ཀ་ལཱ་པའི་མདོ་དང་འབྲེལ་བའི་སི་ལ་སོགས་པའི་རྣམ་དབྱེའི་བྱ་བ
Sanskrit title (Tibetan script, as in the text) ཀ་ལཱ་པ་སཱུ་ཏྲ་སཾ་བནྡྷ་སྱཱ་དི་བི་བྷ་ཀྟི་པྲ་ཀྲི་ཡ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 196 · folio 54b
༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ་སཾ་བནྡྷ་སྱཱ་དི་བི་བྷ་ཀྟི་པྲ་ཀྲི་ཡ། བོད་སྐད་དུ། ཀ་ལཱ་པའི་མདོ་དང་འབྲེལ་བའི་སི་ལ་སོགས་པའི་རྣམ་དབྱེའི་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གདོང་བཞི་གདོང་གི་ཟླ་བ་ལས། །བྱུང་བ་བདུད་རྩིའི་རྦ་རླབས་ཅན། །
ཤིན་ཏུ་མཁས་པའི་ངག་གིས་འདིར། །ཞི་བ་དམ་པ་ཐོབ་གྱུར་ཅིག །བརྗོད་པར་བྱ་བ་གྲགས་པའི་སྒྲ་རྣམས་ནི། །སྐྱེས་པ་མ་ནིང་བུད་མེད་རྣམས་ལ་ཡང་། །ཡོན་ཏན་རྫས་དང་བྱ་བ་སྦྱོར་བ་ལས། །དེ་རྣམས་ཐུན་མོང་གྱུར་པ་བཤད་པར་བྱ། །སཱུ་ཪྱ་དང་ཨགྣི་དང་ས་ཁི་དང་པ་ཏི་དང་པནྠི་དང་ཨདྴུ་དང་ཀྲོ་ཤྟུ་དང་
སྭ་ཡམྦྷཱུ་དང་པི་ཏྲྀ་དང་ནྲྀ་དང་བྲ་ཤསྟི་དང་རཻ་དང་གོ་དང་གླཽ་རྣམས་ནི་དབྱངས་མཐའ་ཅན་རྣམས་ཏེ་སྐྱེས་པ་ལ་བཤད་པར་བྱའོ། །གསལ་བྱེད་ཀྱི་མཐའ་ཅན་རྣམས་བི་ཨམྦུ་མུཙ་དང་ཀྵྨཱ་བྷུ་ཛྲ་དང་མ་རུཏྲ་དང་ཀྲ་བྱད་དང་མྲི་གཱ་བིདྷ་དང་ཨཏ་མ་ནྲ་དང་རྰ་ཛནྲ་ད་ཡུ་བནྲ་དང་པཱུ་ཥན་དང་བྲ་ཧྨ་ཧན་དང་ཧ་ལིན་དང་ཨུ་ཤ་ན་སྲ་དང་
ཨ་ན་ཌྭཱེ་ཧྲ་དང་མ་དྷུ་ལི་ཧ་དང་ཀཤྛ་ཧཀྵ་ཞེས་པ་ལ་སོགས་པ་སྟེ། སི་ལ་སོགས་པའི་མཐའ་ཅན་རྣམས་བྱིས་པ་རྣམས་བྱིས་པ་རྣམས་ཀྱིས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡང་དག་པར་བཤད་པར་བྱའོ། །དེ་ལ་སཱུརྱའི་སྒྲ་ནི་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་པས་རྟགས་ཀྱི་མིང་ཅན་ནོ། །དེ་ལས་
ཕ་རོལ་རྣམས་རྣམ་དབྱེའོ་ཞེས་པ་ནི་དང་པོ་ལ་སོགས་པའི་རྣམ་དབྱེ་བདུན་པོ་རྣམས་ལ་འགྱུར་ཏེ། དོན་ཤིན་ཏུ་རྣམ་པར་འབྱེད་པའི་ཕྱིར་ཞེས་པས་རྣམ་དབྱེའོ། །དེ་ལ་སི་ཨཽ་ཛས་དང་པོའོ། །ཨམ་ཨཽ་ཤས་གཉིས་པའོ། །ཏཱ་བྷྱཱམྲ། །བྷིས་གསུམ་པའོ། །དེ་བྷྱཱཾམ། བྷྱས་བཞི་པའོ། །ང་སི། བྷྱཱཾམ། བྷྱས་ལྔ་
པའོ། །ངས་ཨོས་ཨཱ་མ་དྲུག་པའོ། །ངི་ཨོས་སུ་པྲ་བདུན་པའོ། །དེ་ལ་ཐམས་ཅད་དུ་སི་ལ་སོགས་པ་རྣམས་ཐོབ་པ་ལ་རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་དང་པོའི་རྣམ་དབྱེར་འགྱུར་རོ། དེའང་དོན་གཅིག་ལ་གཅིག་གི་ཚིག་སིའོ། །རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཨི་
ཡིག་ནི་འདིར་གང་རྗེས་སུ་འབྲེལ་པ་རྣམས་མི་སྦྱོར་རོ་ཞེས་པས་ཁྱད་པར་གྱི་དོན་ཏོ། །རྫོགས་པ་ལ་ཡང་ནའོ་ཞེས་པ་སྤྱིར་བཏང་ནས་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་ས་ཡིག་ནི་རྣམ་པར་གཅད་བྱའོ། །སཱུརྱཿ། གཉིས་ཀྱི་དོན་དག་ལ་གཉིས་ཀྱི་ཚིག་ཨཽའོ། །རིམ་པ་ལས་མ་འདས་པར་ཕྲལ་
Vol. 196 · folio 55a
བར་བྱའོ། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་ཨཽ་ཡིག་ཏུ་འགྱུར་ཏེ་ཕ་རོལ་དབྱི་བའང་འཐོབ་བོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་། །སྲུརྻཽ། མང་པོའི་དོན་རྣམས་ལ་མང་པོའི་ཚིག་ཛས་སོ། །ཨ་ཡིག་ཕྲལ་བར་བྱའོ། །ཛ་ཡིག་ནི་ཛས་ལའོ་ཞེས་
པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་ལ་དབྱིའོ་ཞེས་པས་དབྱི་བ་ཐོབ་པ་ལ་ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་སྤྱིར་བཏང་ནས་ཛས་ལའོ་ཞེས་པས་རིང་པོར་ཐོབ་ཅིང་རིང་པོ་ལས་ཕ་རོལ་དབྱིའོ། །སྲུཪྻཱཿ། གཉིས་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་ལས་ལ་
གཉིས་པར་འགྱུར་ཏེ། སྔ་མ་བཞིན་དུ་དོན་གཅིག་ལ་གཅིག་གི་ཚིག་ཨམ་མོ། །ཨ་ཡིག་ལ་དབྱིའོ་ཞེས་པས་ཨ་ཡིག་དབྱི་བ་འཐོབ་བོ། །སྲུརྻམྲ་སཱུརྻོ། ཤ་ཡིག་ནི་ཤས་ལ་སྟེ་སའི་འང་ནའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཀྱིས་ཨ་ཡིག་རིང་པོར་འཐོབ་སྟེ། རིང་པོ་ལས་ཕ་རོལ་དབྱི་ཞིང་སའང་
ན་ཡིག་ཏུ་འགྱུར་རོ། །ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་འཐོབ་པ་ལ། མཐའ་མ་ཡིན་པ་ཞེས་སྨོས་པས་མི་འགྱུར་རོ། །སྲུཪྻཱནུ། གསུམ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་བྱེད་པ་ལ་གསུམ་པ་འགྱུར་ཏེ། གཅིག་ཉིད་ལ་
སོགས་པའི་དོན་རྣམས་ལ་གཅིག་གི་ཚིག་ཊཱའོ། །ཊཱ་ཡིག་ལས་ཨཱ་ཡིག་ཕྲལ་བར་བྱ་སྟེ། ཊཱ་ཡིག་ནི་ཨི་ན་ཊའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨི་ནར་ཊའོ་ཞེས་པས་ཨི་ནར་འགྱུར་ཞིང་། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱི་བ་ཐོབ་ལ། ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་
པས་ན་ཉིད་དོ། །སྲུརྻ་ཎ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨ་ཡིག་རིང་པོར་ཐོབ་བོ། །སྲུརླུ་ཥཱུམ། བྷིས་ཨཻས་ཡང་ནའོ་ཞེས་པས་བྷིས་ཨཻས་སུ་འགྱུར་ཞིང་། ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལ་ཡང་ངོ་ཞེས་པས་སྲུརྻཻཿ། བཞི་པའི་དོན་བརྗོད་པར་འདོད་པ་ན། ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་
པས་ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ངེའོ། །ད་ཡི་གེ་ནི་ངེ་ཡའོ་ཞེས་པའི་ཁྱད་པར་གྱི་དོན་ཏེ། འདི་ཉིད་ཀྱང་ཡ་ཡིག་ཏུའང་འགྱུར་ལ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨ་ཡིག་རིང་པོར་ཐོབ་བོ། ། སཱུ་རླུ་ཡ། སཱུ་རྻྰ་བྷྱཱ་མ། དྷུ་ཊ་མ་པོ་ཉིད་ལ་ནི་ཨེའོ་
Vol. 196 · folio 55b
ཞེས་པས་ཨེ་ཉིད་དོ། །སྲུརླེ་བྷྱཿ། ལྔ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་འབྱུང་ཁུངས་ལ་ལྔ་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ང་སིའོ། །སི་ཡིག་ལས་ཨི་ཡིག་ཕྲལ་བར་བྱ་སྟེ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ།
ང་སི་ཨཱཏ་ཏོ་ཞེས་པས་ཨཱཏ་ཏེ་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཞིང་ཕ་རོལ་ཡང་དབྱིའོ་ཞེས་པས་ཕ་རོལ་དབྱིའོ། །སྲུརྻྰཏ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོའོ། །སཱུཪྻཱ་བྷྱམྲ། སྔ་མ་བཞིན་དུ་ཨེ་ཉིད་དོ། །སཱུརྻེ་བྷྱཿ། དྲུག་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་
དང་བྱེད་པ་ཞེས་པ་ལ་སོགས་པས་བདག་པོ་ལ་སོགས་པ་ལ་དྲུག་པ་འགྱུར་ཏེ་དོན་གཅིག་ལ་གཅིག་གི་ཚིག་ངས་སོ། །ངས་ཀྱི་ཨ་ཡིག་ཕྲལ་བར་བྱ་སྟེ། ང་ཡིག་ནི་ངས་སྱའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། འདི་ཉིད་ཀྱིས་ངས་སྱ་རུ་འགྱུར་རོ། །སྲུརྻ་སྱ། ཨོས་ལའང་ངོ་ཞེས་པས་ཨེ་ཉིད་དེ་
ཨེ་ཨ་ཡའོ། །སྲུརྻ་ཡོཿ། ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ་ཞེས་པ་སྤྱིར་བཏང་ནས། ཨཱ་མ་ལའང་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨུ་ཡིག་ནི་གསུམ་པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །སྲུརྻྰ་
ཎཱམ། བདུན་པའི་དོན་བརྗོད་པར་འདོད་པ་ན། ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་གཞི་ལ་བདུན་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ངིའོ། ངི་ཡིག་ལས་ཨི་ཡིག་ཕྲལ་བར་བྱ་སྟེ། ངི་ཡིག་ནི་ངི་སྔ་མ་དང་བཅས་པ་ཨཽའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨའི་ཡི་གེ་ཨིའི་
ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱིའོ། སྲུརྻེ། སྲུརྻ་ཡོཿ། སུ་པྲའི་པ་ཡིག་ནི་གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དེ། ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །སྲུརྻེ་ཥུ། ཀུན་དུ་
བོད་པའི་དོན་བརྗོད་པར་འདོད་པ་ན། ཀུན་དུ་བོད་པ་ལའང་ཞེས་པས་དང་པོར་འགྱུར་ཏེ། གཅིག་གི་དོན་ལ་ཀུན་དུ་བོད་པ་ལ་སི་སཾ་བུདྡྷའོ་ཞེས་པས་སཾ་བུདྡྷིའི་མིང་ཅན་ཡིན་ཞིང་སཾ་བུདྡྷི་ལ་ཨཱའང་མ་ཡིན་ནོ་ཞེས་པ་སྤྱིར་བཏང་ནས་ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱེའོ། །ཏེ་སྲུརྻ། ཏེ་སྲུརློ། ཧེ་སྲུརྻུཿ། དེ་
Vol. 196 · folio 56a
བཞིན་དུ་སྐྱེས་པའི་རྟགས་ཨ་ཡིག་གི་མཐའ་ཅན་བྲྀཀྵ་ལ་སོགས་པའི་སྒྲ་རྣམས་ལའང་ཤེས་པར་བྱའོ།། །།ཨགྣིའི་སྒྲ་ལས་ཀྱང་སི་ལ་སོགས་པ་རྣམས་ཏེ། དང་པོའི་གཅིག་གི་ཚིག་ལ་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཨགྣིཿ། ཨགྣི་ལས་ཨམ་གྱི་ཨ་ཡིག་
གོ་ཞེས་པ་སྤྱིར་བཏང་ནས་ཨོ་ཡིག་སྔ་མར་རོ་ཞེས་པས་ཨོ་ཡིག་ནི་སྔ་མའི་དབྱངས་ཨི་ཡིག་ཏུ་འཐོབ་ཅིང་། མཚུངས་པ་ལ་རིང་པོ་སྟེ། རིང་པོ་ལས་ཕ་རོལ་ཡང་དབྱིའོ། །ཨགྣཱི། ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་ཨེ་ཨ་ཡའོ། །ཨགྣ་ཡཿ། ཨགྣི་ལས་ཨམ་གྱི་ཨ་
ཡིག་གོ་ཞེས་པས་ཨམ་གྱི་ཨ་ཡིག་དབྱིའོ། །ཨགྣིམྲ། །ཨགྣཱི། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཤས་ཀྱི་ཨ་ཡིག་ཨི་ཡིག་ཏུ་ཐོབ་ཅིང་ས་འང་ན་ཡིག་ཏུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །ཨགྣཱིནྲ། ཊཱ་ནཱའོ་ཞེས་པས་ནཱ་
རུ་འགྱུར་རོ། །ཨགྣི་ནཱ། ཨགྣི་བྷྱཱ་མ། །ཨགྣི་བྷིཿ། དེ་ལའོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་ཨེ་ཨ་ཡའོ། །ཨགྣ་ཡེ། ཨགྣི་བྷྱཱ་མ། ཨགྣི་བྷྱཿ། ང་སི་ངས་དག་གི་ཨ་ཡིག་དབྱི་བར་འགྱུར་ཞིང་། ཨི་ཨེཏ་དུ་འགྱུར་རོ། །ཨགྣེཿ། ཨགྣི་བྷྱཱ་མ། སྔ་མ་བཞིན་དུ་ཨགྣེཿ། ཨིའི་ཡི་གེ་
འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཡ་ཉིད་དོ། །ཨགྣྱོཿ། ཨཱ་མ་ལའང་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨུ་ཡིག་ནི་གསུམ་པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོའོ། །ཨགྣཱི་ནཱ་མ། དི་སྔ་མ་དང་བཅས་
པ་ཨཽའོ་ཞེས་པས་ཨི་ཡིག་དང་ལྷན་ཅིག་ངི་ཨཽ་རུ་འགྱུར་རོ། །ཨགྣཽ། ཨགྣྱཽཿ། ནཱ་མི་དང་ཀ་དང་ར་ལས་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཨགྣི་ཥུ། ཀུན་ཏུ་བོད་པ་ལ་ནི་ཨགྣི་སྤྱིར་བཏང་བ་ལ། སཾ་བུདྡྷི་ལའང་ངོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་
ཨགྣེ། ཧེ་ཨགྣཱི། །ཧེ་ཨགྣ་ཡཿ། དེ་བཞིན་དུ་སྐྱེས་པའི་རྟགས་ཨི་ཡིག་གི་མཐའ་ཅན་གཞན་རྣམས་ལའང་སྟེ། ཧ་རི། བི་རིཉྩི། དྷཱུསྫྫ་ཊི་ལ་སོགས་པ་རྣམས་དང་། ཨཉྫ་ནི། ནི་དྷི། །ཨོཾ་གྷྲི། ཡོ་ནི། མུ་ནི། དྷྭ་ནི། ས་མཱ་དྷི། དུནྡུ་བྷི། །བྲཱི་ཧི། ཨ་ཏི་ཐི། མཱ་ལི། སཱ་ར་ཐི། ཞེས་པ་ལ་སོགས་
Vol. 196 · folio 56b
རྣམས་ལྟ་བུའོ།། །།ས་ཁིའི་སྒྲ་ལས་ཀྱང་སི་ལ་སོགས་པ་རྣམས་ཏེ། ས་ཁིའི་སྒྲ་འབའ་ཞིག་གི་ཁྱད་པར་ལ་ནི། དང་པོའི་གཅིག་གི་ཚིག་ལ་ཨུ་ཤ་ནས་པུ་རུ་དཾ་ཤས་ཨ་ནེཧས་རྣམས་ཀྱི་སི་ལ་ཨན་མཐའོ་ཞེས་པ་སྤྱིར་བཏང་ནས། ས་ཁིའི་འང་ངོ་ཞེས་པས་སི་ལ་ཨནྲ་དུ་འགྱུར་ལ། གྷུཊ་
ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་རྟགས་མཐའི་མིང་ཡིག་གོ་ཞེས་པས་ན་དབྱིའོ། །ས་ཁཱ། གྷུཊ་ལ་ནི་ཨཻའོ་ཞེས་པས་ཨཻ་རུ་འགྱུར་ཞིང་ཨཻ་ཨཱ་ཡའོ། །ས་ཁཱ་ཡཽ། །ས་ཁཱ་ཡཿ། ས་ཁཱ་ཡམ། ས་ཁཱ་ཡོ། ས་ཁཱིན། །ས་ཁི་
ཊཱ་སོགས་ལ་ཨགྣི་མ་ཡིན་ནོ་ཞེས་ཨགྣིའི་མིང་གི་བྱ་བ་བཀག་པའི་ཕྱིར་ཊཱནཱའོ་ཞེས་པས་ནཱ་རུ་འགྱུར་བ་མ་ཡིན་ཞིང་། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡའོ་ཞེས་པས་ཡ་ཉིད་དོ། །ས་ཁྱཱ། ས་ཁི་བྷྱཱ་མྲ། ས་ཁི་བྷིཿ། སྔ་མ་བཞིན་དུ་ཨགྣིའི་མིང་ཡོད་པ་མ་ཡིན་པའི་ཕྱིར་དེ་ལའོ་ཞེས་
པས་ཨི་ཨེཏ་དུ་འགྱུར་བ་མ་ཡིན་ནོ། །ས་ཁྱེ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པས་ང་སི་དང་ངས་དག་གི་ཨ་ཡིག་ཨུ་རུ་ཐོབ་ཅིང་། ཡ་ཉིད་དོ། །ས་ཁྱུཿ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ས་ཁྱུཿ། ས་ཁྱོཿ། ས་ཁཱི་ནཱཾ། ས་ཁི་པ་ཏི་དག་གི་ངི་ཨཽ་རུ་འགྱུར་རོ། །ས་ཁྱཽ།
ས་ཁྱོཿ། ཥ་ཉིད་དོ། །ས་ཁོ་ཥུ། ཀུན་དུ་བོད་པ་ལ་ནི་གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་སྤྱིར་བཏང་བ་ལས་སཾ་བུདྡྷི་ལ་ཨན་འགྱུར་བ་མ་ཡིན་ཞིང་སྔ་མ་བཞིན་དུ་ཨེ་ཉིད་དོ། །ཧེ་ས་ཁེ། ཧེ་ས་ཁཱ་ཡོ། ཧེ་ས་ཁཱ་ཡཿ། པ་ཏིའི་སྒྲ་ལ་ནི། ཚིག་སྡུད་ལ་ཨགྣི་བཞིན་དུ་འགྱུར་ཞིང་། འབའ་ཞིག་པ་ལ་
ནི་པ་ཏི་བསྡུ་བ་མ་ཡིན་པ་ལའོ་ཞེས་པས་ཊཱ་ལ་སོགས་པ་ལ་ཨགྣིའི་མིང་ཅན་གྱི་བྱ་བ་མེད་དོ། །པ་ཏིཿ། པ་ཏཱི། པ་ཏ་ཡཿ། པ་ཏིམྲ། པ་ཏཱི། པ་ཏཱིན། ཊཱལ་སོགས་པ་ལས་ཁི་དང་འདྲ་བའི་གཟུགས་སུ་གྲུབ་བོ། །པ་ཏྱ། །པ་ཏི་བྷྱཱམ། པ་ཏི་བྷིཿ། པ་དྱེ། པ་ཏི་བྷྱཱམ། པ་ཏི་བྷྱཿ། པ་ཏྱུཿ།
པ་ཏི་བྷྱཱམ། པ་ཏི་བྷྱཿ། པ་ཏྱོཿ། པ་ཏྱོཿ། པ་ཏཱི་ནཱམ། པ་ཏྻཽ། པ་ཏྻཽཿ། པ་ཏིཥུ། ཀུན་ཏུ་བོད་པ་ལ། ཧེ་པ་ཏེ། ཧེ་པ་ཏཱི། ཧེ་པ་ཏ་ཡཿ།། །།པནྠིའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། ཨི་ཡིག་གི་མཐའ་ཅན་ཉིད་ཡིན་ཡང་ཨགྣིའི་མིང་དགོས་པ་མེད་ལ། ཨམ་ཤས་དག་གི་ཨཱའོ་ཞེས་
Vol. 196 · folio 57a
པ་སྤྱིར་བཏང་ནས། པནྠི། མནྠི། རྀ་བྷུཀྵི་རྣམས་ཀྱི་སི་ལའོ་ཞེས་པས་ཨི་ཡིག་ཨཱ་རུ་འགྱུར་ཞིང་། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་རྣམ་པར་གཅད་བྱའོ། །པནྠཱཿ། གྷུཊ་ལ་ཨན་མཐའོ་ཞེས་པས་གྷུཊ་ལ་ཨི་ཡིག་ཨནྲ་དུ་འགྱུར་ཞིང་། གྷུཊ་ལའང་སཾ་བུདྡྷི་མ་
ཡིན་པ་ལ་ཞེས་པས་རིང་པོ་ཉིད་དོ། །པནྠཱ་ནཽ། པནྠཱ་ནཿ། པནྠཱ་ན་མ། པནྠཱ་ནཽ། གྷུཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་པས་ཨི་ཡིག་དབྱི་ཞིང་། གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ་ཞེས་པས་ན་དབྱིའོ། །པ་ཐཿ། པ་ཐཱ། པ་ཐི་བྷྱཱམ། པ་ཐི་བྷིཿ། པ་ཐེ། པ་ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་
ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་ཐོཿ། བསྲུབ་པ་དག། བསྲུབ་པ་རྣམས། པ་ཐཱ་མ། པ་ཐི། པ་ཐོཿ། པ་ཐི་ཥུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལའང་ངོ་ཞེས་པས་ཨེ་ཉིད་ཐོབ་མོད། ཕ་རོལ་ཉིད་ལས་ཨཱ་ཉིད་ཁོ་ནའོ། །ཧེ་པནྠཱཿ། ཧེ་པནྠཱ་ནཽ། །ཧེ་པནྠཱ་ནཿ། དེ་བཞིན་དུ་མནྠི་དང་རྀ་བྷུ་ཀྵིའི་སྒྲ་ལ་ནི་ན་ཡིག་ཡོད་
པ་ལས་ན་དབྱི་བ་མེད་དོ་ཞེས་པ་ཁྱད་པར་རོ། །ཨཾ་ཤུའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་ཨགྣིའི་སྒྲ་དང་འདྲ་ལ། མཚན་ཉིད་འདི་ནི་ཁྱད་པར་ཏེ། ཨཽ་ཡིག་སྔ་མའོ་ཞེས་པས་ཨཽ་ཡིག་སྔ་མའི་དབྱངས་ཉིད་སྟེ་ཨུ་ཡིག་ཏུ་ཐོབ་པོ། །ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ཨུ་ཨོཏ་དུ་འགྱུར་ལ། ཨོ་ཨ་ཝའོ། །
ཤས་ཀྱི་ཨ་ཡིག་ཅེས་པ་ལ་སོགས་པས་ཤས་ཀྱི་ཨ་ཡིག་ཨུ་ཡིག་ཏུ་ཐོབ་པོ། །ངི་སྔ་མ་དང་བཅས་པ་ཞེས་པས། སྔ་མའི་དབྱངས་ཉིད་དེ་ཨུ་ཡིག་དང་ལྷན་ཅིག་ངི་ཨཽ་རུ་འགྱུར་རོ། །ཨུའི་ཡི་གེ་ཝའོ་ཞེས་པས་ཝ་ཉིད་དོ། །ཨཾ་ཤུཿ། ཨཾ་ཤཱུ། །ཨཾ་ཤ་ཝཿ། ཨཾ་ཤུམ། ཨཾ་ཤཱུ། །ཨཾ་ཤཱུན། ཨཾ་ཤུ་ནཱ།
ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷིཿ། ཨཾ་ཤཝེ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷྱཿ། ཨཾ་ཤོ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷྱཿ། ཨཾ་ཤོ། །ཨཾ་ཤྭཿ། ཨཾ་ཤཱུ་ནཱ་མ། ཨཾ་ཤཽ། ཨཾ་ཤྭེཿ། ཨཾ་ཤུ་ཥུ། །ཀུན་དུ་བོད་པ་ལ། ཧེ་ཨཾ་ཤོ། ཧེ་ཨཾ་ཤཱུ། ཧེ་ཨཾ་ཤ་ཝཿ། དེ་བཞིན་དུ་ཤཾ་བྷུ། བི་བྷུ། སྠཱ་ཎུ། ཀ་རེ་ཎུ། ཀི་སེ་རུ།
ཀཱ་རུ་རྣམས་དང་། ཨིཀྵུ། བྷིཀྵུ། ཧི་མཱཾ་ཤུ། ཨོ་ཏུ། ཨཱ་ཡུ། གོ་མཱ་ཡུ། བཱ་ཡུ་རྣམས་དང་། སཱ་ནུ། །བྷཱ་ནུ། ཧེ་ཏུ། ཨམྦུ། །བེ་ཎུ། རེ་ཎུ། ཧ་ནུ། ཀྲྀ་ཤཱ་ནུ་ཞེས་པ་ལ་སོགས་པ་རྣམས་སོ།། །།ཀྲོཥྚུའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། ཀྲོ་ཤ་བོད་པ་ལའོ། །ཀྲོ་ཤ་ཏི་
Vol. 196 · folio 57b
ཞེས་པས་སི་དང་ཏ་ནི་དང་ག་མི་དང་། མ་སི་དང་། ས་བི་དང་། ཨ་བི་དང་། ས་ནུ་དང་། ཀྲུ་ཤི་རྣམས་ལས་ཏུན་ནོ། །ན་ཡིག་ནི་བརྗོད་པའི་དོན་ཡིན་ལ། ཨུ་པ་དྷ་ན་མི་ནའི་འང་ཡང་བའི་འོ་ཞེས་པས་ཡོན་ཏན་ཏེ། ཌྷ་ཤ་དག་གི་ཞེས་པས་ཥ་ཉིད་དུ་འགྱུར་ཞིང་། ཏ་སྡེ་ནི་ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ་
ཞེས་པ་ལ་སོགས་པས་ཏ་ཡིག་ནི་ཊ་ཡིག་ཏུ་འགྱུར་ཏེ་ཀྲོཥྚུ་ཞེས་པ་གྲུབ་བོ། །ཀྲུ་ཤ་ལས་ཏུ་ན་གྷུཊ་དང་བུད་མེད་ལའང་མེད་ཅིང་། ཨུཎ་ལ་སོགས་པ་ནི་ཁ་ཅིག་ཏུའོ། །ཏྲྀ་ཙམ་གྲུབ་པ་ནི། ཤས་ལ་སོགས་པའི་དབྱངས་ལ་ཏྲྀ་ཙའི་མཐའ་དང་ཏུན་གྱི་མཐའ་ཡང་རབ་ཏུ་སྦྱོར་ཏེ། གསལ་བྱེད་དང་པོ་ལ་ནི་
ཏུན་གྱི་མཐའ་ཉིད་རབ་ཏུ་སྦྱོར་རོ། །ཀྲོ་ཤ་ཏི་ཞེས་པ་དང་བུཎ་ཏྲྀ་ཙ་དག་ཅེས་པས་ཀྲྀ་ཙཱི་ཙ་ཡིག་ནི་བརྗོད་པའི་དོན་ཡིན་ལ། ཡོན་ཏན་ལ་སོགས་པ་ནི་སྔ་མ་བཞིན་ཏེ། ཀྲོཥྚི་ཞེས་གནས་པ་ལ། རྀ་ཡིག་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་སྤྱིར་བཏང་ནས། སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་རྀ་
