No title in the text — opening words: བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ཞེས་བྱ་བ་བཞུགས་སོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 197 · folio 66a
འགྱུར་ཏེ། ཨ་ཏི་ཤ་ཡེ་ན་གུ་རུཿ ཞེས་པའི་དོན་ལ། ག་རཱི་ཡཱནྲ། སི་ནུམྲ། ག་རིཥྛཿ གུ་རུརྦྷཱ་བཿ ག་རི་མཱ། གུ་རུ་སོགས་ནི། པྲི་ཡ། ཨཱི་ཡ་སུ། པྲེ་ཡཱནྲ། སིནུམྲ་ པྲི་ཡ། ཨིཥྛ། པྲིཥྛཿ པྲི་མ། ཨི་མན། པྲེ་མཱ། སི་ནུམྲ། དེ་བཞིན་དུ། སྠཱུ་ལ་སྠ་
བ་ཞེས་པར་བསྒྱུར་བས། སྠ་བཱི་ཡཱནཱ། སྠ་བིཥྛཿ སྠ་བིམ། ཕུལ་དུ་བྱུང་བའི་དགའ་བའམ་སྙིང་ཉེ་ཤོས། སྐལ་བ་དང་ལྡན་པའི་བླ་མའམ་ལེགས་པ་དང་ལྡན་པའི་བླ་མ། ༈ ཨི་ལོ་པོ་ཛྱཱ་ཤ་བྡྲཱ་དཱི་ཡ་སཿ ཛྱཱ་ཀྱི་སྒྲ་ལས་ཕུལ་དུ་བྱུང་བའི་དགའ་བའམ་སྙིང་ཉེ་ཤོས། ཨཱི་ཡསྲ་ཀྱི་ཨཱི་དབྱིའོ། །བྲྀདྡྷ་ དགའ་བ་དང་ལྡན་པ། ཞེས་པའི་སྒྲ་ཛྱཱ་ཞེས་པར་
བསྒྱུར་བའི་ཕ་རོལ་གྱི་ཨཱི་ཡསྲ་ཤིན་ཆུ་སྦོམ་པོའམ་ཤིན་ཏུ་ཐུལ་ཆེ་བ། སིནུམྲ། སྦོམ་པོ་ཅན། ཀྱི་ཨཱི་ཡིག་ནི་དབྱི་བར་བྱ་སྟེ། ཨ་ཏི་ཤ་ཡེ་ན་བྲྀདྡྷཿ ཞེས་པའི་དོན་ལ། གུ་རུ་སོགས་ཀྱི་མདོས་བྲྀདྡྷ་ཛྱཱ་ཞེས་པར་བསྒྱུར། མདོ་འདིས་ཨཱི་ཡསྲ་ཀྱི་ཨཱི་ཕྱིས་པས། ཛྱཱ་ཡཱནྲ། ཨིཥྛ་ལ། ཛྱེཥྛཿ ༈ ཡང་ཨ་ཏི་
ཤ་ཡེ་ན་དཱིརྒྷཿ ཞེས་པར་བསྒྱུར་བས། དྲཱརྒྷཱི་ཡཱནྲ། དྲཱརྒྷིཥྛཿ ཨ་ ཆེས་ཤིན་ཏུ་རྒས་པ། ཏི་ཤ་ཡེ་ན་པྲ་ཤཿ ཞེས་པའི་དོན་ལ། པྲ་ཤ་ཤྲ་ཞེས་པར་བསྒྱུར་བས། ཤྲེ་ཡཱནྲ། ཤྲེཥྛཿ སོགས་སོ། ༈ །བ་ཧོ་རིཥྛེ་ཆེས་ཆེར་རྒས་པའམ་ཤིན་ཏུ་རྒས་པ། ཆེ་ཤིན་ཏུ་རྒས་པ། ཡིཿ
ཆེ་ཆེར་རིང་བའམ་ཤིན་ཏུ་རིང་བ། བ་ཧུའི་ཨིཥྛ་ལ་ཡིའོ། ཆེས་ཆེར་རིང་བའམ་ཤིན་ཏུ་རིང་བ། །རྐྱེན་ཨིཥྛ་ཕ་རོལ་ལ་བ་ཤིན་ཏུ་རིང་བ། ཧུའི ཤིན་ཏུ་གཙོ་ཆེ་བའམ་གཙོ་བོ་ཕུལ་དུ་བྱུང་བ། སྒྲ་ནི་བྷཱུ་ཞེས་པར་འགྱུར་ཞིང་ཨིཥྛའི་ཨི་ཡང་ཡི་ཞེས་པར་འགྱུར་ཏེ། ཨ་ ཤིན་ཏུ་གཙོ་ཆེ་བའམ་གཙོ་བོ་ཕུལ་དུ་བྱུང་བ། ཏི་ཤ་ཡེ་ན་བ་ཧུཿ ཞེས་པའི་དོན་ལ། བྷཱུ་ཡིཥྛཿ། ༈
ཀིམྲ་དང་། མི་ཟད་པ་དང་ཀུན་བཤད་ཀྱིས་བསྒྲུབས་པའི་ཚིག་མཐའ་རྣམས་ལ་རྐྱེན་ཏར་དང་ཏ་མ་དག་སྦྱོར་བའི་མཐར་ཨཱམྲ་ཨཱ་ག་མ་སྟེར་བར་བཤད་དེ། ཀིམྲ་ལ་ཏ་མ་སྦྱར་དེའི་མཐར་ཨཱམྲ་ཨཱ་ག་མ་བྱིན་པས། ཀིཾ་ཏ་མཱཾ། དེ་བཞིན་དུ། ཀུ་ མང་བའི་ཕུལ་དུ་བྱུང་བའམ་ཤིན་ཏུ་མང་བ། ཏསྟ་རཱཾ།
པ་ར་མཱ་ཎ་བཿ མཆོག་ཏུ་ཕྲ་བ་དེ་རྣམས་ཆུང་ངུ་ཉིད་དོ། །ཀུ་ཏསྟ་མཱི་ཏེ་ཥཱཾ་ཨཱ་རམྦྷ་ཀ་ཏྭཾ། ཨུཙྩཻ་སྟ་རཱཾ་གཱ་ཡནྟི། སྐད་གསང་མཐོན་པོར་སྨྲ་བར་བྱེད་དམ་སྐད་ཆེན་པོས་གླུ་ལེན། ཨུཙྩཻ་སྟ་མཱཾ་གཱ་ཡནྟི། ཤིན་ཏུ་འཚེད་པར་བྱེད། བ་ཙ་ཏི་ཏ་རཱཾ། ཆེས་ཀློག་པར་བྱེད། པ་ཋ་ཏི་ཨཱམྲ ཏ་མཱཾ། ༈ པ་རི་མཱ་ཎེ་དགྷྣཱ་ད་ཡཿ ཚད་ལ་དགྷྣ་ལ་སོགས་ཏམྲ་ཨཱམྲ
Vol. 197 · folio 66b
པའོ། །གང་ལའང་ཆེ་ཆུང་མཐོ་དམའ་སོགས་ཀྱི་ཚད་བརྗོད་པའི་དོན་ལ། ད་གྷྣ་དང་མཱ་ཏྲ་དང་། དྭ་ཡསྲ་རྣམས་འགྱུར་ཏེ། ཛཱ་སི ནུ་པ་རི་མཱ་ཎཾ་ཛ་ལཾ། སི ཞེས་པའི་དོན་ལ། ཛཱ་ནུ་དགྷྣཾ། སི དེ་བཞིན་དུ། པུ་རུ་ཥ་མཱ་ཏྲཾ་བྲྀཀྵཿ ཤི་རོ་དྭ་ཡ་སཾ་སི དཎྜཿ ཀིམ་དང་ཡཏྲ་དང་ཏཏྲ་རྣམས་ལ་
གཉིས་སམ་མང་པོའི་ནང་ནས་གཅིག་བཀར་བའི་དོན་ལ་རྐྱེན་ཌ་ཏ་ར་དང་ཌ་ཏ་མ་འཇུག་པར་བཤད་དེ། ཀིམྲ་ལ། ཌ་ཏ་ར། ཌི་ཏ་ཡ་ཆུ་བོ་པུས་མོ་ནུབ་ཙམ། ཊི་ཕྱིས་ཌ་དེའི་དོན། པུས་ནུབ་ཙམ། ཀ་ཏ་རོ་བྷ་བ་ཏཿ ཀཱ་སྐྱེས་བུ་དང་མཉམ་པའི་ཤིང་། མགོ་བོའི་ཚད་དང་མཉམ་པའི་ཤིང་། ཎྭ། དེ་བཞིན་དུ་ཌ་ཏ་མ་སྦྱར་བས། ཀ་
ཏ་མོ་བྷ་བ་ཏཱཾ་ཏཱནྟྲི་ཀཿ སི ཡཏྲ་དང་ཏཏྲ་ལ་ཌ་ཏ་ར་སྦྱར་བས། བྷབ་ཏོཪྻ་ཏ་རསྟཱརྐི་ཀསྟ་ཏ་ར་ཨུངྒྲྀ་ཎཱ་ཏུ་སོགས་སོ། ༈ །སཾ་ཁྱཱ་ཡ་བི་ཤེ་ཥཱ་ཨ་བ་དྷཱ་ར་ཎེརྡྭི་ཏྲི་བྷྱཱཾ་ཏཱི་ཡཿ གྲངས་ཀྱི་བྱེ་བྲག་སི ཁྱེད་གཉིས་ལས་ཀ་ཎའི་བུ་གང་ཡིན། ལོགས་སུ་བཀོལ་བ་ལ་དྭི་དང་ཏྲི་དག་ལས་ཏཱི་ཡའོ། །གཉིས་པོ་ཞེས་པ་ལྟ་
སི། ཨཱལླཱ་རྣམས་ནི་དྷི་ཕ་རོལ་ལ་ཨཱཔྲ་ཀྱི་མཐའ་ཅན་དེ་ཐུང་ངུར་བསྒྱུར་བར་བཤད་པས། ཁྱེད་རྣམས་ལས་སྔགས་རྒྱུན་དམ་ཁན་པོ་སུ་ཡིན། ཁྱེད་དག་གང་ཞིག་རྟོག་གེ་མཁན་པོ་དེ་སྨྲ་བ་མཆོག་ཏུ་འཛིན་པོའོ། །ཌ་ཏར་ བུ་གྲངས་ཀྱི་བྱེ་བྲག་གིས་ལོགས་སུ་བཀར་བའི་དོན་ལ་དྭི་དང་ཏྲི་དག་ལ་རྐྱེན་ཏཱི་ཡ་འགྱུར་ཞིང་ཏཱི་ཡ་ཕ་རོལ་ལ་ཏྲིའི་ར་ཨི་དང་བཅས་པ་ནི་སླར་ཡང་དག་པར་འགྱུར་བ་སྟེ་རྀ་ཡིག་ཏུ་འགྱུར་ཏེ། དྭི་ཏཱི་ཡཿ
ཏྲྀ་ཏཱི་ཡཿ སོགས་སོ། ༈ །ཥཊ་ཙ་ཏུ་རོསྠཿ ཥཥྲ་ཙ་ཏུརྲ་དག་ལ་ཐའོ། །གྲངས་ཀྱི་བྱེ་བྲག་གིས་ལོགས་སུ་བཀར་བའི་དོན་ལ་ཥཥྲ་དང་ཙ་ཏུརྲ་དག་ལ་རྐྱེན་ཐ་འགྱུར་ཏེ། ཥཥྛཿ ཙ་ཏུཪྠཿ། ༈ ཀ་ཏི་ཀ་ཏི་པཱ་ཡཱ་བྷྱཱཾ་ཐཿ ཀ་ཏི་དང་ཀ་ཏི་པཱ་ཡ་དག་ལས་ཀྱང་ཐའོ། །གྲངས་དངོས་ གཉིས་པོའམ་གཉིས་པོ།
གསུམ་པོའམ་གསུམ་པ། མ་ཡིན་ཀྱང་གྲངས་ཀྱི་དོན་ཅན་ཡིན་པས་ཀ་ཏི་དང་ཀ་ཏི་པཱ་ཡ་དག་ལས་ཀྱང་ལོགས་སུ་བཀར་བའི་དོན་ལ་རྐྱེན་ཐ་འགྱུར་ཏེ། ག་ཏི་ཐཿ ཀ་ཏི་པཱ་ཡ་ཐཿ དྲུག་པོའམ་དྲུག་པ། བཞི་པའམ་བཞི་པོ། ༈ པཉྩ་དེརྨཿ པཉྩནྲ་ལ་སོགས་པ་རྣམས་ལ་མའོ། །པཉྩནྲ་ལ་སོགས་པ་རྣམས་ལ་
ལོགས་སུ་བཀར་བའམ་རྫོགས་པའི་དོན་ལ་རྐྱེན་མ་འགྱུར་ཏེ། ལྔ་པོའམ་ལྔ་པ། པཉྩ་མཿ སཔྟ་མཿ བདུན་པོའམ་བདུན་པ། ཨཥྚ་མཿ བརྒྱད་པོའམ་བརྒྱད་པ། ན་བ་ ཇི་ཙམ་ ཇི་ཙམ་བྱུང་། མཿ དགུ་པའམ་དགུ་པོ། ༈ ཨེ་ཀཱ་ད་ཤཱ་དེརྜཿ ཨེ་ཀ་ད་ཤནྲ་ལ་སོགས་པ་རྣམས་ལ་ཌའོ། །ཨེ་ཀ་ད་ཤནྲ་ལ་སོགས་པ་རྣམས་ལ་
Vol. 197 · folio 67a
ལོགས་སུ་བཀར་བའམ་རྫོགས་པའི་དོན་ལ་རྐྱེན་ཌ་འགྱུར་ཏེ། ཌིཏ་ལ་ཊི་ཕྱིས་པས། ཨེ་ཀ་ད་ཤཿ། ༈ དྭི་ཏྲྱཥྚཱ་ནཱཾ་དྭཱ་ཏྲ་ཡོ྅ཥྚཱཿ དྭི་ཏྲི་ཨཥྚནྲ་རྣམས་ཀྱི་དྭཱ་ཏྲ་ཡོ་ཨཥྚཱ་རྣམས་སོ། །དྭི་དང་ཏྲི་དང་ཨཥྚནྲ་རྣམས་ཀྱི་ནི་ད་ཤ་དང་སྦྱོར་བ་ལ་རིམ་པ་བཞིན་དྭཱ་ཏྲ་ཡོ་
ཨཥྚཱ་རྣམས་སུ་འགྱུར་ཏེ། དྭི་སོགས་དྭཱ་སོགས་སུ་བསྒྱུར་དེའི་མཐར་ད་ཤནྲ་ལ་ཌ་སྦྱར་བས། དྭཱ་ད་ཤཿ ཏྲ་ཡོ་ད་ཤཿ བཅུ་གཅིག་པ། ཙ་ཏུརྡ་ཤཿ ཨཥྚཱད་ཤཿ ན་བ་ད་ཤཿ ༈ བིཾ་ཤ་ཏྱཱ་དེརྦཱ་ཏ་མཊྲ། བིཾ་ཤ་ཏི་སོགས་ལ་ཏ་མཊྲ་ཡང་ནའོ། །བིཾ་ཤ་ཏི་སོགས་ལ་ལོགས་སུ་བཀར་བའམ་རྫོགས་པའི་དོན་
ལ་རྐྱེན་ཏ་མཊྲ་འགྱུར་ཞིང་ཌ་ཡང་འགྱུར་ལ་ཌ་ཕ་རོལ་ལ་བིཾ་ཤ་ཏི་སོགས་ཀྱི་ཏི་དབྱི་ཞིང་དེ་ནས་ཌིཏ་བཅུ་གཉིས་པ། གཅུ་གསུམ་པ། བཅུ་བཞི་བ། བཅོ་བརྒྱད་པ། བཅུ་དགུ་པ། ལ་ཊི་ཕྱིས་པས། བིཾ་ཤ་ཏི་ཏ་མཿ བོ་ཤཿ ཏི་ཤ་ཏི་ཏ་མཿ ཏིཾ་ཤཿ། ༈ ཤ་ཏཱ་དེ་རྣི་ཏྱཾ། ཤ་ཏ་སོགས་ལ་རྟག་ཏུའོ། །ཤ་ཏ་ལ་
སོགས་པ་རྣམས་ལ་ལོགས་སུ་བཀར་བ་དང་རྫོགས་པའི་དོན་ལ་ཏ་མཊུ་ཁོ་ན་རྟག་ཏུ་འཇུག་སྟེ། ཤ་ཏཏ་མཿ ས་ཧ་སྲ་ཏམཿ ལཀྵ ཏམཿ ཀོ་ཊི་ཏམཿ སོགས་ཏེ་གྲངས་མེད་ཉི་ཤུ་ཐམ་པའམ་ཉི་ཤུ་པ། ཀྱི་སུམ་ཅུ་ཐམ་པའམ་སུམ་བཅུ་པ། བར་རོ། ༈ །སཾ་ཁྱཱ་ཡཱཿཔྲ་ཀཱ་རེ་དྷཱ། གྲངས་རྣམས་ཀྱི་རབ་ཏུ་
བྱེད་པ་ལ་དྷཱའོ། །གཉིས་ཚན་ལྟ་བུ་གྲངས་ཀྱི་རབ་ཏུ་བྱེད་པའི་དོན་ལ་རྐྱེན་དྷཱ་འགྱུར་ཏེ། དྭི་དྷཱ། བརྒྱ་ཐམ་པ། སྟོང་ཕྲག། ཏྲིདྷཱ། འབུམ་ཕྲག །བྱེ་བ་ཕྲག །སོགས་སོ། ༈ །གུ་ཎོ྅ཎ་བཱ། ཡོན་ཏན་ལ་ཨཎ་ཡང་ངོ་། །གཞན་ལ་སྦྱིན་པ་གཏོང་བ་སོགས་ཀྱི་དོན་དང་འབྲེལ་པའི་ཚན་པར་
