས་ལས་ཞེས་པ་ཅི་ཞེ་ན། དྷ་ནྱཿ། བྷཱ་རཾ་བ་
ཧ་ཏི། ཡང་ན་བཾ་ཤ་སོགས་ལས་ཁུར་འབྱུང་བ་ལས་སྒྲུབ་པའོ། །བཾ་ཤ་ཧི་ར་ཏི། ཀཽ་ཏྲི་ཛི་ཀཿ། བྷ་ར་ལས་ཞེས་པ་ཅི་ཞེ་ན། བཾ་ཤཾ་ཧཾ་ར་ཏི། བཾ་ཤ། །ཀུ་ཊ་ཛ། བལྦ་ཛ། མཱུ་ལ། སྠུ་ན། ཨཀྵ། །ཨཥྨ་ན། ཨིཀྵུ། །ཁ་ཏྭཱ། དྲ་བྱ། བསྣ་ལས་གན་དང་ཋཉ་དག་གོ། །འཕྲོག་པ་ལ་སོགས་པ་རྣམས་ལ་རིག་
Vol. 194 · folio 272b
པ་བཞིན་འགྱུར་ཏེ། རྫས་འཕྲོག་པ་འམ་འདྲེན་པ་འམ་ཀུན་དུ་འདྲེན་པའམ། དྲ་བྱ་ཀཿ། བསྣ་ཀཿ། འཕྲོག་པ་ནི་ཡུལ་དུ་ཐོབ་པར་བྱེད་པའོ། །ཡང་ན་ཆོམ་རྐུན་པའོ། །འདྲེན་པ་ནི་གྱེན་དུ་བཏེག་ནས་འདྲེན་པའོ། །ཀུན་དུ་འདྲེན་པ་ནི་སྐྱེད་པར་བྱེད་པའོ། །ཨརྷ་ཏིའོ། །འོས་པའི་དོན་ལ་གཉིས་
པའི་མཐའ་ལས་ཆོ་ག་བཞིན་དུ་ཋཉ་འོས་པའི་མཐའ་ལས་ཀྱང་འགྱུར་ཏེ། གོས་འོས་པ་ནི་བཱ་སྟྲི་ཀཿ། ཤ་ཏྱཿ། ཤ་ཏི་ཀཿ། པཉྩ་ཀཿ། པཱུརྦ་ཀཱ་ཡང་ངོ་། །བཱ་ཏིའི་གོང་གི་དོན་འདི་རྣམས་ལ་འགྱུར་བ་ཉིད་དོ། །མེ་འོས་པ་ནི་ཨཱགྣེ་ཡཿ། ཙྪ་ད་སོགས་ལས་རྟག་ཏུའོ། །ཙྪ་ད་སོགས་ལས་རྟག་ཏུ་འོས་པ་ཞེས་
པའི་དོན་ལ་ཋཉ་འགྱུར་ཏེ། རྟག་ཏུ་འཆད་པར་འོས་པ་ནི། ཙྪཻ་དི་ཀཿ། བྷཻ་དི་ཀཿ། ཙྪཻ་ད། བྷཻ་ད། དྲོ་ཎ། ནརྟྟ། དྲོ་ཧ། ཀཪྵ། ས་སྲ་ཡོ་ག་བི་པྲ་ཡོ་ག །བི་རཱ་ག་ནི་བི་རངྒ་འོང་ངོ་། །བ་རཱི་གའི་སྒྲ་ལས་གཉིས་པའི་མཐའ་ལས་འོས་པའི་དོན་ལ་ཋཉ་འགྱུར་ཞིང་བི་རང་ག་རུ་བསྒྱུར་བ་ཡང་ངོ་། །རྟག་ཏུ་ཆགས་བྲལ་འོས་སོ་ལ།
བཻ་རངྒ་ཀཿ། དགེ་སློང་ངོ་། །ཤཱིཪྵ་ཙྪ་ད་ལས་ཡཏ་འང་ངོ་། །ཡཏ་འགྱུར་ཞིང་ཋཉ་འང་ངོ་། །རྟག་ཏུ་མགོ་བོ་བཅད་པར་འོས་སོ་ལ་ཤཻཪྵ་ཙྪ་དི་ཀཿ། ཤཱིཪྵ་ཙྪ་དྱཿ། ཡཛྙ་ལས་གྷའོ། །འགྱུར་ཏེ། མཆོད་སྦྱིན་ནམ། མཆོད་སྦྱིན་གྱི་ལས་འོས་སོ་ལ། ཡཛྙ་ཡཿ། པཱ་ཏྲ་ལས་གྷའང་ངོ་། །ཡཏ་འགྱུར་ཞིང་
གྷཱའང་ངོ་། །ལྷུང་བཟེད་འོས་སོ་ལ། པཱ་ཏྲྱཿ། པཱ་ཏྲི་ཡཿ། དཎྜ་སོགས་རྣམས་ལས་སོ། །གཉིས་པའི་མཐའ་ལས་འོས་པའི་དོན་ལ་ཡཏ་འགྱུར་ཏེ། ཆད་པ་འོས་སོ་ལ་དཎྚྱཿ། བ་དྷྱཿ། ཨརྒྷྱཿ། དཎྜ། མུ་སུ་ལ། ཨརྒྷ། མ་རྒྱུ་པརྐཿ། ཨི་བྷ། མེ་དྷཱ། མ་གྷ། ཨུ་ད་ཀཱ ། ཡུ་ག། བ་དྷ། ཀ་ཌཾ་ག་ར། དཀྵ་
ཎཱ། སྠཱ་ལཱི་བི་ལ་ལས་ཚང་ངོ་། །གཉིས་པའི་མཐའ་ལས་འོས་པའི་དོན་ལ་ཡཏ་འགྱུར་ཞིང་ཚ་འང་སྟེ། སེར་སྐྱ་ལ་འོས་སོ་ལ། ཀ་ཌཾ་ག་རཱི་ཡཿ། བ་ལང་ངོ་། །ཀ་ཌཾ་གཪྻ། དཀྵ་ཎཱི་ཡཿ། དགེ་སློང་ངོ་། །དཀྵི་ཎྱཿ། སྠཱི་ལཱི་བི་ལཱི་ཡཿ། འབྲས་ཐུག་པོ་ཆེ་རྣམས་སོ། །སྠ་ལཱི་བི་ལྱཱ། ཀ་ཌཾ་རོ་མཱ་སཱ་དི་ནཱཾ་སྛཱུ་ལ་བུ་ཥ་སྟ་མརྷ་
ཏི། དཱིཔྟཱགྣི་ཉིད་ལས་ནཻརྒུཎྱ་ཡང་ནའོ། །རྀ་ཏྭི་ཛ་ལས་ཁཉའོ། །རྀ་ཏྭིཀ་གི་སྒྲ་ལས་གཉིས་པའི་མཐའ་ལས་འོས་པའི་དོན་ལ་ཁཉ་འགྱུར་ཏེ། དུས་སུ་མཆོད་པར་འོས་སོ་ལ། ཨཱིརྟི་ཛཱི་ནཿ། མཆོད་སྦྱིན་བྱེད་པའོ། །དཔྲལ་མགོ་གཞན་པ་དང་། བྱ་བ་མ་ཡིན་པ་དག་ལ་ཤཱ་ལི་ན་དང་ཀཽ་པི་ན་དག་གོ །ཚིག་
Vol. 194 · folio 273a
ཕྲད་དེ་སྐྱེ་བོ་གཞག་པ་གང་དཔྲལ་མགོ་གཞན་པ་ཉིད་ཀྱིས་གནས་པར་མི་ནུས་པར་ཞུགས་པར་འོས་པ་ནི་ཤཱ་ལཱི་ནཿའོ། །གང་བྱ་བ་མ་ཡིན་པ་སྨད་པ་ཉིད་ཀྱིས་རབ་ཏུ་དགའ་བར་འོས་པའི་ཕྱིར་ཁྲོན་པར་གཞུག་པར་འོས་པ་ནི་ཀཽ་པའི་ནའོ། །རབ་ཏུ་དགག་པར་འོས་པས་ནི་ལུས་ཀྱི་ཡན་ལག་འགའ་ཞིག་ཀྱང་
བརྗོད་དོ། །དེ་མི་སྒྲིབ་པ་ཡང་སྨད་པའོ། །འོས་པའི་མཐའ་རྣམས་ཀྱི་མཐའ་བཤད་པ་རྫོགས་སོ།། །།པཱ་རཱ་ཡ་ཎ། ཏུ་རཱ་ཡ་ཎ། ཙཱནྡྲཱ་ཡ་ཎ་ལས་འཇུག་པར་བྱེད་དོ། །གཉིས་པའི་མཐའ་ལས་འཇུག་པར་བྱེད་དོའི་དོན་ལ་ཋཉ་འགྱུར་ཏེ། དཔུང་གཉེན་ལ་འཇུག་པར་བྱེད་ཀློག་པར་བྱེད་པ་ནི། པཱ་རཱ་ཡ་ཎི་ཀཿ། གྲྭ་པའོ། །
ཏུ་རཱ་ཡ་ཎའི་མཆོད་སྦྱིན་ལ་འཇུག་པར་བྱེད་པ་ནི། ཏཽ་རཱ་ཡ་ཎི་ཀཿ། མཆོད་སྦྱིན་བྱེད་པའོ། །ཙཱནྡྲཱ་ཡ་ཎའི་བརྟུལ་ཞུགས་ལ་འཇུག་པར་བྱེད་པ་ནི། ཙཱནྡྲཱ་ཡ་ཎི་ཀཿ། དཀའ་ཐུབ་ཅན་ནོ། །བྱིངས་རྣམས་དུ་མའི་དོན་ཅན་གྱི་ཕྱིར་དོན་ཐམས་ཅད་བསྡུས་པའོ། །སཾ་ཤ་ཡ་ལས་ཐོབ་པ་ལའོ། །སཾ་ཤ་ཡའི་སྒྲ་གཉིས་པའི་མཐའ་