ཡིག་ཨཱ་རུ་འགྱུར་ཞིང་སི་དབྱི་བའང་ངོ་། །ཀྲོཥྚཱ། བྷུཊ་ལའང་ངོ་ཞེས་པ་སྤྱིར་བཏང་ནས། བྱིངས་ལས་ཏྲྀ་སྒྲའི་ཨཱར་རོ། །ཀྲོཥྚཱ་རཽ། ཀྲོཥྚཱོ་རཿ། ཀྲོཥྚཱ་རྨྲ། །ཀྲོཥྚཱ་རཽ། །ཤས་ལ་སོགས་པའི་ཕྱོགས་ལ་ཏུན་མཐའ་སྟེ་ཨཾ་ཤུའི་སྒྲ་དང་འདྲའོ། ཀྲོཥྚུ་ན། ཀྲྀ་ཙ་མཐའི་ཕྱོགས་ལ་ནི་ཨགྣི་དང་འདྲ་བར་
འགྱུར་ལ། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཤས་ཀྱི་ཨ་ཡིག་རྀ་ཡིག་ཏུ་ཐོབ་ཅིང་། །སའང་ན་ཡིག་ཏུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །ཀྲོཥྚཱི་ནྲ། ཀྲོཥྚཱུ་ནཱ། ཏྲྀ་ཙ་མཐའི་ཕྱོགས་ལ། རྀའི་ཡི་གེ་རའོ་ཞེས་པས་ར་ཉིད་དོ། །ཀྲོཥྚཱ།
གསལ་བྱེད་ཀྱི་ཡུལ་ཉིད་ལས་ནི་ཏུནྲ་གྱི་མཐའ་ཁོ་ན་རབ་ཏུ་སྦྱོར་རོ། །ཀྲོཥྚཱུ་བྷྱཱམ། ཀྲོཥྚཱུ་བྷིཿ། ཀྲོཥྚ་བེ། ཀྲོཥྚེ། ཀྲོཥྚུ་བྷྱཱམ། ཀྲོཥྚུ་བྷྱཿ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པ་སྤྱིར་བཏང་ནས། རྀཏ་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པས་ངྲ་སི་ངས་དག་གི་ཨ་ཡིག་རྀ་ཡིག་དང་ལྷན་ཅིག་ཨུ་རུ་ཐོབ་
བོ། །ཀྲོཥྚུཿ། ཀྲོཥྚོཿ། ཀྲོཥྚུ་བྷྱཱམ། ཀྲོཥྚུ་བྷྱཿ། ཀྲོཥྚུ། ཀྲོཥྚུཿ། ཀྲོཥོཊོཿ། ཀྲོཥྚ་ུནཱ་མྲ། ཀྲོཥྚཱྀ་ཎཱམྲ། །ཀྲོཥྚཽ། །དི་ལ་ཨར་རོ་ཞེས་པས་ཨར་རོ། །ཀྲོཥྚ་རི། །ཀྲོཥྚོཿ། ཀྲོཥྚྭོཿ། །ཀྲོཥྚུ་ཥུ། །ཀུན་དུ་དུ་བོད་པ་ལ་ནི། མ་ནིང་ལས། སི་ཨམ་དག་གི་དབྱི་བ་དང་། ཏུན་རྐྱེན་ནོ། །ཧེ་ཀྲོཥྚོ།
Vol. 196 · folio 58a
ཧེ་ཀྲོཥྚ་རཽ། ཧེ་ཀྲོཥྚ་རཿ། བུད་མེད་དང་པོ་ལ་ནི་མདོ་ས་ཨཱི་རྐྱེན་ནོ། །ཀྲོཥྚཱི། །སྭ་ཡཾ་བྷ་ཝ་ཏི་ཞེས་པ་ལ། གཞན་རྣམས་ཀྱང་མཐོང་ངོ་ཞེས་པ་སྤྱིར་བཏང་ནས། ཀྭི་པྲ་འང་ངོ་ཞེས་པས་ཀྭི་པྲ་འང་སྟེ། ཉེ་བའི་ཚིག་གིས་ཚིག་སྡུད་དོ། །པ་ཡིག་ནི་བྱིངས་ཀྱི་བ་རྗེས་སུ་འབྲེལ་བ་ལ་
ཏ་མཐའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཝ་ཡིག་ནི་སྦྱར་བ་མ་ཡིན་པའི་ཝི་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ཞིང་། ཀ་ཡིག་ནི་ཀ་ལ་ཡཎ་བཞིན་ཡང་སྟེ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །རྟགས་ཀྱི་མིང་ཅན་ལ་སི་ལ་སོགས་པ་རྣམས་ཏེ། སི་ལ་ནི། སྭ་ཡཾ་བྷཱུཿ། དབྱངས་ལ་གཉིས་ཀྱི་ཚིག་ལ་
སོགས་པ་ལ་ནི། །ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དུ་ཐོབ་མོད། །བྷཱུའི་ཝཪྵཱ་བྷཱུ་དང་པཱུ་ནར་བྷཱུ་མ་ཡིན་པའོ་ཞེས་པས་བྷཱུ་ནི་ཨུ་ཝ་རུ་ཐོབ་བོ། སྭ་ཡཾ་བྷུ་བཽ། སྭ་ཡཾ་བྷུ་ཝཿ། སྭ་ཡཾ་བྷུ་ཝམ། སྭ་ཡཾ་བྷུ་ཝཽ། སྭ་ཡཾ་བྷུ་ཝཿ། སྭཱ་ཡཾ་བྷུ་ཝཱ། སྭ་ཡཾ་བྷུ་བྷྱཱམ། སྭ་ཡཾ་བྷུ་བྷིཿ། སྭ་ཡཾ་བྷུ་ཝེ།
སྭ་ཡཾ་བྷཱུ་བྷྱཱམ། སྭ་ཡཾ་བྷུ་བྷྱཿ། སྭ་ཡཾ་བྷ་ཝཿ། སྲ་ཡཾ་བྷུ་བྷྱཱམ། སྭ་ཡཾ་བྷཱུ་བྷྱཿ། སྭ་ཡཾ་བྷཱུ་ཝཿ། སྭ་ཡཾ་བྷུ་ཝོཿ། སྭ་ཡཾ་བྷུ་ཝམ། སྭ་ཡཾ་བྷཱུ་ཝི། སྭ་ཡཾ་བྷུ་ལྦོཿ། སྭ་ཡཾ་བྷུ་ཥུ། །ཀུན་དུ་བོད་པ་ལ་ནི། །ཧེ་སྭ་ཡཾ་བྷཱུཿ། ཧེ་སྭ་ཡཾ་བྷཱུ་ཝཽ། ཧེ་སྭ་ཡམ་བྷུ་ཝཿ། དེ་བཞིན་དུ་ཨཱ་ཏྨ་བྷཱུ། །མ་ནོ་བྷཱུ། པྲ་ཏི་བྷཱུ་ཞེས་པ་
འདི་ལྟ་བུ་ལ་སོགས་པ་རྣམས་སོ། །ཁ་ལ་པཱུའི་སྒྲ་ལ་ཁྱད་པར་ནི། ཁ་ལ་པཱུ་དག་པར་བྱེད་པ་ལའོ་ཞེས་པས་ཀྭི་པ་སྟེ། ཉེ་བའི་ཚིག་གིས་ཚིག་སྡུད་དོ། །སི་ལ་ནི་ཁ་པཱུཿ། །ཨུ་ཝ་ཐོབ་མོད། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དོ། །ཁ་ལ་སྭཽ། ཁ་ལ་སྭཿ། ཁ་ས་སྭཾ། ཁ་ལ་
སྭཽ། ཁ་ལ་སྭཿ། ཁ་ལ་སྭཱ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷིཿ། ཁ་ལ་སྲེ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷྱཿ། ཁ་ལ་སྭཿ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷྱཿ། ཁ་ལ་སྭཿ། ཁ་ལ་སྭོཿ། ཁ་ལ་སྭཱམ། ཁ་ལ་སྭི། ཁ་ལ་སྭོཿ། ཁ་ལ་པཱུ་ཥུ། ཀུན་དུ་བོད་པ་ལ་ནི། ཧེ་ཁ་ལ་པཱུཿ། ཧེ་ཁ་ལ་སྭཽ། །ཧེ་ཁལ་སྭཿ
ཝ་དྷཱ་བྷཱུ་སྒྲ་ལའང་ཁྱད་པར་ནི། བྷཱུའི་ཝཪྵཱ་བྷཱུ་དང་པུ་ནར་བྷཱུ་མ་ཡིན་པ་ཞེས་པས། འདི་ཝེཪྵཱ་བྷཱུའི་སྒྲ་ལ་ནི་བཀག་པའི་ཕྱིར། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་དབྱངས་དང་པོ་ལ་ཝ་ཉིད་དོ། །ཝཪྵཱ་བྷཱུཿ། ཝཪྵཱ་བྷྭཽ། ཝཪྵ་བྷྭཿ།། །།པི་ཏྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། དང་པོའི་གཅིག་
Vol. 196 · folio 58b
ལ་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་རྀ་ཡིག་ཏུ་འགྱུར་ཞིང་སི་ཕ་རོལ་ལ་སི་དབྱི་བའང་ངོ་། །པཱི་ཏཱ། ངི་ལ་ཨར་རོ་ཞེས་པ་སྤྱིར་བཏང་ནས། གྷུཊ་ལའང་ངོ་ཞེས་པས་རྀ་ཡིག་ཨར་རོ། །པི་ཏ་རོ། པི་ཏི་རཿ། པི་ཏ་ར་མ། པི་ཏ་རཽ། །ཤས་ལ་ཨགྣི་བཞིན་ནོ་ཞེས་པས་ཨགྣི་དང་འདྲ་བར་འགྱུར་
ཏེ། ཤས་ཀྱི་ཨ་ཡིག་སྟེ་ཞེས་པ་ལ་སོགས་པས་ཤས་ཀྱི་ཨ་ཡིག་རྀ་ཡིག་ཏུ་ཐོབ་ཅིང་། སའང་ན་རུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ། རིང་པོ་ལས་ཕ་རོལ་དབྱིའོ། །པི་ཏྲྀ་ན། ར་ཉིད་དོ། །པི་ཏྲཱ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷིཿ། པི་ཏྲེ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ། རིཊ་མཐའ་ལས་སྔ་མ་དང་
བཅས་པའོ་ཞེས་པས་རྀ་ཡིག་དང་ལྷན་ཅིག་ང་སི་ངས་དག་གི་ཨ་ཡིག་ཨུ་རུ་ཐོབ་བོ། །པི་ཏུཿ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ། པི་ཏུཿ། པི་ཏྲོཿ། སྔ་མ་བཞིན་དུ་ནུ་ཨཱ་ག་མ་སྟེ། ནུ་དང་བཅས་པའི་ཨཱ་མ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །པི་ཏྲཱྀ་ཎཱ་མ། ངི་ལ་ཨར་རོ་ཞེས་པས་ཨར་རོ། །པི་ཏ་རི།
པི་ཏྲོཿ། ཥ་ཉིད་དོ། །པི་ཏྲྀ་ཥུ། །ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལ་ཨཱ་འང་མ་ཡིན་ནོ་ཞེས་པས་ཨཱ་འགོག་ཅིང་གྷུཊ་ལའང་ཞེས་པས་ཨར་དུ་འགྱུར་ལ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་སྟེ། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཧེ་པི་ཏཿ། ཧེ་བི་ཏ་རཽ། ཧེ་པི་ཏ་རཿ། དེ་བཞིན་དུ་
མཱ་ཏྲྀ་དང་ཛཱ་མཱ་ཏྲྀའོ། །ནྲྀའི་སྒྲ་ལ་ནི། དྲུག་པའི་མང་པོའི་ཚིག་ལ་ཁྱད་པར་དུ་ནཱ་མ་ལ་རིང་པོ་མ་ཡིན་ནོ་ཞེས་པ་འདིར་འཇུག་བཞིན་པ་ལ། ནྲྀ་ཡང་ནའོ་ཞེས་རྣམ་པར་བརྟག་པས་རིང་པོའོ། །ནྲྀ་ཎཱ་མ་ནྲྀ་ཎཱ་མ།། །།པྲ་ཤཱ་སྟྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །སྔ་མ་བཞིན་དུ་སི་ལ་ཨཱ་སྟེ་སི་
དབྱི་བའང་ངོ་། །པྲ་ཤཱ་སྟཱ། བྱིངས་ལས་ཏྲྀ་སྒྲའི་ཨཱར་རོ་ཞེས་པ་སྤྱིར་བཏང་ནས། སྭ་སྲྀ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ཨཱར་རོ། །པྲ་ཤཱ་སྟ་རཽ། པྲ་ཤཱ་སྟཱ་རཿ། པྲ་ཤཱ་སྟཱ་རམ། པྲ་ཤཱ་སྟཱ་རཽ། པྲ་ཤཱ་སྟྲཱྀན། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་བཞིན་དུ་ན་པྟྲྀ་དང་། ནེཥྚྲྀ་དང་། ཏྭཥྚྲཾ་དང་། ཀྴ་ཏྲྀ་
དང་། ཧོ་ཏྲྀ་དང་། པི་ཏྲྀའོ།། །།རཻའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་གསལ་བྱེད་དང་པོ་ཅན་ལ་ཨ་ཉིད་དོ་ཞེས་པ་སྤྱིར་བཏང་ནས། རཻའིའོ་ཞེས་པས་ཨཱ་ཉིད་དེ། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །རཱཿ། དབྱངས་དང་པོ་ཅན་ལ་ཨཻ་ཨཱ་ཡའོ། །རཱ་ཡཽ། རཱ་ཡཿ། རཱ་ཡམ།
Vol. 196 · folio 59a
རཱ་ཡཽ། རཱ་ཡཿ། རཱ་ཡཱ། རཱ་བྷྱཱམ། རཱ་བྷིཿ། རཱ་ཡེ། རཱ་བྷྱཱམ། རཱ་བྷྱཿ། རཱ་ཡཿ། རཱ་བྷྱཱམ། རཱ་བྷྱཿ། རཱ་ཡཿ། རཱ་ཡོཿ། རཱ་ཡེ། རཱ་ཡི། རཱ་ཡོཿ། རཱ་སུ། ཀུན་དུ་བོད་པ་ལ་ནི། །ཧེ་རཱཿ། ཧེ་རཱ་ཡཽ། ཧེ་རཱ་ཡཿ།། །།གོའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་
གྷུཊ་ལ་གོའི་ཨཽའོ་ཞེས་པས་གོའི་ཨོ་ཡིག་ཨཽ་རུ་འགྱུར་རོ། །གཽཿ། ཨཽ་ཨཱ་ཝའོ། གཱ་ཝཽ། །གཱ་ཝཿ། ཨ་མ་ཤས་དག་གི་ཨཱའོ་ཞེས་པས་ཨཱ་རུ་འགྱུར་རོ། །གཱམ། གྰ་ཝཽ། །སྔ་མ་བཞིན་དུ་ཨཱ་རུ་འགྱུར་རོ། །གྰཿ། དབྱངས་དང་པོ་ཅན་ལ་ཨོ་ཨ་ཝའོ། །ག་ཝྰ། །གོ་བྷྱཱམ། གོ་བྷིཿ། ག་ཝེ།
གོ་བྷྱཱམ། གོ་བྷྱཿ། ང་སི་ངས་དག་གི་ཨ་དབྱི་བའང་ངོ་ཞེས་པས་སྤྱིར་བཏང་ནས་གོ་ལས་ཀྱང་ངོ་ཞེས་པས་ང་སི་ངས་དག་གི་ཨ་དབྱིའོ། གོཿ། གོ་བྷྱཱམ། གོ་བྷྱ།། གོཿ། ག་ཝོཿ། ག་ཝཱཾ། ག་ཝི། ག་ཝོཿ། གོ་ཥུ། ཀུན་དུ་བོད་པ་ལ། ཧེ་གོཿ། ཧེ་གྰ་ཝཽ། ཧྱེ་གྰ་ཝཿ། གོའི་སྒྲ་འདི་བུད་མེ་དང་སྐྱེས་
པ་ལ་འཇུག་སྟེ་གཉི་ག་ལ་ཡང་ཁྱད་པར་མེད་དོ། །གཽཿ། གཱ་ཝཽ། །གྰ་ཝཿ། དི་བ་མཚུངས་པའི་དོན་ཅན་བུད་མེད་ཀྱི་རྟགས་ལ་དྱོའི་སྒྲ་འཇུག་སྟེ། དེ་འང་གོའི་སྒྲ་དང་འདྲ་བར་གཟུགས་སུ་གྲུབ་བོ་ཞེས་ཁ་ཅིག་སེམས་པར་བྱེད་པ་ནི། དཔེར་ན་དྱཽཿ། དྱཱ་ཝཽ། དྱཱཾ། དྱཱ་ཝོ། དྱཱཿ། དྱཱ་ཝྰ། དྱཽ་བྷྱཱམ།
དྱོ་བྷིཿཞེས་པ་ལ་སོགས་པའོ། །དབང་ཕྱུག་གོ་ཆའི་བཞེད་པས་ནི་མཚན་ཉིད་ཡོངས་སུ་བཤད་ནས་རབ་ཏུ་སྦྱོར་བ་ཉིད་མེད་དེ། ཨམ་ལ་ཡང་ནའོ་ཞེས་པའི་མདོ་མཛད་པའི་ཕྱིར་རོ། །རྣམ་པ་གཞན་དུ་དི་ཞེས་པའི་དྱོའི་སྒྲ་ཉིད་མི་འགྲུབ་ཅིང་དོན་ཐ་དད་པ་ཡང་མེད་དོ་ཞེས་སོ། །གླཽའི་སྒྲ་ལས་སི་ལ་སོགས་པ་རྣམས་
ནི། དང་པོའི་གཅིག་གི་ཚིག་ལ་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །གླཽཿ། དབྱངས་ལ་ནི་ཨཽ་ཨཱ་ཝའོ། གླཱ་ཝཽ། གླ་ཝཿ། གླཱ་ཝཾ། གླཱ་ཝཽ། གླཱ་ཝཿ། གླ་བྷྱཱ། གླཽ་བྷིམ། གློ་བྷཱིཿ། གླཱ་ཝེ། གླཽ་བྷྱཱམ། གླཽ་བྷྱཿ། གླཱ་ཝཿ། གླཽ་བྷྱཱམ། གླཽ་བྷྱཿ། གླཱ་ཝཿ། གླཱ་ཝོཿ། གླཱ་ཝཱཾ། གླཱ་ལྦི། གླཱ་ལྦོཿ། གླཽ་ཥུ།
ཀུན་དུ་བོད་པ་ལ། ཧེ་གླཽཿ། ཧེ་གླཱ་ཝཽ། ཧེ་གཱ་ཝཿ། ཞེས་པ་སྐྱེས་པའི་རྟགས་དབྱངས་ཀྱི་མཐའ་ཅན་རྣམས་རྫོགས་སོ།། །།གསལ་བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱའོ། །ཨ་མྦུ་མུཉྩ་ཏི་ཞེས་པས་ཀྭིཔྲ་སྟེ། ཉེ་བའི་ཚིག་གི་ཚིག་སྡུད་དོ། །རྟགས་ཀྱི་མིང་ཅན་ལས་སི་ལ་སོགས་པ་རྣམས་
Vol. 196 · folio 59b
ནི། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་ན་ཧི་ཞེས་པ་སྤྱིར་བཏང་ནས། རྫོགས་པ་དང་གསལ་བྱེད་དག་ལ་ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱི་འང་ཞེས་པས་ག་ཡིག་སྟེ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པ་དང་། སྒྲ་མེད་པ་ལ་དང་པོའོ་ཞེས་
པ་སྤྱིར་བཏང་ནས་རྫོགས་པ་ལ་ཡང་ནའོ་ཞེས་པ་མ་དང་པོ་ཉིད་ཀྱི་ཀ་ཡིག་གོ། །ཨ་མྤུ་མུ་ཀ། ཨ་མྦུ་མུགྲ། །ཨམྦུ་མུ་ཙཽ། ཨམྦུ་མུ་ཙཿ། ཨ་མྦུ་མུ་ཙཾ། ཨམྦུ་མུ་ཙཽ། ཨམྦུ་མུ་ཙཿ། ཨམྦུ་མུ་ཙ། ཨམྦུ་མུ་གྦྷམ། ཨམྦུ་མུ་གྦྷིཿ། ཨམྦུ་མུ་ཙེ། ཨམྦུ་མུ་གྦྷྱྰྨཾ། ཨ་མྦུ་མུ་གྦྷྱཿ། ཨམྦུ་མུ་ཙཿ། ཨམྦུ་མུགྦྷྱམ།
ཨམཱུ་མུགྦྷྱཿ། ཨམྦུ་མུ་ཙཿ། ཨམྦ་མུ་ཙོཿ། ཨམྦུ་མུ་ཙཱམྲ། ཨམྦུ་མུ་ཙི། །ཨམྦུ་མུ་ཙོཿ། གཉིད་དུ་བྱས་པ་ལ་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་སྟེ། ནྰ་མི་དང་ཀ་དང་ར་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཨམྦུ་མུཀྴུ། ཀུ་ན་དུ་བྱེད་པ་ལ། ཧེ་ཨམྦུ་མུཀ྄། ཧེ་ཨམྦུ་མུག྄། ཧེ་ཨམྦུ་མུ་ཙཽ་
ཧེ་ཨམྦུ་མུ་ཙཿ། དེ་བཞིན་དུ་ཨམྦྷོ་མུཙ། ཛ་ལ་མུ་ཙ། བ་ཡོ་མུ་ཙ། ཀ་མུ་ཙ་ཞེས་པ་ལ་སོགས་པའོ།། །།ཀྵྨཱ་བྷུ་ཕྱོད་དོ་ཞེས་པས་ཀྭིཔ྄་སྟེ། ཚིག་སྡུད་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལ་སི་ལ་སོགས་པ་རྣམས་ནི། གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱི་ཞིང་། ཙ་སྡེ་དང་དྲྀ་ཤ་
སོགས་རྣམས་ཀྱི་འང་ངོ་ཞེས་པས་ཛ་ཡིག་ག་ཡིག་སྟེ། དེ་ཡང་རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་ཡིག་གམ་ག་ཡིག་ཏུའོ། །ཀྵྨཱ་བྷུ་ཀ྄ །ཀྵྨཱ་བྷུ་ག྄ །ཀྵྨཱ་བྷུ་ཛཽ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛཱཾ། ཀྵྨཱ་བྷུ་ཛཽ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛྰ། ཀྵྨཱ་བྷུ་གྦྷྱཱཾ། ཀྵྨཱ་བྷུ་གྦྷིཿ། ཀྵྨཱ་བྷུ་ཛེ། ཀྵྨཱ་བྷུ་གྦྷྱཱ་མ྄། ཀྵྨཱ་བྷུ་གྦྷྱཿ། ཀྵྨཱ་བྷུ་ཛཿ། ཀྵྨཱ་
བྷུ་གྦྷྱཱམ། ཀྵྨཱ་བྷུ་གྦྷྱཿ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛོཿ། ཀྵྨཱ་བྷུ་ཛཱཾ། ཀྵྨཱ་བྷུ་ཛི། ཀྵྨཱ་བྷུ་ཛོཿ། ཀྵྨཱ་བྷུ་ཀྵུ། ཀུན་དུ་བོད་པ་ལ། ཧེ་ཀྵྨཱ་བྷུ་ཀྲ྄། ཧེ་ཀྵྨཱ་བྷུག྄། །ཧེ་ཀྵྨཱ་བྷུ་ཛཽ། །ཧེ་ཀྵྨཱ་བྷུ་ཛཿ། དེ་བཞིན་དུ་བྷཱུ་བྷུ་ཛྲ྄དང་རི་ཏྭི་ཛྲ྄་ལ་སོགས་པ་རྣམས་སོ།། །།མ་རུ་ཏ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་རྫོགས་པ་ལ་
ཡང་ནའོ་ཞེས་པས་ཏ་ཡིག་གམ་ད་ཡིག་གོ། །མ་རུཏ྄། །མ་རུད྄། མ་རུ་ཏཽ། །མ་རུཏ྄ླཿ། མ་རུ་ཏམྲ། མ་རུ་ཏཽ། མ་རུ་ཏཿ། མ་རུ་ཏཱ། ཨིས་ཨུས་དོཥ་རྣམས་ཀྱི་སྒྲ་ལྡན་ལའོ་ཞེས་པ་སྤྱིར་བཏང་ནས། སྒྲ་ལྡན་ལ་དྷུཏ་རྣམས་ཀྱི་གསུམ་པའོ་ཞེས་པས་ཏ་ཡིག་ད་ཡིག་གོ། །མ་རུདྦྷྱཱམ། །མ་རུ་དྦྷིཿ།
Vol. 196 · folio 60a
མ་རུ་ཏེ། མ་རུདྦྷྱཱམ། མ་རུདྦྷྱཿ། མ་རུ་ཏཿ། མ་རུ་དྦྷྱམ། མ་རུདྦྷྱཿ། མ་རུ་ཏཿ། མ་རུ་ཏོཿ། མ་རུ་ཏཱ། མ་རུ་ཏི། །མ་རུ་ཏོཿ། མ་རུ་ཏྶུ། དེ་བཞིན་དུ་ཨགྣི་ཙི་ཏ་དང་གསྟད་ལ་སོགས་པའོ།། །།ཀྲ་བྱྰ་ཟའོ་ཞེས་པས་ཀྲ་བྱའི་སྒྲ་ཉེ་བའི་ཚིག་ལ་ཨད་དེ། ཨནྣ་མ་ཡིན་པ་ལའོ་ཞེས་
བ་སྤྱིར་བཏང་ནས། ཀྲ་བྱཱ་ལའང་ངོ་ཞེས་པས་ཀྭི་པྲ་དང་། ཚིག་སྡུད་ལ་སོགས་པ་སྔ་མ་བཞིན་ནོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཏ་ཡིག་གམ་ད་ཡིག་གོ། །ཀྲབྱཱཏ། ཀྲ་བྱཱད། ཀྲ་བྱཱ་དཽ། ཀྲ་བྱཱ་དཿ། ཀྲ་བྱཱ་དཽ། ཀྲ་བྱཱ་དཿ། ཀྲ་བྱཱ་དཱ། ཀྲ་བྱཱ་དྦྷམ། ཀྲ་བྱཱ་དྦྷིཿ། ཀྲ་བྱཱ་དྭེ། ཀྲ་བྱཱ་དྦྷྱཱམ།
ཀྲ་བྱཱ་དྦྷྱཿ། ཀྲ་བྱཱ་དཿ། ཀྲ་བྱཱ་དྦྷྱཱམ། ཀྲ་བྷྱཱ་དྦྷྱཱཿ། ཀྲ་བྱཱ་དཿ། ཀྲ་བྱཱ་དོཿ། ཀྲ་བྱཱ་དཱིཿ། ཀྲ་བྱཱ་དི། ཀྲ་བྱཱ་དོཿ། ཀྲ་བྱ་དྶུ། དེ་བཞིན་དུ་ཤཱསྟ་བིད་ལ་སོགས་པ་རྣམས་སོ། །མྲྀ་གི་རྣམས་ལ་གནོད་པ་བྱེད་དོ་ཞེས་པས་བྱ་དྷི་ལས་ཀྭི་པྲའོ། ཀ་ལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་བའོ་ཞེས་པའི་དང་པོས་
ཡཎ་དང་འདྲ་བར་འགྱུར་ཞིང་། ཡོན་ཏན་མེད་པ་ཉིད་དོ། །གྲ་ཧི་ཛྱ་ལ་སོགས་པ་རྣམས་ཀྱི་སཾ་པྲ་སྰ་ར་ཎ་སྟེ་ཨ་ཡིག་དབྱངས་དང་ལྷན་ཅིག་ཨི་ཡིག་གོ། །ན་ཧི་བྲྀ་ཏི་བྲྀ་ཥི་བྱ་དྷི་རུ་དྷི་ས་ཧི་ཏ་ནི་རྣམས་ཀྭི་པྲའི་མཐའ་ཅན་རྣམས་ལ་སོ་སོར་དང་པོའི་ཡི་གེ་རྣམས་ཁོ་ན་རིང་པོའོ་ཞེས་པས་ཚིག་སྔ་མ་རིང་པོ་སྟེ།
རྫོགས་པ་ལ་ཡང་ནའོ་ཞེས་པས་དྷ་ཡིག་ནི་ཏ་ཡིག་གོ། །མྲྀ་གཱ་བིཏ། མྲྀ་གཱ་བིད། མྲྀ་གཱ་བི་དྷཽ། མྲི་གྰ་བི་དྷཿ། མྲི་གྰ་བི་དྷཾ། མྲི་གཱ་བི་དྷཽ། མྲི་གྰ་བིདྷཿ། མྲི་གྰ་བིདྟ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཉིད་དོ། །མྲི་གྰ་བིདྦྷྱཱམ། མྲི་གཱ་བིདྦྷིཿ། ཞེས་པ་ལ་སོགས་པའོ། དེ་བཞིན་དུ་དྷ་རྨྨཱ་བིད་
ཅེས་པ་ལ་སོགས་པ་རྣམས་སོ། །ཨཱ་ཏྨ་ནྲ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །གྷུཊ་ལ་འང་སཾ་བུ་དྷྷེ་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱིའོ། །ཨཱ་ཏྨཱ། ཨཱ་ཏྨཱ་ནཽ། ཨཱ་ཏྨཱ་ནཿ། ཨཱ་ཏྨཱ་ནཾ། ཨཱ་ཏྨཱ་ནཽ།
ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་དབྱིའོ་ཞེས་པའི་ཨ་དབྱི་བ་མེད་དེ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་སྨོས་པས་བཀག་པའི་ཕྱིར་རོ། ཨཱཏྨཱ་ནཿ། ཨཱ་ཏྨཱ་ནཱ། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱི་ཞིང་། དེའི་ན་དང་བརྩེགས་པའི་མཐའ་ཕྱིས་པ་དག་ནི་ཆོ་ག་སྔ་མ་བཞིན་འང་ངོ་ཞེས་
Vol. 196 · folio 60b
པས་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དང་། བྷིས་ཨཻས་ཡང་ནའོ་ཞེས་པ་དང་། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དུ་འགྱུར་པ་ནི་མ་ཡིན་ནོ། ཨཱཏྨ་བྷྱཱམ། །ཨཱཏྨ་བྷིཿ། ཨཱཏྨནེ། ཨཱ་ཏྨ་བྷྱཱམ། ཨཱ་ཏྨ་བྷྱཿ། ཨཱ་ཏྨ་ནཿ། ཨཱ་ཏྨ་
བྷྱཱ་མ། ཨཱ་ཏྨབྷྱཿ། ཨཱ་ཏྨནཿ། ཨཱ་ཏྨནོཿ། ཨཱ་ཏྨནཱམ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པས་བཀག་པའི་ཕྱིར། ངི་ལ་ཨར་རོ་ཞེས་པའི་རྣམ་པར་བརྟག་པ་མེད་དོ། །ཨཱཏྨ་ནི། ཨཱཏྨ་ནཽ། །ཨཱཏྨསུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་བཀག་པའི་ཕྱིར། །སཾ་བུདྡྷིལ་
རིང་པོར་འགྱུར་བ་མ་ཡིན་ཞིང་། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་ན་དབྱི་བའང་བཀག་གོ། །ཧེ་ཨཱཏྨན། ཧེ་ཨཱཏྨ་ནཽ། ཧེ་ཨཱཏྨནཿ། དེ་བཞིན་དུ་ཨ་དྷྭནྲ་དང་པྲ་ཧྨན྄་དང་ཨསྨན་དང་ཤླེ་སྨན་ལ་སོགས་པ་རྣམས་སོ། །རཱ་ཛནྲ་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་
ལ་ཞེས་པས་རིང་པོ་ཉིད་དོ། །རཱ་ཛཱ། རཱ་ཛཱ་ནཽ། །རཱ་ཛཱ་ན། རཱ་ཛཱ་ནཾ། རཱ་ཛཱ་ནཽ། །བ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་བ་ཞེས་པ་ལ་སོགས་པས་ཨ་དབྱི་ཞིང་། །ཏའི་སྡེ་པ་ནི་ཙ་ཊའི་སྡེ་པ་ཞེས་པ་ལ་སོགས་པས་ན་ཡིག་ནི་ཉ་ཡིག་གོ། །རཱཛྙཿ། རཱ་ཛྙ། རཱ་ཛ་བྷྱཱཾ། རཱཛ་བྷིཿ། རཱ་
ཛྙེ། རཱཛ་བྷྱཱམ། རཱཛབྷྱཿ། རཱཛྙཿ། རཱ་ཛ་བྷྱཱམ། རཱ་ཛ་བྷྱཿ། རཱ་ཛྙཱཿ། རཱ་ཛྙོཿ། རཱ་ཛྙཱཾ། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་པའི་རྣམ་པར་བརྟག་པས་ཨ་དབྱིའོ། །རཱ་ཛྙི། རཱ་ཛ་ནི། རཱ་ཛྙོཿ། རཱ་ཛ་སུ། །ཀུན་དུ་བོད་པ་ལ་ནི། །ཧེ་རཱ་ཛན། ཧེ་རཱ་ཛཱ་ནཽ། །ཧེ་རཱ་ཛ་ན། དེ་བཞིན་དུ་ཛ་དྷྭན། ནཀྴན།