བཅད་པའི་དོན་དུ་བྱིན་པའི་རྐྱེན་དྷཱ་ཕ་རོལ་ལ་དབྱངས་དང་པོ་དེ་ཡོན་ཏན་དུ་འགྱུར་ཞིང་དབྱངས་དང་པོ་དེ་ཡོན་ཏན་དུ་འགྱུར་ཞིང་དབྱངས་ཉིས་ཚན། དང་པོ་དེ་ཡོན་ཏན་བྱས གསུམ་ཚན། པ་ན་ངེས་པར་རྐྱེན་བཞི་ཚན། ཨཎྲ་ཡང་སྟེར་དགོས་ཏེ། དྭི་ལ་དྷཱ། ཡོན་ཏན་བྱས། དྭེ་དྷཱ། དེ་ལ་ཨཎྲ་སྦྱར་བས། དྭཻ་དྷཾ། དེ་བཞིན་དུ། ཏྲཻ་དྷཾ།
བཞི་ཚན། ཙཱ་ཏུརྡྷཾ། སོགས་སོ། ༈ །ཀྲྀ་ཡཱ་ཡཱ་ཨཱ་པྲྀཏྟཽ་ཀྲྀ་ཏྭསྲ། བྱ་བའི་ཆེད་དུ་ཀུན་ནས་འཇུག་པ་ལ་ཀྲྀ་ཏྭསྲ་སོ། །ཟས་དུས་ཡང་ཡང་བྱེད་པ་ལྟ་བུ་ལན་མང་དུ་བསྐྱར་བའི་བྱ་བའི་ཆེད་དུ་ཀུན་ནས་འཇུག་པའི་དོན་ལ་རྐྱེན་ཀྲྀ་ཏྭསྲ་འགྱུར་ཏེ། པཉྩ་ཉིས་ཚན། ཨི་ཨ་སོགས་སི་ཨམྲ། གསུམ་ཚན།
Vol. 197 · folio 67b
བཱརཾ་བྷུཾཀྟེ། ཞེས་པའི་དོན་ལ། པཉྩ་ཀྲྀ་ཏྭཿ དེ་བཞིན་དུ། ཥཊྐྲྀ་ཏྭཿ སོགས་སོ། ༈ །དྭི་ཏྲི་བྷྱཱཾ་སུཿ དྭི་ཏྲི་དག་ལ་སུའོ། །དྭི་དང་ཏྲི་དག་ལ་བྱ་བའི་ཆེད་དུ་ཀུན་ནས་འཇུག་པའི་དོན་ལ་རྐྱེན་སུ་འགྱུར་ཏེ། ཨུ་བརྗོད་དོན་སྲ་རྣམ་བཅད་བྱས་པས། དྭིཿ ཏྲིཿཞེས་གྲུབ་པ་ཨུཀྟཿདང་
ལན་ལྔ་པ། སྦྱར་བས། དྭི་རུཀྟཿ ཏྲི་རུ་ཀྟཿ ལན་ལྔ་ཟ། ༈ བ་ཧྭཱ་དེཿཤསྲ། ལན་དྲུག་ཟ། བ་ཧུ་སོགས་ལ་ཤས྄འོ། །བ་ཧུའི་སྒྲ་ལས་བྱ་བའི་ཆེད་དུ་ཀུན་ནས་འཇུག་པ་དང་གཞན་ཡང་བསྐྱར་བ་དང་རྗེས་སུ་འཇུག་པའི་དོན་རྣམས་ལ་རྐྱེན་ཤསྲ་འགྱུར་ཏེ། བ་ཧུ་བཱ་རཱནྟཱི་ཏི། ཞེས་པའི་དོན་ལ། བ་ཧུ་ཤཿ། ༈
ཏཡཱཡ་ཊཽ་སཾ་ཁྱུ་ཡཾ། ལན་གཉིས་སྨྲ། ལན་གསུམ་སྨྲ། གྲངས་ཀྱི་དོན་དུ་ཏ་ཡ་ཨ་ཡཊྲ་དག་གོ །དངོས་པོ་གང་ལའང་གྲངས་དེ་དང་ལྡན་པའི་ཆེད་དུ་རྐྱེན་ཏ་ཡ་དང་ཨ་ཡཊྲ་དག་འགྱུར་ཞིང་ཨ་ཡཊ་ལ་ནི་ཌི་ཏྤ་བཞིན་དུ་ཊི་ཡང་དབྱི་སྟེ། དཱི་ཏ་སི་ཡཾ། འདི་ལན་མང་བའམ་མང་བའི་མཚན་ཉིད་ཅན།
སོགས་སོ། །དེ་དག་མོ་རྟགས་སུ་བརྗོད་ན་ཨཱིཔྲ་སྤྱོར་བས། དྭི་ཏ་ཡཱི་པདྷཱུ། དྭ་ཡཱི། ཏྲི་ཏ་ཡཱི། ༈ ཛཾ་གྷ་ལ་སོགས་པ་རྣམས་ལ་རྐྱེན་ཨི་ན། ཨ་ལ། ཨི་ཀ་རྣམས་འཇུག་པ་བཤད་དེ། ཛཾ་གྷེ་ནཿ ཛཾ་གྷཱ་ལཿ ཛཾ་གྷི་གཉིས་པའམ་གཉིས་པ་ཅན། གསུམ་པའམ་གསུམ་པ་ཅན། ཀཿ ཛ་བཱ་ལཿ
ཛ་བི་ཀཿ ཛེེ་གྷ་ཀཱ་རེ་ཎཿ ཛེེ་གྷ་ཀ་རཱ་ལཿ ཛ་གྷ་ཀ་རི་ཀཿ བུ་མོ་གཉིས་པ་མ། ཨི་ཨ་སོགས། གཉིས་པ་མ། སོགས་སོ། ༈ །སྟྲཱི་པུཾ་བྷྱཱཾ་ནཉྲ་སྣ་ཎཽ། སྟྲཱི་པུཾ་དག་ལ་ནཉྲ་སྣཎྲ་དག་གོ། །སྟྲཱི་དང་པུཾ་གྱི་སྒྲ་དག་ལ་ངོ་བོ་བརླ འམ་ལེགས་བརླ།ཨི་ཨ་སོགས་ཀྱི་ཕྱིས། པའི་དོན་ལ་རིམ་པ་བཞིན་རྐྱེན་ནཉྲ་ བཟླས་པའམ་སྨྲ་བ།
བཟླས་པའམ་སྨྲ་བ། དང་སྣཎྲ་བརླ་མཛེས། དག་འགྱུར་ཏེ། བརླ་མཛེས་སྟྲཻ་ཎཾ། པཽ་སྣཾ། ༈ ཤ་ཥཱ་ནི་པཱ་ཏྱཱ་ཀ་ཏྱཱ་ད་ཡཾ། ལྷག་མ་ཚིག་ཕྲད་རྣམས་ཀ་ཏི་ལ་སོགས་པའོ། །ཚིག་ཕྲད་རྣམས་ནི་ཀ་ཏིལ་སོགས་པ་མཐའ་ཡས་ཏེ་འདིར་ནི་མཚོན་བྱེད་ཙམ་ཡིན་ལ་ལྷག་མ་རྣམས་ནི་འཇིག་རྟེན་དུ་གྲགས་པ་ལྟར་གཞན་ལས་
ཤེས་པར་བྱ་སྟེ། ཀ་ཏིཿ ཇི་ཙམ། བུད་མེད་མཛེས་མ། པུཾ་གྱི་ང་རོ་ཚིག་ཕྲད་ཀྱི་ཕྱིས་པའོ། །སྐྱེས་པ་དཔའ་བོ། སོགས་སོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀཱ་ར་ཎ་སྱ་སཱུ་ཏྲཱཏྟདྡྷི་ཏ་པྲ་ཀྲི་ཡཱ་ས་མཱསྟུཿ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དེ་ཕན་གྱི་རབ་ཏུ་བྱ་བ་རྣམས་རྫོགས་སོ།། ༈ །།དེ་ནས་བྱིངས་
Vol. 197 · folio 68a
ལས་ཚིག་ཏུ་བསྒྲུབ་པ་ཀུན་བཤད་ཀྱི་རབ་ཏུ་བྱ་བ་རྣམས་བརྗོད་པར་བྱ་སྟེ། ༈ དྷཱ་ཏོཿ བྱིངས་ལས་སོ། །རྣམ་དབྱེ་སྡེ་ཚན་གཉིས་ལས་ཕྱི་མ་འཆད་འགྱུར་ཏི་ལ་སོགས་པ་འདི་རྣམས་བྱིངས་ཀྱི་མཐར་སྦྱོར་བར་ཤེས་པར་བྱའོ། ༈ །བྷྭཱདིཿ བྷཱུ་ལ་སོགས་
པའོ། །བྱིངས་ནི་བྷཱུ་ཡོད་པ་ལའོ་ཞེས་པ་ལ་སོགས་པ་རྣམས་ལ་བྱིངས་ཞེས་བྱའོ། ༈ །ས་ཙ་ཏྲི་བི་དྷཿ དེ་ཡང་དབྱེ་བ་གསུམ་མོ། །བྱིངས་དེ་ལ་ཡང་བདག་དོན་གྱི་ཚིག་ཅན་དང་གཞན་དོན་གྱི་ཚིག་ཅན་དང་གཉིས་ཀའི་ཚིག་ཅན་ཏེ་དབྱེ་བ་གསུམ་དུ་ཡོད་དོ། ༈ །ཨཱ་ནུ་རཱཏྟ་ངིཏཿ ཨ་ནུ་དཱཏྟ་ངིཏ་
དག་གི་ཨཱཏྲའོ། །བྱིངས་གང་ལའང་ཨ་ནུ་དཱཏྟ་སྟེ་དབྱངས་སྐད་གདངས་དམའ་བར་འགྲོ་བ་རྣམས་དང་དྲ་འགྲོ་བ་རྣམས་ནི་ཨཱཏྲ་ཅེས་པ་ཨཱཏྨ་ནེ་པ་ད་སྟེ་བདག་དོན་ཀྱི་བྱིངས་ཞེས་ཟེར་རོ། ༈ །ཉིཏྶྭ་རི་ཏེ་ཏཤྩ་ཨུ་བྷེ། ཉིཏྲ་དང་སྭ་རི་ཏའི་གཉིས་ཀའོ། །བྱིངས་གང་ལའང་ཉྲ་འགྲོ་བ་དང་སྭ་རི་ཏ་སྟེ་སྒྲ་
སྐད་གདངས་འབྲིང་པོར་འདོན་པ་འགྲོ་བ་རྣམས་བདག་དོན་དང་གཞན་དོན་གཉིས་ཀའི་ཚིག་ཅན་གྱི་བྱིངས་ཞེས་ཟེར་ལ། གཞན་ཡང་བྱིངས་གང་ལའང་བདག་དོན་དང་འབྲེལ་པའི་སྒྲུབ་འབྲས་སྟོན་པ་བདག་དོན་གྱི་ཚིག་ཅན་དང་། གཞན་གྱི་དོན་དང་འབྲེལ་བའི་སྒྲུབ་འབྲས་སྟོན་པ་གཞན་དོན་
གྱི་ཚིག་ཅན་དང་། དེ་དང་དེའི་དོན་གྱི་བྱེད་པའི་ཚིག་འཇུག་པ་ནི་དེ་དང་དེའི་ཚིག་ཅན་ཞེས་བྱའོ། ༈ །པ་ར་ཏོ྅ནྱཏ། གཞན་ལས་གཞན་ནོ། །གོང་དུ་བརྗོད་པའི་བདག་དོན་དང་གཉིས་ཀའི་དོན་ཅན་གྱི་མཚན་ཉིད་ཆང་བ་དེ་ལས་གཞན་པའི་བྱིངས་རྣམས་ནི་གཞན་དོན་གྱི་ཚིག་ཅན་གྱི་བྱིངས་
ཞེས་བྱའོ། ༈ །ན་བ་པ་རསྨཻ་པ་དཱ་ནི། དགུ་རྣམས་པ་རསྨཻ་པ་དའོ། །རྣམ་དབྱེ་ཏི་སོགས་བརྒྱ་དང་བརྒྱད་ཅུ་པོ་ལ་སྡེ་ཚན་བཅུ་རུ་ཡོད་ལ། སྡེ་ཚན་རེ་རེ་ལའང་དགུ་ཚན་གཉིས་གཉིས་སུ་ཡོད་པ་ལས། དང་པོ་དགུ་ནི་པ་རསྨཻ་པ་ད་སྟེ་གཞན་དོན་གྱི་ཚིག་ཅན་གྱི་རྣམ་དབྱེ་ཞེས་བྱའོ། ༈ །པ་རཱ་
ཎྱཱཏྨ་ནེ་པ་དཱ་ནཾ། ཕ་རོལ་རྣམས་ཨཱཏྨ་ནེ་པ་དའོ། །པ་རསྨཻ་པ་ད་ལས་ཕ་རོལ་ཏེ་ཕྱི་མ་དགུ་ནི་ཨཱཏྨ་ནེ་པ་ད་ཞེས་བདག་དོན་གྱི་ཚིག་ཅན་གྱི་རྣམ་དབྱེ་ཞེས་ཟེར་རོ། ༈ །བརྟ་མ་ནེ་ཏིབྷ་སནྟི་སིབྠསྠ་མིངྦསྨ་སྟ་ཡཱ་ཏ་ཡནྟེ་ས་ཡཱ་ཐེ་དྷྭ་ཡེ་བ་ཧེ་མ་ཧེཿ ད་ལྟར་བ་ལ་ཏིཔྲ། ཏསྲ། ཨནྟེ། སིཔྲ། ཐསྲ།
Vol. 197 · folio 68b
ཐ། མིཔྲ། བསྲ། མསྲ། ༈ ཏེ། ཨཱ་ཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །རྣམས་དབྱེ་སྡེ་ཚན་བཅུ་ལས་འཇུག་བཞིན་པ་དང་བྱ་བ་ཤེས་པར་ནུས་པའི་ད་ལྟར་བའི་དོན་ལ་ཏིཔྲ་ལ་སོགས་པ་བཅོ་བརྒྱད་པོ་འདི་རྣམས་འགྱུར་ཏེ། པཱ་ཎི་པའི་ལུགས་ལ་ལཊྲ་ཞེས་ཟེར་རོ། ༈ །
ནཱམྣི་ཙ་ཡུཥྨ་དི་ཙཱསྨ་དི་ཙཱ་བྷཱ་གཻཿཔྲ་ཐ་མ་མ་དྷྱེ་མོཏྟ་མཱ། དང་པོ་དབུས་མ་ཕྱི་མ་རྣམས་མིང་དང་ཡུ་ཥྨད། ཨསྨདྲ་རྣམས་ཀྱི་དབྱེ་བས་སོ། །ཏི་སོགས་རྣམ་དབྱེ་དགུ་ཆན་རེ་རེ་ལའང་སྐྱེས་བུ་དང་པོ་གསུམ་དང་དབུས་མ་གསུམ་དང་ཕྱི་མ་གསུམ་སྟེ་གསུམ་ཚན་གསུམ་དུ་ཡོད་པ་ལས་བྱིངས་གང་ལའང་བྱིངས་
དེ་དང་སྦྱོར་རྒྱུའི་ཉེ་བའི་ཚིག་དང་པོར་འཇོག་རྒྱུ་དེ་ཡུཥྨདྲ་དང་ཨ་སྨདྲ་དག་མ་ཡིན་པའི་མིང་སྤྱིར་བྱ་བ་ཡིན་ན་རྣམ་དབྱེ་དགུ་ཚན་སོ་སོའི་སྐྱེས་བུ་དང་པོ་གསུམ་འཇུག་ཅིང་། ཉེ་བའི་ཚིག་དེ་ཡུཥྨདྲ་ཡིན་ན་སྐྱེས་བུ་དབུས་མ་གསུམ་དང་ཨསྨདྲ་ཡིན་ན་སྐྱེས་བུ་ཕྱི་མ་གསུམ་འཇུག་གོ ༈ །ཀརྟ་རི་བཾ་ཙ། བྱེད་པོ་
ལ་པཾ་ཡང་ངོ་། །སྤྱིར་བྱེད་པ་དང་སྦྱོར་བའི་བྱ་བའི་དོན་ལ་པཾ་སྟེ་པ་རསྨཻ་པ་ད་རྣམས་འཇུག་པ་ཤས་ཆེ་ཞིང་དངོས་པོ་དང་ལས་ཀྱི་བྱ་བའི་དོན་ལ་ཨཱཏྨ་ནེ་པ་ད་རྣམས་འཇུག་པ་སྤྱིར་བཏང་ངོ་། །དེ་ཡང་བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏིཔྲ་བྱིན་པས། བྷཱུ།