ལས་ཐོབ་པའི་དོན་ལ་ཋཉ་འགྱུར་ཏེ། ཐེ་ཚོམ་ཐོབ་པ་ནི། སཱཾ་ཤ་ཡི་ཀཿ། ཡོ་ཛ་ན་ལས་འགྲོ་བར་བྱེད་དོ་ལ་ཋཉ་འགྱུར་ཏེ། དཔག་ཚད་དུ་འགྲོ་བ་ནི། ཡཽ་ཛ་ནི་ཀཿ། གང་ཞིག་ཉིན་རེ་ཞིང་དཔག་ཚད་དུ་འགྲོ་ནུས་པ་དེ་ཉིད་བརྗོད་དོ། །ཀྲོ་ཤ་ལས་ཀྱང་ཤ་ཏའི་མཐའ་ལས་མངོན་པར་འགྲོ་བར་འོས་པ་ལ་འང་
ངོ་། །ཀྲོ་ཤ་ལས་ཀྱང་ཤ་ཏའི་མཐའ་ལས་དཔག་ཚད་དུ་འགྲོ་བའི་དོན་ལ་མངོན་པར་འགྲོ་བར་འོས་པ་ལ་ཡང་ཋཉ་འགྱུར་ཏེ། དཔག་ཚད་བརྒྱར་འགྲོ་བ་འམ་མངོན་པར་འགྲོ་བར་འོས་པ་ནི། ཡཽ་ཛ་ནི་ཤ་ཏི་ཀཿ། ཀྲཽ་ཤ་ཤ་ཏི་ཀཿ། མངོན་པར་འགྲོ་བ་ནི། སོ་སོར་འཕགས་པའོ། །པ་ཐ་
ལས་ཥི་ཀན་ནའོ། །པ་ཐའི་སྒྲ་ལས་གཉིས་པའི་མཐའ་འགྲོ་བའི་དོན་ཥི་ཀན་འགྱུར་ཏེ། ལམ་ལ་འགྲོ་བར་བྱེད་པ་ནི། པ་ཐི་ཀཿ། པ་ཐི་ཀཱི །རྒྱུན་མི་འཆད་པ་ལ་ཎ་སྟེ། པནྠ་རུའང་ངོ་། །རྒྱུན་མི་འཆད་པར་འགྲོ་བའི་དོན་ལ་པ་ཐ་གཉིས་པའི་མཐའ་ལ་ཎ་འགྱུར་ཞིང་པནྠ་རུ་བསྒྱུར་བ་འང་ངོ་། །
པཱནྠ། པནྠཱ། ཨ་ཛ། ཤཾ་ཀུ། །ཨུཏྟ་ར། པ་རི་ཛཾ་ག་ལ། ཀཱནྟཱ་ར་སྔ་མ་ལས་དེ་ཡིས་གཟུང་བ་ལའོ། །ཨ་ཛ་སོགས་སྔོན་མའི་པ་ཐའི་སྒྲ་ལས་འགྲོ་བར་བྱེད་པའི་དོན་ལ་གསུམ་པའི་མཐའ་ལས་ཋཉ་འགྱུར་ཞིང་དེས་གཟུང་བ་ལ་འང་ངོ་། །ར་རྣམས་ཀྱི་ལམ་དེས་བཟུང་སྟེ་འགྲོ་བ་ནི། ཨ་ཛ་པ་ཐི་ཀཿ།
Vol. 194 · folio 273b
ཕུར་བུ་ལྟ་བུའི་ལམ་ནི་ཤ་ཀུ་པ་ཐ་སྟེ། དེས་ན་ཤཱ་ཀུ་པ་ཐི་ཀཿ། བྱང་ལམ་དེས་ན། ཨཽཏྟ་ར་པ་ཐི་ཀཿ། བསྒྲིབས་པའི་ལམ་དེས་ན། བཱ་རི་བ་ཐི་ཀཿ། ཛཾ་ག་ལའི་ལམ་དེས་ན། ཛཱི་ག་ལ་པ་ཐི་ཀཿ། དགོན་པའི་ལམ་དེས་ན། ཀཱནྟཱ་ར་པ་ཐིཀཿ། སྠཱ་ལ་དང་པོའི་འོ། །བ་ཐིའི་སྒྲ་གསུམ་པའི་མཐའ་ལས་གཟུང་བ་འམ་
འགྲོ་བའི་དོན་ལ་ཋཉ་འགྱུར་ཏེ། སྠ་ལ་པ་ཐ་ཡིས་གཟུང་བ་འམ་འགྲོ་བ་ནི། སྠཱ་ལ་པ་ཐི་ཀཿ། མ་དྷུ་ཀ །མ་རཱི་ཙ་དག་ལས་ཨཎའོ། །སྠ་ལ་པ་ཐ་ལས་མ་དྷུ་ཀ་དང་མ་རཱི་ཙ་དག་བརྗོད་པ་ལ་ཨཎ་འགྱུར་ཏེ། སྠ་ལ་པ་ཐས་བཟུང་བ་ནི། སྠཱ་ལ་པ་ཐཾ། མངྷུ་ཀཾ ། མ་རཱི་ཙི། མ་དྷུ་ཀཾ་ནི་ཤིང་མངར་ཏེ། མངར་བའི་རྫས་སོ། །
སྠ་ལ་བཱ་རི་དག་ལ་མ་དྷུ་ཀ་མ་རཱི་ཙ་དག་ལ་ཨཎའོ་ཞེས་བྷཱ་རི་ཥའི་འགྲེལ་པ་བྱེད་པས་ཟེར་རོ། །དུས་ལས་ཟིན་པ་ལའོ། །དུས་བརྗོད་པ་གསུམ་པའི་མཐའ་ལས་ཚར་ཟིན་གྱི་དོན་ལ་ཋཉ་འགྱུར་ཏེ། ཉིན་མོ་ཟིན་པ་ནི། ཨཱ་ཧྣི་ཀཾ །མཱ་སི་ཀཾ །སཱམྦཏྶ་རི་ཀཾ །དུས་ལས་ཞེས་རྗེས་སུ་འཇུག་པར་འགྱུར་རོ། །གླ་དང་ལྷག་པར་
འདོད་པ་དག་ལ་བཞི་པ་ལས་སོ། །དུས་ལས་ཋཉ་འགྱུར་ཏེ། ཟླ་བའི་ཆེད་དུ་བྱ་བའི་གླ་འམ་ལྷག་པར་འདོད་པ་ནི། མཱ་སི་ཀཿ། སཱམྦཏྶ་རི་ཀཿ། གླ་ནི་ལས་ཀྱིས་ཉོས་པའོ། །ལྷག་པར་འདོད་པ་ནི་བཀུར་སྟིའི་བྱ་བ་ཅན་ནོ། །བྱུང་བ་དང་དངོས་པོ་ཅན་དག་ལ་ཨཾ་ལས་སོ། །གཉིས་པའི་མཐའ་ལས་བྱུང་བ་དང་
དངོས་པོ་ཅན་དག་གི་དོན་ལ་ཋཉ་འགྱུར་ཏེ། ཟླ་བར་བྱུང་བ་འམ་དངོས་པོ་ཅན་ནི། མཱ་སི་ཀཿ། འདི་ལས་ཕ་རོལ་ནིརྦྲྀཏྟ་སོགས་རྣམས་དང་ལྔ་པའི་དོན་རྣམས་ལ་ཆོ་ག་ཇི་སྲིད་པ་བཞིན་རིག་པར་བྱ་སྟེ། གསུམ་པ་དང་བཞི་པ་དང་གཉིས་པའི་མཐའ་ལས་དུས་ལས་སོ། །མཱ་ས་ལས་ན་ཚོད་ལ་ཡཏ་དང་ཁ་
དག་གོ། །བྱུང་བ་འགྱུར་ཏེ། ཟླ་བར་བྱུང་བ་ནི། མཱ་སྱཿ། མཱ་སཱི་ཀཿ། བུ་ཕོའོ། །ན་ཚོད་ལ་ཞེས་པ་ཅི་ཞེ་ན། མཱ་སི་ཀཿ། གཞན་དུ་ན་བྱུང་བ་ཉིད་ཀྱི་ཆོ་ག་ན་ཚོད་ཀྱི་ཆ་ཤས་ལ་མེད་པའི་ཕྱིར་རོ། །གྲངས་དང་པོ་ལས་ཡཏའོ། །གྲངས་དང་པོའི་མཱ་ས་ལས་ན་ཚོད་ལ་རྟོགས་པར་བྱེད་བ་ལ་ཡཏ་འགྱུར་ཏེ། ཟླ་བ་གཉིས་
སུ་བྱུང་བ་ནི། དྭི་མཱ་སྱཿ། ཥ་ཥ་ལས་ཎྱཏ་ཀྱང་ཡང་ནའོ། །ཥཊ་དང་པོའི་མཱ་ས་ལས་ན་ཚོད་རྟོགས་པར་བྱེད་པ་ལ་ཎྱཏ་ཡང་ནའོ། །ཀྱང་ཡིག་ལས་ཡཏ་ཡང་ནའོ། །ཥཎྨ་སྱཿ། ཥཎྨཱ་སི་ཀཿ། ཥཎྨཱ་སྱཿ། གཞན་དུ་ཋཉ་ཡང་ངོ་། །ན་ཚོད་ལ་གཞན་དུ་ཥཊ་དང་པོའི་མས་ལ་ཚར་ཟིན་ལ་སོགས་
Vol. 194 · folio 274a