མཀྴན། ཏཀྴནྲ། །ཨེ་ཌྷི་མཱན་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་སོ།། །།ཡུ་བན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཡུ་བཱ། ཡུ་བཱ་ནཽ། ཡུ་བཱ་ནཿ། ཡུ་བཱ་ནཾ། ཡུ་བཱ་ནཽ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་བནྶའི་བ་སྒྲའི་ཨུ་ཉིད་དོ་ཞེས་པ་སྤྱིར་བཏང་
ནས། ཤྭན། ཡུ་བན། མ་གྷ་བན་རྣམས་ཀྱི་འང་ངོ་ཞེས་པས་ཝ་སྒྲའི་ཨུ་ཉིད་དོ། །མཚུངས་པ་ལས་རིང་པོ་དང་། རིང་པོ་ལས་ཕ་རོལ་དབྱིའོ། །ཡཱུ་ནཿ། ཡཱུ་ནཱ། ཡུ་བ་བྷྱཱམ། ཡུ་བ་བྷིཿ། ཡཱུན། ཡུ་བ་བྷྱཱམ། ཡུ་བ་བྷྱཿ། ཡཱུནཿ། ཡུ་བ་བྷྱཱམ། ཡུ་བ་བྷྱཿ། ཡཱུ་ནཿ། ཡཱུ་ནོཿ།
Vol. 196 · folio 61a
ཡཱུ་ནཱཾ། ཡཱུ་ནི། ཡཱུ་ནོཿ། ཡུ་བ་སུ། ཀུན་དུ་བོད་པ་ལ། ཧེ་ཡུ་བན། ཧེ་ཡུ་བཱ་ནཽ། ཧེ་ཡུ་བཱ་ན། དེ་བཞིན་དུ་ཤྭཱ། ཤྭཱ་ནཽ། ཤྭཱ་ནཿ། ཤྭཱ་ནཾ། ཤྭཱ་ནཽ། གྷུཊ་མ་ཡིན་པའི་དབྱངས་ལ་མཚུངས་པ་ལས་རིང་པོའང་མེད་དོ་ཞེས་པ་ཁྱད་པར་རོ། ཤུ་ནཿ།
ཤུ་ནཱ། ཤྭཱ་བྷྱཱམ། ཤྭ་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། མ་གྷ་བཱ། མ་གྷ་བྷ་ནཽ། མ་གྷ་བཱ་ནཿ། མ་གྷ་བཱ་ནཾ། མ་གྷ་བཱ་ནཽ། ཨུ་ཉིད་དུ་བྱས་པ་ལ་ཨུའི་ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ་ཞེས་པ་ཁྱད་པར་རོ། །མ་གྷོ་ནཿ། མ་གྷོ་ནཱ། ལ་སོགས་པའོ། །ཕྱོགས་ལ་ནི། ན་྅ྲ་
མེད་པའི་ཨརྦན་ནི་སི་མ་ཡིན་པ་ལ་ཨར་བནྟིའོ་ཞེས་པ་སྤྱིར་བཏང་ནས་སི་ལའང་མ་གྷ་ཝན་ནི་མ་གྷ་ཝནྟུ་ཡང་ནའོ་ཞེས་པས་མ་གྷ་བན་གྱི་སྒྲ་ནི་མ་གྷ་བནྟ་རུ་འགྱུར་ཞིང་། ཨུ་ཡིག་ནི་ཨནྟུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། འདི་ཁོ་ནས་རིང་པོ་ཉིད་དེ་གསལ་
བྱེད་ལས་ཀྱང་ངོ་ཞེས་བས་སི་དབྱི་ཞིང་། བརྩེགས་པའི་མཐའ་ཞེས་པས་ཏ་དབྱི་སྟེ། ན་དང་བརྩེགས་པའི་མཐའ་དག་ནི་ཆོ་ག་སྔ་མ་ལ་ཕྱིས་པ་བཞིན་འང་ངོ་ཞེས་པས། མ་ཕྱིས་པ་དང་འདྲ་བར་འགྱུར་ལ། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱི་བར་འགྱུར་བ་མ་ཡིན་ནོ། །མ་གྷ་ཝཱན། མ་གྷ་
བནྟཽ། མ་གྷ་བནྟཿ། མ་གྷ་བནྟཾ། མ་གྷ་བནྟཽ། ཨ་ནུ་ཥཾ་ག་འང་ཀྲུཉྩ་དང་ཨིཏ་མ་ཡིན་པའིའོ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །མ་གྷ་བ་ཏ། མ་གྷ་བ་ཏཱཿ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཡིག་གོ། །མ་གྷ་བདྦྷྱམ། མ་གྷ་བདྦྷིཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ་ནི།
སཾ་བུདྡྷི་ལ་མ་ཡིན་ནོ་ཞེས་པ་སྤྱིར་བཏང་བའི་ཕྱིར་སཾ་བུདྡྷི་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །ཧེ་མ་གྷ་ཝན། ཧེ་མ་གྷ་ཝནྟཽ། ཧེ་མ་གྷ་བནྟཿ།། །།པཱུ་ཥ་ཎའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨིནྲ་དང་། ཧནྲ་དང་། པཱུ་ཥན་དང་། ཨ་རྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པའི་ངེས་པ་ལས་
ཨཽ་ལ་སོགས་པ་རྣམས་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །པཱུ་ཥཱ། པཱུ་ཥ་ནཽ། པཱུ་ཥ་ཎཿ། པཱུ་ཥ་ཎཾ། པཱུ་ཥ་ནཽ། ཨ་དབྱིའོ། །པཱུཥྞཿ། པཱུཥྞཱ། པཱུ་ཥ་བྷྱཱམ། པཱུ་ཥ་བྷིཿ། ཞེས་པ་ལ་སོགས་པ་རྣམས་ཏེ། དེ་བཞིན་དུ་ཤརྦ་ཝརྨན་ནོ།། །།བྲཧྨཱ་ཎཾ་ཧ་ཏ་པཱན་ཞེས་པས་ཀྭིབྲའང་ཚིག་སྡུད་དེ། རྟགས་ཀྱི་
Vol. 196 · folio 61b
མིང་ཅན་ལས་གྷུཊ་ལ་སྔ་མ་བཞིན་ནོ། །བྲཧྨ་ཧཱ། བྲཧྨ་ཧཱ་ཎཽ། བྲཧྨ་ཧ་ཎཿ། བྲ་ཧྨཧ་ཎཾ། བྲཧྨ་ཧ་ཎཽ། གྷུཊ་མ་ཡིན་བའི་དབྱངས་ལ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་བ་ཞེས་པ་ལ་སོགས་པས་ཨ་དབྱི་བ་བྱས་པ་ན་ཧ་ནིའི་ཧིའི་གྷི་སྟེ་ཨུ་པ་དྷ་ཕྱིས་པ་ལའོ་ཞེས་པས་ཧ་གྷ་ཡིག་
གོ། །བྲཧྨ་གྷྣཿ། བྲ་ཧྨ་གྷྣཱ། བྲ་ཧྨ་ཧ་བྷྱཱམ། བྲ་ཧྨ་ཧ་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བྷཱུ་ཎ་ཧན་དང་བྲྀཏྲ་ཧན་ནོ།། །།ཧ་ལིན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨིན་ཧན་ཞེས་པ་ལ་སོགས་པས་རིང་པོ་ཉིད་དོ། །ཧ་ལཱི། ཧ་ལི་ནཽ། ཧ་ལིནཿ། ཧ་ལི་ནཾ། ཧ་ལི་ནཽ།
ཧ་ལི་ནཿ། ཧ་ལི་ནཱ། ན་དབྱིའོ། །ཧ་ལི་བྷྱཱཾ། ཧ་ལི་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཤ་རཾ་གི་ན། ལཱངྒ་ལིན། ཀ་པ་རིན། ཤཱུ་ལིན། མུ་ཁ་ལི་ནྲ། ཤ་ཤིན། ཀི་སོ་རིན་ནོ།། །།བིཤྲ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་། ཧ་
དང་ཤ་དང་ཥ་དང་ཚ་མཐའ་དང་ཡཛྲ་སོགས་རྣམས་ཀྱི་ཌའོ་ཞེས་པས་ཌ་ཡིག་སྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཊ་ཡིག་གམ་ཌ་ཡིག་གོ། །བི་ཊ྄། བི་ཌུ། བི་ཤཽ། བི་ཤཿ། བི་ཤཾ། བི་ཤཽ། བི་ཤཿ། བི་ཤཱ། བི་ཌྦྷྱཱམ། བི་ཌྦྷིཿ། ཞེས་པ་ལ་སོགས་པའོ། །དྭིཥྲའི་སྒྲ་ལས་སི་ལ་སོགས་
པ་རྣམས་ནི། སྔ་མ་བཞིན་དུ་ཌ་ཉིད་དེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཊ་ཡིག་གམ་ཌ་ཡིག་གོ། །དྭིཊ། དྭིཊ། དྭི་ཤཽ། དྭི་ཥཿ། དྭི་ཥཾ། དྭི་ཥཽ། དྭི་ཥཿ དྭི་ཥཱ། དྭིདྦྷྱཱམ། དྭིཌྦྷིཿ། ཞེས་པ་ལ་སོགས་པའོ། །བེ་དྦྷསྲ་ཀྱི་སྒྲ་ལས་སེ་ལ་སོགས་པ་རྣམས་ནི། ཨནྟུ་དང་ཨས་མཐའི་འང་བྱིངས་
མ་ཡིན་པའི་སི་ལའོ་ཞེས་པས་རིང་པོ་ཉིད་དང་། ས་ཡིག་ནི་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱ་སྟེ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱིའོ། །བེ་དྷཱཿ། བེ་དྷ་སཽ། བེ་དྷ་སཿ། བེ་དྷ་སཾ། བེ་དྷ་སཽ། བེ་དྷ་སཿ། བེ་དྷ་སཱ། ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ་ཞེས་པ་སྤྱིར་བཏང་ནས། རེ་
ཕ་དང་ས་དག་གི་རྣམ་པར་གཅད་བྱ་སྟེ། ཨ་དང་སྒྲ་ལྡན་དག་གིའང་ངོ་ཞེས་ཨུ་ཉིད་ཡིན་ལ། ཨུའི་ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ། །བེ་དྷོ་བྷྱཱཾ། བེ་དྷོ་བྷིཿ། བེ་དྷ་སེ། བེ་དྷོ་བྷྱཱཾ། བེ་དྷོ་བྷྱཿ། བེ་དྷ་སཿ། བེ་དྷོ་བྷྱཱཾ། བེ་དྷོ་བྷྱཿ། བེ་དྷ་སཿ། བེ་དྷ་སོཿ། བེ་དྷ་སཱི། བེ་དྷསི། བེ་དྷ་སོཿ། སྒྲ་
Vol. 196 · folio 62a
མེད་པ་ལ་དང་པོའོ་ཞེས་པ་སྤྱིར་བཏང་ནས། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱར་བྱས་པ་ན། ཤ་དང་ཥ་དང་ས་རྣམས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པས་ཡང་ན་ས་ཡིག་གོ། །བེ་དྷ་སྶུ། བེ་དྷཿསུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པ་སྤྱིར་བཏང་བའི་
ཕྱིར། སཾ་བུདྡྷི་ལ་རིང་པོ་འགྱུར་བ་མ་ཡིན་ནོ། །ཧེ་བེ་དྷཿ། ཧེ་བེ་དྷ་སཽ། ཧེ་བེ་དྷ་སཿ། དེ་བཞིན་དུ་ཙཾ་དྲ་མས། པྲ་ཙེ་ཏས། ཨུ་ཙྪཻས། ཤྲ་བས་རྣམས་སོ།། །།ཨུ་ཤ་ནས་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། དང་པོའི་གཅིག་གི་ཚིག་ལ་ཁྱད་པར་དུ། ཨུ་ཤ་ནསྲ་དང་བུ་རུ་དཾ་ཤས྄་དང་ཨ་ནེ་ཧ་ས྄་
རྣམས་ཀྱི་སི་ལ་ཨན་མཐའོ་ཞེས་པས་མཐའ་ཨན་དུ་འགྱུར་ལ། ཨ་ཡིག་ལ་དབྱི་ཞིང་། གྷུཊ་ལའང་སམྦུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། སི་དབྱི་བ་དང་ན་དབྱི་བ་དག་གོ། །ཨུ་ཤ་ནཱ། ཨུ་ཤ་ན་སཽ། ཨུ་ཤ་ན་སཿ། ཨུ་ཤ་ན་སཾ། ཨུ་ཤ་ན་སཽ། ཨུ་ཤ་ན་སཿ། ཨུ་ཤ་ན་སཱ་ཞེས་
པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། སམྦུདྡྷི་མ་ཡིན་པ་ལ་ཞེས་པ་སྤྱིར་བཏང་ཕྱིར་སཾ་བུདྡྷི་ལ་ཨན་མེད་དོ། །ཧེ་ཨུ་ཤ་ནཿ། ཧེ་ཨུ་ཤ་ན་སཽ། ཧེ་ཨུ་ཤ་ན་སཿ། ནཉ་བསྟན་པ་རྟག་ཏུ་མ་ཡིན་པ་ཉིད་ཀྱི་ཕྱིར་སཾ་བུདྡྷི་ལ་ཡང་ཕྱོགས་ལ་ནི། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱིའོ། །ཧེ་ཨུ་ཤ་ན྄།
དེ་སྐད་དུ་ཡང་། ཀུན་དུ་བོད་པ་ལ་ནི། ཨུ་ཤ་ནས་ཀྱི་གཟུགས་གསུམ་སྟེ་ས་མཐའ་དང་ན་མཐའ་དང་། དེ་བཞིན་དུ་ཨས་མཐའོ་ཞེས་གསུངས་སོ། །དེ་བཞིན་དུ་པུ་རུད་ནྴཱཿ། པཱུ་རུ་དཾ་ཤ་སཽ། པུ་རུ་དཾ་ཤ་སཿ། པུ་རུ་དཾ་ཤ་སཾ། པུ་རུ་དཾ་ཤ་སཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ཨ་ནེ་ཧཱ།
ཧ་ནེ་ཧ་སཽ། ཨ་ནེ་ཧ་སཿ། སཾ་བུདྡྷི་ལ་ནི་འདི་དག་གི་གཟུགས་གཅིག་པ་ཁོ་ནའོ་ཞེས་པ་ཁྱད་པར་རོ། །ཧེ་པུ་རུ་དཾ་ཤཿ། ཧེ་ཨ་ནེ་ཧཿ། དོས་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨི་ས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ་ཞེས་པ་འདིར་སྒྲ་ལྡན་སྨོས་པས་ཤེས་ན་ཡང་ཕ་རོལ་ཉིད་ཀྱི་ཕྱིར་ཌ་ཉིད་ཡང་ན་
ལྷག་པ་ཉིད་ལས་སྒྲ་ལྡན་ལ་ཨོ་རུ་འགྱུར་ལ། སྒྲ་མེད་པ་ལ་ཡང་དེ་རབ་ཏུ་སྦྱོར་བ་ན་རྣམ་པར་གཅད་བྱར་གྲུབ་པར་འགྱུར་ཏེ། དེས་ན་ས་ཡིག་ནི་རྣམ་པར་གཅད་བྱའོ། །དོཿ། ཥ་ཉིད་དོ། །དོ་ཥཽ། དོ་ཥཿ། དོ་ཤཾ། དོ་ཤཽ། །འགྲེལ་པར། ཤས་ལ་སོགས་པ་ལ་དོས་ཀྱི་སྒྲ་དོ་ཥན་དུ་ཡང་ན་འགྱུར་བར་
Vol. 196 · folio 62b
གསུངས་པས། དེ་ལ་ན་མཐའི་ཕྱོགས་ལ་ནི་པཱུ་ཥན་གྱི་སྒྲ་དང་འདྲོ་བའོ། །དོ་ཥཿ། དོཥྞཿ། དོ་ཥཱ། དོ་ཥྞཱ། ཨི་ས྄་ཨུས་དོས་རྣམས་ཀྱི་ཞེས་པས་ར་ཉིད་དོ། །དོརྦྷྱཱཾ། དོ་ཥ་བྷྱཱཾ། དོ་བྷིཿ། དོ་ཥ་བྷིཿ། དོ་ཥེ། དོཥྞེ། དོབྷྱཱཾ། དོ་ཥ་བྷྱཱཾ། དོརྦྷྱཿ། དོ་ཥ་བྷྱཿ། དོཥཿ། དོཥྞཿ། དོརྦྷྱཱཾ།
དོ་ཥ་བྷྱཱཾ། དོརྦྷྱཱཿ། དོ་ཥ་བྷྱཿ། དོ་ཥཿ། དོཥྞཿ། དོ་ཥོཿ། དོཥྞོཿ། དོ་ཥཱཾ། དོ་ཥྞཱཾ། དོ་ཥི། དོ་ཥྞི། དོ་ཤོཿ། དོཥྞོཿ། པུཔ྄་ཀྱི་ནི་ཥ་ཉིད་དེ། ཤ་དང་ཥ་དང་ས་རྣམས་ལ་ཕ་རོལ་གྱི་གཟུགས་ཉིད་ཡང་ནའོ། །དོཥྵུ། དོ་ཥ་སུ། །དོཿསུ། ཀུན་དུ་བོད་པ་ལ་ནི། ཧེ་དོཿ། ཧེ་དོ་ཥཽ། ཧེ་དོ་ཥཿ། བུ་
མན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། གྷུཊ་ལ་ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷའི་འོ་ཞེས་པས་རིང་པོ་ཉིད་དེ། གསལ་བྱེད་ལས་ཞེས་པས་སི་དབྱི་ཞིང་། བརྩེགས་པའི་མཐའ་དབྱིའོ། །པུ་མཱན། པུ་མཱཾ་སཽ། པུ་མཱཾ་སཿ། པུ་མཱཾ་སཾ། པུ་མཾ་སཽ། གྷུཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་
དང་གསལ་བྱེད་ལའང་འདི་རྣམས་ཀྱི་ནིའོ་ཞེས་པ་སྤྱིར་བཏང་ནས་གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་པུ་མནྶའི་ཨནའི་སྒྲ་དབྱི་ཞིང་། མ་ན་དག་ཌྷུཊ་ལ་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོའོ། །པུཾ་སཿ། པུཾ་སཱ། མ་གསལ་བྱེད་ལ་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོ་སྟེ་སྡེ་པ་ལ་དེའི་སྡེ་པའི་ལྔ་པར་
ཡང་ན་འགྱུར་ལ། ཐམས་ཅད་དུ་བྷ་ཡིག་ལ་གཟུགས་གཉིས་སོ། །པུཾ་བྷྱཱཾ། པུམྦྷྱཱ་མ། པུཾ་བྷིཿ། པུམྦྷི། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པ་སྤྱིར་བཏང་བའི་ཕྱིར་སཾ་བུདྡྷི་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །ཧེ་པུ་མན྄། ཧེ་པུ་མཾ་སཽ། ཧེ་པུ་མཱཾ་སཿ།། །།
ཨ་ན་ཌྭཧའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨ་ན་ཌྭ་ཧའི་འང་ངོ་ཞེས་པ་སྤྱིར་བཏང་ནས། སི་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། སི་དབྱི་བ་དང་བརྩེགས་པའི་མཐའ་དབྱི་བ་དག་གོ། །ཨ་ན་ཌྭཱ་ན། ཨ་ན་ཌྭཱ་ཧཽ། ཨ་ན་ཌྭཱ་ཧཿ། ཨ་ན་ཌྭཱ་ཧཾ། ཨ་ན་ཌྭཱ་ཧཽ། ཙ་ཏྭཱ་རའི་ཝཱ་སྒྲའི་ཨུ་ཉིད་དོ་ཞེས་པ་
སྤྱིར་བཏང་ནས། ཨ་ནཌྭ་ཧའི་འང་ངོ་ཞེས་པས་གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་ཝཱ་སྒྲ་ཨུ་ཉིད་དོ། །ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧཱ། ཨ་ས྄་རྣམས་ཀྱི་བྷ་ལ་དའོ་ཞེས་པ་སྤྱིར་བཏང་ནས། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭ་ཧ་ན་ཧི་བནྶི་རྣམས་ཀྱིའང་ངོ་ཞེས་པས་ཧ་
Vol. 196 · folio 63a
ཡིག་ནི་ད་ཡིག་གོ། །ཨ་ན་ཌུདྦྷྱཱཾ། ཨ་ན་ཌུདྦྷིཿ། ཨ་ན་ཌུ་ཧེ། ཨ་ན་ཌུདྦྷྱཱཾ། ཨ་ན་ཌུདྦྷྱཿ། ཨ་ན་ཌུ་ཧ། ཨ་ན་ཌུ་དྦྷྱཾ། ཨ་ན་ཌུདྦྷྱཿ། ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧོཿ། ཨ་ན་ཌུ་ཧཱཾ། ཨ་ན་ཌུ་ཧི། ཨ་ན་ཌུ་ཧོཿ། སྒྲ་མེད་པ་ལ་དང་པོ་སྟེ་ཏ་ཡིག་གོ། །ཨ་ན་ཌུཏྶུ། ཀུན་དུ་
བོད་པ་ལ་ནི། སཾ་བུདྡྷི་ལ་གཉིས་དག་གི་ཐུང་ངུའོ་ཞེས་པས་ཐུང་ངུའོ། །ཏེ་ཨ་ན་ཌན། ཉེ་ཨ་ན་ཌཱ་ཧོ། ཧེ་ཨ་ན་ཌཱ་ཧཿ། བུད་མེད་ལ་ཞེས་པས་ཨད་ལ་སོགས་པ་ཉིད་ཀྱི་ཕྱིར་ཁ་ཅིག་ཏུ་ཨཱོ་རྐྱེན་ནོ། །ཨ་ན་ཆེ་ཧཱིཿ། ཨ་ན་ཌཱ་ཧཱི།། །།མ་དྷུ་ལི་ཧུ་ཞེས་པ་ལ། ཀིཔའང་ངོ་ཞེས་པས་ཀྭི་པ྄འོ། །
ཧ་དང་ཤ་དང་ཥ་དང་ཚ་མཐའ་དང་ཡ་ཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་པས་ཧ་ནི་ཌ་ཡིག་ཏུ་སྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཊ་ཡིག་གམ་ཌ་ཡིག་གོ། །མ་དྷུ་ལིཊ། མ་དྷུ་ལིཊ། མ་དྷུ་ལི་ཧཽ། མ་དྷུ་ལི་ཧཿ། མ་དྷུ་ལི་ཧཾ། མ་དྷུ་ལི་ཧཽ། མ་དྷུ་ལི་ཧཿ། མ་དྷུ་ལི་ཧཱ། མ་དྷུ་ལིཌྦྷྱཱཾ། མ་དྷུ་ལིཌྦྷིཿ།
མ་དྷུ་ལི་ཧེ། མ་དྷུ་ལིཌྦྷྱཱམ། མ་དྷུ་ལིཌྦྷྱཿ། མ་དྷུ་ལི་ཧཿ། མ་དྷུ་ལིཊྦྷྱཱཾ། མ་དྷུ་ལིཊྦྷྱཿ། མ་དྷུ་ལི་ཧཿ། མ་དྷྱ་ལི་ཧོཿ། མ་དྷུ་ལི་ཧཱཾ། མ་དྷུ་ལི་ཧི། མ་དྷུ་ལི་ཧོཿ། སྒྲ་མེད་པ་ལ་དང་པོ་སྟེ་ཊ་ཡིག་གོ། །མ་དྷུ་ལིཊྶུ། བི་མུ་ཧའི་སྒྲའི་ནི། རྣམ་པར་གྲོལ་བར་བྱེད་དོ་ཞེས་པས་ཀྭི་པའོ། །རྫོགས་པ་དང་གསལ་
བྱེད་དང་པོ་དག་ལ་མུ་ཧ་ལ་སོགས་པ་རྣམས་ཀྱི་ཡང་ནའོ་ཞེས་པའི་ཕྱོགས་ལ་ག་ཡིག་སྟེ། ག་ཡིག་ཏུ་མ་གྱུར་པ་ལ་ཌ་ཡིག་ཏུ་འགྱུར་ལ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་ཡིག་ག་མཊ་ཡིག་གོ། །བི་མུ་ཀ ། བི་མུག། །བི་མུཊ། བི་མུཊ། བི་མུ་ཧཽ། བི་མུ་ཧཿ། བི་མུ་ཧཾ། བི་མུ་ཧཽ། བི་མུ་ཧཿ། བི་
མུ་ཧཱ། བི་མུགྦྷྱཱཾ། བི་མུ་ཌྦྷྱཱཾ བི་མུགྦྷིཿ། བི་མུཌྦྷིཿ། བི་མུ་ཧེ། བི་མུགྡྱཱཾ། བི་མུཌྦྷྱཱཾཿ། བི་མུགྦྷྱཿ། བི་མུཌྦྷྱཱཿ། བི་མུ་ཧཿ། བི་མུགྦྷྱཾ། བི་མུཊྦྷྱཱཾ། བི་མུགྦྷྱཿ། བི་མུཌྦྷྱཿ། བི་མུ་ཧཿ། བི་མུ་ཧོཿ། བི་མུ་ཧཱཾ། བི་མུ་ཧི། བི་མུ་ཧོཿ། སྒྲ་མེད་པ་ལ་དང་པོའོ་ཞེས་པས། ཀ་ཡིག་གམ་ཊ་ཡིག་གོ།
བི་མུཀྵུ། བི་མུཊྶུ། མི་ཏྲ་དྲུ་ཧེའི་སྒྲའི་ནི་གྲོགས་པོ་ལ་འཁུ་བར་བྱེད་དོ་ཞེས་པས་ཀྭི་པའོ། །རྫོགས་པ་དང་གསལ་བྱེད་དག་ལ་བྱིངས་ཧ་དང་བཞི་བ་མཐའ་ཅན་གསུམ་པ་དང་པོ་ཅན་གྱི་དང་པོ་བཞི་པ་ཉིད་དེ། མ་བྱས་པ་དང་འདྲའོ་ཞེས་པ་དང་པོ་དང་བཞི་པ་ཉིད་ཀྱིས་དྷ་ཡིག་གོ་ཞེས་པ་ཁྱད་པར་ཏེ། གཞན་ཐམས་
Vol. 196 · folio 63b
ཅད་ཀྱི་ཁྱད་པར་སྔ་མ་བཞན་ནོ། །མི་ཏྲ་དྷུཀ །མི་ཏྲ་དྷྲུག །མི་ཏྲ་དྷྲུཊ། མི་ཏྲ་དྷྲུཊ། མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། མི་ཏྲ་དྲུ་ཧཾ། མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། མི་ཏྲ་དྲུ་ཧཱ། མི་ཏྲ་དྷྲུགྦྷྱཱཾ། མི་ཏྲ་དྷྲུ་ཌྦྷྱཱཾ། མི་ཏྲ་དྷྲུགྦྷིཿ། མི་ཏྲ་དྷྲུཌྦྷི། ཞེས་པ་ལ་སོགས་པའོ། །ཀཱཥྛ་ཏཀྵའི་སྒྲ་ལས་སི་ལ་སོགས་པ་
རྣམས་ནི། ཤིང་འཇོག་པར་བྱེད་དོ་ཞེས་པས་ཀཱཥྛ་ཏཀྵ་ལས་ཀྭ་པའོ། །ཉེ་བའི་ཚིག་དང་ཚིག་སྡུད་དེ། སི་དབྱིའོ། །བརྩེགས་པའི་མཐའ་དབྱི་བ་ཐོབ་མོད་ཀྱི། བརྩེགས་པ་དང་པོའི་དྷུཊའིའོ་ཞེས་པས་ཀ་ཡག་དབྱི་ཞིང་། ཧ་དང་ཤ་དང་ཥ་དང་ཚ་མཐའ་དང་ཡ་ཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་
པས་ཌ་ཡིག་སྟེ། ཌ་ནི་རྫོགས་པ་ལ་ཊ་ཡིག་གམ་ཌ་ཡིག་གོ། །ཀཱཥྛ་ཏཊ྄། ཀཱཥྛ་ཏཊ྄། ཀཱཥྛ་ཏཀྵཽ། ཀཱཥྛ་ཏཀྵ། ཀཱཥྛ་ཏཀྵཾ། ཀཱཥྛ་ཏཀྵཽཿ། ཀཱཥྛ་ཏཀྵ། ཀཱཥྛ་ཏཀྵ། སྔ་མ་བཞིན་དུ་ཀ་དབྱི་ཞིང་ཥ་ནི་ཌ་ཉིད་དོ། །ཀཱཥྛ་ཏཌྦྷྱཱཾ། ཀཱཥྛ་ཏཌྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་སྐྱེས་པའི་
རྟགས་ཅན་གྱི་སྒྲ་གཞན་རྣམས་ལའང་ཤེས་པར་བྱའོ་ཞེས་པ་སྐྱེས་པའི་རྟགས་ཅན་རྫོགས་སོ།། །།ད་ནི་མ་ནིང་གི་རྟགས་ཅན་བརྗོད་པར་བྱ་སྟེ། བ་ན་དང་། བཱ་རི་དང་། ཨསྠི་དང་། བསྟུ་དང་། ཛ་གད་དང་། དཱ་མན་དང་། ཨ་ཧན་དང་། ཀརྨན་དང་། པརྤིས་དང་། ཝ་པུ་སྲ྄དང་།
ཏེ་ཛས་ཏེ་འདི་རྣམས་མ་ནིང་དུ་བཤད་དོ། །དེ་ལ་བ་ནའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། མ་ནིང་ལས་སི་ཨམ་དག་གི་དབྱི་སྟེ་དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་པ་སྤྱིར་བཏང་ནས། ཨ་ཡིག་ལས་སཾ་བུདྡྷི་མ་ཡིན་པ་ལ་མུ་འང་ངོ་ཞེས་བས་སི་དང་ཨམ་དག་དབྱི་བར་འགྱུར་ཞིང་མུ་ཨཱ་ག་མའང་ངོ་། །
བ་ནཾ། ཨཽ་ཨཱིའོ་ཞེས་པས་ཨཽ་ཡིག་ནི་ཨཱི་ཡིག་ཏུ་ཐོབ་ཅིང་། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་དབྱི་བ་ཡང་ངོ་། །བ་ནེ། ཛས་ཤས་དག་ཤིའོ་ཞེས་པས་ཤིར་འགྱུར་ཞིང་ཤ་ཡིག་ནི་ཨིན་དང་ཧན་དང་པཱུ་ཥཎ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། མ་ནིང་ལ་ཛས་ཤས་དག་གོ་ཞེས་པས་དྷུཊའི་མིང་
ཅན་ལས་དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་ཞེས་པ་ལ་སོགས་པས་ཨུ་ཡིག་དབྱི་ཞིང་གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཁོ་ནའོ། །བ་ནཱ་ནི། གཉིས་པ་ལ་ཡང་འདི་བཞིན་ནོ། །བ་ནཾ། བ་ནེ། བ་ནཱ་ནི། ཨི་ནར་ཊཱའོ་ཞེས་པས་ཨིན་རུ་འགྱུར་ཞིང་། ཨཱི་ཡི་གེ་ཨིའི་ཡི་གེ་
Vol. 196 · folio 64a