ཏིཔྲ་ཅེས་གནས་པ་ལ། ༈ །ཨབྲ་ཀརྟ་རི། བྱེད་པ་པོ་ལ་ཨཔྲའོ། །བྱིངས་བྷཱུ་ལ་སོགས་པ་རྣམས་ལ་རྣམ་དབྱེ་ཏིཔྲ་སོགས་ནས་བཟུང་དིཔྲ་སོགས་ཀྱི་བར་སྡེ་ཚན་བཞི་པོ་ཕ་རོལ་ལ་བྱེད་པ་པོའི་དོན་དུ་ཨཔྲ་བི་ཀཱ་ར་ཎ་རྐྱེན་དུ་འགྱུར་ཏེ། ཨཔྲ་བི་ཀཱ་ར་ཎ་བྱིན། ༈ གུ་ཎོཿ ཡོན་ཏན་
ནོ། །རྣམ་དབྱེ་དང་རྐྱེན་ཡོན་ཏན་འབྱུང་བའི་རྒྱུ་མཚན་ཅན་ཕ་རོལ་ལ་བྱིངས་ཀྱི་མཐའ་ཡོན་ཏན་དུ་འགྱུར་རོ། ༈ །ཨ་བིཏྟཱ་དིརྡིཏ། པིཏྲ་དང་ཏཱ་སོགས་མ་ཡིན་པ་ནི་ངིཏྲའོ། །རྣམ་དབྱེ་བ་ཡིག་འགྲོ་བ་རྣམས་དང་འོག་ནས་འབྱུང་བའི་ཏཱ་ཏཱ་རཽ་སོགས་མ་ཡིན་པའི་རྐྱེན་རྣམས་ལ་ནི་ང་
འགྲོ་བའི་མིང་ཅན་ཞེས་ཟེར་ཏེ་དགོས་པ་ནི་བྱིངས་ལ་ཡོན་ཏན་མི་བྱེད་པའི་དོན་ནོ། ༈ །ཀྲི་ཏྱ་དྱུ་སི། ཨུསྲ་མ་ཡིན་པའི་ཀིཏྲ་ངིཏྲ་ལའོ། །འོག་ནས་འབྱུང་བའི་རྣམ་དབྱེ་ཨུསྲ་མ་ཡིན་པའི་ཀྲ་འགྲོ་བའི་མིང་ཅན་དང་དྲ་འགྲོ་བའི་མིང་ཅན་རྣམས་ཕ་རོལ་ལ་བྱིངས་ལ་ཡོན་ཏན་འབྱུང་བ་མ་
Vol. 197 · folio 69a
ཡིན་ནོ། །དེས་ན་འདིར་ཨཔྲ་བི་ཀཱ་ར་ཎ་པྲ་འགྲོ་བ་ཡིན་པས། བྱིངས་ལ་ཡོན་ཏན། པྲ་དེའི་དོན། ཨོ་ཨབྲ་སོགས་ཀྱིས་བསྒྲུབས་པས། བྷ་བ་ཏི། གཉིས་ཚིག་ལ། བྷ་བ་ཏཿ མང་ཚིག་ལའང་བྷཱ་བྷ་བར་བསྒྲུབ་ཚུལ་སོགས་གོང་ལྟར་བྱས་པས།
བྷ་བ། ཨནྟི་ཞེས་གནས་པ་ལ། ༈ །ཨ་དེ། ཨཏ་ཀྱི་ཨ་དང་ཨེའོ། །བྱིངས་ཀྱི་མཐའི་ཨཏྲ་ནི་རྐྱེན་ཨ་ཡིག་དང་ཨེ་ཡིག་ཕ་རོལ་ལ་དབྱི་བར་བྱ་སྟེ། བྱིངས་མཐའི་ཨ་ཕྱིས་ཡོད། པས། བྷ་བནྟི། དག་ཡོད། དེ་བཞིན་དུ་སྐྱེས་བུ་དབུས་མ་གསུམ་ལ། བྷ་བ་སི། བྷ་བ་ཐཿ
བྷ་བ་ཐ། སྐྱེས་བུ་ཕྱི་མའི་གཅིག་ཚིག་ལ། བྷ་བ། མིཔྲ་ཅེས་གནས་པ་ལ། ༈ །བ་མོ་རཱ། བ་མ་དག་ལ་ཨཱའོ། །རྣམ་དབྱེ་ཏི་སོགས་བ་ཡིག་དང་མ་ཡིག་ཐོག་མ་ཅན་ཕ་རོལ་ལ་བྱིངས་མཐའི་ཨ་རྣམས་ཡོད། ཐུང་ནི་ཨཱ་ཡིག་རིང་པོར་འགྱུར་ཏེ། བྷ་བཱ་མི། དེ་བཞིན་ཡོད།དུ་གཉིས་ དག་ཡོད
རྣམས་ཡོད། ཚིག་དང་མང་ཚིག་ལ། བྷ་བཱ་བཿ བྷ་བཱ་མཿ གོང་དུ་བཤད་པ་ལྟར་དེ་རྣམས་ཉེ་བའི་ཚིག་དང་སྦྱོར་ཚུལ་ནི། མིང་དང་སྐྱེས་བུ་དང་པོ་གསུམ་རིམ་བཞིན་སྦྱར་བས། སི་ ས་རཱ་ཛ་དྷཱ་རྨི་ཀོ་བྷ་བ་ཏི། ཨཽ ཏཽ་རཱ་ཛ་ ཨཽ་ ནཽ་དྷཱརྨི་ཀཽ ཨཽ བྷ་བ་ཏཿ ཏེ་རཱ་ཛཱ་ནོ་དྷཱརྨི་ཡོད ཀཱ་བྷ་བནྟི། ཨནྟི། ཡུཥྨདྲ་དང་
སྐྱེས་བུ་དབུས་མ་རྣམས་སྦྱར་བའི་དཔེ་ནི། ངག་ཡོད། རྣམས་ཡོད། ཏྭཾ་སཱ་སི་དྷུརྦྷ་བ་སི། སིཔྲ ཡུ་བཱཾ་སཱ་དྷུ་བྷ་བ་ཐཿ ཐསྲ ཡཱུ་ཡཱཾ་སཱ་དྷུ་བྷ་བ་ཐ། ཐ་ སྐྱེས་བུ་ཕྱི་མ་ཨ་སྨད་དང་སྦྱོར་བའི་དཔེ་ནི། དེ་རྒྱལ་པོ་ཆོས་དང་ལྡན་པར་ཡོད། སི་ སི་ ཏིཔྲ། དེ་དག་རྒྱལ་པོ་དག་ཆོས་ལྡན་དག་ཡོད། ཏས྄ ཛས྄ ཛས྄ ཨ་ཧ་སིམཱཏྨ་ ཛས྄་དེ་རྣམས་རྒྱལ་པོ་རྣམས་ཆོས་ལྡན་རྣམས་ཡོད།
བིདྡྷཱ་བཱ་མི། མིཔ་། ཨཱ་བཱ་ཨཽ་ མཱཏྨ་བི་དཽ་བྷ་བཱ་བཿ བསྲ་ བ་ཡ་མཱཏྨ་བི་དཿསི་ སི་ ཁྱོད་ལེགས་པར་ཡོད། ཨོ་ ཁྱོད་དག་ལེགས་པར་ཡོད་པ་དག། ཁྱེད་རྣམས་ལེགས་པ་རྣམས་ཡོད། བྷ་བཱ་མཿ མས྄་ སོགས་སོ། ༈ །ཨ་བྱ་བ་དྷཱ་ནཱཙྩ་པུ་རུ་ཥ་བི་ཤེ་ཥཿ བར་མ་ཆད་པ་ལས་ཀྱང་སྐྱེས་བུའི་བྱེ་བྲག་གོ །ང་ནི་བདག་ཉིད་རིག་པར་ཡོད། མིང་དང་ཡུཥྨདྲ་དང་ཨསྨད་
སི་ ངེད་དག་བདག་ཉིད་རིག་བདག་ཡོད། ཨཽ་གསུམ་རེ་རེ་ལ་ཛས་སྐྱེས་ཛས་ བུ་དང་པོ་དང་དབུས་མ་དང་ཕྱི་མ་གསུམ་སྦྱོར་ཚུལ་གོང་དུ་བཤད་ངེད་རྣམས་བདག་ཉིད་རིག་པ་རྣམས་ཡོད། པ་ལྟར་ཡིན་ལ། མིང་དང་ཡུཥྨདྲ་ཨསྨད་གསུམ་ག་སྒྲིགས་པ་དང་གཉིས་སྒྲིགས་སོགས་བར་མ་ཆད་པ་ལས་ཀྱང་དེ་གསུམ་གཙོ་ཕལ་
Vol. 197 · folio 69b
གྱི་སྐྱེས་བུ་གསུམ་པོ་ལའང་གཙོ་ཕལ་བྱེ་བྲག་ཡོད་ལ། དེ་ཡང་གསུམ་ག་སྒྲིགས་པ་ལ་ཨསྨདྲ་གཙོ་བས་སྐྱེས་བུ་ཕྱི་མ་དང་། གཉིས་སྒྲིགས་པ་ལའང་ཨསྨད་ཡོད་ན་དེ་གཙོ་བས་ཕྱི་མ་དང་། ཨསྨདྲ་མེད་པའི་གཉིས་སྒྲིགས་ལ་ཡུཥྨདྲ་གཙོ་ཆེ་བས་སྐྱེས་བུ་དབུས་མ་འཇུག་སྟེ།
ས་ཙ་ཏྭཾ་ཙ་སཱ་དྷུ་བྷ་བ་ཐཿ ཞེས་པ་ཨསྨདྲ་མེད་ན་ཡུཥྨ་ད་གཙོ་ཆེ་བས་སྐྱེས་བུ་དབུས་མའི་གཉིས་ཚིག་ཐསྲ་བྱུང་བ་ལྟ་བུའོ། ༈ །བི་དྷི་སཾ་བྷ་བ་ན་ཡོཿཡཱ་ཏྱཱ་ཏཱཾཡུ་སྱཱསྱཱ་ཏཱཾ་ཡཱ་ཏ་ཡཱཾ་ཡཱ་བ་ཡཱ་མེ་ཏེ་ཡཱ་ཏཱ་མཱི་ར་ནཱི་ཐ་སཱི་ཡཱ་ཐཱ་མཱི་དྷྭ་མཱི་ཡེ་བ་ཧཱི་མ་ཧི། ཆོ་ག་འབྱུང་བའི་གནས་དག་ལས། ཡཱཏྲ།
དེ་དང་ཁྱོད་ཀྱི་ལེགས་པར་ཡོད། ཡཱ་ཏཱམྲ། ཡུས྄། ཡཱསྲ། ཡཱ་ཏཱཾ། ཡཱ་ཏ། ཡཱཾ། ཡཱ་བ། ཡཱ་མ། ༈ ཨཱི་ཏ། ཨཱི་ཡཱ་ཏཱཾ། ཨཱི་རནྲ། ཨཱི་ཐསྲ། ཨཱི་ཡཱ་ཐཱཾ། ཨཱི་དྷཱཾ། ཨཱི་ཡ། ཨཱི་བ་ཧི། ཨཱི་མ་ཧི་རྣམས་སོ། །ཆོ་ག་ཞེས་པ་བྱ་བའི་དོན་ལ་ཉེ་བར་སྟོན་པ་དང་འབྱུང་བའི་གནས་ཏེ་རྟོགས་པས་
ཤེས་པའི་བྱ་བའི་དོན་ལ་རྣམ་དབྱེ་ཡཱཏྲ་ལ་སོགས་པ་འདི་རྣམས་འཇུག་སྟེ། པཱ་ཎི་པའི་ལུགས་ལ་ལིང་ཟེར་རོ། །དེ་ཡང་གོང་བཞིན། བྷཱུ་བྷ་བར་བསྒྲུབ་པ་ལ། པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཡཱཏྲ་སྦྱར། བྷ་བ། ཡཱཏྲ་ཅེས་གནས་པ་ལ། ༈ །ཡཱ། ཨ་ལ་ཡའིའོ། །
བྱིངས་ཨ་ཡིག་མཐའ་ལས་ཕ་རོལ་གྱི་རྣམ་དབྱེའི་ཡཱ་ཡིག་ནི་ཨཱི་རུ་འགྱུར་ཏེ། ཡཱ་ཨཱི། ཨ་ཨི་ལ་ཨེར་བསྒྱུར་བས། བྷ་བེེཏྲ། དེ་བཞིན་དུ་གཉིས་ཚིག་ལ། བྷ་བེ་ཏཱཾ། མང་ཚིག་ལ། བྷ་བ། ཡུས྄་ཞེས་གནས་པ་ལ། ༈ །ཡུསྲ་ཨིཊྲ། ཡུསྲ་ལ་ཨིཊུའོ། །ཨ་ཡིག་མཐའ་ལས་ཕ་རོལ་གྱི་
ཡུས་ལ་ཨིཊྲ་ཨཱ་ག་མ་འགྱུར་ཏེ། ཨིཊྲ་བྱིན། ཊྲ་གནས་དོན། ཨ་ཨི་ལ་ཨེ། བྷ་བེེ་ཡུཿ སྐྱེས་བུ་དབུས་མ་གསུམ་ལ། བྷ་བེེཿ བྷ་བེེ་ཏཱཾ། བྷ་བེ་ཏ། སྐྱེས་བུ་ཕྱི་མའི་གཅིག་ཚིག་ལ། བྷ་བ། ཡཱཾ་ཞེས་གནས་པ་ལ། ༈ ཡཱ་མི་ཡཾ། ཡཱམྲ་ཨི་ཡཾ་མོ། །ཨ་
ཡིག་མཐའ་ལས་ཕ་རོལ་གྱི་རྣམ་དབྱེ་ཡཱཾ་ནི་ཨི་ཡཾ་དུ་འགྱུར་ཏེ། བྷ་བེེ་ཡཾ། གཉིས་ཚིག་དང་མང་ཚིག་ལ། བྷ་བེེ་བ། བྷ་བེེ་མ། དེ་རྣམས་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཤི་ཥྱོ་གུ་རུ་ཤུ་ཤྲུཥ་ཀོ་བྷ་བེེཏ། ཨཏྲ སློབ་མས་བླ་མ་བསྟེན་པའི་བྱ་བ་བྱེད། ཅེས་པ་ཆོ་ག་འབྱུང་བའི་དཔེ་དང་།
Vol. 197 · folio 70a
བྷ་བེེ་ད་སཽ་བེེ་ད་པཱ་ར་གོ་བྲཱཧྨ་ཎ་ཏྭཱ་དི་ཏི་སཾ་བྷཱ་བ་ནཾ། ཞེས་པ་འབྱུང་བའི་གནས་ཀྱི་དཔེའོ། ༈ །ཨ་ཤཱིཿ བྲེ་ར་ཎ་ཡོཿཏུཔྟཱ་མནྟུ་ཧི་ཏཾ་ཏཱ་ནི་བཱ་བ་བཱ་མཔྟཱ་མཱ་ཏཱ་མནྟཱཾསྭཱ་ཐཱཾ་དྷྭཱ་མཻ་བཱ་བ་ཧཻ་བཱ་མ་ཧཻཔྲ། ཤིས་བྱེད་དང་བྱེད་དུ་འཇུག་པ་དག་ལ་ཏུཔྲ། ཏཱཾ ཨནྟུ། ཧི་ཏཾ་ཏ། ཨཱ་ནིཔྲ། ཨཱ་བཔྲ། ཨཱ་མཔྲ། ༈ ཏཱཾ་
ཨཱ་ཏཱཾ། ཨནྟྭམ། ཡཱཏ འདི་ལྟར་ཁྱོད་རིག་བྱེད་ཀྱི་ཕ་རོལ་ཏུ་སོན་ན་བྲམ་ཟེའོ། །སྭ ཨཱ་ཐཱམྲ། དྷྭཱམ། ཨཻཔྲ། ཨཱ་བ་ཧཻཔྲ། ཨཱ་མ་ཧཻཔྲ་རྣམས་སོ། །མ་ཐོབ་པ་ཐོབ་པར་བྱེད་པ་སོགས་བཀྲ་ཤིས་པའི་དོན་དང་འདོད་པ་དང་མཐུན་པར་བསྐུལ་བ་སོགས་བྱེད་དུ་འཇུག་པའི་དོན་ལ་ཏུཔྲ་ལ་སོགས་པ་འདི་རྣམས་
འགྱུར་ཞིང་། པཱ་ཎི་པའི་ལུགས་ལ་ལོཊྲ་ཟེར་རོ། །དེ་ཡང་བྷཱུ་བྷ་བར་བསྒྲུབ་ཚུལ་གོང་ལྟར་ལ། སྐྱེས་བུ་དང་པོའི་གཅིག་ཚིག་ལ། བྷ་བ། ཏུཔྲ་ཅེས་གནས་པ་ལ། ཤིས་བྱེད་ཀྱི་དོན་ལ་སྐྱེས་བུ་དང་པོའི་གཅིག་ཚིག་ཏུཔྲ་དང་སྐྱེས་བུ་དབུས་མའི་གཅིག་ཚིག་ཧི་གཉིས་ནི་ཏཱ་ཏང་ཞེས་