543 པའི་དོན་རྣམས་ལ་ཋན་འགྱུར་ཞིང་། ནྱཏ་ཀྱང་ངོ་། །ཟླ་བ་དྲུག་གིས་ཟིན་པ་འམ། ཟླ་བ་དྲུག་གིས་གླའི་ལྷག་པར་འདོད་པའམ། ཟླ་བ་དྲུག་ཏུ་བྱུང་བ་འམ་དངོས་པོ་ཅན་ནི། ཥནྨཱ་ས་སྱཿ། ས་མཱ་ལས་ཁའོ། །ས་མཱ་ལས་ཟིན་པ་སོགས་ཀྱི་དོན་ལྔ་ལ་ཁ་འགྱུར་ཏེ། ས་མཱ་ཡིས་ཟིན་
པ་དང་ས་མཱི་ཆེད་དུ་གླའམ་ལྷག་པར་འདོད་པ་དང་སཱ་མཱ་རུ་བྱུང་བ་དང་དངོས་པོ་ཅན་རྣམས་ལ། ས་མཱི་ནཿ། པྲཱ་པཱ་དཿ། གྲངས་དང་པོ་ལས་ཡང་ནའོ། །གྲངས་སྔ་མའི་ས་མཱ་ལས་དོན་ལྔ་པོ་རྣམས་ལ་ཁ་ཡང་ན་འགྱུར་ཏེ། དྭི་ས་མཱི་ནཿ། དྭཻ་ས་མི་ཀཿ། ར་ཏྭི་ཡ་ཧ་ནཿ། སམྦཏྶ་ར་ལས་སོ། །རཱ་ཏྲི་སོགས་
ཀྱི་མཐའ་ལས་གྲངས་དང་པོ་ལས་ཟིན་པ་སོགས་ཀྱི་དོན་ལ་ཁ་ཡང་ན་འགྱུར་ཞིང་ཕྱོགས་གཅིག་ལ་ཋནའོ། །དྭ་རཱི་ཏྲཱི་ཎཿ། དྭཻ་རཱ་ཏྲི་ཀཿ། དྭྱཱ་ཧཱི་ནཿ། དྭཻ་ཡ་ཧྣི་ཀཿ། དྭི་སམྦཏྶ་རཱི་ཎ། ཚིག་ཕྱི་མ་ལ་འཕེལ་བ་སྟེ། དྭི་སཱམྦཏྶ་རི་ཀཿ། བཪྵ་ལས་འཇིག་པའང་ངོ་། །གྲངས་དང་པོའི་བཪྵ་ལས་དོན་ལྔ་པོ་རྣམས་
ལ་ཁ་ཡང་ན་འགྱུར་ཞིང་འཇིག་པ་འང་ཡང་ནའོ། །དྭི་བཪྵཱི་ཎཿ། དྭི་བཱཪྵི་ཀཿ། བཪྵའི་མི་འགྱུར་རོ་ཞེས་པས་ཚིག་ཕྱི་མ་ལས་འཕེལ་བའོ། །དྭི་བཪྵཿ། པྲཱ་པཱ་དཿ། དངོས་པོ་ཅན་ལ་ནི། དཻ་བཱཪྵ་ཀཿ། ཏྲཻ་བཪྵི་ཀཿ། སྲོག་ཆགས་ལའོ། །གྲངས་དང་པོའི་བཪྵ་ལས་སྲོག་ཆགས་ལ་དེ་ཕན་འཇིག་པ་
ཁོ་ནར་འགྱུར་ཏེ། སླར་ཡང་བསྒྲུབས་པའི་ཕྱིར་རོ། །དྭི་བཪྵཿ། ཏྲི་བཪྵཿ། ཁྱིའུའོ། །ཥཥྚི་ཀའོ་ནི་ཞག་དྲུག་ཅུས་སྨིན་པ་ཞེས་པ་འདིའི་དོན་ལ་ཚིག་ཕྲད་དེ་འདི་མིང་ངོ་། །དེས་ན་མུངྒ་སོགས་ལ་ཐལ་བ་མེད་དོ། །ཥཥྚི་ཀཿ། འབྲུའི་བྱེ་བྲག་གོ། །ཊཱ་ལས་ལེགས་པར་བྱེད་པ། བྱ་བ་ཐོབ་བྱ། ཡོངས་
སུ་རྒྱལ་བ་རྣམས་ལའོ། །ཊཱ་ལས་ཞེས་པ་གསུམ་པའི་མཐའ་ལས་དུས་ལས་ལེགས་པར་བྱེད་པ་ལ་སོགས་པའི་དོན་རྣམས་ལ་ཋཉ་འགྱུར་ཏེ། ཟླ་བ་ལེགས་པར་བྱེད་པའམ། བྱ་བ་འམ། ཐོབ་བྱ་འམ། ཡོངས་སུ་རྒྱལ་བ་ནི། མཱ་སི་ཀཿ། སཱམྦཏྶ་རི་ཀཿ། མཐའ་དག་ལས་རྒྱལ་ནུས་པ་ནི་
ཡོངས་སུ་རྒྱལ་བའོ། །དེ་འདིའི་ཚངས་པར་སྤྱོད་པ་ལའོ། །དེ་ཞེས་པ་གཉིས་པའི་མཐའ་ལས་དུས་བརྗོད་པ་ལ་འདིའི་ཞེས་པ་དྲུག་པའི་དོན་ལ་ཋཉ་འགྱུར་ཏེ་ཚངས་པར་སྤྱོད་པ་རྟོགས་པར་བྱ་བ་ལའོ། །འདི་ཟླ་བའི་ཚངས་པར་སྤྱོད་པ་ནི། མཱ་སི་ཀཿ། ཚངས་པར་སྤྱོད་པའོ། །དེ་བཞིན་དུ་ཨཱརྡྷ་མཱ་སི་ཀཿ།
Vol. 194 · folio 274b
སཱཾ་བཏྶ་རི་ཀཿ། ཡང་ན་དེ་ཞེས་པ་དང་། དང་པོའི་མཐའ་ལས་འདི་ཞེས་པ་དྲུག་པའི་དོན་ལ་མངོན་པར་བརྗོད་པ་ལ་ཋཉ་འགྱུར་ཏེ། འདི་ཟླ་བའི་ཚངས་པར་སྤྱོད་པ་ནི། མཱ་སི་ཀཾ ། ཚངས་པར་སྤྱོད་པའོ། །ཨཱ་ཧོ་རཱ་ཏྲི་ཀཾ ། ངས་ལས་མ་ཧཱ་ནཱ་མིན་སོགས་ལས་སོ། །ཚངས་པར་སྤྱོད་པ་ལ་ཋཉ་འགྱུར་
ཏེ། མ་ཧཱ་ནཱ་མིན་གྱི་ཚོགས་རྣམས་ཀྱི་ཚངས་པར་སྤྱོད་པ་ནི། མཱ་ཧཱ་ནཱ་མྣི་ཀཾ །ཨཱ་དི་ཏྱ་པྲ་ཏི་ཀཾ །གཽ་དཱ་ནི་ཀཾ །ཨཾ་ལས་སྤྱོད་དོ། །མ་ཧཱ་ནཱ་མིན་ལ་སོགས་པ་རྣམས་གཉིས་པའི་མཐའ་རྣམས་ལ་སྤྱོད་དོའི་དོན་ལ་ཋཉ་འགྱུར་ཏེ། མ་ཧཱ་ནཱ་མིན་རྣམས་ཀྱི་བརྟུལ་ཞུགས་ནི་དེའི་སྒྲས་བརྗོད་དོ། །མ་ཧཱ་ནཱ་
མིན་རྣམས་སྤྱོད་དོ་ལ། མ་ཧཱ་ནཱ་མིན་ཀཿ། ཨཱ་དི་ཏྱ་བྲྀ་ཏི་ཀཿ། གཽ་དཱ་ནི་ཀཱཿ། དེ་བ་བྲཏ་སོགས་ལས་ཌི་ནིའོ། །གཉིས་པའི་མཐའ་ལས་སྤྱོད་དོའི་དོན་ལ་ཌི་ནི་འགྱུར་ཏེ། ལྷའི་བརྟུལ་ཞུགས་སྤྱོད་དོ་ལ། དེ་བ་བྲ་ཏཱི། ཏི་ལ་བྲ་ཏཱི། ཨ་བནྟ་ར་དིཀྵི།། ཨཥྚཱ་ཙ་ཏྭཱ་རཾ་ཤད་ལས་ཌུན་འང་ངོ་། །གཉིས་
པའི་མཐའ་ལས་ཌུ་ན་འགྱུར་ཏེ། ཌི་ནི་འང་ངོ་། །ལོ་བཞི་བཅུ་རྩ་བརྒྱད་རྣམས་སུ་བརྟུལ་ཞུགས་སྤྱོད་དོ་ལ། ཨཥྚཱ་ཙ་ཏྭཱ་རིཾ་ཤ་ཀཿ། ཨཥྚཱ་ཙ་ཏྭཱ་རིཾ་ཤཱི། །ཙཱ་ཏུརྨཱ་སྱ་ལས་ཡ་དབྱི་བ་འང་ངོ་། །ཟླ་བ་བཞི་རྣམས་སུ་བྱུང་བ་ནི་ཙཱ་ཏུརྨཱ་སྱའོ། །དེ་ལས་གཉིས་པའི་མཐའ་ལས་སྤྱོད་དོའི་དོན་ལ་
ཌུན་འགྱུར་ཏེ། ཌ་ནི་འང་ངོ་། །དེ་སྦྱོར་བ་ལ་ཡ་དབྱི་བ་འང་ངོ་། །ཟླ་བ་བཞིར་བརྟུལ་ཞུགས་སྤྱོད་པ་ནི། ཙཱ་ཏུརྨཱ་སི་ཀཿ། ཙཱ་ཏུརྨཱ་སི་ཀཿ། ཙཱ་ཏུརྨཱ་སཱི། ཙཱ་ཏུརྨཱ་སའི་ནི། ངས་ལས་ཡཛྙ་ལས་ཡོན་ལའོ། །དྲུག་པའི་མཐའ་ལས་མཆོད་སྦྱིན་བརྗོད་པ་ལ་ཡོན་གྱི་དོན་ལ་ཋཉ་འགྱུར་ཏེ། མེའི་མཆོད་