ལ་ཨེ་སྟེ་ཕ་རོལ་ཡང་དབྱིའོ། །བ་ནེ་ན། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོའོ། །བ་ནཱ་བྷྱཱཾ། བྷི་ས་ཨཻས་ཡང་ནའོ་ཞེས་པས་བྷིས་ནི་ཨཻས་སུ་འགྱུར་ཞིང་། ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལའང་ངོ་ཞེས་པས་ཨཻ་རུ་འགྱུར་ཏེ་ཕ་རོལ་དབྱི་བའང་ངོ་། །བ་ནཻ། །དེ་ཡའོ་ཞེས་པས་ཡ་རུ་བསྒྱུར་ཞིང་། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་
ཉིད་དོ། །བ་ནཱ་ཡ། བ་ནཱ་དྷྱཱཾ། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དོ། །བ་ནེ་བྷྱཿ། ང་སི་ཨཱཏ་དུ་འགྱུར་ཞིང་མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །བ་ནཱ་ཏྲ། བ་ནཱ་བྷྱཱཾ། བ་ནེ་བྷྱཿ། ས་སྱའོ། །བ་ན་སྱ། ཨོས་ལའང་ངོ་ཞེས་པས་ཨེ་ཉིད་དང་ཨེ་ཨ་ཡའོ། །བ་ན་ཡོཿ། ཨཱ་མ྄ལའང་ནུའ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨུ་ཡིག་ནི་གསུམ་པ་ལ་སོགས་པ་
ལ་ཕ་རོལ་གྱི་དང་པོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །བ་ནཱ་ནཱཾ། ཨཱི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །བ་ནེ། བ་ན་ཡོཿ། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དེ། ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་། ཨཱ་ག་མ་ལ་གནས་པའི་ས་ཥ་ཉིད་དོ་ཞེས་
པས་ཥ་ཉིད་དོ། །བ་ནེ་ཥུ། ཀུན་དུ་བོད་པ་ལ་ནི། ཨ་ཡིག་ལས་སཾ་བུདྡྷི་མ་ཡིན་པ་ལ་མུ་འང་ངོ་ཞེས་པ་འདིར། སཾ་བུདྡྷི་མ་ཡིན་པ་ལ་ཞེས་སྨོས་པའི་ཕྱིར། སཾ་བུདྡྷི་ལ་མུ་ཨཱ་ག་མ་འགྱུར་བ་མ་ཡིན་ནོ། །ཧེ་བ་ན། ཧེ་བ་ནེ། ཧེ་བ་ནཱ་ནི།། །།བཱ་རིའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། མ་ནིང་
ལས་སི་ཨམ་དག་དབྱིའོ་ཞེས་པ་ལ་སོགས་པས་སི་དང་ཨམ་དག་དབྱིའོ། །བཱ་རི། ཨཽ་ཨཱིའོ་ཞེས་པས་ཨཽ་ཡིག་ནི་ཨཱི་ཡིག་ཏུ་འགྱུར་ལ། ནཱ་མིན་ལས་ཀྱང་དབྱངས་ལའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་དོ། །བཱ་རི་ཎཱི། ཛས་ཤས་དག་ཤིའོ་ཞེས་པས་
ཤི་རུ་འགྱུར་ཞིང་། ནུ་ཨཱ་ག་མ་སྟེ། འདིར་ཨི་ནའི་མཚན་ཉིད་ཅན་ཉིད་ལས། ཨིན་དང་། ཧན་དང་། པཱུ་ཥན་ཞེས་པ་ལ་སོགས་པས་རིང་པོར་འགྱུར་བ་ནི་མ་ཡིན་གྱིས། འོ་ན་གང་གིས་འགྱུར་ཞེ་ན། གྷུཊ་ལ་འང་སཾ་བུདྡྷི་མ་ཡིན་བ་ལའོ་ཞེས་པའི་མཚན་ཉིད་ཅན་ཁོ་ནས་རིང་པོ་ཉིད་དོ། །བཱ་རཱི་ཎི། སླར་
ཡང་། བཱ་རི། བཱ་རི་ཎཱི། བཱ་རཱི་ཎི། ནཱ་མིན་ལས་ཞེས་པ་ལ་སོགས་པས་ནུ་ཨཱ་ག་མ་སྟེ་ཎ་ཉིད་དོ། །བཱ་རི་ཎཱ། བཱ་རི་བྷྱཱཾ། བཱ་རི་བྷིཿ། བཱ་རི་ནེ། བཱ་རི་བྷྱཱཾ། བཱ་རི་བྷྱཿ། བཱ་རི་ཎཿ། བཱ་རི་བྷྱཱཾ། བཱ་རི་བྷྱཿ། བཱ་རི་ཎཿ། བཱ་རི་ནོཿ། །དྲུག་པའི་མང་པོའི་ཚིག་ལ་ནི། ཕ་རོལ་གྱི་དང་པོར་ནུ་ཨཱ་ག་མ་སྟེ། ནུ་
Vol. 196 · folio 64b
དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །བཱ་རཱི་ཎཱཾ། བཱ་རི་ཎི། བཱ་རི་ནོཿ། ཥ་ཉིད་དོ། །བཱ་རི་ཥུ། ཀུན་དུ་བོད་པ་ལ་ནི། མ་ནིང་ལས་སི་ཨམ་དག་དབྱི་ཞིང་དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་དེ་ལ་བརྗོད་པ་སྨོས་པས་ཤེས་མོད་ཀྱི། ནཱ་མིན་མཐའ་རྣམས་ཀྱི་ཡང་ཕྱོགས་
གཅིག་ལ་དེ་ལ་བརྗོད་པའི་བྱ་བ་ཡང་འགྱུར་རོ་ཞེས་པ་སྟེ། དེས་ན་སཾ་བུདྡྷི་ལའང་ངོ་ཞེས་པའི་ཕྱོགས་ལ་ཨེ་ཡིག་ཏུ་འགྱུར་རོ། །ཧེ་བཱ་རེ། ཧེ་བཱ་རི་ཎཱི། ཧེ་བཱ་རི་ཎི། དེ་བཞིན་དུ་ཁ་དོག་བཟང་པོ་རྗོད་པར་བྱེད་པ་བྷུ་རིའི་སྒྲའོ། །ཨ་སྠིའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨ་སྠི། ཨསྠི་ནཱི། ཨསྠཱི་ནཱི།
སླར་ཡང་ཨསྠི། ཨསྠི་ནཱི། ཨསྠཱི་ནི། ཊཱ་ལ་སོགས་པའི་དབྱངས་ལ་ནི། ཨསྠི་ད་དྷི་ཤ་གྠི་ཨཀྵི་རྣམས་ཀྱི་ཊཱ་སོགས་ལ་མཐའ་ཨན྄་ནོ་ཞེས་པས་ཨན་དུ་འགྱུར་ཞིང་། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ལ་སོགས་པས་ཨན་གྱི་ཨ་ཡིག་དབྱིའོ། །ཨསྠྣཱི། ཨསྠི་བྷྱཱཾ། ཨསྠི་བྷིཿ། ཨསྠྣེ།
ཨསྠི་བྷྱཱཾ། ཨསྠི་བྷྱཿ། ཨསྠྣཿ། ཨ་སྠི་བྷྱཱཾ། ཨ་སྠི་བྷྱཿ། ཨསྠྣཿ། ཨསྠྣོཿ། ཨསྠྣཱཾ། བདུན་པའི་གཅིག་གི་ཚིག་ལ་ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་རྣམ་པར་བརྟག་པས་ཨ་ཡིག་དབྱིའོ།། ཨསྠྣི། ཨསྠ་ནི། ཨསྠྣོཿ། ཥ་ཉིད་དོ། །ཨསྠི་ཥུ། ཀུན་དུ་བོད་པ་ལ། ཧེ་ཨསྠི། ཧེ་
ཨསྠི་ནཱི། ཧེ་ཨསྠཱི་ནི། དེ་བཞིན་དུ་ད་དྷི་ཤགྠི། ཨཀྵི། ནེ་ཏྲཱ་ནི་རྣམས་དང་། ད་དྷི། ད་དྷི་ནཱི། ད་དྷི་ནཱི། སླར་ཡང་། ད་དྷི། ད་དྷི་ནཱི། ད་དྷཱ་ནི། ད་དྷྣ། ཞེས་པ་ལ་ཨ་ཡིག་དབྱི་བ་བྱས་པ་ན། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷ་ཡིག་ཏུ་འགྱུར་བ་མ་ཡིན་གྱི། ཝ་མ་བརྩེགས་པ་མ་
ཡིན་པ་ལས་ཨན་གྱི་ཨ་དབྱིའོ་ཞེས་པས་ཨ་ཡིག་ཞིག་པ་དང་འདྲ་བར་འགྱུར་རོ། །བསྟུའི་སྒྲ་ནི་བཱ་རིའི་སྒྲ་དང་འདྲ་བར་ཐོབ་བོ། །བ་སྟུ། བ་སྟུ་ནཱི། །བསྟཱུ་ནི་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ་ཛཱ་ནུ། ཨ་མྦུ། ཛནྟུ། ཨསྟུ། མ་དྷུ། མསྟུ། ཞེས་པ་ལ་སོགས་པས་གཞན་རྣམས་ཀྱང་ངོ་། །
ཞེས་པ་མ་ནིང་གི་རྟགས་དབྱངས་ཀྱི་མཐའ་ཅན་རྣམས་སོ།། །།དེ་ནས་མ་ནིང་གི་རྟགས་གསལ་བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱ་སྟེ། ཛ་གདྲ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། མ་ནིང་ལས་སི་ཨ་མ་དག་དབྱི་ཞིང་མ་ནིང་ལས་སི་ཨམ་དག་ཕྱིས་པ་ལ་ཡང་ཞེས་བསྒྲེ་བའི་སྟོབས་ལས་ཏེ།
Vol. 196 · folio 65a
རྫོགས་པ་ལ་ཡང་ནའོ་ཞེས་པས་ཏ་ཡིག་གམ་ད་ཡིག་གོ། །ཛ་གཏ། ཛ་གད། ཨཽ་ཨཱིའོ། །ཛ་ག་ཏཱི། །ཤི་རུ་བསྒྱུར་ཞིང་དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །ཛ་གནྟི། སླར་ཡང་། ཛ་གཏ། ཛ་ག་ད། ཛ་ག་ཏཱི། ཛ་གནྟི། ཛ་ག་ཏཱ། དྷུཊ་རྣམས་ཀྱི་
གསུམ་པའོ་ཞེས་པས་ཏ་ཡིག་ནི་ད་ཉིད་དོ། །ཛ་གདྦྷྱཱཾ། ཛ་གདྦྷིཿཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཛ་ཀྲྀཏ་ས་ཀྲྀཏ། ཨུ་ད་ཤྭིཏ་ཅེས་པ་ལ་སོགས་པ་རྣམས་སོ། །དཱ་མན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སི་ཨམ་དག་དབྱི་བ་བྱས་པ་ན། སྔ་མ་བཞིན་དུ་བསྒྲེ་བ་ལས་ཏེ། རྟགས་མཐའི་ན་ཡིག་
གོ་ཞེས་པས་ན་དབྱིའོ། །དཱ་མ། ཨཽ་ཨཱིའོ་ཞེས་བྱས་པ་ན། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་རྣམ་པར་བརྟག་པས་ཨ་དབྱིའོ། །དཱམྣཱི། དཱ་མ་ནཱི། ཤི་རུ་བསྒྱུར་ཞིང་། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོ་ཉིད་དོ། །དཱ་མཱ་ནཱི། སླར་ཡང་། དཱ་མ། དཱམྣཱི། དཱ་མ་ནི། དཱ་མཱ་ནི། གསུམ་པ་ལ་
སོགས་པའི་དབྱངས་ལ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་ཞེས་པས་ཨ་ཡིག་དབྱིའོ། །དཱམྣཱ། གསལ་བྱེད་དང་པོ་ཅན་ལ་ནི། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱིའོ།། དཱ་མ་བྷྱཱཾ། དཱ་མ་བྷིཿ། དཱ་མྣེ། དཱ་མ་བྷྱཱཾཿ། དཱ་མ་བྷྱཿ། དཱ་མྣ། དཱ་མ་བྷྱཱཾ། དཱ་མ་བྷྱཿ། དཱ་མྣ། དཱ་མྣོཿ།
དཱམྣཱཾ། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་རྣམ་པར་བརྟག་པས་ཨ་ཡིག་དབྱིའོ། །དཱམྣི། དཱ་མ་ནཱི། དཱམྣོཿ། དཱ་མ་སུ། ཀུན་དུ་བོད་པ་ལ། མ་ནིང་ལས་ཞེས་རྣམ་པར་བརྟག་པས་ན་ཡིག་དབྱིའོ། །ཧེ་དཱ་མ། ཧེ་དཱ་མ་ན། ཧེ་དཱམྣཱ། ཧེ་དཱ་མ་ནི། དེ་བཞིན་དུ་སཱ་མནྲ། བཱ་མནྲ། དྷཱ་མན། ལོ་མན། ཡཱ་མན་
ལ་སོགས་པ་རྣམས་སོ།། །།ཨ་ཧན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སི་དང་ཨམ་དག་དབྱི་བ་བྱས་པ་ན། ཨ་ཧན་གྱི་སའོ་ཞེས་པས། རྫོགས་པ་དང་གསལ་བྱེད་དག་ལ་ན་ཡིག་ནི་ས་ཡིག་སྟེ། དེ་ལ་བརྗོད་པ་ཡང་བཀག་པའི་ཕྱིར། ཨན་ཏུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་
ལའོ་ཞེས་པས་རིང་པོ་ཉིད་དུ་འགྱུར་བ་མ་ཡིན་ཞིང་། ས་ཡིག་ནི་རྣམ་པར་གཅད་བྱའོ། །ཨ་ཧཿ། སྔ་མ་བཞིན་དུ། ཨ་ཧྣཱི། ཨ་ཧ་ནཱི། ཨ་ཧཱ་ནི། སླར་ཡང་། ཨ་ཧཿ། ཨ་ཧྣཱི། ཨ་ཧཱ་ནི། ཨ་དབྱིའོ། །ཨ་ཧྣཱ། ཨ་ཧན་གྱི་རེ་ཕ་མ་ཡིན་པ་ལའོ་ཞེས་གང་གསུངས་པ་ནི། རྣམ་དབྱེ་གསལ་བྱེད་ལ་འགྱུར་བར་
Vol. 196 · folio 65b
འབྲེལ་པས་བཤད་དེ། །དེས་ན་ཨ་དང་སྒྲ་ལྡན་དག་གིའང་ངོ་ཞེས་པས་ཨུ་ཉིད་དུ་འགྱུར་ལ། ཨུའི་ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ། །ཨ་ཧོ་བྷྱཱཾ། ཨ་ཧོ་བྷིཿ། ཞེས་པ་ལ་སོགས་པའོ།། །།ཀརྨན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སི་དང་ཨམ་དག་དབྱི་ཞིང་། ན་དབྱི་བའང་ངོ་། །
ཀརྨྨ། ཨཽ་ཨཱི་ཞེས་པར་བྱས་པ་ན། ཝ་མ་བརྩེགས་པ་མ་ཡིན་པ་ལ་ཨན་གྱི་ཨ་དབྱི་ཞེས་སོགས་ལ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་བཀག་པའི་ཕྱིར། དི་དང་ཡཱི་དག་ལ་ཡང་ནའོ་ཞེས་རྣམ་པར་བརྟག་པས་ཨ་དབྱི་བ་མི་འགྱུར་ཞིང་། ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་
བས་ཎ་ཉིད་དོ། །ཀརྨྨ་ཎཱི། ཀརྨྨཱ་ཎྀ། སླར་ཡང་། ཀརྨྨ། ཀརྨྨ་ཎཱི། ཀརྨྨཱ་ཎི། གསུམ་པ་ལ་སོགས་པའི་དབྱངས་ལ་ཨ་དབྱི་བ་མེད་དེ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་བཀག་པའི་ཕྱིར་རོ། །ཀརྨྨ་ཎཱ། ཀརྨྨ་བྷྱཱཾ། ཀརྨྨ་བྷིཿ། ཞེས་པ་ལ་སོགས་བའོ། །དེ་བཞིན་དུ། སརྦན྄།
ཙརྨན྄། ཝརྨནྲ། དྷརྨ་ན་ལ་སོགས་པའོ།། །།སརྦིས྄་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སི་དང་ཨམ་དག་དབྱི་ཞིང་ས་ཡིག་ནི་རྣམ་པར་གཅད་བྱའོ། །སརྦི། ཨཽ་ཨཱི་དང་། ཥ་ཉིད་དོ། །སརྦི་ཥཱི། ཛས་ཤས་དག་ཤིའོ་ཞེས་པས་ཤི་རུ་བསྒྱུར་ཞིང་། དྷུཊ་དང་དབྱངས་ལས་
གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །ཥ་ཉིད་དེ། མ་གྲུབ་པ་ནི་བ་ཧིའི་ཡན་ལག་དང་མནྟའི་ཡན་ལག་གོ་ཞེས་མ་གྲུབ་པ་དང་འདྲ་བར་འགྱུར་བ་ལས་སོ། །ས་མཐའ་དང་མ་ཧནྟ་དག་མར། གི་ནའི་ཨུ་པ་དྷིའོ་ཞེས་པས་ས་མར་དག། ཡིག་གི་རིང་པོ་ཉིད་དེ། མན་དག་དྷུཊ་ལ་རྗེས་སུ་ང་རོའི་ཞེས་པས་རྗེས་
སུ་ང་རོའོ། །སརྤཱིཾ་ཥི། སླར་ཡང་། སརྤིཿ། སརྤི་ཥཱི། སརྤིཾ་ཥི། སརྤི་ཥཱ། ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ་ཞེས་པས་ར་ཉིད་དོ། །སརྤི་རྦྷྱཱཾ། སརྤིརྦྷིཿ། སརྤིཥེ། སརྤིརྦྷྱཱཾ། སརྤིརྦྷྱཿ། སརྤི་ཥཿ། སརྤིརྦྷྱཱཾ། སརྤིརྦྷྱཿ། སརྤི་ཥཿ། སརྤི་ཥོཿ། སརྤི་ཥཱཾ། སརྤི་ཥི།
སརྤིཥོཿ། ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ལ་རའོ་ཞེས་སྒྲ་ལྡན་སྨོས་པས་ཤེས་ན་ཡང་། ཕྱི་མ་ཉིད་ཀྱི་ཕྱིར་ཐོབ་པ་ཡང་ཥ་ཉིད་ཡང་ན་ལྷག་པ་ལས་སྒྲ་ལྡན་ལ་ཨོ་རུ་འགྱུར་ལ། སྒྲ་མེད་པ་ལ་ནི་དེ་རབ་ཏུ་སྦྱོར་བ་ན་རྣམ་པར་གཅད་བྱར་གྲུབ་པར་འགྱུར་ཞིང་། དེས་ན་ས་ཡིག་ནི་རྣམ་པར་གཅད་བྱ་དང་ཥ་
Vol. 196 · folio 66a
ཉིད་དེ། ཤ་དང་ཥ་དང་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པས་ཕ་རོལ་གྱི་གཟུགས་ཉིད་དོ། །སརྤིཿཥུ། སརྤིཥྵུ། ཀུན་ཏུ་བོད་པ་ལ། ཧེ་སརྤིཿ། ཧེ་སརྤིཾ་ཥཱི། ཧེ་ས་རྤི་ཥི། དེ་བཞིན་དུ་བ་ཧིས྄། རོ་ཙི་ས྄། སོ་ཙིས྄། ལ་སོགས་པའོ།། །།ཝ་པུས་ཀྱི་
སྒྲ་ལས་སི་ལ་སོགས་པ་རྣམས་ནི། སརྤིས་ཀྱི་སྒྲ་དང་འདྲ་བར་ཐོབ་བོ། །ཝ་པུཿ། ཝ་པུ་ཥཱི། ཝ་པཱུཾ་ཥི། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། དྷ་ནུས། ཡ་ཛུས། ཙཀྵུས྄། ཨཱ་ཡུས྄་ལ་སོགས་པ་རྣམས་སོ།། །།ཏེ་ཛས྄་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སི་དང་ཨམ་
དག་དབྱི་ཞིང་དེ་ལ་བརྗོད་པ་བཀག་པའི་ཕྱིར། ཨནྟུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོ་ཉིད་དུ་མི་འགྱུར་ཏེ། དེས་ན་ས་ཡིག་ནི་རྣམ་པར་གཅད་བྱའོ། །ཏེ་ཛཿ། ཨཽ་ཨཱིའོ། །ཏེ་ཛ་སཱི། ཤི་རུ་བསྒྱུར་ཞིང་། དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ།
ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷའི་འོ་ཞེས་པས་རིང་པོ་ཉིད་དང་། མ་ན་དག་གི་དྷུཊ་ལ་རྗེས་སུ་ང་རོའོ་ཞེས་རྗེས་སུ་ང་རོའོ། །ཏེ་ཛཱཾ་སི། སླར་ཡང་། ཏེ་ཛཿ། ཏེ་ཛ་སཱི། ཏེ་ཛཱཾ་སི། ཏེ་ཛ་སཱ། ས་ཡིག་ནི་རྣམ་པར་གཅད་བྱ་སྟེ། ཨ་དང་སྒྲ་ལྡན་དག་གི་འང་ངོ་ཞེས་པས་ཨུ་ཉིད་དུ་འགྱུར་ལ། ཨུའི་
ཡི་གེ་ལ་སྟེ་ཕ་རོལ་ཡང་དབྱིའོ། །ཏེ་ཛོ་བྷྱཱཾ། ཏེ་ཛོ་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། བཱ་སས྄། ལོ་མ་ས྄། པ་ཡས྄། ཙེཏས྄། ཤོ་ཏས྄། ཨོ་ཛ་ས྄། ཤི་རས྄། ར་རྐྵས྄། ས་རས྄། པ་ཤས྄། རེ་ཏས྄། ཏ་མས྄། ས་མས྄། སུ་མ་ནས྄། མ་ནས྄། བ་ཙས྄། ཨཾ་
གྷས྄། ཨུ་ར་ས྄་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་མ་ནིང་གི་རྟགས་ཅན་གཞན་རྣམས་ལ་ཡང་ཤེས་པར་བྱའོ་ཞེས་པ་མ་ནིང་གི་རྟགས་ཅན་རྣམས་རྫོགས་སོ།། །།ད་ནི་བུད་མེད་ཀྱི་རྟགས་ཅན་རྣམས་བརྗོད་པར་བྱ་སྟེ། ཛ་ཡཱ་དང་། ཛ་རཱ་དང་། ན་དཱི་དང་། ལཀྵྨཱི་དང་། ཤྲཱི་དང་།
སྟྲཱི་དང་། བྷཱུ་མི་དང་། བ་དྷཱུ་དང་། བྷྲཱུ་དང་། པུ་ནརྦྷཱུ་དང་། དྷེ་ནུ་དང་། སྭ་སྲྀ་དང་། མ་ཏྲྀ་རྣམས་དང་། ཝ་ཀྲ་དང་། སྲྀག྄་དང་། བི་དྷུཏ་དང་། དྲྀ་ཤད་དང་། ཀྲུ་དྷ་དང་། པཱ་མན྄་དང་། ཨས་དང་། ཀ་ཀུབྷ་དང་། གིར་དང་། དྷུར་དང་། དི་ཤ྄་དང་། པྲཱ་པྲྀཥ྄་དང་། སུ་མན྄་དང་། ཨུཥྞི་ཧི་རྣམས་
Vol. 196 · folio 66b
བུད་མད་ལའོ། །དེ་ལ་ཇ་ཡའི་སྒྲ་རྟགས་ཀྱི་མིང་ཅན་ལ། བུད་མེད་ལ་ཨ་ལས་ཨཱའོ་ཞེས་པས་ཨཱའི་རྐྱེན་ཏེ། མཚུངས་པ་ལས་རིང་པོ་དང་རིང་པོ་ཕ་རོལ་དབྱི་བའང་ངོ་། །ཨཱ་ཤྲདྡྷཱའོ་ཞེས་པས་ཤྲདྡྷའི་མིང་ཅན་ཏེ། ཤྲདྡྷཱ་ལས་སཾ་དབྱིའོ་ཞེས་པས་སི་དབྱིའོ། །ཛ་ཡཱ། ཨཽ་ཨཱིའོ་ཞེས་པས་ཨཽ་
ཡིག་ནི་ཨཱི་ཡིག་ཏུ་ཐོབ་ཅིང་། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་དབྱི་བའང་ངོ་། །ཛ་ཡེ། རིང་པོ་ལས་ཕ་རོལ་དབྱི་བ་ཐོབ་བོ། །ཛ་ཡཱཿ། ཛ་ཡཱཾ། ཛཱ་ཡེ། ཛཱ་ཡཱཿ། ཊཱ་ཨོས་དག་ལ་ཨེའོ་ཞེས་པས་ཨེ་ཉིད་དེ། ཨེ་ཨ་ཡའོ། །ཛ་ཡཱ་ཡཱ། ཛ་ཡཱ་བྷྱཱཾ། ཛ་ཡཱ་བྷིཿ། ང་ལྡན་རྣམས་ཡཻ་ཡཱས་ཡཱས་
ཡཱཾའོ་ཞེས་པས་ང་ལྡན་གྱི་བརྗོད་པ་རྣམས་ནི་ཡཻ་དང་ཡཱས་དང་ཡཱས་དང་ཡཱཾ་རྣམས་སུ་འགྱུར་བས་ངེ་གནས་པ་ན་ཡཻ་རུ་འགྱུར་རོ། །ཛཱ་ཡཱ་ཡཻ། ཛཱ་ཡཱ་བྷྱཱཾ། ཛ་ཡཱ་བྷྱཿ། ཛ་ཡཱ་ཡཱ། ཛ་ཡཱ་བྷྱཱཾ། ཛ་ཡཱ་བྷྱཿ། ཛ་ཡཱ་ཡཱཿ། ཛ་ཡ་ཡོཿ། ཛ་ཡཱ་ནཱཾ། ཛ་ཡཱ་ཡཱཾ། ཛ་ཡ་ཡོཿ། ཛ་ཡ་སུ། ཀུན་དུ་བོད་པ་ལ་
ནི། ཤྲདྡྷཱ་ལས་ཞེས་པ་སྤྱིར་བཏང་བ་ལ། སཾ་བུདྡྷི་ལའང་ངོ་ཞེས་པ་ཨེ་ཉིད་དེ། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་ཛ་ཡེ། ཧེ་ཛ་ཡེ། ཧེ་ཛ་ཡཱཿ། མའི་དོན་རྣམས་ཀྱི་ནི་ཐུང་ངུ་སྟེ། མའི་དོན་རྣམས་ཀྱི་ཞེས་པས་ཐུང་བའོ། །ཧེ་ཨ་མྦ། ཧེ་ཨམྦེ། ཧེ་ཨམྦཱཿ། དེ་བཞིན་དུ།
ཧེ་ཨཀྐ། ཧེ་ཨལླ། ཧེ་ཨཏྟ། དབྱངས་མང་པོ་ཅན་ཉིད་ཀྱི་ཕྱིར་ཌ་དང་ལ་དང་ཨི་ཀ་ལྡན་པ་རྣམས་ལ་ནི་མི་འགྱུར་རོ། །ཧེ་ཨམྦཱ་ཌེ། ཧེ་ཨ་མྦཱ་ལེ། ཧེ་ཨ་མྦི་ཀེ། པཱ་མནྲ། པཱི་མན྄། བ་ཧ་བ་རཱ་ཛན་ཏེ། རྒྱལ་པོ་མང་པོ་ས་གཞི་ལ་སྤྱོད་དོ་ཞེས་གནས་པ་ལ། འགྲེལ་པས་བཤད་པ་ནི། འབྲུ་མང་
པོ་པ་ཨན་གྱི་མཐའ་ཅན་དག་ལས་ཌཱ་ཙ་སྟེ། ཌ་ཡིག་ནི། ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་དང་པོ་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། འདི་ཉིད་ཀྱིས་མཐའི་དབྱངས་དང་པོའང་དབྱིའོ། །སཱ་མཱ། སཱི་མ། བ་ཧུ་རཱ་ཛ་ནི་ཛ་ཡཱའི་སྒྲ་དང་འདྲ་བའི་གཟུགས་སུ་ཤེས་པར་བྱའོ། །དེ་
བཞིན་དུ་ཤྲདྡྷཱ། སཱ་ལཱ། མཱ་ལཱ། ཨ་ཛཱ། ཨེ་ཌ་ཀཱ་ལ་སོགས་པ་རྣམས་སོ།། །།ཛ་རཱའི་སྒྲའི་ནི། གསལ་བྱེད་དང་པོ་ཅན་ལ་ཛ་ཡཱའི་སྒྲ་དང་འདྲ་བའི་གཟུགས་སུ་འགྱུར་ཞིང་། དབྱངས་དང་པོ་ཅན་གྱི་རྣམ་དབྱེ་ལ་ནི། ཛ་རཱ་ཛ་རས་སུ་དབྱངས་ལ་ཡང་ནའོ་ཞེས་པའི་ཕྱོགས་ལ་ཛ་རས་སུ་བསྒྱུར་
Vol. 196 · folio 67a
རོ། །ཛ་རཱ། ཛ་རེ། ཛ་ར་སཽ། ཛ་རཱཿ། ཛ་ར་སཿ། ཛ་རཱཾ། ཛ་ར་སཾ། ཛ་རེ། ཛ་ར་སཽ། ཛ་རཱཿ། ཛ་ར་སཿ། ཛ་ར་ཡཱ། ཛ་ར་སཱ། ཛ་རཱ་བྷྱཱཾ། ཛ་རཱ་བྷིཿ། ཛ་ར་ཡཻ། ཛ་ར་སེ། ཛ་རཱ་བྷྱཱཾ། ཛ་དཱ་བྷྱཿ། ཛ་རྭ་ཡཱཿ། ཛ་ར་སཿ། ཛ་རཱ་བྷྱཱཾ། ཛ་རཱ་བྷྱཿ། ཛ་རཱ་ཡཱཿ།
ཛ་ར་སཿ། ཛ་ར་ཡོཿ། ཛ་ར་སོཿ། ཛ་རཱ་ཎཱཾ། ཛ་ར་སཱཾ། ཛ་རཱ་ཡཱཾ། ཛ་ར་སིཿ། ཛ་ར་ཡོཿ། ཛ་ར་སོཿ། ཛ་རཱ་སུཿ། ཀུན་དུ་བོད་པ་ལ་ནི། ཧེ་ཛ་རེ། ཧེ་ཛ་ར་སཽ། ཧེ་ཛ་རེ། ཧེ་ཛ་རཱཿ། ཧེ་ཛ་ར་སཿ། ན་དཱིའི་སྒྲ་ནི་པ་ཙ་ལ་སོགས་པའི་ཨཏ་མཐའ་ཅན་ཏེ། དེ་ལས་ན་ད་སོགས་ཨཉྩ་བཱ་ཧྲ་
ཨུ་ཨི་ཨདྨ་ཨནྟ་རྀ་ས་ཁི་ན་མཐའ་རྣམས་ལས་ཨཱིའོ་ཞེས་པས་ཨཱི་རྐྱེན་དུ་འགྱུར་ལ། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱིའོ་ཞེས་པས་ཨ་ཡིག་དབྱི་སྟེ། ན་དཱི་ཞེས་གནས་པ་ལ་སི་ལ་སོགས་པ་རྣམས་ནི། ཨཱི་ཡིག་མཐའ་ལས་སིའོ་ཞེས་པས་སི་དབྱིའོ། །ན་དཱི། ཨིའི་ཡི་གེ་འདྲ་བའི་ཡི་གེ་
མ་ཡིན་པ་ལ་ཡ་སྟེ་ཕ་རོལ་དབྱི་བ་ཡང་མ་ཡིན་ནོ་ཞེས་པས་ཡ་ཉིད་དོ། །ནདྱཽ། ན་དྱཿ། ཨ་མ་ཤས་དག་གི་དང་པོ་དབྱི་བ་ཐོབ་བོ། །ན་དི་མ྄། ན་དྻཽ། ན་དཱིཿ། ན་དྨཱ། ན་དཱི་བྷྱཱཾ། ན་དཱི་བྷིཿ། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱཾ་མོ་ཞེས་པས་ང་ལྡན་གྱི་བརྗོད་པ་རྣམས་ཨཻ་དང་ཨཱས་དང་ཨཱས་དང་
ཨཾ་དུ་འགྱུར་བས་ངེ་ཨེ་རུ་འགྱུར་རོ། །ནདྱཻ། ན་དཱི་བྷྱཱཾ། ན་དཱི་བྷྱཿ། ང་སི་ཨཱས་སུ་འགྱུར་རོ། །ནདྻཱཿ། ན་དཱི་བྷྱཱཾ། ན་དཱི་བྷིཿ། ངས་ཨཱས་སུ་འགྱུར་རོ། །ནདྻཱཿ། ནདྻོཽཿ། ཨཱམ་ལ་ཡང་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །ན་དཱི་ནཱཾ། ངི་ཨཾ་དུ་འགྱུར་རོ། །ན་དྱཱཾ། ན་དྱོཿ། ཥ་ཉིད་དོ། །