པར་བསྒྱུར་བ་དང་མི་བསྒྱུར་བ་འདམ་ཁ་ཅན་དུ་བཤད་པས། བྷ་བ་ཏུ། བྷ་བ་ཏཱཏྲ། གཉིས་ཚིག་དང་མང་ཚིག་ལ། བྷ་བ་ཏཱཾ། ཨ་བྷ་བནྟུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། བྷ་བ། ཧི་ཞེས་གནས་པ་ལ། ༈ །ཨ་ཏཿ ཨཏྲ་ལས་སོ། །ཨ་ཡིག་མཐའ་ལས་ཕ་རོལ་གྱི་ཧི་ནི་
དབྱི་བར་བྱ་སྟེ། ཧི་དབྱི་བ་དང་ཤེས་བྱེད་ཀྱི་དོན་ལ་ཏཱ་ཏང་དུ་བསྒྱུར་བ་ཡང་ན་བར་བྱས་པས། བྷ་བ། བྷ་བ་ཏཱཏྲ། གཉིས་ཚིག་དང་མང་ཚིག་ལ། བྷ་བ་ཏཾ། བྷ་བ་ཏ། སྐྱེས་བུ་དབུས་མ་གསུམ་ལ། བྷ་བཱ་ནི། བྷ་བཱ་བ། བྷ་བཱ་མ། དེ་རྣམས་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི།
ཨཱ་ཡུཥྨཱནྦྷ་བ་ཏུ། ཤིས་བྱེད་ཀྱི་དཔེ། ཨཱ་ཡུཥྨཱནྦྷ་བ་ཏཱཏྲ། ཨ་དྷྱ་ཡ་ནཱ་ཡོ་ར་དྱ་ཏོ་བྷ་བ་སཽ་མྱ། ༈ ཨ་ན་དྱ་ནེ་ཨཱ་དཱི་ཏེ་དིཔྟཱ་མནྶི་པཱཾ་ཏཱཾ་མིབྦམ་ཏ་ནཱ་ཏཱ་མཾ་ཏ་ཐཱ་སཱ་ཐཱཾ་དྷྭ་མི་བ་ཧི་མ་ཧི། དེ་རིང་མ་ཡིན་པའི་འདས་པ་ལ། དིཔྲ། ཏཱམྲ། ཨནྲ། སིཔྲ། ཏམྲ། ཏ། ཨ་མིཔྲ། བ་མ། ༈ ཏནྲ། ཨཱ་
ཏཱམྲ། ཨནྟ། ཁྱོད་ཚེ་དང་ལྡན་པར་གྱུར་ཅིག། ཀློག་ཅིང་འདོན་པ་དེ་ཉིད་མཛོད་ཅིག་དགེ་བའོ། བྱེད་དུ་འཇུག་པའི་དཔེ། ཐཱསྲ། ཨཱ་ཐཱམྲ། དྷཱཾ། ཨི། བ་ཧི། མ་ཧི་རྣམས་སོ། །དེ་རིང་མ་ཡིན་པའི་འདས་པ་སྟེ་དུས་འདས་པ་ཡིན་པ་ལ་འདས་ནས་ཡུན་རིང་མ་སོང་བའི་དོན་ལ་དིཔྲ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འགྱུར་
Vol. 197 · folio 70b
ཏེ། པཱ་ཎི་པའི་ལུགས་ལའང་ཟེར་རོ། །རྣམ་དབྱེ་དེ་རྣམས་ཀྱི་དིཔྲ་དང་སིཔྲ་དང་མིཔྲ་རྣམས་ཀྱི་པྲ་ཡིག་ཡོན་ཏན་གྱི་དོན་དང་ཨི་ཡིག་བརྗོད་པའི་དོན། ཏན་གྱི་ན་ཡིག་དགོས་པ་དང་བཅས་པའི་རྗེས་འབྲེལ་ཡིན་ནོ། །བྷཱུ་བྷ་བར་བསྒྲུབ་ཚུལ་སྔར་ལྟར་བྱས་པས། བྷ་བ། དིཔྲ་ཅེས་གནས་
པ་ལ། ༈ དཱི་བཱ་དཱ་བཊྲ། དིཔྲ་སོགས་ལ་ཨཊྲའོ། །རྣམ་དབྱེ་དིཔྲ་སོགས་ཕ་རོལ་ལ་དེ་རྣམས་སྦྱོར་རྒྱུའི་བྱིངས་དེ་ལ་ཨཊྲ་ཨཱ་ག་མ་སྟེར་བར་བྱ་སྟེ། ཨཊྲ་བྱིན་གནས་མེད་པ་ལ་ཡང་ནའོས། ད་ཉིད་དང་ཏ་འདམ་ཁ་ཅན་དུ་བྱས་པས། ཨ་བྷ་བཏྲ། ཨ་བྷ་བདྲ། དེ་བཞིན་དུ་བསྒྲུབས་པས།
གཉིས་ཚིག་དང་མང་ཚིག་ལ། ཨ་བྷ་བ་ཏཱཾ། ཨ་བྷ་བནྲ། སྐྱེས་བུ་དབུས་མ་གསུམ་ལ། ཨ་བྷ་བཿ ཨ་བྷ་བ་ཏཾ། ཨ་བྷ་བ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་བྷ་བཾ། ཨ་བྷ་བཱ་བ། ཨ་བྷ་བཱ་མ། དེ་རྣམས་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཧྱོ྅བྷ་བ་ཏཏྭཏྤུ་
ཏྲཿ སོགས་སོ། །དེ་ནས་བརྟ་མ་ན་ལ་སོགས་པ་དེ་རྣམས་ཀྱི་ཨཱཏྨ་ནེ་པ་ད་རྣམས་བྱིངས་དང་སྦྱོར་ཚུལ་ནི། ཨེ་དྷ་འཕེལ་བ་ལའོ་ཞེས་པའི་བྱིངས་ལ། བརྟ་མ་ནའི་ཨཱཏྨ་ནེ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་སྟེ། བྱིངས་མཐའི་ཨ་བརྗོད་དོན། བྱེད་པ་པོ་ཁ་སང་བྱུང་ངོ་ཁྱོད་ཀྱི་བུ།
ལ་ཞེས་པས། ཨཔྲ་བི་ཀཱ་ར་ཎ་བྱིན། ཨེ་དྷ་ཏེ། གཉིས་ཚིག་སོགས་ཀུན་ལ་ཨཔྲ་བི་ཀཱ་ར་ཎ་སྦྱར་བའི་ཨེ་དྷ་ཞེས་པའི་བར་གོང་བཞིན་བསྒྲུབས་པས། ཨེ་དྷ། ཨཱ་ཏེ་ཞེས་གནས་པ་ལ། ༈ །ཨཱ་དཱ་ཐ་ཨི། ཨཱཏྲ་ཨཱ་ཐའི་ཨིའོ། །ཨ་ཡིག་མཐའ་ལས་ཕ་རོལ་གྱི་ཨཱཏྲ་དང་ཨཱ་ཐ་སྟེ་ཏ་
དང་ཐ་ཡིག་དག་དང་འབྲེལ་བའི་ཨཱ་ནི་ཨི་རུ་འགྱུར་ཏེ། ཨེ་དྷེ་ཏེ། མང་ཚིག་ལ། ཨེ་དྷནྟེ། དེ་བཞིན་དུ་སྐྱེས་བུ་དབུས་མ་གསུམ་ལ། ཨེ་དྷ་སེ། ཨེ་དྷེ་ཐེ། ཨེ་དྷ་དྷྭེ། སྐྱེས་བུ་ཕྱི་མ་གསུམ་ལ། ཨེ་དྷེ། ཨེ་དྷཱ་བ་ཧེ། ཨེ་དྷཱ་མ་ཧེ། དེ་རྣམས་ཉེ་བའི་
ཚིག་དང་སྦྱར་བའི་དཔེ་ནི། དྷརྨཱ་དེ་དྷ་ཏེ་ཨོ་ད་རཱ་ཛྱཾ། ཆོས་ཀྱི་མཐོ་གྱུར་ད་ལྟ་རྒྱལ་པོ། ༈ །ཆོ་ག་དང་འབྱུང་བའི་དོན་གྱི་ཨཱཏྨ་ནེ་པ་ད་རྣམས་སྦྱོར་བའི་དཔེ་ནི་ཨཔྲ་བི་ཀཱ་ར་ཎ་སྟེར་བ་སོགས་གོང་ལྟར་བསྒྲུབས་པས། སྐྱེས་བུ་དང་པོ་གསུམ་ལ། ཨེ་དྷེ་ཏ། ཨེ་དྷེ་ཡཱ་ཏཱཾ། ཨེ་དྷེ་རན། སྐྱེས་བུ་དབུས་
Vol. 197 · folio 71a
མ་གསུམ་ལ། ཨེ་དྷེ་ཐཿ ཨེ་དྷེ་ཡཱ་ཏཱཾ། ཨེ་དྷེ་རནྲ། སྐྱེས་བུ་དབུས་མ་གསུམ་ལ། ཨེ་དྷེ་ཡ། ཨེ་དྷེ་བ་ཧི། ཨེ་དྷེ་མ་ཧི། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། དྷརྨ་ཏཿསཱ་དྷུ་རེ་དྷེ་ཏ། ཨཱིཏ། ༈ ཤིས་བྱེད་དང་བྱེད་དུ་འཇུག་པའི་དོན་གྱི་ཨཱཏྨ་ནེ་
པ་ད་རྣམས་སྦྱོར་ཚུལ་ནི། ཨེ་དྷར་བསྒྲུབས་པ་སོགས་གོང་བཞིན་བྱས་པས་སྐྱེས་བུ་དང་པོ་གསུམ་ལ། ཨེ་དྷ་ཏཱཾ། ཨེ་དྷེ་ཏཱཾ། ཨེ་དྷནྟཱཾ། དབུས་མ་གསུམ་ལ། ཨེ་དྷ་སྭ། ཨེ་དྷེ་ཐཱཾ། ཆོས་དང་ལྡན་པ་ལས་ལེགས་པ་འཕེལ་ལོ། ཨེ་དྷ་དྷྭཱཾ། ཕྱི་མ་གསུམ་ལ། ཨེ་དྷཻ།
ཨེ་དྷཱ་བ་ཧཻ། ཨེ་དྷཱ་མ་ཧཻ། ༈ དེ་རིང་མ་ཡིན་པའི་འདས་པའི་དོན་གྱི་ཨཱཏྨ་ནེ་པ་ད་སྦྱོར་ཚུལ་ནི། ཨེ་དྷ། ཏནྲ་ཞེས་གནས་པ་ལ། དིཔྲ་སོགས་ལ་ཨཊྲ་འོས་ཨཱ་ག་མ་བྱིན། ༈ སྭ་རཱ་དེཿ དབྱངས་ཐོག་མ་ལས་སོ། །རྣམས་དབྱེ་དིཔྲ་ལ་སོགས་པ་ཕ་
རོལ་ལ་དེ་སྦྱོར་ཡུལ་གྱི་བྱིངས་དེའི་ཐོག་མ་དབྱངས་རྐྱང་པ་ཡིན་ན་དབྱངས་དེ་ལ་སླར་ཡང་ཨཊྲ་ཨཱ་ག་མ་སྟེར་བར་བྱ་སྟེ། སླར་ཡང་ཨཊྲ་བྱིན་རིམ་བཞིན་མཚམས་སྦྱར་བས། ཨཻ་དྷ་ཏ། གཉིས་ཚིག་དང་མང་ཚིག་ལ། ཨཻ་དྷེ་ཏཱཾ། ཨཻ་དྷནྟ། དབུས་མ་གསུམ་ལ།
ཨཻ་དྷ་ཐཱཿ ཨཻ་དྷེ་ཐཱཾ། ཨཻ་དྷ་དྷྭཾ། ཕྱི་མ་གསུམ་ལ། ཨཻ་དྷེ། ཨཻ་དྷཱ་བ་ཧི། ཨཻ་དྷཱ་མ་ཧི། དེ་བཞིན་དུ། ཨཱི་ཀྵ་ལྟ་བ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་སོགས་ཀྱི་ཨཱཏྨ་ནེ་པ་ད་རྣམས་སྦྱར། ཆོ་ག་སྔོན་མ་རྣམས་དང་འདྲ་བར་བསྒྲུབས་པས། བརྟ་མ་ནའི་སྐྱེས་བུ་གསུམ་
ལ་རིམ་པ་བཞིན། ཨཱིཀྵ་ཏེ། ཨཱིཀྵེ་ཏེ། ཨཱིཀྵ་ནྟེ། ཨཱིཀྵ་སེ། ཨཱིཀྵེ་ཐེ། ཨཱིཀྵ་དྷྭེ། ཨཱིཀྵེ། ཨཱིཀྵཱ་བ་ཧེ། ཨཱིཀྵཱ་མ་ཧེ། ༈ ཆོ་ག་དང་འབྱུང་བའི་དོན་གྱི་སྐྱེས་བུ་གསུམ་ལ། ཨཱིཀྵེ་ཏ། ཨཱིཀྵེ་ཡཱ་ཏཱཾ། ཨཱིཀྵེ་རནྲ། ཨཱིཀྵེ་ཐཿ ཨཱིཀྵེ་ཡཱ་ཐཱཾ། ཨཱིཀྵེ་
ཡ། ཨཱིཀྵེ་བ་ཧི། ཨཱིཀྵེ་མ་ཧི། ༈ ཤིས་བྱེད་དང་བྱེད་དུ་འཇུག་པའི་དོན་གྱི་སྐྱེས་བུ་གསུམ་ལ། ཨཱིཀྵ་ཏཱཾ། ཨཱིཀྵེ་ཏཱཾ། ཨཱིཀྵནྟཱཾ། ཨཱིཀྵ་སྭ། ཨཱིཀྵེ་ཐཱཾ། ཨཱིཀྵེ་དྷྭཱཾ། ཨཱིཀྵཻ། ཨཱིཀྵཱ་བ་ཧཻ། ཨཱིཀྵཱ་མ་ཧཻ། ༈ དེ་རིང་མ་ཡིན་པའི་འདས་པའི་དོན་གྱིས་སྐྱེས་བུ་གསུམ་ལ།
Vol. 197 · folio 71b
ཨཻཀྵ་ཏ། ཨཻཀྵེ་ཏཱཾ། ཨཻཀྵནྟ། ཨཻཀྵ་ཐཱཿ ཨཻཀྵེ་ཐཱཾ། ཨཻཀྵེ་དྷྭཾ། ཨཻཀྵེ། ཨཻཀྵཱ་བ་ཧི། ཨཻཀྵཱ་མ་ཧི། སོགས་མཐའ་ཡས་སོ། ༈ །དེ་ནས་གཉིས་ཀའི་ཚིག་ཅན་གྱི་དཔེ་ནི་ཌུ་པ་ཙཥྲ་འཚེད་པ་ལའོ་ཞེས་པའི་བྱིངས་ལ་རྣམ་དབྱེ་རྣམས་ཀྱི་པ་རསྨཻ་པ་ད་དང་། ཨཱཏྨ་ནེ་པ་ད་
གཉིས་ཀ་འཇུག་སྟེ་བྱིངས་ཀྱི་ཌུ་དང་ཥྲ་དགོས་པ་དང་བཅས་པའི་རྗེས་འབྲེལ་ཙའི་ཨ་སྭ་རི་ཏསྟེ་གཉིས་ཀའི་ཚིག་ཅན་ཡིན་པའི་དོན་ཏེ། རྗེས་འབྲེལ་རྣམས་ཕྱིས། ཨཔྲ་བི་ཀཱ་ར་ཎ་སྟེར་བ་སོགས་ཆོ་ག་ཐམས་ཅད་བྷཱུ་དང་ཨེ་དྷའི་སྐབས་དང་འདྲ་བས། ༈ བརྟ་
མན་ལཊྲའི་པ་རསྨཻ་པ་དའི་སྐྱེས་བུ་གསུམ་ལ་རིམ་པ་བཞིན། པ་ཙ་ཏི། པ་ཙ་ཏཿ པ་ཙནྟི། པ་ཙ་སི། པ་ཙ་ཐཿ པ་ཙ་ཐ། པ་ཙཱ་མི། པ་ཙཱ་བ། པ་ཙཱ་མཿ། ༈ ཆོ་ག་དང་འབྱུང་བའི་དོན་གྱི་སྐྱེས་བུ་གསུམ་ལ། པ་ཙེཏྲ། པ་ཙེ་ཏཱཾ། པ་ཙེ་ཡུཿ།
པ་ཙེཿ པ་ཙེ་ཏཾ། པ་ཙེ་ཏ། པ་ཙེ་ཡཾ། པ་ཙེ་བ། པ་ཙེ་མ། ༈ ཤིས་བྱེད་ལོཊའི་སྐྱེས་བུ་གསུམ་ལ། པ་ཙ་ཏུ། པ་ཙ་ཏཱཏྲ། པ་ཙ་ཏཱཾ། པ་ཙནྟ། པ་ཙ། པ་ཙ་ཏཱཏྲ། པ་ཙ་ཏཾ། པ་ཙ་ཏ། པ་ཙཱ་ནི། པ་ཙཱ་བ། པ་ཙཱ་མ། ༈ དེ་རིང་མ་ཡིན་པ་ལིང་གི་