སྦྱིན་གྱི་ཡོན་ནི། ཨཱགྣི་ཥྚོ་མི་ཀཱ། བ་ཛ་པཱུ་ཡི་ཀཱི །དྭཻ་བཱ་ཛ་པི་ཡི་ཀཱི །པཱཉྩཽ་ད་ནི་ཀཱི །ངི་ལས་སྦྱིན་བྱ་བླའོ། །ངི་ལས་ཞེས་པ་བདུན་པའི་མཐའ་ལས་མཆོད་སྦྱིན་སྦྱིན་པར་བྱ་བའི་དོན་ལ་ཋཉ་འགྱུར་ཏེ། མེའི་མཆོད་སྦྱིན་ལ་སྦྱིན་པར་བྱ་བ་ནི། ཨཱལྡིསྒོཨཱགྣིཥྚོ་མི་ཀཾ །རཱ་ཛ་སཱུ་ཡི་ཀཾ །བཱ་ཛ་པེ་ཡི་ཀཾ །པཱཉྩཽ་ནི་ཀཾ།
འདིས་ཡོན་དང་གཞན་ལ་ཡང་གྲུབ་པར་འདོད་དོ། །བྱ་བ་ལ་ཡང་བྱུང་བ་བཞིན་ནོ། །དུས་བརྗོད་པ་བདུན་པའི་མཐའ་ལས་སྦྱིན་བྱ་མངོན་པར་བརྗོད་པ་ན་བྱ་བ་ལ་ཡང་བྱུང་བ་བཞིན་ཋཉ་ལ་སོགས་པ་འགྱུར་ཏེ། དཔེར་ན་ཟླ་བར་བྱུང་བ་ནི། མཱ་སི་ཀཾ །སཱམྦ་ཏཱ་རཱི་ཀཾ །ཧཻ་མིནྟ་ཀཾ །བཱ་སནྟཾ། པྲཱ་བྲྀ་ཥ་ཎྱཾ། ཤཱ་ར་དཾ།
Vol. 194 · folio 275a
དེ་བཞིན་དུ་སྦྱིན་བྱ་དང་བྱ་བ་ལའང་ངོ་། །བྻུཥྚ་སོགས་ལས་ཨཎའོ། །བདུན་པའི་མཐའ་ལས་བྱ་བ་དང་སྦྱིན་བྱ་དག་ལ་འགྱུར་ཏེ། བྻུཥྚའི་བྱ་བ་འམ་སྦྱིན་བྱ་ལ། བཻ་ཡུཥྚཾ། ནཻཏྱཾ། བྻུཥྚ་ནིདྱ། ནིཥྐྲ་མ་ཎ། ནི་བི་ཤ་ན། པྲ་བེ་ཤ་ན། ཏཱིརྠ། སཾ་ཀྲཱ་མ། ས་གྷཱ་ཏ། པྲ་བཱ་ས། ཨུ་པ་བཱ་ས། ཨགྣི་པ་ད།
པཱི་ལུ། མུ་ལ། ཡ་ཐཱ་ཀ་ཐཱ་ཙ་ལས་ཊ་ལས་ཎའོ། །གསུམ་པའི་མཐའ་ལས་ཡ་ཐཱ་ཀ་ཐཱ་ཙ་ལས་སྦྱིན་བྱ་དང་བྱ་བ་དག་ལ་ཨཎ་འང་འགྱུར་ཏེ། ཇི་ལྟར་ཅི་ལྟར་ཡང་སྦྱིན་བྱ་འམ་བྱ་བ་ནི། ཡཱ་ཐཱ་ཀ། ཐཱ་ཙཱ་ཡོན་ཏན་ནོ། །ཡ་ཐཱ་ཀ་ཐཱ་ཙའི་སྒྲ་ནི་མི་ཟད་པ་སྟེ། སྤྱི་ལ་མ་གུས་པས་འཇུག་པར་བྱེད་དོ། །མཛེས་པར་བྱེད་པ་ལའོ། །
སྦྱིན་བྱ་དང་བྱ་བ་དག་ལ་འགྱུར་ཏེ། ལག་པས་སྦྱིན་པར་བྱ་བའམ་བྱ་བ་ནི། ཧསྟྱཾ། མཛེས་པར་བྱ་བའི་དོན་ལ་གསུམ་པ་ལས་ཋཉ་འགྱུར་ཏེ། རྣ་བ་དཀྲིས་པས་མཛེས་པར་བྱེད་པ་ནི། ཀཱརྞ་བཥྚ་ཀི་ཀཾ །གདོང་ངོ་། །བཱསྟྲ་ཡུ་ག་ལ་ལི་ཀཾ །ལུས་སོ། །ཀརྨ་དང་བེ་ཤ་ལས་ཡཏའོ། །མཛེས་པར་བྱེད་པ་ལ་གསུམ་པའི་མཐའ་
ལས་འགྱུར་ཏེ། ལས་ཀྱི་མཛེས་པ་ནི། ཀརྨྨ་ཎྱཾ་དཔའ་བོའོ། །ཟློས་གར་ཆ་བྱད་ནི། བཻ་ཤྱཱ། །ཚོགས་ཅན་མའོ། །བཻ་ཤའི་སྒྲ་ནི་ལུས་དང་བཅས་པ་ཞེས་ཁ་ཅིག་ཟེར་རོ། །སནྟྲཱ་པ་སོགས་ལས་པྲ་བྷ་བཏི་ལས་བཞི་པ་ལས་སོ། །སནྟཱ་པ་སོགས་ལས་བཞི་པའི་མཐའ་ལས་པྲ་བྷ་བ་ཏིའི་དོན་ལ་ཋཉ་འགྱུར་ཏེ། སརྦ་
པཱ་ཡ་པྲ་བྷ་བ་ཏི་ས་མརྠཿ། སནྟ་པི་ཀཿ། སཾ་གྲ་མ། སནྣཱ་ཧ། སཾ་ཡོ་ག །སཾ་པ་རཱ་ཡ། སཾ་བེ་ཤཿ། ནིརྒྷོ་ཥ། ནི་སརྒྒ་ཨུ་པ་ས་རྒྒ་པ་བཱ་ས། སམྦཱ་ད་ན་ཕྱེ་དང་ཤ་དང་ཟན་ལས་རྣམ་པར་གཟུང་བ་ལས་ཀྱང་སྟེ། མཱ་སི་ཀཾ །ཨཽ་ད་ནི་ཀམ། །སཀྟུ་མཾ། སཽ་ད་ནི་ཀཾ །ཡོ་ག་ལས་ཡཏ་ཀྱང་ངོ་། །ཡོ་གའི་སྒྲ་ལས་བཞི་པའི་མཐའ་ལས་པྲ་བྷ་
བ་ཏིའི་དོན་ལ་ཡཏ་འགྱུར་ཏེ། རྣལ་འབྱོར་གྱི་ཕྱིར་རབ་ཏུ་སྐྱེ་བ་ནི། ཡོ་གྱཿ། ཡོ་གི་ཀཿ། ཀརྨན་ལས་ཨུ་ཀནའོ། །བཞི་པའི་མཐའ་ལས་འགྱུར་ཏེ། ལས་ལ་རབ་ཏུ་སྐྱེ་བ་ནི། ཀཱརྨུ་ཀཾ །གཞུའོ། །སུ་ལས་ས་མ་ཡ་ལས་འདིའི་ཐོབ་པ་ལའོ། །ས་མ་ཡའི་སྒྲ་ལས་འདིའི་ཞེས་པ་དྲུག་པའི་དོན་ལ་དང་པོའི་མཐའ་ལས་ཋཉ་
འགྱུར་ཏེ། དེ་གལ་ཏེ་དུས་ལ་བབ་པ་ནི། སཱ་མ་ཡི་ཀཾ །རྀ་ཏུ་སྒོས་ལས་ཨཎའོ། །འདིའི་ཐོབ་པ་ཞེས་པའི་དོན་ལ་འགྱུར་ཏེ། འདིའི་དུས་ལ་བབ་པ་ནི། ཨཱརྟྟ་བམ་ལོ་ཏོག་གོ། །འདིའི་གོས་ཉེ་བར་ཐོབ་པ་ནི། ཨཽ་པ་བསྟྲམ། འདིའི་རབ་ཏུ་ཐ་བ་བབ་པ་ནི་པྲ་ཤི་ཏྲཾ་བྷཀྟཾ། ཀ་ལ་ཡས་ཡཏའང་ངོ་། །འདིའི་ཐོས་པ་ཞེས་པའི་དོན་ལ་འགྱུར་ཏེ།
Vol. 194 · folio 275b
འདིའི་དུས་ལ་བབ་པ་ནི། ཀཱ་ལྱཾ། གྲང་བའོ། །པྲ་ཀྲཥྚི་ལས་སོ། །དང་པོའི་མཐའ་ལས་ཀཱ་ལ་ལས་འདིས་བསྐལ་པ་ཞེས་པ་དོན་ལ་ཋཉ་འགྱུར་ཏེ། འདིའི་དུས་ཀྱིས་བསྐལ་བ་ནི། ཀཱ་ལི་ཀ། བུ་ལོན་ནོ། །པྲ་ཡོ་ཛ་ན་ལས་སོ། །དང་པོའི་མཐའ་ལས་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་ཋཉ་འགྱུར་ཏེ། འདིའི་
