སི་ལ་སོགས་པའི་མཐའི་བྱ་བ
Sanskrit title (Tibetan script, as in the text) སྱཱ་དྱནྟ་པྲ་ཀྲི་ཡ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 196 · folio 1b
༄༅༅། །རྒྱ་གར་སྐད་དུ། སྱཱ་དྱནྟ་པྲ་ཀྲི་ཡ། བོད་སྐད་དུ། སི་ལ་སོགས་པའི་མཐའི་བྱ་བ། བཅོམ་ལྡན་འདས་འཇམ་པའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པའི་རྡོ་རྗེ་ཡིས། །
སྐྲག་ལས་རྒུད་པའི་བྲག་རི་རྣམས། །འཇིག་པའི་རྒྱ་མཚོར་རབ་འཇུག་པ། །སྒྲོལ་མ་དེ་ཁྱོད་ལ་དགྱེས་ཤོག །དམ་པ་རྣམས་ཀྱིས་སྤྲོས་པའི་སི་སོགས་མཐའ་ཡི་མཛོད། །མང་དུ་ཡོད་པ་ཉིད་མོད་དེ་ལྟ་ན་
ཡང་ནི། །དེ་རྣམས་སྙིང་པོ་བླངས་ནས་བདག་གིས་མདོར་བསྡུས་པ། །མངོན་པར་དོན་དུ་གཉེར་བས་གསལ་བ་འདི་བྱའོ། །བློ་གྲོས་ཀུ་མུད་ལྡན་པ་ངེས་དགའ་འཛིན་ཅིང་རང་སེམས་མུན་པ་ནི། །མྱུར་
དུ་དེངས་གྱུར་ཚིམ་པ་ཐོབ་པའི་མཁས་པའི་ཙ་གོ་ར་རྣམས་ཀྱེ། །འདིར་ནི་ངག་གི་རང་བཞིན་ཆུ་གཏེར་ལས་སྐྱེས་འོད་ཟེར་དཀར་པོ་ཅན། །རྙོག་པ་མཐའ་དག་བྲལ་བ་འདི་ནི་ཅི་ཡང་མངོན་པར་རབ་ཏུ་འཆར། །
གྲགས་པའི་སྒྲ་རྣམས་བཤད་བྱ་སྟེ། །སྐྱེས་པ་མ་ནིང་བུད་མེད་ལའང་། །ཡོན་ཏན་བྱ་བ་རྫས་སྦྱོར་ལས། །རྟགས་གསུམ་ཅན་རྣམས་དེ་མཐར་རོ། །བི་པྲ་དང་ཨགྣི་དང་ས་ཁི་དང་པ་ཏི་དང་ཨཾ་ཤུ་དང་ཀྲོཥྚུ་དང་
Vol. 196 · folio 2a
སྭ་ཡམ་བྷཱུ་དང་པི་ཏྲྀ་དང་ནྲི་དང་པྲ་ཤ་སྟྲྀ་དང་རཻ་དང་གོ་དང་གླཽ་སྟེ། དབྱངས་མཐའ་ཅན་རྣམས་སྐྱེས་པ་ལ་བསྒྲགས་སོ། །གསལ་བྱེད་མཐའ་ཅན་རྣམས་ལ་ཀ་མུ་ཙ་དང་བྷཱུ་བྷུཛ་དང་མ་རུ་ཏ་དང་ཀྲ་བྱཱད་དང་མྲྀ་གཱ་བིདྷ་དང་
སཏྨན་དང་རཱ་ཛན་དང་ཡུ་ཝན་དང་། པ་ཐིན་དང་པཱུ་ཥ་ཎ་དང་བྲཧྨ་ཧན་དང་ཤ་ཤིན་དང་བི་ཤི་དང་དྭ་ཥི་དང་ཨུ་ཤ་ནས་དང་ཨ་ན་ཌཧ་དང་མདྷུ་ལིཧ་དང་ཀཱཥྛ་ཏཀྵ་དེ་བཞིན་དུ་སྟེ། སྒྲ་འདི་རྣམས་སི་ལ་སོགས་པའི་མཐའ་ཅན་རྣམས་ཏེ།
དེ་བཞིན་དུ་ཕྱོགས་འདིས་གཞན་རྣམས་ཀྱང་ངོ་། །དེ་ལ་རེ་ཞིག་བི་པྲའི་སྒྲ་ནི་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་པས་རྟགས་ཀྱི་མིང་ཅན་ནོ། །དེ་ལས་ཕ་རོལ་ཏུ་རྣམ་པར་དབྱེ་བ་རྣམས་ཏེ། སི་ཨཽ་ཛས་ཞེས་པ་
ལ་སོགས་པས་སི་ལ་སོགས་པ་ཐམས་ཅད་ཀྱི་སྐབས་ཐོབ་པ་ལ། དང་པོའི་དོན་བརྗོད་པར་འདོད་པ་ན་རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལ་དོན་གཅིག་བརྗོད་པར་འདོད་པ་ན་
གཅིག་གི་ཚིག་སིའོ། །སིའི་ཨི་ཡིག་ནི་བརྗོད་པའི་དོན་ཏེ་ཁྱད་པར་གྱི་དོན་མ་ཡིན་ནོ། །ཨཱི་ཡིག་མཐའ་ལས་སིའོ་ཞེས་པ་ལ་སོགས་པ་རྣམས་ལ། དོན་དང་ལྡན་པ་འཛིན་པ་ན་སུ་པཱི་ས་ཡིག་འཛིན་པ་མ་ཡིན་ནོ། །རྗེས་སུ་འབྲེལ་
Vol. 196 · folio 2b
པ་མེད་པ་འཛིན་པ་ན་རྗེས་སུ་འབྲེལ་པ་དང་བཅས་པའི་མ་ཡིན་ནོ་ཞེས་གཞན་དག་གོ་མཐའ་ན་ཡོད་པའི་ས་ཡིག་རྣམས་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་རྣམ་པར་གཅད་བྱའོ། །བི་པྲཿ། དོན་གཉིས་བརྗོད་པར་འདོད་པ་ན་གཉིས་ཀྱི་ཚིག་ཨཽའོ། །རིམ་པ་ལས་མ་འདས་པར་ཕྲལ་
བར་བྱའོ་ཞེས་པས་ཡི་གེ་བསྡོམས་པ་རྣམས་རིམ་པ་ལས་མ་འདས་པར་ཕྲལ་བར་བྱ་ཞིང་སོ་སོར་བྱའོ། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་ཨའི་ཡི་གེ་ཨཽ་ཡིག་དང་། ཨཽ་ཡིག་ཕ་རོལ་ལ་ཨཽ་རུ་འགྱུར་ཞིང་ཕ་རོལ་ཡང་དབྱི་བ་འཐོབ་བོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་
ཡི་གེར་དྲང་ངོ་ཞེས་པས་གསལ་བྱེད་གང་དབྱངས་མེད་པ་དེ་ཕ་རོལ་གྱི་ཡི་གེར་དྲང་པར་བྱའོ། །བི་པྲཽ། མང་པོའི་དོན་བརྗོད་པར་འདོད་པ་ན་མང་པོའི་ཚིག་ཛས་སོ། །ཛ་ཡིག་ནི་ཛས་ཐམས་ཅད་ཨཱིའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་སྤྱིར་བཏང་ནས།
ཛས་ལའོ་ཞེས་པས་རྟགས་མཐའི་ཨ་ཡིག་ཛས་ཕ་རོལ་ལ་རིང་པོར་འགྱུར་རོ། །མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཕ་རོལ་ཡང་དབྱིའོ། །པི་པྲཱཿགཉིས་པ་ལ་སོགས་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་དང་། ཡང་དག་པར་རབ་ཏུ་སྦྱིན་པ་དང་།
འབྱུང་ཁུངས་དང་། བདག་པོ་ལ་སོགས་པ་དང་། གཞི་རྣམས་ལའོ་ཞེས་པས་ལྷག་མ་གཉིས་པ་ལ་སོགས་པའི་རྣམ་པར་དབྱེ་བ་དྲུག་རྣམས། ལས་ལ་སོགས་པའི་དོན་དྲུག་རྣམས་ལ་རིམ་པ་ཇི་ལྟ་བར་འགྱུར་ཏེ། གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་གཅིག་གི་ཚིག་ཨ་མ་ལ་
སོགས་པ་རྣམས་སོ། །ཨ་ཡིག་ལ་དབྱིའོ་ཞེས་པ་རྟགས་ཀྱི་ཨ་ཡིག་ཨ་ཡིག་ཐུན་མོང་བ་ལས་དབྱི་བར་འགྱུར་རོ། །བི་པྲཾ། བི་པྲཽ། ཤས་ཀྱི་ཤ་ཡིག་ནི་ཤས་ཀྱི་ཨ་ཡིག་སྟེ་སའི་འང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། ཤས་ལ་སྟེ་སའི་འང་ནའོ་ཞེས་པས་རྟགས་མཐའི་
ཨ་ཡིག་ཤས་ཕ་རོལ་ལ་རིང་པོར་འགྱུར་ཞིང་སའང་ན་རུ་འགྱུར་རོ། །ར་ཥ་རྀ་ཡིག་རྣམས་ལ་ཞེས་པ་ལ་སོགས་པས་ཎ་ཉིད་ཐོབ་མོད། མཐའ་མ་ཡིན་པ་ཞེས་པས་བཀག་གོ། །བི་པྲཱན། གསུམ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས། ལས་དང་། བྱེད་པ་ཞེས་པ་ལ་
Vol. 196 · folio 3a
སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་གསུམ་པའོ། །ཊཱ་ཞེས་པ་འདིའི་ཊཱི་ཡིག་ཊཱ་ཨཽས་དག་ལ་ཨེའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨི་ནར་ཊཱའོ་ཞེས་པས་ཨ་ཡིག་མཐའ་རྟགས་ལས་ཕ་རོལ་གྱི་ཊཱ་ཨི་ན་རུ་འགྱུར་རོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་
ཨེའོ་ཞེས་པས་ཨའི་ཡི་གེ་ཨིའི་ཡི་གེ་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་ཞིང་ཕ་རོལ་ཡང་དབྱིའོ། །ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་མཐའ་མ་ཡིན་པའི་ནའི་ཎ་སྟེ། དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོ་ཞེས་པའི་ཀྱང་གི་སྒྲ་ལས་བར་ན་མེད་པ་ཡང་ངོ་། །
བི་པྲེ་ཎ་ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨ་ཡིག་རྟགས་མཐའ་ནི་རྣམ་དབྱེ་སྒྲ་ལྡན་ལ་རིང་པོར་འགྱུར་རོ། །བི་པྲཱ་བྷྱཾ། བྷིས་ཨཻས་ཡང་ནའོ་ཞེས་པས་བྷིས་ཀྱི་ཨཻས་སུ་བསྒྱུར་རོ། །ཨེ་ཡིག་ལ་ཨཻ་སྟེ་ཨེ་ཡིག་ལའང་ངོ་ཞེས་པས་ཨའི་ཡི་གེ་ཨེ་ཡིག་དང་ཨཻ་ཡིག་ཕ་རོལ་ལ་ཨཻ་ཡིག་ཏུ་འགྱུར་ཏེ།
ཕྱི་མའང་དབྱིའོ། །བི་པྲེཿ། བཞི་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་བྱེད་པ་ཞེས་པ་ལ་སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་བཞི་པའོ། །དེའི་ཚིག་ང་ཡིག་ནི་ངེ་ཡིག་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །དེ་ཡའོ་ཞེས་པས་ཨ་ཡིག་རྟགས་མཐའ་ལས་ཕ་རོལ་
གྱི་དེའི་ཚིག་ཡ་རུ་འགྱུར་རོ། །ཨ་ཡིག་རིང་པོར་སྒྲ་ལྡན་ལའོ་ཞེས་པས་ཨ་ཡིག་གི་རིང་པོར་འགྱུར་རོ། །ངེས་པར་ཞུགས་པའི་མཚན་ཉིད་ཀྱི་རིགས་པ་འདིར་འཇུག་པ་མ་ཡིན་ཏེ། ཡི་གེ་འཛིན་པ་ན་རྒྱུ་མཚན་ཉིད་ལས་ཤེས་པའི་རིགས་པ་ལས་སོ། །བི་པྲཱ་ཡ། བི་པྲཱ་བྷྱཱཾ། དྷུཊ་མང་པོ་ཉིད་ལ་
ནི་ཨེའོ་ཞེས་པས་ཨ་ཡིག་རྟགས་མཐའ་དྷུཊ་མང་པོ་ཉིད་ཕ་རོལ་ལ་ཨེ་ཡིག་ཏུ་འགྱུར་རོ། །བི་པྲ་བྷྱཿ། ལྔ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་ལྔ་པའོ། །ང་སི་ང་ཡིག་དང་ཨི་ཡིག་དག་ནི་ང་སི་
སྨདའོ་ཞེས་ཁྱད་པར་གྱི་དོན་དག་གོ། །ང་སི་ཨཱ་ཏའོ་ཞེས་པས་རྟགས་མཐའ་ཨ་ཡིག་ལས་ང་སི་ཨཱཏ་ཏུ་འགྱུར་རོ། །མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཕྱི་མའང་དབྱིའོ། །བི་པྲཱ་ཏ། བི་ཕྲ་བྷྱཱམ། བི་པྲེ་བྷྱཿ། དྲུག་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་
Vol. 196 · folio 3b
དང་བྱེད་པ་ཞེས་བྱ་བ་ལ་སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་དྲུག་པའོ། །ངས་ཀྱི་ང་ཡིག་ནི་ང་སི་ངས་དག་གི་ཨ་དབྱི་བ་འང་ངོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ངས་ནི་སྱའོ་ཞེས་པས་ཨ་ཡིག་རྟགས་མཐའ་ལས་ཕ་རོལ་གྱི་ངས་སྱ་རུ་འགྱུར་རོ། །བི་པྲ་སྱ། ཨོས་ལ་ཡང་ངོ་ཞེས་
པས་ཨ་ཡིག་རྟགས་མཐའ་ཨོས་ཕ་རོལ་ལ་ཨེ་ཡིག་ཏུ་འགྱུར་རོ། །ཨེ་ཨ་ཡའོ་ཞེས་པས་ཨ་ཡ་རུ་བསྒྱུར་ཏེ། བི་པྲ་ཡོཿ། །ཐུང་ངུ་དང་ན་དཱི་དང་ཤྲདྡྷཱ་རྣམས་ལས་སི་དབྱིའོ་ཞེས་སྤྱིར་བཏང་ནས། ཨཱི་ལའང་ནུའོ་ཞེས་པས་ཐུང་ངུ་དང་ནཱ་དཱི་དང་ཤྲདྡྷཱ་རྣམས་ལས་ཨཱ་མ་ཕ་རོལ་ལ་ནུ་ཨཱ་ག་མ་རུ་འགྱུར་
རོ། །གསུམ་པ་སོགས་ལ་ནི་ཕ་རོལ་གྱི་དང་པོའོ་ཞེས་ཨུཏ་རྗེས་སུ་འབྲེལ་པའི་ཨཱ་ག་མ་གསུམ་ལ་སོགས་པའི་རྣམ་དབྱེ་ལ་ཕ་རོལ་གྱི་སྟེ། རྣམ་དབྱེའི་ཚིག་གིས་དང་པོར་འགྱུར་ཏེ། དེ་འཛིན་པས་གཟུང་བར་བྱའོ་ཞེས་པའི་དོན་ཏོ། །སྔ་མ་བཞིན་དུ་རིང་པོ་ཉིད་དང་ཎ་ཉིད་དག་གོ། །བི་པྲཱ་ཎཱ་མ།
བདུན་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་བདུན་པའོ། །དིའི་ང་ཡིག་ནི་དི་ནི་སྨིན་ནོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱིའོ། །བི་པྲེ། བི་པྲེ་ཡོཿ། སུ་པའི་
པ་ཡིག་ནི་ཐེ་ཚོམ་སེལ་བ་ལ་འཛིན་པ་སྟེ། དེའི་ཚེ་ནི་སི་ལ་ཨཽ་སྟེ་སི་དབྱི་བ་འང་ངོ་ཞེས་པ་ལ་སོགས་པ་ལ་སུཔ་ལའོ་ཞེས་བསྒྲུབ་པར་བྱའོ་ཞེས་པ་ཡོངས་སུ་སྤང་བའི་དོན་ཏོ། །གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ་ཞེས་པས་ཨི་ཡིག་ལ་སོགས་པ་རྗེས་སུ་འབྲེལ་པ་རྣམས་ཐམས་ཅད་དབྱིའོ། །དྷུ་ཊ་
མང་པོ་ཉིད་ལ་ནི་ཨེའོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་། ཨཱ་ག་མ་ལ་གནས་པའི་སི་ཥ་སྟེ། ནུ་དང་རྣམ་པར་གཅད་བྱ་དང་། ཥ་བར་ན་ཡོད་ཀྱང་ངོ་ཞེས་པས་ནཱ་མའི་ཡི་གེ་རྣམས་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨ་ག་མ་ལ་གནས་པའི་མཐའ་མ་ཡིན་པའི་
སི་ཥ་རུ་འགྱུར་ཞིང་། ནུ་དང་རྣམ་པར་གཅད་བྱ་དང་། ཥ་བར་ན་ཡོད་ཀྱང་སྟེ། ཀྱང་གི་སྒྲ་ལས་བར་ན་མེད་ཀྱང་ངོ་། །བི་པྲེ་ཥུ། བོད་པ་བརྗོད་པར་འདོད་པ་ན། བི་པྲའི་སྒྲའི་སྔོན་དུ་ཧེའི་སྒྲ་སྦྱར་ཏེ། དེ་གསལ་བར་བྱེད་པའི་དོན་ཅན་གྱིས་ན་དོན་དང་ལྡན་པ་ཉིད་ཀྱི་ཕྱིར་རྟགས་ཀྱི་མིང་
Vol. 196 · folio 4a
ཅན་ཡིན་པས་ན། རྟགས་ཀྱི་དོན་ཙམ་ལ་དང་པོའི་གཅིག་གི་ཚིག་སི་སྟེ། དེའང་མི་ཟད་པ་ལས་ཀྱང་ངོ་ཞེས་པས་འཇིག་གོ། །ཧེ་བི་པྲ་ཞེས་གནས་པ་ལ་བོད་པ་ལའང་ངོ་ཞེས་པ་དང་པོའོ། །ཀུན་དུ་བོད་པ་ལ་སི་སམྦུདྡྷིའོ་ཞེས་པས་སིའི་མིང་ནི་སམྦུདྡྷིའོ། །སམྦུདྡྷི་ལ་
ཨཱ་ཡང་མ་ཡིན་ནོ་ཞེས་སྤྱིར་བཏང་ནས། ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ་ཞེས་པས་སི་དབྱིའོ། །ཧེ་བི་པྲ། ཧེ་བི་པཽ། ཧེ་བི་པྲཱཿ། དེ་བཞིན་དུ་ཨ་ཡིག་གི་མཐའ་ཅན་གཞན་རྣམས་ཀྱང་སྟེ། གྷ་ཊ། མ་ཋ། ཀ་ཊ། བཱ་ཊ། གྲཱ་མ། སཾ་གྲཱ་མ། ཀཱ་མ། པྲ་ཧ་ར། ཀ་ར་ས་མཱི་ར། སྭརྒྒ། སརྒ།
ཨ་པ། བརྒ་རྣམས་དང་། པ་ཏྲ། པ་ཏྲ་ཧ། ཙ་ཀོ་ར། སྭཱ་ད། དེ་ཝ་ཨུད་ཡ་རྣམས་དང་། ཨ་ཀྵ་ཡ། བྷུ་ཛ་ག །བྷུ་ཛཾ་ག །ཨཱ་རཱ་མ། ཀུམྦྷཱི་ར། ཀུམྦྷ་རྣམས་དང་། ཤཱར་དུ་ལ། ཀྲ་མ། སཱི་ཀ་ར། དྲཱུ་མ། སྨ་ར། སུ་ར། ཨུནྨཱ་ད། པྲ་མཱ་ད། བྱ་ཡ། བྱཱ་དྷ། བྲཱཧྨ་ཎ། མཱ་ར། ཤཾ་ཀ་ར།
ཤ་ར། ཀྲོ་ཤ། པྲ་དོ་ཥ། གྲ་ཧ་རྣམས་དང་། སིང་ཧ། བྱཱག་ཏུ་རངྒ། བྷཾ་ག །སུབྷ་ཊཱ། ཤྭཱས། ཨཤྭ། ད་ན་ཌ། ཨཱ་ཌྷཀ །ཏྭོ་ཧ། ཀྲོདྷ། ཀུཋཱ་ར། ཀ་ཎ་ཋ། ཀ་མ་ཋ། གྲཱ་ས། པྲ་བཱ་ས། ཨ་ཤྲ་མ་རྣམས་དང་། པཎྜི་ཏ། བླ་ཝ་ག །ཀཱུ་པ། ཀུ་བེ་ར། ཤློ་ཀ །བྷེ་ཀ །ཤུ་ཀ །
སྭཱ་བ་ཀ །བྷྲིངྒ་རྣམས་དང་། སཾ་ག་ནཱ་དཱ། མ་ད། མནྨ་ཐ། ནཱ་ཐ་ཀྭཱ་ཐ། དནྟ། ཙཊ་ཀ །བི་ཊ་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་རྟོགས་པར་བྱའོ། །ཨ་ཡིག་གི་མཐའ་ཅན་ལྷ་དང་དྲི་ཟ་རྗོད་པར་བྱེད་པ་ཧཱ་ཧཱའི་སྒྲ་ནི། ཛི་ཧ་ཏའི་བྱིངས་ལས་བྱ་བ་རྟོགས་བྱེད་ནི་བྱིངས་སོ་ཞེས་བྱིངས་ཀྱི་མིང་
ཡིན་པ་ན་ཉེ་བའི་ཚིག་ཧཱའི་སྒྲ་ལ་ཧཱ་ཞེས་བྱས་ནས། ཛ་ཧཱ་ཏི་ཞེས་པ་དག་ཡིན་པ་ན་ཨང་ལས་མན་དང་ཀོ་ནི་པ་དང་ཝ་ནི་པ་དང་ཝ་ཙི་རྣམས་སོ་ཞེས་པས་ཝ་ཙིའོ། །ཨི་ཡིག་ནི་སྦྱར་བ་མེད་པའི་ཝའི་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཀྱིས་ཝ་ཡིག་དབྱིའོ། །ཙ་ཡིག་ནི་བརྗོད་པའི་དོན་
ཏོ། །དེ་ནས་རྟགས་ཀྱི་མིང་ཅན་ཏེ་སི་ལ་སོགས་པ་རྣམས་སོ། །རྗེས་སུ་འབྲེལ་པ་དབྱི་བ་དང་། རྣམ་པར་གཅད་བྱ་དག་ཀྱང་སྔ་མ་བཞིན་ནོ། །ཧཱ་ཧཱཿ། ཨཽ་ཡིག་གཉིས་ལ་སྔ་མ་བཞིན་དུ་ཨཽ་ཉིད་ལ་སོགས་པའོ། །ཧཱ་ཧཽ། །ཛས་ཤས་དག་གི་མ་བྱས་པའི་རིང་པོ་ལས་ཕ་རོལ་ཨ་ཡིག་གི་
Vol. 196 · folio 4b
དབྱིའོ། །ཧཱ་ཧཱཿ། ཧཱ་ཧཱཾཿ། ཧཱ་ཧཽ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨཎའི་ཨ་དབྱི་བ་དང་། ཆོ་ག་སྔ་མ་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པ་འདི་ལས་དབྱི་བ་རྗེས་སུ་འཇུག་པ་ན་བྱིངས་ཀྱི་ཨཱ་གྷུཊ་མ་ཡིན་པའི་དབྱངས་ལའོ་ཞེས་པས་གྷུ་ཊ་མ་ཡིན་པའི་དབྱངས་ཕ་རོལ་ལ་ཨ་ཡིག་དབྱིའོ། །ཧཱ་ཧཱཿ།
ཧཱ་ཧཱ། ཧཱ་ཧཱ་བྷྱཱམ། ཧཱ་ཧཱ་བྷིཿ། ཧ་ཧེ། ཧཱ་ཧཱ་བྷྱཱཾ། ཧཱ་ཧཱ་བྷྱཿ། ཧཱ་ཧཱཿ། ཧཱ་ཧཱ་བྷྱཱཾ། ཧཱ་ཧཱ་བྷྱཿ། ཧཱ་ཧཿ། ཧཱ་ཧོཿ། ཧཱ་ཧཱམ། ཧཱ་ཧ། ཧཱ་ཧིཿ། ཧཱ་ཧཱ་སུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དེ། ཧེ་ཧཱ་ཧཱཿ། ཧེ་ཧཱ་ཧཽ། ཧེ་ཧཱ་ཧཱཿདེ་བཞིན་དུ་ཨཱ་ཡིག་གི་མཐའ་ཅན་རྣམས་ཀྱང་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །
གལ་ཏེ་ཡང་ཚིག་ལེའུར་བྱས་པ་ལས་ཨ་ཡིག་གི་མཐའ་ཅན་དངོས་སུ་མ་བརྗོད་པ་དེ་ལྟ་ནའང་གཞན་རྣམས་ཀྱང་ཕྱོགས་འདིས་ཤེས་པའི་ཚིག་ལས་དོན་གྱིས་བརྗོད་པ་ཁོ་ནའོ་ཞེས་བསྟན་ཏོ། །ཨི་ཡིག་གི་མཐའ་ཅན་རྣམས་བརྗོད་པར་བྱའོ། །ཨགྣིའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །དང་པོ་
གཅིག་གི་ཚིག་གི་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཨགྣིཿ། ཨཽ་ཡིག་ནི་སྔ་མའོ་ཞེས་པས་ཨགྣི་ལས་ཕ་རོལ་གྱི་ཨཽ་ཡིག་སྔ་མའི་དབྱངས་སུ་འགྱུར་རོ། །མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པ་ལ་སོགས་པས་རིང་པོ་དང་ཕ་རོལ་དབྱི་བ་དག་གོ། །ཨགྣཱི། ཛས་ལ་ཨི་ཨེཏ་ཞེས་པས་
ཨི་ཨེཏའོ། །ཨི་ཨ་ཡའོ། །ཨགྣ་ཡཿ། ཨིཏ་ཨུཏ་ཨགྣིའོ་ཞེས་པས་ཨགྣིའི་མིང་སྟེ། ཨགྣི་ལས་ཨམ་གྱི་ཨ་ཡིག་གོ་ཞེས་པས་ཨམ་གྱི་ཨ་ཡིག་དབྱིའོ། །ཨགྣཱིམ། ཨགྣཱི། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཨ་ཡིག་སྔ་མའི་དབྱིངས་སུ་འགྱུར་ཞིང་། སའི་
ཡང་ན་ཡིག་སྟེ། རིང་པོ་དང་ཕྱི་མ་དབྱི་བའང་ངོ་། ཨགྣཱིན། ཊཱ་ནཱའོ་ཞེས་པས་ཨགྣི་ལས་ཕ་རོལ་གྱི་ཊཱ་ནཱ་རུ་འགྱུར་རོ། །ཨགྣི་ནཱ། ཨགྣི་བྷྱཱམ། ཨགྣི་བྷིཿ། དེ་ལའོ་ཞེས་པས་ཨི་ཨེཏའོ། །ཨེ་ཨ་ཡའོ། །ཨགྣ་ཡེཿ། ཨགྣི་བྷྱཱམ། ཨགྣི་བྷྱཿ། ང་ཡི་དས་དག་གི་ཨ་དབྱི་བའང་ངོ་ཞེས་པས་
ཨི་ཨེཏ་སྟེ་ཨ་དབྱི་བའང་ངོ་། །ཨགྣེཿ། ཨགྣི་བྷྱཱམ། ཨགྣི་བྷྱཿ། ཨགྣེཿ། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ། ཕ་རོལའང་དབྱི་བར་བྱ་བ་མ་ཡིན་ནོ། །ཨགྣྱོཿ། ཨཱམ་ལའང་ནུའོ། །ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ། །ཨགྣཱི་ནཱམ། དི་སྔ་མ་དང་བཅས་པ་ཨཽའོ་ཞེས་
Vol. 196 · folio 5a
པས་ཨི་ཡིག་གཉིས་དག་ཨཽ་ཡིག་གོ། །ཨགྣཽ། ཨགྣྱོཿ། སྔ་མ་བཞིན་དུ་སུའི་ས་ཥ་ཉིད་དོ། །ཨགྣི་ཥུ། ཀུན་དུ་བོད་པ་ལ་སཾ་བུདྡྷི་ལའང་ངོ་ཞེས་ཨི་ཨེཏའོ། །ཐུང་ངུ་ནཱ་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །ཧེ་ཨགྣེ། ཧེ་ཨགྣཱི། ཧེ་ཨགྣཡཿ། དེ་བཞིན་དུ་ཨི་ཡིག་གི་
མཐའ་ཅན་གཞན་རྣམས་ཀྱང་སྟེ། བཧྣི། ཨུ་པཱ་དྷི། པི་རིཉྩི། མུ་ནི། བྱཱ་དྷི། ནི་དྷི། ཀྵ་ཎ་དཱ་པ་ཏི། སཱུ་རི། ཨནྡྷི། ཨ་བམྤ་ཏི། ཨཔྤ་ཏི། ཨཾ་གྷྲི། པ་ཎི། ཤ་ཙཱི་པ་ཏི། ཤཽ་རི། མ་ཧཱ་ཏྲི། སཱར་ཐི། མོ་ལི། བ་ལི། དྷ་ནི། རཱ་ཤི། ། གྲནྠི། ཨ་ལི། ཀ་ལི། ཨཉྫ་ལི། བཱ་ནི། རཱ་ཏྲི་
པ་ཏི་དང་། གི་རི། ཡ་མ་རི། ཤཱ་རི། ཨ་སི། ཀ་བི་ཨ་ཏྲི། ར་བི་ཞེས་པ་ལ་སོགས་པ་རྣམས་སོ། །ཡང་ཨི་ཡིག་གི་མཐའ་ཅན་ཉིད་དུ་ཁྱད་པར་མེད་ནའང་། འགའ་ཞིག་ལ་ཁྱད་པར་ཡང་མཐོང་སྟེ། འདི་ལྟ་སྟེ། ས་ཁི་དང་པ་ཏིའི་སྒྲ་དག་གོ། །ས་ཁི་ཞེས་གནས་པ་ལ་སི་ལ་སོགས་པ་རྣམས་
སོ། །ཨུ་ཤ་ནས་པུ་རུ་དན་ཤས་ཨ་ནེ་ཧས་རྣམས་ཀྱི་སི་ལ་ཨན་མཐའོ་ཞེས་པ་རྗེས་སུ་འཇུག་པ་ལས་ཁའི་ཡང་ངོ་ཞེས་པས་ས་ཁའི་མཐའ་ཨན་དུ་བསྒྱུར་རོ། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །རྟགས་མཐའི་ན་ཡིག་གོ་ཞེས་པས་ན་
དབྱིའོ། །ས་ཁཱ། གྷུཊ་ལ་ནི་ཨེའོ་ཞེས་པས་ས་ཁིའི་མཐའ་གྷུཊ་ཕ་རོལ་ལ་ཨཻ་རུ་འགྱུར་རོ། །ཨཻ་ཨཱ་ཡའོ། །ཕྱི་མར་འགྲོ་བའོ། །ས་ཁཱ་ཡཽ། ས་ཁཱ་ཡཿ། ས་ཁ་ཡམ། ས་ཁཱ་ཡཽ། ཤས་ལ་ཨགྣི་བཞིན་ཏེ། ས་ཁཱི་ན། ས་ཁི་ཊཱ་སོགས་ལ་ཨགྣི་མ་ཡིན་ནོ་ཞེས་པས་ས་ཁིའི་ཨི་ཡིག་གིའང་དབྱངས་དང་