ན་དཱི་ཥུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་ལ་ཐུང་ངུའོ་ཞེས་པས་ཐུང་ངུ་སྟེ། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་ན་དི། ཧེ་ན་དྻཽ། ཧེ་ནདྻཿ། དེ་བཞིན་དུ། མ་ཧཱི། བྷ་ཥཱི། པཱུ་ཝཱི། ཀི་སོ་རིཿ། ཀུ་མཱ་རཱི། ཙརྐ་རཱི། གཽ་རཱི། རཱ་ཛྙཱི། བ་ཧུ་རཛྙཱི། ཝ་མ་བརྩེགས་
པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱིའོ་ཞེས་པ་ལ་སོགས་པས་ཨ་དབྱིའོ། །མ་གྷོ་ནཱི། མ་གྷ་བ་ཏཱི། ཤུ་ནཱི། ས་ཁཱི། བཟོ་བོ་ལ་བུ་ཥ་སྟེ། ཥ་ཡིག་ནི་ན་ད་ལ་སོགས་པ་ཀློག་པའི་དོན་ཡིན་ལ། ཡུ་དང་བུ་དང་ཛྙཱ་རྣམས་ཀྱི་ཨན་ཨ་ཀ་ཨནྟ་རྣམས་སོ་ཞེས་པ་ཨཀའོ། །ནརྟུ་ཀཱི། ཁ་ན་ཀཱི།
Vol. 196 · folio 67b
ར་ཛ་ཀཱི་ཞེས་པ་ལ་སོགས་པའོ།། །།ལ་ཀྵྨཱིའི་སྒྲའི་ནི། སཾ་བུདྡྷི་ལས་སི་དབྱི་བ་མེད་ཅིང་། ཨཱི་ཡིག་གི་མཐའ་ཅན་རྟགས་གང་ལས་ཞེས་ཁྱད་པར་དང་བཅས་པ་བཤད་པའི་ཕྱིར། ལཀྵི་ལས་ཨ་བི་ཙི་ཏྲྀ་ཏཾ་ཏྲི་རྣམས་ལས་ཨཱིའོ་ཞེས་པ་སྤྱིར་བཏང་ནས། ལཀྵི་ལས་མའི་མཐའ་ཅན་འང་ངོ་ཞེས་
བས་ཨིའི་རྐྱེན་ཏེ། ཨའི་ཡང་མ་ཡིག་གི་མཐའ་ཅན་དུ་འགྱུར་རོ། །ལཀྵྨཱིཿ། ལཀྵྨཽ། ལཀྵྨེཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཚོགས་པ་བུད་མེད་བརྗོད་པ་ཉིད་ལ་ཆ་ཤས་ཀྱང་བུད་མེད་བརྗོད་པར་ཉེ་བར་བཏགས་པའི་ཕྱིར་ན་དཱིའི་མིང་ཅན་དུ་འགྱུར་ཏེ། དེས་ན་སྔ་མ་བཞིན་དུ་
ཐུང་ངུ་ཉིད་དང་སི་དབྱི་བའང་ངོ་། །ཧེ་ལཀྵྨི། ཧེ་ཀྵྨྱཽ། ཧེ་ལ་ཀྵྨྱཿ། དེ་བཞིན་དུ་དྷཱ་ར་རཱི་དང་ཏཾ་ཏྲཱི་ཞེས་པ་ལ་སོགས་པ་རྣམས་སོ།། །།བྷ་ཛ་ཤྲིཉ་བསྟེན་པ་ལ་སྟེ། ཉ་ཡིག་ནི། ཨིན་དང་ཉ་དང་ཡ་ཛ་སོགས་ལས་གཉིས་སོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། བ་ཙི་ཕྲཙྪི་ཤྲི་ཤྲུ་དྲུ་སྲུ་ཛུ་
རྣམས་ལ་ཀྭིཔ྄་དང་རིང་པོའོ་ཞེས་པས་ཀྭིཔ྄་སྟེ། བྱིངས་ཀྱི་འང་རིང་པོར་འགྱུར་ཞིང་། ཀྭིཔ྄་ཐམས་ཅད་བསྡུས་ཏེ་ཕྱིས་པ་ལས་སི་ལ་སོགས་པ་ཡོད་པ་ལས་སིའི་རྣམ་པར་གཅད་བྱའོ། །ཤྲཱིཿ། དབྱངས་དང་པོ་ཅན་ལ་ནི། ཨཱིཏ་ཨཱུད་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པས་ཨཱི་ཨི་ཡ་རུ་འགྱུར་རོ། །
ཤྲྀ་ཡཽ། ཤྲི་ཡཿ། ཤྲི་ཡཾ། ཤྲི་ཡཽ། ཤྲི་ཡཿ། ཤྲི་ཡཱ། ཤྲཱི་བྷྱཱཾ། ཤྲཱི་བྷིཿ། སྟྲྀ་ན་དཱི་དང་འདྲའོ་ཞེས་པ་སྤྱིར་བཏང་བ་ལས། བུད་མེད་བརྗོད་པ་ཨི་ཡ་ཨུ་ཝ་དག་ཨཱམ་ལ་ཡང་ནའོ་ཞེས་པ་སྤྱིར་བཏང་བའི་ཕྱིར། ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་པས་ང་ལྡན་གྱི་བརྗོད་པ་ཕ་རོལ་ལ་ཡང་ན་ན་དཱི་དང་འདྲ་
བར་འགྱུར་བའི་ཕྱོགས་ལ་ན་དཱིའི་བྱ་བ་སྟེ། ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱཾ་ཞེས་པའོ། །ཤྲི་ཡཻ། ཤྲི་ཡེ། ཤྲི་བྷྱཱཾ། ཤྲཱ་བྷྱཿ། ཤྲཱི་ཡཱཿ། ཤྲི་ཡཿ། ཤྲཱི་བྷྱཱཾ། ཤྲཱི་བྷྱཿ། ཤྲི་ཡཱ་ཤྲི་ཡཿཤྲི་ཡོཿ། ན་དཱི་དང་འདྲ་བར་འགྱུར་བའི་ཕྱོགས་ལ་ན་དཱིའི་བྱ་བ་སྟེ། ཨཱཾ་ལ་ཡང་ནུའོ་ཞེས་པས་ནུ་ཨཱ་ག་
མའོ། །ཤྲཱ་ཎཱཾ། ཤྲི་ཡཱཾ། ཤྲི་ཡི། ཤྲི་ཡོཿ། ཤྲཱི་ཥུཿ། ཀུན་དུ་བོད་པ་ལ་ནི། སྟྲཱི་ན་དཱི་དང་འདྲའོ་ཞེས་སྨོས་པས་ཨི་ཡ་ཨུ་ཝ་དག་གི་ཨི་ཡིག་དང་ཨུ་ཡིག་དག་ན་དཱིའི་མིང་ཅན་དུ་རབ་ཏུ་གྲུབ་པ་མེད་པར་བཤད་དེ། དེས་ན་སཾ་བུདྡྷི་ལ་ཐུང་ངུར་མི་འགྱུར་ཞིང་། དེ་བཞིན་དུ་སི་དབྱི་བའང་ངོ་། །
Vol. 196 · folio 68a
ཧེ་ཤྲཱིཿ། ཧེ་ཤྲི་ཡོ། ཧེ་ཤྲི་ཡཿ། དེ་བཞིན་དུ་ཀྲཱི་དང་ཧྲཱི་དང་ཏྲཱི་དང་དྲཱི་དང་དྷི་ཞེས་པ་ལ་སོགས་པ་རྣམས་སོ།། །།འདྲེན་པར་བྱེད་པ་ནཱི་ལ། སཾ་པད་ལ་སོགས་པ་ཉིད་ལས་ཀྭི་པ྄་སྟེ། པ་ར་མཱ་ཡང་འདི་ཡིན་ལ། ནི་འང་ངོ་ཞེས་པ། གཞི་མཐུན་པ་ཡི་ཚིག་དག་ལ།
ཞེས་པ་ལ་སོགས་པས་ཚིག་སྡུད་དོ། །པ་ར་མ་ནཱིཿ། དབྱངས་ཡི་གེ་གཅིག་མ་ཡིན་པ་དག་གི་ནི་བརྩེགས་པ་མ་ཡིན་པ་ལས་ཡ་ཝ་དག་གོ་ཞེས་པས་ཡ་ཉིད་ཐོབ་མོད་ཀྱི། མི་ཟད་པ་དང་། བྱེད་པ་ཅན་དག་ཁོ་ན་ལས་སྒྲུབ་པ་འདིའོ་ཞེས་ཏེ། དེས་ན་གཞན་སྔ་མའི་ཡ་ཉིད་དུ་མི་འགྱུར་རོ། །པ་ར་
མ་ནི་ཡཽ། པ་ར་མ་ནི་ཡཿཞེས་པ་ལ་སོགས་པའོ།། །།སྟྲིའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སྟྲཱི་ན་དཱི་དང་འདྲའོ་ཞེས་པས་ན་དཱི་དང་འདྲ་བར་འགྱུར་བས་ན། ན་དཱིའི་བྱ་བ་སྟེ། ཨཱི་ཡིག་མཐའ་ལས་སིའོ་ཞེས་པས་སི་དབྱིའོ། །སྟྲི། དབྱངས་དང་པོ་ཅན་ལ་ནི། བྷྲཱུ་བྱིངས་བཞིན་ནོ་ཞེས་པ་
སྤྱིར་བཏང་ནས། སྟྲིའང་ངོ་ཞེས་པས་བྱིངས་དང་འདྲ་བར་འགྱུར་བའི་ཕྱིར། ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པས་ཨཱི་ཨི་ཡ་རུ་འགྱུར་རོ། །སྟི་ཡཽ། སྟྲི་ཡཿ། ཨམ་ཤས་དག་ལ་ཡང་ནའོ་ཞེས་པས་ཨམ་དང་ཤས་དག་ལ་བྱིངས་དང་འདྲ་བར་འགྱུར་ཏེ། དེས་ན་ཕྱོགས་
གཅིག་ལ་ཨི་ཡ་རུ་འགྱུར་ཞིང་། ཨམ་ཤས་དག་གི་དང་པོ་དབྱིའོ། །སྟྲཱིཾ། སྟི་ཡཾ། སྟྲི་ཡོ། སྟི་ཡཿ། སྟྲིཿ། སྟྲཱི་ཡཱ། སྟྲཱི་བྷྱཱཾ། སྟྲཱི་བྷིཿ། སྟྲཱི་ན་དཱི་དང་འདྲའོ་ཞེས་ངེས་པ་ཅན་གྱི་ཕྱོགས་ཁོ་ན་ལས་རྟག་ཏུ་ཨཻ་ཨཱས་ཨཱས་ཨཱམ་ཞེས་པའོ། །སྟི་ཡཻ། སྟྲཱི་བྷྱཱཾ། སྟྲཱི་བྷྱཿ། སྟྲི་ཡཱཿ། སྟྲཱི་བྷྱཱཾ།
སྟི་བྷྱཿ། སྟྲི་ཡཱཿ། སྟྲི་ཡོཿ། ཨཱ་མ་ལ་ཡང་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །སྟྲཱི་ཎཱཾ། སྟྲི་ཡཱཾ། སྟྲི་ཡོཿ། ཥ་ཉིད་དོ། །སྟི་ཥུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལས་ཐུང་ངུའོ། །ཧེ་སྟྲི། ཧེ་སྟྲི་ཡཽ། ཧེ་སྟྲི་ཡཿ།། །།བྷཱུ་མིའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། སིའི་རྣམ་པར་གཅད་བྱའོ། །བྷཱུཾ་
མིཿ། ཨཽ་ཡིག་ས་མར་རོ་ཞེས་པས་ཨཽ་ནི་ཨི་རུ་ཐོབ་ཅིང་མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །བྷཱུ་མཱི་ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ཨི་ཨེ་རུ་འགྱུར་ཞིང་། ཨེ་ཨ་ཡའོ། །བྷཱུ་མ་ཡཿ། ཨགྣི་ལས་ཨམ་གྱི་ཨ་ཡིག་གོ་ཞེས་པས་ཨམ་གྱི་ཨ་ཡིག་དབྱིའོ། །བྷཱུ་མི། བྷཱུ་མཱི། ཤས་
Vol. 196 · folio 68b
ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཤས་ཀྱི་ཨ་ཡིག་ཨི་ཡིག་ཏུ་ཐབ་ཀྱི། བུད་མེད་མ་ཡིན་པ་ལས་ཞེས་པས་བཀག་པའི་ཕྱིར། ན་ཡིག་ཏུ་མི་འགྱུར་རོ། །བྷཱུ་མཱི། ཊཱ་ནའོ་ཞེས་པས་ནཱ་རུ་འགྱུར་བ་མ་ཡིན་ཏེ། བུད་མེད་མ་ཡིན་པ་ལ་ཞེས་པའི་རྗེས་སུ་འཇུག་པས་ཨགྣིའི་བྱ་
བ་བཀག་པའི་ཕྱིར་རོ། །བྷཱུ་མྱཱ། བྷཱུ་མི་བྷྱཱཾ། བྷཱུ་མི་བྷིཿ། ང་ལྡན་གྱི་བརྗོད་པ་ལ་ནི། ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་པས་ཡང་ན་ན་དཱི་དང་འདྲ་བར་འགྱུར་རོ། །བྷཱུ་མྻཻ། ཕྱོགས་གཅིག་ལ་ནི་ཨནྒིའི་བྱ་བ་སྟེ། དེ་ལའོ་ཞེས་པས་ཨེ་རུ་འགྱུར་ཞིང་ཨེ་ཨ་ཡའོ། །བྷཱུ་མ་ཡེ། བྷཱུ་མེ་བྷྱཱཾ། བྷཱུ་མི་བྷྱཿ།
ན་དཱི་དང་འདྲ་བ་ལ་ནི་ང་སི་ཨཱས་སུ་འགྱུར་རོ། །བྷཱུ་མྱཱཿ། ཨགྣིའི་ཕྱོགས་ལ། ང་སི་ངས་དག་གི་ཨ་དབྱི་བའང་ངོ་ཞེས་པས་ང་སི་དང་ངས་དག་གི་ཨ་ཡིག་དབྱི་ཞིང་། ཨི་ཨེཏ་དུ་འགྱུར་རོ། །བྷཱུ་མེཿ། བྷཱུ་མི་བྷྱཱཾ། བྷཱུ་མི་བྷྱཿ། སྔ་མ་བཞིན་དུ་ན་དཱི་དང་འདྲ་བར་འགྱུར་བ་ལས་ནི། བྷཱུ་མྱཱཿ། ཕྱོགས་
གཅིག་ལ། བྷཱུ་མེཿ། བྷཱུ་མྱོཿ། ཨཱ་མ་ལ་ཡང་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །བྷཱུ་མཱི་ནཾ། ན་དཱི་དང་འདྲ་བར་འགྱུར་བ་ལ་ནི། དི་ཨཱམ་མོ། །བྷཱུ་མྱཱཾ། ཨ་གྣིའི་ཕྱོགས་ལ་དི་སྔ་མ་དང་བཅས་པ་ཨཽའོ་ཞེས་པས་ཨི་ཡིག་དང་ལྷན་ཅིག་ངི་ཨཽ་རུ་
འགྱུར་རོ། །བྷཱུ་མཽ། བྷཱུ་མྱོཿ། ཥ་ཉིད་དོ། །བྷཱུ་མི་ཥུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལ་འང་ངོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་བྷཱུ་མི། ཧེ་བྷཱུ་མཱི། ཧེ་བྷཱུ་མ་ཡཿ། ཡུ་བན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཡུ་བན་ལས་ཏིའོ་ཞེས་པས་ཏིའི་
རྐྱེན་ནོ། །ཡུ་བ་ཏི། དེ་བཞིན་དུ། ཨུཀྟིཿ། བྷུཀྟི། བྷི་ཏིཿ། སྟུ་ཏིཿ། རུ་ཙིཿ། བྷཀྟིཿ། ར་ཎིཿ། སྟྲི་ཎིཿ། པཾཀྟིཿ། སིརྨྨ་ཏིཿ། བ་ལིཿ། སུ་རཾ་དྷྲིཿ། ཨངྒུ་ལིཿ། ཤྲེ་ཎིཿ། མུ་རཱ་རིཿ། ཨོ་ཥ་དྷིཿ། ཀྵི་ཏིཿ། རཱ་ཏྲིཿ། ན་བྷིཿ། ར་ནིཿ། ཨ་ལེཿ། ཀྵ་ཏིཿ། དཱིཔྟིཿ། དཱི་དྷཱི་ཏིཿ། ཨཱ་སིཿ།
རཱ་ཛི། ར་ཏིཿ། ། ཁྱཱ་སྟེཿ། དརྜྭིཿ། ཀཾ་བི་དྷིཿ། ཞེས་པ་ལ་སོགས་པ་རྣམས་སོ།། །།བ་དྷུའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ན་དཱི་དང་འདྲ་བར་དྲང་བར་བྱ་ཞིང་། འདི་ནི་ཁྱད་པར་ཏེ་ཨཱི་ཡིག་མཐའ་ལས་སི་དབྱི་བ་མེད་ལ། དབྱངས་དང་པོ་ཅན་ལ་ཨུའི་ཡི་གེ་ལ་ཝའོ་ཞེས་པས་ཨུ་ཡིག་ཝ་ཡིག་ཏུ་
Vol. 196 · folio 69a
ཐོབ་བོ། །བ་དྷཱུཿ། བ་དྷྭཽ། བ་དྷྭཿ། བ་དྷྭཾ། བ་དྷྭཽ། བ་དྷྭཿ། བ་དྷྭཱ། བ་དྷཱུ་བྷྱཱཾ། མ་དྷུ་བྷིཿ། བ་དྷྭི། བ་དྷཱུ་བྷྱཱཾ། བ་དྷཱུ་བྷྱཿ། བ་དྷྭཿ། བ་དྷཱུ་བྷྱཱཾ། བ་དྷཱུ་བྷྱཿ། བ་དྷྭཿ། བདྷྭོཿ། བ་དྷཱུ་ནཱཾ། བ་དྷྭི། བ་དྷྭོཿ། ཥ་ཉིད་དོ། །བ་དྷཱུ་ཥ། ཀུན་དུ་བོད་པ་ལ་སི་དབྱི་བ་དང་ཐུང་ངུ་ཉིད་
དོ། །ཧེ་བ་དྷུ། ཧེ་བ་དྷྭཽ། ཧེ་བ་དྷྭཿ།། །།བྷྲཱུའི་སྒྲ་ནི་སྟྲིའི་སྒྲ་དང་འདྲ་བར་ཤེས་པར་བྱ་སྟེ། དབྱངས་དང་པོ་ཅན་ལ་ནི་ཨུ་ཝ་རུ་འགྱུར་ཞིང་། བྷཱུ་བྱིངས་བཞིན་ནོ་ཞེས་པས་བྱིངས་དང་འདྲ་བར་ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པ་ཁྱད་པར་རོ། །བྷྲཱུ། བྷྲུ་ཝཽ། བྷྲུ་ཝཿ། བྷྲུ་
ཝཾ། བྷྲུ་ཝཽ། བྷྲུ་ཝཿ། བྷྲུ་ཝཱ། བྷྲཱུ་བྷྱཱཾ། བྷྲཱུ་བྷིཿ། བྷྲུ་ཝཻ། བྷྲཱུ་བྷྱཱཾ། བྷཱུ་བྷྱཿ། བྷྲུ་ཝཱཿ། བྷྲཱུ་བྷྱཱཾ། བྷྲཱུ་བྷྱཿ། བྷྲུ་ཝཱཿ། བྷྲཱུ་ཝོཿ། བྷྲཱུ་ནཱཾ། བྷྲུ་ཝཱཾ། བྷྲུ་ཝོཿ། ཥ་ཉིད་དོ། །བྷྲུ་ཥ། ཀུན་དུ་བོད་པ་ལ། ཧེ་བྷྲུ། ཧེ་བྷྲུ་ཝཽ། ཧེ་བྷྲུ་བཿ།། །།གཅོད་པར་བྱེད་པས་ན་ལཱུ་སྟེ། སཾ་པད་ལ་སོགས་པ་
ཉིད་ལས་བུད་མེད་ལ་ཀྭི་པ་འགྱུར་ཞིང་བ་ར་མའང་འདི་ཡིན་ལ་ལཱུའང་ངོ་ཞེས། གཞི་མཐུན་པ་ཡི་ཚིག་དག་ནི། །ཞེས་པ་ལ་སོགས་པའི་ཚིག་སྡུད་དོ། །པ་ར་མ་ལཱུཿ། པ་ར་མ་ལུ་ཝཽ། པ་ར་མ་ལུ་ཝ། ཞེས་པ་ལ་སོགས་པའོ། །གང་གི་ཚེ་མི་ཟད་པ་ལྡན་པ་དེའི་ཚེ། ཡི་གེ་གཅིག་མ་ཡིན་པ་ཞེས་པ་
ལ་སོགས་པས་ཝ་ཉིད་དོ། །པ་ར་མ་ལྭོ། པ་ར་མ་ལྭཿ།། །།བུ་ནརྦྷཱུའི་སྒྲའི་ཁྱད་པར་ནི། པུ་ནརྦྷཱུཿ། ཨུ་ཝ་ཐོབ་པ་ལ་ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དེ། དེ་ཡང་བྷཱུའི་ཝཪྵ་བྷཱུ་དང་པུ་ནརྦྷཱུ་མ་ཡིན་པའོ་ཞེས་པས་དགག་པ་ཐོབ་པ་ལ་ཡི་གེ་གཅིག་མ་ཡིན་པ་ཞེས་པས་ཝ་ཉིད་
དོ། །པུ་ནརྦྷྭཽ། པུ་ནརྦྷྭཿ། པུ་ནརྦྷྭཾཿ། པུ་ནརྦྷྭཽ། པུ་ནརྦྷྭཿ། པུ་ནརྦྷྭཱ། པུ་ནརྦྷཱུ་བྷྱཱཾ། པུ་ནརྦྷཱུ་བྷིཿ། ཨུ་ཝ་གནས་པ་ཉིད་མེད་པའི་ཕྱིར་ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་རྣམ་པར་བརྟག་པས་ན་དཱི་དང་འདྲ་བར་འགྱུར་བ་མེད་དེ། དེས་ན་ཨཱིཏ་ཨཱུཏ་བུད་མེད་བརྗོད་པ་དག་ན་དཱིའོ་ཞེས་པས་ནི་དཱིའི་མིང་ཅན་
ཡིན་པས་རྟག་ཏུ་ན་དཱིའི་བྱ་བའོ། །པུ་ནརྦྷྭཾ། པུ་ནརྦྷཱུ་བྷྱཱཾ། པུ་ནརྦྷཱུ་བྷྱཿ། པུ་ནརྦྷྭཱཿ། པུ་ན་རྦྷཱུ་བྷྱཱཾ། པུ་ནརྦྷཱུ་བྷྱཿ། པུ་ནརྦྷྭཱཿ། པུ་ནརྦྷྭོཿ། བུ་ནརྦྷྭཱཾ། པུ་ནརྦྷཱུཎཱཾ། པུ་ནརྦྷཾྭཱཿ། པུ་ནརྦྷྭཱོཿ། ཥ་ཉིད་དོ། །པུ་ནརྦྷཱུ་ཥུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལ་ཐུང་ངུའོ་ཞེས་པས་ཐུང་ངུ་སྟེ། ཐུང་ངུ་ན་དཱི་ཞེས་པ་ལ་
Vol. 196 · folio 69b
སོགས་པས་སི་དབྱིའོ། །ཧེ་པུ་ནརྦྷུ། ཧེ་པུ་ནརྦྷཽ། ཧེ་པུ་ནརྦྷོཿ། ཧེ་པུ་ནརྦྷཿ།། །།བཪྵ་བྷཱུའི་སྒྲ་ནི་བུད་མེད་ཀྱི་རྟགས་ན་དཱིའི་མིང་ཅན་ཏེ། བྷཱུའི་ཝཪྵཱ་རྦྷཱུ་དང་པུ་ནརྦྷཱུ་མ་ཡིན་པའོ་ཞེས་པ་འདིར་བཪྵཱ་བྷཱུ་མ་ཡིན་པ་ཞེས་པས་བཀག་པའི་ཕྱིར། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དོ། །
བཪྵཱབྷཱུཿ། བཪྵཱ་བྷྭཽ། བཪྵཱ་བྷྭཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། པྲ་ཏི་བྷཱུ་དང་བཱི་ར་བྷཱུ་ལ་སོགས་པ་རྣམས་སོ།། །།དྷེ་ནུའི་སྒྲ་ནི་བྷཱུ་མིའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །དྷེ་ནུཿ། དྷེ་ནཱུ། དྷེ་ན་ཝཿ། དྷེ་ནུཾ། དྷེ་ནཱུ། དྷེ་ནཱུཿ། དྷེ་ནྭཱ། དྷེ་ནུ་བྷྱཱཾ། དྷེ་ནུ་བྷིཿ། དྷེ་ནྭཻ། དྷེ་ན་ཝེ། དྷེ་
ནུ་བྷྱཱཾ། དྷེ་ནུ་བྷྱཿ། དྷེ་ནྭཱཿ། དྷེ་ནོཿ། དྷེ་ནུ་བྷྱཾ། དྷེ་ནུ་བྷྱཿ། དྷེ་ནྭཱཿ། དྷེ་ནོཿ། དྷེ་ནྭོཿ། དྷེ་ནུ་ནཱཾ། དྷེ་ནྭཱཾ། དྷེ་ནཽ། དྷེ་ནྭོཿ། ཥ་ཉིད་དོ། །དྷེ་ནུ་ཥུ། ཀུན་དུ་བོད་པ་ལ་ན། ཧེ་དྷེ་ནོ། །ཧེ་དྷོ་ནཱུ། ཧེ་དྷེ་ན་ཝཿ། དེ་བཞིན་དུ། ཏ་རུ། ར་ཛུ། ཀརྐུ། ཏརྐུ་ལ་སོགས་པ་རྣམས་སོ།། །།
སྭ་སྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ན་དཱི་ལ་སོགས་པའི་མདོས་རིཏ་མཐའ་ཉིད་ནའང་ཨཱིའི་རྐྱེན་མེད་ཏེ། རྐྱེན་མེད་ནའང་བུད་མེད་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་ཨཱ་རུ་འགྱུར་ཞིང་སི་དབྱི་བའང་ངོ་། །སྭ་སཱ། སྭ་སྲྀ་ལ་སོགས་པ་རྣམས་ཀྱི་འང་ངོ་
ཞེས་པས་ཨཱར་རོ། །སྭ་སཱ་རཽ། སྭ་རཱ་རཿ། སྭ་སཱ་རཾ། སྭ་སཱ་རཽ། ཤས་ལ་ཨགྣི་བཞིན་ནོ་ཞེས་པས་ཨགྣི་དང་འདྲ་བར་འགྱུར་ཞིང་། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་བཀག་པའི་ཕྱིར་ན་ཉིད་དུ་མི་འགྱུར་རོ། །སྭ་སྲྀཿ། ཁྱད་པར་གཞན་རྣམས་པོ་ཏྲིའི་སྒྲ་དང་འདྲའོ། །
སྭ་སྲཱ། སྭ་སྲྀ་བྷྱཱཾ། སྭ་སྲྀ་བྷིཿ། ཞེས་པ་ལ་སོགས་པའོ།། །།མཱ་ཏྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། འདིར་ཡང་སྔ་མ་བཞིན་དུ་ཨཱིའི་རྐྱེན་མི་འགྱུར་རོ། །མཱ་ཏཱ། གྷུཊ་ལའང་ངོ་ཞེས་པས་ཨར་རོ། །མཱ་ཏ་རཽ། མཱ་ཏ་རཿ། མཱ་ཏ་རཾ། མཱ་ཏ་རཽ། བུད་མེད་མ་ཡིན་པ་ལ་ཞེས་པས་བཀག་
པའི་ཕྱིར་འདིར་ཡང་ན་ཡིག་ཏུ་འགྱུར་བ་མ་ཡིན་ནོ། །མཱ་ཏྲཱིཿ། མཱ་ཏྲཱ། མཱ་ཏྲྀ་བྷྱཱཾ། མཱ་ཏྲྀ་བྷིཿ། ཞེས་པ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ། དུ་ཧི་ཏྲི། ན་ནིནྟྲ། ཛཱ་མཱ་ཏྲི། ལ་སོགས་པ་རྣམས་སོ།། །།ནཽའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ནཽཿ། དབྱངས་ལ་ཨཽ་ཨཱ་ཝའོ། །ནཱ་ཝཽ།
Vol. 196 · folio 70a
ནཱ་ཝཿ། ནཱ་ཝ། ནཱ་ཝཽ། ནཱ་ཝཿ། ནཱ་ཝཱཿ། ནཽ་བྷྱཱཾ། ནཽ་བྷིཿ། ཞེས་པ་ལ་སོགས་པའོ། །ཞེས་པ་བུད་མེད་ཀྱི་རྟགས་ལས་དབྱངས་ཀྱི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།དེ་ནས་བུད་མེད་ཀྱི་རྟགས་གསལ་བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱ་སྟེ། ཝཱ་ཙ྄འི་སྒྲ་ལས་སི་
ལ་སོགས་པ་རྣམས་ནི། རྫོགས་པ་དང་གསལ་བྱེད་དག་ལ་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་ཞེས་པས་ག་ཉིད་ཏེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་ཡིག་གམ་ག་ཡིག་དག་གོ། །ཝཱ་ཀ྄། ཝ་ག྄། །ཝཱ་ཙཽ། ཝཱ་ཙཿ། ཝཱ་ཙི། ཝཱ་ཙཽ། ཝ་ཙཿ། ཝཱ་ཙཱ། ཝཱ་གྦྷྱཱཾ། ཝཱགྦྷིཿ།
ཞེས་པ་ལ་སོགས་པ་སྟེ། བདུན་པའི་མང་པོའི་ཚིག་ལ་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་ཏུ་འགྱུར་ཞིང་། ནཱ་མི་དང་ཀ་དང་ར་ཕ་རོལ་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཝཱཀྵུ། ཀུན་དུ་བོད་པ་ལ་ནི། ཧེ་ཝཱཀ །ཧེ་ཝཱག །ཧེ་ཝཱ་ཙཽ། ཧེ་ཝཱ་ཙཿ། དེ་བཞིན་དུ། པྲཙ། སྲྀཙ། ཏྭཙ། ཤྲུཙ་
ཞེས་པ་ལ་སོགས་པ་རྣམས་སོ།། །།པྲྀཛ་ཏི་ཏཾ་ཞེས་པ། རི་ཏྭཛ། དྀ་དྷྲཛ་ཞེས་པ་ལ་སོགས་པས་ཀྭི་པ་སྟེ། ཨཱ་ཡིག་ཨཱ་ག་མ་དང་ར་ཉིད་དོ། །དེ་ནས་པྲཛའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱི་ཞིང་། ཡཛ་ལ་སོགས་པ་ཉིད་ལས་ཨུ་ཉིད་
དུ་ཐོབ་པ་ལ། ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ག་ཉིད་དེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་ཡིག་གམ་ག་ཡིག་ལྟ་བུའོ། །པྲཀ །པྲག །པྲ་ཛཽ། པྲ་ཛཿ། པྲ་ཛཾ། པྲ་ཛཽ། པྲ་ཛཱཿ། པྲ་ཛཱ། པྲགྦྷྱཱཾ། པྲགྦྷིཿ། ཞེས་པ་ལ་སོགས་པའོ། །བདུན་པའི་མང་
པོའི་ཚིག་ལ་ག་ཡིག་ཏུ་བྱས་པ་ན་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་གོ། །པྲཀྵུ། ཀུན་དུ་བོད་པ་ལ་ནི། ཧེ་པྲཀ། ཧེ་པྲག །ཏེ་པྲ་ཛཽ། ཧེ་པྲ་ཛཿ། དེ་བཞིན་དུ། རུཀ་སྟེ། འདིའི་ཡང་ཙ་སྡེ་ཉིད་ལས་ག་ཉིད་དོ་ཞེས་པ་ཁྱད་པར་རོ།། །།བི་དྱུད་ཀྱི་སྐྲ་ལས་སི་ལ་སོགས་པ་རྣམས་ནི།
རྫོགས་པ་ལ་ཏ་ཡིག་གམ་ད་ཡིག་དག་གོ། །གློག་བིདྱུཏ། བིདྱུད། བིདྱུ་དཽ། བིདྱུ་དཿ། བིདྱུ་དཾ། བིདྱུ་དཽ། བི་དྱུ་དཿ། བི་དྱུ་དཱ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཉིད་དོ། །བི་དྷྱུ་དྦྷྱཱཾ། བི་དྱུདྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ས་རི་ཏ། ཏ་ཊི་ཏ། ཡོ་ཥིཏ། ལ་སོགས་
Vol. 196 · folio 70b
པ་རྣམས་སོ།། །།དྲྀ་ཤད་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། རྫོགས་པ་ལ་ཏ་ཡིག་གམ་ད་ཡིག་དག་གོ། །དྲྀ་ཤཏ། དྲྀ་ཥད། དྲྀ་ཤ་དཽ། དྲྀ་ཤ་དཿ། དྲྀ་ཤ་དཾ། དྲྀ་ཤ་དཽ། དྲྀ་ཤ་དཿ། དྲྀ་ཤ་དཱ། དྲྀ་ཤདྦྷྱཱཾ། དྲྀ་ཤདྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ།