དགོས་པ་དབང་པོའི་མཆོད་པ་ནི། ཨཻནྡྲམ་ཧི་ཀཾ །མཱ་ག་ལི་ཀཾ། ཨཽཏྶ་བི་ཀཾ །ཨེ་ཀ་གཱ་ར་ལས་ཆོམ་རྐུན་ལའོ། །ཨེ་ཀཱ་གཱ་རའི་སྒྲ་ལས་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་ཆོམ་རྐུན་ཉིད་ལ་ཋཉ་འགྱུར་ཏེ། འདིའི་དགོས་པ་ཁང་པ་གཅིག་ནི། ཨེ་ཀཱ་གཱ་ར་མ་རེ་ཀཿ། ཆོམ་རྐུན་ནོ། །ཆོམ་རྐུན་ཞེས་པ་ཅི་ཞེ་ན།
ཨེ་མ་གཱ་ར་པྲ་ཡོ་ཛ་ན་མ་སྱ། དགེ་སློང་ཨ་ཀཱ་ལ་ལས་ཋཉ་འང་ངོ་། །དེ་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་ཋཉ་འགྱུར་ཏེ། ཋཉ་འང་ངོ་། །འདིའི་དགོས་པ་དུས་ཐུང་དུ་སྟེ་དུས་མ་ཡིན་པའི་གློག་ནི། ཨཱ་གཱ་ལི་ཀཱི ། ཀློག་སྟེ་སྐྱེས་མ་ཐག་ཏུ་འཇིག་པ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཚིག་ཕྲད་ལས་དུས་ཐུང་ངའི་
སྒྲ་ནི་དུས་མ་ཡིན་པར་བསྟན་ཏོ། །ཤྲདྡྷཱ་སོགས་ལས་ཨཎའོ། །དེ་འདིའི་དགོས་པ་ཞེས་པའི་དོན་ལ་འགྱུར་ཏེ། དད་པ་འདིའི་དགོས་པ་ནི། འཇིག་རྟེན་ཕ་རོལ་ལ་ཀུན་དུ་ཡིད་ཆེས་པ་སྟེ། འདི་དད་པས་གཙུག་ཕུད་ལ་རབ་ཏུ་སྦྱོར་བ་ནི། ཙཽ་ཌཾ། གང་དག་དེ་འདིའི་དགོས་པ་ཞེས་པ་འདིའི་ཡུལ་ལ་ཨཎ་རབ་ཏུ་སྦྱོར་བ་
ལྟ་བར་བྱེད་པ་དེ་དག་གིས་ཤྲདྡྷཱ་ལ་སོགས་པའི་རབ་ཏུ་སྦྱོར་བ་རྗེས་སུ་རྟོགས་པར་བྱའོ། །བཻ་ཤཱ་ཁཱ་དང་ཨཱ་ཥཱ་ཌྷ་ལས་ཕུར་བུ་དང་དབྱུག་པ་དག་ལའོ། །དེ་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་ཨཎ་འགྱུར་ཏེ། འདིའི་དགོས་པས་ག་ཡིན་པ་ནི། བཻ་ཤཱ་ཁ། ཕུར་བུའོ། །ཨཱ་ཥཱ་ཌྷཿ། བརྟུལ་ཞུགས་ཅན་རྣམས་ཀྱི་དབྱུག་
པའོ། །དབྱུག་པ་དང་ཕུར་བུ་དག་ལ་ཞེས་པ་ཅི་ཞེ་ན། བཻ་ཤཱ་ཁི་ཀཿ། ཨཱ་ཥཱ་ཌྷ་ཀཿ། ཨུཏྠཱ་པ་ན་སོགས་རྣམས་ལས་ཚའོ། །དེ་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། འདིའི་དགོས་པ་ལྡང་བར་བྱེད་པ་ནི། ཨུཏྠཱ་པ་ནཱི་ཡཿ། ཨུ་པསྠཱ་པ་ནཱི་ཡཾ། ཨུཏྠཱ་པ་ན། ཨུ་པ་སྠཱ་པ་ན། ཨ་ནུ་པྲ་བ་ཙ་ན། པྲ་བེ་ཤ་ན་
ཨུ་ནུ་བེ་ཤ་ན། ཨ་ནུ་རོ་ཧ་ཎ། ཨཱ་རོ་ཧ་ཎ། ཨཱ་རམྦྷ་ཎ། ཨཱ་བྷ་ར་ཎ། བི་ཤི། །བུ་རི། པ་དི། རོ་ཧི། ས་མཱ་པི། ཨ་མིན་པའི་རང་བཞིན་ལས་ཚིག་སྔ་མ་དང་བཅས་པ་ལས་སོ། །དེ་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་ཚ་འགྱུར་ཏེ། འདིའི་དགོས་པ་ཁྱིམ་དུ་རབ་ཏུ་འཇུག་པ་ནི། གྲྀ་ཧ་པྲ་བེ་ཤ་ནཱཾ་ཡཾ། པྲ་པཱ་པཱུ་ར་ཎཱི་ཡཿ།
Vol. 194 · folio 276a
ཨ་ཤྭ་པྲ་བ་ད་ནཱི་ཡཾ། པྲ་བཱ་དཱ་བ་རོ་ཧ་ཎཱི་ཡཾ། བྱཱ་ཀ་ར་ཎ་ས་མ་ཎཱི་ཡ། སྭརྒྒ་སོགས་ལས་ཡཏའོ། །དེ་འདིའི་དགོས་པ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། སྭརྒྒྱ། དྷརྨྱ། ཡ་ཤ་སྱཾ། ཨཱ་ཡུ་ཥྱཾ། ཀཱ་མྱཾ། དྷ་ནྱཾ། པཱུ་ཎྱཱཧ་བ་ཙ་ན་སོགས་ལས་འཇིག་གོ། །དེ་འདིའི་དགོས་པ་
ཞེས་པ་འདིའི་དོན་ལ་ཋཉ་འཇིག་པར་འགྱུར་ཏེ། པུཎྱཱ་ཧཱ་བ་ཙ་ནཾ། ཤཱནྟི། བཱ་ཙ་ནཾ། ལས་ལ་ཋཉའི་མཐའ་དགག་པའོ། །ཉེ་བར་འཇལ་བ་ལ་བ་ཏིའོ། །དཔེ་ཉེ་བར་བྱེད་པ་གང་གིས་རབ་ཏུ་གྲུབ་པ་དེ་དང་འདྲ་བའི་དངོས་པོ་ཉེ་བར་འཇལ་བ་དེ་ལས་ཤུགས་ཀྱིས་ཉེ་བའི་གཞལ་བྱ་ལ་ཏི་འགྱུར་ཏེ། བྲམ་
ཟེ་དང་འདྲ་བ་ནི། །བྲཧྨ་བཏ། རྒྱལ་རིགས་སོ། །བྱ་དང་འདྲ་བ་ནི། ཁ་ག་བཏ། ནམ་མཁའ་ལ་འགྲོ་བའི་ཐུབ་པའོ། །དུང་དང་འདྲ་བ་ནི། ཤཾ་ཁ་བཏ་སྐྱེ་བོའོ། །སྒྲ་མི་རྟག་པ་ནི། གྷ་ཊ་བཏ། ཀུ་བེ་ར་བཏ། ནགས་ཚལ་ཅན་ནོ། །ཁྱོད་ལྷ་བཞིན་བལྟ་བར་བྱ་བ་ནི། དེ་བ་བཏ། ཁྱོད་ཐུབ་པ་བཞིན་ཚངས་
པར་སྤྱོད་པ་ནི། མུ་ནི་བཏ། བྲམ་ཟེ་བཞིན་དུ་ད་མངས་རིགས་ལ་སྦྱིན་པ་བྱེད་པ་ནི། བྲཱཧྨ་བཏ། རི་བོ་བཞིན་བརྟན་ལ་གནས་པ་ནི། པརྦ་ཏ་བཏ། ཀུ་གཅིག་ལྔ་པ་ལ་ཡང་འདོད་དོ། །སྐྱེས་པ་འདྲ་བའི་བུད་མེད་ཀྱི་གཟུགས་ནི། པུཾ་བཏ། ཐང་བཞིན་དུ་ཆུ་ལ་འགྲོ་བ་ནི། སྠ་ལ་བཏ། དངོས་