པོ་ཅན་ལ་ཨགྣིའི་མིང་བཀག་པའི་ཕྱིར་ཊཱ་ནཱའོ་ཞེས་པ་ལ་སོགས་པས་ནཱ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །ཨིའི་ཡི་གེ་ཡ་སྟེ་ཞེས་པ་ལ་སོགས་པས་ཡ་ཉིད་ཁོ་ནའོ། །ས་ཁྱཱ། ས་ཁི་བྷྱཱམ། ས་ཁི་བྷིཿ། ས་ཁྱེ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པས་ས་ཁིའི་སྒྲ་ལས་ཕ་རོལ་
གྱི་ང་སི་ངས་དག་གི་ཨ་ཡིག་ཨུ་རུ་འགྱུར་ཞིང་སྔ་མ་བཞིན་དུ་ཡ་ཉིད་དོ། །ས་ཁྱུཿ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ས་ཁྱུཿ། སི་ཁྱོཿ། ཨཱ་མ་ལ་ཨགྣ་བཞིན་ཏེ། ས་ཁཱི་ནཱམ། ས་ཁི་པ་ཏི་དག་གི་ངིའོ་ཞེས་པས་ངི་ཨཽ་རུ་འགྱུར་གྱི་སྔ་མ་དང་བཅས་པ་ནི་མ་ཡིན་ནོ། །ས་ཁྱཽ། ས་ཁྱཽཿ། སུ་པའི་ཥ་ཉིད་དོ། །
Vol. 196 · folio 5b
ས་ཁི་ཥུ། ཀུན་དུ་བོད་པ་ལ་སཾ་བུདྡྷ་མ་ཡིན་པ་ལ་ཞེས་རྗེས་སུ་འཇུག་པ་ན་ས་ཁིའི་འང་ངོ་ཞེས་པས་ས་བུདྡྷི་ལ་ཨནའི་མཐར་འགྱུར་བ་མ་ཡིན་ཏེ། དེས་ན་སཾ་བུདྡྷི་ལའང་ངོ་ཞེས་པ་ཨེ་ཉིད་ཁོ་ནའོ། །ཧེ་ས་ཁ། ཧེ་ས་ཁཱ་ཡཽ། ཧེ་ས་ཁཱ་ཡཿ། པ་ཏིའི་སྒྲའི་ནི་ཚིག་སྡུད་ལ་ཨགྣི་དང་འདྲ་བའི་
གཟུགས་ཏེ་འབའ་ཞིག་པ་ནི་པ་ཏི་བསྡུ་བ་མ་ཡིན་པ་ལའོ་ཞེས་པས་ཊཱ་ལ་སོགས་པའི་དབྱངས་ལ་པ་ཏིའི་ཨི་ཡིག་གི་ཨགྣིའི་མིང་བཀག་པའི་ཕྱིར་ཐམས་ཅད་ས་ཁིའི་སྒྲ་དང་འདྲའོ། །གཞན་ཨགྣིའི་སྒྲ་དང་འདྲ་བའི་གཟུགས་སུ་བལྟ་བར་བྱ་སྟེ། པ་ཏིཿ། པ་ཏཱིཿ། པ་ཏ་ཡཿ། པ་ཏི་མ།
པ་ཏཱི། པ་ཏི་ན། པ་ཏྱཱ། པ་ཏི་བྷྱཱམ། པ་ཏི་བྷིཿ། པ་ཏྱེ། པ་ཏི་བྷྱཱམ། པ་ཏི་བྷྱཱཿ། པ་ཏྱུཿ། པ་ཏི་བྷྱཱམ། པ་ཏི་བྷྱཿ། པ་ཏྱུཿ། པ་ཏྱོཿ། པ་ཏཱི་ནཱམ། པ་ཏཽ། པ་ཏྱཽཿ། པ་ཏི་ཥུ། ས་ཁི་ཊཱ་སོགས་ལ་ཨགྣི་བཞིན་མ་ཡིན་ནོ་ཞེས་པ་འདི་ཁོ་ནར་པ་ཏིའི་དགག་པ་བྱ་སྟེ། དེ་ལ་ཇི་ལྟར་ས་ཁིའི་སྒྲ་འབའ་
ཞིག་པ་དེ་ཊཱ་ལ་སོགས་པ་ལ་ཨགྣིའི་མིང་ཅན་དགག་པར་བྱའི་དེའི་མཐའ་ཅན་ནི་མ་ཡིན་ལ། ཨ་ཏི་ས་ཁྱེ་རཱ་གཙྪ་ཏི་ཞེས་པ་དེ་ལྟར་པ་ཏིའི་སྒྲ་འབའ་ཞིག་པའི་དགག་པ་བཤད་པར་བྱའི་དེའི་མཐའ་ཅན་གྱི་ནི་འབྱུང་བར་འགྱུར་ཏེ། དེ་ལྟར་གྲུབ་པས་གང་པ་ཏི་བསྡུ་བ་མ་ཡིན་པ་ལའོ་ཞེས་པ་འདིས་
བསྒྲུབ་པར་བྱ་བ་མ་ཡིན་ཏེ། འདིས་བྱ་བའི་བསྒྲུབ་པ་ནི་དེ་མི་རྟག་པ་ཉིད་དུ་ཤེས་པར་བྱེད་པའི་དོན་དུའོ། །དེས་ན་པ་ཏཽ་ཛི་བ་ཏི་ཀུཎྜ་སྱཱ་ཏ་ག་ཏེ་མྲི་ཏེ་པྲ་བྲ་ཛི་ཏེ་ཀ་ལེ་བེ་ཙ་ཡ་ཏི་ཏེ་པ་ཏཽ་ཞེས་པ་ལ་སོགས་པ་མཆོག་གི་སྦྱོར་བ་རྣམས་འཐད་དོ་ཞེས་ཁ་ཅིག་གོ། །ས་ཁི་ཊཱ་སོགས་ལ་ཨགྣི་མ་ཡིན་ནོ་
ཞེས་པའི་མདོ་འདིར་འགྲེལ་བཤད་བྱེད་པས་ནི་འདི་སྐད་གསུངས་ཏེ། དེའི་མཐའ་ཡང་དགག་པ་ཁོ་ནའོ་ཞེས་ངེས་སོ། །བཧབཿས་ཁཱ་ཡོ་ཨསྱ། བ་ཧུ་ས་ཁཱ། བ་ཧུ་ས་ཁྱེའོ། །ཇི་ལྟར་ཨ་ཏི་ས་ཁེཿཡིན་ཞེས་བཤད་པར་རྩོད་དོ་ཞེས་ས་ཁཱིན་སྟྲི་ཡཾ་མ་ཏི་གྲཱནྟ་སྱ། ཨ་ཏེ་ས་ཁེཿཞེས་པ་ཉེ་བར་བསྒྲུབ་
པ་ཉིད་ཀྱི་ཕྱིར་ཐུང་ངུ་མ་ཡིན་པ་ཉིད་དོ། །ཕ་རོལ་གྱི་རྒྱུ་མཚན་ཅན་གྱི་བསྒྱུར་བ་ནི་སྔ་མ་ལ་དེ་ཁོ་ནའོ་ཞེས་སྟྲཱི་ཡིག་ཁོ་ན་འདི་ཡིན་ཏེ། ས་ཁིའི་གནས་སུ་ནི་མ་ཡིན་ནོ་ཞེས་པས་དགག་པ་ག་ལ་འགྱུར་ཞེ་ན། རྣམ་དབྱེ་རྣམས་ལ་རྟགས་སྨོས་པ་ན་རྟགས་ཁྱད་པར་ཡང་སྨོས་པའོ་ཞེས་པས་གུས་པར་
Vol. 196 · folio 6a
བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ས་ཁི་པ་ཏི་དག་ཊཱ་ལ་སོགས་པ་ལ་ཨགྣི་མ་ཡིན་ནོ་ཞེས་པ་བསྒྲུབ་པར་མི་བྱའོ་ཞེས་པའོ། །པ་ཏྱོ། པ་ཏི་ཥུ། ཀུན་དུ་བོད་པ་ལ། ཧེ་པ་ཏེ། ཏེ་པ་ཏཱི། ཧེ་པ་ཏ་ཡ།། །།ཨཱི་ཡིག་གི་མཐའ་ཅན་ཝཱ་ཏ་མྲི་ག་བརྗོད་པར་བྱ་བ་ཝཱ་ཏ་པྲ་མཱིའི་སྒྲ་སྟེ། འདི་ཡང་
རྐང་བཞི་པའི་རིགས་ཅན་ཉིད་ཀྱི་ཕྱིར། བུད་མེད་དང་སྐྱེས་པ་དག་ལ་འཇུག་གོ། །དེ་ལྟར་ནི་ཨིཏ་དང་ཨུཏ་ཀྱི་མཐའ་ཅན་བཱ་ཙི་དང་ཙ་མུ་ལ་སོགས་པ་ཞེས་པ་རྟགས་ཀྱིས་ཚིག་ལེའུར་བྱས་པའི་མཚན་ཉིད་ཀྱི་བུད་མེད་ཉིད་དུ་ཐོབ་པ་ལ་གཉིས་དང་བཞིའི་རྐང་པ་ཅན་བྷྲ་མ་ར་དང་བ་ར་ཊ་ཞེས་བྱ་བ་འདིས་ཕྱི་མ་
ཉིད་ཀྱི་ཕྱིར་འདི་བུད་མེད་དང་སྐྱེས་པའི་རྟགས་ཅན་ཉིད་དོ། །དེ་ལ་སྐྱེས་པ་ལ་ནི་ཝཱ་ཏ་པྲ་མཱིཿ། དབྱངས་དང་པོ་ཅན་གྱི་སི་སོགས་ཐམས་ཅད་ལ་ཨིའི་ཡི་གེ་ཡ་ཞེས་པ་ལ་སོགས་པས་ཡ་ཉིད་ཁོ་ནའོ། །ཝཱ་ཏ་པྲ་མྱཽ། ཝཱ་ཏ་པྲ་མྱཿཞེས་པ་ལ་སོགས་པའོ། །འདིར་ཕ་རོལ་པོ་རྣམས་ནི་ཨམ་ཕ་རོལ་སྔ་
མའོ་ཞེས་པས་ཨམ་གྱི་ཨ་ཡིག་ཕ་རོལ་སྔ་མ་ཉིད་ལ། ཝཱ་ཏ་པྲ་མཱིཾ། ཝཱ་ཏ་པ་མྱཽ། ཤས་ལའང་དང་པོ་དག་གི་ཨཙ་ལའོ་ཞེས་པས་ཨ་ཡིག་དང་ཨཱི་ཡིག་དག་རིང་པོ་ཉིད་ཀྱིས་ན་ཨི་ཡིག་དང་། དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་སའི་འང་ན་ཉིད་ཡིན་པ་ན་ཝཱ་ཏ་པྲ་མཱིན། ཁོ་བོ་ཅག་གི་ནི་ཡི་
གེའི་ཨཱ་ག་མ་ནི། ཡི་གེ་བཟློག་པ་ཡང་ཞེས་པ་ལ་སོགས་པས་ཨཾཤས་དག་གི་ཨ་ཡིག་བྱིས་པ་ན་དང་། སའི་འང་ན་ཉིད་ལ་གཟུགས་གཉིས་པ་འདི་འགྲུབ་པར་བྱའོ་ཞེས་མཚན་པར་བྱའོ། །བདུན་པའི་གཅིག་གི་ཚིག་ལ་མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པ་ལ་སོགས་པས་རིང་པོ་
དང་ཕ་རོལ་དབྱི་བ་དག་གོ། །ཝཱ་ཏ་པྲ་མཱི། གང་ཡང་བྱིངས་མ་ཡིན་པ་ཉིད་ཀྱི་ཕྱིར་མ་བསྒྲུབས་པ་ཡིན་ཡང་ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པ་ལ་སོགས་པས་ཡ་ཉིད་ལ་ཁ་ཅིག་གུས་པར་བྱེད་མོད་དེ་བསམ་པ་ཅིས་ཡིན་ཞེས་ཁོ་བོས་མི་ཤེས་སོ། ། ཀུན་དུ་བོད་པ་ལ། ཧེ་ཝཱ་ཏ་པྲ་མི། ཧེ་
ཝཱ་ཏ་པྲ་མྱོ། ཧཻ་ཝཱ་ཏ་པྲ་མྱཿབུད་མེད་ལ་ནི་བུད་མེད་ཀྱི་སྐབས་ཉིད་དུ་བཤད་པར་བྱའོ། །དེ་བཞིན་དུ་ཨཱི་ཡིག་གི་མཐའ་ཅན་གཞན་རྣམས་ཀྱང་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ཨུ་ཡིག་གི་མཐའ་ཅན་ཨཾ་ཤུའི་སྒྲ་ནི་རྟགས་ཀྱི་མིང་ལ་སོགས་པ་སྔ་མ་བཞིན་ཏེ། སྐྱེས་པ་ལ་མཚན་ཉིད་
Vol. 196 · folio 6b
ཨགྣི་དང་འདྲའོ། །སྔ་མའི་དབྱངས་ཨུའོ། །ཡོན་ཏན་གྱི་ཨོ་ཉིད་དོ། །ཨོ་ཨ་ཝའོ་ཞེས་པས་ཨ་ཝ་རུ་བསྒྱུར་བའོ། །ཨཽས་ལ་ཨུའི་ཡི་གེ་ཝའོ་ཞེས་པས་ཨུའི་ཡི་གེའི་ཝ་ཉིད་ཀྱང་ཁྱད་པར་རོ། །ཨ་ཤུཿ། ཨཾ་ཤུཿ། ཨཾ་ཤ་ཝཿ། ཨཾ་ཤུཾ། ཨཾ་ཤཱུཾ། ཨཾ་ཤཱུན། ཨཾ་ཤཱུནཱ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷིཿ།
ཨཾ་ཤ་ཝེ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷྱཿ། ཨཾ་ཤོཿ། ཨཾ་ཤུ་བྷྱཱཾ། ཨཾ་ཤུ་བྷྱཿ། ཨཾ་ཤོཿ། ཨཾ་ཤྭོཿ། ཨཾ་ཤཱུ་ནཱཾ། ཨཾ་ཤཽ། ཨཾ་ཤྭོཿ། ཨཾ་ཤུ་ཥུ། ཀུན་དུ་བོད་པ་ལ། ཧེ་ཨཾ་ཤོ། ཧེ་ཨཾ་ཤུ། ཧེ་ཨཾ་ཤ་ཝཿ། དེ་བཞིན་དུ་ཨུ་ཡིག་གི་མཐའ་ཅན་གཞན་རྣམས་ཀྱང་སྟེ། སྭ་རུ། ཨེ་ཥུ། ཅ་རུ། ཙཱ་རུ། ཀ་རུ།
ཀཱ་རུ། མེ་ལཾ་བུ། ཀཾ་བུ། ཤོ་ཡ་ཐུ། པ་ར་ཤུ། ཀིཾ་ཤུ། པཱ་ཤུ། ཨཾ་ཀྵུ། ཏ་ར་ཀྵུ། རྀ་ཏུ། ཌ་མ་རུ། ཙ་མཱུ་རུ། ཕེ་རུ། ཀ་ཀནྟུ། བིནྟུ། ཤི་ཤུ། པ་ཤུ། ཏ་རུ། ཏཀྐུ། ཏཀྐ་རེ་ཊུ། ཨིནྡུ། བྷིཀཱུ། གུ་རུ། བནྡྷུ། ཀྲི་ཤ་ནུ། སྠ་ནུ། རེ་ནུ། བི་དྷུ། མེ་རུ། སུ་མེ་རུ། ཧེ་ཏུ། ཀེ་ཏུ།
རི་པུ། ཤ་ཏ་མ་ནྱུ། བཱ་ཡུ། ཇནྟུ། མ་ཡུ། ར་ཧུ། མ་རུ་ཞེས་པ་ལ་སོགས་པ་རྣམས་སོ། །ཀྲོཥྚུའི་སྒྲ་ནི་ཁྱད་པར་དུ་སྟེ་སི་དང་ཏ་ནི་དང་ག་མི་དང་། མ་སི་དང་ས་བི་དང་། ཨ་བི་དང་དྷཱ་ཉ་དང་ཀྲུ་ཤི་རྣམས་ལ་ཏུནའོ་ཞེས་པའི་ཀྲུ་ཤ་ལས་ཏུན་ས་བུདྡྷི་མ་གཏོགས་པའི་གྷུ་ཊ་དང་བུད་མེད་ལ་ཡང་མེད་
དོ། །ཨུཎ་ལ་སོགས་པ་རྣམས་ནི་མང་པོར་འགྱུར་ཏེ། ཁ་ཅིག་ཏུ་འཇུག་ཅིང་ཁ་ཅིག་ཏུ་མི་འཇུག་ཅེས་པ་ལ་སོགས་པ་ལས་སོ། །དེས་ན་ཏྲྀ་ཙའི་སྦྱོར་བ་ཁོ་ན་སྟེ། སི་ལ་ཨཱ་སྟེ་སི་དབྱི་བ་ཡང་ངོ་ཞེས་པས་རྀ་མཐའ་སི་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་ཞིང་སི་དབྱི་བའང་ངོ་། །ཀྲོཥྚཱ། བྱིངས་ལས་ཏྲྀ་སྒྲའི་ཨཱ་
རོ་ཞེས་པས་བྱིངས་ལས་སྦྱར་བའི་ཏྲྀ་སྒྲའི་གྷུཊ་ཕ་རོལ་ལ་ཨཱར་དུ་འགྱུར་རོ། །ཀྲོཥྚཱ་རཽ། ཀྲོཥྜཱ་རཿ། ཀྲོཥྚཱ་རཾ། ཀྲོཥྚཱ་རཽ། ཤས་ལ་སོགས་པའི་དབྱངས་ལ་ཏྲྀ་ཙའི་མཐའ་དང་། ཏུནའི་མཐའི་སྦྱར་བ་སྟེ། གསལ་བྱེད་ཀྱི་ཡུལ་ལ་ནི་ཏུནའི་མཐའ་ཁོ་ནའོ། །དེ་ལ་ཏུནའི་མཐའ་ནི་ཨཾ་ཤུ་དང་འདྲ་སྟེ།
ཏྲྀ་ཙའི་མཐའ་ནི་པྲ་ཤཱསྟྲྀ་དང་འདྲའོ། །ཀྲོཥྚྲ་ན། ཀྲོཥྚྲཱ། ཀྲོཥྚུ་ནཱ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷིཿ། ཀྲོཥྚ་ཝེ། ཀྲོཥྚྲེ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷྱཿ། ཀྲོཥྚོཿ། ཀྲོཥྚུཿ། ཀྲོཥྚུ་བྷྱཱམ། ཀྲོཥྚུ་བྷྱཿ། ཀྲོཥྚོཿ། ཀྲོཥྚུཿ། ཀྲོཥྚྭོཿ། ཀྲོཥྚོཿ། ཀྲོཥྚུ་ནཱཾ། ཀྲོཥྚྲཱྀ་ཎཱཾ། ཀྲོཥྚཽ། ཀྲོཥྚ་རི། ཀྲོཥྚྭོཿ། ཀྲོཥྚྲོཿ། ཀྲོཥྚུ་ཥུ། ཀུན་དུ་བོད་
Vol. 196 · folio 7a
པ་ལ་ཧ་ཀྲོཥྚོཿ། ཧེ་ཀྲོཥྚ་རཽ། ཧེ་ཀྲོཥྚཱ་རཿ།། །།ཨུ་ཡིག་གི་མཐའ་ཅན་བརྗོད་པར་བྱའོ། །སོ་སོར་འབྱུང་ངོ་ཞེས་པས་པྲ་ཏི་སྔ་མ་ཅན་གྱི་བྷ་བ་ཏི་ལས་ཀྭིཔའང་ངོ་ཞེས་པས་ཀྭིཔའོ། །པ་ཡིག་ནི་བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཀ་ཡིག་
ནི་ཀ་ལ་ཡཎ་བཞིན་འང་སྟེ། ཡ་ལ་བརྗོད་པ་བོར་བའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་ནི་སྦྱར་བ་མིན་པའི་ཝའི་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཀྱི་ཝ་དབྱི་བ་རྟགས་ཀྱི་མིང་ལ་སོགས་པ་སྔ་མ་བཞིན་ནོ། །སི་ལ། པྲ་ཏི་བྷཱཿ། བྷཱུའི་ཝཱཪྵ་བྷཱུ་དང་པུ་ནརྦྷཱུ་མ་ཡིན་པའོ་ཞེས་པས་བྷཱུ་
ནི་རྣམ་པར་དབྱེ་བ་དབྱངས་ལ་ཨུ་ཝ་རུ་འཐོབ་བོ། །པྲ་ཏི་བྷུ་ཝཽ། པྲ་ཏི་བྷུ་ཝཿ། པྲ་ཏི་བྷུ་ཝཾ། པྲ་ཏི་བྷུ་ཝཽ། པྲ་ཏི་བྷུ་ཝཿ། པྲ་ཏི་བྷུ་ཝཱ། པྲ་ཏི་བྷཱུ་བྷྱཱམ། པྲ་ཏི་བྷཱུ་བྷིཿ། པྲ་ཏི་བྷུ་ཝེཿ། པྲ་ཏི་བྷཱུ་བྷྱཱམ། པྲ་ཏི་བྷཱུ་བྷྱཿ། པྲ་ཏི་བྷུ་ཝཿ། པྲ་ཏི་བྷཱུ་བྷྱཱམ། པྲ་ཏི་བྷཱུ་བྷྱཱཿ། པྲ་ཏི་བྷཱུ་ཝཿ། པྲ་ཏི་བྷུ་ཝོཿ། པྲ་ཏི་བྷུ་ཝཱམ།
པྲ་ཏི་བྷུ་ཝི། པྲ་ཏི་བྷུ་ཝོཿ། པྲ་ཏི་བྷཱུ་ཥུ། ཀུན་དུ་བོད་པ་ལ། ཧེ་པྲ་ཏི་བྷཱུཿ། ཧེ་པྲ་ཏི་བྷུ་ཝཽ། ཧེ་པྲ་ཏི་བྷུ་ཝཿ། དེ་བཞིན་དུ་ཀ་ཊ་པྲཱུ་ནི་འདྲེས་པ་ལ་ཤེས་པར་བྱའོ། །ཟླ་བ་དང་བྷུ་ལ་ཨ་ཏྲི་ནེ་ཏྲ་བྷཱུའོ། །མེ་ལ་དེ་བཞིན་དུ་ཧི་ར་ཎྱཥྛྱུའོ། །ཨཀྵ་དྱཱུ་དང་སྨཱུ་ཡང་བྱས་པ་ལ་ཡང་ངོ་། །བྲཧྨ་སུ་བྷཱུ་ནི་རིག་བྱེད་
ལའང་ངོ་། །ཤྭེ་ཥཱ་རབྷཱུ་ནི་ཕུར་པ་ལའོ། །ཨ་དྷི་བྷཱུ་འདྲེན་པ་ལ་རབ་ཏུ་བརྗོད་དོ། །བྲིཥྚི་བྷཱུ་དེ་བཞིན་དུ་སྦལ་པ་ལའོ། །སྭ་བྷཱུ་ནི་ཁྱབ་འཇུག་དང་རྣམ་འཐོར་ལའོ། །འདོད་པ་དང་ཚངས་པ་ལའང་ཨཱཏྨ་བྷཱུའོ།། །།བྲཧྨ་བྷཱུ་ནི་དྲང་སྲོང་མེ་སྦྱིན་དང་འདོད་པ་ལའོ། །སྭ་ཡཾ་བྷཱུ་ནི་ཚངས་པ་དང་མདུང་
ཅན་དག་ལའོ་ཞེས་པ་ལ་སོགས་པ་དང་། ཀ་ཊ་པྲཱུ་དང་ཧི་རུ་ཎྱཥྛྨཱུ་དང་ཨཀྵདྱཱུའི་སྒྲ་རྣམས་ཀྱི་ནི་ཨཱིཏ་ཨཱུཏ་དག་ཨི་ཡ་ཨུབ་དབྱངས་དག་ལའོ་ཞེས་ཨུ་ཝ་རུ་བསྒྱུར་བ་ཁྱད་པར་རོ། །ནགྣ་ཀཱུའི་སྒྲའི་ཁྱད་པར་ནི་ནགྣ་ཀཱུཿ། རྣམ་དབྱེ་དབྱངས་དང་པོ་ཅན་ལ་ཡི་གེ་གཅིག་མ་ཡིན་པ་དག་གི་བརྩེགས་པ་མ་
ཡིན་པ་ལས་ཡ་ཝ་དག་གོ་ཞེས་པས་ཝ་ཉིད་དོ། །ནགྣ་ཀྭོཿ། ནགྣ་ཀྭཾ། ནགྣ་ཀྭཽ། ནགྣ་ཀྭཿ། ནགྣ་ཀྭཱ། ནགྣ་ཀཱུ་བྷྱཱམ། ནགྣ་ཀཱུ་བྷིཿ། ནགྣ་ཀྭེ། ནགྣ་ཀཱུ་བྷྱཱམ། ནགྣ་ཀཱུ་བྷྱཿ། ནགྣ་ཀྭཿ། ནགྣ་ཀཱུ་བྷྱཱམ། ནགྣ་ཀཱུ་བྷྱཿ། ནགྣ་ཀྭོཿ། ནགྣ་ཀྭཱམ། ནགྣ་ཀྭི། ནགྣ་ཀྭོཿ། ནགྣ་ཀཱུ་ཥུ། ཀུན་དུ་བོད་པ་ལ། ཧེ་ནགྣ་
Vol. 196 · folio 7b
ཀཱུཿ། ནགྣ་ཀྭཽ། ཧེ་ནགྣ་ཀྲཿ། དེ་བཞིན་དུ་ནགྣ་ཀཱུ་ནི་ཆང་གི་ས་བོན་ལ་འགྱུར་རོ། །ཁ་ལ་པཱུ་ན་ཀོ་ལི་ཁྲ་བྱེད་ལའོ། །ཧུ་ཧཱུ་ནི་དྲི་ཟའི་བྱ་བྲག་ལའོ། །བྲཧྨ་སཱུ་ནི་མེ་ཏོག་གི་མཚོན་ཅན་ལའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་སོ། །རྀཏ་མཐའ་ཅན་ལས་པི་ཏྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །
རྗེས་སུ་འབྲེལ་པ་དང་དབྱེ་བ་དང་རྣམ་པར་གཅད་བྱ་དང་། ཕྱི་མར་འགྲོ་བ་དག་ཀྱང་སྔ་མ་བཞིན་ནོ། །སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པ་རྀ་ཡིག་གི་ཨཱ་ཉིད་ངེ་སི་དབྱི་བའང་ངོ་། །པི་ཏཱ། གྷུཊ་ལའང་ངོ་ཞེས་པ་རྀ་ཏ་མཐའི་ཨར་དུ་འགྱུར་ཏེ། གྷུཊ་ཕ་རོལ་ལའོ། །པི་ཏ་རཽ། པི་ཏ་རཿ། པི་ཏ་རཾ། པི་ཏ་
རཽ། ཤས་ལ་ཨགྣི་བཞིན་ནོ་ཞེས་པ་ཤས་ཀྱི་ཨ་ཡིག་སྔ་མའི་དབྱངས་ཉིད་དེ་སའི་འང་བུད་མེད་མ་ཡིན་པ་ལ་ན་ཡིག་གོ། །མཚུངས་པ་འདྲ་བའི་ཡི་གེ་ལ་ཞེས་པ་ལ་སོགས་པས་རིང་པོ་དང་ཕྱི་མ་དབྱི་བ་དག་གོ། །པི་ཏྲྀ་ན། རྀའི་ཡི་གེ་རའོ་ཞེས་པས་རྀའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ཕ་རོལ་ལ་ར་
རུ་འགྱུར་ཏེ་ཕ་རལ་དབྱི་བར་བྱ་བའང་མ་ཡིན་ནོ། །པི་ཏྲཱ། པིཏྲྀ་བྷྱཱམ། པི་ཏྲེ་བྷིཿ། པི་ཏེ། པིཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ། རྀཏ་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པས་རྀ་མཐའ་ལས་ཕ་རོལ་གྱི་ང་སི་ངས་དག་གི་ཨ་ཡིག་སྔ་མའི་དབྱངས་དང་ལྷན་ཅིག་ཨུ་རུ་འགྱུར་རོ། །པི་ཏུཿ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ།
པི་ཏུཿ། པི་ཏྲཽཿ། ཨཱ་མ་ལའང་ནུའོ། །ནུ་དང་བཅས་པའི་ཨཱ་མ་ལ་རིང་པོའོ་ཞེས་པ་རྀ་ཡིག་རིང་པོའོ། །ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ན་ཡིག་ཎ་ཉིད་དོ། །པི་ཏྲཱྀ་ཎཱཾ། དིལ་ཨརའོ་ཞེས་པས་རྀཏ་མཐའ་དི་ཕ་རོལ་ལ་ཨར་དུ་འགྱུར་ཏེ། པི་ཏ་རི། པི་ཏྲཽཿ། ཥ་ཉིད་དེ། པི་ཏྲི་ཥུ།
ཀུན་དུ་བོད་པ་ལ། སཾ་བུདྡྷི་ལས་ཨཱའང་མ་ཡིན་ནོ་ཞེས་བཀག་པའི་ཕྱིར་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པའི་ཨཱ་ཡིག་སཾ་བུདྡྷི་ལ་འགྱུར་བ་མ་ཡིན་ཞིང་། དོན་གྱིས་ན་གྷུཊ་ལའང་ངོ་ཞེས་པ་ཨར་ཁོ་ནར་འགྱུར་རོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཧེ་པི་ཏཿ། ཧེ་པི་ཏ་རཽ། ཧེ་པི་ཏ་རཿ།
དེ་བཞིན་དུ་བྷྲ་ཏྲྀ་མི་བཟོད་པ་དང་ལྡན་པ་ལའོ། །ཛཱ་མཱཏྟ་བུ་མོའི་བདག་པོའོ། །ས་བྱཥྚཱ་བྷཱསྐ་རེ་ཎཱུ་དེ་ཝཱ་དེ་ཝ་ཏ་གཽ་ཏ་མ་ཞེས་པ་ལ་སོགས་པ་རྣམས་སོ། །ནྲྀའི་སྒྲ་ནི་དྲུག་པའི་མང་པོའི་ཚིག་ལ། ནྲྀ་ཡང་ནའོ་ཞེས་པ་རྣམ་པར་བརྟག་པས་རིང་པོ་ཉིད་ཁྱད་པར་རོ། །ནྲྀ་ཎཱཾ། ནྲཱྀ་ཎཱཾ། བླ་མ་རྗོད་པར་བྱེད་
Vol. 196 · folio 8a
པའི་པྲ་ཤཱྀསྟྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སི་ལ་སྔ་མ་བཞིན་དུ་ཨཱའོ། །པ་ཤསྟཱ། གྷུཊ་ལ་སྭ་སྲྀ་ལ་སོགས་པ་རྣམས་ཀྱི་འང་ངོ་ཞེས་པ་ཨརའོ། །པྲ་ཤཱསྟཱ་རཽ། པྲ་ཤཱསྟཱ་རཿ། པྲ་ཤསྟ་རམ། པྲ་ཤཱསྟཱ་རཽ། ལྷག་མ་པི་ཏྲྀ་བཞིན་ནོ། །དེ་བཞིན་དུ་ལྷའི་བཟོ་བོ་ལའང་
ཏྭཥྚྲྀ་སྟེ། ཏྭཥྚཱ། ཁ་ལོ་བ་དང་ཉི་མ་དག་ལ་ཀྵ་ཏྲྀ་ཥུ་དེ་པྲ་ཏི་ཧཱ་རེ་ཀྵི་ཏྲྀ་ཡཱ་ཤུ་ཏྲ་ཛེ་སུ་ཏཽ། ཀྲོཥྚྲྀ་ནི་ཅེ་སྤྱང་ལའོ། །ནཔྟྲྀ་བུའི་བུ་ལའོ། །པོ་ཏྲིའང་དག་བྱེད་ལའོ། །མཁན་པོར་གྱུར་པ་ལ་ནི་ནཥྚྭྀའོ། །ཧོ་རྀ་ནི་ངེས་བརྗོད་ཀྱི་རིག་བྱེད་ཤེས་པ་ལའོ། །ཀྲོཥྚྲྀའི་སྒྲ་ལ་ནི་བྱིངས་ལས་ཏྲྀ་སྒྲའི་ཨརའོ་ཞེས་པ་
ཁྱད་པར་རོ། །ལཱྀའི་ཡི་གེ་དང་ཨེ་ཡིག་གི་མཐའ་ཅན་རྣམས་ནི་རབ་ཏུ་གྲུབ་པ་མེད་དོ། །ཨཻ་ཡིག་གི་མཐའ་ཅན་རཻའི་སྒྲ་སྟེ། འདི་ཡང་བུད་མེད་དང་སྐྱེས་པ་དག་ལ་འཇུག་གོ། །དེ་སྐད་དུ་ནི། རཻའི་ནི་གཉིས་ལ་སྟེ་འབྱོར་པ་དང་རང་ཤེས་དང་། གསེར་དང་རི་མོ་ལ་སྟེ། ཀརྩུ་རམ་ཞེས་
དྲག་པོའི་འབངས་སོ། །དེའི་ཕྱིར་འདིའི་གཉི་ག་ལའང་གཟུགས་མཚུངས་པའོ། །གསལ་བྱེད་དང་པོ་ཅན་ལ་ཨཱ་ཉིད་དོ་ཞེས་སྤྱིར་བཏང་ནས་རཻའི་འོ་ཞེས་པས་གསལ་བྱེད་དང་པོ་ཅན་ལ་ཨཱ་ཉིད་དོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །རཱཿདབྱངས་དང་པོ་ཅན་ལ་ཨཻ་ཨཱ་ཡའོ། །རཱ་ཡཽ། རཱ་ཡཿ།
རཱ་ཡཾ། རཱ་ཡཽ། རཱ་ཡ། རཱ་ཡཱ། རཱ་བྷྱཱམ། རཱ་བྷིཿ། རཱ་ཡེ། རཱ་བྷྱཱམ། རཱ་བྷྱཿ། རཱ་ཡཿ། རཱ་བྷྱམ། རཱ་བྷྱཿ། རཱ་ཡཿ། རཱ་ཡོཿ། རཱ་ཡཱམ། རཱ་ཡི། རཱ་ཡོཿ། རཱ་སུ། ཀུན་དུ་བོད་པ་ལ། ཧེ་རཱ་ཡཽ། ཨོ་ཡིག་གི་མཐའ་ཅན་གོ་སྒྲ་སྟེ། འདི་ཡང་རྟགས་གཉིས་པའོ། །དྲག་པོའི་འབངས་ཀྱིས་གང་གསུངས་པ། མཐོ་
རིས་འོད་ཟེར་རྡོ་རྗེ་དང་། །ཕྱུགས་ལ་གོ་ནི་སྐྱེས་པ་སྟེ། །མིག་ཕྱོགས་ངག་ས་ཆུ་རྣམས་ལ། །བུད་མེད་མཁས་པས་ཕྱེ་བའོ། །སྐབས་གསུམ་གྱིས་ལྷག་མར་ཡང་གསུངས་པ། མཐོ་རིས་རྡོ་རྗེ་འོད་ཟེར་དང་། །ཕྱུགས་ལ་གོ་ནི་སྐྱེས་པ་སྟེ། །སྣར་མ་མདའ་མིག་ཕྱོགས་ངག་ས། །ཆུ་ལ་མང་པོར་བུད་མེད་དོ།
ཞེས་སོ། །འདིའི་ཡང་རྟགས་གཉིས་ག་ལ་གཟུགས་ཐ་དད་པ་མེད་དོ། །གོའི་གྷུཊ་ལ་ཨཽའི་ཞེས་པས་གྷུཊ་ལ་གོའི་ཨོ་ཡིག་ཨཽ་ཡིག་གོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །གོཿ། ཨཽ་ཨཱ་ཝ་སྟེ། གཱ་ཝཽ་གཱ་ཝཿ། ཨཾ་ཤས་དག་ལ་ནི་ཨམ་ཤས་དག་ལ་ཨཱའོ་ཞེས་པས་ཨ་ཉིད་དོ། །
Vol. 196 · folio 8b
གཱམྲ། གཱ་ཝཽ། གཱཿ། གསུམ་པ་ལ་སོགས་པ་དབྱངས་དང་པོ་ཅན་ལ་ཨོ་ཨ་ཝའོ། ། གོ་ཝ། གོ་བྷྱཱམ། གོ་བྷིཿ། གོ་ག་ཝེ། གོ་བྷྱཱམ། གོ་བྷྱཿ། གོ་ལས་ཀྱང་ངོ་ཞེས་པ་ང་སི་ངས་དག་གི་ཨ་དབྱིའོ། །གོཿ། གོ་བྷྱཱམ། གོ་བྷྱཿ། གོཿ། གཱ་ཝོཿ། ག་ཝཱཾ། ག་ཝི། ག་ཝོཿ། གོ་ཥུ།