ཨཱ་པད། བི་པད། པྲ་ཏི་པད། ཤ་རད། བི་ཥད་ལ་སོགས་པ་རྣམས་སོ།། །།ཀྲུ་དྷའི་སྒྲ་ལས་སི་ལ་སོགས་དྲོག་པ་རྣམས་ནི། རྫོགས་པ་ལ་ཡང་ནའོ་ཞེས་པས་དྷ་ཡིག་ནི་ཏ་ཡིག་གམ་ད་ཡིག་དག་ཏུའོ། །དྲུཏ། ཀྲུད། ཀྲུ་དྷཽ། ཀྲུ་དྷཿ། ཀྲུ་དྷཾ། ཀྲུ་དྷཽ། ཀྲུ་དྷཿ། ཀྲུ་
དྷཱ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷ་ཡིག་ནི་ད་ཡིག་ཏུའོ། །ཀྲུ་དྦྷྱཱཾ། ཀྲུདྦྷིཿ ཞེས་པ་ལ་སོགས་པ་སྟེ། བདུན་པའི་མང་ཚིག་ལ་སྒྲ་མེད་པ་ལ་དང་པོའོ་ཞེས་པས་དྷ་ཡིག་ནི་ཏ་ཡིག་ཏུའོ། །ཀྲུཏྶུ། དེ་བཞིན་དུ། ཁྲོ་བ། ཀྲུ་དྷ། ས་མི་དྷ། ཡུ་དྷ། ལ་སོགས་པ་རྣམས་སོ།། །།
པཱ་མན་གྱི་སྒྲ་ལ་ནི། འགྲེལ་པར་གསུངས་པ། ན་མཐའ་ལ་ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞས་པ་སྤྱིར་བཏང་བ་ལ་ཨ་ནའི་མཐའ་ལས་ཀྱང་ཞེས་པའི་ཨཱིའི་རྐྱེན་བཀག་པའི་ཕྱིར་པཱ་མན་ཞེས་པ་ན་ཡིག་གི་མཐའ་ཅན་ཉིད་དུ་མེད་ཀྱི་རྟགས་སུ་ཉེ་བར་འབྱུང་སྟེ། དེ་ལས་སི་ལ་སོགས་པ་རྣམས་
ནི། གྷུཊ་ལ་འང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དོ། །པཱ་མཱ། པཱ་མཱ་ནཽ། པཱ་མཱ་ནཿ། པཱ་མཱ་ནཾ། པཱ་མཱ་ནཽ། གྷུཊ་མ་ཡིན་པའི་དབྱངས་ལ་ནི། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །པཱམྣཿ། པཱམྣཱ། པཱ་མ་བྷྱཱཾ། པཱ་མ་བྷིཿ། ཞེས་
སོགས་ཏེ་ཁྱད་པར་གཞན་ནི་རཱ་ཛཱན་གྱི་སྒྲ་དང་འདྲ་ཞིང་། དེ་བཞིན་དུ་པཱི་མན་ལ་སོགས་པ་རྣམས་སོ། །ཨ་ནིའི་མཐའ་ལས་འབྲུ་མང་པོ་པ་ལ་ནི་ཡང་ན་ཨཱི་རྐྱེན་ནོ། །གང་ལ་ཨཱིའི་རྐྱེན་མེད་པའི་ཕྱོགས་དེ་ལ་ནི་སྔ་མ་བཞིན་དུ་ཨན་མཐའོ། །བ་ཧུ་རཱ་ཛཱ་བ་ཧུ་རཱ་ཛཱ་ནཽ་བ་ཧུ་རཱ་ཛཱ་ན། ཞེས་པ་ལ་ལ་སོགས་པ་
སྟེ། དེ་བཞིན་དུ་བ་ཧུ་ལོ་མཱན་ལ་སོགས་པའོ།། །།ཨཱ་པའི་སྒྲ་ནི་མང་པོའི་ཚིག་གི་ཡུལ་ཉིད་ཡིན་པའི་ཕྱིར་མང་པོའི་ཚིག་ཁོ་ནར་འགྱུར་ཏེ། དང་པོའི་མང་ཚིག་ལ་ཨ་པའི་འང་ངོ་ཞེས་པས་རིང་པོ་ཉིད་དོ། །ཨཱ་པཿ། ཤས་ལ་ནི་གྷུཊ་མ་ཡིན་པའི་དབྱངས་ཉིད་ལས་རིང་པོར་མི་འགྱུར་རོ། །ཨ་
Vol. 196 · folio 71a
པཿ། བྷ་ཡིག་དང་པོ་ཅན་གྱི་མང་པོའི་ཚིག་ལ། ཨཔ་རྣམས་ཀྱི་བྷ་ལ་དའོ་ཞེས་པས་པ་ཡིག་ནི་ད་ཡིག་ཏུའོ། །ཨདྦྷིཿ། ཨརྦྷྱཿ། ཨདྦྷྱཿ། ཨཔཱཾ། ཨཔྶུ། ཀུན་དུ་བོད་པ་ལ་ནི། ཧེ་ཨཱ་པཿ། ཀ་ཀུབྷྲའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། རྫོགས་པ་ལ་བྷ་ཡིག་ནི་པ་ཡིག་གམ་
བ་ཡིག་དག་ཏུའོ། །ཀ་ཀུཔ། ཀ་ཀུབ། ཀ་ཀུ་བྷཽ། ཀ་ཀུ་བྷཾཿ། ཀུ་ཀུ་བྷཾ། ཀ་ཀུ་བྷཽ། ཀ་ཀུ་བྷཿ། ཀ་ཀུ་བྷཱ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་བ་ཡིག་ཏུའོ། །ཀ་ཀུབྷྱཱཾ། ཀ་ཀུབྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། ཨ་ནུཥྚུ་པ་དང་ཏྲྀཥྚུ་པ་ལ་སོགས་པ་རྣམས་སོ། །གིར་གྱི་སྒྲ་
ལས་སི་ལ་སོགས་པ་ཕྱོགས། རྣམས་ནི། རྫོགས་པ་དང་གསལ་བྱེད་དག་ལ། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ་ཞེས་པས་ཨཱིར་དུ་འགྱུར་རོ། །གཱི། གི་རཽ། གི་རཿ། གི་རཾ། གི་རཽ། གི་རཿ། གི་རཱ། གིརྦྷྱཱཾ། གི་རྦྷིཿ། ཞེས་པ་ལ་སོགས་པ་སྟེ། བདུན་པའི་མང་ཚིག་ལ་རེ་ཕ་དང་ས་དག་གི་རྣམ་
པར་གཅད་བྱར་འགྱུར་བ་མ་ཡིན་ལ། རྣམ་དབྱེའི་གསལ་བྱེད་ལ་རེ་པའི་མི་འགྱུར་རོ་ཞེས་པའི་ཚིག་ལས་སུ་པའི་ཥ་ཉིད་དོ། །གཱིཪྵུ། ཀུན་དུ་བོད་པ་ལ་ནི། ཧེ་གཱིཿ། ཧེ་གི་རཽ། ཧེ་གི་རཱཿ།། །།དྷུར་གྱི་སྒྲ་ལ་སི་ལ་སོགས་པ་རྣམས་ཏེ། འདི་ལ་ནི་ཨཱུར་རུ་འགྱུར་བ་ཁྱད་པར་རོ། །དྷུཿ། དྷུ་རཽ།
དྷུ་རཿ། ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་པཱུར་རོ།། །།དྭཱ་ར་གྱི་སྒྲའི་ནི་དྭཿ། དྭཱ་རཽ། དྭཱ་རཿ། ཞེས་པ་ལ་སོགས་པའོ།། །།བཱར་གྱི་སྒྲ་ནི་ཁ་ཅིག་བུད་མེད་ཀྱི་རྟགས་སུ་འདོད་དེ། དེ་ལྟར་ཡང་འཆི་མེད་ཕྲེང་བར། ཀཾ་དང་བཱར་ནི་བུད་མེད་བརྗོད་པ་དག་སྟེ། ཨཱ་པ་ནི་མང་པོ་རྣམས་ལ་
བུད་མེད་དོ་ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། ཀཾ་ཞེས་པས་མ་ནིང་དང་། བཱར་ཞེས་པ་བུད་མེད་དང་། ཨཔྣི་མང་པོ་རྣམས་ལ་བུད་མེད་དོ་ཞེས་པའོ། །དེའི་ལུགས་ཀྱིས་བུད་མེད་ཀྱི་རྟགས་ཁོ་ནར་ཉེ་བར་བསྟན་ཏོ། །བཱཿ། བཱ་རཽ། བཱ་རཿ། གཞན་དག་ནི་བཱར་གྱི་སྒྲ་མ་ནིང་དུ་འདོད་དེ། དེ་
སྐད་དུ་ཡང་། འཆི་མེད་མཛོད་དུ། ཨཔཿསྟྲཱཿ། བྷཱུ་མིར། བཱ་ར། བཱ་རེ། ལི། ཀ་མ་ལཾ། ཛ་ལཾ་ཞེས་གསུངས་ཏེ། བཱ་རི་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག་སྤྱོད་པའི་ཕྱིར། བཱར་གྱི་སྒྲ་ལ་ཡང་མ་ནིང་ལས་སི་དང་ཨམ་དག་དབྱི་ཞིང་དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་པས་སི་དང་ཨམ་དག་དབྱིའོ། །
Vol. 196 · folio 71b
བཱཿ། ཨཽ་ཨཱིའོ་ཞེས་པས་ཨཽ་ནི་ཨཱི་རུ་ཐོབ་བོ། །བཱ་རཱི། ཁྱད་པར་གཞན་རྣམས་མཚུངས་པའོ། །བཱ་རཱ། བཱརྦྷྱཱཾ། བཱ་རྦྷིཿ། ཞེས་པ་ལ་སོགས་པའོ།། །།དིཝ྄འི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། དིཝའི་གསལ་བྱེད་ལ་ཨུཏ་དོ་ཞེས་པ་སྤྱིར་བཏང་ནས། སི་ལ་ཨཽའོ་ཞེས་པས་ཝ་ཡིག་
ཨཽ་རུ་འགྱུར་རོ། །དྻཽཿ། དི་ཝཽ། དི་ཝཿ། ཨ་མ་ལ་ཡང་ཨཱ་ནའོ་ཞེས་རྣམ་པར་བརྟག་པས་ཨ་ཡིག་གོ། །དྱཱཾ། དི་ཝཾ། དེ་ཝཽ། དི་ཝཿ། དི་ཝཱ། གསལ་བྱེད་ལ་ནི་དི་ཝའི་གསལ་བྱེད་ལ་ཨུཏའོ་ཞེས་བཤད་པར་བྱའོ། །དྱུབྷྱཱཾ། དྱུབྷིཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་དྱཽ།
ཧི་དི་ཝཽ། ཧི་དི་ཝཿ། ཞེས་པའོ། །དེ་སྟོན་པར་བྱེད་དོ་ཞེས་པ་དི་ཤ་ལས་རྀ་ཏྭི་ཤ་ལ་སོགས་པ་རྣམས་ཀྱི་ཀྭིཔ་སྟེ། དེ་ལས་སི་ལ་སོགས་པ་རྣམས་ནི་གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱི་ཞིང་། རྫོགས་པ་དང་གསལ་བྱེད་དག་ལ་དྲྀ་ཤ་ལ་སོགས་པ་ཉིད་ཀྱི་ཕྱིར་ག་ཉིད་དེ། རྫོགས་པ་ལ་ཡང་ནའོ་ཞེས་
པས་ཀ་ཡིག་གམ་ག་ཡིག་དག་གོ། །དིཀ །དིག །དི་ཤཽ། དི་ཤཿ། དི་ཤཾ། དི་ཤཽ། དི་ཤཿ། དི་ཤཱ། དིགྦྷྱཱཾ། དིགྦྷིཿ། ཞེས་པ་ལ་སོགས་པ་སྟེ། སུ་པ་ལ་ཥ་ཉིད་དུ་བྱས་པ་ན། སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་གོ། །དིཀྵུ། ཀུན་དུ་བོད་པ་ལ། ཧེ་དིཀ །ཧེ་དིག །ཧེ་དི་ཤཽ། ཧེ་དི་ཤཿ།
དེ་བཞིན་དུ། དྲྀ་ཤ་ལ་སོགས་པ་རྣམས་སོ།། །།པྲ་བྲྀཥའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། རྫོགས་པ་དང་གསལ་བྱེད་དག་ལ། ཧ་ཤ་དང་ཥ་དང་ཚ་མཐའ་དང་ཡ་ཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་པས་ཌ་ཡིག་སྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཊ་ཡིག་གམ་ཌ་ཡིག་དག་གོ། །པྲཱ་བྲྀཊ྄། པྲཱ་
བྲྀཌ྄། པྲཱ་བྲྀཥཽ། པྲཱ་བྲྀཥཿ། པྲཱ་བྲྀཥཾ། པྲཱ་བྲྀཥཽ། པྲཱ་བྲྀཥཿ། པྲཱ་བྲྀཥཱ། ཌ་ཉིད་དོ། །པྲཱ་བྲྀཌྦྷྱྰཾ། པྲཱ་བྲྀཌྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། བི་ཀྲུཥ། ཏྲྀཥ྄། རུས་ལ་སོགས་པ་རྣམས་སོ།། །།སུ་མ་ནས་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨནྟུ་དང་ཨས་མཐའི་ཡང་
བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོ་ཉིད་དོ། །ས་ཡིག་གི་རྣམ་པར་གཅད་བྱའོ། །སུ་མ་ནཱཿ། སུ་མ་ན་སཽ། སུ་མ་ན་སཿ། སུ་མ་ན་སཾཿ། སུ་མ་ན་སཽ། སུ་མ་ན་སཿ། སུ་མ་ན་སཱ། ས་ཡིག་གི་རྣམ་པར་གཅད་བྱ་སྟེ། ཨ་དང་སྒྲ་ལྡན་དག་གི་འང་ངོ་ཞེས་པས་ཨུ་ཉིད་དུ་འགྱུར་ཞིང་། ཨུའི་
Vol. 196 · folio 72a
ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ། །སུ་མ་ནོ་བྷྱཱཾ། སུ་མ་ནོ་བྷིཿ། སུ་མ་ན་སེ། སུ་མ་ནོ་བྷྱཱཾ། སུ་མ་ནོ་བྷྱཿ། སུ་མ་ན་སཿ། སུ་མ་ནོ་བྷྱཱཾ། སུ་མ་ནོ་བྷྱཿ། སུ་མ་ན་སཿ། སུ་མ་ན་སོཿ། སུ་མ་ན་སཱཾ། སུ་མ་ན་སི། སུ་མ་ན་སོཿ། སུ་པ་ལ་ནི་རྣམ་པར་གཅད་བྱ་
སྟེ། ཤཱའམ་ཥ་འམ་ས་ལ་ཡང་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པས་ཕ་རོལ་གྱི་གཟུགས་ཉིད་དུའོ། །སུ་མ་ནཿསུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་མ་ཡིན་པ་ལའོ་ཞེས་པ་སྤྱིར་བཏང་བ་ལས། ཨམ་ཏུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོ་ཉིད་དུ་འགྱུར་བ་མ་ཡིན་ནོ། །
ཧེ་སུ་མ་ནཿ། ཧེ་སུ་མ་ན་སཽ། ཧེ་སུ་མ་ན་སཿ། དེ་བཞིན་དུ་སུ་ཤྲོ་ཏས་དང་ཨཔྶ་རས་ཀྱི་སྒྲ་སྟེ། ཕལ་ཆེ་བས་མང་པོའི་ཚིག་གི་ཡུལ་ཅན་ཁོ་ནས་ཨཔྶ་རས་ཞེས་པའོ། །བྷཱས་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། བྷཱཿ། བྷཱ་སཽ། བྷཱ་སཿ། བྷཱ་སཾ། བྷཱ་སཽ། བྷཱ་སཿ། བྷཱ་སཱ། ས་ཡིག་གི་རྣམ་པར་གཅད་
བྱ་སྟེ། སྒྲ་ལྡན་ལ་དབྱིའོ་ཞེས་པས་རྣམ་པར་གཅད་བྱ་དབྱིའོ། །བྷཱ་བྷྱཱཾ། བྷཱ་བྷིཿ། ཞེས་པ་ལ་སོགས་པའོ། །སུ་པ་ལ་ས་ཡིག་རྣམ་པར་གཅད་བྱར་བྱས་པ་ན། ཤ་འམ་ཥ་འམ་ས་ལའང་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པས་ཕ་རོལ་གྱི་གཟུགས་ཉིད་དོ། །བྷཱ་སྶུ། བྷཱཿསུ། ཀུན་དུ་བོད་པ་ལ། ཧེ་
བྷཱཿ། ཧེ་བྷཱ་སཽ། ཧེ་བྷཱ་སཿ།། །།ཨཱང་ཤཱ་སུ་འདོད་པ་ལ་སྟེ། ང་ཡིག་ནི་པ་རི་ཨཔ། ཨཱང་སྦྱོར་བ་ལ་ལྔ་པའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། སྨོན་པར་བྱེད་པས་ན་ཨཱ་ཤི་སྟེ། སཾ་པད་ལ་སོགས་པ་ཉིད་ཀྱི་ཕྱིར་ཀྭིཔ་འགྱུར་ཞིང་ཤཱ་སི་ཨི་ཏ་ཨུ་པ་དྷཱི་ཨན་དང་གསལ་བྱེད་དག་ལའོ་ཞེས་པས་
འདིར་ཨཱང་ཤཱ་སུ་འདོད་པ་ལའོ་ཞེས་པ་འདིའི་ཡང་ཨི་ཉིད་ཏེ། ཤཱ་སི་བ་སི་གྷ་སཱི་རྣམས་ཀྱིའང་ངོ་ཞེས་པས་ཥ་ཉིད་དོ། །དེ་ལས་སི་ལ་སོགས་པ་རྣམས་ནི། རྫོགས་པ་དང་གསལ་བྱེད་དག་ལ། ས་ཛུཥ་དང་ཨཱ་ཤིས་དག་གི་རའོ་ཞེས་པས་ར་ཉིད་དུ་བྱས་པ་ན། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ་ཞེས་
པས་ཨཱིརདུ་བསྒྱུར་ཞིང་། རེ་ཕ་ནི་རྣམ་པར་གཅད་བྱའོ། །ཨཱ་ཤཱི། ཨ་ཤཱི་ཤཽ། ཨཱ་ཤིཥཿ། ཨཱ་ཤི་ཥཾ། ཨཱ་ཤི་ཤཽ། ཨཱ་ཤི་ཥཱཿ། ཨཱ་ཤི་ཥཱ། ཨཱ་ཤཱིརྦྷྱཱཾ། ཨཱ་ཤཱི་རྦྷིཿ། ཨཱ་ཤི་ཥེ། ཨཱ་ཤིརྦྷྱཱཾཿ། ཨཱ་ཤིརྦྷྱཿ། ཨཱ་ཤི་ཥཿ། ཨཱཤིརྦྷཱཾཿ། ཨཱ་ཤིརྦྷྱཱཿ། ཨཱ་ཤི་ཥཿ། ཨཱ་ཤི་ཥོཿ། ཨཱ་ཤིཥྛཾ། ཨཱ་
Vol. 196 · folio 72b
ཤིཥི། ཨཱ་ཤི་ཥོཿ། རྣམ་པར་དབྱེ་བའི་གསལ་བྱེད་ལ་རེ་ཕའི་མི་འགྱུར་རོ་ཞེས་གང་བརྗོད་པ་དེ་ནི་འཁྲུལ་པའི་དོན་ཅན་དུ་འགྱུར་བའོ་ཞེས་ཀྱང་བརྗོད་པར་བྱ་སྟེ། དེས་ན་རེ་ཕའི་རྣམ་པར་གཅད་བྱ་དང་སུ་པའི་ཥ་ཉིད་དུ་འགྱུར་ལ། ཤའམ་ཥ་འམ་ས་ལ་ཡང་ན་ཕ་རོལ་གྱི་གཟུགས་ཉིད་དོ། །ཨཱ་ཤཱིཥྵུ། ཨཱ།
ཤཱིཿཥུ། ཀུན་དུ་བོད་པ་ལ། ཧེ་ཨཱ་ཤཱིཿ། ཧེ་ཨཱ་ཤི་ཥཽ། ཧེ་ཨཱ་ཤིཥཿ། ཨུཏ་སྔ་མ་ཅན་གྱི་སྣི་ཧ་ལས། རྀ་ཏྭྀག་ལ་སོགས་པ་རྣམས་ཀྱི་ཀྭིཔ་སྟེ། ཨུཏ་ཀྱི་ཏ་དབྱི་བ་དང་ཥ་ཉིད་དོ། །དེ་ལས་སི་ལ་སོགས་པ་རྣམས་ནི། དྲྀ་ཤ་ལ་སོགས་པ་ཉིད་ཀྱི་ཕྱིར་གཉིད་དེ། རྫོགས་པ་དང་ཀ་ཡིག་གམ་ག་ཡིག་
དག་དང་། ཎ་ཉིད་དོ། །ཨཥྵི་ཀ ། ཨུཥྞིག །ཨུཥྞི་ཧཽ། ཨུཥྞིཧཿ། ཨུཥྞིཧཾ། ཨུཥྞི་ཧཽ། ཨུཥྞི་ཧཿ། ཨུཥྞི་ཧཱ། ཨུཥྞི་བྷྱྰཾ། ཨུཥྞི་བྷིཿ། ཞེས་པ་ལ་སོགས་པ་སྟེ། བདུན་པའི་མང་པོའི་ཚིག་ལ་གཉིད་དུ་བྱས་པ་ན་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་གོ། །ཨུཥྞི་ཀྵུ། ཀུན་དུ་བོད་པ་ལ།
ཧེ་ཨུཥྞིཀ ། ཧེ་ཨུཥྞིག །ཧེ་ཨུཥྞི་ཧཽ། ཧེ་ཨུཥྞི་ཧཿ། ཨུཔ་སྔ་མ་ཅན་གྱི་ན་ཧི་ལས་ཀྭིཔ་སྟེ། ན་ཧི་བྲྀ་ཏི་བྲྀ་ཞེས་པ་ལ་སོགས་པས་ཨུ་པའི་ཚིག་རིང་པོ་དང་། ཨཔ་རྣམས་ཀྱི་བྷ་ལ་དའོ་ཞེས་པ་སྤྱིར་བཏང་ནས་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་དང་ན་ཧི་ཞེས་པ་ལ་སོགས་པས་ཧ་
ཡིག་ནི་ད་ཡིག་སྟེ། རྫོགས་པ་ལ་ཡང་ན་ཏ་ཡིག་གམ་ད་ཡིག་གོ། །ཨུ་པཱ་ནཏ། ཨུ་པཱ་ན་ད། ཨུ་པཱ་ན་ཧཽ། ཨུ་པཱ་ན་ཧཿ། ཨུ་པཱ་ན་ཧཾ། ཨུ་པཱ་ན་ཧཽ། ཨུ་པཱ་ན་ཧཿ། ཨུ་པཱ་ན་ཧཱ། ཧ་ཡིག་ནི་ད་ཡིག་ཏུའོ། །ཨུ་པཱ་ནདྦྷྱཱཾ། ཨུ་པཱ་ནདྦྷིཿ། ཞས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ཀྱི་
རྟགས་ཅན་གཞན་རྣམས་ལ་ཡང་བརྟག་པར་བྱའོ་ཞེས་པ་བུད་མེད་ཀྱི་རྟགས་ཅན་རྣམས་རྫོགས་སོ།། །།ད་ནི་ཐུན་མོང་བརྗོད་པར་བྱེད་པའི་རྟགས་རྣམས་བཤད་པར་བྱ་སྟེ། ཤུཀླ་དང་། ཀཱི་ལཱ་ལ་པཱ་དང་། ཤུ་ཙི་དང་། གྲཱ་མ་ཎི་དང་། སུ་དྷཱི་དང་། པ་ཊུ་དང་། ཀ་མ་ལཱུ་དང་། ཀརྟྲྀ་སུ་མཱ་ཏྲྀ་དང་།
བ་ཧུ་རཻ་དང་། སུ་ནཽ་སྟེ་རྟགས་གསུམ་བསྟན་པའི་སྒྲ་རྣམས་སུ་བརྗོད་དོ། །ད་ལ་ཤུཀླའི་སྒྲ་ནི་སྐྱེས་པ་ལ་དི་ཝའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །ཤུཀླཿ། ཤུཀླཽ། ཤུཀླཱཿ། བུད་མེད་ལ་ནི། བུད་མེད་ལ་ཨ་ལས་ཨཱའོ་ཞེས་པས་ཨཱའི་རྐྱེན་ནོ། །ཤུཀླཱ། ཤུཀླེ། ཤུཀླཱཿཞེས་པའོ། །མ་ནིང་ལ་ནི། ཤུཀླཾ།
Vol. 196 · folio 73a
ཤུཀླེ། ཤུཀླ་ནི་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་པུ་ཏྲ་དང་ཨ་ཏྲ་ལ་སོགས་པ་རྣམས་སོ།། །།འཐུང་བར་བྱེད་དོ་ཞེས་པས་ཀཱི་ལཱ་ལ་པཱ་སྟེ། ཨཏ་ལས་མན་ཀོ་ནིཔ་ཞེས་པ་ལ་སོགས་པས་བཙིའི་རྐྱེན་དུ་འགྱུར་ལ། དེའི་ཐམས་ཅད་མ་ལུས་པར་དབྱི་ཞིང་། ཉེ་བའི་
ཚིག་དང་ཚིག་སྡུད་དེ། རྟགས་ཀྱི་མིང་ཅན་ལས་སྐྱེས་པ་ལ་ནི་སིའི་རྣམ་པར་གཅད་བྱའོ། །ཀཱི་ལཱ་ལ་པཱཿ། ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་ཨཽ་རུ་འགྱུར་ཞིང་ཕ་རོལ་དབྱི་བའང་ཐོབ་བོ། །ཀཱི་ལཱ་ལ་པཽ། རིང་པོ་ལས་ཕ་རོལ་དབྱི་བའོ། །ཀཱི་ལཱ་ལ་པཱཿ། ཀཱི་ལཱ་ལ་པཾ། ཀཱི་ལཱ་ལ་པཽ། གྷུཊ་མ་ཡིན་པའི་
དབྱངས་ལ། བྱིངས་མ་ཡིན་པ་དང་། གྷུཊ་མ་ཡིན་པའི་དབྱངས་ལ་ཞེས་པས་ཨ་ཡིག་དབྱིའོ། །ཀཱི་ལཱ་ལ་པཱཿ། ཀཱི་ལཱ་ལ་པཱ། ཀཱི་ལཱ་ལ་པཱ་བྷྱཱཾ། ཀཱི་ལཱ་ལ་པཱ་བྷིཿ། ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་བུད་མེད་ལའང་ངོ་། །མ་ནིང་ལ་ནི། དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུ་ཉིད་དོ། །
ཀཱི་ལཱ་མ་པཾ། ཀཱི་ལཱ་ལ་པེ། ཀཱི་ལཱ་ལ་པཱ་ནི། དེ་བཞིན་དུ་སོ་མ་པཱ་དང་པ་ཏྲ་པཱ་ལ་སོགས་པའོ།། །།ཤུ་ཙིའི་སྒྲ་ནི། སྐྱེས་པ་ལ་ཨགྣིའི་སྒྲ་དང་འདྲ་བའོ། །ཤུ་ཙིཿ། ཤུ་ཙཱི། ཤུ་ཙ་ཡཿ། ཞེས་པ་ལ་སོགས་པ་རྣམས་སོ། །བུད་མེད་ལ་ནི་བུད་མེད་བརྗོད་པ་ཨི་ཡ་ཨུ་ཝ་དག་ཨམ་ལ་ཡང་
ནའོ་ཞེས་པ་འདིར་བརྗོད་པ་སྨོས་པས་འཇུག་པ་ལ་ཐུང་ངུ་ཡང་ང་ལྡན་ལའོ། །ཆོས་གཞི། ཞེས་པའི་ཡང་ན་ན་དཱི་དང་འདྲ་བར་འགྱུར་བ་མེད་དོ་ཞེས་པ་སྟེ། བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེས་ན་ཨགྣིའི་སྒྲ་དང་འདྲ་བར་བྱ་ཞིང་། འདི་ནི་ཁྱད་པར་ཏེ། ཤས་ཀྱི་ཨ་ཡིག་སྟེ་
ས་ཡང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པའི་ས་ཡིག་ན་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཤུ་ཙཱིཿ། དེ་བཞིན་དུ། ཊ་ནའོ་ཞེས་པས་ན་རུ་མི་འགྱུར་བའོ། །ཤུ་ཙྱཱ། ཁ་ཅིག་བྱེད་པ་ལ་ནི་ཤུ་ཙིའི་སྒྲ་འདི་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་འཇུག་ཅིང་། གང་གི་ཚེ་བུད་མེད་དང་འདྲ་བར་འགྱུར་བ་དེའི་ཚེ་སྐྱེས་པ་དང་མ་ནིང་
དག་ལ་འཇུག་པ་རྣམ་པར་གཅོད་ལ། བུད་མེད་ལ་རང་ཉིད་ཀྱིས་གཅོད་པ་ཉིད་ཀྱི་ཕྱིར་ཏེ། དེས་ན། ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་པའི་ཡང་ན་ན་དཱི་དང་འདྲ་བའི་དངོས་པོར་འགྱུར་བ་ཁོ་ནའོ། །ཤུ་ཙཱི། ཤུ་ཙ་ཡཿ། ཞེས་པ་ལ་སོགས་པའོ། །མ་ནིང་ལ། ནི་བཱ་རིའི་སྒྲ་དང་འདྲའོ། །ཤུ་ཙི། ཤུ་ཙི་ནཱི།
Vol. 196 · folio 73b
ཤུ་ཙཱི་ནི། ཊ་ལ་སོགས་པའི་དབྱངས་ལ། སྐྱེས་པར་བཤད་པ་ཅན་ནི་སྐྱེས་པར་བཤད་པ་བཞིན་ཡང་ནའོ་ཞེས་པས་སྐྱེས་པ་དང་འདྲ་བར་འགྱུར་བའི་ཕྱིར་སྐྱེས་པའི་རྟགས་ཀྱི་བྱ་བ་སྟེ། ནུ་ཨཱ་ག་མ་མི་འགྱུར་ཞིང་། ཐུང་ངུ་ཡང་འགྱུར་བ་མ་ཡིན་ལ། ཕྱོགས་གཅིག་ལ་འགྱུར་ཞིང་། གསུམ་པའི་གཅིག་གི་ཚིག་
ལ་ནུ་ཨ་ག་མ་ཕྱོགས་གཅིག་ལ་མེད་པ་ཁྱད་པར་རོ། །ཤུ་ཙི་ནཱ་ཀུ་ལེ་ན། ཤུ་ཙི་བྷྱཱཾ། ཤུ་ཙི་བྷིཿ། ཤུ་ཙི་ནི་ཀུ་ལཱ་ཡ། ཤུ་ཙི་བྷྱཱཾ། ཤུ་ཙི་བྷྱཿ། ཤུ་ཙི་ནཿ། ཀུ་ལཱ་ཏ། ཤུ་ཙིབྷྱཱ། ཤུ་ཙི་བྷྱཿ། ཤུ་ཙི་ནཿ། ཀུ་ལ་སྱཿ། ཤུ་ཙི་ནོཿ། ཀུ་ལ་ཡོཿ། ཤུ་ཙྱཽཿ། ཀུ་ལ་ཡོ་ཤུ་ཙི་ནཱཾ་ཀུ་ལཱ་ནཱཾ། ཤུ་ཙི་ནི་ཀུ་
ལཽ། ཤུ་ཙཽ་ཀུ་ལེ། ཤུ་ཙི་ནོཿ། ཀུ་ལི་ཡོཿ། ཤུ་ཙྱོཿ། ཀུ་ལ་ཡོཿ། ཤུ་ཙི་ཥུ། ཀུ་ལེ་ཥུ། ཀུན་དུ་བོད་པ་ལ་ནི། ཧེ་ཤུ་ཙི། ཧེ་ཤུ་ཙི་ནཱི། ཧེ་ཤུ་ཙི་ནི། དེ་བཞིན་དུ་སི་ཏི། སུ་བུད་དྷི། དིར་གྷཱ་ཧུ་ཏི་ཞེས་པ་ལ་སོགས་པའོ།། །།གྲཱ་ན་ཡ་ཏི་ཞེས་པ་ལས། སད་སུ་དྭཱིཥ་ཞེས་པ་ལ་སོགས་པས་ཀྭིཔ་
འགྱུར་ཞིང་། ཉེ་བའི་ཚིག་དང་ཚིག་སྡུད་དེ། ར་དང་ཥ་དང་རྀའི་ཡི་གེ་ཞེས་པ་ལ་སོགས་ཕ་དང་། ཡང་གི་སྒྲའི་སྟོབས་ལས་ཎ་ཉིད་དུ་འགྱུར་ལ། ཚིག་ཐ་དད་པ་ལ་ཡང་རྟགས་ཀྱི་མིང་ཅན་ཏེ་སི་ལ་སོགས་པ་རྣམས་སོ། །གྲྭ་མ་ཎི། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཡ་ཉིད་དོ། །གྲཱ་
མ་ཎྱཽ། གྲཱ་མ་ཎྱཿ། གྲཱ་མ་ཎྱཾ། གྲཱ་མ་ཎྱཽ། གྲཱ་མ་ཎྱཿ། གྲཱ་མ་ཎྱ། གྲཱ་མ་ཎཱི་བྷྱཱཾ། གྲཱ་མ་ཎཱི་བྷིཿ། གྲཱ་མ་ཎྱེ། གྲཱ་མ་ཎཱི་བྷྱཱཾ། གྲཱ་མ་ཎཱི་བྷྱཿ། གྲཱ་མ་ཎྱཿ། གྲཱ་མ་ཎཱི་བྷྱཱཾ། གྲཱ་མ་ཎཱི་བྷྱཿ། གྲཱ་མ་ཎྱཿ། གྲཱ་མ་ཎྱཽཿ། གྲཱ་མ་ཎཱི་ནཱཾ། ནི་ལས་ངི་ཨཱམ་མོ། །གྲཱ་མ་ཎྱཾ། གྲཱ་མ་ཎྱོཿ། གྲཱ་མ་ཎཱི་ཥུ། ཀུན་དུ་བོད་པ་