པོ་ངས་ལས་ཏོ་དང་ཏལ་དག་གོ། །འདི་ལས་ཁྱོད་མངོན་པར་བརྗོད་པའི་རྐྱེན་དག་ལ་ཞེས་པ་ནི་དངོས་པོའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་རང་གི་དོན་ལ་རིགས་ལ་སོགས་པའི་ཆོས་སོ། །དེ་མངོན་པར་བརྗོད་པ་ལ་དྲུག་པའི་མཐའ་ལས་ཏོ་དང་ཏལ་དག་འགྱུར་ཏེ། བ་ལང་གི་དངོས་པོ་ནི། གོ་ཏྭཱཾ།
གོ་ཏཱ། གོའི་སྒྲ་འཇུག་པའི་རྒྱུ་མཚན་རིགས་བརྗོད་དོ། །སྣམ་བུ་དཀར་པོའི་དངོས་པོ་ནི། ཤུ་ཀལ་ཏྭཾ། ཤུ་ཀླ་ཏྭ་ཞེས་པའི་ཡོན་ཏན་གྱི་དངོས་པོའོ། །གང་གི་ཚེ་དཀར་པོའི་ཡོན་ཏན་གྱི་དངོས་པོ་ཤུཀླ་ཏྭཾ། ཤུཀླ་ཏ་ཡིན་པ་དེའི་ཚེ་དཀར་པོ་ནི་ཡོན་ཏན་གྱི་རིགས་ཀྱི་དངོས་པོའོ། །པཱ་ཙ་ཀ་ཏྭཾ། དཎྜི་ཏྭཾ།
བི་ཥཱ་ཎི་ཏྭཾ། རྭ་ཛ་ཕུ་རུ་ཥ་ཏྭཾ། བྱ་བ་ལ་སོགས་པའི་འབྲེལ་བ་ཉིད་དངོས་པོའོ། །དེ་བ་དཏྟ་ཏྭཾ། ཙནྡྲ་ཏྭཾ། དེའི་གནས་སྐབས་ཀྱི་ཁྱད་པར་ནི་སྤྱིའོ། །ཨཱ་ཀཱ་ཤ་ཏྭཾ། ཨཱ་བྷཱ་བ་ཏྭཾ་ཞེས་པ་ཉེ་བར་བཏགས་པའི་སྤྱིའོ། །གཅིག་ལ་དེ་མ་ཡིན་པ་ཕྱེ་བ་འཇུག་པའི་རྒྱུ་མཚན་གཞན་དུ་བསམ་པར་བྱ་སྟེ། དེ་ཡང་ཕྱེ་མ་
Vol. 194 · folio 276b
ལས་ཐ་མི་དད་དོ། །ན་ཉ་ལས་དོན་གཞན་མ་ཡིན་པ་ལ་ནཉའོ། །ན་ཉ་ལས་ཕ་རོལ་དོན་གཞན་མ་ཡིན་པ་ལ་འཇུག་པ་ན་དངོས་པོ་ལ་ཏྭེ་དང་ཏལ་ཁོ་ན་འགྱུར་ཏེ། བུ་ལོན་མེད་པ་ནི། ཨ་ནྀ་ཎཾ། དེའི་དངོས་པོ་ནི་ཨི་ནྲྀ་ཎ་ཏྭཱཾ། ཨ་ནྲྀ་ཎ་ཏཱ། ཨ་དྷརྨ་ཏྭཾ། ཨ་དྷརྨ་ཏཱ། ཨ་པྲྀ་ཐུ་ཏྭཱཾ། ཨ་པྲྀ་ཐུ་ཏཱ། ཨ་དྲྀ་ཌྷ་ཏྭཾ། ཨ་དྲྀ་ཌྷ་ཏཱ།
དོན་གཞན་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བུ་ལོན་མེད་པའི་སྐྱེས་བུའི་དངོས་པོ་ནི། ཨཱ་ནྲྀ་ཎྱཱཾ། ཨཱ་དྷརྨྱཾ། ཙ་ཏུ་ར། སཾ་ག་ཏ། ལ་བ་ཎ། བ་ཧ། བུ་དྷ། ཀ་ར། ར་ས། ལས་ལས་ཡང་ནའོ། །ཙ་ཏུ་ར་ལ་སོགས་པ་ནཉ་སྔོན་མ་ལས་དོན་གཞན་མ་ཡིན་པའི་དངོས་པོ་ལ་ཏྭ་དང་ཏལ་དག་ཡང་ན་འགྱུར་ཏེ། ཨཱ་ཙ་ཏུཪྻྱཾ། ཨཱ་སཾ་
ག་ཏྱཾ། ཨཱ་བ་ལ་ཎྱཾ། ཨཱ་པ་ཛྱཾ། ཨཱ་བུདྷྱཾ། ཨཱ་ཀ་ཪྱཾ། ཨཱ་ར་སྱཾ། ཕྱོགས་གཅིག་ལ། ཨཱ་ཙ་ཏུ་ར་ཏྭཾ། ཨཱ་ཙ་ཏུ་ར་ཏཱ་ཞེས་པ་ལ་སོགས་པའོ། །པྲྀ་ཐུ་སོགས་ལས་ཨི་མནའོ། །པྲྀ་ཐུ་སོགས་རྣམས་ལས་དེའི་དངོས་པོ་ཞེས་པ་འདིའི་དོན་ལ་ཨི་མན་ཡང་ན་འགྱུར་ཏེ། ཡངས་པའི་དངོས་པོ་ནི། པྲྀ་
ཐི་མཱ། པྲྀ་ཐུ་ཏྭཱཾ། པྲྀ་ཐུ་ཏྭཾ། པཱརྠ་བཾ། མྲ་དི་མཱ། མྲྀ་དུ་ཏྭཾ། མཱརྡུ་བཾ། པྲྀ་ཐུ། མྲྀ་དུ། པ་ཊུ། ཏ་ནུ། ལ་གྷུ། སཱ་དྷུ། ཨུ་རུ། གུ་རུ། ཨཱ་ཤུ། བ་ཧུ། བ་ཧཱུ་ལ། མ་ཧ་ཏ། ཙནྡྲ། ཁཎྜྜ། ཨ་ཀཉྩི་ན། བཱ་ལ། ཧོ་ཌ། བཏྶ། པཱཀ ། ཀནྡ། སྭཱ་དུ། རྀ་ཛུ།ཧྲ་སྭ། དཱིརྒྷ།། ཀཥི་པྲ། ཀྵུ་དྲ། པྲྀ་ཡ། བརྞ། དྲི་ཌྷ་སོགས་རྣམས་ལས་ཥྱཉའང་ངོ་། །ཁ་དོག་གི་ཁྱད་པར་
བརྗོད་པ་རྣམས་དང་དྲྀ་ཌྷ་སོགས་ལས་ཀྱང་དེའི་དངོས་པོ་ཞེས་པ་འདིའི་དོན་ལ་ཨི་མན་ཡང་ན་འགྱུར་ཏེ། ཥྱཉཱང་ངོ་། །ཁ་དོག་ལས་ནི། ཤཽཀླྱ། །ཤུཀླི་མཱ། ཤུཀླ་ཏྭཾ། ཤུཀླ་ཏཱ། དཱརྡྷྟྱཾ། དྲྀ་དྷི་མཱ། དྲྀ་དྷ་ཏྭཾ། དྲྀ་ཌྷ་ཏཱ། ཥ་ཡིག་ནི། དཱི་པ་ཀྱི་དོན་ཏོ། །ཨཽ་ཙི་ཏཱི། ཡ་ཐཱ་ཀཱ་མཱི། བཻ་དགྡྷཱི། །སཱ་མ་གྲི།། མཻཏྟྲི། ཨ་ནུ་པཱུརྦཱི།
དྲྀ་ཌྷ། བྲྀ་ཌྷ། པ་རི་བྲྀ་ཌྷ། བྷྲྀ་ཤ། ཀྲྀ་ཤ། ཙུ་ཀྲ་ཨ་མླ། ལ་བ་ཎ། མ་དྷཱུ་ར། ཨཱ་མྲ། ཤཱི་ཏ། ཨུཥྞ། ཛ་ཌ། བ་དྷི་ར། མཱུ་ཀ །མཱུརྦ། པཎྜི་ཏ། བི་ལས་ཡཱ་ཏ་ལཱ་བྷ་ཤཱ་ར་ད་ལས་སོ། །དེའི་དངོས་པོ་ཞེས་པ་དཱིའི་དོན་ལ་ཥྱཉ་འགྱུར་ཞིང་ཨི་མཎ་ཡང་ངོ་། །འདི་འགལ་བར་འགྱུར་བ་རྟོག་པ་ནི། བཱི་ཡཱ་ཏཿ། དེའི་དངོས་པོ་ནི། བེ་ཡཱ་ཏྱཾ། བི་ཡཱ་ཏི་
མཱ། བཻ་ལཱ་བྷྱ། བི་ལཱ་བྷི་མཱ། བཻ་ཤཱ་ར་དྱཾ། བི་ཤཱ་ར་དི་མཱ། སམ་ལས་ཀྱང་ཏི་མ་ནས་ལས་སོ། །སཾ་དང་བི་ལས་ཀྱང་ཕ་རོལ་གྱི་མ་ཏི་དང་མ་ནས་ཀྱི་སྒྲ་དག་ལ་དེའི་དངོས་པོ་ཞེས་པ་འདིའི་དོན་ཥྱཉ་འགྱུར་ཞིང་ཨི་མན་ཡང་ངོ་། །ཡང་དག་པའི་བློ་གྲོས་ཀྱི་དངོས་པོ་ནི། སཱམྨ་ཏྱཾ། བཻ་མ་ཏྱཾ། སམྨ་ཏི་མཱ། བི་མ་ཏི་མཱ། སཱཾ་མ་ན་སྱཾ།
Vol. 194 · folio 277a