ཀུན་དུ་བོད་པ་ལ། ཧེ་གོཿ། ཧེ་ག་ཝོཿ། ཧེ་གཱ་ཝཿ།། །།ཨཽ་ཡིག་གི་མཐའ་ཅན་ནི་གླཽའི་སྒྲ་སྟེ། གློཿདབྱངས་དང་པོ་ཅན་ལ་ཨཱ་ཝ་རུ་བསྒྱུར་བའོ། །གླཱ་ཝཽ། གླཱ་ཝཿ། གླཱ་ཝཾ། གླཱ་ཝཽ། གླཱ་ཝཿ། གླཱ་ཝཱ། གླཽ་བྷྱཱམ། གླཽ་བྷིཿ། གླཱ་ཝེ། གླཽ་བྷྱཱམ། གླཽ་བྷྱཿ། གླཱ་ཝཿ། གློ་བྷྱཱམ། གླཽ་བྷྱཿ།
གླཱ་ཝཿ། གླཱ་ཝོཿ། གླཱ་ཝཾ། གླཱ་ཝི། གླཱ་ཝོཿ། གླཽ་ཥུ། ཀུན་དུ་བོད་པ་ལ། ཧེ་གླཽཿ། ཧེ་གླཱ་ཝཽ། ཧེ་གླཱ་ཝཿ། སྐྱེས་པ་ལ་དབྱངས་ཀྱི་མཐའ་ཅན་བཤད་ཟིན་ཏོ།། །།གསལ་བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱའོ། །དེ་ལ་ཀའི་སྡེ་པའི་མཐའ་ཅན་རབ་ཏུ་གྲགས་པ་མེད་
དོ། །ཙའི་མཐའ་ཅན་ཀ་མུ་ཙའི་སྒྲ་སྟེ། ཀ་མུཉྩ་ཏི་ཞེས་པས་ཀྭིཔའང་ངོ་ཞེས་པ་ཀྭིཔའོ། །དེ་དབྱི་བ་སྔ་མ་བཞིན་ནོ། །དེས་དེའི་བསྡུ་བའོ་ཞེས་པས་ཚིག་སྡུད་དེ་རྟགས་ཀྱི་མིང་ཅན་ནོ། །སི་ལ་སོགས་པ་རྣམས་ཏེ། གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་
རྣམས་ཀྱིའང་ངོ་ཞེས་པས་རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་ཙ་ཡིག་གི་ག་ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །ཀ་མུག །ཀ་མུག །དབྱངས་ལས་ཧ་དང་རེ་ཕ་དག་ལས་ཕ་རོལ་གཉིས་སུ་བསྒྱུར་བར་འགྱུར་རོ་ཞེས་པའི་ན་ཉ་གཉིས་ཀྱི་རྟེན་ཡིན་པའི་
ཕྱིར་ཡང་ན་གཉིས་ཉིད་དེ། ཀ་མུགྐ། ཀ་མུགྐ། ཀ་མུ་ཙཽ། ཀ་མུ་ཙ། ཀ་མུ་ཙཾ། ཀ་མུ་ཅཽ། ཀ་མུ་ཙཿ། ཀ་མུ་ཙཱ། ཀ་མུ་གྦྷྱམ། ཀ་མུགྦྷིཿ། ཀ་མུ་ཙེ། ཀ་མུགྦྷྱམ། ཀ་མུགྦྷྱ། ཀ་མུ་ཙཿ། ཀ་མུགྦྷྱཱམ། མུགྦྷྱཿ། ཀ་མུ་ཙཿ། ཀ་མུ་ཙོཿ། ཀ་མུ་ཙཱཾ། ཀ་མུ་ཙི། ཀ་མུ་ཙོཿ། ག་ཉིད་དུ་བྱས་པ་ན་སྒྲ་མེད་ལ་
དང་པོའོ་ཞེས་པ་ཀ་ཡིག་གོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཀ་མུཀྵུ། ཤཱི་ཊ་ལ་གཉིས་པའང་འདོད་དོ། །དེས་ན། ཀ་མུ་ཁྶུ་ཞེས་པའང་ངོ་། །ཀུན་དུ་བོད་པ་ལ། ཧེ་ཀ་མུག །ཧ་ཀ་མུག །ཧེ་ཀ་མུ་ཙོ། ཧེ་ཀ་ཙཾ། དེ་བཞིན་དུ་ཨམྦྷོ་མུ་ཙ། ཛ་ལ་མུ་ཙ། པ་ཡོ་
Vol. 196 · folio 9a
མུ་ཙ་ལ་སོགས་པ་རྣམས་སོ། །ཚའི་མཐའ་ཅན་རབ་ཏུ་གྲུབ་པ་མེད་དོ། །ཛའི་མཐའ་ཅན་བྷཱུ་བྷུ་ཛའི་སྒྲ་ནི། ས་གཞི་ལ་སྤྱོད་པར་བྱེད་དོ་ཞེས་པ་ཀྭིཔའང་ངོ་ཞེས་པ་ཀྭིཔའོ། །ཚིག་སྡུད་པ་ལ་སོགས་པ་སྔ་མ་བཞིན་ནོ། །སི་ལ་སོགས་པ་རྣམས་སོ། །གསལ་བྱེད་ལས་ཀྱང་ངོ་
ཞེས་པ་སི་དབྱིའོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱི་འང་ངོ་ཞེས་པ་རྫོགས་པ་དང་གསལ་བྱེད་དག་ལ་ཛ་ཡིག་གི་ག་ཡིག་གོ། །རྫོགས་པ་ལ་ཡང་ནའོ་ཞེས་པའི་ཕྱོགས་ལ་ཀ་ཉིད་དོ། །བྷཱུ་བྷུཀ །བྷཱུ་བྷུག །བྷཱུ་བྷུ་ཛཽ། བྷཱུ་བྷུ་ཛཿ། བྷཱུ་བྷུ་ཛཾ། བྷཱུ་བྷུ་ཛཽ། བྷཱུ་བྷུ་ཛཿ། བྷཱུ་བྷུ་ཛཱ། བྷཱུ་བྷུ་གྦྷྱཱམ།
བྷཱུ་བྷུ་གྦྷིཿ། བྷཱུ་བྷུ་ཛེ། བྷཱུ་བྷུ་གྦྷྱཱམ། བྷཱུ་བྷུ་གྦྷྱཿ། བྷཱུ་བྷུ་ཛཿ། བྷཱུ་བྷུ་གྦྷྱཱམ། བྷཱུ་བྷུ་གྦྷྱཿ། བྷཱུ་བྷུ་ཛཿ། བྷཱུ་བྷུ་ཛོཿ། བྷཱུ་བྷུ་ཛཱཾ། བྷཱུ་བྷུ་ཛི། བྷཱུ་བྷུ་ཛོཿ། བྷཱུ་བྷུཀྵུ། བྷཱུ་བྷུཁྶུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ། ཧུ་ཏ་བྷུ་ཛ། བ་ལི་བྷཱུ་ཛ། ཨཱ་ཁུ་བྷུ་ཛ། པ་ཎ་ཛི། རྀ་ཏྭ་ཛི་ལ་སོགས་པ་
རྣམས་སོ། །བི་ཤྭ་སྲི་ཛ། པྲཛ་སྲི་ཛ་ཞེས་པ་ལ་སོགས་པ་རྣམས་ཀྱང་དྲྀ་ཤ་ལ་སོགས་པར་བལྟ་བར་བྱའོ་ཞེས་ཁ་ཅིག་གོ། །སམ་རཱ་ཛའི་སྒྲའི་ཁྱད་པར་ནི་ཧ་དང་ཤ་དང་ཥ་དང་ཚའི་མཐའ་དང་ཡཛ་སོགས་ཀྱི་ཌའོ་ཞེས་པས་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལཌ་རུ་འགྱུར་རོ། །དེའི་
རྫོགས་པ་ལ་ཡང་ནའོ་ཞེས་པས་ཡང་ན་ཊ་ཉིད་དོ། །སམྲཱཊ། སམྲ་ཊ། སམྲཱ་ཛཽ། སཾ་རཱ་ཛཿ། སམྲཱ་ཛཾ། སཾ་རཱ་ཛཽ། སམྲ་ཛཿ། སམྲཱ་ཛཱ། སཾ་རཱ་བྷྱཱཾ། སཾ་རཱཌྦྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་པི་རཱ་ཛ། དེ་བ་རཱ་ཛ། སོ་ཛི་རཱ་ཛ། དྷརྨ་རཱ་ཛ། ཡཀྵ་ར་ཛ་ལ་སོགས་པ་རྣམས་སོ། །ཛྙ་མཐའ་
ཅན་དང་ཉ་མཐའ་ཅན་དང་ཌ་སྡེའི་མཐའ་ཅན་རྣམས་རབ་ཏུ་གྲགས་པ་མེད་དོ། །ཏའི་མཐའ་ཅན་མ་རུཏ་ཀྱི་སྒྲ་སྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །མ་རུ་ཏ། མ་རུད། མ་རུ་ཏཽ། མ་རུ་ཏཿ། མ་རུ་ཏཾ། མ་རུ་ཏཽ། མ་རུ་ཏཿ། མ་རུ་ཏཱ། གསལ་བྱེད་དང་པོ་ཅན་ལ་དྷུཊ་རྣམས་
ཀྱི་གསུམ་པའོ་ཞེས་པས་གསུམ་པ་སྟེ། ད་ཡིག་གོ། །མ་རུདྦྷྱཱམ། མ་རུདྦྷིཿཞེས་པ་ལ་སོགས་པའོ། །སུཔ་ལ་ཏ་ཉིད་སྒྲ་མེད་པ་ན་སྒྲ་མེད་པ་ལ་དང་པོ་སྟེ་གཉིས་པའང་ངོ་། །མ་རུ་ཏྶུ། མ་རུ་ཐྶུ་དེ་བཞིན་དུ། བི་བཤྩི་ཏ། ནི་བྲྀ་ཏ། ས་ན་ཏ། ཏ་ནུ་ན་ཡཏ། པ་ར་བྷྲྀ་ཏ། མཱ་ར་ཛིཏ། ཙཥ་ཌ་ཀྲྀཏྱ།
Vol. 196 · folio 9b
པ་ཏུ་ཀྲྀཏ། ལོ་ཧ་ཀྲིཏ། ཤ་ཤིབྷྲྀ་ཏ། ཤཱུ་བྷྲྀ་ཏ། ཀྵོ་ཎི་བྷྲྀ་ཏ། མནྟྲ་བྷྱ་ཁྱཱ་ཀྲྀཏ། ཏ་རཱ་ཀ་ཛི་ཏ་ལ་སོགས་པ་རྣམས་སོ། །ཨུ་ད་ནྭནྟའི་སྒྲའི་ཁྱད་པར་ནི། ཨནྟུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་སི་ལ་རིང་པོ་ཉིད་དོ། །བརྩེགས་པའི་མཐའི་དབྱིའོ། །ཨུ་ད་ནྭཱན། ཨུ་ད་
ནྭནྟཽ། ཨུ་ད་ནྭནྟཿ། ཨུ་ད་ནྭནྟཾ། ཨ་ད་ནྭནྟཽ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་ནི། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པའིའོ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །ཨུ་ཏ་ནྭ་ཏཿ། ཨུ་ད་ནྭ་ཏཱ། གསལ་བྱེད་དང་པོ་ཅན་ལ་དྷུཊ་རྣམས་ཀྱི་གསུམ་པའོ། །ཨུ་ད་ནྭ་དྦྷྱཱམ། ཨུད་ནྭདྡྷིཿ
ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པ་དགག་པ་ལས་རིང་པོ་ཉིད་དུ་མི་འགྱུར་རོ། །ཧེ་ཨུ་ད་ནྭན། ཧེ་ཨུ་ད་ནྭོནྟཽ། ཧེ་ཨུ་ད་ནྭནྟཿ། དེ་བཞིན་དུ་ཧ་ནཱུ་མནྟ། ཨཥྛི་བནྟ། ཙ་ཀྲཱི་བནྟ། ཀཀྵི་བནྟ། དྲུ་མ་ནྭནྟ། ཨ་སརྦྷ་བནྟ་ལ་སོགས་པའོ། །ཐ་མཐའ་ཅན་
རབ་ཏུ་གྲགས་པ་མེད་དོ། །ད་མཐའ་ཅན་ཀྲ་བྱཱ་དཱི་སྒྲ་སྟེ། ཀྲ་བྱ་ཟའོ་ཞེས་པས་ཀྲ་བྱའི་སྒྲ་ཉེ་བའི་ཚིག་ལ་ཨད་ལས་ཨནྣ་མ་ཡིན་པ་ལའོ་ཞེས་སྤྱིར་བཏང་ནས་ཀྲ་བྱ་ལང་ངོ་ཞེས་པས་ཀྭིཔའོ། །ཚིག་སྡུད་ལ་སོགས་པ་སྔ་མ་བཞིན་ནོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་
གོ། །ཀྲཱ་བྱཱ་ཏ། ཀྲཱ་བྱཱད། ཀྲཱ་བྱཱདཽ། །ཀྲཱ་བྱཱདཿ། ཀྲཱ་བྱཱ་ད། ཀྲ་བྱཱ་དཽ། ཀྲ་བྱཱདཿ། ཀྲ་བྱ་དཱ། ཀྲ་བདྦྷྱཱམ། ཀྲ་བྱདྦྷྲིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་དི་ཥད། གོ་ཊ་བྷིད། མ་དྷུ་བིད། རཱ་དྷ་བྷིད། ཨུ་ད་བྷིད། སུ་ཧྲིད། དུར་ཧྲྀད་ལ་སོགས་པ་རྣམས་སོ། །དྷ་མཐའ་ཅན་མྲྀ་གཱ་བིདྷཱི་སྒྲ་སྟེ། རི་
དགས་རྣམས་ལ་གནོད་པ་བྱེད་དོ་ཞེས་པས་བྱ་དྷི་ལས་ཀྭི་པའོ། །ཀ་ལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་བའོ་ཞེས་བསྒྲེ་བ་ལས་མཐར་གནས་པ་པ་རོལ་གྱི་དབྱངས་དང་བཅས་པའི་སཾ་པྲ་སཱ་ར་ཎའོ་ཞེས་སྤྱིར་བཏང་ནས་གྲ་ཧི་ཛྱ་ལ་སོགས་པའི་མདོས་ཨ་ཡིག་དང་ཡ་ཡིག་དག་གི་ཨི་ཡིག་གོ། །ན་ཧི་བྲྀ་ཏི།
བྲྀཥི། བྱ་དྷི། རུ་དི། ས་ཧི། ཏ་ནི་རྣམས་ལ་ཀྭི་པའི་མཐའ་ཅན་རྣམས་ལའོ་ཞེས་པས་སྔ་མའི་ཚིག་གི་རིང་པོ་ཉིད་དོ། །ཚིག་སྡུད་ལ་སོགས་པ་སྔ་མ་བཞིན་ནོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །མྲྀ་གཱ་བིཏ། མྲྀ་གཱ་བིད། མྲྀ་གཱ་བི་དྷཽ། མྲྀ་གཱི་བ་དྷཿ། མྲྀ་གཱ་བི་དྷཾ། མྲྀ་
Vol. 196 · folio 10a
གཱ་བི་དྷཽཿ། མྲྀ་ག་བི་དྷཿ། མྲྀ་གཱ་བི་དྷཱ། དྷུཊ་རྣམས་ཀྱི་གསུམ་པའོ། །མྲྀ་གཱ་བིདྦྷྱཱམ། མྲྀ་གཱ་བིདྦྷྱཱཿཞེས་པ་ལ་སོགས་པའོ། །ཨཱཏྨན་གྱི་སྒྲ་ན་མཐའ་ཅན་ལས་སི་ལ་སོགས་པ་རྣམས་སོ། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་བྷུཊ་ལ་ཨུ་པ་དྷའི་རིང་པོ་ཉིད་དོ། །རྟགས་
མཐའི་ན་ཡིག་གོ་ཞེས་པས་རྫོགས་པ་དང་གསལ་བྱེད་དང་པོ་ལའང་ན་ཡིག་དབྱིའོ། །ཨཱཏྨཱ། ཨཱདྨཱ་ནཽ། ཨཱཏྨཱ་ནཿ། ཨཱཏྨཱ་ནཱཾ། ཨཱཏྨཱ་ནཽ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨ་ནའི་ཨ་དབྱི་བ་དང་སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པ་ཨ་ཡིག་དབྱི་བ་ཐོབ་པ་ལ། ཝ་མ་བརྩེགས་པ་མ་
ཡིན་པ་ལས་ཞེས་པས་བཀག་པའོ། །ཨཱཏྨཱ་ནཿ། ཨཱཏྨཱ་ནཱ། ན་དང་བརྩེགས་པའི་མཐའ་ཕྱིས་པ་དག་ནི་ཆོ་ག་སྔ་མ་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པས། ན་ཡིག་ཆོ་ག་སྔ་མ་བྱ་བ་ལ་ཕྱིས་ཀྱང་མ་ཕྱིས་པ་དང་འདྲ་བར་འགྱུར་ཏེ། དེས་ན་ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པ་ལ་སོགས་པ་ཉིད་དུ་འགྱུར་བ་
མ་ཡིན་ནོ། །ཨཱཏྨཱབྷྱཱམ། ཨཱཏྨཱ་བྷིཿ། ཨཱཏྨཱ་ནེ། ཨཱཏྨ་བྷྱཱམ། ཨཱཏྨ་བྷྱཿ། ཨཱཏྨནཿ། ཨཱཏྨ་བྷྱཱམ། ཨཱཏྨབྷྱཿ། ཨཱཏྨ་ནཿ། ཨཱཏྨ་ནོཿ། ཨཱཏྨ་ནཱཾ། ཨཱཏྨ་ནི། ཨཱཏྨ་ནོཿ། ཨཱཏྨ་སུ། ཀུན་དུ་བོད་པ་ལ་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་དགག་པའི་ཕྱིར་ཨུ་པ་དྷཱ་རིང་པོ་ཉིད་དུ་མི་འགྱུར་རོ། །སཾ་བུདྡྷི་མ་ཡིན་པ་
ལ་ཞེས་པས་ན་ཡིག་དབྱི་བ་དགག་པའོ། །ཧེ་ཨཱཏྨན། ཧེ་ཨཱཏྨ་ནོ། ཧེ་ཨཱཏྨ་ནཿ། དེ་བཞིན་དུ། ཨ་དྷྭ་ན། ཨ་སྨན། ཤླེ་སྨན། བྲ་ཧྨཱན། དྷ་ནྭན། པཀྵྨན། རཱ་ཛཱ་ན། ཡཱཀྵ་མཱན། ཀྵྨན། ཨུཥྨན། པཱ་སྨ་ན་ལ་སོགས་པ་རྣམས་སོ། །རཱ་ཛན་གྱི་སྒྲ་ནི་ཨཱཏྨན་དང་འདྲ་སྟེ། རཱ་ཛཱ། རཱ་ཛ་ནཽ། རཱ་ཛཱ་ན།
རཱཛཱན། རཱ་ཛཱ་ནི། གྷུ་ཊ་མ་ཡིན་པའི་དབྱངས་ལ་ནི། ཝ་མ་བརྩེགས་པ་མ་ཡིན་པ་ལ་སོགས་པས་ཨ་དབྱིའོ། །ཏའི་སྡེ་པ་ནི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ་ཞེས་པས་ན་ཡིག་ཉ་ཡིག་གོ། །རཱ་ཛྙཱཿ། རཱ་ཛྙཱ་བྷྱཱཾ། རཱ་ཛ་བྷིཿ། རཛྙེ། རཱ་ཛ་བྷྱམ། རཱ་ཛ་བྷྱཿ། རཱ་ཛྙཿ། རཱ་ཛ་བྷྱཱམ། རཱ་ཛ་བྷྱཿ། རཱ་ཛྙཿ།
རཱ་ཛྙཿ། རཱ་ཛྙཱ། ཨི་དང་དི་དག་ལ་ཡང་ནའོ་ཞེས་རྣམ་པར་བརྟག་པས་ཨ་ཡིག་དབྱི་བའོ། །རཱ་ཛྙི། རཱ་ཛ་ནི། རཱ་ཛྙོཿ། རཱ་ཛ་སུ། ཀུན་དུ་བོད་པ་ལ། ཧེ་རཱ་ཛན། ཧེ་རཱ་ཛི་ནཽ། ཧེ་རཱ་ཛ་ནཿ། དེ་བཞིན་དུ། མཱརྡྷན། མཛྫན། ཨུཀྵན། གྲཱ་ཁན། བྲྀཀྐན། ཏཀྵན། པ་ཏྲྀ་མན། ལགྷི་མན། མ་ཧི་མན།
Vol. 196 · folio 10b
ཏན་མིན་ལ་སོགས་པ་རྣམས་སོ། །ཡུ་ཝན་གྱི་སྒྲ་ནི་ཨཱཏྨའི་སྒྲ་དང་འདྲ་སྟེ། ཡུ་ཝཱ། ཡུ་ཝཱན་ནཽ། ཡུ་ཝ་ནཿ། ཡུ་ཝ་ནཾ། ཡུ་ཝཱ་ནཽ། གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ཅན་ལ་ནི། ཤྭན། ཡུ་ཝན། མ་གྷ་ཝན་རྣམས་ཀྱི་འང་ངོ་ཞེས་པས་ཝ་སྒྲའི་ཨུ་ཉིད་དོ། །རིང་པོ་དང་ཕ་རོལ་དབྱི་བ་དག་གོ། །
ཡུ་ནཿ། ཡུ་ནཱ། ཡུ་ཝ་བྷྱཱམ། ཡུ་ཝ་བྷིཿ། ཡུ་ནེ། ཡུ་ཝ་བྷྱཾ། ཡུ་ཝ་བྷྱཿ། ཡུ་ནཿ། ཡུ་ནཿ། ཡུ་ཝ་བྷྱཿ། ཡུ་ནཿ། ཡུ་ནོ། ཡུ་ནཾ། ཡུ་ནི། ཡུ་ནོཿ། ཡུ་ཝ་སུ། ཀུན་དུ་བོད་པ་ལ་ནི། ཧེ་ཡུ་ཝན། ཧེ་ཡུ་ཝཱ་ནཽ། ཧེ་ཡུ་ཝཱ་ནཿ། བུད་མེད་ལ་ཡུ་ཝན་ལས་ཏིའོ་ཞེས་པས་ཏིའི་རྐྱེན་ནོ། །རྟགས་
མཐའི་ན་ཡིག་གོ་ཞེས་པས་ན་དབྱིའོ། །ཡུ་ཝ་ཏི་ནི་མ་ཏིའི་སྒྲ་དང་འདྲ་སྟེ། འདི་ལས་ཀྱང་ཀྟི་མ་གཏོགས་པ་ལས་ཨ་ཏི་ཡང་ནའོ་ཞེས་པས་ན་ད་ལ་སོགས་པ་ཉིད་ཀྱི་ཕྱིར་ཨི་རྣམ་པར་བརྟག་པའོ། །ཡུ་ཝ་ཏཱི་ནི་ན་དཱིའི་སྒྲ་དང་འདྲའོ། །ཤྭནའི་སྒྲ་ནི་ཡུ་ཝནའི་སྒྲ་དང་འདྲ་སྟེ། ཤྭཱ། ཤྭཱ་ནོ། ཤྭཱནཿ།
ཤྭཱ་ནཾ། ཤྭཱ་ནཽ། གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ཅན་ལ་སྔ་མ་བཞིན་ཨུ་ཉིད་དེ། རིང་པོ་དང་ཕྱི་མ་དབྱི་བ་དག་མེད་དོ་ཞེས་པ་ཁྱད་པར་རོ། །ཤུ་ནཿ། ཤུ་ནཱ་ཞེས་པ་ལ་སོགས་པའོ། །བུད་མེད་ལ་ན་ད་ལ་སོགས་པ་ཉིད་ཀྱི་ཕྱིར་ཨཱི་སྟེ། ཤུ་ནཱིའོ། །ན་དཱི་དང་འདྲའོ། །དེ་བཞིན་དུ། མ་གྷ་ཝཱ།
མ་གྷ་ཝ་ནཽ། མ་གྷ་ཝཱ་ནཿ། མ་གྷ་ཝ་ནཾ། མ་གྷ་ཝཱ་ནཽ། །གྷུ་ཊ་མ་ཡིན་དབྱངས་དང་པོ་ཅན་ལ་ཨུ་ཉིད་དུ་བྱས་པ་ན། ཨུའི་ཡི་གེ་ལ་ཨོའོ་ཞེས་པ་ཨོ་ཉིད་དེ་ཕ་རོལ་དབྱིའོ་ཞེས་པ་ཁྱད་པར་རོ། །མ་གྷོ་ནཿ། མ་གྷོ་ནཱ། ཕྱོགས་གཅིག་ལ་ནི་སི་ལའང་མ་གྷ་ཝན་ནི་མ་གྷ་ཝནྟུ་ཡང་ནའོ་ཞེས་པ་མ་གྷ་
ཝནའི་སྒྲའི་མ་གྷ་ཝནྟུའོ། །ཨུ་ཡིག་ནི་ཨནྟུ་དང་ཨས་མཐའི་འང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཁོ་ནས་རིང་པོའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །བརྩེགས་པའི་མཐའི་དབྱིའོ་ཞེས་པས་མཐའ་དབྱིའོ། །ན་དང་བརྩེགས་པའི་མཐའ་དག་ནི་
ཆོ་ག་སྔ་མ་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པས་ན་དབྱི་བ་མེད་དོ། །མ་གྷ་ཝཱན། མ་གྷ་ཝཱནྟཽ། མ་གྷ་ཝནྟཿ། མ་གྷ་ཝནྟཾ། མ་གྷ་ཝནྟཽ། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨི་ཏ་མ་ཡིན་པའི་འོ་ཞེས་པས་ཨ་ནུ་ཥ་གའི་ན་ཡིག་དབྱི་བར་འགྱུར་རོ། །གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ལའོ། །
Vol. 196 · folio 11a
མ་གྷ་ཝ་ཏཿ། མ་གྷ་ཝ་ཏཱ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ཏ་ཡིག་གི་ད་ཉིད་དོ། །མ་གྷ་ཝདྦྷྱཱམ། མ་གྷ་ཝདྦྷྲིཿཞེས་པ་ལ་སོགས་པའོ། །བུད་མེད་ལ་མ་གྷ་ཝ་ཏཱི་སྟེ། ནད་ལ་སོགས་པ་ཉིད་ཀྱི་ཕྱིར་ཨཱིའོ། །ཨཪྺ་ནའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སི་ལ་
ཡུ་ཝནའི་སྒྲ་དང་འདྲའོ། །ཨཪྺཱ། ནཉ་མེད་པའི་ཨཪྺན་ནི་སི་མ་ཡིན་པ་ལ་ཨཪྺནྟིའོ་ཞེས་པས་ཨཪྺན་ནི་མ་ཡིན་པའི་རྐྱེན་ལ་ཨཪྺནྟི་རུ་འགྱུར་ཏེ། གལ་ཏེ་ནཉ་མེད་ནའོ། །དེ་ནས་མ་གྷ་ཝན་དང་འདྲའོ། །ཨཪྺནྟཽ། ཨཪྺནྟཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་ཨཪྺནྟཱིའོ། །བཤད་པ་མཛད་པས་
ནི་བཤད་པ་ལ་མ་གྷ་ཝནྟུ་དང་ཨཪྺནའི་སྒྲ་དག་གི་མགྷ་ཝནྟུ་དང་ཨཪྺནྟི་དག་མི་འདོད་དེ་སྡེབ་སྦྱོར་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་བཤད་པ་ཨཪྺན། ཎ་སྟྲྀན་དང་། མ་གྷོ་ནའི་འང་བ་སླབ་པར་བྱ་བ་མིན་ཏེ། དེ་ནི་སྡེབ་སྦྱོར་ཅན་ཡིན་པས་སོ། །མ་ཏུ་ས་དང་ཤ་ཏྲྀ་དག་གིས་སྒྲུབ་པ་བཞིན་དུ་
སྡེབ་སྦྱོར་ལ་སྟེ། གཉི་ག་བསྟན་པའི་ཕྱིར་རོ་ཞེས་པའོ། །འོ་ན་ཤླ་ཐི་ཀྲྀཏ་པྲ་གྲ་ཧ་མརྦ་ཏཱཾ་བྲཛཱཿ། མ་གྷ་བད་བཛྲ་མཛྫ་ནི་ད་ནཾ། ཞེས་པ་ཅི་ལྟར་ཞེ་ན། སྡེབ་སྦྱོར་ཅན་རྣམས་ཀྱང་སྙན་དངགས་མཁན་རྣམས་མིང་གི་སྒྲ་ཉིད་ཀྱི་ཕྱིར་སྐད་ལ་སྦྱོར་ཏེ། དཔེར་ན། ཏུ་ར་ཡ་ཏྲྀ་ལ་སོགས་པ་རྣམས་བཞིན་ནོ། །
དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་བཤད་པར་མ་གྷ་ཝནྟུ་དང་། ཨཪྺནྟི་དག་སྒྲུབ་པའི་མདོ་གཉིས་མཛད་དོ། །པནྠིའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །པནྠི་དང་མནྠི་དང་རི་བྷུཀྵི་རྣམས་ཀྱི་སི་ལའོ་ཞེས་པས་ཨི་ཡིག་གི་ཨཱ་ཡིག་གོ། །སིའི་རྣམ་པར་གཅད་བྱའོ། །པནྠཱཿ། གྷུཊ་ལ་ཨན་མཐའོ་
ཞེས་པས་གྷུཊ་ཕ་རོལ་ལ་མཐའ་ཨན་དུ་འགྱུར་རོ། །གྷུ་ཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་ཨུ་པ་དྷཱ་རིང་པོ་ཉིད་དོ། །པནྠཱ་ནཽ། པནྠ་ནཿ། པནྠཱ་ནཾཿ། པནྠཱ་ནཽ། །གྷུ་ཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་པས་གྷུ་ཊ་མ་ཡིན་པའི་དབྱངས་ཕ་རོལ་ལ་མཐའ་དབྱིའོ། །གསལ་བྱེད་ལའང་འདི་རྣམས་
ཀྱི་ནིའོ་ཞེས་པས་གྷུ་ཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་ན་དབྱི་བར་བྱའོ། །པ་ཐཿ། པ་ཐཱ། པ་ཐི་བྷྱཱཾ། པ་ཐི་བྷིཿ། པ་ཐེ། པ་ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་ཐོཿ། པ་ཐཱཾ། པ་ཐི། པ་ཐོཿ། པ་ཐི་ཥུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་ལཱང་ངོ་ཞེས་པ་འདི་ལས་
Vol. 196 · folio 11b
ཕ་རོལ་ཉིད་ཀྱི་ཕྱིར་ཨཱ་ཉིད་ཁོ་ནའོ། །ཧེ་པནྠཱཿ། ཧེ་པནྠཱ་ནཽ། ཧེ་པནྠཱ་ནཿ། དེ་བཞིན་དུ་མནྠི་དང་། རྀ་བྷུ་ཀྵིའོ། །འོ་ན་འདི་རྣམས་ཨིཏ་མཐའ་སྟེ། དེའི་ཕྱིར་ན་མཐའི་སྐབས་སུ་དཔེར་རྗོད་པ་ཇི་ལྟར་ཞེ་ན། བདེན་ཏེ་ཁ་ཅིག་འདི་རྣམས་ན་མཐའ་རུ་འདོད་དོ། །དེ་སྐད་དུ་འགྲེལ་བཤད་ནི་ཁ་ཅིག་པནྠིན་
མནྠིན་རི་བྷུ་ཀྵིན་ཞེས་ན་མཐའ་ཅན་གྱི་རང་བཞིན་འཛིན་པར་བྱེད་དོ། །ཨ་ནནྟ་གྷུ་ཊའོ་ཞེས་འདིར་མཐའ་མ་ཡིན་པ་ནི་ཨ་ནནྟའོ་ཞེས་མ་ཡིན་པར་དགག་པ་ལས་མཐའ་དང་ཉེ་བའི་ཨ་ཡིག་ཏུ་འགྱུར་རོ། །གྷུ་ཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་པ་འདིར་ཡང་མཐའ་མ་ཡིན་པ་ཁོ་ནའི་ཡི་གེ་དབྱི་བར་འགྱུར་
རོ་ཞེས་སོ། །འདི་རྣམས་སྨོས་པའི་ཤུགས་ལས་གསལ་བྱེད་ལའང་འདི་རྣམས་ཀྱི་མཐའ་མ་ཡིན་པ་རྣམས་ཀྱི་ཡང་ན་ཡིག་དབྱི་བར་འགྱུར་རོ་ཞེས་སོ། །ན་མཐའི་འང་མ་ནིང་གི་ཀུན་དུ་བོད་པ་ལ་ཡང་ལཾའོ། །དེ་སྐད་དུའང་ཊཱི་ཀཱར་ནི་ན་མཐའི་ཕྱོགས་ལ་ནི་མ་ནིང་གི་ཀུན་དུ་བོད་པ་ལ་ན་ཡིག་གནས་པར་
ཡང་འགྱུར་རོ། །སུ་དང་ཨ་ཏི་དག་གི་སྦྱོར་བ་ལ་ཨ་ཏའི་མཐའ་ཅན་མེད་དེ། ཧེ་སུཔ་ཐིན་ཀུ་ལ་ཞེས་སོ། །ཕྱོགས་དང་པོ་ལ་ནི། ཧེ་སུ་པ་ཐི་ཀུ་ལ་ཞེས་རྟག་ཏུ་དེ་ལ་བརྗོད་པར་འགྱུར་བ་མ་ཡིན་པ་ཁོ་ནའོ་ཞེས་པའོ། །དེས་ན་ན་མཐའི་སྐབས་སུ་དཔེར་བརྗོད་པར་བྱའི་ཨི་ཏའི་མཐའ་ཅན་མ་ཡིན་ཏེ།