ལ་ནི། ཧེ་གྲཱ་མ་ཎཱིཿ། ཧེ་གྲཱ་མ་ཎྱཽ། ཧེ་གྲཱ་མ་ཎྱཿ། དེ་བཞིན་དུ་བུད་མེད་ལའང་ངོ་། །ཨཱིཏ་ཨཱུཏ་བུད་མེད་བརྗོད་པ་ན་དཱིའོ་ཞེས་ན་དཱིའི་མིང་ཅན་དུ་ནི་མི་འགྱུར་ཏེ། བུད་མེད་བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །མ་ནིང་ལ་ནི་དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུ་ཉིད་དེ། མ་ནིང་ལས་སི་ཨམ་
དག་དབྱི་ཞིང་དེ་ལ་བརྗོད་པ་ཡང་མ་ཡིན་ནོ་ཞེས་པས་སི་ཨམ་དག་དབྱིའོ། །གྲཱ་མ་ཎི་ཀུ་ལཾ། ཨཽ་ཨཱི་སྟེ། ནཱ་མིན་དབྱངས་ལའོ་ཞེས་པས་ནུ་ཨཱ་ག་མའོ། །གྲཱ་མ་ཎི་ནཱི། སླར་ཡང་། གྲཱ་མ་ཎི། གྲཱ་མ་ཎཱི་ནི། གྲཱ་མ་ཎཱི་ནི། ཊཱ་ལ་སོགས་པའི་དབྱངས་ལ་སྐྱེས་པ་དང་འདྲ་བའི་དངོས་པོ་སྟེ། དེས་ན་ཐུང་ངུར་མི་འགྱུར་རོ། །
Vol. 196 · folio 74a
གྲཱ་མཎྱཱ། གང་གི་སྐྱེས་པ་དང་འདྲ་བར་མི་འགྱུར་བ་དེའི་ཚེ་ཐུང་ངུ་དང་ནུ་ཨཱ་ག་མ་འང་ངོ་། །གྲཱ་མ་ཎི་ནཱ། གྲཱ་མ་ཎི་བྷྱཱཾ། གྲཱ་མ་ཎི་བྷིཿ། སྐྱེས་པ་དང་འདྲ་བའི་ཕྱོགས་ལ་ཐུང་ངུ་དང་ནུ་ཨཱ་ག་མ་མི་འགྱུར་ཏེ། དེས་ན་ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཡ་ཉིད་དོ། །གྲཱ་
མ་ཎྱེ། གང་གི་ཚེ་མ་ནིང་ཡིན་པ་དེའི་ཚེ། གྲཱ་མ་ཎི་ནི། གྲཱ་མ་ཎི་བྷྱཱཾ། གྲཱ་མ་ཎི་བྷྱཿ། གྲཱ་མ་ཎི་ནཿ། གྲཱ་མ་ཎྱཿ། གྲཱ་མ་ཎི་བྷྱཱཾ། གྲཱ་མ་ཎི་བྷྱཿ། གྲཱ་མ་ཎི་ནཿ། གྲ་མ་ཎྱཿ། གྲ་མ་ཎ་ནོཿ། གྲཱ་མ་ཎྱོ། སྐྱེས་པ་དང་འདྲ་བར་འགྱུར་བའི་ཕྱོགས་ལ། གྲཱ་མ་ཎྱཱཾ། གང་གི་ཚེ་སྐྱེས་པ་དང་འདྲ་བར་འགྱུར་
བ་མེད་པ་དེའི་ཚེ་ཐུང་ངུ་དང་ནུ་ཨཱ་ག་མའང་སྟེ། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །གྲ་མ་ཎི་ནཱ། སྐྱེས་པ་དང་འདྲ་བར་འགྱུར་པའི་ཕྱོགས་ལ། ནི་ལས་ངི་ཨཱ་མ་མོ་ཞེས་པས་ཨཱམ་མོ། །གྲཱ་མ་ཎྱཱཾ། ཐུང་ངུར་བྱས་པ་ན་ཡུལ་གཅིག་ལ་རྣམ་པར་འགྱུར་བ་ནི་གཞན་མ་ཡིན་པ་
དང་འདྲ་བར་འགྱུར་རོ་ཞེས་པ་ཨཱམ་དུ་ཐོབ་ཅིང་། ཨཱ་ག་མ་དང་བསྒྱུར་བ་དག་ནི་ཨཱ་ག་མའི་ཆོ་ག་སྟོབས་དང་ལྡན་པའོ་ཞེས་པས། ཨཱ་ག་མར་བྱས་པ་ན་སླར་ཡང་འགྱུར་ཏེ་ལན་ཅིག་གྱུར་པའི་དགག་པ་གང་གིས་བཀག་པ་དེ་ཉིད་དོ་ཞེས་པའི་རིགས་པ་ལས་སོ། །གྲཱ་མ་ཎི་ནི། གྲཱ་མ་ཎྱོཿ། གྲཱ་མ་ཎི་ནོཿ། གྲ་མ་ཎི་
ཥུ། ཀུན་དུ་བོད་པ་ལ་ནི་བཱ་རིའི་སྒྲ་དང་འདྲ་བའོ། །ཧེ་གྲཱ་མ་ཎི། ཧེ་གྲཱ་མ་ཎེ། ཧེ་གྲཱ་མ་ཎཱི། ཧེ་གྲཱ་མ་ཎཱི་ནི། དེ་བཞིན་དུ། ཨུ་གྲ་ཎཱི་ལ་སོགས་པ་རྣམས་ཏེ་སྔ་མ་བཞིན་དུ་བརྟག་པར་བྱའོ། །སུ་དྷཱིའི་སྒྲ་ནི་འདིའི་བློ་བཟང་པོ་ཡིན་པ་ཞེས་པ་འབྲུ་མང་པོ་པའོ། །སུདྷཱིཿ། ཡི་གེ་གཅིག་མིན་པ་དག་ནི་
བརྩེགས་པ་མ་ཡིན་པ་ལས་ཡ་བ་དག་གོ་ཞེས་པས་ཡ་ཉིད་དུ་འཐོབ་པ་ལ། སུ་དྷཱིའོ་ཞེས་པས་སུ་དྷཱིའི་སྒྲའི་ནི་ཨི་ཡ་ཉིད་དུ་འཐོབ་བོ། སུ་དྷི་ཡཽ། སུ་དྷི་ཡཿ། སུ་དྷི་ཡཾ། སུ་དྷི་ཡཽ། སུ་དྷི་ཡཿ། སུ་དྷི་ཡཱ། སུ་དྷཱི་བྷྱཱཾ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ལའང་སྟེ། བུད་མེད་བརྗོད་པ་
ཨི་ཡ་ཨུ་ཝ་དག་ཨམ་ལ་ཡང་ནའོ་ཞེས་པ་དང་ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་པས་ན་དཱི་དང་འདྲ་བར་འགྱུར་བ་མེད་དེ། བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །མ་ནིང་ལ་ནི། དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུའོ། །སུ་དྷི། ཨཱ་ག་མ་དང་བསྒྱུར་བ་དག་ནི་ཨཱ་ག་མའི་ཆོ་ག་སྟོབས་དང་
Vol. 196 · folio 74b
ལྡན་པའོ་ཞེས་པས་ནུ་ཨཱ་ག་མ་སྟེ། དེས་ན་ཡ་ཉིད་དུ་བསྒྱུར་བ་མེད་དོ། །སུ་དྷི་ནཱི། སུ་དྷཱི་ནི། ཊཱ་ལ་སོགས་པའི་དབྱངས་ལ་སྐྱེས་པ་དང་འདྲ་བར་འགྱུར་པའི་ཕྱོགས་ལ་ནི་ཐུང་ངུ་དང་ནུ་ཨཱ་ག་མ་དག་མི་འགྱུར་རོ། །སུ་དྷི་ཡཱ་ཀུ་ལེ་ན། སུ་དྷི་ནཱ་ཀུ་ལེ་ན། སུ་དྷཱི་བྷྱཱཾ། སུ་དྷཱི་བྷིཿ། སུ་དྷི་ཡཻ་ཀུ་ཝཱ་ཡ།
སུ་དྷི་ནེ་ཀུ་ལཱ་ཡེ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཡ་བ་ཀྲཱི། བྱཀྟ་ཧྲཱི་ལ་སོགས་པ་སྟེ། འདི་རྣམས་ལ་སྦྱོར་བ་ཕྱི་མ་ཉིད་ཀྱི་ཕྱིར་ཡ་ཉིད་མེད་དོ་ཞེས་པ་དེས་ན་དབྱངས་དང་པོ་ཅན་ལ་ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་ཏུ་འགྱུར་རོ།། །།པ་ཊུའི་སྒྲ་ནི་སྐྱེས་པ་ལ་ཨཾ་ཤུའི་སྒྲ་དང་འདྲ་བ་སྟེ།
པ་ཊུཿ། པ་ཊཱུ། པ་ཊ་བཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་ཡང་ཡོན་ཏན་རྗོད་པར་བྱེད་པ་ལས་བརྩེགས་པ་མ་ཡིན་པའི་ཨུ་པ་དྷཱ་ཉིད་ཅེས་པའི་ཕྱོགས་ལ་ཨཱིའི་རྐྱེན་དང་ཨུའི་ཡི་གེ་ལ་ཝའོ་ཞེས་པས་ཝ་ཉིད་དུ་འགྱུར་ཞིང་ན་དཱིའི་སྒྲ་དང་འདྲ་བར་དྲང་བར་བྱ་སྟེ། པ་ཊྭཱི། པ་ཊྱཽ། པ་ཊྱཿ། ཞེས་པའོ། །
གང་གི་ཚེ་ཨཱིའི་རྐྱེན་མེད་པ་དེའི་ཚེ་ཤུ་ཙིའི་སྒྲ་དང་འདྲ་བའི་མཚན་ཉིད་ཅན་ཏེ། པ་ཊུཿ། པ་ཊཱུཿ། པ་ཊ་པཿ། ཞེས་པ་ལ་སོགས་པའོ། །ཁ་རུ་ཡང་དག་པར་སྦྱོར་བ་ལ་ཨུ་པ་དྷཱི་མི་འགྱུར་ཞིང་ཁ་རུ་བུད་མེད་ལ་ནི་ཨུའི་ཡི་གེའོ་ཞེས་པའོ། །མ་ནིང་ལ་ནི་བསྟུའི་སྒྲ་དང་འདྲ་བ་སྟེ། པ་ཊུ། པ་ཊུ་ནཱི།
པ་ཊཱུ་ནི། ཞེས་པ་ལ་སོགས་པ་དང་། ཊྭ་ལ་སོགས་པའི་དབྱངས་ལ་ཤུ་ཙིའི་སྒྲ་དང་འདྲ་ཞིང་། ཕྱོགས་གཅིག་ལ་སྐྱེས་པ་དང་འདྲ་བར་འགྱུར་ལ། གསུམ་པ་ལ་འདི་ནི་ཁྱད་པར་ཏེ། པ་ཊུ་ནཱ། པ་ཊུ་བྷྱཱཾ། པ་ཊུ་བྷིཿ། པ་ཊ་བེ་ཀུ་ལཱ་ཡ། པ་ཊུ་ནེ་ཀུ་ལཱ་ཡ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ།
གུ་རུ། ལ་གྷུ། མ་དུ། ཙཱ་ནུ། ཏཱ་ནུ། ཞེས་པ་ལ་སོགས་པ་རྣམས་སོ།། །།ཀ་མ་ལཾ་ལུ་ནཱ་ཏི་ཞེས་པ་ལ། ཀྭིཔ་འང་ངོ་ཞེས་པས་ཀྭིཔ་སྟེ། སྐྱེས་པ་ལ། ཀ་མ་ལ་ལཱུཿའོ། །དབྱངས་ལ་ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་ཏེ། ཀ་མ་ལ་ལཽ། ཀ་མ་ལ་ལྭཿ། ཀ་མ་ལ་ལྭཾ།
ཀ་མ་ལ་ལྭཽ། ཀ་མ་ལ་ལྭཿ། ཀ་མ་ལ་ལྭཱ། ཀ་མ་ལ་ལཱུ་བྷྱཱཾ། ཀ་མ་ལ་ལཱུ་བྷིཿ། ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ་བུད་མེད་ལ་ཡང་ངོ་། །ཨཱིཏ་ཨཱུཏ་བུད་མེད་བརྗོད་པ་ནི་དཱིའི་ཞེས་པས་ན་དཱིའི་མིང་ཅན་དུ་མི་འགྱུར་ཏེ། བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་རྟོགས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མ་
Vol. 196 · folio 75a
ནིང་ལ་ནི། དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུ་སྟེ། ཀ་མ་ལ་ལུ། ཀ་མ་ལ་ལུ་ནཱི། ཀ་མ་ལ་ལུ་ནི་དང་། སླར་ཡང་། ཀ་མ་ལུ། ཀ་མ་ལ་ལུ་ནཱི། ཀ་མ་ལ་ལཱུ་ནིའོ། །ཊཱ་ལ་སོགས་པའི་དབྱངས་ལ་གྲཱ་མ་ཎིའི་སྒྲ་དང་འདྲ་བར་འགྱུར་ལ། བུད་མེད་བརྗོད་པའི་
ཨི་ཡ་ཨུ་ཝ་དག་ཨམ་ལ་ཡང་ནའོ་ཞེས་པ་དང་། ཐུང་ངུའི་ཡང་ང་ལྡན་ལའོ་ཞེས་པས་ན་དཱི་དང་འདྲ་བར་འགྱུར་བ་མེད་དེ། རྟག་ཏུ་བུད་མེད་ཀྱི་ཡུལ་ཅན་ཉིད་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ་ཞེས་པ་ཁྱད་པར་རོ། །སྐྱེས་པ་དང་འདྲ་བར་འགྱུར་ཏེ་ཕྱོགས་གཅིག་ལ་ནི། ཀ་མ་ལ་ལྭ། ཀ་མ་ལ་ལུ་ནཱ། ཀ་མ་
ལཱུ་བྷྱཱཾ། ཀ་མ་ལཱུ་བྷིཿ། ཀ་མ་ལ་ལྭེ། ཀ་མ་ལ་ལུ་ནེ། ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ། ཤི་ཁ་ར་ལཱུ། སྭ་ལཱུ། ཁ་ལ་ལཱུ། ཤ་ཏ་ལཱུ། སརྦ་ལཱུ་ཞེས་པ་ལ་སོགས་པ་རྣམས་སོ།། །།ཀ་ཊ་པྲཱུ་ཞེས་པ་འདིར་ཀི་ཊཾ་པྲ་བ་ཏ་ཞེས་པ་ལ། ཀྭི་པྲཙྪི་ཞེས་པ་ལ་སོགས་པ་ཀྭིཔ་སྟེ།
རིང་པོ་དང་སྦྱོར་བ་ཕྱི་མ་ཉིད་ཀྱི་ཕྱིར་ཝ་ཉིད་མེད་དོ། །དེས་ན་ཨཱུཏ་དུ་འགྱུར་རོ་ཞེས་པ་ཁྱད་པར་ཏེ། ཀ་ཊ་པྲཱུཿ། ཀ་ཊ་པྲཱུ་ཝཽ། ཀ་ཊ་པྲུ་ཝཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་འགྱུར་ལ། བུད་མེད་ལ་ཡང་མ་ནིང་ལ་ཐུང་ངུ་སྟེ། ཀ་ཊ་པྲུ། ཀ་ཊ་པྲུ་ཎཱི། ཀ་ཊ་པྲུ་ཎི་དང་། སླར་ཡང་། ཀ་
ཊ་པྲུ། ཀ་ཊ་པྲུ་ཎཱི། ཀ་ཊ་པྲུ་ཎིའོ། །ཊཱ་ལ་སོགས་པའི་དབྱངས་ལ་ཡང་ན་སྐྱེས་པ་དང་འདྲ་བར་འགྱུར་ཏེ། ཀ་ཊ་པྲུ་ཝཱ། ཀ་ཊ་པྲུ་ཎཱ། ཀ་ཊ་པྲཱུ་བྷྱཱཾ། ཀ་ཊ་པྲཱུ་བྷིཿ། ཀ་ཊ་པྲཱུ་ཝེཿ། ཀ་ཊ་པྲུ་ཎེ། ཀ་ཊ་པྲཱུ་བྷྱཱཾ། ཀ་ཊ་པྲུ་བྷྱཿ། ཞེས་པ་ལ་སོགས་པའོ།། །།ཀིརྟྲའི་སྒྲ་ནི། ཀ་རོ་ཏི་ཀས་ཏྲི་ནའམ་ཏྲྀ་ཙའི་རྐྱེན་
དང་། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ཨར་ཏེ། ཕ་རོལ་ཏུ་འགྲོ་ཞིང་། རྟགས་ཀྱི་མིང་ཅན་ལས། སི་ལ་ཨཱ་སྟེ་སེ་དབྱི་བའང་ངོ་ཞེས་པས་ཨ་ཡིག་དང་སི་དབྱི་བ་སྟེ། ཀརྟཱ་དང་། བྱིངས་ལ་ཏྲྀ་སྒྲའི་ཨཱར་རོ་ཞེས་པ་སྟེ། ཀརྟཱ་རཽ། ཀརྟཱ་རཿ། །ཀ་རྟཱ་རཾ། ཀརྟཱ་རཽ་དང་། ཤས་ལ་
ཨགྣི་བཞིན་ནོ་ཞེས་པས་ཨགྣི་དང་འདྲ་བར་འགྱུར་ཏེ། ཤས་ཀྱི་ཨ་ཡིག་ཅེས་པ་ལ་སོགས་པས་ཤས་ཀྱི་ཨ་ཡིག་རྀ་ཡིག་ཏུ་ཐོབ་ཅིང་། ས་ཡང་ན་ཉིད་དུ་འགྱུར་ལ་མཚུངས་པ་ལས་རིང་པོ་ཉིད་དང་ཕ་རོལ་དབྱི་བའང་སྟེ། ཀརྟྲཱྀནྲ་དང་། ཊཱ་ལ་སོགས་པ་ལ་ནི་པི་ཏྲྀའི་སྒྲ་དང་འདྲ་སྟེ། ཀརྟྲཱྀ། ཀརྟྲཾ་བྷྱཱཾ།
Vol. 196 · folio 75b
ཀརྟྲྀ་བྷེཿ། ཀརྟྲེ། ཀརྟྲྀ་བྷྱཱཾ། ཀརྟྲྀ་བྷྱཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་ནད་ལ་སོགས་པའི་མདོས་ཨཱིའི་རྐྱེན་དང་། ཝ་ཉིད་དུ་འགྱུར་ཞིང་ན་དཱིའི་སྒྲ་དང་འདྲ་བར་དྲང་བར་བྱ་སྟེ། །ཀརྟྲི། ཀརྟྱཽ། ཀརྟྱེ། ཞེས་པ་ལ་སོགས་པའོ། །མ་ནིང་ལ། ཀརྟྲྀ། ཀརྟྲྀ་ཎཱི། གྷུཊ་ལ་ཡང་
སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། ཀརྟྲྀ་ཎ། སླར་ཡང་། ཀརྟྲྀ། ཀརྟྲྀ་ཎཱི། ཀ་རྟྲྀ་ཎི། ཊཱ་ལ་སོགས་པའི་དབྱངས་ལ་ཡང་ན་སྐྱེས་པ་དང་འདྲ་བར་འགྱུར་ཏེ། ཀརྟྲཱ། ཀརྟྲྀ་ཎཱ། ཀརྟྲྀ་བྷྱཱཾ། ཀརྟྲྀ་བྷིཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཀ་རྟྲྀ། ཧེ་ཀརྟྲྀ་ཎཱི། ཧེ་ཀརྟྲྀཎཱི། དེ་
བཞིན་དུ་ཏྲྀ་ཛའི་མཐའ་ཅན་དང་ཏྲྀནའི་མཐའ་ཅན་འང་སྟེ། པཀྟྲྀ། བྷོཀྟྲྀ། སྲོ་ཏྲྀ་ལ་སོགས་པ་རྣམས་སོ།། །།སུ་མ་ཏྲྀའི་སྒྲ་ནི། འདིའི་མ་མཛེས་མ་ཡིན་ཞེས་འབྲུ་མང་པོ་ཅན་ལ་སྐྱེས་པའི་ནི་པི་ཏྲྀའི་སྒྲ་དང་འདྲ་བ་སྟེ། སུ་མཱ་ཏཱ། སུ་མཱ་ཏ་རཽ། སུ་མཱ་ཏ་རཿ། ཞེས་པ་ལ་སོགས་པའོ། །བུད་
མེད་ལ་མཱ་ཏྲྀའི་སྒྲ་དང་འདྲ་བ་སྟེ། སུ་མཱ་ཏཱ་ར། སུ་མཱ་ཏ་རཽ། སུ་མཱ་ཏ་རཿ། ཞེས་པ་ལ་སོགས་པའོ། །མ་ནིང་ལ་ཀརྟྲྀའི་སྒྲ་དང་འདྲ་བ་སྟེ། སུ་མཱ་ཏྲྀ། སུ་མཱ་ཏྲྀ་ཎཱི། སུ་མཱ་ཏྲྀ་ཎཱི། དེ་བཞིན་དུ། སུ་པི་ཏྲྀ། སུ་དུ་ཧི་ཏྲྀ་ལ་སོགས་པ་རྣམས་སོ།། །།བ་ཧུ་རཻའི་སྒྲ་ནི། འདིའི་ནོར་རྣམས་མང་པོ་
པ་སྟེ། སྐྱེས་པ་ལ་ནི། རཻའོ་ཞེས་པས་ཨཱ་ཉིད་དོ། །བ་ཧུ་རཱཿ། བ་ཧུ་རཱ་ཡཽ། བ་ཧུ་རཱ་ཡཿ། བ་ཧུ་རཱ་ཡཾ། བ་ཧུ་རཱ་ཡཽ། བ་ཧུ་རཱ་ཡཿ། བ་ཧུ་རཱ་ཡཱ། བ་ཧུ་རཱ་བྷྱཱཾ། བ་ཧུ་རཱ་བྷིཿ། ཞེས་པ་ལ་སོགས་པ་སྟེ། བུད་མེད་ལ་ཡང་དེ་བཞིན་ནོ། །མ་ནིང་ལ་ནི། དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་
པས་ཐུང་ངུར་འགྱུར་ཞིང་། མཚམས་སྦྱོར་གྱི་ཡི་གེ་རྣམས་ཨིཏ་ཨུཏ་དག་སྟེ་ཐུང་ངུར་བསྒྱུར་བའོ་ཞེས་པས་ཨཻ་ཡིག་ནི་ཨི་ཡིག་ཏུ་བསྒྲེ་བའི་སྟོབས་ལས་ཀྱང་འཐོབ་ཀྱི། རཻའོ་ཞེས་པས་ཨཱ་ཉིད་དུ་རྨི་འགྱུར་ཏེ། དངོས་སུ་རྣམ་པར་དབྱེ་བ་ལ་ཞེས་པ་དེར་བརྗོད་པའོ། །པ་ཧུ་རི། བ་ཧུ་རི་ཎཱི། བ་ཧུ་རཱི་ཎི།
སླར་ཡང་། བ་ཧུ་རི། བ་ཧུ་ནི་ཎཱི། བ་ཧུ་རཱི་ཎི། ཊཱ་ལ་སོགས་པ་ལ་ཡང་ན་སྐྱེས་པ་དང་འདྲ་བར་འགྱུར་ཏེ། བ་ཧུ་རཱ་ཡཱ། བ་ཧུ་རི་ཎཱ། ཐུང་ངུ་ཉིད་དུ་བྱས་པ་ན་ཡུལ་གཅིག་ལ་རྣམ་པར་གྱུར་པ་ནི་གཞན་མ་ཡིན་པ་དང་འདྲ་བར་འགྱུར་རོ་ཞེས་པ་དང་། རཻའོ་ཞེས་པས་ཨ་ཉིད་དོ། །བ་ཧུ་རཱ་བྷྱཱཾ། བ་ཧུ་རཱ་བྷིཿ།
Vol. 196 · folio 76a
བ་ཧུ་རཱ་ཡེ། བ་ཧུ་རེ་ན། ཀུ་ལཱ་ཡ་ཞེས་པ་ལ་སོགས་པའོ།། །།སུ་ནཽའི་སྒྲ་ནི། །འདིའི་གྲུ་བཟང་པོ་ཡིན་པ་ཞེས་འབྲུ་མང་པོ་པ་སྟེ། སྐྱེས་པ་ལ་ནཽའི་སྒྲ་དང་འདྲ་བའོ། །སུནཽ། །སུ་ནཱ་ཝཽ། སུ་ནཱ་ལྦཿ། ཞེས་པ་ལ་སོགས་པ་སྟེ། བུད་མེད་ལ་ཡང་དེ་བཞིན་ནོ། །
མ་ནིང་ལ་ནི་དབྱངས་ཐུང་ངུ་མ་ནིང་ལའོ་ཞེས་པས་ཐུང་ངུར་འགྱུར་ཞིང་། མཚམས་སྦྱོར་གྱི་ཡི་གེ་རྣམས་ཨིཏ་ཨུཏ་དག་སྟེ་ཐུང་ངུར་བསྒྱུར་བའོ་ཞེས་པས་ཨཽ་ཡིག་ནི་ཨུ་ཡིག་ཏུའོ། །སུ་ནུ། སུ་ནུ་ནཱི། སུ་ནཱུ་ནི། སླར་ཡང་། སུ་ནུ། སུ་ནུ་ནཱི། སུ་ནཱུ་ནི། ཊཱ་ལ་སོགས་པ་ལ་ཡང་ན་སྐྱེས་པ་དང་འདྲ་བར་
འགྱུར་ཏེ། སུ་ནཱ་ཝཱ། སུ་ནུ་ནཱ། སུ་ནུ་བྷྱཱཾ། སུ་ནུ་བྷིཿ། སུ་ནཱ་བྷི། སུ་ནཱ་ཝེ། སུ་ནུ་ནེ་ཀུ་ལཱ་ཡ། ཞེས་པ་ལ་སོགས་པའོ།། །།ཙི་ཏྲ་གོའི་སྒྲ་ནི་འདིའི་བ་ལང་ཁྲ་བོ་རྣམས་ཡིན་ལ་ཞེས་འབྲུ་མང་པོ་པ་སྟེ། གཙོ་བོ་མ་ཡིན་པའི་གོའི་མཐའ་བུད་མེད་ལ་ཨཱིཏ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ཐུང་ངུར་
བསྒྱུར་བ་སྟེ། ཨོ་ཡིག་ཨུ་ཡིག་ཏུ་འགྱུར་ཞིང་། སྐྱེས་པ་ལ་ཨང་ཤུའི་སྒྲ་དང་འདྲ་བ་སྟེ། ཙི་ཏྲ་གུཿ། ཙི་ཏྲ་གཱུ། །ཙི་ཏྲ་ག་ཝཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་ནི་པ་ཊུ་དང་འདྲ་བ་སྟེ། ཙི་ཏྲ་གྭཱི། ཙི་ཏྲ་གྭྱཽ། །ཙི་ཏྱ་གྭྱཿ། །ཞེས་པ་ལ་སོགས་པའོ། །མ་ནིང་ལའང་པ་ཊུའི་སྒྲ་དང་འདྲ་བ་སྟེ།
ཙིཏྲ་གུ། །ཙི་ཏྲ་གུ་ནཱི། ཙི་ཏྲ་གཱུ་ནི། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཐུན་མོང་བརྗོད་པར་བྱེད་པའི་དབྱངས་མཐའ་ཅན་གཞན་རྣམས་ལ་ཡང་བརྟག་པར་བྱའོ།། །།དེ་ནས་ཐུན་མོང་བརྗོད་པར་བྱེད་པའི་རྟགས་གསལ་བྱེད་ཀྱི་མཐའ་ཅན་རྣམས་བཤད་པར་བྱ་སྟེ། ས་ཏྱ་བཱ་ཙའི་སྒྲ་ནི། འདིའི་དག་
བདེན་པ་ཡིན་པ་ཞེས་འབྲུ་མང་པོ་པ་ཅན་ཡིན་ལ། སྔ་མ་བཞིན་དུ་ག་ཉིད་ལ་སོགས་པ་སྟེ། སཏྱ་ཝཱ་ཀ །སཏྱ་ཝཱག །སཏྱ་བཱ་ཙཽ། །སཏྱ་བཱ་ཙཿ། ཞེས་པ་ལ་སོགས་པ་དང་། བུད་མེད་ལ་ཡང་དེ་བཞིན་ནོ། །མ་ནིང་ལ་ནི་སི་ཨམ་དག་དབྱིའོ། །ས་ཏྱ་བཱཀ། །ས་ཏྱ་བཱག །ཨཽ་ནི་ཨཱིའོ། །ས་ཏྱ་བཱ་ཙིའི། །ཛས་
ཤས་དག་གི་ཤི་དང་། དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། མ་ན་དག་གི་དྷུཊ་ལ་རྗེས་སུ་ང་རོའོ་ཞེས་པས་རྗེས་སུ་ང་རོར་འགྱུར་ཞིང་། སྡེ་པ་ལ་སྡེ་པའི་མཐའ་འོ་ཞེས་པས་ཉ་ཡིག་སྟེ། ས་ཏྱ་པཱ་ཉྩི། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བྱ་ཀྟ་བཱ་ཙ་ལ་སོགས་པ་རྣམས་སོ། །སྦྱོར་བར་བྱེད་དོ། ཡུ་
Vol. 196 · folio 76b
ནཀྟི་ཞེས་པ་ལ་སད་སཱུ་དྭི་ཤ་ཞེས་པ་ལ་སོགས་པས་ཡུཛ་ལས་ཀྭི་པ་སྟེ། ཡུཛ་ཚིག་སྡུད་མ་ཡིན་པ་ལ་ནུ་སྟེ་གྷུཊ་ལའོ་ཞེས་པས་ནུ་ཨཱ་ག་མ་བྱས་པ་ན་བརྩེགས་པའི་མཐའ་དབྱི་བ་བཀག་ཅིང་། རྩ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པ་འདིར་སྡེ་པ་སྨོས་པའི་སྟོབས་ཀྱིས་གཉིད་དུ་བྱས་པ་ལས་སྡེ་
པ་ལ། །སྡེ་བའི་མཐའ་ང་རུ་འགྱུར་ལ། །ཕྱི་ནས་བརྩེགས་པའི་མཐའ་དབྱི་སྟེ། ཡུད། ཡུཉྫཽ། །ཡུཉྫཿ། ཡུཉྫཾ། ཡུཉྫཽ། །ཡུཉྫཿ། །ཡུཉྫཱ། སྔ་མ་བཞིན་དུ་ག་ཉིད་དུ་གྱུར་པས། །ཡུགྦྷྱཱཾ། ཡུགྦྷིཿ། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ལའང་སྟེ། མ་ནིང་ལ་ནི། །ཡུཀ།
ཡུག །ཡུ་ཛཱི། དྷུཊ་དང་དབྱངས་ལས་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཡུཉྫི་དང་། སླར་ཡང་། ཡུཀ །ཡུག། ཡུ་ཛཱི། ཡུཉྫིའོ། །ཁྱད་པར་གཞན་རྣམས་སྐྱེས་པ་དང་མཚུངས་པའོ། །གང་གི་ཚེ་ཉེ་བའི་ཚིག་དང་བཅས་པ་དེའི་ཚེ་ཚིག་སྡུད་མ་ཡིན་པ་ལ་ཞེས་པས་བཀག་
པའི་ཕྱིར་ནུ་ཡོད་པ་མ་ཡིན་ལ། ཨ་ཤྭཱཾ་ཡུ་ནཀྟི་ཞེས་པ་ལས་ཀྭིཔ་སྟེ། ཨ་ཤྭ་ཡུག །ཨ་ཤྭ་ཡུཀ །ཨ་ཤྭ་ཡུ་ཛཽ། ཨ་ཤྭ་ཡུ་ཛཿ། ཨ་ཤྭ་ཡུ་ཛཾ། ཨ་ཤྭ་ཡུ་ཛཽ། ཨ་ཤྭ་ཡུ་ཛཿ། ཨ་ཤྭ་ཡུ་ཛཱ། ཨ་ཤྭཡུ་གྦྷཱཾ། ཨ་ཤྭ་ཡུ་གྦྷཱིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། བུད་མེད་ལའང་
སྟེ། མ་ནིང་ལ་ནི། ཨ་ཤྭ་ཡུ་ཀ། །ཨ་ཤྭ། རྟ་ལ་སྦྱོར་བར་བྱེད་དོ། ཡུག །ཨ་ཤྭ་ཡུ་ཛཱི། ཨ་ཤྭ་ཡུ་ཉྫིའོ།། །།བྷ་ཛ་ལས་བི་ཎ་དང་ཨཱི་ཨུ་པ་དྷཱའིའོ་ཞེས་པས་རིང་པོ་ཉིད་དེ། ཨརྡྡྷ་བྷཱ་ཛ། པཱ་ད་བྷཱ་ཛ། ནརྒྒ། ཏོ་རུ་ཛ་ཞེས་པ་ཚིག་སྡུད་ཅན་ཡིན་ཅིང་། རའི་ར་ལ་དབྱི་ཞིས་པ་ལ་སོགས་པས་ར་དབྱི།
བ་དང་རིང་པའོ། །ནཱི་རུ་ཀ། །བནཱུ་ན་ཨཱུ་ཛཱི་པ་ཡ་ཏི་ཞེས་པ་ཀྭི་པ་སྟེ། རཱ་ཏ་སའི་དབྱི་བ་དང་བྲཱལ་བར་བརྗོད་པའི་ཕྱིར་རོ། །དེས་ན་བརྩེགས་པའི་མཐའི་ཞེས་པས་ཛ་ཡིག་དབྱི་བར་མི་ཕྱེད་དུ་འགོད། རྐང་པའི་ཆ། ནད་མེད་པ། འགྱུར་རོ། བ་ཧཱུརྐྐ། བ་ཧཱུརྒྒ། བ་ཧཱུརྫྫཽ། བ་ཧཱུརྫྫ། བ་ཧཱུརྫྫཾ། བ་ཧཱུརྫྫཽ། བ་
ཧཱུརྫྫཿ། བ་ཧཱུརྫྫཱ། བ་ཧུརྦྷིཿ། བ་ཧཱུརྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ལའང་སྟེ། མ་ནིང་ལ་ནི། བ་ཧཱུ་རྐྐ། བ་ཧཱུ་ུརྒྒ། བ་ཧཱུརྫྫཱི། བ་ཧཱུ་རྫྫཱི་ར་ཡང་ན་བཤད་པར་བྱའོ།། །།དེ་བཞིན་དུ་ཤཔྡ་པྲྀཙྪ་ཏི་སྒྲ་འདྲི་བར་བྱེད་དོ། །ཞེ་ས་པ་ལ། ཀྭི་པ་ལྦ་ཙི་ཞེས་པ་ལ་སོགས་པས་ཀྭིཔ་དང་རིང་
Vol. 196 · folio 77a
པོ་འང་སྟེ། རྫོགས་པ་དང་གསལ་བྱེད་དག་ལ་ཧ་དང་ཤ་དང་ཥ་དང་ཚའི་མཐའ་དང་ཡཛ་ལ་སོགས་པ་རྣམས་ཀྱི་ཌའོ་ཞེས་པས་ཌ་ཉིད་དུ་འགྱུར་ཞིང་། རྫོགས་པ་ལ་ཊ་ཡིག་གམ་ཌ་ཡིག་གོ། །ཤ་པྡ་བྲཱའྜ། ཤཔྡ་པྲཱཌ། །ཚ་ཝ་དག་གི་ལྔ་པ་ལ་ཡང་ཤ་ཨཱུ་ཌ་དག་གོ་ཞེས་པས་ཚ་ཡིག་ནི་
ཤ་ཉིད་དེ། །ཤཔྡ་པྲཱ་ཤཽ། ཤཔྡ་པྲཱ་ཤཿ། ཤཔྡ་པྲཱ་ཤཾ། ཤཔྡ་པྲཱ་ཤཽ། ཤཔྡ་པྲཱ་ཤཿ། ཤཔྡ་པྲ་ཤཱ། ཤ་པྡ་པྲཱ་རྦྷྱཱཾ། ཤཔྡ་པྲཱ་རྦྷིཿ། ཞེས་པ་ལ་སོགས་པའོ། དེ་བཞིན་དུ་བུད་མེད་ལའང་སྟེ། མ་ནིང་ལ་ནི། ཤཔྡ་པྲཱ་ཊ། ཤཔྡ་པྲཱ་ཌ། ཤཔྡ་པྲཱ་ཤཱི། ཤཔྡ་པྲཱཾ་ཤི། ཞེས་པ་ལ་སོགས་པའོ། པཾ་ཐ་ནཾ་