སཾ་མ་ནི་མཱ། བི་མ་ནི་མཱ། ཡོན་ཏན་བརྗོད་པ་དང་བྲཱཧྨ་ཎ་ལ་སོགས་པ་རྣམས་ལས་ལའང་ངོ་། །ཡོན་ཏན་བཤད་པ་ནི། ཡོན་ཏན་བརྗོད་པ་སྟེ། དེ་རྣམས་དང་བྲཱཧྨ་ཎ་ལ་སོགས་པ་རྣམས་ལས་ཀྱང་དངོས་པོ་དང་ལས་ལ་ཥྱཉ་འགྱུར་ཞིང་ཨི་མན་ཡང་ངོ་། །སེམས་པའི་ལས་སོ། །དངོས་པོ་ནི། ཛཱ་ཌྷཾ། ཛ་ཌི་མཱ། ཛ་ཌ་ཏྭཾ།
ཛ་ཌ་ཏྭཱ། མོ་ཌྷྱཾ། བ་དྷི་ཪྻཾ། བྲཱཧྨ་ཎྱཾ། བྲཱཧྨ། ནིཥྨ་ལ། བཱི་ལི་ཤ། དུཥྤུ་རུ་ཥ། རཱ་ཛ་ན། ག་དུ་ལ། དཱ་ཡཱ་ད། བིཥསྟི། བི་ཤ་སྱ། ཙ་ཏུརྦརྞ་སོགས་རྣམས་ལས་རང་དོན་ལའོ། །དང་པོའི་མཐའ་རྣམས་རང་དོན་ལའོ། །དང་པོའི་མཐའ་རྣམས་ཥྱ་ཉ་འགྱུར་ཏེ་རིགས་བཞི་རྣམས་ཉིད་ནི། ཙཱ་ཏུ་རྦརྞྞྱ་ཙ་ཏུ་ར་ཤྲ་མྱཾ། ཏྲཻ་ཀ་སྱཾ། ཏྲཻ་ཀ་ལྱཾ། དྭཻ་རཱུ་པྱཾ། ཙཱ་ཏུ་རཱུ་པྱཾ།
ཏྲཻ་གུ་ཎྱཾ། ཥཱཌྒུ་ཎྱཾ། སྡེ་ཉིད་ནི། སཻ་ནྱཾ། བིཌ་ལྟ་བུ་ནི་བཻ་ཤྱཿ། བེ་དའི་མཐའ་ལས་ནི་ཚིག་གཉིས་ཀ་ལ་འཕེལ་བ་སྟེ། ཙཱ་ཏུརྦཻདྱཾ། སཱརྦ་བཻདྱཾ། པཱུ་རོ་ཧི་ཏ་དང་པ་ཏིའི་མཐའ་ལས་སོ། །དངོས་པོ་དང་ལས་དག་ལས་དག་ལ་ཥྱཉ་ཡང་ན་འགྱུར་ཏེ། པཽ་རོ་ཧི་ཏྱཾ། ཨཱ་དྷི་པཏྱཾ། གཱ་ཎ་པ་ཏྱཾ། པྲཱ་ཛཱ་པ་ཏྱཾ། པྲཱ་ཛཱ་པ་ཏི་ཏྭཾ། ཨ་དྷ་ཏ་ཀྱི་སྒྲ་ལས་
དངོས་པོ་དང་ལས་དག་ཥྱཉ་འགྱུར་ཞིང་ནུམ་ཡང་ངོ་། །འོས་པའི་དངོས་པོ་ནི། ཨཱརྷཱནྟྱཾ། ཨཱརྷཱནྟྱི། བྱ་བའོ། །ས་ཁི། དུ་ཏ། པ་ཎི་ཛ་ལས་ཡཏའོ། །དངོས་པོ་དང་ལས་དག་ལ་ཡང་ན་འགྱུར་ཏེ། ས་ཁྱཾ། ཁི་ཏྭ། ས་ཁི་ཏཱ་དཱུ་ཏྱཾ། དཽ་ཏྱཾ། དཱུ་ཏ་ཏྭཾ། དཱུ་ཏ་ཏཱ། པ་ཎི་ཛྱཾ། བ་ནཱི་ཛྱཾ། བ་ཎཱིཁཱ།། བཱ་ཎི་ཛྱཾ། སྟེ་ཡའོ་ཞེས་པ་ཆོམ་རྐུན་གྱི་དངོས་པོ་
འམ་ལས་ལ་ཚིག་ཕྲད་དེ། སྟེ་ཡཾ། སྟེ་ནྱཾ། སྟེ་ན་ཏྭཾ། སྟེ་ན་ཏཱ། ཛྙཱ་ཏི་དང་ཀ་པི་ལས་དག་ལ་ཡང་ན་འགྱུར་ཏེ། ཀཱ་པི་ཡཾ། ཀ་པི་ཏྭཾ། ཀ་བི་ཏ། ཛྙཱ་ཏི་ཏྭཾ། ཛྙཱ་ཏི་ཏཱ། སྲོག་ཆགས་རིགས་དང་ན་ཚོད་ཀྱི་དོན་དང་ཨུངྒཱ་ཏྲ་སོགས་རྣམས་ལས་ཨཎའོ། །སྲོག་ཆགས་ཀྱི་རིགས་བརྗོད་པ་དང་ན་ཚོད་བརྗོད་པ་ལས་ཨུངྒཱ་ཏྲྀ་སོགས་རྣམས་
ལས་དངོས་པོ་དང་ལས་དག་ལ་ཨཎ་ཡང་ན་འགྱུར་ཏེ། ཨཱ་ཤྭ་ཏྭཾ། ཨ་ཤྭ་ཏཱ། ན་ཚོད་བརྗོད་པ་ལས་ཀཽ་མཱ་རི། ཀུ་མཱ་ར་ཏྭཾ། ཀུ་མཱ་ར་ཏཱ། ཨཽངྒཱ་ཏཾ། ཨུངྒཱ་ཏྲི་ཏྭཾ། ཨུངྒཱ་ཏྲི་ཏཱ། ཨོནྣེ་ཏྲཾ། ཨུནྣེ་ཏྲྀ་ཏྭ། ཨནྣེ་ཏྲྀ་ཏཱ། ཨུངྒཱ་ཏྲྀ། ཨུནྣེ་ཏྲྀ། པྲ་ཏི་ཧ་རྟྲི། པྲ་ཤཱསྟྀ། ཧོ་ཏྲཾ། ཀརྟྲྀ། པརྟྲྀ། ར་ཐ་ག་ཎ་ཀ །པརྟི་ག་ཎ་ཀ །སུཥྛུ། དུཥྛུ། ཨ་དྷྭཪྻ། བདྷུ།
སུ་བྷ་ག །ཧཱ་ཡ་ནའི་མཐའ་དང་ཡུ་བ་སོགས་ལའོ། །དངོས་པོ་དང་ལས་དག་ལ་ཡང་ན་འགྱུར་ཏེ། ཧཱ་ཡ་ནའི་མཐའ་ལས་ནི། དྭཻ་ཧཱ་ཡ་ནཾ། དྭི་ཧཱ་ཡན་ཏྭཾ། དི་ཧཱ་ཡན་ཏཱ། ཡུ་བ་སོགས་ལས་ནི། ཡཽ་བ་ནཾ། ཡུ་བ་ཏྲཱཾ། ཡུ་བ་ཏཱ། སྠཱ་བི་རཾ། སྠ་བིར་ཏྭཾ། སྠ་བི་ར་ཏཱ། ཡུ་བ་ན། སྠ་བི་ར། ཡ་ཛ། མཱ་ན། བྷྲཱྀ་ཏྲི། ཀུ་རུ་ཀ ། ཀུ་རུ་པ། ཤྲ་མ་ཎ། ཀ་
Vol. 194 · folio 277b
མཎྜ་ལུ། ཀུསྟྲི། སུསྟྲཱི། དུསྟྲི། སུ་ཧྲྀ་ད་ཡ། སུ་ཧྲྀ་ད། སུ་བྷྲྀ་ཏྲ། དུརྦྷྲཱ་ཏི། བྲྀ་ཥ་ལ། པ་རི་བྲཱ་ཛ་ཀ །བྲཧྨ་ཙཱ་རི་ན། ཨ་ནྲི་ཤཾ་ས། ཙ་པ་ལ། ཀུ་ཤ་ལ་ནི་པུརྞ། པི་ཤུ་ན། པཱརྠི་བ། ཀུ་ཏུ་ཧ་ལ། ཀྵེ་ཏྲཛྙ། ཤྲོ་ཏི་ཡའི་ཡ་དབྱི་བའང་ངོ་། །ཤྲོ་ཏྲི་ཡའི་སྒྲ་ལས་དངོས་པོ་དང་ལས་དག་ལ་ཨན་ཡང་ན་འགྱུར་ཞིང་ཡ་ཡིག་ཀྱང་
དབྱིའོ། །ཤྲོ་ཏྲི་ཡའི་དངོས་པོའམ་ལས་ནི། ཤྲཽ་ཏྲི། ཤྲོ་ཏྲི་ཡ་ཏྭཾ། མ་ནོ་ཛྙཱ་ན་སོགས་སུ་བཀླགས་པ་ལས་ནི། ཤཽ་ཏྲ་ཡི་ཀཾ །པུ་རུ་ཥ་དང་ཧྲྀ་ད་ཡ་ལས་བསྡུ་བ་མེད་པ་ལའོ། །དངོས་པོ་དང་ལས་དག་ལ་ཨཎ་ཡང་ན་འགྱུར་ཏེ། བཽ་པུ་ཥཾ། ཧཱརྡཾ། ཧྲྀ་ད་ཡ་ནི་ཨཎ་ལ་ཧྲྀ་དའོ་ཞེས་པས་ཧྲྀ་ད་བསྒྱུར་བའོ། །
བསྡུ་བ་མེད་པ་ལ་ཞེས་པ་ཅི་ཞེ་ན། པ་རམ་པུ་རུ་ཥ་ཏཱ། ཨུཏྟ་ན་ཧྲྀ་ད་ཡ་ཏཱ། ཡང་བའི་ཨིཀ་གིཀ་བི་མིན་པ་ལས་སོ། །ཡང་བ་ལས་ཕ་རོལ་གྱི་ཡ་ཨིཀ་དེའི་མཐའི་ག་ལས་ཀ་བའི་སྒྲ་མ་གཏོགས་པ་ལས་དངོས་པོ་དང་ལས་དག་ལ་ཨཎ་ཡང་ན་འགྱུར་ཏོ། །ཐུབ་པའི་དངོས་པོ་འམ་ལས་ནི།