གཟུགས་ཐ་དད་པའི་ཕྱིར་སྐྱོན་མེད་དོ་ཞེས་པའོ། །པུ་ཥནའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ཨིན་དང་ཧན་དང་པུ་ཥན་དང་ཨཪྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པའི་ངེས་པ་ལས། སཾ་བུདྡྷི་མ་ཡིན་པའི་སི་ལ་རིང་པོ་ཉིད་དོ། །པཱུ་ཥ། པཱུ་ཥ་ནཽ། པཱུ་ཥ་ཎཿ། པཱུ་ཥ་ཎཾ། པཱུ་ཥ་ཎཽ། ཝ་མ་སྦྱོར་
བ་མ་ཡིན་པ་ལས་ཞེས་པ་ལ་སོགས་པས་ཨ་དབྱི་བ་བྱས་པ་ན་ར་དང་ཥ་དང་རྀའི་ཡི་གེ་ཞེས་པ་ལ་སོགས་པས་ཎ་ཉིད་དོ། །པཱུཥྞཿ། པཱུ་ཎཱ། པཱུ་ཥ་བྷྱཱཾ། པཱུཥ་བྷིཿ། པུཥྞེ། པཱུ་ཥ་བྷྱཱམ། པཱུ་ཥ་བྷྱཿ། པཱུཥྞཿ། པཱུ་ཥ་བྷྱཱམ། པཱུ་ཥ་བྷྱཿ། པཱུ་ཥྞཿ། པཱུཥྞོཿ། པཱུཥྞཱཾ། ཨི་དང་ངི་དག་ལ་ཡང་ནའོ་
ཞེས་པས་ཨ་ཡིག་ཡང་ན་དབྱི་བར་འགྱུར་རོ། །པཱུ་ཥྜི། པཱུ་ཥ་ཎི། པཱུ་ཥྞོཿ། པཱུ་ཥ་སུ། ཀུན་དུ་བོད་པ་ལ། ཧེ་པཱུ་ཥ་ན། དེ་བཞིན་དུ་ཨཪྻ་མནའི་སྒྲའོ། །ཚངས་པ་བཅོམ་མོ་ཞེས་པས་ཀྭི་པ་སྟེ། བྲཧྨན་དང་བྷྲུཎ་དང་བྲྀ་ཏྲ་རྣམས་ལ་ཞེས་པས་ཧནྟི་ལས་ཀྭི་པའོ། །ཉེ་བའི་ཚིག་དང་ཚིག་
Vol. 196 · folio 12a
སྡུད་དེ་རྟགས་ཀྱི་མིང་ཅན་ནོ། །སི་ལ་སོགས་པ་རྣམས་སོ། །གྷུ་ཊ་ལས་སྔ་མ་བཞིན་ཏེ། བྲཧྨ་ཧཱ། བྲཧྨ་ཧ་ནཽ། བྲ་ཧྨ་ཧ་ཎཿ། བྲ་ཧྨ་ཧ་ཎཾ། བྲ་ཧྨ་ཧ་ཎོ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཅན་ལ་ཨ་ཡི་གེ་དབྱིབ་བྱས་པ་ན། ཏ་ནིའི་ཧི་གྷི་སྟེ་ཨུ་པ་དྷཱ་ཕྱིས་པ་ནའོ་ཞེས་
པས་ཧ་ཡིག་གི་གྷ་ཉིད་དོ། །ཡང་སྨོས་པ་ལས་ཧ་བསྒྱུར་བའི་གྷས་ཀྱང་བར་ཆོད་པ་ན། ན་ཎ་ཉིད་དུ་འགྱུར་བ་མ་ཡིན་ནོ། །བྲཧྨ་གྷྣཿ། བྲཧྨ་གྷྣཱཿ། ཏའི་མཐའ་ཅན་དུ་བྱ་བ་ལ་ན་དབྱི་བ་མ་གྲུབ་སྟེ། ཕྱིའི་ཡན་ལག་དང་ནང་གི་ཡན་ལག་གི་རིགས་པ་ལས་མ་གྲུབ་པ་ནི་མ་ཕྱིས་པ་བཞིན་ནོ། །
བྲཧྨ་ཧ་བྷྱཱམ། བྲ་ཧྨ་ཧ་བྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བྷྲུ་ཎ་ཧན། བྲྀ་ཏྲ་ཧན་ལ་སོགས་པ་རྣམས་སོ། །ཤ་ཤི་ནའི་སྒྲའི་ཨིན་དང་ཧན་དང་པཱུ་ཥ་ན་དང་ཨཪྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པས་སི་ཁོ་ན་རིང་པོའོ། །སི་དབྱི་བ་དང་ན་དབྱི་བ་དག་སྔ་མ་བཞིན་ནོ། །ཤ་ཤཱི། ཤ་ཤི་ནཽ།
ཤ་ཤི་ནཿ། ཤ་ཤི་ནཾ། ཤ་ཤི་ནཽ། ཤ་ཤི་ནཿ། ཤ་ཤི་ནཱ། ཤ་ཤི་བྷྱཱམ། ཤ་ཤི་བྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཤ་ཤི་ན། ཧེ་ཤ་ཤི་ནཽ། ཧེ་ཤ་ཤི་ནཿ། དེ་བཞིན་དུ་ཙནྡྲ་གོ་མིན། གོ་མིན། ཀ་བརྟིན། ཤཱུ་ལིན། སྭ་མིན། ཤཱཾ་གིན། མུ་ཤ་ལིན། ཀ་རིན། ཀེ་ཤ་རིན།
ལཾ་ག་ལིན། ཧ་ལིན། ཧསྟིན་ལ་སོགས་པ་རྣམས་སོ། །པ་སྡེའི་མཐའ་ཅན་དང་མཐར་གནས་ཀྱི་མཐའ་ཅན་རབ་ཏུ་གྲུབ་པ་མེད་དོ། །ཤ་མཐའ་ཅན་ལས་བི་ཤའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ཧ་དང་ཤ་དང་ཥ་དང་ཚ་མཐའ་དང་ཡཛ་ལ་སོགས་པ་རྣམས་ཀྱིས་ཌའོ་ཞེས་པས་རྫོགས་པ་
དང་གསལ་བྱེད་དང་པོ་ཅན་ལ་ཤ་ཡིག་ཌ་ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །བི་ཊ། བིཌ། བི་ཤཽ། བི་ཤཿ། བི་ཤཾ། བི་ཤཽ། བི་ཤཿ། བི་ཤཱ། བིཌྦྷྱཱམ། བིཌྦྷིཿཞེས་པ་ལ་སོགས་པའོ། །དྭི་ཥའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སྔ་
མ་བཞིན་དུཌ་ཉིད་ལ་སོགས་པའོ། །དྭིཊ། དྭིཌ། དྭིཥཽ། དྭི་ཥཿ། དྭི་ཥཾ། དྭི་ཥཽ། དྭི་ཥཿ། དྭི་ཥཱ། དྭི་ཌྦྷྱཱམ། དྭི་ཌྦྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་དྭི་ཌ། ཧེ་དྭི་ཥཽ། ཧེ་དྭི་ཥཿདེ་བཞིན་དུ་ཥ་མཐའ་ཅན་གཞན་རྣམས་ཀྱང་ངོ་། །ས་མཐའ་ཅན་བཻ་དྷསའི་སྒྲ་སྟེ་ས་ལ་སོགས་པ་རྣམས་
Vol. 196 · folio 12b
སོ། །ཨནྟུ་དང་ཨས་མཐའི་བྱིངས་མ་ཡིན་པའི་འང་སི་ལའོ་ཞེས་པས་ཨ་པ་དྷཱ་རིང་པོའོ། །གསལ་བྱེད་ལས་ཀྱང་ཀྱང་ངོ་ཞེས་པས་སི་དབྱིའོ། །རྫོགས་པ་དང་གསལ་བྱེད་དག་ལས་ཡིག་གི་རྣམ་པར་གཅད་བྱའོ། །བེ་དྷཿ། བེ་དྷ་སཽ། བེ་དྷ་སཿ། བེ་དྷ་སཾ། བེ་དྷ་སཽ། བེ་དྷ་སཿ། བེ་དྷ་སཱ། རྣམ་པར་གཅད་
བྱར་བྱས་པ་ན། ཨ་དང་སྒྲ་ལྡན་དག་གིའང་ངོ་ཞེས་པས་རྣམ་པར་གཅད་བྱ་ཨུ་ཉིད་དོ། །ཨུའི་ཡི་གེ་ལ་ཨཽའོ། །ཕ་རོལ་ཡང་དབྱིའོ། །བེ་དྷོ་བྷྱཱམ། བེ་དྷ་བྷིཿ། བེ་དྷ་སེ། བེ་དྷོ་བྷྱཱམ། བེ་དྷོ་བྷྱཿ། བེ་དྷ་སཿ། བེེ་དྷ་སོཿ། བེ་དྷ་སཱཾ། བི་དྷ་སི། བེ་དྷ་སོཿརྣམ་པར་གཅད་
བྱ་ནི་ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པས་རྣམ་པར་བརྟག་པས་ས་ཡིག་གོ། །བི་དྷསྶུ། བེ་དྷཿསུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་མ་ཡིན་པ་ཞེས་པའི་སྤྱིར་བཏང་ལས། སཾ་བུདྡྷི་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །ཧེ་བེ་དྷཿ། ཧེ་བྷེ་དྷ་སཽ། ཧེ་བེ་དྷ་སཿ། དེ་བཞིན་དུ། ཙནྡྲ་མས། པྲ་ཙེ་
ཏས། ཨེ་དྷས། ཨུ་ཙྩེས། ཤྲ་ཝས། བྲི་དྷ་ཤ །ཝས། ཙཀྵུས། ཤྲ་ཝས། ཛཱ་ཏ་བེ་ངས། བུ་རུ་ར་ཝ་ས། ད་མུ་ནས། པུ་རོ་དྷས་ལ་སོགས་པ་རྣམས་སོ། །ཨུ་ཤ་ནསའི་སྒྲའི་ནི། དང་པོའི་གཅིག་གི་ཚིག་ལ་ཁྱད་པར་ཏེ། ཨུ་ཤ་ནས་དང་པུ་རུ་དཾ་ཤས་དང་ཨ་ནེ་ཧས་རྣམས་ཀྱི་སི་ལ་ཨན་མཐའོ་
ཞེས་པས་མཐའ་ཨན་དུ་བསྒྱུར་བའོ། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོའོ། །སི་དབྱི་བ་དང་ན་དབྱི་བ་དག་སྔ་མ་བཞིན་ནོ། །ཨུ་ཤ་ནཱ། ཨ་ཤ་ན་སཽ། ཨུ་ཤ་ན་སཿ། ཨུ་ཤ་ན་སཾ་ཞེས་པ་ལ་སོགས་པའོ། །སཾ་བུདྡྷི་ལའང་ཕྱོགས་གཅིག་ལ་ཨན་དུ་འགྱུར་ཏེ། ན་ཉས་བསྟན་པ་ནི་
རྟག་ཏུ་མ་ཡིན་ནོ་ཞེས་པའི་རིགས་པ་ལས་སོ། །དེ་ལྟར་ནི་ན་ཡིག་གི་འང་ཕྱོགས་གཅིག་ལ་དབྱི་བ་སྟེ། སཾ་བུདྡྷི་ལ་མ་ཡིན་ནོ་ཞེས་པ་འདིར་ཡང་ན་ཉས་བསྟན་པ་ཡོད་པ་ཉིད་ཀྱི་ཕྱིར་རྟག་ཏུ་མ་ཡིན་པ་ཉིད་ཁོ་ནའོ། །དེས་ན་ས་མཐའ་དང་ན་མཐའ་དང་ཨཏ་མཐའོ་ཞེས་པ་གཟུགས་གསུམ་དུ་འགྲུབ་
བོ། །ཧེ་ཨུ་ཤ་ནཿ། ཧེ་ཨུ་ཤ་ནཾ། ཧེ་ཨུ་ཤ་ན། གང་གསུངས་པ། ཀུན་དུ་བོད་པ་ལ་ནི་ཨུ་ཤ་ན་སའི་གཟུགས་གསུམ་སྟེ། ས་མཐའ་དང་། དེ་བཞིན་དུ་ན་མཐའ་དང་། དེ་བཞིན་དུ་ཨཏ་མཐའོ་ཞེས་སོ། །མཱ་དྷྱ་ན་དི་ན་རི་བྲྀཥྚི་གྷུ་ནཾ་ཏྲི་གྷུ་ནཾ་ཏྭི་གནྟེན་བུན་ས་ཀེ་བྱཱགྲ་པ་དཱ་མ་ཝ་རིཥྚཿ། དེ་བཞིན་དུ།
Vol. 196 · folio 13a
པུ་རུ་དཾ་ཤད་ཨ་ནེ་ཧསའོ། །ཀུན་དུ་བོད་པ་ལ་ནི། འདི་དག་གི་གཟུགས། བ་དས་སའི་སྒྲ་དང་འདྲའོ། །ཧེ་པུ་རུ་དཾ་ཤཿ། ཧེ་ཨ་ནེ་ཧཿ། པུ་མནྶའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ས་མཐའ་དང་མ་ཧནྟ་དག་གིས་ནའི་ཨུ་པ་དྷཱའིའོ་ཞེས་པས་ན་ཡིག་གི་ཨུ་པ་དྷྭའི་
གྷུཊ་ཕ་རོལ་ལ་རིང་པོ་ཉིད་དོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །བརྩེགས་པའི་མཐའི་དབྱིའོ། །སི་ལས་གཞན་ལ་མན་དག་གི་དྷུ་ཌ་ལ་རྗེས་སུ་ང་རོའོ་ཞེས་པས་ན་ཡིག་གི་རྗེས་སུ་ང་རོའོ། །པུ་མཱཾ། པུ་མཱཾ་སཽ། པུ་མཱཾ་སཿ། པཱུ་མཱཾ་སཾ། པཱུ་མཱཾ་སཽ། པུམནྶའི་ཨཎའི་སྒྲ་དབྱིའོ་ཞེས་པས་གྷུཊ་
མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་ཨནའི་སྒྲ་དབྱིའོ། །པཱུཾ་སཿ། པཱུ་སཱ། སི་ལ་སོགས་པའི་དྷུཊ་ཚིག་གི་མཐའ་བཞིན་ནོ་ཞེས་ངལ་སོ་བརྗོད་པའི་ཕྱིར། མ་གསལ་བྱེད་ལ་རྗེས་སུ་ང་རོའོ་ཞེས་པས་མ་ཡིག་གི་རྗེས་སུ་ང་རོའོ། །དེའང་སྡེ་པ་ལ་དེའི་སྡེ་པའི་ལྔ་པ་ཡང་ནའོ་ཞེས་པས་ཕྱོགས་
གཅིག་ལ་མ་ཡིག་གོ། །པཱུཾ་བྷྱཱཾ། པཱུམྦྷྱཱཾ། པཱུཾ་བྷིཿ། པུམྥིཿ། པུཾ་སེ། པུཾ་བྷྱཱཾ། པུམྦྷྱཾ། པུཾ་བྷྱཿ། པུཾ་བྷྱཿ། པུཾ་སཿ། པུཾ་བྷྱཱཾ། པུཾ་བྷྱཱམ། པུཾ་བྷྱཿ། པུམྦྷྱཿ། པུཾ་སཿ། པུཾ་སོཿ། པུཾ་སཱཾ། པུཾ་སི། པུཾ་སོཿ། པུཾ་སུ། ཀུན་དུ་བོད་པ་ལ། ཧེ་པུ་མན། ཧེ་པུ་མཾ་སཽ། ཧེ་པུ་མཾ་སཿ། ཧ་མཐའ་ཅན་
བརྗོད་པར་བྱ་སྟེ། ཨ་ནོ་བཧ་ཏི་ཞེས་ཨ་ནས་ལཌ་འང་ངོ་ཞེས་པས་ཨ་ནས་ཉེ་བའི་ཚིག་ལ་བཧ་ལས་ཝིན་འགྱུར་རོ། །ཨ་ནསའི་འང་ཌ་རུ་འགྱུར་རོ། །ཎ་ཡིག་ནི་གྲུབ་པ་ཎ་དང་ཉ་རྗེས་སུ་འབྲེལ་པ་ལ་ཨི་ཙ་བཞིན་དུའོ་ཞེས་པའི་ཁྱད་པར་གྱི་དོན་ཏེ། བྱ་བ་བསྒྲེ་བའི་དོན་ཅན་ཉིད་ཀྱི་ཕྱིར་འདི་ཉིད་ཁོ་ནས་
ཨུ་པ་དྷཱའི་རིང་པོའོ། །ཝི་དབྱི་བ་སྔ་མ་བཞིན་ནོ། །ཨ་ན་ཌྭཱ་ཧའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སི་ལ་ནུའོ་ཞེས་པས་སི་ལ་ནུ་ཨཱ་ག་མའོ། །སི་དབྱི་བ་དང་བརྩེགས་པའི་མཐའ་དབྱི་བ་དག་གོ། །ཨ་ན་ཌྭཱན། ཨ་ན་ཌཱ་ཧཽ། ཨ་ན་ཌཱ་ཧཱ། ཨ་ན་ཌྭཱ་ཧཾ། ན་དྭཱ་ཧཽ། ཨ་ན་ཌྭཱཧའི་འང་ངོ་ཞེས་པས་གྷུཊ་མ་ཡིན་
པའི་དབྱངས་དང་གསལ་བྱེད་དག་ལ་ཝཱ་སྒྲའི་ཨུ་ཉིད་དོ། །ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧཱ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨན་ཌྭཱཧ་ཝན་སི་རྣམས་ཀྱི་འང་ངོ་ཞེས་པས་ཧའི་ད་ཉིད་དོ། །ཨ་ན་ཌུདྦྷྱཱམ། ཨ་ན་ཌུདྦྷིཿ། ཨ་ན་ཌུ་ཧེ། ཨ་ན་ཌུདྦྷྱཱཾ། ཨན་ཌུདྦྷྱཿ། ཨན་ཌུ་ཧཿ། ཨན་ཌུདྦྷྱཱཾ། ཨ་ན་ཌུདྦྷྱཿ།
Vol. 196 · folio 13b
ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧོཿ། ཨ་ན་ཌུ་ཧཱཾ། ཨ་ན་ཌུ་ཧི། ཨ་ན་ཌུ་ཧོཿ། ང་ཡིག་གི་ཏ་ཉིད་དང་ཐ་ཉིད་དོ། །ཨ་ན་ཌུདྶུ། ཨ་ན་ཌུཐྶུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་ལ་གཉིས་དག་གི་ཐུང་ངུའོ་ཞེས་པ་ཐུང་ངུ་ཉིད་དོ། །ཧེ་ཨ་ན་ཌྭན། ཧེ་ཨ་ན་ཌྭ་ཧཽ། ཧེ་ཨན་ཌྭཱ་ཧཱཿ། བུད་མེད་ལ་ཨ་ན་ཌུ་ཧཱི། གང་རྣམས་ལ་ཨ་ན་ཌ་ཧའིའང་
ངོ་ཞེས་པ་འདིར་རྟགས་སྨོས་པ་ན་རྟགས་ཀྱི་ཁྱད་པར་ཡང་འཛིན་ནོ་ཞེས་པའི་རིགས་པ་ལ་གུས་པར་མི་བྱེད་པ་དེའི་ལུགས་ལ་ཨ་ན་ཌྭཱ་ཧི། སྦྲང་རྩི་ཟའོ་ཞེས་པས་མ་དྷུ་ལ་ཧི་ལ་ཀྭི་པའང་ཞེས་པས་ཀྭི་པའོ། །ཉེ་བའི་ཚིག་དང་ཚིག་སྡུད་དོ། །རྟགས་ཀྱི་མིང་ཅན་ཏེ་སི་ལ་སོགས་པ་རྣམས་སོ། །ཧ་དང་ཤ་དང་
ཥ་དང་ཚ་མཐའ་དང་ཡ་ཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་པས་ཌ་ཉིད་དོ། །རྫོགས་པ་ལ་ཡང་ནའོ། །མ་དྷུ་ལི་ཊ། མ་དྷུ་ལི་ཌ། མ་དྷུ་ལི་ཧཽ། མ་དྷུ་ལི་ཧཿ། མ་དྷུ་ལི་ཧཾ། མ་དྷུ་ལི་ཧཽ། མ་དྷུ་ལི་ཧཿ། མ་དྷུ་ལི་ཧཱ། མ་དྷུ་ལིཌྦྷྱཱཾ། མ་དྷུ་ལིཌྦྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཤི་རོ་རུ་ཧ།
བྷུ་རུ་ཧ། ཏུ་ར་སཱ་ཧ། པུཥྤ་ལིཧ་ལ་སོགས་པ་རྣམས་སོ། །ཏུ་ར་སཱ་ཧའི་སྒྲའི་ནི་སཱ་ཧའི་ས་ཧ་ཞེས་པ་དང་། རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་ཥ་ཉིད་ཁྱད་པར་རོ། །མི་ཏྲ་དྲུ་ཧ་ཞས་ཀྭི་པའི་མཐའ་ཅན་འདིའི་རྫོགས་པ་དང་གསལ་བྱེད་དང་པོ་ཅན་ལ། བྱིངས་ཧ་དང་བཞི་པ་མཐའ་ཅན་གསུམ་པ་
དང་པོ་ཅན་གྱི་དང་པོ་བཞི་པ་ཉིད་དེ་མ་བྱས་པ་དང་འདྲའོ་ཞེས་པས་དང་པོ་བཞི་པ་ཉིད་ལ། མུ་ཧ་ལ་སོགས་པ་རྣམས་ཀྱི་ཡང་ནའོ་ཞེས་པའི་ཕྱོགས་ལ་ག་ཉིད་དོ། །ག་ཉིད་མེད་པའི་ཕྱོགས་ལ་ནི་སྔ་མ་བཞིན་དུ་ཌ་ཉིད་དོ། །རྫོགས་པ་ལ་ནི། རྫོགས་པ་ལ་ཡང་ནའོ་ཞེས་པས་གཉིས་ཀ་ལ་དང་པོ་
དང་གསུམ་པ་དག་གོ། །མི་ཏྲ་དྷྲུཀ །མི་ཏྲ་དྷྲུག །མི་ཏྲ་དྷྲུཊ། མི་ཏྲ་དྷྲུཌ། མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། མི་ཏྲ་དྲུ་ཧཾ། མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། མི་ཏྲ་དྲུ་ཧཱ། མི་ཏྲ་དྷྲུཌྦྷྱཱམ། མི་ཏྲ་དྷྲུགྦྷྱཱཾ། མི་ཏྲ་དྷྲུཌྦྷིཿ། མི་ཏྲ་དྷྲུགྦྷིཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་པུ་ར་དྲུ་ཧ་ལ་སོགས་པ་རྣམས་སོ། །
ཀྵ་ཡིག་གི་མཐའ་ཅན་ཀཱཥྛ་ཏཀྵའི་སྒྲ་སྟེ། ཤིང་འཇོག་པར་བྱེད་དོ་ཞེས་པས་ཏཀྵི་ལས་ཀྭི་པ་ལ་སོགས་པའོ། །སི་ལ་སོགས་པ་རྣམས་སོ། །སི་དབྱིའོ། །བརྩེགས་པ་དང་པོའི་དྷུཊའིའོ་ཞེས་པས་ཀ་ཡིག་དབྱིའོ། །རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་ནི་ཥ་ཡིག་གི་སྔ་མ་བཞིན་དུ་ཌ་ཡིག་
Vol. 196 · folio 14a
གོ། །རྫོགས་པ་ལ་ཡང་ནའོ། །ཀཱཥྛ་ཏཊ། ཀཱཥྛ་ཏཌ། ཀཱཥྛ་ཏཀྵཽ། ཀཥྛ་ཏཀྵཿ། ཀཱཥྛ་ཏཀྵཾ། ཀཱཥྛ་ཏཀྵཽ། ཀྵཥྛ་ཏཀྵཿ། ཀཱཥྛ་ཏཀྵཱ། སྔ་མ་བཞིན་དུ་ཀ་དབྱི་བ་དང་ཌ་ཉིད་དོ། །ཀཱཥྛ་ཏཌྦྷྱཱཾ། ཀཱཥྛ་ཏཌྦྷིཿཞེས་པ་ལ་སོགས་པའོ། །སྐྱེས་པ་ལ་དབྱངས་ཀྱི་མཐའ་ཅན་དང་
གསལ་བྱེད་ཀྱི་མཐའ་ཅན་རྣམས་ཀྱང་ཁྱད་པར་དང་བཅས་པ་བརྗོད་ཟིན་ཏོ། །སྐྱེས་པའི་རྟགས་ཀྱི་སྐབས་ཏེ་དང་པོའོ།། །།ད་ནི་མ་ནིང་གི་རྟགས་ཅན་རྣམས་བརྗོད་པར་བྱའོ། །ཝ་ན་དང་། ཝ་རི་དང་། ཨསྠི་དང་། ཝ་ཏུ་རྣམས་དང་། པི་པད་དང་། སཱ་མང་དང་། ཨ་ཧན་དང་། དེ་བཞིན་དུ་
ཀརྨན་དང་། སརྤིཥི་དང་། ཝ་པུཥ་དང་། ཙེ་ཏས་ཏེ། འདི་རྣམས་མ་ནིང་དུ་བརྗོད་དོ། །ཝ་ནའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །མ་ནིང་ལས་སི་ཨཾ་དག་གི་དབྱི་བ་སྟེ། དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལས། ཨ་ཡིག་ལ་སཾ་བུདྡྷི་མ་ཡིན་པ་ལ་མུ་འང་ངོ་ཞེས་
པས། སི་ཨཾ་དག་དབྱི་ཞིང་མུ་ཨཱ་ག་མའང་ངོ་། །ཝ་ནཾ། ཨཽ་ཨཱིའོ་ཞེས་པས་ཨཽ་ཡིག་ནི་ཨ་ཡིག་གོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱིའོ། །ཝ་ནེ། ཛས་ཤས་དག་གི་ཤིའོ་ཞེས་པས་ཛ་ཤས་དག་གི་ཤི་རུ་འགྱུར་རོ། །ཤ་ཡིག་ནི་ཨིན་ཧན་པཱུཥཎ་ཞེས་པ་ལ་སོགས་པའི་ཁྱད་པར་
གྱི་དོན་ཏོ། །དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོའོ། །ཝ་ནཱ་ནི། གཉིས་པ་ལའང་འདི་བཞིན་ཏེ། ཝ་ནཾ། ཝ་ནེ། ཝ་ནཱ་ནི། གསུམ་པ་ལ་སོགས་པ་ལ་ནི། བི་པྲའི་སྒྲ་དང་འདྲ་བར་ཐོབ་པར་བྱའོ། །ཝ་ནེ་ནཱ།
ཝ་ནཱ་བྷྱཱ། ཝ་ནཻཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། སི་དབྱི་བ་བྱས་པ་ན། སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་བཀག་པའི་ཕྱིར། མུ་ཨཱ་ག་མ་མེད་དོ། །ཧེ་ཝན། ཧེ་ཝ་ནེ། ཧེ་ཝན་ནི། དེ་བཞིན་དུ་ས་རོ་ཛ། ཀྵཱ་རི་ཨངྒ། སྠ་ན། ཀ་མ་ལ། ཀ་ཡཱུ་ར། ཤི་ཥ་ར། ཚ་ལ། ཡུ་དྷཱ་ན།
ཨུ་ད་ཡཱན། བྲ་ཏ། གྲྀ་ཧ་པུ་ར། ཨུ་ཏཱུ་ཁ་ན། ཏ་ལ། ནཱི་དཱ་ན། བི་ཛྙཱ་ན། བི་ཥ་ག་ག་ན། ནིར་ཝཱ་ན། མ་རཱ་ཎ། སྨ་ཤཱ་ན། སྠཱ་ན། ཨ་བྷྲ། དྭི་ཛ། ཨ་མྲྀ་ཏ། ཨཾ་གཱ་ར། ཀུ་ཧ་ར། ཙྪ་ཏྲ། ཨཱ་བྷ་པ་ཏྲ། ཏ་མུ་ན། ཨ་ཛི་ན། ཛཱ་ཏ་རཱུ་པ། པ་ཝཱི་ཏ། པི་པི་ན། ཨཾ་ག་ཎ་ཙ་ཏྭ་ར་རྣམས་དང་།
Vol. 196 · folio 14b
པཱ་ནཱི་ཡ། ལོ་ཙ་ན། དྷ་ན། ཨིནྡྲི་ཡ། ཏོ་ཡ། ཀུཎྜ། ཏུཎྜ། ཨསྟྲ། ཙཱི་ཝ་ར། ཛ་ལ། ཨ་ན་ན། ཀཱ་ན་ན། ཤཱ་ཏ། ཀུཾ་བྷ། གྷྲྀ་ཏ། ཝསྟྲ། ཧི་ར་ཎྱ། སཏྟྲ་པཏྟྲ། ཤ་ཏ་པཏྟྲ། མུ་ཁ་རྣམས་དང་། བཏ་ཏ་ན། ཏྲ་ཝི་ཎ། ཏྲ་ཝ་ཎ། ཨུལླུ་ཀ །ན་ཏྲ་ཤྭ་བྷྲ། ཤསྟྲ། ཏི་མི་ར། བི་ཝ་ར་
ཞེས་པ་ལ་སོགས་པ་རྣམས་སོ། །རིང་པོའི་མཐའ་ཅན་མ་ནིང་ལ་སྲིད་པ་མ་ཡིན་ནོ། །ཨི་ཡིག་གི་མཐའ་ཅན། ཝ་རིའི་སྒྲ་ནི་རྟགས་གཉིས་པ་སྟེ། དེ་ལྟར་ཡང་བུད་མེད་ལ་ཝ་རི་ནི་དབྱངས་ཅན་མ་སྟེ། མ་ནིང་ནི་ཧྲི་ཝེ་ར་དང་ཆུ་དག་ལའོ་ཞེས་ར་བྷ་སའི་མཛོད་དུའོ། །དྲག་པོའི་འབངས་ཀྱིས་
ཀྱང་སྨྲས་པ། ཝ་རི་བུད་མེད་ནི་གླང་པོ་འཆིང་བ་ལའོ། །ཝཱ་རི། ཧྲཱི་ཝེ་ར་དང་ཆུ་དག་ལའོ་ཞེས་སོ། །བུད་མེད་ལ་བྷཱུ་མི་དང་འདྲའོ། །མ་ནིང་ལ་ནི་ཝ་རིའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །མ་ནིང་ལས་སི་ཨམ་དག་དབྱི་ཞིང་དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་པས་སི་ཨཾ་དག་དབྱིའོ། །
ཝཱ་རི། ཨཽ་ཨཱིའོ་ཞེས་པས་ཨཽ་ཨཱི་ཡིག་ཏུ་འགྱུར་རོ། །ནཱ་མིན་ལས་ཀྱང་དབྱངས་ལའོ་ཞེས་པས། ནཱ་མིནའི་མཐའ་ཅན། མ་ནིང་གི་རྟགས་ལས་དབྱངས་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་དོ། །ཝཱ་རི་ཎཱི། ཛས་ཤས་དག་གི་ཤིའོ། །
ཨི་ནའི་འདིར་མཚན་ཉིད་ཅན་ཉིད་ཀྱི་ཕྱིར། ཨིན་དང་ཧན་དང་པཱུ་ཥན་དང་ཨརྻ་མན་རྣམས་ཀྱི་སི་ལའང་ངོ་ཞེས་པའི་རིང་པོར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོ་ཉིད་དོ། །ཝཱ་རཱི་ཎི། སླར་ཡང་ཝཱ་རི། ཝཱ་རཱི་ཎཱི། ཝཱ་རཱི་ཎི། ཝཱ་རི་ཎཱ། ཝཱ་རི་
བྷྱཱཾ། ཝ་རི་བྷིཿ། དེ་ལའོ། །ང་སི་ངས་དག་གི་ཨ་དབྱི་བའང་ངོ་ཞེས་པ་ལ་སོགས་པ་ཐོབ་པ་ལ་ཕྱི་མ་ཉིད་ཀྱི་ཕྱིར་ནུ་ཁོ་ནར་འགྱུར་རོ། །ཝཱ་རི་ཎེ། ཝཱ་རི་བྷྱཱཾ། ཝ་རི་བྷྱཿ། ཝ་རི་ཎཿ། ཝ་རི་བྷྱཱམ། ཝཱ་རི་བྷྱཿ། ཝཱ་རི་ཎཿ། ཝཱ་རི་ཎོཿ། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །
ཝཱ་རཱི་ཎཱཾ། ཝཱ་རི་ཎཱི། ཝཱ་རི་ཎོཿ། ཝཱ་རི་ཥུ། ཀུན་དུ་བོད་པ་ལ་སི་དབྱི་བ་ན། མ་ནིང་ལས་སི་ཨམ་དག་གི་དབྱི་ཞིང་དེ་ལ་བརྗོད་པའང་མ་ཡིན་ནོ་ཞེས་པ་འདིར། དེ་ལ་བརྗོད་པ་སྨོས་པ་དོན་ཅི་སྟེ་འཇིག་གོ་ཞེས་བརྗོད་པར་བྱའོ། །འཇིག་གོས་དབྱི་བ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ་ཞེས་པའི་དགག་
Vol. 196 · folio 15a
པར་འགྱུར་རོ་ཞེ་ན། བདེན་ཏེ། དེ་བརྗོད་པ་སྨོས་པ་ནི་ནཱ་མིའི་མཐའ་ཅན་རྣམས་དང་། ཙ་ཏྲ་རའི་ཡང་ཕྱོགས་གཅིག་ལ་དེ་ལ་བརྗོད་པའི་བྱ་བ་ཡང་འགྱུར་ཏེ། ཧེ་ཝ་རི། ཧེ་ཝ་རེ་ཞེས་པ་འདིར་སཾ་བུདྡྷི་ལའང་ངོ་ཞེས་ཡོན་ཏན་འགྲུབ་པར་འགྱུར་རོ། །ད་ནི་ཅི་ནཱ་མིནའི་