པྲྀཙྪ་ཏི་ཞེས་པས་ཀྭིཔ་སྟེ། ཊཱི་ཀཱར་གསུངས་པ། ཁ་ཅིག་ཚ་ཝ་དག་གི་ལྔ་པ་ལ་ཡང་ཤ་ཨཱུཌ་དག་གོ་ཞེས་པས་ཤ་ཉིད་དུ་མི་འགྱུར་ཞིང་། ཧ་དང་ཤ་དང་ཥ་དང་ཚ་མཐའ་དང་ཡཛ་སོགས་རྣམས་ཀྱི་ཌའོ་ཞེས་པ་འདིར་ཚ་སྨོས་པའི་ཚིག་ལས། །པ་ཐི་པྲཱཊ། པ་ཐིཔྲཱ་ཌ། པ་ཐི་པྲཱ་ཙྪཽ། པ་ཐི་པྲ་ཙྪཿ།
ཞེས་པ་ལ་སོགས་པའོ། །དེ་ཝེ་བྷྱོ་ཡ་ཛ་ཏི་ཞེས་པ་པས་ཀྭི་པ་སྟེ། ཡཎ་བཞིན་དུ་འགྱུར་པའི་ཕྱིར་ཡོན་ཏེན་མེད་པ་ཉིད་ཡིན་ལ། སྭ་པི་ཝ་ཙི་ཞེས་པ་ལ་སོགས་པས་དབྱངས་དང་ལྷན་ཅིག་ཡ་ཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨི་ཉིད་དུ་འགྱུར་ཞིང་། །རྫོགས་པ་ལ་ཊ་ཡིག་གམ་ཌ་ཡིག་དག་གོ། །དེ་ཝེཏ། །དེ་
ཝེད། །དེ་ཝེ་ཛཽ། དེ་ཝེ་ཛཿ། ལྷ་རྣམས་ཀྱི་ཆེད་དུ་མཆོད་དོ། དེ་ཝེ་ཛཾ། དེ་ཝེ་རྫཽ། །དེ་ཝེ་ཛཿ། །དེ་ཝ་ཛཱ། གསལ་བྱེད་ལ་ནི་ཌ་ཉིད་དེ། །དེ་ཝེ་ཌྦྷྱཱཾ། དེ་ཝེ་དྦྷིཿ། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ལའང་སྟེ། མ་ནིང་ལ་ནི། །དེ་ཝེཊ། དེ་ཝེཌ། །ཨཽ་ཨཱིའོ། དེ་ཝི་ཛཱི། དྷུཊ་དང་དབྱངས་
ལས་གྷུཊ་ལ་ནུའོ་ཞེས་པས་ནུ་འགྱུར་ཞིང་། མ་ན་དག་གེ་རྗེས་སུ་ང་རོ་སྟེ། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ཉ་ཡིག་གོ། །དེ་ཝེཉྫི། །སླར་ཡང་། །དེ་ཝེཊ། དེ་ཝེཌ། དེ་ཝི་ཛཱི། དེ་ཝི་ཉྫི། དེ་བཞིན་དུ་ར་བྫྫུ་བྲྀ་ཛ། ཀུནྶ་པ་རི་བྲྀ་ཛ། ཤཔྡ་རཱ་ཛ྄། བི་རཱ་ཛའོ། །དེ་བཞིན་དུ་དྷཱ་ནཱ་བྷྲྀ་ཛ་རྟི་ཞེས་
པས་བྷ་རྫི་ལས་ཀྭི་པ་སྟེ། བརྩེགས་པ་དང་པོའི་དྷུ་ཊའིའོ་ཞེས་པས་ས་དབྱི་ཞིང་། །གྲ་ཧི་ཛྱ་ཞེས་པ་ལ་སོགས་པས་དབྱངས་དང་ལྷ་ཅིག་སཾ་བྲ་སཱ་རཎར་འགྱུར་ལ། །སྔ་མ་བཞིན་དུ་ཌ་ཉིད་དེ། །རྫོགས་པ་ལ་ཊ་ཡི་གེ་གམ་ཌ་ཡིག་དག་གོ། །དྷཱ་ནཱ་བྷྲྀཊ། །དྷཱ་ནཱ་བྷྲྀཌ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་
Vol. 196 · folio 77b
ས་ཡེག་ནི་ད་ཡིག་སྟེ། ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པ་ལ་སོགས་པས་ཛ་ཡི་གོ། །དྷཱ་ནཱ་བྷྲྀ་ཛྫཽ། དྷཱ་ནཱ་བྷྲྀཛྫཿ། དྷཱ་ནཱ་བྷྲྀཛྫཾ། དྷཱ་ནཱ་བྷྲྀ་ཛྫཽ། དྷཱ་ནཱ་བྷྲྀཛྫཿ། དྷཱ་ནཱ་བྷྲྀཛྫཱ། ས་དབྱི་བ་དང་ཌ་ཉིད་དེ། དྷཱ་ནཱ་བྷྲྀདྦྷྱཱཾ། དྷཱ་ནཱ་བྷྲྀཌྦྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བུད་མེད་ལའང་སྟེ། མ་ནིང་ལ་ནི།
དྷཱ་ནཱ་བྷྲྀཊ། དྷཱ་ནཱ་བྷྲྀཌ། དྷཱ་ནཱ་བྷྲྀ་ཛཱི། སྔ་མ་བཞིན་དུ་ནུ་ཨཱ་ག་མ་ལ་སོགས་པ་སྟེ། དྷཱ་ནཱ་བྷྲྀཛྫི། སླར་ཡང་དེ་བཞིན་ཁོ་ན་སྟེ། ཁྱད་པར་རྣམས་ནི་མཚུངས་པའོ། དེ་བཞིན་དུ་མཱུ་ལམ་བྲྀ་ཁ་ཏི་ཞེས་པ་ས་ཐོག་མར་ཀྭི་པ་སྟེ། སྔ་མ་བཞིན་དུ་སཾ་པྲ་སཱ་ར་ཎ་འགྱུར་ཞིང་། ས་དབྱི་བ་དང་ཌ་ཉིད་དེ་རྫོགས་པ་
ལ་ཊ་ཡིག་གམ་ཌ་ཡིག་གོ། །མཱུ་ལ་བྲིཊ། མཱུ་ལ་བྲིཌ། མཱུ་ལ་བྲྀ་ཁཽ། མཱུ་ལ་བྲྀ་ཁཿ། མཱུ་ལ་བྲྀ་ཁཾ། མཱུ་ལ་བྲྀ་ཁཽ། མཱུ་ལ་བྲྀ་ཁཿ། མཱུ་ལ་བྲྀ་ཁཱ། མཱུ་ལ་བྲིཌྦྷྱཱཾ། མཱུ་ལ་བྲིདྦྷིཿ། ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་བུད་མེད་ལ་ཡང་ངོ་། མ་ནིང་ལ་ནི། མཱུ་ལ་བྲིཊ། མཱུ་ལ་བྲིཌ།
མཱུ་ལ་བྲྀ་ཁཱི། མཱུ་ལ་བྲྀ་ཁི། དེ་བཞིན་དུ་པ་རི་བྲཱ་ཁའོ།། །།པྲཱ་ཉྩ་ཏི་ཞེས་པས་ཀྭི་པ་སྟེ། ཨཾ་ཙའི་ཨ་དབྱིའོ་ཞེས་པ་འདིར་ཨཾ་ཙའི་ཞེས་ངེས་པར་བསྟན་པའི་ཕྱིར་ཀྭིཔའི་ཨ་ནུ་ཥཾ་ག་དབྱེ་བ་མེད་ཅིང་། ཨ་ཙི་ཡུ་ཛི་ཀྲུཉྩ་རྣམས་ཀྱི་ཐོག་མ་ཁོ་ནར་ག་ཉིད་དེ། དེ་ནས་རྗེས་སུ་ང་རོ་དང་སྡེ་པའི་མཐའོ། །
པྲཱང་། པྲཱཉྩཽ། །པྲཱཉྩཿ། པྲཱཉྩཾ། པྲཱཉྩཽ། གྷུཊ་མ་ཡིན་པའི་དབྱངས་ལ་ཨཾ་ཙའི་ཨ་དབྱི་ཞིང་སྔ་མའི་ཡང་རིང་པོའོ་ཞེས་པས་ཨཾ་ཙའི་ཨ་དབྱི་སྟེ། སྔ་མའི་ཡང་རིང་པོར་འགྱུར་ལ་ཨ་ནུ་ཥཾ་གའང་ཀྲུཉྩ་ཨིཏ་མ་ཡིན་པ་ལ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །པྲཱ་ཙཿ། པྲཱ་ཙཱ། པྲཱདྦྷྱཱཾ། པྲཱདྦྷྀཿ། པྲཙེ། པྲཱང་
བྷྱཱཾ། པྲཱང་བྷྱཿ། པྲཱ་ཙཿ། པྲཱཾ་བྷྱཱཾ། པྲཱི་བྷྱཿ། པྲཱཾ་ཙཿ། པྲཱ་ཙོཿ། པྲཱ་ཙཱཾ། པྲཱ་ཙི། པྲཱ་ཙོཿ། ཉ་ཙ་དག་གི་ཀ་དང་ཌའི་མཐའ་སྟེ། དེའི་ཀ་ནི་སུ་པ་ལའོ་ཞེས་པས་ཀ་ཡིག་གི་མཐའ་ཅན་དུ་ཡང་ན་འགྱུར་རོ། །པྲཱཾཀྵུ། པྲཱཾ་སུ། བུད་མེད་ལ་ནི། ན་ད་ལ་སོགས་པའི་མདོས་ཨཱིའི་རྐྱེན་ཏེ། ཨཾ་ཙའི་ཨ་
དབྱི་ཞིང་། སྔ་མའི་ཡང་རིང་པོར་འགྱུར་ལ། །ཨ་ནུ་ཥཾ་ག་དབྱིའོ། །པྲཱ་ཙཱི། པྲ་ཙྱཽ། །པྲཱ་ཙྱཿ། ཞེས་པ་ལ་སོགས་པའོ། །མ་ནིང་ལ་ཡང་འགྲེ་བ་ལས་ཨ་ནུ་ག་དབྱི་སྟེ། པྲཱཀ། །པྲཱག། པྲཱཙཱི། དྷུཊ྄་དང་དབྱངས་ལས་ཨ་ནུ་ཥཾ་ག་དབྱི་བ་མི་འགྱུར་རོ། །པྲཱཾ་ཙི། །གཉིས་པ་ལ་ཡང་དེ་ལྟ་
Vol. 196 · folio 78a
ཁོ་ན་སྟེ། ཁྱད་པར་རྣམས་ནི་སྐྱེས་པ་དང་མཚུངས་ལ། གང་གི་ཚེ་མཆོད་པ་ལ་འཇུག་པ་དེའི་ཚེ། གྷུཊ་ལ་ནི་སྔ་མ་བཞིན་ནོ། །པྲཱང་། པྲཱཉྩཽ། པྲཱཉྩཿ། པྲཱཉྩཾ། པྲཱཉྩཽ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ་ནི། ཨཉྩ་ལས་ཡུ་ཛ་རྣམས་ཀྱི་ཞེས་
པས་ཨ་ནུ་ཥཾ་ག་དབྱི་བར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ཨཉྩའི་ཨ་དབྱི་ཞིང་། སྔ་མའི་ཡང་རིང་པོའོ། །པྲཱཉྩཿ། པྲཱཉྩཱ། རྗེས་སུ་ང་རོ་དང་སྡེ་པ་ལ་སྡེ་པའི་མཐའ་སྟེ་ཕྱི་ནས་བརྩེགས་པའི་མཐའ་དབྱིའོ། །པྲཱཌྦྷྱཱཾ། པྲཱདྦྷིཿ། ཞེས་པ་ལ་སོགས་པའོ། །ཉ་ཙ་དག་གི་ཀ་དང་ཊའི་མཐའ་སྟེ། དེའི་ཀ་ནི་
སུབ་ལའོ་ཞེས་པས་ཀ་ཡིག་གི་མཐའ་ཅན་དུ་ཡང་ན་འགྱུར་རོ། །པྲཱཾ་ཀྵུ། །པྲཱཾ་སུ། །བུད་མེད་ལ་ནི། །པྲཱཉྩ། མ་ནིང་ལ། །པྲཱང་། པྲཱཉྩཱི། པྲཱཉྩི། །དེ་བཞིན་དུ། །ཨ་པང་། ཨཔཱང་། ཨུ་པཱང་ཞེས་པ་དང་། པྲཏྱཱང་། པྲཏྱཱཉྩཽ། པྲཱཏྱཉྩཿ། པྲཱཏྱཉྩཾ། པྲཱཏྱཉྩཽ། །གྷུཊ་མ་ཡིན་པའི་དབྱངས་
ལ་ཨཉྩའི་ཨ་དབྱི་ཞིང་སྔ་མའི་ཡང་རིང་པོ་སྟེ། པྲ་ཏཱི་ཙཿ། པྲ་ཏཱི་ཙཱ། པྲ་ཏྱདྦྷྱཱཾ། པྲ་ཏྱདྦྷྱཱིཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་པྲ་ཏཱི་ཙཱི། །མ་ནིང་ལ། །པྲཏྱཀ྄ །པྲཏྱག། །པྲ་ཏཱི་ཙི། །པྲཏྱཉྩི། །དེ་བཞིན་དུ་ད་དྷྱཉྩ། མ་དྷྭཉྩའོ། །གོ་མཉྩ་ཏི། །ཞེས་པས་ཀྭི་པ་སྟེ། ཚིག་མཐར་ཨེཏ་
ཨོཏ་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །གོང་། །གོ་ཉྩཽ། གོཉྩཿ། ཞེས་པ་ལ་སོགས་པ་སྟེ། ཕྱོགས་གཅིག་ལ་མཚམས་སྦྱོར་དང་བྲལ་བར་འགྱུར་རོ། །གོ་ཨང་། གོ་ཨཉྩཽ། །གོ་ཨཉྩཿ། གོ་ཨཉྩཾ། གོ་ཨཉྩཽཿ། གོ་ཨཉྩཿ། ཨཉྩའི་ཨ་དབྱི་བ་འགྱུར་ལ་སྔ་མའི་རིང་
པོར་མི་འགྱུར་ཏེ། །རང་ཉིད་རིང་པོ་ཁོ་ན་ཡིན་པའི་ཕྱིར་རོ། །གོ་ཨ་ཙཱ། ཞེས་པ་ལ་སོགས་པ་དང་། ཕྱོགས་གཅིག་ཨའི་ཡི་གེའི་ཨཱ་ག་མ་སྟེ་ཨོ་ཨ་ཝའོ། །ག་ཝཱང་། ག་ཝཱཉྩཽ། ག་ཝཱཉྩཿ། ཞེས་པ་ལ་སོགས་པ་སྟེ། དེ་ལྟ་ཁོ་ནར། ཨུ་དང་། ཨུ་དཉྩཽ། །ཨུདཉྩཿ། །ཨུ་དཉྩཾཿ། ཨུ་དཉྩཽ།
ཨུ་ད་ནྩའི་ཨུ་དཱི་ཙ་རུ་འགྱུར་རོ། །ཨུ་དཱི་ཙཿ། ཨུ་དཱི་ཙཱ། ཨུ་དངྦྷྱཱཾ། ཨུ་དདྦྷིཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ་ཨུ་དཱི་ཙི། །མ་ནིང་ལ་ཨུ་དཀ། །ཨུ་དག། ཨི་དཱི་ཙཱི། །ཨུ་དཱི་ཉྩི། །ཞེས་པ་ལ་སོགས་པའོ། །གང་གི་ཚེ། པྲཱ་ཙི་ཡུལ་ལ་གནས་པ་དང་། པྲྰ་ཙྱཱཾ་ཕྱོགས་ལ་གནས་པ་དང་། པྲཱ་ཙི་
Vol. 196 · folio 78b
དུས་ལ་བྱས་པ་དང་། པྲཱ་ཙྱཱ་ཡང་ན་ཕྱོགས་ལ་འོངས་པ་དང་། པྲཱ་ཅོ་ཡང་ན་ཡུལ་ལ་འོངས་པ་དང་། པྲཱ་ཙ་དུས་ལ་ཡང་ན་དང་། པྲཱ་ཙཱི་ཕྱོགས་ལ་ར་མ་ཎཱི་ཡྰ། པྲཱད་ཡུལ་ལ་དང་། པྲཱཏ་དུས་ལ་ཡང་ན་ར་མ་ཎཱི་ཡ་ཞེས་པའི་དོན་ཏེ་རྣམ་དབྱེ་རྣམས་འགྱུར་བ་དེའི་ཚེ། ཕྱོགས་ཀྱི་སྒྲས་བདུན་པ་དང་
ལྔ་པ་དང་དང་པོའི་མཐའ་ཅན་ཕྱོགས་དང་། ཡུལ་དང་། དུས་ཉིད་ལ་ཡང་ནའོ་ཞེས་པ་སཱ་ཏིའི་རྐྱེན་ནོ། །དེ་ཡང་འགྲེལ་བཤད་དུ་གསུངས་པ། ཨ་བ་ཏ་ལ་སཱ་ཏིའི་འཇིག་ཅིང་། གང་དུ་བུད་མེད་ཀྱི་རྐྱེན་གྱི་མཐའ་ཅན་དུ་འགྱུར་བ་དེར་ཚིག་ཕྲད་ལ་ཨཏ་ཉིད་ལས་ཨཱིའི་རྐྱེན་འཇིག་ལ། མི་ཟད་པ་
ལས་ཀྱང་ངོ་ཞེས་པས་རྣམ་པར་དབྱེ་བའང་འཇིག་གོ། །པྲཱ་གྡེ་ཤི་བ་བ་ཏེ། པྲཱ་གྡེ་ཤི་བ་ས་ཏི། །པྲཱ་ཀྐཱ་ལེ་ཀྲི་ཏཾ། །པྲཱགྡེ་ཤོ་ཨཱ་ག་ཏཿ། པྲཱ་ཀྐཱ་ལོ་པཱ་ཏཿ། །པྲཱཀྡི་ཀ །ཤོ་བྷ་ནཱ། པྲཱ་གྡེ་ཤཿ། ཀཱ་ལོ་བ་རཱ་མ་ཎཱི་ཡཿ། དེ་བཞིན་དུ་པྲཏྱག་ལ་སོགས་པའི་སྒྲའོ།། །།བི་ཤྭག་ཨནྩ་ཏི་ཞེས་པས་ཀྭི་པ་
སྟེ་ཉེ་བའི་ཚིག་དང་ཚིག་སྡུད་ཡིན་ཅིང་རྟགས་ཀྱི་མིང་ཅན་ནོ། །བི་ཤྭག་དང་དེ་ཝ་དག་གི་ཡང་ཨཉྩ་ཏི་དང་ཀྭི་པ་ལ་མཐའི་དབྱངས་དང་པོའི་ཨ་དྲིའོ་ཞེས་པས་བི་ཤྭག་དང་དེ་ཝ་ཞེས་པ་འདི་དག་གི་མཐའི་དབྱངས་དང་པོ་ཨ་དྲི་རུ་བསྒྱུར་བར་འགྱུར་ཏེ། ག་ཉིད་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བི་ཤྭ་དྲྱང་། བིཤྭྡྲྱ་ཉྩཽ།
བི་ཤྭ་དྲྱཉྩཿ། །བི་ཤྭ་དྲྱཉྩཾཿ། བུ་ཤྭ་དྲྱངཉྩཽ། ཨ་ཉྩའི་ཨ་དབྱི་བ་དང་སྔ་མའི་ཡང་རིང་པོ་སྟེ། བི་ཤྭ་དྲཱི་ཙཿ། བི་ཤ་དྲཱི་ཙཱ། །བི་ཤྭ་དྲྱ་དྦྷྱཱཾ། བི་ཤ་དྲྱ་ཌྦྷིཿ། །ཞེས་པ་ལ་སོགས་པའོ། །བུད་མེད་ལ། །བི་ཤྭ་དྲཱི་ཙཱི། །མ་ནིང་ལ། བི་ཤྭ་དྲྱཀ །བི་ཤྭ་དྲྱག། །བི་ཤྭ་དྲཱི་ཙཱི། བི་ཤྭ་དྲཱི་ཉྩཱི། དེ་བཞིན་དུ་དེ་ཝ་དྲྱང་སྟེ།
སརྦ་ནཱ་མ་ལ་ཨཱའོ་ཞེས་པ་སྤྱིར་བཏང་སྟེ་སརྦ་ནཱ་མི་རྣམས་ཀྱི་མཐའི་དབྱངས་དང་པོ་ཨ་དྲི་རུ་བསྒྱུར་བར་འགྱུར་རོ། །སརྦ་དྲྱང་། །བི་ཤྭ་དྲྱང་། །ཡ་དྲྱང་། ཏ་དྲྱང་། ཨེ་ཏ་དྲྱང་། །ཨ་དསའི་ཨ་དྲི་རུ་བསྒྱུར་བ་བྱས་པ་ན། ཨ་དས་ཀྱི་ཚིག་ལ་མའོ་ཞེས་པས་ད་ཡིག་གི་མ་ཉིད་དེ། མ་ལས་ཨུ་ཉིད་དོ་ཞེས་པས་མ་
ལས་ཕ་རོལ་གྱི་རེ་ཕའི་ཨུ་ཉིད་དོ། །ཁ་ཅིག་ནི་ཕ་རོལ་འདོད་པར་བྱེད་དོ། །ཁ་ཅིག་ནི་སྔ་མ་འདོད་པར་བྱེད་ཅིང་། ཁ་ཅིག་གཉི་ག་འདོད་པར་བྱེད་ལ། ཁ་ཅིག་གཉི་ག་མི་འདོད་པར་བྱེད་པ་ལས། ཕ་རོལ་ནི་རེ་ཞིག་ཨ་དྲི་རུ་བསྒྱུར་བ་ན་དའི་མ་ཉིད་དེ། མ་ལས་ཨུ་ཉིད་དོ་ཞེས་པས་མ་ལས་ཕ་རོལ་
Vol. 196 · folio 79a
གྱི་རེ་པ་ཨུ་རུ་འགྱུར་ཞིང་། དེའི་ཚེ་ཕ་རོལ་གྱི་ཨི་ཡིག་ནི་ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡའོ་ཞེས་པས་ཡ་ཉིད་དོ། །ཨད་མུ་ཡང་། ཨད་མུ་ཡཉྩཽ། ཨ་ད་མུ་ཡཉྩོཿ། ཨ་ད་མུ་ཡཉྩཾཿ། །ཨ་ད་མུ་ཡཉྩཽ། ཨིཉྩིའི་ཨ་དབྱི་ཞིང་སྔ་མའི་ཡང་རིང་པོ་སྟེ། ཨུའི་ཡི་གེ་ལ་
ཝའོ་ཞེས་པས་ཝ་ཉིད་དུ་ཁ་ཅིག་འདོད་དོ། །ཨ་དམྺཱི་ཙཿ། ཨ་ད་མུ་ཨཱི་ཙཿ། །ཨ་དམླྦཱཾ་ཙཱ། ཨ་ད་མུ་ཡདྦྷྱཱཾ། ཨ་ད་མུ་ཡདྦྷིཿ། །ཞེས་པ་ལ་སོགས་པ་སྟེ། བུད་མེད་ལ་ན་ད་ལ་སོགས་པའི་མདོས་ཨཱིའི་རྐྱེན་ནོ། །ཨ་ད་མུ་ཨཱི་ཙཱི། ཨ་ད་མྺཱི་ཙི། མ་ནིང་ལ། ཨ་ད་མུ་ཡཀ། །ཨ་ད་མུ་ཡག །ཨ་
ད་མུ་ཨཱི་ཙི། །ཨ་དམྺཱི་ཙཱི། ཨ་ད་མུ་ཡཉྩི། སོ་སོ་ལ་སྔ་མ་དང་འདྲ་བའོ། །ཨ་མུ་དྲྱ་དྦྷྱཱཾ། ཨ་དས་ཀྱི་ངའི་མ་ཉིད་དོ། །ཨ་མུ་དྲྱེང་། ཨ་མུ་དྲྱཉྩཽ། །ཨ་མུ་དྲྱ་ཉྩཿ། ཨ་མུ་དྲྱ་ཉྩཾཿ། ཨ་མུ་དྲྱ་ཉྩཽ། །ཨ་མུ་དྲཱི་ཙཱཿ། ཨ་མུ་དྲི་ཙཱ། ཨ་མུ་དྲྱདྦྷྱཱཾ། ཨ་མུ་དྲྱདྦྷེཿ། ཞེས་པ་ལ་སོགས་པའོ། །བུད་མེད་
ལ་ཨ་མུ་དྲཱི་ཙཱི། མ་ནིང་ལ། ཨ་མུ་དྲྱཀ། །ཨ་མུ་དྲྱག། །ཨ་མུ་དྲཱིཉྩི། །ཞེས་པ་ལ་སོགས་པའོ། །འདིར་གཉི་གའི་ནི། ཨ་དས་ཀྱི་མ་ཉིད་དེ་མ་ལས་ཕ་རོལ་ཨུ་ཉིད་དང་། ཨ་དྲིར་བསྒྱུར་བའི་མ་ཉིད་དེ། །མ་ལས་ཕ་རོལ་ཨུ་ཉིད་དོ། །ཨ་མུ་མུ་ཡང་། ཨ་མུ་མུ་ཡ་ཉྩཽ། །ཨ་
མུ་མུ་ཡཉྩ། ཨ་མུ་མུ་ཡཉྩཾ། ཨ་མུ་མུ་ཡཉྩཽ། འདིར་ཡང་ཝ་ཉིད་དུ་ཁ་ཅིག་འདོ་པར་བྱེ་དེ། །ཨ་མུ་མུ་ཨཱི་ཙཿ། །ཨ་དམྺི་ཙཿ། །བུད་མེད་ལ། །ཨ་མུ་མུ་ཨཱི་ཙི། །ཨ་དླྦཱི་ཙཱི། མ་ནིང་ལ། །ཨ་མུ་མུ་ཡཀ། །ཨ་མུ་མུ་ཡག །ཨ་མུ་མུ་ཨཱི་ཙཱི། །ཨ་མུ་མམྺཱི་ཙཱི། །ཨ་ད་མུཉྩི། །ཡང་དག་
པར་ན་སོ་སོར་གཉི་ག་དགག་སྟེ། ཨ་ད་དྲྱང་། ཨ་ད་དྲྱ་ཉྩཽ། །ཨ་ད་དྲྱཉྩཿ། ཨ་ད་དྲྱཉྩཾ། ཨ་ད་དྲྱ་ཉྩཽ། །ཨ་ད་དྲཱི་ཙཱཿ། །ཨ་ད་དྲཱི་ཙཱ། །ཞེས་པ་ལ་སོགས་པའོ། །བུད་མེད་ལ། །ཨ་ད་དྲཱི་ཙཱི། །མ་ནིང་ལ། །ཨ་ད་དྲྱཀ། །ཨ་ད་དྲྱག། །ཨ་ད་དྲཱིཉྩི། །ཨ་དདྲིཉྩཾ། ལ་སོགས་པའོ། །ས་ཧནྩ་ཏི་ཞེས་པས་ཀྭི་པ་
སྟེ། ས་ཧ་དང་། སཾ་དང་། །ཏི་རས་རྣམས་ཀྱིས་ས་དྷྲི་དང་ས་མི་དང་། ཏི་རི་རྣམས་སོ་ཞེས་པས་ས་ཧའི་སྒྲ་ནི་ས་དྷྲི་ཞེས་པའི་ཚིག་ཕྲད་དོ། །ས་དྷྱད། །ས་དྷྲྱ་ཉྩཽ། །ས་དྷྲྱ་ཉྩཿ། །ས་དྷྲྱཉྩཾ། ས་དྷྲྱ་ཉྩཽ། །ཨ་དབྱི་བ་དང་རིང་པོའང་སྟེ། ས་དྷྲཱི་ཙཿ། །ས་དྷྲཱི་ཙཱ། ས་དྷྲྱ་དྦྷྱཱཾ། ས་དྷྲྱི་དྦྷྱཱཿ། །ཞེས་པ་ལ་སོགས་པའོ། །
Vol. 196 · folio 79b
བུད་མེད་ལས་དྷཱི་ཙཱི། །མ་ནིང་ལས་ས་དྷྲྱཀ། །ས་དྷྲྱག། །ས་དྷཱཙཱི། །ས་དྷྲྱ་ཉྩི། །ཞེས་པ་ལ་སོག་པའོ། །དེ་བཞིན་དུ་ས་མནྩ་ཏི་ཞེས་པས་ཀྭི་པ་སྟེ། ས་མའི་སྒྲ་ནི་ས་མཱི་ཞེས་པའི་ཚིག་ཕྲད་དོ། །ས་མྱང་། ས་མྱཉྩཽ། ས་མྱཉྩཿ། ས་མྱཉྩཱ། ས་མྱཉྩཽ། གྷུཊ་མ་ཡིན་པའི་དབྱངས་ལ་ཨཉྩའི་ཨ་
དབྱེ་ཞིང་སྔ་མའི་ཡང་རིང་པོ་སྟེ། ས་མཱི་ཙཿ། ས་མཱི་ཙཱ། །སམྱ་དྦྷཾ། སམྱདྦྷིཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ། །ས་མཱི་ཙཱི། མ་ནིང་ལ། །ས་མྱཀ། །ས་མྱག། །ས་མཱི་ཙིའ། །ས་མཱི་ཉྩི། ཏི་རོ་ཨནྩ་ཏི་ཞེས་པས་ཀྭི་པ་སྟེ། ཏི་ར་ནི་ཏི་རི་ཞེས་པའི་ཚིག་ཕྲད་དོ། །ཏི་རྻང་། ཏི་རྻཉྩཽ།
ཏི་རྻནྩཿ། ཏི་རྻནྩཾ། ཏི་རྻཉྩཽ། །ཏི་རྻཉྩནེ་ཏ་ར་ཤྩ་རུ་འགྱུར་ཏེ། ཏི་རྻཤྩཱཿ། ཏི་རྻཤྩཱ། ཏི་རྻདྦྷཱི། ཏི་རྻ་དྦྷིཿ། །ཞེས་པ་ལ་སོགས་པའོ། །བུད་མེད་ལ། །ཏི་ར་ཤྩཱི། །མ་ནིང་ལ། །ཏི་རྻཀ། ཏི་རྻག །ཏི་ར་ཤྩཱི། ཏི་རྻཉྩི། ཞེས་པ་ལ་སོག་པའོ། །པུཥྜ་ཀྲུཾ་ཙ་ཏི་ཞེས་པས་ཀྭི་པ་སྟེ།
ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པ་ལའོ་ཞེས་ངེས་པར་བསྟན་པའི་ཕྱིར་ཀྭི་པ་ལ་ཨ་ནུ་ཥཾ་ག་དབྱི་བ་མེད་དེ། སྔ་མ་བཞིན་དུ་སྡེ་པ་སྨོས་པའི་ཤུགས་ཀྱིས་ཐོག་མར་ག་ཉིད་དང་། སྡེ་པ་ལ་སྡེ་པའི་མཐར་འགྱུར་ལ། ཕྱི་ནས་བརྩེགས་པའི་མཐའ་དབྱིའོ། །སུ་ཀྲུང་། །སུ་ཀྲུཉྩཽ། །སུ་ཀྲུ་ཉྩཿ། སུ་ཀྲུཉྩཾ།
སུ་ཀྲུཉྩཽ། །གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ལ། ཀྲུཉྩ་མ་ཡིན་པ་ལ་ཞེས་པ་བཀག་པའི་ཕྱིར་ཨ་ནུ་ཥཾ་ག་དབྱི་བ་མེད་དེ། །སུ་ཀྲུ་ཉྩཿ། སུ་ཀྲུཉྩཱ། སུ་ཀྲུདྦྷྱཾ། སུ་ཀྲུདྦྷིཿ། །ཞེས་པ་ལ་སོག་པའོ། །སུ་པ་ལ། ཉ་ཙ་དག་གི་ཀ་ཊའི་མཐའོ་ཞེས་པ་ལ་སོགས་པས་ཀ་ཡིག་སྟེ་ཁ་
ཉིད་ཀྱང་ངོ་། །སུ་ཀྲུ་ཀྴུ། །སུ་ཀྲུ་གྶུ། །བུད་མེད་ལ། །སུ་ཀྲུ་ཉྩཱི། །མ་ནིང་ལ། །སུ་ཀྲུང་། །སུ་ཀྲུཉྩཱི། སུ་ཀྲུ་ཉྩི། །ཤོ་བྷ་ནཾ་ག་ཎ་མ་ཏེ་ཞེས་པས་ཀྭི་པ་སྟེ། ཨའི་ཨུ་པ་དྷཱ་རིང་པོར་འགྱུར་རོ། །ག་ཎ་ལ་ཨ་ཡིག་ཏུ་བྱས་པའི་ཕྱིར། སུ་གཎ། སུ་ག་ཎཽ། །སུ་གཎཿ། ཞེས་པ་ལ་སོགས་
པའོ། །སུ་པལ། །ཉ་ཙ་དག་གི་ཀ་ཊའི་མཐའ་སྟེ་ཁྱད་པར་དུ་སུ་བ་ལ་ཞེས་པས་ཌ་ཡིག་གི་མཐར་མི་འགྱུར་རོ། །སུ་གཊྶུ། །དེ་བཞིན་དུ། །བུད་མེད་ལའང་སྟེ། མ་ནིང་ལ། །སུ་ག་ཎ། །སུ་གཎཱི། །དྷུཊ་མ་ཡིན་པའི་ཨན་མཐའ་ལ་ནུ་འགྱུར་རོ། །སུ་ག་ཎི། །ཞེས་པ་ལ་སོགས་པའོ།། །།ཨ་
Vol. 196 · folio 80a
ཡུར་འདི་ལ་ཡོད་པ་ཞེས་པ་སྟེ། དེའི་འདི་ཡོད་པ་ཞེ་པ་མནྟུ། །བནྟུ། །ཝིན། ཨིན་རྣམས་སོ་ཞེས་པས་མནྟུའི་རྐྱེན་ནོ། །ཨནྟུ་དང་ཨས་མཐའི་ཞེས་པ་ལ་སོགས་པས་རིང་པོ་སྟེ་སི་དབྱི་ཞིང་། བརྩེགས་པའི་མཐའ་དབྱིའོ། །ཨཱ་ཡུཥྨཱན། ཨཱ་ཡུཥྨནྟཽ། ཨཱ་ཡུཥྨནྟཿ།
ཨཱ་ཡུཥྨཱནྟཾ། །ཨཱ་ཡུཥྨནྟཽ། །ཤས་ལ་སོགས་པ་ཐམས་ཅད་ལ། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨི་ཏ་མ་ཡིན་པ་ལའོ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །ཨཱ་ཡུ་ཥྨཏཱཿ། ཨཱ་ཡུ་ཥྨ་ཏཱཿ། དྷུཊ་རྣམས་ཀྱི་གསུམ་པ་སྟེ། ཨཱ་ཡུཥྨ་དྦྷཱཾ། ཨཱ་ཡུ་ཥྨ་དྦྷིཿ། །ཞེས་པ་ལ་སོགས་པའོ། ཀུན་དུ་བོད་པ་ལ་སཾ་བུདྡྷི་མ་ཡིན་
པ་ལ་ཞེས་སྤྱིར་བཏང་བའི་ཕྱིར་སཾ་བུདྡྷི་ལ་རིང་པོར་མི་འགྱུར་རོ། །ཧེ་ཨཱ་ཡུཥྨན། ཧེ་ཨཱ་ཡུཥྨནྟཽ། །ཧེ་ཨཱ་ཡུཥྨནྟཿ། བུད་མེད་ལ། ན་ད་ལ་སོགས་པའི་མདོས་ཨཱིའི་རྐྱེན་ཏེ་ཨ་ནུ་ཥཾ་ག་དབྱིའོ། །ཨཱ་ཡུཥྨ་ཏཱི། །མ་ནིང་ལ། །ཨཱ་ཡུཥྨ་ཏ། ཨཱ་ཡུཥྨ་ད། །ཨཱ་ཡུཥྨ་ཉཱི། །ཨཱ་ཡུཥྨནྟི། ཞེས་པ་ལ་
སོགས་པའོ། །དེ་བཞིན་དུ་གོ་མཱནྟ། ཨགྣི་ཝནྟ། ཨ་སྟྲི་ཝཱ་ནྟ། གུ་ན་ཝཱནྟ། དྷ་ན་ཝཱནྟ་ཞེས་པ་ལ་སོགས་པ་རྣམས་སོ།། །།ཀ་རོ་ཏི་ལས་རྟག་ཏུའོ་ཞེས་པ་ཀ་ཏ་ཀརྟི་རི། ཀྟ་ཝནྟུའི་རྐྱེན་ཏེ། ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ཏོ། །ཀྲྀ་ཏ་ཝཱན། །ཀྲྀ་ཏ་ཝནྟཽ། ཀྲྀ་ཏེ་ཝནྟཿ།
ཞེས་པ་ལ་སོགས་པ་སྟེ། བུད་མེད་ལ། །ཀྲྀ་ཏ་ཝ་ཏཱི། །མ་ནིང་ལ། །ཀྲྀ་ཏ་ཝཏ། །ཀྲྀ་ཏ་ཝད། ཀྲྀ་ཏ་ཝ་ཏཱི། །ཀྲྀ་ཏ་ཝནྟི། །ཞེས་པ་ལ་སོགས་པ་དང་། །དེ་བཞིན་དུ་ཛི་ཏ་ཝནྟ། ཧུ་ཏ་ཝནྟ་ཞེས་པ་ལ་སོགས་པའོ། །གང་གི་ཚད་འདིའོ་ཞེས་པ་ས་དྱ་ལ་སོགས་པ་སྟེ། ཡཏ་དང་ཏད་ཅེས་པ་
དག་ལས་ཚད་ལ་ཝནྟུ་དང་ཨཱ་ཉིད་ཀྱང་སྟེ། །སརྦ་ནཱ་མིའི་ཨཱའོ་ཞེས་པ་སོ་སོའི་ཚིག་ལའོ། ཡཱ་ཝཱན། །ཡཱ་ཝནྟཽ། །ཡཱ་ཝནྟཿ། ཡཱ་ཝནྟཾ། ཡཱ་ཝནྟཽ། །ཡཱ་ཝཱནྟཿ། །ཡཱ་ཝ་ཏཱ། ཡཱ་ཝ་དྦྷྱཱཾ། ཡཱ་ཝདྦྷིཿ། །ཞེས་པ་ལ་སོགས་པ་སྟེ། བུད་མེད་ལ། །ཡཱ་ཝ་ཏཱི། །མ་ནིང་ལ། ཡཱ་ཝཏ། ཡཱ་
ཝད། ཡཱ་ཝ་ཏཱི། ཡཱ་ཝནྟི། ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ་ཏཱ་ཝཏའོ། །འདི་ཚད་ཡིན་པ་ཞེས་པས་ཀིཾ་པ་ཏེ་མཱ་ཎ་ཞེ་པ་འདི་ས་ཏྱ་ལ་སོགས་པ་སྟེ། ཨི་དཾ་དང་ཀིཾ་དག་ལས་ཨི་ཡནྟུའི་རྐྱེན་ཏེ། ཨི་དཾ་ཞེས་པ་རྗེས་སུ་འཇུག་པ་ལ། ཀིཾ་ཀིའོ་ཞེས་པ་འདིར་སོ་སོའི་ཚིག་ལ་ཨི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words