སྐྱེས་བུ་གསུམ་ལ། ཨ་པ་ཙཏྲ། ཨ་པ་ཙ་ཏཱཾ། ཨ་པ་ཙནྲ། ཨ་པ་ཙཿ ཨ་པ་ཙ་ཏཾ། ཨ་པ་ཙ་ཏ། ཨ་པ་ཙཾ། ཨ་པ་ཙཱ་བ། ཨ་པ་ཙཱ་མ། ༈ ཡང་ཨཱཏྨ་ནེ་པ་ད་རྣམས་སྦྱར་བས་བརྟ་མ་ན་ལཊྲ་ལ། པ་ཙ་ཏེ། པ་ཙེ་ཏེ། པ་ཙནྟེ། པ་ཙ་སེ། པ་ཙེ་ཐེ། པ་ཙ་དྷྭེ།
པ་ཙེ། པ་ཙཱ་བ་ཧེ། པ་ཙཱ་མ་ཧེ། ༈ ཆོ་ག་དང་འབྱུང་བ་ལིངྲ་ལ། པ་ཙེ་ཏ། པ་ཙེ་ཡཱ་ཏཱཾ། པ་ཙེ་རནྲ། པ་ཙེ་ཐཿ པ་ཙེ་ཡཱ་ཐཱཾ། པ་ཙེ་དྷྭཾ། པ་ཙེ་ཡ། པ་ཙེ་བ་ཧི། པ་ཙེ་མ་ཧི། ༈ ཤེས་བྱེད་ལོཊྲ་ལ། པ་ཙ་ཏཱཾ། པ་ཙེ་ཏཱཾ། པ་ཙནྟཱཾ། པ་ཙ་སྭ། པ་ཙེ་ཐཱཾ། པ་ཙ་དྷྭཾ།
བ་ཙཻ། པ་ཙཱ་བ་ཧཻ། པ་ཙཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨ་པ་ཙ་ཏ། ཨ་པ་ཙེ་ཏཱཾ། ཨ་པ་ཙནྟ། ཨ་པ་ཙ་ཐཱཿ ཨ་པ་ཙེ་ཐཱཾ། ཨ་པ་ཙ་དྷྭཾ། ཨ་པ་ཙེ། ཨ་པ་ཙཱ་བ་ཧི། ཨ་པ་ཙཱ་མ་ཧི། སོགས་ཏེ་བྱིངས་བདག་དོན་ཅན་ལ་ཨཱཏྨ་ནེ་པ་ད་དང་གཞན་
Vol. 197 · folio 72a
དོན་ཅན་ལ་པ་རསྨཻ་པ་ད་དང་གཉིས་ཀའི་ཚིག་ཅན་ལ་གཉིས་ཀ་སྦྱོར་ཚུལ་རྣམས་རིགས་འགྲེ་སྟེ་ཤེས་པར་བྱའོ། ༈ །དེ་ནས་ཨདྲ་ལ་སོགས་པ་ཨཔྲ་བི་ཀཱ་ར་ཎ་འཇིག་པ་རྣམས་ཀྱི་ཆོ་ག་རྣམས་བཤད་པར་བྱ་སྟེ། ༈ ཨ་དཱ་དེརླུཀྲ། ཨདྲ་ལ་སོགས་པ་
རྣམས་ལས་འཇིག་གོ། །བྱིངས་ཨདྲ་ལ་སོགས་པའི་སྡེ་ལས་ཕ་རོལ་གྱི་བྱེད་པ་པོའི་དོན་ཅན་གྱི་ཨཔྲ་བི་ཀཱ་ར་ཎ་ནི་འཇིག་སྟེ། ཨ་ད་ཟ་བ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་སོགས་ཀྱི་པ་རསྨཻ་པ་ད་རྣམས་སྦྱར། ཨཔྲ་བི་ཀཱ་ར་ཎ་བྱིན་དེ་འཇིག །ཁ་ས་ལ་ཛྷ་ས་རྣམས་ཀྱི་ཙ་པའོ་
སོགས་ཀྱིས་བསྒྲུབས་པས། བརྟ་མ་ན་ལཊྲའི་སྐྱེས་བུ་གསུམ་ལ། ༈ ཨཏྟི། ཟ་བར་བྱེད། ཨཏྟཿ ཨ་དནྟི། ཨཏྶི། ཨཏྠཿ ཨཏྠ། ཨདྨི། ཨ་དྭཿ ཨཪྨཿ། ༈ ཆོ་ག་དང་འབྱུང་བ་ལིང་གི་སྐྱེས་བུ་གསུམ་ལ། ཨདྱཱཏྲ། ཨ་དྱཱ་ཏཱཾ། ཨདྱུཿ ཨ་དྱཱཿ ཨ་དྱཱ་ཏཱཾཿ ཨདྱཱཾ།
ཨདྱཱ་བ། ཨདྱཱ་མ། ༈ ཤིང་བྱེད་ལོཊྲའོ་སྐྱེས་བུ་དང་པོ་གསུམ་ལ། ཨཏྟུ། ཨཏྟཱཏྲ། ཨཏྟཱཾ། ཨ་དནྟུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ཨདྲ་ཧི་ཞེས་གནས་པ་ལ། ༈ ཛ་སཱདྡྷིརྷེཿ ཛ་ས་ལས་ཧིའི་དྷིའོ། །བྱིངས་ཛ་ས་སོ་སོར་བསྡུ་བའི་ཕ་རོལ་གྱི་རྣམ་དབྱེ་
ཧི་ནི་དྷི་རུ་འགྱུར་ཏེ། ཧི་དྷི་རུ་བསྒྱུར་བ་དང་། ཤིས་བྱེད་ཀྱི་དོན་ལ་ཏཱ་ཏངྲ་དུ་བསྒྱུར་བ་ཡང་ན་བར་བྱས་པས། ཨདྡྷི། ཨཏྟཱཏྲ། གཉིས་ཚིག་དང་མང་ཚིག་ལ། ཨཏྟཾ། ཨཏྟ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་དཱ་ནི། ཨ་དཱ་བ། ཨ་དཱ་མ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨདྲ་ལ་
སོགས་པའི་ཕ་རོལ་གྱི་དིཔྲ་དང་སིཔྲ་ལ་ཨཊྲ་ཨཱ་ག་མ་སྟེར་བར་བཤད་པས། དིཔྲ་སིཔྲ་གཉིས་ལ་ཨཊྲ་དང་། དིཔྲ་སོགས་ལ་ཨཊྲ་འོས། བྱིངས་ཀྱི་དང་པོར་ཨཊྲ། དབྱངས་ཐོག་མ་ལས་སོས་ཨཊྲ་དེ་གཉིས་མཚམས་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། ཨཱ་དཏྲ། ཨཱཏྟཱཾ།
ཨཱ་དནྲ། ཨཱ་དཿ ཨཱཏྟཾ། ཨཱཏྟ། ཨཱ་དཾ། ཨཱ་དྭ། ཨཱདྨ། ཨཱཏྨ་ནེ་པ་དའི་དཔེ་ནི། ཤཱིངྲ་ཉལ་བ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་ལཊྲ་སོགས་ཀྱི་ཨཱཏྨ་ནེ་པ་ད་རྣམས་སྦྱར། བྱིངས་མཐའི་ང་ཨཱཏྨ་ནེ་པ་དའི་དོན། ཨཔྲ་འཇིག ༈ ཤཱི་ངཿ། ཤིང་གིའོ། །རྣམ་དབྱེ་ཨཱཏྨ་ནེ་
Vol. 197 · folio 72b
པ་ད་རྣམས་ཕ་རོལ་ལ་བྱིངས་ཤཱིངྲ་གི་ཨཱི་ཡིག་ནི་རྟག་ཏུ་ཡོན་ཏན་དུ་འགྱུར་ཏེ། བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་དང་གཉིས་ཚིག་ལ། ཤེ་ཏེ། ཤ་ཡཱ་ཏེ། མང་ཚིག་ལ། ཤེ། ཨནྟེ་ཞེས་གནས་པ་ལ། ༈ ཤཱི་ངོ྅ནྟོ་རུཊྲ། ཤཱི་ལས་ཨནྟ་ལ་རུཊྲའོ། །བྱིངས་ཤཱིང་
ལས་ཕ་རོལ་གྱི་རྣམ་དབྱེ་ཨཱཏྨ་ནེ་པ་དའི་ཨནྟ་རྣམས་ལ་རུཊྲ་ཨཱ་ག་མ་འགྱུར་ཏེ། རུཊྲ་བྱིན། ཊྲ་གནས་དོན། ཨུ་བརྗོད་དོན། །ཨཱ་ཏོ྅ཏོ་ད་ན་ཏཿ ཨཏུ་མ་ཡིན་པ་ལ་ཨཱཏྲ་ཀྱི་ཨཏྨ་ཨ་ཏའོ། །བྱིངས་ཨཏྲ་མཐའ་མ་ཡིན་པ་ལས་ཕ་རོལ་གྱི་ཨཱཏྲ་ཏེ་རྣམ་དབྱེ་ཨཏྨ་ནེ་པ་དའི་ཨནྟ་རྣམས་ནི་
ཨ་ཏ་ཞེས་པར་འགྱུར་ཏེ། ཨནྟེ། ཨ་ཏེ་རུ་བསྒྱུར་བས། ཤེ་ར་ཏེ། དེ་བཞིན་ཏུ་བསྒྲུབས་པས། སྐྱེས་བུ་དབུས་མ་གསུམ་ལ། ཤ་ཥེ། ཤ་ཡཱ་ཐེ། ཤེ་དྷྭེ། ཕྱི་མ་གསུམ་ལ། ཤ་ཡེ། ཤེ་བ་ཧེ། ཤེ་མ་ཧེ། ཆོ་ག་དེ་བཞིན་དུ་བྱས་པས་ཆོ་ག་དང་འབྱུང་གནས་ལིངྲ་གི་སྐྱེས་
བུ་གསུམ་ལ། ཤ་ཡཱི་ཏ། ཤ་ཡཱི་ཡཱ་ཏཱཾ། ཤ་ཡཱི་རནྲ། ཤ་ཡཱི་ཐཿ ཤ་ཡཱི་ཡཱ་ཐཱཾ། ཤ་ཡཱི་དྷྭཾ། ཤ་ཡཱི་ཡ། ཤ་ཡཱི་བ་ཧི། ཤ་ཡཱི་མ་ཧི། ཤིས་བྱེད་ལོཊྲ་ལ། ཤེ་ཏཱཾ། ཤ་ཡཱ་ཏཱཾ། ཤེ་རནྟཱཾ། ཤེ་ཥྭ། ཤ་ཡཱ་ཐཾ། ཤེ་དྷྭཾ། ཤ་ཡཻ། ཤ་ཡཱ་བ་ཧཻ། ཤ་ཡཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་
ལང་ལ། ཨ་ཤེ་ཏ། ཨ་ཤ་ཡཱ་ཏཱཾ། ཨ་ཤེ་ར་ཏ། ཨ་ཤེ་ཐཱཿ ཨ་ཤ་ཡཱ་ཐཱཾ། ཨ་ཤེ་དྷཱཾ། ཨ་ཤ་ཡི། ཨ་ཤེ་བ་ཧི། ཨ་ཤེ་མ་ཧི། ༈ དེ་ནས་གཉིས་ཀའི་ཚིག་ཅན་གྱི་དཔེ་ནི། བྲཱཉྲ་གསལ་བར་བརྗོད་པ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་ལཊྲ་སོགས་ཀྱི་རྣམ་དབྱེ་གཉིས་ཀ་སྦྱོར།
བྱིངས་མཐའི་ཉ་ཡིག་གཉིས་ཀའི་ཚིག་ཅན་གྱི་དོན། ཨཔྲ་འཇིག་སྟེ། དེ་ལ་དང་པོ་བརྟ་མ་ནའི་པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། །བྲཱ་ཏིཔྲ་ཞེས་གནས་པ་ལ། ༈ ཨ་བཱ་དཱ་ཛཱི་པི་ཏིཏྶྨི། ཏ་ས་མ་པྲ་འགྲོ་བ་ལས་ཨཔྲ་སྔོན་མ་ལ་ཨཱིའོ། །བྱིངས་བྲཱུ་ལ་རྣམ་དབྱེ་ཏི་
སོགས་ཏ་ཡིག་དང་ས་ཡིག་དང་མ་ཡིག་དང་པོ་ཅན་བྲ་ལྐུ་ཡིག་འགྲོ་བའི་མིང་ཅན་རྣམས་ཕ་རོལ་ལས་ཨཔྲ་སྔོན་དུ་བྱུང་བའི་ཡུལ་ལ་ཨཱི་རྐྱེན་དུ་འགྱུར་ཞིང་། བྱིངས་དེ་ལའང་ཡོན་ཏན་ཐོབ་སྟེ། ཨཱོ་སྦྱར་ཡོན་ཏན་བྱས་པས། བྲ་བཱི་ཏི། གཉིས་ཚིག་ལ། བྲཱུ་ཏཿ མང་ཚིག་ལ། བྲཱུ།
Vol. 197 · folio 73a
ཨནྟི། ཞེས་གནས་པ་ལ། ༈ ནཱ་ན་པྱོརྦཿ ཨཔྲ་མེད་པ་ལ་ཨཱུའི་ཝྲ་མ་ཡིན་ནོ། །ཨཔྲ་བི་ཀཱ་ར་ཎ་ཕྱིས་པའི་ཡུལ་ལས་བྱིངས་མཐའི་ཨཱུ་ཡིག་ནི་དབྱངས་དང་པོ་ཅན་ཕ་རོལ་ལ་ཝ་ཡིག་ཏུ་འགྱུར་བ་མ་ཡིན་ཏེ། བྱིངས་ཀྱི་ཨཱི་ཨཱུ་སོགས་ཀྱི་ཨུཝྲ་རུ་བསྒྱུར་པས།
བྲུ་བནྟི། དེ་རྣམས་དང་འདྲ་བར་བསྒྲུབས་པས། སྐྱེས་བུ་དབུས་མ་གསུམ་ལ། པྲ་བཱི་ཥི། བྲཱུ་ཐཿ བྲཱུ་ཐ། ཕྱི་མ་གསུམ་ལ། བྲ་བཱི་མི། བྲཱུ་བཿ བྲཱུ་མཿ ༈ དེ་བཞིན་དུ་ཨཱཏྨ་ནེ་པ་ད་རྣམས་ལ། བྲཱུ་ཏེ། བྲུ་བཱ་ཏེ། བྲུ་བ་ཏེ། བྲཱུ་ཥེ། བྲུ་བཱ་ཐེ། བྲཱུ་དྡྷྭེ། བྲུ་བེེ། བྲཱུ་བཱ་ཧེ།
བྲཱུ་མ་ཧེ། ༈ བྲཱུཉའི་ལུས་འགྱུར་གཞན་ནི། བྲུ་བ་ཨཱ་ཧཤྩ་པཉྩ་ནཾ། བྲཱུའི་ཨཱཧ་སྟེ་ལྔ་པོ་རྣམས་ཀྱང་ངོ་། །ཏི་སོགས་རྣམ་དབྱེ་དང་པོ་ལྔ་ཕ་རོལ་ལ་བྱིངས་བྲཱུ་ནི་ཨཱཧྲ་ཞེས་པར་འགྱུར་ཞིང་ཏིཔྲ་སོགས་ལྔ་པོ་ཡང་རིམ་ཨཏ་མ་ཡིན་པ་ལ་ཨཱཏ་ཀྱི་ཨནྟ་ཨཏ་འོས་ཨནྟེ་ཨ་ཏེར་བསྒྱུར། བཞིན།
ཎཔྲ། ཨ་ཏུསྲ། ཨུསྲ། ཐབྲ། ཨ་ཐུས་རྣམས་སུ་འགྱུར་ཏེ། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཏིཔྲ། ཎཔྲ། པྲ་རྗེས་འབྲེལ། ཎ་ཡིག་བྱིངས་ལ་འཕེལ་བ་བྱེད་པའི་དོན། བྲཱུ། ཨཱ་ཧྲ་རུ་བསྒྱུར་བས། ཨཱ་ཧ། གཉིས་ཚིག་ལ། ཏསྲ། ཨ་ཏུས་སུ་བསྒྱུར་བས། ཨཱ་ཧ་ཏུཿ མང་