མཐའ་ཅན་གྱི་མ་ནིང་གི་རྟགས་ཐམས་ཅད་ཡོན་ཏན་དུ་འགྱུར་རམ་ཞེ་ན། འགྱུར་བ་ཁོ་ནའོ་ཞེས་ཁ་ཅིག་གོ། །ཡང་ན་ཤེས་པར་བྱེད་པས་ཤེས་པར་བྱས་པའི་ཚོགས་རྣམས་ནི་རྟག་ཏུ་མ་ཡིན་ནོ་ཞེས་པའི་རིགས་པ་ལས་རབ་ཏུ་སྦྱོར་བའི་རྗེས་སུ་འབྲངས་པས་ཏྲ་པུའི་སྒྲ་བཞིན་དུ་ཡོན་ཏན་དུ་འགྱུར་རོ། །
དེ་སྐད་དུའང་བཤད་པ་མཛད་པས་ཀུན་དུ་བོད་པ་ལ། ཏྲ་པུ། ཏྲ་པོ་ཞེས་དཔེར་བརྗོད་གཉིས་དཔེར་བརྗོད་པར་མཛད་དོ། །གཞན་ལ་ནི་དེ་ལ་བརྗོད་པ་དགག་པ་རབ་ཏུ་འཇུག་པ་ཁོ་ནའོ་ཞེས་པའོ། །ཧེ་ཝཱ་རི། ཧེ་ཝཱ་རི་ཎཱི། ཧེ་ཝཱ་རཱིཎ། དེ་བཞིན་དུ་གསེར་རྗོད་པར་བྱེད་པའི་བྷུ་རིའི་སྒྲ་དང་།
སྒོ་གླེགས་རྗོད་པར་བྱེད་པའི་ཨ་ར་རིའི་སྒྲའོ། །དེ་ལྟར་ཡང་འདིའི་མིའུ་ཐུང་གི་རྟགས་ཀྱི་ཚིག་ལེའུར་བྱས་པར་མ་ནིང་གི་རྟགས་ཀྱི་སྐབས་སུ་བཤད་དེ། ནཱི་ཌཱ་དང་གྲི་ཧ་དང་ཤ་ཤ་པུ་ནཙྪ་དང་སྠུ་ན་དང་ཨཱུརྞ་དང་གྔྷ་མ་ད་ན་དང་། ཨསྠི་དང་། ཨཀྵི་དང་སཀྠི་དང་ཨ་ར་རི་དང་། ཀ་ཤི་ཡུ་
དང་། ཛཱ་ནུ་དང་། ཀ་ཤེ་རུ་དང་། ཏོ་ར་མཎ་དང་། པི་ས་དང་། ཨརྡྷཊྚ་ཙའང་བཤད་དོ་ཞེས་སོ། །ཨསྠིའི་སྒྲའི་དང་པོ་དང་གཉིས་པ་དག་ཝཱ་རིའི་སྒྲ་དང་གཟུགས་འདྲའོ། །ཨསྠི། ཨསྠ་ནཱི། ཨསྠཱི་ནཱི། ཨསྠཱི་ནི། ཨསྠི་ད་དྷི་ཤཀྠི་ཨཀྵ་རྣམས་ཀྱི་ཊཱ་སོགས་ལ་མཐའ་ཨ་ཎའོ་ཞེས་པས་ཨསྠི་
ལ་སོགས་པ་རྣམས་ཀྱི་མཐའ་ཊཱ་ལ་སོགས་པའི་དབྱངས་ལ་ཨན་དུ་འགྱུར་རོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཤེས་པ་ལ་སོགས་པས་ཨ་དབྱིའོ། །ཨསྠྣཱ། ཨནར་བསྒྲུབ་པའི་མདོ་མ་ནིང་གི་སྐབས་སུ་མཛད་པའི་ཕྱིར་འདི་ལ་འགྱུར་བ་མ་ཡིན་ཏེ། ཨསྠི་ནཱ་བྲཱ་ཧྨ་ནེ་ན་ཞེས་པའོ། །
པྲི་ཡསྠྣཱ་བྲཱ་ཧྨ་ནེ་ན་ཞེས་པ་ཅི་ལྟར་ཞེ་ན། མ་ནིང་གི་རང་བཞིན་ཁྱད་པར་དུ་བྱ་བ་སྟེ། འོན་ཀྱང་ཨསྠི་ལ་སོགས་པ་རྣམས་མ་ནིང་གི་དོན་ལ་ཨསྠི་ལ་སོགས་པ་རྣམས་སོ་ཞེས་པའོ། །ཨསྠི་བྷྱཾ། ཨསྠེ་བྷིཿ། ཨསྠི། ཨསྠཱི་བྷྱཱམ། ཨསྠི་བྱཿ། ཨསྠྣཿ། ཨསྠི་བྷྱཱཾ། ཨསྠི་བྷྱཿ། ཨསྠྣཿ། ཨསྠ་ནོཿ།
Vol. 196 · folio 15b
ཨསྠྣཱཾ། ཨི་དང་ངི་དག་ལ་ཡང་ནའོ་ཞེས་པའི་ཕྱོགས་ལ་ཨ་དབྱིའོ། །ཨསྠྣི། ཨསྠཱ་ནི། ཨསྠ་ནོཿ། ཨསྠི་ཥུ། དེ་བཞིན་དུ་ང་དྷི་དང་སཀྴྲི་དང་ཨཀྵིའི་སྒྲ་རྣམས་སོ། །ཝསྟུའི་སྒྲ་ནི་ཝ་རིའི་སྒྲ་དང་འདྲ་བར་ཐོབ་པར་བྱའོ། །ཝསྟུ། ཝསྟཱུ་ནཱི། ཝསྟཱུ་ནི། ཀུན་དུ་བོད་པ་ལ། ཧེ་ཝསྟོ། ཧེ་
ཝསྟུ། ཧེ་ཝསྟུ་ནི། དེ་བཞིན་དུ། ཏཱ་ལུ་ཏུ་མཱུ་རུ། ཀ་སེ་རུ། ཛ་ཏུ་རྣམས་དང་། སྨྲ་ཤྲུ། ཨ་ཤྲུ། བ་སུ། ཏྲི་ཀ་བུ། ཨཾ་མཱུ། ཛ་ཏྲུ། ཏི་ཏ་ཌུ་རྣམས་དང་། ཨ་གུ་རུ། ཛཱ་ནུ། མསྟུ། མ་དྷུ་མ་ནིང་དུ་བཤད་དེ། དེ་བཞིན་དུ་གཞན་རྣམས་ཀྱང་འདི་ལྟར་དྲང་བར་བྱའོ།། །།ད་ནི་གསལ་
བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱའོ། །དེ་ལ་ཀའི་སྡེ་པའི་མཐའ་ཅན་གྲགས་པ་མེད་དོ། །ཛ་ཡིག་གི་མཐའ་ཅན། ཨསྲྀ་ཛའི་སྒྲ་སྟེ། ན་སྲྀ་ཏི་ལས་ཀྭི་པའོ། །སི་ལ་སོགས་པ་རྣམས་སོ། །སི་ཨམ་དག་གི་དབྱིའོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱི་འང་ངོ་ཞེས་པས་ག་ཉིད་དོ། །
རྫོགས་པ་ལ་ཡང་ན་ཀའོ། །ཨ་སྲྀཀ །ཨ་སྲྀག །ཨཽ་ཨཱིའོ། །ཨ་སྲྀ་ཛཱི་ཛས་ཤས་དག་གི་ཤིའོ། །དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ། །མན་དག་གི་དྷུཊ་ལ་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོའོ། །སྡེ་པ་ལ་སྡེ་པའི་མཐའོ། །ཨ་སྲྀཉྫི། སླར་ཡང་། ཨ་སྲྀ་ཀ །ཨ་སྲྀག །ཨ་སྲྀ།
ཛཱི། ཨ་སྲྀཉྫི། ཨ་སྲི་ཛཱ། ཨ་སྲྀ་གྦྷྱཱཾ། ཨ་སྲྀ་གྦྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཨ་སྲྀ་ཀ །ཧེ་ཨ་སྲྀག །ཧེ་ཨ་སྲྀ་ཛཱི། ཧེ་ཨ་སྲྀཉྫི། དེ་བཞིན་དུ་གཞན་རྣམས་ཀྱང་དྲང་བར་བྱའོ། །ཏ་མཐའ་ཅན་བི་ཡཏའི་སྟེ། སྔ་མ་བཞིན་དུ་སི་དང་ཨཾ་དག་དབྱིའོ། །རྫོགས་
པ་ལ་ཡང་ནའོ། །བི་ཡཏ། བི་ཡད། ཨཽ་ཨཱིའོ། །བི་ཡ་ཏཱི། ཛས་ཤས་དག་གི་ཤིའོ། །དྷུཊ་དང་དབྱངས་ལས་གྷུཊ་ནུའོ། །རྗེས་སུ་ང་རོ་དང་སྡེ་པའི་མཐའ་སྔ་མ་བཞིན་ནོ། །བི་ཡནྟི། སླར་ཡང་། བི་ཡཏ། བི་ཡད། བི་ཡ་ཏཱི། བི་ཡནྟེ། འདི་ལས་ཕྱི་མ་ནི་མ་རུ་ཏའི་སྒྲ་དང་འདྲ་
བར་དྲང་བར་བྱ་སྟེ། བི་ཡ་ཏཱ། བི་ཡདྦྷྱཱཾ། བི་ཡདྦྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཤ་ཀྲྀཏ། ཨུ་ད་ཤྭཏ་ལ་སོགས་པ་རྣམས་སོ། །ཐ་མཐའ་དང་ད་མཐའ་དང་། དྷ་མཐའ་རྣམས་རབ་ཏུ་མ་གྲུབ་བོ། །ན་མཐའ་ཅན་སཱ་མནའི་སྒྲ་སྟེ། སི་ཨམ་དག་གི་དབྱི་བར་བྱས་པ་ན་དེ་ལ་
Vol. 196 · folio 16a
བརྗོད་པ་དགག་པ་ལས་སི་ལ་རིང་པོར་མི་འགྱུར་རོ། །རྟགས་མཐའི་ན་ཡིག་གོ་ཞེས་པ་ན་དབྱིའོ། །སཱ་མ། ཨཽ་ཨཱིའོ་ཞེས་ཨཱི་ཡིག་ཏུ་བྱས་པ་ན། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་པ་རྣམ་པར་བརྟག་པས་ཨ་དབྱི་བའོ། །སཱམྣཱི། སཱ་མ་ནཱི། ཛས་ཤས་དག་གི་
ཤི་རུ་འགྱུར་ཞིང་རིང་པོ་འང་ངོ་། །སཱ་མཱ་ནི། སླར་ཡང་། སཱ་མྣི། སཱ་མ་ནཱི། སཱ་མཱ་ནི། གསུམ་པ་ལ་སོགས་པ་དབྱངས་དང་པོ་ཅན་ལ་ནི་ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ལ་སོགས་པས་ཨ་དབྱིའོ། །སཱཾ་ནཱ། སཱ་མ་བྷྱཱམ། ས་མ་བྷིཿ། སཱཾ་ནེ། སཱ་མ་བྷྱཱཾ། སཱ་མ་བྷྱཿ། སཱསྣྲཿ།
སཱ་མ་བྷྱཱཾ། སཱ་མ་བྷྱཿ། སཱམྣཿ། སཱམྣོཿ། སཱམྦཾ། སཱམྣི། སཱ་མ་ནི། སཱམྣོཿ། སཱ་མ་སུ། ཀུན་དུ་བོད་བ་ལ། མ་ནིང་གི་རྟགས་ན་མཐའ་ཅན་གྱི་རྣམ་པར་བརྟག་པས་ན་དབྱི་བ་སྟེ། སཾབུདྡྷི་ལ་མ་ཡིན་ནོ་ཞེས་དགག་པ་ལོགས་སུ་བྱས་པའི་ཕྱིར་རོ། །ཧེ་སཱ་མ་ནུ། ཧེ་སཱ་མ། ཧེ་སཱ་མིཿ། ཧེ་
སཱ་མྣཱི། ཧེ་སཱ་མ་ནཱི། ཧེ་སཱ་མ་ནི། དེ་བཞིན་དུ་ནཱ་མན། རོ་མན། རོ་མན། དྷཱ་མན། ལོ་མན། ལ་ལཱ་མན། ཧེ་མན་ལ་སོགས་པ་རྣམས་སོ། །ཨ་ཧནའི་སྒྲའི་ཁྱད་པར་ནི། ཨ་ཧནའི་སའོ་ཞེས་པས་རྫོགས་པ་དང་གསལ་བྱེད་དག་ལ་ན་ཡིག་གི་ས་ཡིག་གོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་
བྱའོ། །ཨ་ཧཿ། ཨ་ཧྣཱི། ཨ་ཧ་ནཱི། ཨ་ཧ་ན། སླར་ཡང་། ཨ་ཧཿ། ཨ་ཧྣཱི། ཨ་ཧ་ནཱི། ཨ་ཧ་ནི། སྔ་མ་བཞིན་དུ་ཨ་དབྱིའོ། །ཨ་ཧྣཱ། ཨ་ཧནའི་རེ་ཕ་མ་ཡིན་པ་ལའོ་ཞེས་པ་འདིར། རྣམ་པར་དབྱེ་བ་མ་ཡིན་པ་ལའོ་ཞེས་བཤད་པར་བྱའོ། །དེས་ན་ཨ་ཧོ་བྷྱཱཾ་ཞེས་པ་ལ་སོགས་པ་ལ་རེ་ཕ་མ་
ཡིན་ནོ། །ཨ་དང་སྒྲ་ལྡན་དག་གི་འང་ངོ་ཞེས་པས་རྣམ་པར་གཅད་བྱ་ཨུ་ཉིད་ཁོ་ནའོ། །དཱིརྒྷྱཱ་ཧོ་ནི་དཱ་གཱ་ཞེས་པའང་ཕྱིས་བསྟན་པའི་ཕྱིར་རོ། །ཨ་ཧརྡ་དཱ་ཏི་ཞེས་དེ་ལ་བརྗོད་པའི་དགག་པ་ལས་ཨ་ཧརྒ་ན་ལ་སོགས་པ་རྣམས་ནི་འགལ་བ་མ་ཡིན་ཏེ། ན་ལ་འཇུག་པའི་རྣམ་དབྱེ་རྣམས་ཀྱི་
བསྟན་པ་འགོག་པའི་ཕྱིར་རོ། །ཨ་ཧོ་བྷྱཱཾ། ཨ་ཧོ་བྷིཿ། ཨཧྣེ། ཨ་ཧོ་བྷྱཱཾ། ཨ་ཧོ་བྷྱཿ། ཨཧྣཿ། ཨ་ཧོ་བྷྱཱཾ། ཨ་ཧོ་བྷྱཿ། ཨཧྣཿ། ཨཧྣོཿ། ཨཧྣཱཾ། ཨ་ཧྣི། ཨ་ཧ་ནི། ཨཧྣོཿ། ཨ་ཧསྶུ། ཨ་ཧཿསུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །ཀརྨ་ནའི་སྒྲ་ནི། སཱ་མ་ནའི་སྒྲ་དང་འདྲའོ། །འདིར་
Vol. 196 · folio 16b
ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ལ་སོགས་པས་ཨ་དབྱི་བ་མེད་དོ་ཞེས་ཁྱད་པར་རོ། །ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་དོ། །ཀརྨ། ཀརྨ་ཎཱི། ཀརྨཱ་ཎི། སླར་ཡང་། ཀརྨ། ཀརྨཱ་ཎི། ཀརྨ་ཎི། ཀརྨ་ཎཱ། ཀརྨ་བྷྱཱཾ། ཀརྨ་བྷྱཿཞེས་པ་ལ་སོགས་
པའོ། །ཀུན་དུ་བོད་པ་ལ། ཧེ་ཀརྨ། ཧེ་ཀརྨན་དེ་བཞིན་དུ་སརྨན། ཚརྨན། ཨི་ཏ་མན། པཀྵྨན། བྷསྨན། ཛནྨན། བེཤྨན། ཙརྨན། ཝརྨན། མརྨན་ལ་སོགས་པ་རྣམས་སོ། །པ་སྡེའི་མཐའ་ཅན་དང་། ཡ་ཡིག་དང་ལ་ཡིག་དང་ཝ་ཡིག་གི་མཐའ་ཅན་རྣམས་རབ་ཏུ་གྲུབ་པ་མེད་དོ། །
རེ་བའི་མཐའ་ཅན་ཝཱ་རའི་སྒྲ་སྟེ། སི་ལ་སོགས་པ་རྣམས་སོ། །སི་དང་ཨཾ་དག་དབྱིའོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཝཿ། ཨཽ་ཨཱིའོ། །ཛས་ཤས་དག་གི་ཤིའོ། །ཝཱ་རཱི། ཝཱ་རཱི། སླར་ཡང་། ཝ་རི། ཝཱ་རཱི། ཝཱ་རི། ཝཱ་རཱ། ཝཱ་རྦྷྱཱཾ། ཝཱརྦྷྱིཿ། ཝཱ་རེ། ཝཱརྦྷྱཱཾ། ཝཱརྦྷྱཿ།
ཝཱ་རཿ། ཝཱརྦྷྱཱཾ། ཝཱརྦྷྱཿ། ཝཱ་རཿ། ཝཱ་རོཿ། ཝཱ་རཾ། ཝཱ་རི། ཝཱ་རོཿ། ཝཱཪྵུ། །ས་མཐའ་ཅན་ལས་སརྦི་སའི་ལ་སོགས་པ་རྣམས་སོ། །སི་ཨཾ་དག་གི་དབྱི་བ་བྱས་པ་ན་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །སརྤིཿ། ཨཽ་ཨཱིའོ། །སརྦི་ཥཱི། ཛས་ཤས་དག་གི་ཤིའོ། །དྷུ་ཊ་
དང་དབྱངས་ལས་གྷུཊ་ལ་ནུའོ། །ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱའིའོ་ཞེས་པས་རིང་པོའོ། །ནུ་དང་རྣམ་པར་གཅད་བྱ་བར་ན་ཡོད་ཀྱང་ས་ཡིག་ཥ་ཡིག་ཏུ་འགྱུར་རོ། །མན་དག་གི་དྷུ་ཊ་ལ་རྗེས་སུ་ང་རོའོ་ཞེས་པས་ན་ཡིག་རྗེས་སུ་ང་རོའོ། །སརྤིཾ་ཥི། སླར་ཡང་། སརྤིཿ།
སརྤི་ཥཱི། སརྤིཾ་ཥཱི། སརྤི་ཥཱ། གསུམ་པ་ལ་སོགས་པ་སྒྲ་ལྡན་ལ། ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ་ཞེས་པས་ས་ཡིག་གི་ར་ཉིད་དོ། །སརྤི་རྦྷྱཾ། སརྤིརྦྷིཿ། སརྤི་ཥེ། སརྤི་རྦྷྱཱཾ། སརྤིརྦྷྱཿ། སརྤིཥཿ། སརྤི་བྷྱཱཾ། སརྤི་རྦྷྱཿ། སརྤི་ཥཿ། སཔྲི་ཥོཿ། སརྤི་ཥཱཾ། སརྤི་ཥི། སརྤི་ཥོཿ།
རྣམ་པར་གཅད་བྱ་བྱས་པ་ན། ཤ་དང་ཥ་དང་ས་ལ་ཡང་ན་ཕ་རོལ་གྱི་གཟུགས་སུ་ཞེས་པས་ཕ་རོལ་གྱི་གཟུགས་ཉིད་ཀྱི་ཕྱིར་ས་ཡིག་སྟེ། དེའི་ན་མི་དང་ཀ་དང་ར་ལས་ཕ་རོལ་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ནུ་དང་རྣམ་པར་གཅད་བྱ་བར་ན་ཡོད་ཀྱང་ས་ནི་ཥ་རུ་འགྱུར་རོ། །སརྤིཥྚུ།
Vol. 196 · folio 17a
སརྤིཿཥུ། ཀུན་དུ་བོད་པ་ལ། ཧེ་སརྤིཿ། ཧེ་སརྤི་ཥཱི། ཧེ་སརྤཱིཾ་ཥཿ། དེ་བཞིན་དུ། རོ་ཙིས། ཨར་ཙིས། བ་དྷིས། ཤྭོ་ཏས། ཤོ་ཙིས་ལ་སོགས་པ་རྣམས་སོ། །ཝ་པུསའི་སྒྲ་ནི་སརྤི་སའི་སྒྲ་དང་འདྲ་སྟེ། ཝ་པུཿ། ཝ་བུཥཱི། ཝ་པཱུ་ཞེས་པ་ལ་སོགས་པའོ། །དེ་
བཞིན་དུ་དྷ་ནུས། ཡ་ཛུས། བ་ནུས། ཙཀྵུས། ཨཱ་ཡུས་ལ་སོགས་པ་རྣམས་སོ། །ཙེ་ཏསའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སི་ཨཾ་དག་གི་དབྱི་བ་དང་རྣམ་པར་གཅད་བྱ་དག་སྔ་མ་བཞིན་ནོ། །ཙེ་ཏཿ། ཨཽ་ཨཱིའོ། །ཙེ་ཏ་སཱི། ཤི་ལ་ཥ་ཉིད་མ་གཏོགས་པ་ཐམས་ཅད་སརྤི་སའི་སྒྲ་
དང་འདྲའོ། །ཙེ་ཏཱཾ་སི། སླར་ཡང་། ཙེ་ཏཿ། ཙེ་ཏཱ་སཱི། ཙེ་ཏཾ་སཱི། ཙེ་ཏ་སཱ། རྣམ་པར་གཅད་བྱར་བྱས་པ་ན། ཨ་དང་སྒྲ་ལྡན་དག་གིའང་ངོ་ཞེས་པས་རྣམ་པར་གཅད་བྱའི་ཨུའི་ཡི་གེ་ལ་ཨོའོ། །ཕ་རོལ་འང་དབྱིའོ། །ཙེ་ཏོ་བྷྱཱཾ། ཙེ་ཏོ་བྷིཿ། ཙེ་ཏ་སེ། ཙེ་ཏོ་བྷྱཱཾ། ཙེ་ཏོ་བྷྱཿ། ཙེ་ཏསཿ།
ཙེ་ཏོ་བྷྱཱཾ། ཙེ་ཏོ་བྷྱཿ། ཙེ་ཏ་སཿ། ཙེ་ཏ་སོཿ། ཙེ་ཏ་སོཿ། ཙེ་ཏ་སཱཾ། ཙེ་ཏ་སི། ཙེ་ཏ་སོཿ། ཙེ་ཏ་སྶུ། ཙེ་ཏཿསུ། དེ་བཞིན་དུ་ཝ་ཡས། པ་ཡས། ཨརྞས་རྣམས་དང་། མ་ཧས། ས་ཧས། ར་ཛས། ཤི་རས། རུ་ཧས། ཨཾ་ཧས། ས་རས། ཡ་ཤས། ན་བྷས། ཨུ་རས། པཱ་ཐས། ཏ་པས་དག་དང་།
ཏ་མས། ས་དས། ཁ་ཙས་རྣམས་དང་། ཁཀྵས། ཨ་ནས། ཨེ་ནས་དག་དང་། མ་ནས་ཞེས་པ་ལ་སོགས་པ་རྣམས་སོ། །ཧ་ཡིག་དང་ཀྵ་ཡིག་གི་མཐའ་ཅན་རབ་ཏུ་གྲུབ་པ་མེད་དོ། །མ་ནིང་གི་སྐབས་ཏེ་གཉིས་པའོ། །མ་ནིང་གི་རྟགས་ཁྱད་པར་དང་བཅས་པ་རྣམས་བཤད་ཟིན་
ཏོ།། །།ད་ནི་བུད་མེད་ཀྱི་རྟགས་བརྗོད་པར་བྱ་སྟེ། ཛཱ་ཡཱ། ཛ་རཱ། ན་དཱི། ལཀྵྨཱི། ཤྲཱི། སྟྲཱི། བྷཱུ་མི། བ་དྷཱུ། བྷྲཱུ། པུ་ནརྦྷཱུ་དང་། དེ་བཞིན་དུ་དྷེ་ནུ། སྭ་སྲྀ། མཱ་ཏྲྀ། ནཽ། ཝཱཀ །སྲ་ཀ །ཡོ་ཥིཏ། ཤ་རད། ཀྵུད། པཱ་མས། ཨ་ཡས། ཀ་ཀུབྷ་དང་། དེ་བཞིན་དུ་གཱིར། དྷུར།
དི་ཤ།། པྲཱ་བྷྲིཥ། སུ་མ་ནས། ཨུཥྞི་ཧ་རྣམས་བུད་མེད་ལའོ། །ཨ་ཡིག་གི་མཐའ་ཅན་བུད་མེད་ཀྱི་རྟགས་ལ་མི་སྲིད་དོ། །ཨཱ་ཡིག་གི་མཐའ་ཅན་བརྗོད་པར་བྱ་སྟེ། ཛཱ་ཡཱའི་སྒྲ་ལས་བུད་མེད་ལ་ཨ་ལས་ཨཱའོ་ཞེས་པས་ཨཱ་ཡིག་གོ། །མཚུངས་པ་ལ་སོགས་པས་རིང་པོ་དང་ཕྱི་མ་
Vol. 196 · folio 17b
དབྱི་བ་དག་གོ། །ཛ་ཡཱ་ཞེས་གནས་ཏེ་སི་ལ་སོགས་པ་རྣམས་སོ། །ཤྲདྡྷཱ་ལས་སི་དབྱིའོ་ཞེས་པས་སི་དབྱིའོ། །ཛཱ་ཡཱ། ཨཽ་ཨཱིའོ་ཞེས་པས་ཨཽ་ཡིག་ཨཱི་ཡིག་ཏུ་འགྱུར་རོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཛཱ་ཡེ། རིང་པོ་ལས་ཕ་རོལ་དབྱིའོ། །ཛཱ་ཡཱཿ། ཛཱ་ཡཾ། ཛཱ་ཡེ། ཛཱ་ཡཿཊ་ཨོས།
དག་ལ་ཨེའོ་ཞེས་པས་ཨ་ཡིག་གི་ཨེ་ཉིད་དོ། །ཨེ་ཨ་ཡའོ། །ཛ་ཡ་ཡཱ། ཛཱ་ཡཱ་བྷྱཱཾ། ཛཱ་ཡཱ་བྷིཿ། ང་ལྡན་རྣམས་ཡཻ་ཡཱས་ཡཱས་ཡཱཾའོ་ཞེས་པས་ང་ལྡན་གྱི་བརྗོད་པ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་ཡཻ་དང་ཡཱས་ཡཱས་དང་ཡཱམ་དུ་འགྱུར་རོ། །ཛཱ་ཡཱ་ཡཻ། ཛ་ཡཱ་བྷྱཱཾ། ཛ་ཡཱ་བྷྱཿ། ཛཱ་ཡཱ་ཡཱཿ།
ཛཱ་ཡཱ་བྷྱཱཾ། ཛཱ་ཡཱ་བྷྱཿ། ཛཱ་ཡ་ཡཱཿ། ཊ་ཨོས་དག་ལ་ཨེའོ། །ཨེ་ཨ་ཡའོ། །ཛ་ཡ་ཡོཿ། ཨམ་ལའང་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །ཛཱ་ཡཱ་ནཱཾ། ཛཱ་ཡཱ་ཡཱཾ། ཛ་ཡ་ཡོཿ། ཛ་ཡ་སུ། ཀུན་དུ་བོད་པ་ལ། སཾ་བུདྡྷ་ལའང་ངོ་ཞེས་པས་ཨེ་ཉིད་དོ། །ཐུང་ངུ་ནི་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །
ཧེ་ཛཱ་ཡེ། ཧེ་ཛ་ཡེ། ཧེ་ཛ་ཡཿ། དེ་བཞིན་དུ་པྲཛྙཱ་པཱ་ར་མི་ཏཱ། ལ་ཏཱ། བ་ནི་ཏཱ། ཏཱ་རཱ། པ་ཏཱ་ཀཱ། ཤི་ཥཱ། ཧེ་ལཱ། ཀྵྨཱ། ལ་ལཱ་ནཱ། སུ་རཱ། བི་དྷ་ཝཱ། རཱ་མཱ། ཤདྐཱ། ཨངྒ་ནཱ། མཉྫ་ཥྛཱ། པ་རི་ཁཱ། ད་ཤཱ། བ་ཌ་ཝཱ། དོ་ལ་རྣམས་དང་། ཁ་ཌྭཱ། ཇ་ཏཱ། ལོ་མཱ། ཨུ་མཱ། མ་ཧི་ལཱ། ཀ་ལཱ།
ར་ས་ནཱ། ཤིཀྵཱ། བིཀྵཱ་ཞེས་པ་ལ་སོགས་པ་རྣམས་སོ། །མའི་དོན་རྣམས་ཀྱི་ཐུང་ངུའོ་ཞེས་པས་མའི་དོན་རྣམས་ཀྱི་སཾ་བུདྡྷི་ལ་ཐུང་ངུར་འགྱུར་རོ། །ཧེ་ཨམྦ། ཧེ་ཨམྦེ། ཧེ་ཨམྦ། དེ་བཞིན་དུ་ཧེ་ཨཌ། ཧེ་ཡཀྐ། ཧེ་ཨནྟ། ཧེ་ཨལླ། ཧེ་ཨནྟ། ཌ་དང་ལ་དང་། ཨི་ཀ་ལྡན་པ་རྣམས་ཀྱི་དགག་
པ་བཤད་པར་བྱའོ། །ཧེ་ཨམྦཱ་ཌེ། ཧེ་ཨམྦཱ་ལེ། ཧེ་ཨམྦིཀ ། ཛ་རཱའི་སྒྲ་ནི་ཛཱ་ཡཱའི་སྒྲ་དང་འདྲ་སྟེ། རྣམ་དབྱེའི་དབྱངས་དང་པོ་ཅན་ལ་ཛ་རཱ་དབྱངས་ལ་ཛ་རས་ཡང་ནའོ་ཞེས་པའི་ཕྱོགས་ལ་ཛ་རས་སུ་བསྒྱུར་བ་ཁྱད་པར་རོ། །ཛ་རཱ། ཛ་རེ། ཛ་ར་སཽ། ཛ་རཱཿ། ཛ་ར་སཿ། ཛ་རཱཾ། ཛ་ར་སཾ། ཛ་རེ།
ཛ་ར་སཽ། ཛ་རཱཿ། ཛ་ར་སཿ། ཛ་ར་ཡཱ། ཛ་ར་སཱ། ཛ་རཱ་བྷྱཱཾ། ཛར་བྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཛ་རེ། ཧེ་ཛ་རེ། ཧེ་ཛ་ར་སཽ། ཧེ་ཛ་རཱཿ། ཧེ་ཛ་ར་སཿ། ནི་ཤའི་སྒྲ་ནི་གྷུཊ་ལ་ཛ་ཡཱའི་སྒྲ་དང་འདྲའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ནི་ཤྱ་ཏི་ལས། ཉེ་བར་བསྒྱུར་ལ། ཨཱཏ་
Vol. 196 · folio 18a
ལས་ཀྱང་ངོ་ཞེས་པས་ཨངའོ། །བུད་མེད་ལ་ཨ་ལས་ཨཱའོ། །ནི་ཤཱ། ནི་ཤེ །ནི་ཤཱཿ། ནི་ཤཱཾ། ནི་ཤེ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དང་པོ་དག་ལ་ནི་ཤའི་ཕྱོགས་གཅིག་ལ་ནི་ས་ཞེས་པར་བསྒྱུར་བ་བཤད་པར་བྱ་བ་མ་ཡིན་ཏེ། ནི་ཤ་ཞེས་པ་གྷུཊ་
མ་ཡིན་པའི་དབྱངས་དང་གསལ་བྱེད་དང་པོ་ཅན་སི་ལ་སོགས་པ་རྣམས་ལ་མཐོང་སྟེ། སྒྲའི་ནུས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་བསྒྲུབ་པའང་གྲུབ་པའོ། །ཎི་ཤ་ཡང་དག་པར་འཛིན་པ་ལའོ། །ཀྭི་པའོ་ཞེས་ཌ་ཀཱིའོ། །བྷ་གའི་འགྲེལ་པ་བྱེད་པས་གསུངས་པ་དང་། པ་ཏ་དང་། པ་ཏ་
ན་དང་། ས་མ་དང་། ས་ཀྲྀད་དང་། ནི་ཤ་དང་། ཨ་ས་ན་དང་། པཱུ་ཥཎ་དང་། དོ་ཥཎ་དང་། པ་ཀ་ན་དང་། ཨུ་ཏ་ན་དང་། ཨ་ས་ན་དང་། ཤ་ས་ལ་སོགས་པ་རྣམས་ལ་ཞེས། པ་ད་ལ་སོགས་པའི་མདོར་རོ། །ཁ་ཅིག་སྡེབ་སྦྱོར་ལའོ་ཞེས་པ་རྗེས་སུ་མི་འཇུག་གོ་ཞེས་པ་འདི་མ་དྲན་པའོ། །ཨ་པྲ་
ཤསྟཾ་ནི་ཤི་སྣཱ་ནཾ་པད་བྷྱཱཾ། བུད་བརྟི་ཏསྱ་བཱ་ཞེས་པའི་སྦྱོར་བ་རྣམས་གཙུག་ལག་མ་ཡིན་ནོ་ཞེས་སོ། །ཨ་མ་ར་ཀོ་ཥའི་ལྷག་མར་ནི། ནི་ཤ་ཡན་ནི་པཱ་བྱ་སྟེ། བ་ས་ཏ། པཱི་ཏ་མ་ནི་ཤ་དག་གོ་ཞེས་སོ། །དེ་ཡང་པི་ཤའི་སྒྲ་དང་འདྲ་སྟེ། ནི་ཤཿ། ནི་ཤཱ། ནི་ཤ་ཡཱ། ཧ་དང་། ཤ་དང་། ཁ་དང་།
ཆ་མཐའ་དང་ཡཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་པས་ཌ་ཉིད་དོ། །ནིཌྦྷྱཾ། ནི་ཤཌྦྷིཿཞེས་པ་ལ་སོགས་པའོ། །སུ་པ་ལ། ནི་ཤ་སུ། ནི་ཌྶུ། ནི་ཋྶུ། པཱ་ཎི་ནའི་བྱིངས་ཀྱི་དཔུང་གཉེན་དུ་ནི། ན་ཙ་སུ། ནིཙྪུ་ཞེས་བསྒྲུབས་སོ། །ཀུན་དུ་བོད་པ་ལ་ནི་ཁྱད་པར་མེད་དོ། །ཨི་ཡིག་གི་མཐའ་ཅན་
བྷཱུ་མིའི་སྒྲ་ནི་གྷུཊ་ལ་ཨགྣིའི་དང་འདྲའོ། །བྷཱུ་མིཿ། བྷཱུ་མཱི། བྷུ་མ་ཡཱཿ། བྷཱུ་མིཾ། བྷཱུ་མཱི། ཤས་ཀྱི་ཨ་ཡིག་སྟེ་སའི་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པ་སྔ་མའི་དབྱངས་སུ་བྱས་པ་ན། བུད་མེད་མ་ཡིན་པ་ལ་ཞེས་བཀག་པའི་ཕྱིར། སའི་ན་ཉིད་དུ་འགྱུར་བ་མ་ཡིན་ཏེ། ཌའི་བརྗོད་པའི་ཊ་
ནའོ་ཞེས་པའི་ནཱའི་དངོས་པོའང་ངོ་། །བྷཱུ་མིཿ། བྷཱུ་མྱཱ། བྷཱུ་མི་བྷྱཱཾ། བྷཱུ་མི་བྷིཿ། ཐུང་ངུའི་ང་ལྡན་ལའོ་ཞེས་པས་ང་ལྡན་ལ་ན་དཱི་དང་འདྲ་བར་འགྱུར་བའི་ཕྱོགས་ལ། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཾ་ཞེས་པ་ཨཻ་དང་ཨཱས་ཨཱས་དང་ཨཾ་ཞེས་པ་འདི་རྣམས་སུ་འགྱུར་ཏེ། གཞན་ལ་ཨགྣི་དང་
Vol. 196 · folio 18b