མཽ་ནཾ། ཤཽ་ཙི། པཱརྠ་བཾ། མཱརྟ་བཾ། པཱ་ཏ་བཾ། ཏཱ་ན་བཾ། ལཱ་གྷ་བཾ། གཽ་ར་བཾ། ཕྱོགས་གཅིག་ལ་མུ་ནི་ཏྭཾ། མུ་ནི་ཏཱ། སོགས་སོ། །ཡང་བའི་ཞེས་པ་ཅི་ཞེ་ན། པཱུཎྜུ་ཏྭཾ། ཨིཀ་ཞེས་པ་ཅི་ཞེ་ན། ར་ས་ཏྭཾ། ཀ་བི་མ་ཡིན་པ་ལས་ཅེས་པ་ཅི་ཞེ་ན། ཀཱ་བྱ། བྲཱཧྨ་ཎ་ལ་སོགས་པའི་དབྱིབས་ཀྱི་ཚོགས་ཉིད་ལས་
ཥྱཉའོ། །ཡ་མཐའ་ཉེ་དང་ལྕི་བ་ཉེ་བ་ཕྱི་མ་ལས་སུ་པྲ་ཁྱ་མ་ཡིན་པ་ལས་དངོས་པོ་དང་ལས་དག་ལ་བུཉ་འགྱུར་ཏེ། རཱ་མ་ཎཱི་ཡ་ཀཾ །རཱ་མ་ཎི་ཡ་ཏྭཾ། ར་མ་ཎཱི་ཡ་ཏཱ། སཱ་ཧཱ་ཡ་ཀཾ །ས་ཧཱ་ཡ་ཏཱཾ། ས་ཧཱ་ཡྻཾ། ཡ་མཐའ་ཉེ་ལས་ཞེས་པ་ཅི་ཞེ་ན། བི་ཏཱན་ཏྭཾ། ལྕི་བ་ཉེ་བ་ཕྱི་མ་ལས་ཞེས་པ་ཅི་ཞེ་ན། ཏྲི་ཤ་ཏྭཾ། སུ་པྲ་ཁྱམ་པ་ཡིན་པ་
ལས་ཞེས་པ་ཅི་ཞེ་ན། སུ་པྲ་ཁྱ་ཏྭཾ། སཽ་པ་ཁྱཾ་དང་གི་དོན་དང་མ་ནོ་ཛྙཱ་སོགས་རྣམས་ལས་དངོས་པོ་དང་ལས་དག་ལ་བུཉ་ཡང་ན་འགྱུར་ཏེ། དང་གི་དོན་ལས་ནི། ཤེ་ཥྱོ་པཱ་དྷྱཱ་ཡི་ཀཱ ། ཤིཥྱོ་དྷྱཱ་ཡ་ཏྭཾ། གཽ་པ་ལ་ཤུ་པཱ་ལི་ཀཱི ། ཀཽཏྶ་ཀུ་ཤི་ཀི་ཀཱ ། པཻ་ཏཱ་པུ་ཏྲི་ཀཱ ། མ་ནོཛྙཱ་ཀཾ ། མ་ནོ་ཛྙ་ཏྭཾ། པྲི་ཡ་རཱུ་པ་ཀཾ ། པྲི་ཡ་རཱུ་པ་ཏྭཾ། མ་ནོ་ཛྙ། པྲི་ཡ་རཱུ་པ། ཨ་ཧོ་རཱུ་པ།
མེ་དྷ་བིན། ཨཱཌྷ་ཀ་ལྱཱ་ཎ། ཨ་བི་རཱུ་པ། ས་རཱུ་པ། ཀུ་ལ་པུ་ཏྲ། ཙྪ་ས། ཨིནད། ཤོ་ཏྲི་ཡ། ཙཽ་ར། དྷཱུརྟྟ། བི་ཤྭ་དེ་བ། ཡུ་བན། གྲཱ་མ་པུ་ཏྲ། གྲཱ་མ་པུ་ཥཎྜ། གྲམྨ་ཀུ་མཱ་ར། ཨ་མུ་ཥྱ་ཀུ་ལ། ཤ་ར་པུ་ཌ། བུ་ཉའི་མཐའ་རྣམས་རང་བཞིན་གྱིས་བུད་མེད་དང་མ་ནིང་གི་རྟགས་ཅན་རྣམས་སོ། །གོ་ཏྲ་དང་། ཙ་ར་ཎ་ལས་ཤླཱ་གྷ། །ཨ་
Vol. 194 · folio 278a
དྷིཀྵ་པ། ཨ་པ་ག་ཏ་རྣམས་ལའོ། །རིགས་བརྗོད་པ་དང་རྒྱུ་བརྗོད་པ་ལས་དངོས་པོ་དང་ལས་དག་ལ་བསྔགས་པ་ལ་སོགས་པའི་ཡུལ་ལ་བུཉ་ཡང་ན་འགྱུར་ཏེ། གཱརྒྒ་ཀ་ཡཱ་ཤླཱ་གྷ་ཏེ། གཱརྒྒྱ་ཏྭེ་ན་ཤླཱ་གྷ་ཏེ། གཱརྒྒི་ཀ་ཡཱ་དྷིཀྵ་ལ་ཏི། གཱརྒྒི་ཀཱ་མ་བ་ག་ཏ་བཱན། གརྒྒཱ་ཏཱ་གརྒྒཱ་ཏཱ་མ་བ་གུ་ཏ་བཱན། དེ་བཞིན་
དུ་ཀཱ་ཋི་ཀ་ཡཱ་ཤླཱ་གྷ་ཏེ་པ་ཞེས་པ་ལ་སོགས་པའོ། །ཤླཱ་གྷ་ལ་སོགས་པ་རྣམས་ལ་ཞེས་པ་ཅི་ཞེ་ན། གཱརྒྒྱ་ཏྲཾ། ཀ་ཋ་ཏྭཾ། ཡ་བ་ག་ཏ་ནི་རྟོགས་པའམ་ཐོབ་བའོ། །རྀ་ཏི་ཀ་རྣམས་ལས་ཚའོ། །རྀ་ཏི་ཀ་བརྗོད་པ་རྣམས་ལས་དངོས་པོ་དང་ལས་བརྗོད་པ་ལ་ཚ་ཡང་ན་འགྱུར་ཏེ། ཨ་ཙཱ་བ་ཀའི་དངོས་པོའམ། ལས་ནི། ཨ་ཙྪ་
བ་ཀཱི་ཡཾ། ཨཙྪ་པ་ཀ་ཏྭཾ། མི་ཏྲཱ་བ་རུ་ཎཱི་ཡཾ། མི་ཏྲཱ་བ་རུ་ཎ་ཏྲཾ། བྲཧྨ་ན་ལས་ཏྭའོ། །རྀ་ཏིཀ་བརྗོད་པ་ལ་བྲཧྨན་གྱི་སྒྲ་ལས་དངོས་པོ་དང་ལས་དག་ལ་ཏྭ་ཉིད་འགྱུར་ཏེ། བྲཧྨན་ཏྭཱཾ། བྲམ་ཟེའི་རྣམ་གྲངས་ནི། བྲཧྨ་ཏ་ཞེས་པའང་ངོ་། །དངོས་པོ་དང་ལས་ཀྱི་སྤྱིར་བཏང་རྫོགས་སོ།། །།ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་
དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་ལྔ་པའི་རྐང་པ་གཉིས་པའི་འགྲེལ་པ་རྫོགས་སོ།། །།འདི་ནི་མཁྱེན་བརྩེ་ཚད་མེད་པ་མངའ་བའི་བདག་ཉིད། སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་
པན་འཛིན་པ་བཞི་པ། ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་སྒྱུར་ཅིག་ཅེས་བཀའ་སྩལ་ཞིང་མཐུན་རྐྱེན་གནང་བ་ལས། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨཱ་པཱ་ལ་བྷ་དྲ་ཞེས་བགྱི་བས། དཔལ་ཀུན་དུ་བཟང་པོའི་ནགས་ཁྲོད་གདན་ས་རིན་པོ་ཆེ་ཐེལ་གྱི་གཟིམས་ཁང་དུ་དབུ་བཙུགས་
ནས། དཔལ་གྲ་ཐང་གི་གཙུག་ལག་ཁང་དུ་རྫོགས་པར་བསྒྱུར་བའོ། །ཀ་ལཱ་པ་དང་ཙནྡྲ་གོ་མའི་གཞུང་། མཁས་པ་དོན་གཉེར་དག་གིས་འདི་མཐོང་ན། དབུལ་པོས་ནོར་བུ་རྙེད་འདྲའི་དགའ་སློབ་སླད། །རྗེ་བཙུན་བཀའ་བཞིན་འབད་པས་འདི་བསྒྱུར་རོ། །དེ་ལས་
ཐོབ་པའི་ལེགས་སྤྱད་ཆ་ཡིས་ཀྱང་། །གནས་སྐབས་གསུང་རབ་ཚིག་དོན་ལེགས་རྟོགས་ཤིང་། །མཐར་ཐུག་སོ་སོ་ཡང་དག་རིག་བཞི་དང་། །ལེགས་ལྡན་སྟོབས་བཅུའི་གོ་འཕང་མྱུར་ཐོབ་ཤོག། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཱམ། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words