ཚིག་ལ་ཨནྟི་ཨུསྲ་སུ་བསྒྱུར་བས། ཨཱ་ཧུཿ སྐྱེས་བུ་དབུས་མའི་གཅིག་ཚིག་ལ། སིཔྲ་ཐཔྲ་ཏུ་བསྒྱུར་བས། ཨཱཧྲ། ཐ་པྲ་ཅེས་གནས་པ་ལ། ༈ ཏ་ཐེ། ཐ་ལ་ཏའོ། །རྣམ་དབྱེ་ཐ་ཡིག་དང་པོ་ཅན་ཕ་རོལ་ལ་བྲཱུ་འགྱུར་བའི་ཨཱཧྲའི་ཧྲ་ཡིག་ནི་ཏ་ཡིག་ཏུ་འགྱུར་ཏེ། ཧྲ་ཏྲར་བསྒྱུར་
བས། ཨཱཏྠ། གཉིས་ཚིག་ལ། ཐསྲ། ཨ་ཐུས་སུ་བསྒྱུར་བས། ཨཱ་ཧ་ཐུཿ རྣམས་སོ། ༈ །གོང་མ་རྣམས་དང་འདྲ་བར་བསྒྲུབས་པས་ཆོག་འབྱུང་ལིངྲ་གི་པ་རསྨཻ་པ་ད་རྣམས་ལ། བྲཱུ་ཡཱཏྲ། བྲཱུ་ཡཱ་ཏཱཾ། བྲཱུ་ཡུཿ བྲཱུ་ཡཱཿ བྲཱུ་ཡཱ་ཏཱཾ། བྲཱུ་ཡཱ་ཏ། བྲཱུ་ཡཱཾ། བྲཱུ་ཡཱ་བ། བྲཱུ་ཡཱ་མ།
ཨཱཏྨ་ནེ་པ་ད་རྣམས་ལ། བྲུ་བཱི་ཏ། བྲུ་བཱི་ཡཱ་ཏཱཾ། བྲུ་བཱི་རནྲ། བྲུ་བཱི་ཐཿ བྲུ་བཱི་ཡཱ་ཐཱཾ། བྲུ་བཱི་དྷྭཾ། བྲུ་བཱི་ཡ། བྲུ་བཱི་བ་ཧི། བྲུ་བཱི་མ་ཧི། ཤིས་བྱེད་ལོཊྲའི་པ་རསྨཻ་པ་ད་རྣམས་ལ། བྲ་བཱི་ཏུ། བྲཱུ་ཏཱཏྲ། བྲཱུ་ཏཱཾ། བྲུ་བནྟུ། བྲཱུ་ཧི། བྲཱུ་ཏཱཏྲ། བྲཱུ་ཏཾ། བྲཱུ་ཏ། བྲ་བཱ་
Vol. 197 · folio 73b
ནི། བྲ་བཱ་བ། བྲ་བཱ་མ། ༈ ཨཱཏྨ་ནེེ་པ་ད་རྣམས་ལ། བྲཱུ་ཏཱཾ བྲུ་བཱ་ཏཱཾ། བྲུ་བ་ཏཱཾ། བྲཱུ་ཥྭ། བྲུ་བཱ་ཐཱཾ། བྲཱུ་དྷྭཾ། བྲ་བཻ། བྲ་བཱ་བ་ཧཻ། བྲ་བཱ་མ་ཧཻ། ༈ །དེ་རིང་མ་ཡིན་པ་ལང་གི་པ་རསྨཻ་པ་ད་རྣམས་ལ། ཨ་བྲ་བཱིཏྲ། ཨ་བྱུ་ཏཱཾ། ཨ་བྲུ་བནྲ། ཨ་བྲ་བཱིཿ ཨ་བྲཱུ་ཏཱཾ། ཨ་བྲཱུ་ཏ། ཨ་བྲ་བཾ།
ཨ་བྲཱུ་བ། ཨ་བྲཱུ་མ། ༈ ཨཱཏྨ་ནེེ་པ་ད་རྣམས་ལ། ཨ་བྲཱུ་ཏ། ཨ་བྲུ་བཱ་ཏཱཾ། ཨ་བྲུ་བ་ཏ། ཨ་བྲཱུ་ཐཱཿ ཨ་བྲུ་བཱ་ཐཱཾ། ཨ་བྲཱུ་དྷྭཾ། ཨ་བྲུ་བི། ཨ་བྲཱུ་བ་ཧི། ཨ་བྲཱུ་མ་ཧི། དེ་རྣམས་ནི་ཨཔྲ་བི་ཀཱ་ར་ཎ་འཇིག་པ་རྣམས་ཀྱི་ཆོ་ག་དཔེར་མཚོན་ཙམ་བརྗོད་པ་ཡིན་ལ། བྱིངས་ཧུ་སོགས་
ལ་ནི་ཨཔྲ་བི་ཀཱ་ར་ཎ་འཇིག་པར་མ་ཟད་ཁྱད་པར་གཞན་ཡང་ཡོད་དེ། ཧྭ་དེརྡྭིཤྩ། ཧུ་ལ་སོགས་པའི་གཉིས་ཀྱང་ངོ་། །རྣམ་དབྱེ་ཏིཔྲ་ལ་སོགས་པ་ཕ་རོལ་ལ་ཡོད་ཅིང་ཨཔྲ་བི་ཀཱ་ར་ཎ་འཇིག་པ་ལས་བྱིངས་ཧུ་ལ་སོགས་པ་རྣམས་ནི་གཉིས་སུ་འགྱུར་རོ། ༈ །ས་སྭ་
རཱ་དིརྡྭི་ར་དཱིཿ དབྱངས་བཅས་དང་པོ་གཉིས་ཏེ་གཉིས་པ་མ་ཡིན་ནོ། །བྱིངས་གཉིས་སུ་འགྱུར་བ་དེ་ཡང་བྱིངས་ཀྱི་དང་པོའི་ཡི་གེ་དབྱངས་བཅས་གཉིས་སུ་འགྱུར་ལ་ཡི་གེ་གཉིས་པ་སོགས་གཞན་རྣམས་ནི་གཉིས་སུ་འགྱུར་བ་མ་ཡིན་ནོ། །ཀུ་ཧོཤྩུཿ
ཀུ་དང་ཧའི་ཙུའོ། །བྱིངས་གཉིས་བརྗོད་པའི་དང་པོའི་ཡི་གེ་དེ་ཀ་སྡེ་ཡིན་ན། རིམ་པ་ལྟར་ཙ་སྡེར་འགྱུར་ཞིང་ཧ་ཡིན་ན་ཛྷ་ཡིག་ཏུ་འགྱུར་རོ། ༈ །ཛྷ་པཱ་མཱཾ་ཛ་བ་ཙ་པཱཿ ཛྷ་པ་རྣམས་ཀྱི་ཛ་བ་དང་ཙ་པའོ། །བྱིངས་གཉིས་བརྗོད་པའི་དང་པོའི་ཡི་གེ་དེ་ཛྷ་པ་སོ་སོར་བསྡུ་བ་ཡིན་ན་ཛ་བ་སོ་སོར་
བསྡུ་བ་རྣམས་དང་ཙ་པ་སོ་སོར་བསྡུ་བ་རྣམས་སུ་འགྱུར་ལ་དེ་ཡང་ཛྷ་པའི་ནང་ནས་ཛྷ་ཌྷ་དྷ་གྷ་བྷ་རྣམས་རིམ་པ་བཞིན་ཛ་ཌ་ད་ག་བ་རྣམས་དང་། ཁ་ཕ་ཚ་ཋ་ཐ་རྣམས་རང་སྡེའི་ཙ་ཊ་ཏ་ཀ་པ་རྣམས་སུ་འགྱུར་རོ། །དེ་ལྟར་ན་ཧུ་སྦྱིན་པ་དང་མཆོད་པ་དག་ལའོ་
ཞེས་པའི་བྱིངས་ལ། བརྟ་མ་ནའི་པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏིཔྲ། ཨཔྲ་འཇིག །བྱིངས་གཉིས་བརྗོད། ཧ་ཛྷ། དེ་ཡང་ཛར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། ཛུ་ཧོ་ཏི། དེ་བཞིན་དུ་འོག་མ་རྣམས་ཀྱང་བསྒྲུབས་པས་གཉིས་ཚིག་ལ། ཛུ་ཧུ་ཏཿ།
Vol. 197 · folio 74a
མང་ཚིག་ལ། །ཛུ་ཧུ་ཨནྟི་ཞེས་གནས་པ་ལ། ༈ དྭེ། གཉིས་ལས་སོ། །བྱིངས་གཉིས་བརྗོད་པ་ལས་ཕ་རོལ་གྱི་ཨནྟ་ནི་ཨ་ཏ་ཞེས་པར་འགྱུར་ཏེ། ཛུ་ཧྭ་ཏི། དབུས་མ་གསུམ་ལ། ཛུ་ཧོ་ཥི། ཛུ་ཧུ་ཐཿ ཛུ་ཧུ་ཐ། ཕྱི་མའི་གཅིག་ཚིག་ལ། ཛུ་ཧོ་
མི། གཉིས་ཚིག་དང་མང་ཚིག་ལ། ༈ ཨོརྦ་མོརྦཱ་ལོ་པཿ བ་མ་དག་ལ་ཨུ་ཡང་ན་དབྱིའོ། །བྱིངས་མཐའི་གདོད་མའི་ཨུ་དང་རྐྱེན་ཀྱི་ཨུ་ནི་རྣམ་དབྱི་བ་དང་མ་དག་ཕ་རོལ་ལ་ཡང་ན་དབྱི་བར་བྱ་སྟེ། ཨུ་དབྱི་བ་དང་མི་དབྱེ་བ་འདམ་ཀ་ཅན་དུ་བྱས་པས། ཛུ་ཧུ་བཿ ཛུ་ཧྭཿ
ཛུ་ཧུ་མཿ ཛུ་ཧྨཿ། ༈ དེ་བཞིན་དུ་ཆོག་འབྱུང་ལིང་ལ། ཛུ་ཧུ་ཡཱཏྲ། ཛུ་ཧུ་ཡཱ་ཏཱཾ། ཛུ་ཧུ་ཡུཿསོགས་སོ། ༈ ཤིས་བྱེད་ལོཊྲའི་སྐྱེས་བུ་དང་པོ་གསུམ་ལ། ཛུ་ཧོ་ཏུ། ཛུ་ཧུ་ཏཱཏྲ། ཛུ་ཧུ་ཏཱཾ། ཛུ་ཧྭ་ཏུ། ༈ སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ཧེ་དྷིཿ ཧིའི་དྷིའོ། །
བྱིངས་ཧུ་ལས་ཕ་རོལ་གྱི་ཧི་ནི་དྷི་ཞེས་པར་འགྱུར་ཏེ། ཛུ་ཧུ་དྷི། ཛུ་ཧུ་ཏཱཏྲ། གཉིས་ཚིག་དང་མང་ཚིག་ལ། ཛུ་ཧུ་ཧཾ། ཛུ་ཧུ་ཏ། ཕྱི་མ་གསུམ་ལ། ཛུ་ཧ་བཱ་ནི། ཛུ་ཧ་བཱ་བ། ཛུ་ཧ་བཱ་མ། ༈ དེ་རིང་མ་ཡིན་པ་ལང་གི་སྐྱེས་བུ་དང་པོའི་གཅིག་ཚིག་དང་གཉིས་ཚིག་ལ། ཨ་ཛུ་
ཧོཏྲ། ཨ་ཛུ་ཧུ་ཏཱཾ། མང་ཚིག་ལ། ༈ ཨ་ན་ཨུས། ཨནྲ་གྱི་ཨུསྲ་སོ། །བྱིངས་གཉིས་སུ་བརྗོད་པའི་ཕ་རོལ་གྱི་རྣམ་དབྱེ་ཨནྲ་གྱི་ཨུསྲ་སུ་འགྱུར་ཞིང་བྱིངས་ལས་ཡོན་ཏན་ཀྱང་འབྱུང་སྟེ། ཨ་ཛུ་ཧ་བུཿ དབུས་མ་གསུམ་ལ། ཨ་ཛུ་ཧོཿ ཨ་ཛུ་ཧུ་ཏཾ། ཨ་ཛུ་ཧུ་ཏ། ཕྱི་མ་
གསུམ་ལ། ཨ་ཛུ་ཧ་བཾ། ཨ་ཛུ་ཧུ་བ། ཨ་ཛུ་ཧྭ། ཨ་ཛུ་ཧུ་མ། ཨ་ཛུ་ཧྨ། སོགས་སོ། ༈ བྱིངས་གཉིས་བརྗོད་པ་ཨཱཏྨ་ནེ་པ་དའི་དཔེ་ཙམ་བརྗོད་ན། ཨོ་ཧཱང་འགྲོ་བ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་ལཊྲའི་ཨཱཏྨ་ནེ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏེ་སྦྱར། བྱིངས་ཀྱི་ཨོ་
བྱ་བའི་དོན་དང་ང་ཨཱཏྨ་ནེའི་དོན་གཉིས་བརྗོད། ཧ་ཛྷར་བསྒྱུར་བ་སོགས་ཀྱིས། ཛཱ་ཧཱ་ཏེ་ཞེས་གནས་པ་ལ། ༈ ཧྲ་སྭཿ ཐུང་ངུའོ། །བྱིངས་གཉིས་བརྗོད་པའི་དང་པོ་དེའི་དབྱངས་རིང་པོ་ཡིན་ན་ཐུང་ངུར་འགྱུར་ཏེ། ཛཱའི་ཨ་ཐུང་ངུར་བསྒྱུར། །བྷྲྀ་ཉཱཾ་ལུ་ཀི། འཇིག་པ་ལ་བྷྲྀཉྲ་
Vol. 197 · folio 74b
རྣམས་ཀྱིའོ། །ཨཔྲ་བི་ཀཱ་ར་ཎ་སོགས་རྐྱེན་འཇིག་པ་ལ་བྱིངས་ཌུ་བྷྲྀཉ་འཛིན་པ་དང་རྒྱས་པ་ཨོ་ཧཱངྲ་འགྲོ་བ། མཱདྲ་མཆོད་པ་རྣམས་ཀྱི་དང་པོའི་ཨ་ནི་ཨི་རུ་འགྱུར་ཏེ། ཨ་ཨིར་བསྒྱུར། ༈ དྭེ་སྟཽ་ལོ་པོ་ཉ་ནུ་བརྟ་ཏེ་ཨཱི་ཀཱ་རཤྩ། གཉིས་ཉིད་ལས་མི་གནས་པ་རྗེས་སུ་འཇུག་པ་ལ་ཨཱི་ཡིག་
ཀྱང་ངོ་། །བྱིངས་གཉིས་བརྗོད་པ་ཨཔྲ་སོགས་མི་སྣང་བ་རྗེས་སུ་འཇུག་པ་ལས་བྱིངས་དེའི་མཐའ་ཨཱ་ཡིག་ཡིན་ན་རྣམ་དབྱེ་དབྱངས་ཐོག་མ་ཅན་ངྲ་འགྲོ་བའི་མིང་ཅན་རྣམས་ལ་ཨཱ་དབྱི་ཞིང་། གསལ་བྱེད་ཐོག་མ་ཅན་ངྲ་འགྲོ་བའི་མིང་ཅན་རྣམས་ལ་ཨཱ་དེ་ཨཱི་ཡིག་ཏུ་ཡང་འགྱུར་ཏེ། ཨཱ་
ཨཱིར་བསྒྱུར་བས། ཛི་ཧཱི་ཏེ། དེ་བཞིན་དུ་བསྒྲུབས་པས། གཉིས་ཚིག་དང་མང་ཚིག་ལ། ཛི་ཧཱི་ཏེ། ཛི་ཧ་ཏེ། དབུས་མ་གསུམ་ལ། ཛི་ཧཱི་ཥེ། ཛི་ཧཱ་ཐེ། ཛི་ཧཱི་དྷྭེ། ཕྱི་མ་གསུམ་ལ། ཛི་ཧེ། ཛི་ཧཱི་བ་ཧེ། ཛི་ཧཱི་མ་ཧེ། ༈ ཆོག་འབྱུང་ལིངྲ་ལ། ཛི་ཧཱི་
ཏ། ཛི་ཧཱི་ཡཱ་ཏཱཾ། ཛི་ཧཱི་རནྲ། སོགས་དང་། ༈ ཤིས་བྱེད་ལོཊ་ལ། ཛི་ཧཱི་ཏཱཾ། ཛི་ཧཱ་ཏཱཾ། ཛི་ཧ་ཏཱཾ། ཛི་ཧཱི་ཥྭ། ཛི་ཧཱ་ཐཱཾ། ཛི་ཧཱི་དྷྭཾ། ཛི་ཧཻ། ཛི་ཧཱ་བ་ཧཻ། ཛི་ཧཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལང་ལ། ཨ་ཛི་ཧཱི་ཏ། ཨ་ཛི་ཧཱ་ཏཱཾ། ཨ་ཛི་ཧ་ཏ། ཨ་ཛི་ཧཱི་ཐཿ ཨ་ཛི་
ཧཱ་ཐཱཾ། ཨ་ཛི་ཧཱི་དྷྭཾ། ཨ་ཛི་ཧི། ཨ་ཛི་ཧཱི་བ་ཧི། ཨ་ཛི་ཧཱི་མ་ཧི། ༈ བྱིངས་གཉིས་བརྗོད་པ་གཉིས་ཀའི་ཚིག་ཅན་གྱི་དཔེ་ནི། ཨོ་ཧཱ་ཀྲ་གཏོང་བ་ལའོ། །ཞེས་པའི་བྱིངས་ལ་རྗེས་འབྲེལ་རྣམས་ཕྱིས་རྣམ་དབྱེ་བདག་དོན་དང་གཞན་དོན་གཉིས་ཀ་སྦྱོར་བ་ལས། དང་པོ་པ་རསྨཻ་པ་