འདྲའོ། །བྷཱུ་མྱཻ། བྷཱུ་མ་ཡེ། བྷཱུ་མི་བྷྱཱཾ། བྷཱུ་མི་བྷྱཿ། བྷཱུ་མྱཱཿ། བྷཱུ་མེཿ། བྷཱུ་མི་བྷྱཱཾ། བྷཱུ་མི་བྷྱཿ། བྷཱུ་མྱཱཿ། བྷཱུ་མེཿ། བྷཱུ་མྱོཿ། བྷཱུ་མི་ནཱཾ། བྷཱུ་མཽ། བྷཱུ་མྱོཿ། བྷཱུ་མི་ཥུ། ཀུན་དུ་བོད་བ་ལ་ཨགྣི་དང་འདྲ་སྟེ། ཧེ་བྷཱུ་མེ། ཧེ་བྷཱུ་མཱི། ཧེ་བྷཱུ་མ་ཡཿ། དེ་བཞིན་དུ་སྟུ་ཏི། ཤི་རོ་དྷི། ཀ་རོ་ཊི། ཀ་ཏི། སྠི་ཏི། དྷཱ་ར་ཎི།
ཨོཾ་ཥ་ཏི། པ་དྷ་ཏི། པཾ་ཀྟི་རྣམས་དང་། ཝ་ས་ཏི། སྲྀཥྚི། བི་སྲྀཥྚི། ཁ་ནི། ཀྵ་ཏི། ས་རྀ་ཎ། ཧཱ་ནི། ག་ཏི། ཀྵི་ཏི། པཀྵ་ཏི། རུ་ཙི། ན་ཏི། བི་ཀྲྀ་ཏི་དག་དང་། ཨིཥྚི། ཀོ་ཊི། དརྦི་བྷྲྀ་ཀུ་ཊི། ར་ཏི། བཱུ་ཏི། ཤནྟི། པ་ལི་རྣམས་ཀྱང་སྟེ། བི་མ་ཏི། སྲྀ་ཏི། མ་སི། པྲ་བྷྲི་ཏི། བེ་དི། བྲྀ་ཏི། དུ་ལི།
དུནྡུ་བི། དྷཱུ་ལི་ནཱི་ཏི་ཞེས་པ་ལ་སོགས་པའོ། །ཨཱི་ཡིག་གི་མཐའ་ཅན་ན་དཱིའི་སྒྲ་སྟེ། ན་དའི་སྒྲ་ལས་ན་ད་སོགས་ཨནྩ་པཱ་ཧ་ཨུ་ཨི་ཨནྟ་རྀ་ས་ཁི་ན་མཐའ་རྣམས་ལས་ཨཱིའོ་ཞེས་པས་ཨཱི་རྐྱེན་ནོ། །བུད་མེད་དུ་བྱས་པའི་ཨའི་ཡིག་ལ་ཨ་དབྱི་བར་བྱའོ་ཞེས་པས་ཨི་ཡིག་དབྱི་བར་འགྱུར་རོ། །ན་དཱི་
ཞེས་པ་གནས་པ་ལ། སི་ལ་སོགས་པ་རྣམས་སོ། །ཨཱི་ཡིག་གི་མཐའ་ལས་སིའོ་ཞེས་པས་སི་དབྱིའོ། །ན་དཱི། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡའོ་ཞེས་པས་ཡ་ཉིད་དོ། །ན་དྱཽ། ན་དྱཿ། ཨམ་ཤས་དག་གི་དང་པོ་དབྱིའོ་ཞེས་པས། ཨམ་ཤས་དག་གི་དང་པོ་དབྱི་
བར་འགྱུར་རོ། །ན་དཱིཾ། ནདྱཽ། ན་དཱིཿ། ན་ནྡྱཱ། ན་དཱི་བྷྱཱཾ། ན་དཱི་བྷིཿ། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཾའོ་ཞེས་པ་དེ་དང་ང་སི་དང་ངས་དང་ངི་རྣམས་ཨཻ་ཨཱས་ཨཱས་ཨཾ་ཞེས་པ་འདི་རྣམས་སུ་བསྒྱུར་བ་རིམ་པ་བཞིན་དུ་འགྱུར་རོ། །ན་དྻཻ། ན་དཱི་བྷྱཱཾ། ན་དཱི་བྷྱཿ། ན་དྱཱཿ། ན་དཱི་བྷྱཱམ། ན་དཱིབྱཿ། ནདྱཱཿ།
ནདྱོཿ། ཨཱམ་ལའང་ནུའོ་ཞེས་པའོ། །ན་དཱི་ནཱཾ། ནདྱཱཾ། ནདྱོཿ། ན་དཱི་ཥུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་ལ་ཐུང་ངུའོ། །ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །ཧེ་ན་དི། ཧེ་ནདྻཽ། །ཧེ་ནདྻཿ། དེ་བཞིན་དུ། ནཱ་རཱི། ས་ཁཱི། པཻ་ཏ་ར་ཎཱི། ཏ་ལུ་ནཱི། བྷ་གི་ར་ཐཱི། ཙི་ཏྲ་བ་དཱི། ར་ཊི་ནཱི་རྣམས་
དང་། ཀཱ་ལཱི། པ་ཏཱི། ཧེ་མ་བ་ཏཱེ། ཀི་ཤོ་རཱ། གོ་པཱི། ད་རཱི། ཤི་བ་ལི་ནཱི། ནི་རཱ་ཛ་ནཱི། སྭེ་རནྡི། ཛ་ན་ནཱི། མྲྀ་གཱི། མ་ཏི་མ་ཏཱི། གཽ་རཱི། པུ་རནྡཱི། པུ་རཱི། ཤརྦཱ་ཎཱི། བ་ར་བརྞི་ནཱི། ན་ག་ན་དཱི། དེ་ཝཱི། ནཊཱི། ནརྟི་ཀཱི། ཨིནྣ་ནཱི། སུ་ར་སུནྟ་རཱི། བི་ར་ཧི་ནཱི། དྷཱ་ཏྲི་དྷ་རི་ཏྲཱི། ཏ་ཊཱི། རུ་དྲ་ཎཱི།
Vol. 196 · folio 19a
ར་ཛ་ཀཱི་དང་། བྷ་ག་ཝ་ཏི། ཁཱ་ཎི། ཏ་རུ་ཎི་རྣམས་ཀྱང་ངོ་ཞེས་པ་ལ་སོགས་པ་རྣམས་སོ། །ལཀྵྨཱའི་སྒྲ་ནི། ཨཱི་ཡིག་གི་མཐའ་ལས་སི་དབྱིའོ་ཞེས་པས། སི་དབྱི་བ་མེད་དོ་ཞེས་པ་ཁྱད་པར་རོ། །ལཀྵ་ལྟ་བ་དང་ཡན་ལག་དག་གོ་ཞེས་པ་འདི་ལས། འདིས་ཐམས་
ཅད་བལྟ་བར་བྱ་བར་འགྱུར་རོ་ཞེས་པས། ཨ་བྲི་ཏྲཱྀ་སྟྲཱྀ་ཏན་རྣམས་ལས་ཨིའོ་ཞེས་པ་སྤྱིར་བཏང་ནས། ལཀྵི་ལས་མའི་མཐའ་ཅན་འང་ངོ་ཞེས་པས་ཨཱིའི་རྐྱེན་ཏེ། མུཊ་ཨཱ་ག་མའང་ངོ་། །རྟགས་ཀྱི་མིང་ཅན་ཏེ། སི་ལ་སོགས་པ་རྣམས་སོ། །ལཀྵྨཱིཿ། ལཀྵྨྱཽ། ལཀྵྨྱཿ། ལཀྵྨྱིཾ། ལཀྵྨྱཽ།
ལཀྵྨྱཿ ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། སཾ་བུདྡྷི་ལ་ཐུང་ངུའོ། །ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་ལཀྵྨྱི། ཧེ་ལཀྵྨྱཽ། ཧེ་ལཀྵྨྱ། དེ་བཞིན་དུ། ཨ་ཁཱི། ཏནྟྲཱི། ཏ་རཱི། ཁཱ་ཏ་པྲ་མཱི། སྟ་རཱི། ཡ་ཡཱི། པ་པཱི། ཏནྟྲཱི་ལ་སོགས་པ་རྣམས་སོ། །ཕུན་སུམ་
ཚོགས་པ་དང་འདོད་པར་བྱེད་པ་དག་ལ་ལཀྵྨཱི་དང་། ཨ་བཱི་ནི་མེ་ཏོག་དང་ལྡན་པའི་བུད་མེད་ལ་སྟེ། ཡོན་ཏན་གྱི་ཁྱད་པར་ལ་ཡང་ཏནྟྲཱི་རུ་ཤེས་སོ། །གྲུ་དང་ཀ་པེ་ཊི་ཀ་དག་ལ་ཏ་རཱིའོ། །ཁཱ་ཏ་པྲ་མཱི་ནི་རླུང་གི་རི་དགས་སུ་འགྱུར་རོ། །བྷ་ན་མུ་ཙིསྟ་རཱིའོ། །ཡ་ཡཱ་རྟ་ལའོ། །པ་པི་ཉི་མ་
ལའོ། །ཏནྟྲཱི་གཉིད་དང་པྲ་མཱི་ན་དག་ལའོ། །ཤྲི་ཉ་བསྟེན་པ་ལའོ། །ཝ་ཙི་པྲ་ཚི། ཤྲི་དྲུ་སྲུ་ཛུ་རྣམས་ཀྱི་ཀྭིབ་སྟེ། རིང་པོ་དང་སཾ་པྲ་སཱ་ར་ཎ་མེད་པའང་ངོ་ཞེས་པས་ཀྭི་པའོ། །བྱིངས་ཀྱིའང་རིང་པོའོ། །ཀྭིཔ་ནི་ཐམས་ཅད་བསྡུས་པ་དབྱིའོ། །རྟགས་ཀྱི་མིང་ཅན་ཏེ་སི་ལ་སོགས་པ་རྣམས་སོ། །
སིའི་རྣམ་པར་གཅད་བྱའོ། །ཤྲཱིཿ། དབྱངས་དང་པོ་ཅན་ལ་ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པས་ཨི་ཡ་རུ་བསྒྱུར་བའོ། །ཤྲི་ཡཽ། ཤྲི་ཡཿ། ཤྲི་ཡཾ། ཤྲི་ཡཽ། ཤྲི་ཡཿ། ཤྲི་ཡཱ། ཤྲཱི་བྷྱཱཾ། ཤྲཱི་བྷིཿ། ཐུང་ངུའི་ང་ལྡན་ལའོ་ཞེས་པས། ང་ལྡན་ལ་ན་དཱི་དང་འདྲ་
བར་འགྱུར་བའི་ཕྱོགས་ལ། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱཾའོ། །ཤྲི་ཡཻ། ཤྲི་ཡེ། ཤྲི་བྷྱཱཾ། ཤྲཱི་བྷྱཿ། ཤྲི་ཡཱཿ། ཤྲཱི་ཡཿ། ཤྲཱི་བྷྱཱཾ། ཤྲཱི་བྷྱཿ། ཤྲི་ཡཱཿ། ཤྲི་ཡཿ། ཤྲཱི་ཡཽཿ། བུད་མེད་བརྗོད་པ་ཨི་ཡ་ཨུ་ཝ་དག་ཨཱ་ལ་ཡང་ནའོ་ཞེས་མི་བསྒྱུར་བའི་ཕྱོགས་ལ་ན་དཱིའི་བྱ་བ་སྟེ། ཨཱཾ་ལའང་ནུ་དང་
Vol. 196 · folio 19b
ཎ་ཉིད་ཀྱང་ངོ་། །ཤྲཱི་ཎཱཾ། ཤྲི་ཡམ། ཤྲི་ཡི། ཤྲི་ཡོཿ། ཤྲཱི་ཥུ། ཀུན་དུ་བོད་པ་ལ་ན་དཱའི་མིང་མེད་པའི་ཕྱིར་སི་དབྱི་བ་དང་ཐུང་ངུ་ཉིད་དག་འགྱུར་བ་མ་ཡིན་ནོ། །ཧེ་ཤྲཱིཿ། ཧེ་ཤྲི་ཡཽ། ཧེ་ཤྲི་ཡཿ། དེ་བཞིན་དུ། བྷཱི་ཀྲཱི་དྷཱི་ལ་སོགས་པ་རྣམས་སོ། །འདྲེན་པར་བྱེད་པ་ནི་ནཱི་སྟེ། སཾ་པད་ལ་
སོགས་པ་ཉིད་ཀྱི་ཕྱིར་བུད་མེད་ལ་ཀྭོཔའོ། །བྷཱའི་སྒྲའི་ནི། ནཱི་ལས་ཇི་ཨཱ་མའོ་ཞེས་པ་ཁྱད་པར་རོ། །ནཱི་ཡམ། པ་ར་མའང་འདི་ཡིན་ལ་ནཱི་ཡང་ངོ་ཞེས་ཚིག་སྡུད་དེ། མི་ཟད་པ་དང་བྱེད་པ་ཅན་དག་ཁོ་ན་ལས་ཆོ་གའི་ཞེས་པ་བརྗོད་པ་ལས། ཡི་གེ་གཅིག་མ་ཡིན་པ་དག་གི་ནི་བརྩེགས་པ་
མ་ཡིན་པ་ལས་ཡ་ཝ་དག་གོ་ཞེས་པའི་ཡ་ཉིད་དུ་མི་འགྱུར་རོ། །པ་ར་མ་ཎི་ཡཱཾ། འདིའི་ལྷག་མ་ཤྲཱིའི་སྒྲ་དང་འདྲའོ། །སྟྲཱི་ཎཱི་ཏ་ལས་ཥཊའོ། །ཥཊ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ན་ད་ལ་སོགས་པ་ཉིད་ལ་ཨཱིའོ། །བཤད་པར་ནི་འདི་སྐད་བརྗོད་དེ། སྟྱཱ་ཡ་ཏི་འདིའི་མངལ་དུའོ་ཞེས་
པ་སྟི་སྟེ་སཾ་སྟྱཱ་ནེ། སྟྱཱ་ཏི་ལས་ཌུ་ཊི་ཞེས་པ་ཡ་ཝ་དག་གི་གསལ་བྱེད་ལ་ཨའོ་ཞེས་པས་ཌུཊི་ལ་ཡ་དབྱིའོ། །སྟྲཱི་སྒྲ་དེ་ལས་སི་ལ་སོགས་པ་རྣམས་སོ། །ཨཱི་ཡིག་གི་མཐའ་ཅན་ལས་སིའོ་ཞེས་པས་སི་དབྱིའོ། །ཏྲཱི་དབྱངས་དང་པོ་ཅན་ལ་སྟྲཱི་འང་ངོ་ཞེས་བྱིངས་དང་འདྲ་བར་འགྱུར་བ་
ལས་ཨཱིཏ་ཨཱུཏ་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པས་ཨི་ཡ་རུ་བསྒྱུར་བའོ། །སྟྲཱི་ཡཽ། སྟྲི་ཡཿ། ཨམ་ཤས་དག་ལ་ཡང་ནའོ་ཞེས་པའི་རྣམ་པར་བརྟག་པས་བྱིངས་དང་འདྲ་བར་འགྱུར་བ་ལས་ཕྱོགས་གཅིག་ལ་ཨི་ཡ་རུ་བསྒྱུར་བའོ། །ཨི་ཡ་རུ་བསྒྱུར་བ་མེད་པའི་ཕྱོགས་ལ། ཨཾ་ཤས་
དག་གི་དང་པོ་དབྱིའོ། །སྟྲཱིཾ། སྟྲི་ཡཾ། སྟྲི་ཡཽ། སྟྲཱིཿ། སྟྲཱི་ཡཿ། སྟྲི་ཡཱ། སྟྲཱི་བྷྱཱཾ། སྟྲཱི་བྷིཿ། སྟྲཱི་ན་དཱི་དང་འདྲའོ་ཞེས་པ་ན་དཱི་དང་འདྲ་བར་འགྱུར་བའི་ཕྱིར་རྟག་ཏུ་ན་དཱིའི་བྱ་བའོ། །སྟྲི་ཡཻ། སྟྲཱི་བྷྱཱཾ། སྟྲཱི་བྷྱཿ། སྟྲཱི་ཡཿ། སྟྲཱི་བྷྱཱཾ། སྟྲཱི་བྷྱཿ། སྟྲི་ཡཱཿ། སྟྲི་ཡོཿ། སྟྲཱི་ཥུ། ཀུན་དུ་བོད་པ་ལ་སཾ་བུདྡྷི་ལ་
ཐུང་ངུའོ། །ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་སྟྲི་ཡཽ། ཧེ་སྟྲི་ཡཿ། བུད་མེད་ལས་འདས་པ་ནི་ཨ་ཏི་སྟྲཱི་ཡཿ། ཅི་ལྟར་ཞེ་ན། སྟྲིའི་སྒྲ་དེ་དག་དང་བྲལ་བའི་ཕྱིར་ཐུང་ངུ་ཉིད་ཀྱིས་ན། བརྗོད་པའི་སྒྲུབ་པའོ། །ཨཽ་ཡིག་དང་ཨོས་ཕ་རོལ་ལའང་འདོད་པ་ཁོ་ནའོ། །
Vol. 196 · folio 20a
ཨམ་ཤས་དག་ལ་ཡང་ནའོ། །ཨ་ཏྲི་སྟྲི་ཡཽ། ཨ་ཏི་སྟྲི་ཡོཿ། ཨ་ཏི་སྟྲིཾ། ཨི་ཏི་སྟྲི་ཡཾ། ཨ་ཏི་སྟྲི་ཡཿ། ཨ་ཏི་སྟྲིཿ། ན་པ་ཤ། །ཨུ་ཡིག་གི་མཐའ་ཅན་དྷེ་ནུའི་སྒྲ་སྟེ། འདིའི་མཚན་ཉིད་ནི་བྷཱུ་མིའི་སྒྲ་དང་འདྲའོ། །དྷེ་ནུཿ། དྷེ་ནཱུ། དྷེ་ན་ཝཿ། དྷེ་ནུཾ། དྷེ་ནཱུ། དྷེ་ནཱུཿ། དྷེ་ནྭཱ།
དྷེ་ནུ་བྷྱཱཾ། དྷེ་ནུ་བྷིཿ། དྷེ་ན་ཝེ། དྷེ་ནུ་བྷྱཱཾ། དྷེ་ནུ་བྷྱཿ། དྷེ་ནྭཱཿ། དྷེ་ནུ་བྷྱཱཾ། དྷེ་ནུ་བྷྱཿ། དྷེ་ནྭཱཿ། དྷེ་ནོཿ། དྷེ་ནཱུ་ནཱཾ། དྷེ་ནྭི། དྷེ་ནཽཿ། དྷེ་ནུཥུ། ཀུན་དུ་བོད་པ་ལ། ཧེ་དྷེ་ནོ། ཧེ་དྷེ་ནུ། ཧེ་དྷེ་ན་ཝཿ། དེ་བཞིན་དུ། ཨིཀྵུ། ཨཱ་ཀུ། ཨི་རུ། ཨཱ་རུ། རུ་ཌུ། ཀ་རེ་ཎུ། ཤ་ཏི་དྲུ། སིན་དྷུ། ཤ་ཏ་དྲུ།
ཀནྟུ། ཀཱ་ཀུ། པྲི་ཡཾ་གུ། ཀུ་ཧ་རེ་ཧུ། རཛྫུ། ཧ་ནུ་དེ་བཞིན་དུ། ཀུན་དུ་རུ། མྲྀ་ཏྱུ། ཨ་ལུ་ཞེས་པ་ལ་སོགས་པ་རྣམས་སོ། །ཨཱུ་ཡིག་གི་མཐའ་ཅན་བ་དྷཱུའི་སྒྲ་སྟེ། འདིའི་བྱ་བ་ན་དཱི་དང་འདྲའོ། །ཨཱི་ཡིག་གི་མཐའ་ལས་སིའོ་ཞེས་པའི་སི་དབྱི་བ་མེད་དོ། །རེ་ཕ་དང་ས་དག་གི་
རྣམ་པར་གཅད་བྱའོ། །པ་དྷཱུཿ ཨུའི་ཡི་གེ་ཝ་ཞེས་པས་ཝ་ཉིད་དོ། །བདྷྭཽ། བདྷྭཿ། བདྷྭཾ། བདྷྭཽ། བདྷྭཿ། བདྷྭཱ། བདྷཱུ་བྷྱཱཾ། བ་དྷུ་བྷིཿ། བ་དྷྭེ། བ་དྷཱུ་བྷྱཱཾ། བ་དྷཱུཾ་བྷྱཱཾཿ། བདྷྭེཿ། བདྷཱ་བྷྱཱཾ། བདྷཱུ་བྷྱཿ། བདྷྭཿ། བ་དྷྭོཿ། བདྷཱུ་ནཱཾ། བདྷྭི། བདྷྭོཿ། བ་དྷཱུ་ཥུ། ཀུན་དུ་བོད་པ་ལ། ཧེ་བ་དྷུ་
ཧེ་བ་དྷྭཽ། ཧེ་བ་དྷྭཿ། དེ་བཞིན་དུ་ཏ་ནཱུ་ལུས་ལའོ། །དྷ་ནཱུ་མཚོན་ལའོ། །ཀཪྵུ་བ་ལས་བྱུང་བའི་དག་བྱེད་ལའོ། །ཁསྫུ་ཀ་ཎ་ཏི་ལ་འདོད་དོ། །ཏ་རྡུ་བུད་མེད་ཀྱི་ལག་པ་ལ་འགྱུར་རོ། །ཨནྡྷུ་ར་ལ་འགྱུར་རོ། །ཀརྐན་དྷུརྒྱ་ཤུག་ལ་འདོད་དོ། །སརྫུ་དབང་དུ་བྱེད་པ་ལའོ། །
ཛམྦུ་ར་ལ་ཙཱུ་ཏུམྦི་ཀའི་འབྲས་བུའོ། །ཤཀྟི་ཞེས་བྱ་བའི་མཚན་ཆ་ལ་ཀཱ་སཱུའོ། །ཀཱནྡྷཱུ་ཕ་རོལ་གྱི་ནོར་འཕྲོག་པ་ལའོ། །པཱ་ཌུ་བུ་ཌྷིནྟ། བནྣ་ཌྷྭི། བ་རཱུ་སྐྱོ་བ་ལ་ཙ་མཱུའང་ངོ་། །དྭི་རཱ་ཌཱ་དི། དྷི་ཥཱུ་ཆུང་མར་ཡང་ཤེས་པར་བྱའོ། །ཀ་ནཱི་ཡ་སཱི་ཀུ་ཀཱུ་དེ་ནི་གནམ་སྟོང་ཟད་པ་གང་དུ་ཟླ་
བའི་ཆ་རུ་འགྱུར་རོ། །ཡ་ཏི་ཡ་ནོ། ནི་པྲ་པཱུའོ། །ཤོ་ཥཱ་འཁུར་བ་བཀྲམ་པར་འདོད་དོ། །དུམ་བུའི་གཏམ་ནི། ཙམྤཱུ་རུ་འགྱུར་རོ། །ཀཙྪུ་ནི་རྡོ་རུ་བརྗོད་དོ། །བྷྲཱུའི་སྒྲ་ནི་ཤྲཱིའི་སྒྲ་དང་འདྲ་བར་དྲང་བར་བྱ་སྟེ། བྷྲཱུ་བྱིངས་བཞིན་ནོ་ཞེས་བསྒྲེ་བ་ལས་སོ། །དབྱངས་དང་པོ་ཅན་ལ་ཨུ་
Vol. 196 · folio 20b
ཝར་འགྱུར་རོ་ཞེས་པ་ཁྱད་པར་རོ། །བྷཱུཿ། བྷུ་ཝཽ། བྷྲུ་ཝཿ། བྷྲུ་ཝཾ། བྷྲུ་ཝཽ། བྷུ་ཝཿ། བྷྲུ་ཝཱ། བྷྲུ་བྷྱཱཾ། བྷཱུ་བྷིཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་བྷྲུཿ། ཧེ་བྷྲུ་ཝཽ། ཧེ་བྷྲུ་ཝཿ། དེ་བཞིན་དུ། བྷཱུ། ལཱུ། པཱུ། ཤཱུ། ཧཱུ་ལ་སོགས་པ་རྣམས་སོ། །པུ་ནརྦྷུའི་སྒྲ་ཁྱད་
པར་ནི་སླར་ཡང་འབྱུང་ངོ་ཞེས་པས་ཀྭི་པའོ། །བུ་ནརྦྷུཿ། ཨུཝ་ཐོབ་པ་ལ་བྷཱུའི་བཪྵ་བྷཱུ་ནརྦྷཱུ་མ་ཡིན་པའོ་ཞེས་པའི་དགག་པ་ལས་ཡི་གེ་གཅིག་མ་ཡིན་པ་དག་གི་བརྩེགས་པ་མ་ཡིན་པ་ལས་ཡ་ཝ་དག་གོ་ཞེས་པས་ཝ་ཉིད་དོ། །པུ་ནརྦྷྭཽ། བུ་ནརྦྷྭཿ། ཨམ་ཤས་དག་གི་དང་པོ་
དབྱིའོ། །དེ་བཞིན་དུ་ཆ་ཤས་དང་གནས་དག་ལ་ནི་ན་དཱིའི་མིང་ཡོད་དོ་ཞེས་པའོ། །ཧེ་ཨ་དྷི། ཧེ་པུ་ནརྦྷུ། སཾ་བུདྡྷི་ལ་སི་དབྱི་བ་དང་ལྡན་པ་ལ་ཐུང་ངོ་། །དེ་བཞིན་དུ་ཨ་དྷཱིཿ། པུ་ནར་བྷཱུཿ། པུ་ཤྱ་ཞེས་ཤས་ཀྱི་ཨ་ཡིག་དབྱིའོ་ཞེས་ཊཱི་ཀཱའོ། །བྱམས་པ་བསྲུང་བས་ནི་བཤད་པ། བཤད་
པར་ཡང་དྲིན་བྷཱུའི་སྒྲ་འདི་ནི་ཨུ་ཎ་ལ་སོགས་པར་མཐོང་སྟེ། དེ་ཡང་གཉིས་པའི་གཅིག་གི་ཚིག་དང་མང་པོའི་ཚིག་དག་ལ་སྔ་མ་སྔ་མའི་འདྲ་བའི་ཡི་གེ་ཉིད་ཀྱང་བཀག་ནས་ཡ་ཎར་བསྒྱུར་བའི་དོན་ཏེ། དཔེར་ན་བཪྵ་བྷྱཾ། བཪྵ་བྷྲཿཞེས་པ་ལྟ་བུའོ་ཞེས་སོ། །པུ་ནརྦྷྲཾ། པུ་ནརྦྷྭཽ། པུ་
ནར་བྷྭཿ། པུ་ནརྦྷྭཱ། པུ་ནརྦྷཱུ་བྷྱཱཾ། པུ་ནརྦྷཱུ་བྷིཿ། ཨུ་ཝར་བསྒྱུར་བ་མེད་པའི་ཕྱིར་རྟག་ཏུ་ན་དཱིའི་བྱ་བའོ། །པུ་ནརྦྷཻ། པུ་ནརྦྷཱུ་བྷྱཱཾཿ། པུ་ནརྦྷཱུ་བྷྱཿ་ཞེས་པ་ལ་སོགས་པའོ། །ཨཱམ་ལ་ནི། ཨཱམ་ལའང་ནུའོ། །པུ་ནརྦྷཱུ་ཎཱཾ། པུརྞ་ཙནྟྲའི་ས་ནི། དྷྭ་ཏུ་པ་ར་ཡ་ན་རུ་ནུཌ་མེད་པར་བཪྵ་བྷྭཱཾ། པུ་ནརྦྷྭཱཾ་
ཞེས་དཔེར་བརྗོད་དོ། །ཀུན་དུ་བོད་པ་ལ། སཾ་བུདྡྷི་ལ་ཐུང་ངུའོ། །ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ། །ཧེ་པུ་ནརྦྷཱུ། ཧེ་པུ་ནརྦྷཽ། ཧེ་པུ་ནརྦྷྭཿ། དེ་བཞིན་དུ། དབྱར་རྣམས་སུ་འབྱུང་ངོ་ཞེས་པས་ཀྭི་པའོ། །ཝཪྵ་བྷཱུའི་སྒྲ་ནི་རྟགས་གཉིས་པ་སྟེ། དེ་སྐད་དུ་ཡང་། པུ་ནར་ནཱ་
བ་ལ་ཝཪྵ་བྷཱུ་བུད་མེད་དོ། །ཀིཉྩུ་ལ་ཀ་དང་སྦལ་པ་ལ་སྐྱེས་པའོ་ཞེས་དྲག་པོའི་འབངས་སོ། །དེ་ལ་སྐྱེས་པ་ལ་ནགྣ་ཀཱུའི་སྒྲ་དང་འདྲའོ། །བུད་མེད་ལ་པུ་ནརྦྷཱུའི་སྒྲ་དང་འདྲའོ། །བྷཱུའི་ཝཪྵ་བྷཱུ་དང་པུ་ནརྦྷཱུ་མ་ཡིན་པ་ཞེས་པ་འདིར་དྲིན་བྷུ། ཀཱ་ར་བྷཱུ། ཀ་ར་བྷཱུཿའི་སྒྲ་རྣམས་ཀྱང་དགག་པར་
Vol. 196 · folio 21a
རྟོགས་པར་བྱ་སྟེ། དེས་ན་ཨུ་ཝར་བསྒྱུར་བར་མི་འགྱུར་རོ། །དྲིན་བྷཱུཿ། དྲིན་བྷྭཽ། དྲིན་བྷྭཿཞེས་པ་ལ་སོགས་པའོ། །ཀཱ་ར་བྷཱུཿ། ཀ་ར་བྷྭོ་ཀཱ་ར་བྷྭཿཞེས་པ་ལ་སོགས་པའོ། །ཀཱ་རའི་སྒྲ་འང་བུད་མེད་ཀྱི་རྟགས་ཀྱིས་ཁྱད་པར་དུ་བྱས་པར་བལྟ་བར་བྱ་སྟེ། ཀཱ་རཱ་བྷྭོ་ཞེས་པ་འདི་
ནི་འདོད་པ་གཞན་ནོ་ཞེས་པ་ཊཱ་ཀའོ། །བཱི་ར་སཱུཿ། བཱི་ར་སྭཽ། བཱི་ར་སྭཿཞེས་པ་ལ་སོགས་པའོ། །པུ་ནརྦྷཱུ་ནི་གཉིས་སྐྱེ་བ་ལའོ། །དྲིན་བྷཱུ་ནི་པནྣ་ག་དང་རྡོ་རྗེ་དག་ལའོ། །ཨཱ་ཛཱུ་བཥྚིར་བརྗོད་དེ། གཾ་གཱ་ལ་བྷིཥ་སཱུའང་ངོ་། །ཀཱ་ར་བྷུ་ནི་ངེས་པའི་གནས་དང་བྱ་བ་ལའང་འདོད་དོ། །པྲ་པཱུ་ནི་རྒོད་མ་
དང་སྐྱེ་མ་དག་ལའོ། །དཔའ་བོ་ཏི་མ་ནི་བཱི་ར་སཱུའོ། །བུད་མེད་ཀྱི་རྟགས་གང་ཨཱ་ཏི་དང་ཨུ་ཏའི་མཐའ་ཅན་ཀྭིབ་ཕྱིས་ཤིང་ཚིག་སྡུད་དུ་བྱས་པ་རྣམས་ལ་རྟགས་གཞན་ལ་འཇུག་སྟེ། དེའི་དང་པོའི་རྟགས་ཉིད་འདོད་པར་བྱའོ། །དེས་ན་འདི་དག་གི་བུད་མེད་བརྗོད་པ་ན་དཱིའི་མིང་དུ་འགྲུབ་བོ། །
ཀྭིཔ་ལ་རེ་ཞིག་གཞོན་ནུ་མ་ལ་འདོད་པར་བྱེད་དོ་ཞེས་པས་ཀུ་མཱ་རཱི་ཡ་ཏི། མིང་ལས་བདག་ཉིད་འདོད་པ་ལ་ཡིནའོ་ཞེས་པས་ཡིནའོ། །དེ་ལས་ཀྭིཔའོ། །ཡ་བ་དག་གི་གསལ་བྱེད་ལ་ཡ་མ་ཡིན་པ་ལའོ་ཞེས་པས་ཡིནའི་ཡ་དབྱིའོ། །ཀུ་མཪྻེ་པུ་རུ་ཥཱ་ཡ། ཕྱིས་པ་ལ་ཁ་ར་ཀུ་ཊཱི་ཨི་བ་ཁ་
ར་ཀུ་ཊི་བྷཱ་བེ། མིང་དང་ལན་པོ་དག་ལའོ་ཞེས་པས་ཀནའོ། །དེ་ནི་དེ་བ་པ་ཐ་ལ་སོགས་པ་ཉིད་ཀྱི་ཕྱིར། མིང་བརྗོད་པར་བྱ་བ་ལ་གཞན་རྣམས་འཕྱིད་བར་བྱེད་དོ། །ཁོ་བོ་ཅག་གི་ནི་གང་ཁ་ར་ཀུ་ཊཱི་དང་འདྲ་བ་དེ་ཁ་ར་ཀུ་ཊཱི་ཉིད་དོ་ཞེས་མངོན་པར་ཞེན་པ་ལས་དཔེར་འཇིག་རྟེན་གྱིས་བརྗོད་པར་
བྱའོ་ཞེས་པས་ཀ་ཉིད་འདིར་མེད་པའོ། །ཡང་ན་མང་པོ་ཉིད་ཀྱི་ཕྱིར་ལན་བྱེད་པ་དང་མིང་ལ་ཀ་མེད་དོ། །ཁ་ར་ཀུ་ཊཱི་དང་འདྲ་བ་དེ་ཁ་ར་ཀུ་ཊཱི་པུ་རུ་ཥཱ་ཡ། ཚིག་སྡུད་ལ་ལཀྵྨཱི་ལས། འདས་པའི་ཆེད་དུ་ན་ཨ་ཏི་ལཀྵྨྱེ་པུ་རུ་ཥཱ་ཡའོ། །དེ་དང་འདི་ཅི་ལྟར་གྲུབ་ཅེ་ན། གྲུབ་པ་ནི་ཆ་ཤས་
བུད་མེད་ཉིད་ཀྱི་ཕྱིར་རོ་ཞེས་བཤད་པའོ། །འདི་ཡང་རྗོད་པར་བྱེད་དེ། ཇི་ལྟར་དཱ་རའི་སྒྲ་སྐྱེས་པ་ལ་འཇུག་པ་ཉིད་ནི་བུད་མེད་རྗོད་པར་བྱེད་པ་དེ་ལྟར་འདི་རྣམས་ཀྱང་རང་བཞིན་གྱིས་བུད་མེད་མི་སྟོང་སྟེ། དེ་བཞིན་དུ་སྐྱེས་པ་དང་མ་ནིང་དག་རྗོད་པར་བྱེད་པ་རྣམས་སོ་ཞེས་སོ། །ཆ་ཤས་བུད་
Vol. 196 · folio 21b
མེད་ཉིད་ནའང་འགའ་ཞིག་ཏུ་མི་འདོད་དོ། །དེ་ལ་འགྲེལ་པ་བྱེད་པས་ངེས་པ་རྗོད་པར་བྱེད་དེ། ཐུང་ངུ་ཅན་ང་དང་ལྡན་པའི་གནས་འཇུག་པ་ལ་བུད་མེད་བརྗོད་པ་ཁོ་ནའོ་ཞེས་སོ། །ཐུང་ངུ་ཅན་ང་དང་ལྡན་པའི་གནས་དག་ལ་འཇུག་པ་དོན་གཞན་རྟོགས་པར་བྱེད་པའི་ཚིག་བསྡུ་བ་ལའོ་ཞེས་
པའི་དོན་ཏོ། །དེ་ལ་བུད་མེད་རྗོད་པར་བྱེད་པ་ཁོ་ན་ན་དཱི་དང་འདྲ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཨ་ཏི་མ་ཏྱཻ་སྟི་ཡཻ། ཨ་ཏི་དྷེ་ནྭེ་སྟྲི་ཡཻ། ཨ་ཏི་ཤྲི་ཡཻ། ཨ་ཏི་བྷྲུ་བཻ་སྟྲི་ཡཻ་ཞེས་པའོ། །ཅི་ཞིག་ལ་མི་འགྱུར་ཞེ་ན། ཨ་ཏི་མ་ཏ་ཡེ་པུ་རུ་ཥཱ་ཡ་ཞེས་པ་ལ་སོགས་པ་ལའོ། །གལ་ཏེ་ཡང་འདོད་
པ་གཞན་ཐུང་ངུ་ཅན་ང་ལྡན་པའི་གནས་འཇུག་པ་ན་བུད་མེད་རྗོད་པར་བྱེད་པ་ཁོ་ན་ན་དཱི་དང་འདྲ་བར་འགྱུར་རོ་ཞེས་པ་དེའི་འང་རིགས་པ་སྔ་མ་ཁོ་ནའོ། །ཨ་ཏི་མ་ཏྱཻ། ཨ་དྷི་དྷྭེ་ནྭཻ། ཨ་ཏི་ཤྲི་ཡཻཿ། སཀྵ་ཏ་ཁྱཱ་ཏི་ཀུ་མ་ར་མཱུརྟི་མ་ཧི་ཏེ་མཉྫུ་ཤྲཱི་ཡཾ། ཤཱསྟ་རི་ཞེས་རྣམ་པ་དང་བཅས་པ་གྲུབ་པར་ཡེ་
ཤེས་དཔལ་བཤེས་གཉེན་གྱི་ཞབས་ཀྱིས་སྦྱོར་བའོ། །ཨ་ཏི་བྷྲུ་བཻ་སུ་ན་སེ། འདིར་མི་འགྱུར་ཏེ། ཨ་ཏི་མ་ཏ་ཡེ་སྟྲི་ཡཻ། ཨ་ཏི་དྷེ་ན་བེ། ཨ་ཏི་ཤྲཱི་ཡེ་སྟྲི་ཡཻ། ཨ་ཏི་བྷུ་བཻ་ཞེས་པའོ། །ཡིན་ལ་སོགས་པའི་འཇུག་པ་ལ་སྐྱེས་པ་ཉིད་ལ་དང་བུད་མེད་ཉིད་ལའོ་ཞེས་ཙཱ་པ་བ་རུའོ། །གཉི་ག་ཚད་