ད་རྣམས་སྦྱར་ཆོ་ག་སྔོན་མ་ལྟར་བྱས་པས། ༈ བརྟ་མ་ན་ལ། ཛ་ཧཱ་ཏི། ཛ་ཏཱི་ཏཿ ཛ་ཧི་ཏི། ཛ་ཧཱ་སེ། ཛ་ཧཱ་ཐཿ ཛ་ཧཱེ་ཤཾ། ཛ་ཧཱ་མི། ཛ་ཧཱི་བཿ ཛ་ཧཱི་མཿ། ༈ ཆོག་འབྱུང་ལིང་ལ། ཛ་ཧཱའི་ཨཱ་ཡིག་ཡཱ་ཕ་རོལ་ལ་དབྱི་བར་བཤད་པས། ཨཱ་ཕྱིས་ནས་ཡཱ་ལ་དྲངས་པས།
ཛ་ཧྱཏྲ། ཛ་ཧྱཱ་ཏཱཾ། ཛ་ཧྱུཿསོགས་སོ། ༈ །ཤིས་བྱེད་ལོཊ྄འི་སྐྱེས་བུ་དང་པོ་གསུམ་ལ། ཛ་ཧཱ་ཏུ། ཛ་ཧཱི་ཏཱཏྲ། ཛ་ཏཱི་ཏྟྭཾ། ཛ་ཧ་ཏུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ༈ ཨཱིརྦ་ཧཽ། ཧི་ལ་ཨི་དང་ཨཱི་ཡང་ནའོ། །རྣམ་དབྱེ་ཧི་ཕ་རོལ་ལ་ཨོ་ཧཱ་ཀྲའི་མཐའི་ཨཱ་ནི་ཨི་རུ་བསྒྱུར་བ་
Vol. 197 · folio 75a
དང་ཨཱི་རུ་བསྒྱུར་བ་ཡང་ན་བར་བྱ་སྟེ། ཛ་ཧི་ཧི། ཛ་ཧཱི་ཧི། ཛ་ཧཱི་ཏཱཏྲ། གཉིས་ཚིག་དང་མང་ཚིག་ལ། ཛ་ཧཱི་ཏཾ། ཛ་ཧཱི་ཏ། ཕྱི་མ་གསུམ་ལ། ཛ་ཧཱ་ནི། ཛ་ཧཱ་བ། ཛ་ཧཱ་མ། ༈ དེ་རིང་མ་ཡིན་པ་ལང་གི་སྐྱེས་བུ་དང་པོའི་གཅིག་ཚིག་དང་གཉིས་ཚིག་ལ། ཨ་
ཛ་ཧཱཏྲ། ཨ་ཛ་ཧཱི་ཏཱཾ། མང་ཚིག་ལ་ཨནྲ་ཨུསྲ་སུ་བསྒྱུར་བས་ཨ་ཛ་ཧཱ། ཨུསྲ་ཞེས་གནས་པ་ལ། ༈ ཨུ་སྱཱ་ལོ་པཿ ཨུསྲ་ལ་ཨཱ་དབྱིའོ། །རྣམ་དབྱེ་ཨནྲ་བསྒྱུར་བའི་ཨུསྲ་ཕ་རོལ་ལ་བྱིངས་ཨོ་ཧཱཀའི་མཐའི་ཨཱ་ནི་དབྱི་བར་བྱ་སྟེ་ཨཱ་ཕྱིས་པས། ཨ་ཛ་ཧུཿ སྐྱེས་བུ་དབུས་མ་དང་ཕྱི་མ་ལ།
ཨ་ཛ་ཧཱཿ ཨ་ཛ་ཧཱི་ཏཾ། ཨ་ཛ་ཧཱི་ཏ། ཨ་ཛ་ཧཾ། ཨ་ཛ་ཧཱི་བ། ཨ་ཛ་ཧཱི་མ། སོགས་དང་དེ་རྣམས་ཀྱི་ཨཱཏྨ་ནེ་པ་ད་རྣམས་ཀྱང་རིགས་འགྲེ་སྟེ་ཤེས་པར་བྱའོ། ༈ །དེ་བཞིན་དུ་ཆེ་དཱཉྲ་སྦྱིན་པ་ལའོ་ཞེས་པའི་བྱིངས་ལ་ཡང་ཐོག་མར་པ་རསྨཻ་པ་ད་རྣམས་སྦྱོར་ཏེ། བྱིངས་ཀྱི་ཌུ་ཡིག་ཌུ་འགྲོ་བའི་དོན།
ཉྲ་གཉིས་ཀའི་ཚིག་ཅན་གྱི་དོན། ཨཔྲ་འཇིག །གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས་བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ད་ཧཱ་ཏི། གཉིས་ཚིག་ལ། ད་ཧཱ། ཏསྲ་ཞེས་གནས་པ་ལ། ༈ དཱ་དེཿ དཱ་ལ་སོགས་པའི་འོ། །རྣམ་དབྱེ་ངྲ་འགྲོ་བའི་མིང་ཅན་རྣམས་ཕ་རོལ་
ལ་བྱིངས་ཌུ་དཱཉྲ་ལ་སོགས་པ་གཉིས་བརྗོད་པའི་མཐའི་ཨཱ་ཡིག་ནི་དབྱི་བར་བྱ་སྟེ་ཨཱ་ཕྱིས་པས། དཏྟ། མང་ཚིག་ལ། ད་ད་ཏི། དེ་བཞིན་དུ་བསྒྲུབས་པས་དབུས་མ་གསུམ་ལ། ད་དཱ་སི། དཏྠཿ དཏྠ། ད་དཱ་མི། ད་དྭཿ དདྨཿ། ༈ ཆོག་འབྱུང་ལིང་ལ། ད་ཏྱཱཏྲ། ད་ཏྱཱ་ཏཱཾ། ད་དྱུཿ
ད་དྱཱཿ ད་དྱཱ་ཏཾ། ད་དྱཱ་ཏ། ད་དྱཱཾ། ད་དྱཱ་པ། ད་དྱཱ་མ། ༈ ཤིས་བྱེད་ལོཊྲ་ལ། ད་དཱ་ཏུ། དཏྟཱཏྲ། དཏྟཱཾ། ད་ད་ཏུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ད་དཱ། ཧི་ཞེས་གནས་པ་ལ། ༈ དཱཾ་ཧཽ། དཱ་རྣམས་ཀྱི་ཧི་ལའོ། །བྱིངས་དཱ་ལ་སོགས་པ་རྣམས་ཀྱི་རྣམ་དབྱེ་ཧི་ཕ་རོལ་ལ་
བྱིངས་གཉིས་བརྗོད་པའི་དང་པོ་དབྱི་ཞིང་མཐའི་ཨཱ་ཡིག་ཀྱང་ཨེ་རུ་འགྱུར་ཏེ། དེ་ཧི། དཏྟཱཏྲ། གཉིས་ཚིག་དང་མང་ཚིག་ལ། དཏྟཱཾ། དཏྟ། ཕྱི་མ་གསུམ་ལ། ད་དཱ་ནི། ད་དཱ་པ། ད་དཱ་མ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨ་ད་དཱཏྲ། ཨ་དཏྟཱཾ། ཨ་ད་དུཿ ཨ་ད་དཱཿ ཨ་དཏྟཾ།
Vol. 197 · folio 75b
ཨ་དཏྟ། ཨ་ད་དཱཾ། ཨ་ད་དྭ། ཨ་དདྨ། དེ་བཞིན་དུ། ཨཱཏྨ་ནེ་པ་ད་རྣམས་སྦྱོར་བ་ལས་བརྟ་མ་ན་ལཊྲ་ལ། དཏྟེ། ད་དཱ་ཏེ། ད་ད་ཏེ། དཏྶེ། ད་དཱ་ཐེ། དདྡྷྭེ། ད་དེ། ད་དྭ་ཧེ། དདྨ་ཧེ། ༈ ཆོག་འབྱུང་ལིང་ལ། ད་དཱི་ཏ། ད་དཱི་ཡཱ་ཏཱཾ། ད་དཱི་རནྲ། སོགས་སོ། །ཤིས་
བྱེད་ལོཊ་ལ། དཏྟཱཾ། ད་དཱ་ཏཱཾ། ད་ད་ཏཱཾ། དཏྶྭ། ད་དཱ་ཐཱཾ། དྷདྡྷཱཾ། ད་དཻ། ད་དཱ་བ་ཧཻ། ད་དཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལང་ལ། ཨ་དཏྟ། ཨ་ད་དཱ་ཏཱཾ། ཨ་ད་ད་ཏ།ཨ་དཏྠཱཿ ཨ་ད་དཱཐཱཾ། ཨ་དདྡྷྭཾ། ཨ་ད་དི། ཨ་ད་དྭ་ཧི། ཨ་དདྨ་ཧི། དེ་བཞིན་དུ་ཌུ་དྷཱཉ་འཛིན་པ་དང་རྒྱས་པ་ལའོ་
ཞེས་པའི་བྱིངས་ཀྱང་གཉིས་ཀའི་ཚིག་ཅན་ཡིན་པ་ལས། ཐོག་མར་པ་རསྨཻ་པ་ད་རྣམས་སྦྱོར་བ་ལ། ཆོ་ག་སྔ་མ་རྣམས་དང་འདྲ་བར་བསྒྲུབས་པས་བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ད་དྷཱ་ཏི། གཉིས་ཚིག་ལ། དདྷཱ། ཏསྲ་ཞེས་གནས་པ་ལ། ༈ བུརྦ་སྱ་ངི་ཏི་ཛྷ་སེ་དྷཿ ང་འགྲོ་བ་
ཛྷ་ས་སྔོན་མ་ལ་དྷའོ། །རྣམ་དབྱེ་ང་ཡིག་འགྲོ་བའི་མིང་ཅན་ཛྷས་སོ་སོར་བསྡུ་བའི་ཡི་གེ་སྔོན་མ་ཅན་ཕ་རོལ་ལ་བྱིངས་ཌུ་དྷཱཉ་སོགས་གཉིས་བརྗོད་པའི་ད་ཡིག་ནི་དྷ་ཡིག་ཏུ་འགྱུར་ཏེ། ད་སླར་ཡང་དྷར་ལོག །དཱ་ལ་སོག་པའི་འོས་བྱིངས་མཐའི་ཨཱ་དབྱི་བ་སོགས་ཀྱིས་བསྒྲུབས་པས། དྷཏྟཿ
མང་ཚིག་ལ། དདྷ་ཏི། དེ་བཞིན་དུ་བསྒྲུབས་པས། དདྷཱ་སི། དྷཏྠཿ དྷཏྠ། ད་དྷཱ་མི། དདྷྭཿ དདྷྨཿ། ༈ ཆོག་འབྱུང་ལིང་ལ། དདྷྱཱཏ། དདྷྱཱ་ཏཱཾ། དདྷྱུཿ སོགས་དང་། ཤིས་བྱེད་ལོཊ་ལ། ད་དྷཱ་ཏུ། དྷཏྟཱཏྲ། དྷཏྟཱཾ། དདྷ་ཏུ། དྷེ་ཧི། དྷཏྟཱཏྲ། དྷཏྟཾ། དྷཏྟ།
ད་དྷ་ནི། ད་དྷཱ་བ། ད་དྷཱ་མ། ༈ དེ་རིང་མ་ཡིན་པ་ལང་ལ། ཨ་ད་དྷཱཏྲ། ཨ་དྷཏྟཾ། ཨ་ད་དྷུཿ ཨ་དདྷཱཿ ཨ་དྷཏྟཾ། ཨ་དྷཏྟ། ཨ་དདྷཱཾ། ཨ་དདྷྭ། ཨ་དདྷྨ། ༈ དེ་ནས་ཨཱཏྨ་ནེ་པ་ད་རྣམས་ལས་བརྟ་མནེ་པ་ད་རྣམས་ལས་བརྟ་མ་ན་ལཊ་ལ། དྷཏྟེ། ད་དྷཱ་ཏེ། ད་དྷ་ཏེ། དྷཏྶེ།
ད་དྷཱ་ཐཻ། དྷདྡྷྭེ། ད་དྷེ། ད་དྷྭ་ཧེ། དདྷྨ་ཧེ། ༈ ཆོག་འབྱུང་ལིང་ལ། ད་དྷཱི་ཏ། ད་དྷཱི་ཡཱ་ཏཱཾ། ད་དྷཱི་རན་སོགས་དང་། ༈ ཤིས་བྱེད་ལོཊ་ལ། དྷཏྟཱཾ། ད་དྷཱ་ཏཱཾ། དྷཏྶྭ། ད་དྷཱ་ཐཱཾ། དྷདྡྷྭཾ། ད་དྷཻ། ད་དྷཱ་བ་ཧཻ། ད་དྷཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨ་དྷཏྟ། ཨ་
Vol. 197 · folio 76a
ད་དྷཱ་ཏཱཾ། ཨ་ད་དྷ་ཏ། ཨ་དྷདྠཱཿ ཨ་ད་དྷཱ་ཐཱཾ། ཨ་དྷདྡྷྭཾ། ཨ་ད་དྷི། ཨ་ད་དྷྭ་ཧི། ཨ་དདྷྨ་ཧི། སོགས་ཏེ། དེ་རྣམས་ཀྱི་རིགས་འགྲེ་དེད་དེ་ཤེས་པར་བྱའོ། ༈ །ད་ནི་བྱིངས་དིབྲ་ལ་སོགས་པ་ཨཔྲ་ཀྱི་ཡུལ་ལ་ཡ་བི་ཀཱ་ར་ཎ་འཇུག་པ་རྣམས་ཀྱི་བྱ་བ་རྣམས་
བརྗོད་པར་བྱ་སྟེ། དེ་ཡང་དེ་བུ་སྟེ་བ་དང་། མངོན་པར་འདོད་པ་དང་། ཐ་སྙད་དང་། སྡུག་གུའམ་འདུ་འགོད་དང་། གསལ་བ་དང་། བསྟོད་པ་དང་། རྨི་ལམ་དང་། མཛེས་པ་དང་། དགའ་བ་དང་། མྱོས་པ་དང་། འགྲོ་བ་རྣམས་ལའོ། །ཞེས་པའི་བྱིངས་ལ་བརྟ་མ་ན་སོགས་ཀྱི་
པ་རསྨཻ་པ་ད་རྣམས་སྦྱོར་ཏེ། བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། དིཔྲ། ཏིཔྲ་ཅེས་གནས་པ་ལ། ༈ དི་བཱ་དེརྻཿ དིཔྲ་ལ་སོགས་པ་ལ་ཡའོ། །བྱིངས་དིཔྲ་ལ་སོགས་པའི་སྡེ་ཚན་རྣམས་ལ་བྱེད་པ་པོའི་དོན་གྱི་ཨཔྲ་བི་ཀཱ་ར་ཎ་འི་ཡུལ་ལ་ཡ་བི་ཀཱ་ར་ཎ་འཇུག་སྟེ་ཡ་བི་ཀཱ་ར་ཎ་སྦྱར།
ཨི་ཨུ་སོགས་ཀྱི་མདོས་རིང་པོར་བསྒྱུར་བས། དཱི་བྱ་ཏཿ དཱི་བྱནྟི། དེ་བཞིན་དུ་བསྒྲུབས་པས་གཉིས་ཚིག་དང་མང་ཚིག་ལ། དཱི་བྱ་ཏཿ དཱི་བྱནྟི། སྐྱེས་བུ་དབུས་མ་དང་ཕྱི་མ་ལ། དཱི་བྱ་སི། དཱི་བྱ་ཐཿ དཱི་བྱ་ཐ། དཱི་བྱཱ་མི། དཱི་བྱཱ་བཿ དཱི་བྱཱ་མཿ ༈ དེ་བཞིན་དུ་བསྒྲུབས་པས་ཆོག་
འབྱུང་ལིངྲ་ལ། དཱི་བྱེཏྲ། དཱི་བྱེ་ཏཱཾ། དཱི་བྱེ་ཡུཿ དཱི་བྱེཿ དཱི་བྱེ་ཏཱཾ། དཱི་བྱེ་ཏ། དཱི་བྱེ་ཡཾ། དཱི་བྱེ་བ། དཱི་བྱེ་མ། ༈ ཤིས་བྱེད་ལོཊྲ་ལ། དཱི་བྱ་ཏུ། དཱི་བྱ་ཏཱཏྲ། དཱི་བྱ་ཏཱཾ། དཱི་བྱནྟུ། དི་བྱ། དི་བྱ་ཏཱཏྲ། དཱི་བྱ་ཏཱཾ། དཱི་བྱ་ཏ། དཱི་བྱཱ་ནི། དཱི་བྱཱ་བ། དཱི་བྱཱ་མ། ༈ དེ་རིང་མ་ཡིན་པ་ལང་ལ།