མ་ཡིན་ལ་དེའང་དེས་ཕྱིར་བསྡུས་པའོ། །རྀ་ཡིག་གི་མཐའ་ཅན་མ་ཏྲྀའི་སྒྲ་ནི་པི་ཏྲྀའི་སྒྲ་དང་འདྲ་སྟེ། མཱ་ཏཱ། མ་ཏ་རཽ། མཱ་ཏ་རཿ། མ་ཏ་རཾ། མཱ་ཏ་རཽ། བུད་མེད་མ་ཡིན་པའོ་ཞེས་པའི་དགག་པ་ལས་ཤས་ཀྱི་ས་ཡིག་ན་ཉིད་དུ་འགྱུར་བ་མ་ཡིན་ནོ། །མཱ་ཏྲཱཿ། མཱ་ཏྲཱ། མཱ་ཏྲྀ་བྷྱཱཾ། མ་ཏྲྀ་བྷིཿ།
ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་མཱ་ཏཿ། ཧེ་མཱ་ཏ་རཽ། ཧེ་མཱ་ཏ་རཿ། ཀུན་དུ་བོད་པའི་གཅིག་གི་ཚིག་གི་མཐའ་ཅན་མཱ་ཏྲིའྀ་སྒྲ་དང་མཚུངས་པ་མཱ་ཏཿའི་སྒྲ་མི་ཟད་པ་ཡོད་དོ། །དེའི་སྦྱོར་བ་འདི་ཡིན་ཏེ། པ་ཤྱ་ཏ་མཱ་ཏཿ། པུ་རུ་ཥ་སྱ་བཻ་པ་རི་ཏྱཾ་ཞེས་པའོ། །གཞན་རྣམས་
ནི་པ་ཤྱ་ཏ་མཱ་ཏ་རཿཞེས་ཁོ་ནར་ཀློག་པར་བྱེད་དོ། །དེ་བཞིན་དུ་སྡེ་པའི་ཆུང་མ་ཡང་ཏྲྀ་རྣམས་ནི་དེ་རྣམས་ཕན་ཚུན་ནོ། །ན་ནཱ་ནྟྲི་ནི་བདག་པོའི་སྲིང་མོའོ། །བུ་མོ་ལ་དུ་ཧི་ཏྲི་འདོད་དོ། །སྭ་སྲྀའི་སྒྲ་ནི་པྲ་ཤཱསྟྲིའི་སྒྲ་དང་འདྲའོ། །སྭ་སཱ། སྭ་སཱ་རཽ། སྭ་སཱ་རཿ། སྭ་སཱ་རཾ། སྭ་སཱ་རཽ། བུད་མེད་
Vol. 196 · folio 22a
ཀྱི་རྟགས་ཅན་ཉིད་ཀྱི་ཕྱིར་ན་ཉིད་མེད་དོ། །སྭ་སཱཿ། སྭ་སྲཱ། སྲ་སྲྀ་བྷྱཱཾ། སྲ་སྲྀ་བྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་སྭ་སཱཿ། ཧེ་སྭ་སཱ་རཽ། ཧེ་སྭ་སཱ་རཿ། དེ་བཞིན་དུ་ན་སྟྲྀ་ལ་སོགས་པ་རྣམས་སོ། །དེ་སྐད་དུ་ནི། སྭ་སྲྀ་ལ་སོགས་པ་ཉིད་ཀྱི་ཕྱིར་ན་སྟཱ་ཞེས་བྷ་
ཥའི་འགྲེལ་པ་བྱེད་པའོ། །གཞན་རྣམས་ནི་སྭ་སྲི་ལ་སོགས་པ་ཉིད་དུ་འདི་ཉིད་དུ་འདི་མི་འདོད་དོ། །དེའི་ལུགས་ཀྱིས་ན་ད་ལ་སོགས་པ་ཉིད་ཀྱི་ཕྱིར་ཨཱིའི་རྐྱེན་ནོ། །ན་སྟྲྀ། པཽ་ཏྲཱྀ། རཱི་ཏའི་མཐའ་ཅན་དང་ལྀའི་ཡི་གེ་མཐའ་ཅན་དག་རབ་ཏུ་གྲགས་པ་མེད་དོ། །ཨེ་ཡིག་གི་མཐའ་ཅན་དྲན་པའི་
དགའ་མ་རྗོད་པར་བྱེད་པ་སེའི་སྒྲ་སྟེ། ཨི་དང་བཅས་པར་འཇུག་གོ་ཞེས་པ་སེའོ། །རྟགས་ཀྱི་མིང་ཅན་ནོ། །སི་ལ་སོགས་པ་རྣམས་སོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །སེཿ། དབྱངས་དང་པོ་ཅན་ལ་ཨེ་ཨ་ཡའོ། །ས་ཡཽ། ས་ཡཿ། ས་ཡམ། ས་ཡཽ། ས་ཡཿ། ས་ཡཱ།
སེ་བྷྱཱཾ། སེ་བྷིཿ། སེ་ཡེ། སེ་བྷྱཱཾ། སེ་བྷྱཿ། གཞན་རྣམས་ནི་ང་སི་ངས་དག་གི་ཨ་ཡིག་སྔ་མའི་གཟུགས་ཉིད་ལ། སེཿཞེས་སྒྲུབ་བོ། །ཁོ་བོ་ཅག་ནི་ང་སི་ངས་དག་གི་ཨ་དབྱི་བའང་ངོ་ཞེས་པ་འདིར། ཨའི་དབྱི་བའང་ངོ་ཞེས་ཅི་ལྟར་མི་བྱེད། ཁྱད་པར་དུ་བྱེད་པའི་རྗེས་སུ་འབྲེལ་པ་མེད་པ་རྣམས་དོར་
ནས། ཨསྨཱ་ཏྲཾ། འདིར་གཟུང་བར་བྱའོ། །ཛས་དང་ཤས་ལའང་ཁྱད་པར་བྱས་པའི་ཕྱིར། ང་སི་ངས་ཁོ་ན་དག་འཛིན་པ་རྟོགས་པར་བྱའོ་ཞེ་ན་བདེན་ཏེ། ང་སི་ངས་དག་ལ་ཞེས་ཉེ་བར་བླངས་པ་ནི་མཚོན་པར་བྱ་བ་གཞན་འཛིན་པ་གསལ་བར་བྱེད་དོ། །མདོའི་རྒྱུན་ཆེན་པོས་སློབ་དཔོན་རྣམས་
ཀྱི་དགོངས་པ་མཚོན་པར་བྱའོ་ཞེས་པའི་རིགས་པ་ལས་སོ། །དེས་ན་སེ་ལ་སོགས་པ་རྣམས་ལས་ཕ་རོལ་གྱི་ང་སི་ངས་དག་གི་ང་ཨའི་དབྱི་བ་གྲུབ་པར་འགྱུར་རོ་ཞེས་མཚོན་པར་བྱའོ། །སེཿ། སེ་བྷྱཱཾ། སེ་བྷྱཿ། སེཿ། ས་ཡོཿ། ས་ཡཱཾ། ས་ཡི། ས་ཡིཿ། སེ་ཥུ། ཀུན་དུ་བོད་པ་ལ།
སྔར་བྱུང་བའི་ཐུང་ངུ་ལ་བརྟེན་ནས། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པ་སི་དབྱི་སྟེ། ཧེའོ། དེས་ན། ཧེ་སེ། དེ་མདོ་ཉིད་དུ་ཊཱི་ཀཱ་བྱེད་པས་བཤད་པ། ཤྲདྡྷཱ་ལས་ཨེ་ཉིད་དུ་བྱས་པ་ན་ཤྲདྡྷཱ་ལས་སི་དབྱིའོ་ཞེས་པ་འདིས་གྲུབ་བོ་ཞེས་པ། ཤྲདྡྷཱ་སྨོས་པ་འང་འདིར་སྔོན་བྱུང་བའི་ཤྲདྡྷཱར་རྟོགས་
Vol. 196 · folio 22b
པའི་དོན་དུའོ། །དེ་དང་ལྷན་ཅིག་སྤྱོད་པ་ལས་ཨེ་ཡིག་དང་ཨུ་ཡིག་ལས་ཀྱང་སྔོན་བྱུང་བ་ལས་ཤེས་ནས་སོ། །ཧེ་ས་ཡཽ། ཧེ་ས་ཡཿ། དེ་བཞིན་དུ་གཞན་རྣམས་ཀྱང་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ཨེ་ཡིག་གི་མཐའ་ཅན་རེ་རེའི་སྟེ། སྐྱེས་པའི་རྟགས་ཀྱི་སྐབས་ཉིད་དུ་
བཤད་ཟིན་ཏོ།། །།ཨོ་ཡིག་གི་མཐའ་ཅན་ནས་དྱོའི་སྒྲ་ནི། གོའི་གྷུཌ་ལ་ཨཽའི་ཞེས་པ་འདིར་ཁྱད་པར་མེད་པའི་གོ་སྒྲ་ནི། ཨཽ་ཡིག་མཐའ་ཅན་ཉེ་བར་མཚོན་པའོ། །ཨམ་ཤས་དག་ལ་ཨའོ། །གོ་ལས་ཀྱང་ངོ་ཞེས་པ་འདིར་འང་ངོ་ཞེས་ཁ་ཅིག་གོ། །དེས་ན་གོ་སྒྲ་དང་འདྲ་བར་རྟོགས་
པར་བྱའོ། །དྱཽཿ། དྱཱ་ཝཽ། དྱཱ་ཝཿ། དྱཱཾ། དྱ་ཝཽ། དྱ་ཝཿ། དྱ་ཝཱ། དྱོ་བྷྱཱཾ། དྱོ་བྷྱཿ། དྱ་ཝེ། དྱོ་བྷྱཱཾ། དྱོ་བྷྱཿ། དྱོཿ། དྱོ་བྷྱཱཾ། དྱོ་བྷྱཿ། དྱོཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་སོ་ལ་སོགས་པ་རྣམས་ཏེ། གོའི་གྷུཊ་ལ་ཨཽའོ་ཞེས་པ་འདིར་དྱོའི་སྒྲའི་དོན་ཉིད་གོ་སྒྲ་ཉེ་བར་མཚོན་པ་ཉིད་དུ་བཤད་པར་བྱ་སྟེ།
དེས་ན་སོ་ལ་སོགས་པ་རྣམས་ཀྱིའང་ཨོ་ཉིད་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །འདི་ལའང་དྱོའི་སྒྲ་ལས་ཀྱང་ཕ་རོལ་སཪྺ་ནཱ་མ་གནས་པ་རྒྱས་པར་བཤད་པར་བྱའོ་ཞེས་པའི་ཚིག་མཚོན་པར་བྱའོ་ཞེས་པ་ཁ་ཅིག་གོ། །ཨཽ་ཡིག་གི་མཐའ་ཅན་ནཽའི་སྒྲ་ནི་གླཽའི་སྒྲ་དང་འདྲ་སྟེ། ནཽཿ། ནཱ་ཝཽ།
ནཱཝཿ། ནཱ་ཁཾ་ཞེས་པ་ལ་སོགས་པའོ། །བུད་མེད་ཀྱི་དབྱངས་ཀྱི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།གསལ་བྱེད་ཀྱི་མཐའ་ཅན་བརྗོད་པར་བྱའོ། །དེ་ལ་ཀ་སྡེའི་མཐའ་ཅན་རབ་ཏུ་གྲུབ་པ་མེད་དོ། །ཙའི་མཐའ་ཅན་ཝ་ཙའི་སྒྲ་ནི་ཀ་མུ་ཙའི་སྒྲ་དང་འདྲའོ། །ཝཱཀ །ཝཱག །ཝཱ་ཙཽ། །
ཝཱ་ཙཿ། ཝཱ་ཙཾ། ཝཱ་ཙཽ། ཝཱ་ཙཿ། ཝཱ་ཙཱ། ཝཱ་གྦྷྱཱཾ། ཝཱ་གྦྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ཤུ་ཙ། རི་ཙ། སི་ཙ། ཏྭཙ་ལ་སོགས་པ་རྣམས་སོ། །ཆ་མཐའ་ཅན་རབ་ཏུ་གྲུབ་པ་མེད་དོ། །ཛ་མཐའ་ཅན་སྲྀ་ཛའི་སྒྲ་སྟེ། དེ་གཏོང་ངོ་ཞེས་པས་རི་ཏྭི་ཛ། ད་དྷྲྀ་ཛ་ཞེས་པ་ལ་སོགས་པས་ཀྭིབ་
སྟེ། སྲྀ་ལས་ཕ་རོལ་ཨ་ཡིག་དང་ར་ཉིད་ཀྱང་ངོ་། །དེ་ནས་སྲྀཛའི་སྒྲ་ལ་སོགས་པ་རྣམས་སོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ག་ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །སྲཀ །སྲག །སྲ་ཛཽ། སྲ་ཛཿ། སྲ་ཛཾ། སྲ་ཛཽ། སྲ་ཛཿ།
Vol. 196 · folio 23a
སྲ་ཛཱ། སྲགྦྷྱཱཾ། སྲགྦྷིཿ། སྲ་ཛེ། སྲགྦྷྱཱཾ། སྲགྦྷྱཿ། སྲཛཿ། སྲགྦྷྱཱཾ། སགྦྷཿ། སྲ་ཛཿ། སྲ་ཛོཿ། སྲ་ཛཱཾ། སྲ་ཛི། སྲ་ཛོཿ། སྲཀྵུ། སྲཁྶུ། ཀུན་དུ་བོད་པ་ལ། ཧེ་སྲཀ །ཧེ་སྲག །ཧེ་སྲ་ཛཽ། ཧེ་སྲ་ཛཿ། དེ་བཞིན་དུ་རུ་ཛ་དང་། ཡུ་ཛ་ཡང་དག་པར་འཛིན་པ་ལའོ། །སཾ་པ་
ད་ལ་སོགས་པ་ཉིད་ཀྱི་ཕྱིར་དངོས་པོ་ལ་ཀཱིཔའོ། །ཡུ་ཛིའི་གྷུཊ་ལ་བསྡུ་པ་མེད་ན་ནུའོ་ཞེས་པས་ནུ་འགྱུར་རོ། །ཨུ་ཡིག་གི་ཡུ་ཛིར་སྦྱོར་བ་ལའོ་ཞེས་པ་ཉེ་བར་མཚོན་པའི་ཕྱིར་ཡུ་ཛིར་བྱུང་བའི་དྲང་སྲོང་རྣམས་སོ། །རྒྱུ་སྐར་ཐ་སྐར་རྗོད་པར་བྱེད་པའི་ཨ་ཤྲོ་ཡུཛའི་སྒྲའོ། །ཛྷ་མཐའ་དང་ཉ་མཐའ་
དང་ཊ་སྡེའི་མཐའ་ཅན་རྣམས་རབ་ཏུ་གྲུབ་པ་མེད་དོ། །ཏ་མཐའ་ཅན་ཡོ་ཥི་ཏའི་སྒྲ་ནི་མ་རུཏའི་སྒྲ་དང་འདྲ་བར་རྟོགས་པར་བྱའོ། །ཡོ་ཥི་ཏ། ཡོ་ཥི་ད། ཡོ་ཥི་ཏོ། ཡོ་ཥི་ཏཿ། ཡོ་ཥི་ཏཾ། ཡོ་ཥི་ཏོ། ཡོ་ཥི་ཏཿ། ཡོ་ཥི་ཏཱ། ཡོ་ཥིདྦྷྱཱཾ། ཡོ་ཥིདྦྷིཿ། ཡོ་ཥི་ཏེ། ཡོ་ཥི་དྦྷྱཱཾ། ཡོ་ཥྀ་བྷྱཿཞེས་པ་ལ་སོགས་
པའོ། །དེ་བཞིན་དུ་ས་ཏི། བེ་ཧ་ཏ། ཏ་ཌ་ཏི། བི་དྷུ་ཏ། ཙིཏ། ཏྲི་ཏ། ཀྲྀཥྞཏ། བྲྀཏ་ལ་སོགས་པ་རྣམས་སོ། །ཐའི་མཐའ་ཅན་མི་སྲིད་དོ། །ད་མཐའ་ཤ་རདའི་སྒྲ་ནི་ཀྲ་བྱདའི་སྒྲ་དང་འདྲ་སྟེ། ཤ་རཏ། ཤ་རད། ཤ་ར་དཽ། ཤ་ར་དཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ། མུད། མྲྀད། པ་རི་
ཥད། པཪྵད། ཨུ་པ་ནི་ཥད། པྲ་ཏི་པད། ཨཱ་པད། བི་པད། སཾ་པད་ལ་སོགས་པ་རྣམས་སོ། །དྷ་མཐའ་ཀྵུ་དྷའི་སྒྲ་ནི་མྲྀ་ག་བི་དྷའི་སྒྲ་དང་འདྲ་སྟེ། ཀྵུཏ། ཀྵུད། ཀྵུདཽ། ཀཥུ་དྷཿ། ཀྵུདྷཾ། ཀྵུ་དྷཽ། ཀྵུ་དྷཿ། དེས་པ་ལ་སོགས་པའོ། །དེ་བཞིན་དུ་ས་མི་དྷ། ཀྲུདྷ་ཡུདྷ་ལ་སོགས་པ་རྣམས་
སོ། །ན་མཐའ་སནའི་རཱ་ཛ་ནའི་སྒྲ་དང་འདྲ་བར་རྟོགས་པར་བྱའོ། །སཱ་མཱ། སཱ་མ་ནཽ། སཱ་མཱ་ནཿ། སཱ་མཱ་ནཾ། སཱ་མཱ་ནཽ། ཤས་ལ་སོགས་པ་དབྱངས་དང་པོ་ཅན་ལ་ཏ་སྡེ་ནི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཙཊའི་སྡེ་བ་དག་གོ་ཞེས་པའི་ན་ཡིག་གི་ཉ་ཡིག་མེད་དོ། །སཱ་མཱཿ། སཱམྣཱ། སཱ་མ་བྷྱཱཾ། སཱ་མ་བྷིཿ། སཱམྣེ།
སཱ་མཱ་བྷྱཱཾ། སཱ་མ་བྷྱཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་དཱ་མནྡ། སི་མནྡ་ལ་སོགས་པ་རྣམས་སོ། །པ་མཐའ་རྟག་ཏུ་མང་པོའི་ཚིག་གི་མཐའ་ཅན་ཨ་པའི་སྒྲ་སྟེ། དོན་མང་པོར་བརྗོད་པར་འདོད་པ་ན་མང་པོའི་ཚིག་ཁོ་ནར་འགྱུར་རོ། །ཨ་པའི་འང་ངོ་ཞེས་པས་གྷུཊ་ལ་རིང་པོའོ། །
Vol. 196 · folio 23b
ཨཱ་པཿ། ཨ་པཿ། ཨ་པ་རྣམས་ཀྱི་བྷ་ལ་དའོ་ཞེས་པ་བྷ་ཡིག་དང་པོ་ཅན་ལ་པ་ཡིག་ད་ཉིད་དོ། །ཨདྦྷིཿ། ཨདྦྷྱཱཾ། ཨདྦྷྱཿ། ཨ་པཱཾ། ཨཔྶུ། ཨཔྶུ། ཀུན་དུ་བོད་པ་ལ། ཧེ་ཨཱ་པཿ། ཕ་མཐའ་དང་བ་མཐའ་དག་རབ་ཏུ་མ་གྲུབ་བོ། །བྷ་མཐའ་ཅན། ཀ་ཀུབྷའི་སྒྲ་སྟེ། རྫོགས་པ་ལ་ཡང་ནའོ། །
དང་པོ་དང་གསུམ་པ་དག་གོ། །ཀ་ཀུ་པ། ཀ་ཀུ་པ། ཀ་ཀུ་བྷཽ། ཀ་ཀུ་བྷཿ། ཀ་ཀུ་བྷཾ། ཀ་ཀུ་བྷཽ། ཀ་ཀུ་བྷཿ། ཀུ་ཀུ་བྷཱ། དྷུཊ་རྣམས་ཀྱི་གསུམ་པའོ། །ཀ་ཀུ་བྦྷྱཱཾ། ཀ་ཀུ་བྦྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཨ་ནུཥྚུ་བྷ། ཏྲིཥྚུ་བྷ་ལ་སོགས་
པ་རྣམས་སོ། །མ་མཐའ་ཅན་དང་ཡ་མཐའ་ཅན་དག་སྲིད་པ་མ་ཡིན་ནོ། །རེ་ཕའི་མཐའ་ཅན་གིར་འདི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །ཨི་ཡིག་ནི་ཨིར་ཨུར་དག་གི་ཨཱར་ཨཱུར་དག་གོ་ཞེས་པ་རྫོགས་པ་དང་གསལ་བྱེད་དག་ལ་
ཨིར་གྱི་ཆ་ནི་ཨཱིར་དུ་བསྒྱུར་བའོ། །རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །གཱིཿ། གི་རཽཿ། གི་རཿ། གི་རཾ། གི་རཽ། གི་རཿ། གི་རཱ། ཡང་ནའི་སྤྱིར་བཏང་བ་ལས་རྣམ་དབྱེའི་གསལ་བྱེད་ལ་རེ་ཕའི་འགྱུར་བ་མ་ཡིན་ནོ་ཞེས་པ་ཐམས་ཅད་དུ་རེ་ཕ་ཉིད་ཀྱིས་ཕ་རོལ་ཏུ་འགྲོ་བའོ། །གཱིརྦྷྱཱཾ།
གཱིརྦྷིཿ། གཱི་རེ། གཱིརྦྷྱཱཾ། གཱི་རྦྷྱཿ། གི་རཿ། གཱིརྦྷྱཱཾ། གཱིརྦྷྱཿ། གི་རཿ། གི་རོཿ། གི་རཱཾ། གི་རི། གི་རོཿ། སུ་བའི་ཥ་ཉིད་ཀྱང་ངོ་། །གིཪྵུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཧུར། སཱུར་ལ་སོགས་པ་རྣམས་སོ། །འདིར་དབང་ཕྱུག་བསྲུང་བ་རྣམས་སྒོར་བྱེད་དོ་ཞེས་པ་དྭ་ར་ཡ་ཏི་
ལས་བྱེད་ལ་ཀྭིཔའོ། །ཀ་རི་ཏིའི་ནཱ་མ་ཏི་བི་ཀར་ཎེ་ཞེས་པ་ཨི་དབྱིའོ། །དེ་ནས་དྭཱ་རའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །སི་དབྱིའོ། །དྭཱ། དྭཱ་རཽ། དྭཱརཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཁ་རའི་སྒྲ་སྟེ། དེ་ལྟར་ནི་ཁ་ཅིག་བུད་མེད་ཀྱི་རྟགས་སུ་འདོད་དོ། །དེ་སྐད་དུ་ཡང་།
འཆི་མེད་ཕྲེང་བར་གསུངས་པ། ཀཾ་དང་ཁཱ་ར་ནི་བུད་མེད་དེ། ཨཔ་ནི་མང་པོ་རྣམས་ལ་བུད་མེད་མ་ཡིན་པ་ལའོ་ཞེས་སོ། །འདིའི་དོན་འདི་ཡིན་ཏེ་ཀཾ་ཞེས་པ་མ་ནིང་ངོ་། །ཁཱར་ཞེས་པ་བུད་མེད་དོ། །ཨཱཔ་རྣམས་ནི་མང་པོ་རྣམས་ལ་བུད་མེད་ལའོ་ཞེས་པའོ། །རིན་ཆེན་མཛོད་དུ་ནི། མ་ནིང་
Vol. 196 · folio 24a
གི་ལེའུར་བཤད་དེ། པཱ་ཐོང་། ཨར་ཎ། ཏོ་ཡ། ནཱི་ར་ཀཾ །ཝར། ཨ་བ་རྣམས་མང་པོ་ལ་སྟེ། བུད་མེད་ལའོ་ཞེས་སོ། །དེའི་ལུགས་ཀྱིས་མ་ནིང་གི་སྐབས་སུ་དཔེར་བརྗོད་པ་བྱས་སོ། །ལ་མཐའ་ཅན་རབ་ཏུ་མ་གྲུབ་པོ། །ཝ་མཐའ་དི་ཝའི་སྒྲ་སྟེ། སི་ལ་ཨཽ་ཞེས་
པ་ཝ་ཡིག་གི་ཨཽ་ཉིད་དང་ཡ་ཉིད་དོ། །ས་ཡིག་ནི་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །དྱཽཿ། ད་ཝཽ། དི་ཝཿ། ཨམ་ལ་ཡང་ན་ཨཱའོ་ཞེས་རྣམ་པར་བརྟག་པས་ཨཾ་ལ་ཝ་ཡིག་ཨཱ་ཉིད་དོ། །དྷྱཱཾ། དི་ཝམ། དི་ཝཽ། དི་ཝཿ། དི་ཝའི་གསལ་བྱེད་ལ་ཨུཏའོ་ཞེས་པས་གསལ་བྱེད་དང་པོ་ཅན་
ལ་དི་ཝའི་ཝ་ཨུཏ་དུ་འགྱུར་རོ། །དྱུ་བྷྱཱམ། དྷྱུ་བྷིཿཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་དྱཽཿ། ཧེ་དི་ཝཿ། ཤ་མཐའ་ཅན་ད་ཤའི་སྒྲ་སྟེ། དེ་སྟོན་པར་བྱེད་དོ་ཞེས་པས་དི་ཤི་ལས་རི་ཏྭི་ཤ་ད་དྷྲི་ཥ་སྲི་ཛ་དི་ཤ་ཞེས་པས་ཀྭིཔའོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ག་
ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་དང་གསུམ་པ་དག་གོ། །དིཀ །དིག །དི་ཤཽ། །དི་ཤཿ། དི་ཤཾ། དི་ཤཽ། །དི་ཤཿ། དཱི་ཤཱ། དི་གྦྷྱཱཾ། དིགྦྷིཿ། ཞེས་པ་ལ་སོགས་པའོ། །བདུན་པའི་མང་པོའི་ཚིག་ལ་ག་ཉིད་དུ་བྱས་པ་ན་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཉིད་ཀྱང་ངོ་། །
དིཀྵུ། དི་ཁྶུ། ཀུན་དུ་བོད་པ་ལ། ཧེ་དིཀ །ཧེ་དིག །ཧེ་དི་ཤཽ། །ཧེ་དི་ཤཿ། དེ་བཞིན་དུ་དྲྀ་ཤ་དང་བི་ཤ་ལ་སོགས་པ་རྣམས་སོ། །ཤ་མཐའ་ཅན་པྲ་པྲི་ཤའི་སྒྲ་ནི་དི་ཝ་ཥའི་སྒྲ་དང་འདྲ་སྟེ། འདིར་སྤྲིན་རྣམས་ཆར་འབེབས་པར་བྱེད་དོ་ཞེས་པ་སྲ་བི་ཥི་ལ་སཾ་པད་ལ་སོགས་པ་ཉིད་ཀྱི་ཕྱིར་གཞི་
ལ་ཀྭི་པའོ། །ན་ཧི་པྲི་ཏི་བྲི་ཥ་ཞེས་པ་ལ་སོགས་པས་སྔ་མའི་ཚིག་རིང་པོ་ཉིད་དོ། །པྲཱ་བིཊ། པྲཱ་བིཌ། པྲཱ་བི་ཥཽ། པྲཱ་བི་ཥཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བི་སྲུ་ཥ། དུཥ། ཏྲིཥ། བི་ཥ་ལ་སོགས་པ་རྣམས་སོ། །ས་མཐའ་ཅན་སུ་མ་ནས་སའི་སྒྲ་ནི་བེརྡ་སའི་སྒྲ་དང་འདྲའོ། །
མེ་ཏོག་རྗོད་པར་བྱེད་པ་ནི་འདི་ལས་མང་པོའི་ཚིག་ཁོ་ན་འགྱུར་ཏེ། རིགས་བརྗོད་པས་ནི་གཅིག་གི་ཚིག་རྣམས་ཀྱང་ངོ་། །སུ་མ་ནཱཿ། སུ་མ་ནཱ་སཽ། སུ་མ་ན་སཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཨཔྶ་རས། ཏྲི་པྲོ་ཏས་ལ་སོགས་པ་རྣམས་སོ། །ཨཔྶ་རས་ཏེ་མང་པོའི་
Vol. 196 · folio 24b
ཚིག་གི་མཐའ་ཅན་ཉིད་དུ་ཙནྡྲ་གོ་མི་དང་མིའུ་ཐུང་དག་གི་བཞེད་པས་སོ། །གཞན་རྣམས་ནི་གཅིག་གི་ཚིག་གི་མཐའ་ཅན་ཉིད་ཀྱང་ངོ་། །དེ་སྐད་དུ་ཡང་ཨཔྶ་རཱ་བྱེ་བེ་ཏ་པཱརྴྭ་མ་ཤཱུ་ནྱཱ་ཞེས་ཤི་བཱཾ་གར་རུ་སྦྱོར་བའོ། །བྷཱ་སའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །བྷཱཿ། བྷཱ་སཽ། བྷཱ་སཿ།
བྷ་སཾ། བྷཱ་སཽ། བྷཱ་སཿ། ཨ་བྷོ་དག་ལས་དབྱངས་ལ་དེ་ལྟ་ཉིད་དོ་ཞེས་པ་སྤྱིར་བཏང་ནས། སྒྲ་ལྡན་ལ་དབྱིའོ་ཞེས་པས་རྣམ་པར་གཅད་བྱ་དབྱིའོ། །བྷཱ་བྷྱཱཾ། བྷཱ་བྷིཿ། ཞེས་པ་ལ་སོགས་པའོ། །བདུན་པའི་མང་པོའི་ཚིག་ལ་ཤ་འམ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །བྷཱ་སྣུ།
བྷཱཿསུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །སྨོན་པར་བྱེད་པ་ནི་ཨཱ་ཤིས་ཏེ། སཾ་པད་ལ་སོགས་པ་ཉིད་ཀྱི་ཕྱིར་ཀྭི་པའོ། ཨཱ་ཤཱི་ཥ་ལའང་པ་ར་སྨཻ་ལའོ་ཞེས་པ་ལ་སོགས་པ་ངེས་པར་བསྟན་པའི་ཤེས་པར་བྱེད་པ་ལས་ཨང་ལས་ཤཱ་སི་འདོད་པའི་དོན་ཅན་གྱི་ཤཱ་ས་ཨི་ཏི། ཨུ་པ་དྷཱའི་ཨན་
དང་གསལ་བྱེད་དག་ལའོ་ཞེས་པས་ཨུ་པ་དྷཱའི་ཨི་ཉིད་དོ། །དེ་ནས་ཨཱ་ཤཱི་སའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ས་ཛུ་ཥ་དང་། ཨཱ་ཤི་ཥ་དག་གི་རའོ་ཞེས་པས་རྫོགས་པ་དང་གསལ་བྱེད་དང་པོ་དག་ལས་ས་ཡིག་ར་རུ་འགྱུར་རོ། །ཨི་ཨུར་དག་གི་ཨཱིར་ཨུར་དག་གོ། །རེ་ཕ་དང་ས་
དག་གི་རྣམ་པར་གཅད་བྱའོ། །ཨཱ་ཤིཿ། ཨཱ་ཤི་ཥཽ། ཨཱ་ཤི་ཥཿ། ཨཱ་ཤི་ཥཾ། ཨཱ་ཤི་ཤཽ། །ཨཱ་ཤི་ཥཱཿ། ཨཱ་ཤི་ཥཱ། ཨཱ་ཤིརྦྷྱཱཾ། ཨཱ་ཤིརྦྷྱིཿ། ཞེས་པ་ལ་སོགས་པའོ། །བདུན་པའི་མང་པོའི་ཚིག་ལ་རྣམ་པར་གཅད་བྱ་བྱས་པ་ན་ཤ་དང་། ཥ་དང་ས་ལའང་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །
ཨཱ་ཤིཿཥུ། ཨཱ་ཤི་ཁྵུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །ཨུཏ་སྔ་མ་ཅན་སྣི་ཧི་ལས་རི་ཏྭ་ཀི །ད་དྷྲ་ཥི་ཞེས་པ་ལ་སོགས་པས་ཀྭིཔ་དང་ཉེར་བསྒྱུར་གྱི་མཐའ་དབྱི་བ་དང་ཥ་ཉིད་ཚིག་ཕྲད་དུ་བྱའོ། །དེ་ལས་སི་ལ་སོགས་པ་རྣམས་སོ། །ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱིའང་
ངོ་ཞེས་པས་ག་ཉིད་དོ། །རྫོགས་པ་ལ་ཡང་ན་སྟེ་དང་པོ་དང་གསུམ་པ་དག་གོ། །ཨུཥྞིཀ །ཨུཥྞིག །ཨུཥྞི་ཧཽ། ཨུཥྞི་ཧཿ། ཨུཥྞི་ཧཾ། ཨུཥྞི་ཧཽ། ཨུཥྞི་ཧཿ། ཨུཥྞི་ཧཱ། ཨུཥྞི་གྦྷྱཱི། ཨུཥྞི་གྦྷིཿ། ཞེས་པ་ལ་སོགས་པའོ། །སྣུ་ཧི་ལས་སམ་པད་ལ་སོགས་པ་ཉིད་ཀྱི་ཕྱིར་ཀྭི་པའོ། །
Vol. 196 · folio 25a
དེ་ནས་མི་ཏྲ་དྷཱུ་ཧའི་སྒྲ་དང་འདྲ་བར་བྱ་སྟེ། སྣུཀ སྣུག །སྣུ་ཧཽ། སྣུ་ཧཿ། སྣུ་ཧཾ། སྣུ་ཧཽ། སྣུ་ཧཿ། སྣུ་ཧཱ། སྣུ་གྦྷྱཱཾ། སྣུ་གྦྷྱཱཾ། སྣུ་གྦྷིཿ། སྣུ་གྦྷིཿ། ཞེས་པ་ལ་སོགས་པའོ། །ཨུ་པ་སྔ་མ་ཅན་ན་ཧི་ལས་ཀྭི་པའོ། །ན་ཧི་བྲྀ་ཏི་པྲྀ་ཥི་ཞེས་པ་ལ་སོགས་པས་ཚིག་སྔ་མའི་རིང་པོ་
ཉིད་དོ། །དེ་ནས་སི་ལ་སོགས་པ་རྣམས་སོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨཎ་ཌྭཱ་ཧ་དང་ན་ཧི་དང་ཝནྶི་རྣམས་ཀྱི་འང་ངོ་ཞེས་པས་རྫོགས་པ་དང་གསལ་བྱེད་དག་ལ་ཧ་ཡིག་ད་ཉིད་དོ། །རྫོགས་པ་ལ་ཡང་ན་སྟེ་དང་པོ་དང་གསུམ་པོ་དག་གོ། །ཨུ་པཱ་ནཏ། ཨུ་པཱ་ནད། ཨུ་པཱ་ན་ཧཽ།
ཨུ་པཱ་ན་ཧཿ། ཨུ་པཱ་ན་ཧཾ། ཨུ་པཱ་ན་ཧཽ། ཨུ་པཱ་ན་ཧཿ། ཨུ་པཱ་ན་ཧཱ། ཨུ་པཱ་ནདྦྷིཿ། ཞེས་པ་ལ་སོགས་པའོ། །བདུན་པའི་མང་པོའི་ཚིག་ལ་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཏ་ཡིག་དང་ཐ་ཡིག་དག་གོ། །ཨུ་པཱ་ན་ཏྶུ། ཨུ་པཱ་ན་ཐྶུ། ཀུན་དུ་བོད་པ་ལ་ཁྱད་པར་མེད་དོ། །ཀྵ་མཐའ་ཅན་མི་སྲིད་དོ། །
བུད་མེད་ཀྱི་རྟགས་ཀྱི་རབ་ཏུ་བྱེད་པ་སྟེ་གསུམ་པའོ། །བུད་མེད་ལ་དབྱངས་ཀྱི་མཐའ་ཅན་དང་གསལ་བྱེད་ཀྱི་མཐའ་ཅན་རྣམས་ཁྱད་པར་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་རྟགས་གསུམ་པ་རྣམས་བརྗོད་པར་བྱའོ། །ཤུཀླ། ཀཱི་ལཱ་ལ་པ་ཉིད་དང་། ཤུ་ཙི་དང་། གྲཱ་མ་ཎཱི། སུདྷཱི། པཊུ།
ཁ་ར་ལཱུ། ཀརྟྲྀ། བ་ཧུརི། སུ་མ་ཏྲྀ་བ་ཧུ་རཱ་ཛ་ན་སུ་ནཽའོ། །ཤུཀླའི་སྒྲ་ནི་སྐྱེས་པ་ལ་བི་པྲའི་སྒྲ་དང་འདྲའོ། །ཤུཀླཿ། ཤུཀླཽ། ཤུཀླཿཞེས་པ་ལ་སོགས་པའོ། །བུད་མེད་ལ་ནི་བུད་མེད་ལས་ཨ་ལས་ཨཱའོ་ཞེས་པ་ཨཱའི་རྐྱེན་ནོ། །ཤུཀླཱ། ཛཱ་ཡཱའི་སྒྲ་དང་འདྲའོ། །ཤུཀླཱ། ཤུཀླེ། ཤུཀླཱཿ།
ཞེས་པ་ལ་སོགས་པའོ། །མ་ནིང་ལ་ཝ་ནའི་སྒྲ་དང་འདྲ་སྟེ། ཤུཀླ། ཤུཀླ། ཤུཀླེ་ནི་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། བི་པུ་ལ། ཨུཙྪ། ནཱི་ཙཱ། པུ་ཀུ་མཱ་ར། པཱི་ཝར། ཙ་པ་ལ། ཀ་ཋོ་ར། བི་ཤ་མ་དག་དང་། ཙ་རཱ་ཙ་ར། ཛ་རཱ་ཋ། པུ་ར་ཏ་ན་མ་ལཱི་མ་ས། ཀྲྀ་ཤ །མ་ལྀ་ན།
བི་ཤཱ་ལ། བི་མ་ལ། ཙི་ཏནྣ། བྷགྣ། གྷྲ་ཏ། ཙི་ལ་ཏ། བི་དྷུ་ཏ། མཏྟ། དྷོ་སྟ། པྲ་ཎ་ཏ། བི་སྲྀཥྚ། བདྡྷ། པྲ་པྱ། པ་རི་ཧ་ཏ། པྲ་ཧ་ཏ། པུ་རཱ་ཎ། དཀྵ། ཨ་ནཱི་ལ། པྲི་པ་ཧི་ཏ། ཨི་ཛྷ། ཀྲུ་ར། ཙ་ཀྲ། དྲི་དྷ། མནྷ། ཤུ་བྷ། ཤི་བ། པྲཽ་ཌ། པ་ཀྲ། ཤི་ཏ། ལཱུ་ན། པ་ར་ཧི།
Vol. 196 · folio 25b
ཧ་རྣམས་དང་། ཚིནྣ། བིནྣ། བྲྀཏ། གམྱ། ཨ་བ་ན། བྷསྟ། ཀུ་ནཱ་ཏ། ཧི་ཏ། ཤཱ་ཏ། པ་རི་ན་ཏ་རྣམས་དང་། སྣིགྡྷ། ཨཱ་པནྣ། ཨཱདྷྱ། ཏུཊ་ཤྲུ་ཏ། བི་བེ་དྷ། ག་ཏ། ཀོ་མཱ་ལ། པཱི་ཏ། རཀྟ། ནཱི་ལ། ཤསྟྲ། ཨུ་གྲ། སིདྡྷ། པྲ་མུ་ཁཱ། ཀྲི་ཏ། སུ་ཁ་ད། ལཀྵ། ས་མཀྵ། དཀྵི་ཎ།
བྱཀྟ། རིཀྟ་རྣམས་དང་། སྭཙྪ། སྠཱུ་ལ། ཨུ་པ་ཝདྡྷ་རྣམས་དང་། ས་ར་ལ། གྷ་ན་ཙན། ནིཥྛུ་ར། མུ་ཁྱ། བྷཱུ་ཏ། པྲ་ཏྱཀྵ། ཨ་ཏྱཀྵ། པྲིདྷ་རྣམས་དང་། ས་ཀ་ལ། མྲྀ་ཏ། དྷི་ཏ། སྟོ་ཀ ། ཏིགྨ་རྣམས་དང་། མཉྫུ་ལ། པྲི་ཡ། ཏྭས་འང་སྟེ། ན་ཝ་ནི་སུནྡྷ་ར། རུ་ཙི་ར། བལླ་བྷ། བྷཱི་ཏ།
དྲིཥྚ། ཀྲིཥྚ། དིཪྵ་ཏ་རྣམས་དང་། ན་ཝ། པཱུ་ཏ། དྲཱུ་ཥི་ཏ། པྲ་ཝ་ཎ། ལོ་ལ། བི་ལོ་ལ་ཞེས་པ་ལ་སོགས་པ་རྣམས་སོ། །ཨ་ཡིག་གི་མཐའ་ཅན་རྣམས་བརྗོད་པར་བྱའོ། །ཆུ་འཐུང་ཞེས་པས་ཨཱ་ཏ་ལས་མ་ནཱ། ཀོ་ནི་པ་པ་ཞེས་པ་ལ་སོགས་པ་ཝ་ཙིའོ། །དེའི་ཐམས་ཅད་མ་
ལུས་པར་དབྱིའོ། །ཉེ་བའི་ཚིག་དང་ཚིག་སྡུད་དེ་རྟགས་ཀྱི་མིང་ཅན་ནོ། །སྐྱེས་པ་དང་བུད་མེད་ལའང་ཧ་ཧཱའི་སྒྲ་དང་འདྲའོ། །ཀཱི་ལཱ་ལ་པཱཿ། ཀཱི་ལཱ་ལ་པཽ། ཀཱི་ལཱ་ལ་པཱཿ། ཀཱི་ལཱ་ལ་པཱཾ། ཀཱི་ལཱ་ལ་པཽ། ཀཱི་ལཱ་ལ་པཱཿཞེས་པ་ལ་སོགས་པའོ། །མ་ནིང་ལ་ནི། དབྱངས་
ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུ་ཉིད་དོ། །དེ་ནས་ཝ་ནའི་སྒྲ་འདྲའོ། །ཀཱི་ལཱ་ལ་པེ། ཀཱི་ལཱ་ལ་པ་ནི་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཤུ་བྷ་ཡཱ། དྷརྨ་ཏཱ། སོ་མཱ་པཱ། སཪྺ་པཱ་ཝཱ་ལ་སོགས་པ་རྣམས་སོ། །ཨི་ཡིག་གི་མཐའ་ཅན་ཤུ་ཙིའི་སྒྲ་ནི་དོན་གྱི་ཁྱད་པར་ལ་རྟགས་
གསུམ་པའོ། །དེ་སྐད་དུ་ནི། སོ་ག་དང་མེ་དག་ལ་ཤུ་ཙི་སྐྱེས་པ་སྟེ། དཀར་པོ་དང་དག་པ་དང་ཉེ་བར་བཅོམ་པ་ལ་གསུམ་རྣམས་ལའོ། །ཨ་པ་དྷ་ཤུདྡྷ་ཡོད་པ་ལ་བེ་ཙཱ་ཡཱ་ཙའང་ཤུ་ཙི་སྐྱེས་པའོ་ཞེས་དྲག་པོའི་འབངས་སོ། །དེ་ལ་སྐྱེས་པ་ལ་ཨགྣི་དང་འདྲ་སྟེ། ཤུ་ཙིཿ། ཤུ་ཙི།
ཤུ་ཙ་ཡཿཞེས་པ་ལ་སོགས་པའོ། །བུད་མེད་ལ་ནི་བྷཱུ་མི་དང་འདྲའོ། ཤུ་ཙཾ། ཤུ་ཙཱི། ཤུ་ཙི་ཡཿ། ཤུ་ཙཾ། ཤུ་ཙཱི། ཤུ་ཙཱཿ། ཤུ་ཙྱཱ། ཤུ་ཙི་བྷྱཱཾ། ཤུ་ཙི་བྷིཿ། ཤུ་ཙྱཻ། ཤུ་ཙི་ཡེ་ཞེས་པ་ལ་སོགས་པའོ། །མ་ནིང་ལ་བཱ་རིའི་སྒྲ་དང་འདྲ་སྟེ། ཤུ་ཙི། ཤུ་ཙི་ནཱི། ཤུ་ཙཱི་ནི། སླར་ཡང་
Vol. 196 · folio 26a
ཤུཙི། ཤུ་ཙི་ནཱི། ཤུ་ཙཱི་ནི། ཌཱ་ལ་སོགས་པ་དབྱངས་དང་པོ་ཅན་ལ་ནི་སྐྱེས་པར་བཤད་པ་ཅན་ནི་ཡང་ན་སྐྱེས་པ་བཞིན་ནོ་ཞེས་པའི་ཕྱོགས་ལ་སྐྱེས་པ་དང་འདྲ་བ་སྟེ། ཇི་ལྟར་སྐྱེས་པ་ལ་ཐུང་ངུ་དང་ནུ་ཨཱ་ག་མ་དག་མི་འགྱུར་བ་དེ་བཞིན་དུ་མ་ནིང་ལའོ། །གསུམ་པའི་གཅིག་གི་ཚིག་
ལ་གཟུགས་ཀྱིས་བྱས་པའི་ཁྱད་པར་མེད་དོ། །སྐྱེས་པ་དང་འདྲ་བར་གྱུར་པ་ན་ཊཱའི་ནཱའོ་ཞེས་པ་ནཱ་རུ་བསྒྱུར་ཞིང་། གཞན་ལ་ནཱ་མི་ནའི་དབྱངས་ལའོ་ཞེས་པས་ནུ་ཨཱ་ག་མའོ། །ཤུ་ཙི་ནཱ། ཀུ་ལེ་ནཱ། ཤུ་ཙི་བྷྱཱཾ། ཤུ་ཙི་བྷིཿ། ཤུ་ཙ་ཡེ། ཤུ་ཙི་ནེ། ཤུ་ཙི་བྷྱཱཾ། ཤུ་ཙི་བྷྱཿ། ཤུ་ཙིཿ། ཤུ་ཙི་ནཿ། ཤུ་ཙི་བྷྱཾ།
ཤུ་ཙེཿ། ཤུ་ཙེ་ནཿ། ཤུ་ཙྱོཿ། ཤུ་ཙི་ནོ། མང་པོའི་ཚིག་ལ་ནི་ཁྱད་པར་མེད་དོ། །ཤུ་ཙི་ནཱཾ། ཤུ་ཙཽ། ཤུ་ཙི་ནི། ཤུ་ཙྱོཿ། ཤུ་ཙི་ནོཿ། ཤུ་ཙི་ཥུ། ཀུན་དུ་བོད་པ་ལ། ཧེ་ཤུ་ཙི། ཧེ་ཤུ་ཙེ། ཧེ་ཤུ་ཙི་ནཱི། ཧེ་ཤུཙཱི་ནི། དེ་བཞིན་དུ་ཧ་རི། སུ་ར་བྷི། སུ་མ་ཏི། ཀུ་མ་ཏི། ཏི་ཀྵྞ་མ་ཏི། ཁ་ར་ཏུ་ཙི་ལ་
སོགས་པ་རྣམས་སོ། །ཨཱི་ཡིག་གི་མཐའ་ཅན་གྲཱ་མཎཱིའི་སྒྲ་སྟེ། གྲོང་འདྲེན་པར་བྱེད་དོ་ཞེས་པས་ན་ཡ་ཏི་ལས་སད་སཱུ་དྭི་ཥ་ཞེས་པ་ལ་སོགས་པས་ཀྭི་པའོ། །ཉེ་བའི་ཚིག་དང་ཚིག་སྡུད་དེ། སྔ་མའི་ཚིག་ལས་མིང་ལ་ན་ཉིད་དུ་བལྟ་བར་བྱ་སྟེ། གྲོང་གི་གཙོ་བོ་སྐྱེས་པ་ནི་གྲཱ་མ་ཎི་ཞེས་བརྗོད་
པར་བྱའོ་ཞེས་ཊཱི་ཀཱའོ། །རྟགས་ཀྱི་མིང་ཅན་ཏེ། གྲཱ་མ་ཎིཿ། དབྱངས་དང་པོ་ཅན་ལ་ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པ་ལ་སོགས་པས་ཡང་ཉིད་དོ། །གྲཱ་མ་ཉཽཿ། གྲཱ་མ་ཎྱཿ། གྲཱ་མ་ཎྱཾ། གྲཱ་མ་ཎྱཽ། གྲཱ་མ་ཎྱཱཿ། གྲཱ་མ་ཎྱཱ། གྲཱ་མ་ཎཱི་བྷྱཱཾ། གྲཱ་མ་ཎཱི་བྷིཿ། ཞེས་པ་ལ་སོགས་
པའོ། །བདུན་པའི་གཅིག་གི་ཚིག་ལ་ནི་ཡུལ་གཅིག་ལ་རྣམ་པར་འགྱུར་བ་ནི། གཞན་མ་ཡིན་པ་དང་འདྲ་བར་འགྱུར་བ་ཉིད་ཀྱི་ཕྱིར་ཎ་ཉིད་ལའང་ཎཱི་ལས་ངི་ཨཱ་མའོ་ཞེས་པས་ཨཱ་མའོ། །གྲཱ་མ་ཎཱཾ། ཎཱིའི་སྒྲ་འབའ་ཞིག་པ་ལས་བུད་མེད་ཉིད་ཤིན་ཏུ་མ་གྲགས་ཏེ། སྐྱེས་པ་ཁོ་ན་
འཇུག་པར་བསྟན་པའི་ཕྱིར་རོ། །བུད་མེད་ཉིད་ལ་འཇུག་པ་ནི་སྒྲ་ནི་གཞན་གྱིས་བྱས་པའམ་ཡང་ན་གྲཱ་མ་ཎཱིའི་དོན་སྐྱེས་པ་བུད་མེད་ལ་སྒྲོ་བཏགས་པ་སྟེ། གྲཱ་མ་ཎི་དང་འདྲ་བའི་བུད་མེད་གང་ཡིན་པ་དེ་ནི་གྲཱ་མ་ཎིའོ་ཞེས་པར་རོ། །ཕྱོགས་གཉི་ག་ལའང་བུད་མེད་བརྗོད་པ་སྨོས་པ་ནི་
Vol. 196 · folio 26b
ནང་གི་ཡན་ལག་གི་ཚིག་གི་དོན་བུད་མེད་ཀྱི་ཡུལ་ཅན་ཏེ། ན་དཱའི་མིང་མེད་པ་ཁོ་ནའོ་ཞེས་པས་བུད་མེད་ལའང་འདི་སྐྱེས་པ་དང་འདྲ་བར་དྲང་བར་བྱའོ། །མ་ནིང་ལ། དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུ་ཉིད་དོ། །དེས་ན་ཝ་རི་དང་སྒྲ་དང་འདྲ་སྟེ། གྲཱ་མ་ཎཱི་ནི། གྲ་མ་ཎཱི་ནཱི།
གསུམ་པ་ལ་སོགས་པ་དབྱངས་དང་པོ་ཅན་ལ་ནི་སྐྱེས་པར་བཤད་པ་ཅན་ནི་སྐྱེས་པ་བཞིན་ཡང་ནའོ་ཞེས་པའི་ཕྱོགས་ལ་སྐྱེས་པ་དང་འདྲ་བར་འགྱུར་ཏེ། དེས་ན་ཐུང་ངུར་འགྱུར་བ་མ་ཡིན་ནོ། །གང་གི་ཚེ་སྐྱེས་པ་དང་འདྲ་བར་འགྱུར་བ་མ་ཡིན་པ་དེའི་ཚེ་ཐུང་ངུར་མ་ནིང་ལ་བྱས་པ་ཉིད་ཀྱི་ཕྱིར་
དང་། ཨཱ་ག་མ་ཉིད་ཀྱི་ཕྱིར་ནུ་ཨཱ་ག་མ་ཁོ་ནའོ། །གྲཱ་མ་ཎྱཱ། གྲཱ་མ་ཎི་ནཱ། གྲཱ་མ་ཎི་བྷྱཱཾ། གྲཱ་མ་ཎི་བྷིཿ། གྲཱ་མ་ཎྱེ། གྲཱ་མ་ཎི་ནེ། གྲཱ་མ་ཎི་བྷྱཾ གྲཱ་མ་ཎི་བྷྱཿ། གྲཱ་མ་ཎྱཿ། གྲཱ་མ་ཎི་ནོཿ། གྲཱ་མ་ཎི་བྷྱཱཾ། གྲཱ་མ་ཎི་བྷྱཱཿ། གྲཱ་མ་ཎྱཿ། གྲཱ་མ་ཎི་ནཿ། གྲཱ་མ་ཎྱོཿ། གྲཱ་མ་ཎི་ནོཿ། གྲཱ་མ་ཎྱཱཾ། གྲཱ་མ་ཎཱི་ནཱཾ། ཎཱི་ལས་
དི་རྣམས་ཨ་མའོ་ཞེས་པས་ཨཱ་མའོ། །གྲཱ་མ་ཎྱཾ། གྲཱ་མ་ཎཱི་ནི། གྲཱ་མ་ཎྱོཿ། གྲཱ་མ་ཎི་ནོཿ། གྲཱ་མ་ཎི་ཤུ། ཀུན་དུ་བོད་པ་ལ་ཝ་རི་དང་འདྲ་བའི་གཟུགས་ཏེ། ཧེ་གྲཱ་མ་ཎེ། ཧེ་གྲཱ་མ་ཎི། ཧེ་གྲཱ་མ་ཎི་ནཱི། དེ་བཞིན་དུ། སེ་ན་ནཱི། གྲཱ་མ་ཨ་གྲཱ་ཎཱི། ཏ་ནཱི། ཨ་གྲ་ནཱི་ལ་སོགས་པ་རྣམས་སོ། །
མཛེས་པར་རམ་ལེགས་པར་སེམས་པར་བྱེད་དོ་ཞེས་པ། དྷྱཱ་པྱ་དག་གིས་ཞེས་པ། ཀྭིཔ་ལ་སཾ་པྲ་སཱ་ར་ཎར་གྱུར་པ་ན་རིང་པོའོ། །ཡང་ན་སེམས་པར་བྱེད་པ་ནི་དྷཱི་སྟེ། སཾ་པད་ལ་སོགས་པ་ཉིད་ཀྱི་ཕྱིར་ཀྭི་པའོ། །འདིའི་བློ་བཟང་པོ་ཡིན་པ་ཞེས་པ་འབྲུ་མང་པོ་པའོ། །སུ་དྷཱིཿ། དབྱངས་དང་པོ་
ཅན་ལ་སུ་དྷཱིའོ་ཞེས་པ་འདིས་ཨི་ཡར་བསྒྱུར་བའོ། །སུ་དྷི་ཡཽ། སུ་དྷི་ཡཿ། སུ་དྷ་ཡཾ། སུ་དྷི་ཡཽ། སུ་དྷ་ཡཿ། སུ་དྷི་ཡཱ། སུ་དྷཱི་བྷྱཱཾ། སུ་དྷཱི་བྷིཿཞེས་པ་ལ་སོགས་པའོ། །བུད་མེད་ལའང་དེ་བཞིན་ནོ། །མ་ནིང་ལ་སཱ་མ་བཞིན་དུ་ཐུང་ངུ་ཉིད་དོ། །སུ་དྷི། སུ་དྷི་ནཱི། སུ་དྷི་ནི། སླར་ཡང་།
སུ་དྷ། སུ་དྷི་ནི། སུ་དྷ་ནི། ཊཱ་ལ་སོགས་པའི་དབྱངས་དང་པོ་ཅན་ལ་སྔ་མ་བཞིན་དུ་སྐྱེས་པ་དང་འདྲ་བར་འགྱུར་བའི་ཕྱོགས་ལ་ཐུང་ངུ་དང་ནུ་ཨཱ་ག་མ་དག་མི་འགྱུར་རོ། །སུ་དྷི་ཡཱ། སུ་དྷི་ནཱ། སུ་དྷི་བྷྱཱཾ། སུ་དྷི་བྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཨུ་བ་ཨཱ་ར་ཛི་ཏ་ཤྲཱི། ཡ་བ་ཀྲཱི།
Vol. 196 · folio 27a
བྱཀྟ་ཧྲི། པྲཱ་བྷ་བྷཱ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་སུ་བྷི། ནཱ་ནཱ་དཱི་ལ་སོགས་པ་རྣམས་ཀྱང་སུ་དྷིའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །མི་ཟད་པ་དང་བྱེད་པ་ཅན་དག་ཁོ་ན་ལས་སྒྲུབ་པ་འདིའོ་ཞེས་པ་ཨ་པ་ཝ་ཙཱི་ནཱི་འདོད་པ་འདིའོ། །འདིར་ཡང་ནཱ་ནཱ་དྷཱི་ཡཱཾ་ཛ་
གི་ཏ་ཛནྨ་ཝ་ཏཱནྟི་ནཱནྟ་ཞེས་པས་འདུ་བྱེད་རྣམས་དོར་བྱེད་དེ། ཨ་དྷི་ཡཾ་སེམས་ཤེས་པ་ལ་སོགས་པ་འང་འགལ་ལོ། །པྲ་ཛ་རྣམས་ཀྱི་ག་ཏི་དང་བྱེད་པ་ཅན་དག་ཁོ་ན་ལས་སོ་ཞེས་པའི་འདོད་པ་དང་འགལ་ལོ། །མི་ཟད་པའི་ཁྱད་པར་རྣམས་ཁོ་ནའི་ཉེར་བསྒྱུར་ཨུ་པ་ལ་སོགས་པའི་ནྭི་
ཌཱ་ཝཱ་རྟོགས་པའི་མིང་དུ་དམ་འཆའ་བའི་ཕྱིར་རོ། །ལུགས་འདི་ལ་འདིའི་བཟང་པོ་ཡིན་པ་ཞེས་པ་འབྲུ་མང་པོ་པ་ལ་ཉེར་བསྒྱུར་སྔ་མ་ཉིད་མེད་པའི་ཕྱིར་ཡ་ཉིད་མི་འཐོབ་པ་ན་སྔ་མ་ཁོ་ན་ཨི་ཡ་རུ་བསྒྱུར་བའོ། །ཨུ་ཡིག་མཐའ་ཅན་པ་ཊུའི་སྒྲ་ནི་སྐྱེས་པ་ལ་ཨཾ་ཤུ་དང་འདྲ་སྟེ། པ་ཊུཿ། པ་ཊུ།
པ་ཊ་ཝཿཞེས་པ་ལ་སོགས་པའོ། །བུད་མེད་ལ་ན་ད་ལ་སོགས་པ་དང་། ཨཉྩ་ཞེས་པ་ལ་སོགས་པས་ཨཱའི་རྐྱེན་ནོ། །ཨུའི་ཡི་གེ་ཝའོ་ཞེས་པས་ཝ་ཉིད་དོ། །དེ་ནས་པ་ཊྭཱའི་སྒྲ་ནི་ན་དཱི་དང་འདྲ་བར་དྲང་བར་བྱའོ། །པ་ཊྭཱིཿ། པ་ཊྭྱཽ། པཊྭྱཿ ཞེས་པ་ལ་སོགས་པའོ། །གང་གི་ཚེ་ཨའི་
རྐྱེན་མེད་པ་དེའི་ཚེ་དྷེ་ནུ་དང་འདྲའོ། །པ་ཊུཿ། པ་ཊཱུ། པ་ཊུ་ཝཿཞེས་པ་ལ་སོགས་པའོ། །འོ་ན་པ་ཊུ་དང་ཤུ་ཙེའི་སྒྲ་ལ་སོགས་པ་རྣམས་བུད་མེད་ཀྱི་སྒྲ་དང་ཉེ་བ་ཉིད་ཁོ་ན་ལས་བུད་མེད་དུ་བརྗོད་པ་མ་ཡིན་ནོ། །གཞན་དུ་ན་པ་ཊུ་ཤུ་ཙི་ཞེས་བརྗོད་པ་ན། ཅི་འདི་བུད་མེད་དམ་སྐྱེས་པའམ་མ་ནིང་ཞེས་
པ་མི་ཤེས་ཏེ་སྤྱིའི་སྒྲ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་རྗོད་པར་བྱེད་པ་རྣམས་ནི་ཡོན་ཏན་སྦྱོར་བ་ལས་ཡོན་ཏན་དང་ལྡན་པ་ལ་འཇུག་ལ། པ་ཊུ་ཉིད་ལ་སོགས་པའི་ཡོན་ཏན་དང་འད་བུད་མེད་ཁོ་ན་ལྡན་པ་མ་ཡིན་གྱི། འོན་ཀྱང་སྐྱེས་པ་རྣམས་ཀྱང་ངོ་། །དེའི་ཕྱིར་གྲ་མ་ཎི་ལ་སོགས་པ་དང་འདྲ་བར་པ་
ཏི་ལ་སོགས་པ་རྣམས་ཀྱིའང་ན་དཱིའི་བྱ་བར་མི་འགྱུར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། སྒྲ་གཞན་ཉེ་བས་དོན་གཞན་ལ་འཇུག་པ་འགའ་ཞིག་གིས་འཇུག་པ་བྱ་སྟེ། དཔེར་ན་བ་ལང་འདི་ནི་རྔོ་ཅན་ནོ་ཞེས་པ་ལྟ་བུ་འགའ་ཞིག་དེལ་དང་གཞན་ལ་འཇུག་པ་རྣམས་ཀྱི་གཞན་ལ་འཇུག་པ་
Vol. 196 · folio 27b
རྣམ་པར་གཅོད་དོ། །ཇི་ལྟར་ཨུཏྤལ་སྔོན་པོའི་ཞེས་པ་ཨུཏྤ་ལའི་སྒྲ་འདི་ཨུཏྤ་ལའི་རིགས་བརྗོད་པ་སྟེ། དཀར་པོ་དང་། སྔོན་པོ་དང་། དམར་པོ་ལ་སོགས་པའི་རྫས་རྣམས་ལའང་འཇུག་མོད། འདི་དམར་པོ་ལ་སོགས་པ་རྣམས་ལ་འཇུག་པ་གང་ཡིན་པ་དེ་སྔོན་པོའི་སྒྲ་གཞི་མཐུན་པ་
ཅན་གྱིས་རྣམ་པར་གཅོད་པར་བྱེད་ལ། སླར་ཡང་སྔོན་པོ་ལ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། དེ་ལ་རང་ཉིད་རབ་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །རང་ཉིད་འཇུག་པ་དེ་ལའང་རྒྱུ་མཚན་ཨུཏྤ་ལའི་རིགས་སྲིད་པའི་ཕྱིར་རོ། །དེ་དང་འདྲ་བར་འདིར་ཡང་པ་ཊཱི་ལ་སོགས་པ་རྣམས་མཁས་པ་ཉིད་དང་
ལྡན་པ་ལས་བུད་མེད་དང་སྐྱེས་པ་དང་། མ་ནིང་ལ་འཇུག་པ་རྣམས་བུད་མེད་ཀྱི་སྒྲ་གཞི་མཐུན་པ་ཅན་གྱི་སྐྱེས་པ་དང་མ་ནིང་དག་ལ་འཇུག་པ་རྣམ་པར་གཅོད་པར་བྱེད་ཅིང་། སླར་ཡང་བུད་མེད་ལ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །གྲ་མ་ཎཱི་ལ་སོགས་པ་རྣམས་ནི་རང་ཉིད་ལས་སྐྱེས་པའི་
རྟགས་ཅན་ཏེ། སྒྲ་གཞན་ལས་རྟགས་གཞན་ལ་འཇུག་གོ་ཞེས་པས་ན་དི་དང་འདྲ་བར་འགྱུར་པར་རྣམ་པར་བརྟག་པས་འགྱུར་རོ་ཞེས་པ་ཁ་ཅིག་སྨྲའོ། །དེའི་ཚེ་ནི་བརྗོད་པ་སྨོས་པ་བྱེད་པ་ཅན་མ་ཡིན་པ་ཁོ་ནའོ་ཞེས་ཊཱི་ཀཱའོ། །ཁོ་བོ་ཅག་གི་ནི་བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་
ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་ཐུང་ངུའི་འང་ང་ལྡན་ལའོ་ཞེས་པའི་ན་དཱི་དང་འདྲ་བར་འགྱུར་བ་མེད་དོ་ཞེས་པ་ཁྱད་པར་རོ། །མ་ནིང་ལ་བསྟུའི་སྒྲ་དང་འདྲའོ། །པ་ཊུ། པ་ཊུ་ནཱི། པ་ཊུ་ནི་ཞེས་པ་ལ་སོགས་པའོ། །ཊཱ་ལ་སོགས་པ་ཤུ་ཙིའི་སྒྲ་དང་འདྲ་བར་ཕྱོགས་ལ་སྐྱེས་པ་དང་འདྲ་བར་འགྱུར་རོ། །
པ་ཊུ་ནཱ། པ་ཊུ་བྷྱཱཾ། པ་ཊུ་བྷིཿ། པཊ་ཝེ། པ་ཊུ་ནེ་ཞེས་པ་ལ་སོགས་པའོ། །ཙི་ཏྲ་གུའི་སྒྲའི་ཁྱད་པར་ནི་འདིའི་བ་ལང་ཁྲ་བོ་རྣམས་ཡིན་པ་ཞེས་པ་འབྲུ་མང་པོ་ལ་སྟེ། གཙོ་བོ་མ་ཡིན་པའི་གོའི་མཐའི་བུད་མེད་ལ་ཨཱཏ་ལ་སོགས་པ་རྣམས་ཀྱི་འང་ངོ་ཞེས་པས་ཐུང་ངུ་ཉིད་དེ་ཨུ་ཡིག་གོ། །སྐྱེས་
པ་ལ་ཨཾ་ཤུ་དང་འདྲ་སྟེ། ཙི་ཏྲ་གུཿ། ཙི་ཏྲ་གཱུ། ཙིཏྲ་ག་ཝ་ཞེས་པ་ལ་སོགས་པའོ། །བུད་མེད་ལ་དྷེ་ནུའི་སྒྲ་དང་འདྲའོ། །མ་ནིང་ལ་པ་ཊུའི་སྒྲ་དང་འདྲ་སྟེ། ཙི་ཏྲ་གཱུ། ཙི་ཏྲ་གུནཱི། ཙིཏྲ་གཱ་ནི། གཉིས་པ་ལའང་དེ་བཞིན་ནོ། །གསུམ་པ་ལ་སོགས་པའི་དབྱངས་དང་པོ་ཅན་ལ་རྣམ་པར་
Vol. 196 · folio 28a
བརྟག་པས་སྐྱེས་པ་དང་འདྲ་བར་འགྱུར་ཏེ། ཙི་ཏྲ་གཱུ་ནཱ། ཙི་ཏྲ་གུ་བྷྱཱཾ། ཙི་ཏྲ་གུ་བྷིཿ། ཙི་ཏྲ་གུ་ནི། ཙི་ཏྲ་གུ་ཝེ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ཤ་བ་ལ་གུ། ཤྭེ་ཏ་གུ། སྭ་གུ་སོགས་རྣམས་སོ། །དེ་བཞིན་དུ། གུ་རུ་ལ་གྷུ། ཙུ་རུ། བྷི་རུ་ཏ་ན།
མྲྀ་དུ། ཨ་རུ། ཀ་ཙུ། སཱ་དྷུ་སོགས་རྣམས་སོ། །འོ་ན། ཛཀྵ་མོ་ཨཎ་པ་རཱ་དྷ་པ་ནི་རནྣཀྟཾ་དི་བ་སྭརྠཾ། ཀུ་ཏ་པྲྭཱ་བེ་རུ་ཡཏྟ་བྷྱོ་དྲུ་ཧྱ་དོ་བྷྱ་པི་ཀྵ་མཱ་མ། ཧཱ་ཞེས་པ་འདིར་པཱུརྦཎ་ཁ་བོད་པ་ལ་བི་རུ་ཞེས་བྷ་ཊྚའི་སྦྱོར་བ་ཅི་ལྟར་ཞེ་ན། འདིར་ནི་སྲོག་ཆགས་ཉིད་ཀྱི་ཕྱིར་ཨུང་མེད་དོ། །དེ་སྐད་དུ་ནི་སྲོག་
ཆགས་མ་ཡིན་པ་རྣམས་ཀྱི་ཛ་རུ་སོགས་མ་ཡིན་པ་རྣམས་ལས་སོ་ཞེས་པའོ། །ཨཱུང་བསྒྲུབ་པ་ནི་ནད་ལ་སོགས་པའི་ཚོགས་ཀྱི་མདོའི་ཊཱི་ཀཱ་རུའོ། །དེའི་ཕྱིར་སཾ་བུདྡྷི་ལའང་ངོ་ཞེས་པས་ཡོན་ཏན་ཐོབ་པོ་ཞེ་ན། བདེན་ཏེ། སྲོག་ཆགས་མ་ཡིན་པ་རྣམས་ཀྱི་ཞེས་པའི་ན་ཉའི་ད་ངེས་པར་བསྟན་པ་
ཉིད་ལས་ཨུང་ལ་དང་། ཐུང་ངུ་ཉིད་ལའང་འགྱུར་རོ། །ཤི་ཁ་ར་ལུའི་སྒྲའི་གྲ་མཎཱིའི་སྒྲ་དང་འདྲ་པའི་མཚན་ཉིད་དེ། རྩེ་མོ་གཅོད་པར་བྱེད་དོ་ཞེས་པས་ཀྭི་པའང་ངོ་ཞེས་ཀྭིཔའོ། །ཉེ་བའི་ཚིག་དང་བསྡུ་བའོ། །བུད་མེད་དང་སྐྱེས་པ་དག་ལ། ཤི་ཁ་ར་ལཱུ། ཤི་ཁ་ར་ལྭཽ། ཤི་ཁ་ར་ལྭཿ།
ཤི་ཁ་ར་ལྭཾ། ཤི་ཁ་ར་ལཽ། ཤི་ཁ་ར་ལྭཿ། ཤི་ཁ་ར་ལྭཱ། ཤི་ཁ་ར་ལཱུ་བྷྱཱཾ། ཤི་ཁ་ར་ལཱུ་བྷིཿ། ཞེས་པ་ལ་སོགས་པའོ། །མ་ནིང་ལ་སྔ་མ་བཞིན་དུ་ཐུང་ངུ་ཉིད་དེ། དེ་ནས་སྡུ་དང་འདྲའོ། །ཤི་ཁ་ར་ལུ། ཤི་ཁ་ར་ལུ་ནཱི། ཤི་ཁ་ར་ལུ་ནི། གཉིས་པ་ལའང་དེ་ལྟར་རོ། །གསུམ་པ་ལ་སོགས་པ་
དབྱངས་དང་པོ་ཅན་ལ་ཕྱོགས་གཅིག་ལ་སྐྱེས་པ་དང་འདྲ་སྟེ། ཤི་ཁ་ར་ལྭཱ། ཤི་ཁ་ར་ལུ་ནཱ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཤ་ར་ལུ། སཪྺ་ལུ། ས་ཀྲྀཏ་ལཱུ་ལ་སོགས་པ་རྣམས་སོ། །སུ་བྷྲུའི་སྒྲ་ནི་སྐྱེས་པ་ལ་པྲ་ཏི་བྷུའི་སྒྲ་དང་འདྲ་པའི་གཟུགས་ཏེ། སུ་བྷྲུཿ། སུ་བྷྲུ་ཝཽ། སུ་བྷྲུ་ཝཿ།
ཞེས་པ་ལ་སོགས་པའོ། །བུད་མེད་ལ་བྷྲཱུའི་སྒྲ་དང་འདྲ་སྟེ། སུ་བྷཱུཿ། སུ་བྷྲུ་ཁཽ། སུ་བྷྲུ་ཝཿཞེས་པ་ལ་སོགས་པའོ། །ཧྲཱ་བི་ཏ་ཀྵཱ་སི་ཧི་སི་བྷྲུ་ཝི་མ་ན་ནཱ་སུ་བྷྲཱུ་ཀུ་ཏ་བི་ཏུརྒྲི་ཧ་ཞེས་པ་ཅི་ལྟར་ཞེ་ན། འདོད་པ་གཞན་གྱིས་བུད་མེད་བརྗོད་པ་མ་ཡིན་ནོ་ཞེས་པ་དེ་ལྡོག་པའི་ཕྱིར་རོ། །བུད་མེད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words