ཨ་དཱི་བྱཏྲ། ཨ་དཱི་བྱ་ཏཱཾ། ཨ་དཱི་བྱནྲ། ཨ་དཱི་བྱཿ ཨ་དཱི་བྱ་ཏཾ། ཨ་དཱི་བྱ་ཏ། ཨ་དཱི་བྱཱཾ། ཨ་དཱི་བྱཱ་བ། ཨ་དཱི་བྱཱ་མ་སོགས་སོ། ༈ དེ་ནས་ཥུཉྲ་ལ་སོགས་པ་ནུ་བི་ཀཱ་ར་ཎ་འཇུག་པ་རྣམས་ཀྱི་བྱ་བའི་དཔེ་ཙམ་བརྗོད་པར་བྱ་སྟེ། ཥུཉྲ་གཅོད་ཅིང་བརྡུང་བ་ལའོ་ཞེས་པའི་བྱིངས་ལ་བརྟ་མ་ན་
སོགས་ཀྱི་བདག་དོན་དང་གཞན་དོན་གཉིས་ཀ་སྦྱོར་ཏེ། དང་པོ་པ་རསྨཻ་པ་ད་རྣམས་ལས་བརྟ་མ་ན་ལཊྲའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏིཔྲ་སྦྱར་བྱིངས་མཐའི་ཉྲ་གཉིས་ཀའི་ཚིག་ཅན་གྱི་དོན། ཥུ། ཏིབྲ་ཅེས་གནས་པ་ལ། ༈ ཨཱདྱཿཥྞཿསྣཿ དང་པོའི་ཥ་ཎ་ནི་ས་ནའོ། །བྱིངས་ཀྱི་
Vol. 197 · folio 76b
དང་བོའི་ཥ་ཡིག་དང་ཎ་ཡིག་ནི་རིམ་པ་ལྟར་ས་ཡིག་དང་ན་ཡིག་ཏུ་འགྱུར་ཏེ། ཥ་སར་བསྒྱུར། ༈ སྭཱ་དེརྣུཿ སུ་ལ་སོགས་པ་ལ་ནུའོ། །ཥུ་སུར་བསྒྱུར་བས་བྱིངས་སུ་ལ་སོགས་པ་རྣམས་ལ་རྣམ་དབྱེ་ལཊྲ་སོགས་སྡེ་ཚན་དང་པོ་བཞི་ཕ་རོལ་ལ་བྱེད་པ་པོའི་དོན་གྱི་ཨཔྲ་ཀྱི་ཡུལ་ལ་ནུ་བི་ཀཱ་ར་ཎ་འཇུག་སྟེ་ནུ་
བི་ཀཱ་ར་ཎ་བྱིན། ༈ ནཱུ་པ། ནུ་དང་ཨུའི་པ་ལའོ། །རྐྱེན་ནུ་བི་ཀཱ་ར་ཎ་དང་ཨུ་བི་ཀཱ་ར་ཎ་གཉིས་ཀྱི་མཐའི་དབྱངས་ནི་རྣམ་དབྱེ་བ་འགྲོ་བའི་མིང་ཅན་རྣམས་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཏེ། ཡོན་ཏན་བྱས་པས། སུ་ནོ་ཏེ། ༈ པྲཱ་དྱཤྩ་ཏ་ཐཱ་ཏཽ་སུ་ན་མཱཾ། པྲ་ལ་སོགས་པ་རྣམས་ལས་སུ་དང་ནམྲ་
རྣམས་ཀྱི་དེ་བཞིན་ཡང་ངོ་། །པྲ་ལ་སོགས་པ་ཉེར་བསྒྱུར་ས་ཥ་དང་ན་ཎར་འགྱུར་བའི་རྒྱུ་མཚན་ཅན་སྔོན་མ་ལས་བྱིངས་སུ་ལ་སོགས་པ་དང་ནམྲ་ལ་སོགས་པ་སྔར་ཥ་དང་ཎ་ཡིག་ས་དང་ནར་བསྒྱུར་བ་རྣམས་སླར་ཡང་དེ་བཞིན་ཉིད་དེ་ཥ་དང་ཎ་དག་ཏུ་འགྱུར་ཏེ། ཉེར་བསྒྱུར་ཨ་བྷི་སྔོན་དུ་གཞག །ས་དེ་སླར་
ཡང་ཥར་བསྒྱུར་བས། ཨ་བྷི་ཥུ་ཎོ་ཏི། གོང་མ་རྣམས་དང་འདྲ་བར་བསྒྲུབས་པས་གཉིས་ཚིག་དང་མང་ཚིག་ལ། སུ་ནུ་ཏཿ སུ་ནྭནྟི། དབུས་མ་རྣམས་ལ། སུ་ནོ་ཥེ། སུ་ནུ་ཐཿ སུ་ནུ་ཐ། སྐྱེས་བུ་ཕྱི་མའི་གཅིག་ཚིག་ལ། སུ་ནོ་མི། གཉིས་ཚིག་དང་མང་ཚིག་ལ།
བ་མ་དག་ལ་ཞེས་པས་ཨུ་དབྱེ་བ་མངོན་པར་གཅོད་ཅིང་རྡུང་བར་བྱེད། དང་མི་དབྱི་བ་ཡང་ན་བར་བྱས་པས། སུ་ནྭཿ སུ་ནུ་བཿ སུནྨཿ སུ་ནུ་མཿ། ༈ ཆོག་འབྱུང་ལིང་ལ། སུ་ནུ་ཡཱཊྲ། སུ་ནུ་ཡཱ་ཏཱཾ། སུ་ནུ་ཡུཿ སོགས་དང་། ༈ ཤིས་བྱེད་ལོཊྲའི་སྐྱེས་བུ་དང་པོ་གསུམ་ལ། སུ་ནོ་ཏུ། སུ་ནུ་
ཏཱཏྲ། སུ་ནུ་ཏཱཾ། སུ་ནྭནྟུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ༈ ཨོརྦཱ་ཧེཿ ཨུ་ལ་ས་ཏིའི་ཡང་ནའོ། །ཡི་གེ་བརྩེགས་པ་མ་ཡིན་པའི་རྐྱེན་ཨུ་ཡིག་ལས་ཕ་རོལ་གྱི་ཧི་ནི་ཡང་ན་འཇིག་སྟེ། ཧི་འཇིག་པ་དང་ཤིས་བྱེད་ལ་ཏཱ་ཏངྲ་དུ་བསྒྱུར་བ་ཡང་ན་བར་བྱས་པས། སུ་ནུ།
སུ་ནུ་ཏཱཏྲ། ཡི་གེ་བརྩེགས་པ་ཡིན་ན་ཧི་མི་འཇིག་པས། དཔེར་ན་བྱིངས་ཏ་ཀྵུ་དང་ཏྭ་ཀྵུ་ལྟ་བུ་ལ། ནུ་བི་ཀཱ་ར་ཎ་སྦྱར་བས། ཏ་ཀྵྞུ་ཧི། ཏྭ་ཀྵྞུ་ཧི་ཞེས་པ་ལྟ་བུའོ། །གཉིས་ཚིག་དང་མང་ཚིག་ལ། སུ་ནུ་ཏཱཾ།སུ་ནུ་ཏ། ཕྱི་མ་གསུམ་ལ། སུ་ན་བཱ་ནི། སུ་ན་བཱ་བ། སུ་ན་བཱ་མ། ༈
Vol. 197 · folio 77a
དེ་རིང་མ་ཡིན་པ་ལང་ལ། ཨ་སུ་ནོཏྲ། ཨ་སུ་ནུ་ཏཱཾ། ཨ་སུ་ནྭནྲ། ཨ་སུ་ནོཿ ཨ་སུ་ནུ་ཏཾ། ཨ་སུ་ནུ་ཏ། ཨ་སུ་ན་བཾ། ཨ་སུ་ནུ་བ། ཨ་སུ་ནུ་མ། ༈ དེ་ནས་ཨཱཏྨ་ནེ་པ་ད་རྣམས་ལས་བརྟ་མ་ན་ལཊྲ་ལ། སུ་ནུ་ཏེ། སུ་ནྭཱ་ཏེ། སུ་ནྭ་ཏེ། སུ་ནུ་ཥེ། སུ་
ནྭཱ་ཐེ། སུ་ནུ་དྷྭེ། སུ་ནྭེ། སུ་ནྭ་ཧེ། སུ་ནུ་བ་ཧེ། སུ་ནྨ་ཧེ། སུ་ནུ་མ་ཧེ། ༈ ཆོག་འབྱུང་ལིངྲ་ལ། སུ་ནྭཱི་ཏ། སུ་ནྭཱི་ཡཱ་ཏཱཾ། སུ་ནྭཱི་རནྲ་སོགས་དང་། ཤིས་བྱེད་ལོཊྲ་ལ། སུ་ནུ་ཏཱཾ། སུ་ནྭཱ་ཏཱཾ། སུ་ནྭ་ཏཱཾ། སུ་ནུ་ཥྭ། སུ་ནྭཱ་ཐཱཾ། སུ་ནུ་དྷྭཾ། སུ་ན་བཻ། སུ་ན་བཱ་བ་ཧཻ། སུ་
ན་བཱ་མ་ཧཻ། དེ་རིང་མ་ཡིན་པ་ལངྲ་ལ། ཨ་སུ་ནུ་ཏ། ཨ་སུ་ནྭཱ་ཏཱཾ། ཨ་སུ་ནྭ་ཏ། ཨ་སུ་ནུ་ཐཱཿ ཨ་སུ་ནྭཱ་ཐཱཾ། ཨ་སུ་ནུ་དྷྭཾ། ཨ་སུ་ནྭི། ཨ་སུ་ནྭ་ཧི། ཨ་སུ་ནུ་བ་ཧི། ཨ་སུནྨ་ཧི། ཨ་སུ་ནུ་མ་ཧི་སོགས་སོ། ༈ །ད་ནི་རུ་དྷ་ལ་སོགས་པ་ན་མྲ་བི་ཀཱསྲ་ཎ་འཇུག་པ་རྣམས་ཀྱི་ཆོ་ག་
མདོ་ཙམ་བརྗོད་པར་བྱ་སྟེ། དེ་ཡང་རུ་དྷིརྲ་སྒྲིབ་པའོ་ཞེས་པའི་བྱིངས་ལ། བརྟ་མ་ན་སོགས་བདག་དོན་དང་གཞན་དོན་གཉིས་ཀ་སྦྱོ་ར་ཏེ། དེ་ལ་དང་པོ་རསྨཻ་པ་ད་རྣམས་ལས་བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག །ཏིཔྲ་སྦྱར་བྱིངས་ཀྱི་ཨིརྲ་དགོས་པ་དང་བཅས་པའི་རྗེས་འབྲེལ་ཡིན་པས་
ཕྱིས། རུདྷྲ། ཏིཔྲ། ཅེས་གནས་པ་ལ། ༈ རུ་དྷཱ་དེ་རྣམྲ། རུ་དྷྲ་ལ་སོགས་པ་རྣམས་ལ་ནམྲ་མོ། །བྱིངས་རུ་དྷྲ་ལ་སོགས་པའི་སྡེ་ཚན་རྣམས་ལ་རྣམ་དབྱེ་བརྟ་མ་ན་སོགས་སྡེ་ཚན་དང་པོ་བཞི་ཕ་རོལ་ལ་བྱེད་པོ་པོའི་དོན་གྱི་ཨཔྲ་ཀྱི་ཡུལ་ལ་ནམྲ་བི་ཀཱ་ར་ཎ་འཇུག་སྟེ། ནམྲ་
སྦྱར་རྐྱེན་གྱི་མ་གནས་ཀྱི་དོན་ཏེ། རུ་དང་དྷའི་བར་དུ་སྦྱར། དེའི་དོན་གྱི་མ་ཕྱིས། ༈ ཏ་ཐོརྡྷཿ ཏ་དང་ཐའི་དྷའོ། །བྱིངས་མཐའ་ཛྷ་བྷ་སོ་སོར་བསྡུ་བའི་ཕ་རོལ་ཀྱི་རྐྱེན་དང་རྣམ་དབྱེའི་ཏ་ཡིག་དང་ཐ་ཡིག་དག་ནི་དྷ་ཡིག་ཏུ་འགྱུར་ཏེ། ཏ་དྷ། ཛྷ་བྷ་ལ་ཛ་བ་འོས་བྱིངས་ཀྱི་དྷ་ད། ཥ་ར་རྀ་
སོགས་ཀྱིས་བསྒྲུབས་པས། རུ་ཎདྡྷི། གཉིས་ཚིག་ལའང་། ནམྲ་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། རུ་ནདྲ། དྷསྲ། ཞེས་གནས་པ་ལ། ༈ ན་མ་སོ྅སྱ། ནམྲ་ཨསྲ་ཀྱི་ཨའོ། །ངྲ་འགྲོ་བའི་མིང་ཅན་ཕ་རོལ་ལ་ནམྲ་བི་ཀཱ་ར་ཎའི་ནའི་དབྱངས་ཨ་དང་བྱིངས་ཨ་
Vol. 197 · folio 77b
སུ་ཞེས་པའི་ཨ་ཡིག་ནི་དབྱི་བར་བྱ་སྟེ། ནའི་ཨ་ཕྱིས། ནའི་ཡང་ཛྷ་ས་ལ་འོས་ང་རོར་བསྒྱུར་བས། རུཾདྡྷཿ མང་ཚིག་ལ། རུཾ་དྷནྟི། དེ་རྣམས་དང་འདྲ་བར་བསྒྲུབས་པས། སྐྱེས་བུ་དབུས་མ་དང་ཕྱི་མ་ལ། རུ་ཎཏྶི། རུཾདྡྷཱཿ རུཾདྡྷ། རུཾ་ཎདྷྨཾ། རུཾ་དྷྭཿ རུཾ་དྷྨཿ། ༈
ཆོག་འབྱུང་ལིངྲ་ལ། རུཾ་དྷྱཱ་ཏཱཾ། རུཾ་དྷྱཱ་ཏཱཾ། རུཾ་དྷྱུཿསོགས་དང་། ཤིས་བྱེད་ལོཊྲའི་སྐྱེས་བུ་དང་པོ་གསུམ་ལ། རུ་ཎདྡྷུ། རུཾ་དྡྷཱཏྲ། རུཾ་དྡྷཱཾ། རུཾ་དྷནྟུ། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ༈ ཛྷ་སཱདྡྷིརྷིཿ ཛྷ་ས་ལས་ཧིའི་དྷིའོ། །བྱིངས་ཛྷ་ས་སོ་སོར་བསྡུ་བའི་མཐའ་
ཅན་གྱི་ཕ་རོལ་གྱི་ཧི་ནི་དྷི་རུ་འགྱུར་ཏེ། རུཾ་དྡྷི། རུཾ་དྡྷཱཏྲ། གཉིས་ཚིག་དང་མང་ཚིག་ལ། རུཾདྡྷཾ། རུཾདྡྷ། སྐྱེས་བུ་ཕྱི་མ་གསུམ་ལ། རུ་ཎ་དྷཱ་ནི། རུ་ཎ་དྷཱ་པ། རུ་ཎ་དྷཱ་མ། དེ་རིང་མ་ཡིན་པ་ལང་གི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ༈ དི་སྱོ་རྷ་སཱཏྲ། ཧ་ས་ལས་དི་
སི་དག་གིའོ། །ཧ་ས་སོ་སོར་བསྡུ་བའི་ཡི་གེ་དབྱངས་མེད་མཐའ་ལས་ཕ་རོལ་གྱི་རྣམ་དབྱེ་དེ་རིང་མ་ཡིན་པ་ཡང་གི་དིཔྲ་དང་སིཔྲ་དག་ནི་དབྱི་བར་བྱ་སྟེ། དིཔྲ་ཕྱིས། གནས་མེད་པ་ལ་ཡང་ན་འོས་དྷངྲ་དང་ཏྲ་ཡང་ན་བར་བྱས་པས། ཨ་རུ་ཎཏྲ། ཨ་རུ་ཎདྲ། གཉིས་ཚིག་དང་མང་
ཚིག་ལ། ཨ་རུཾ་དྡྷཱཾ། ཨ་རུཾ་དྷན། སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ༈ དཿསཿ དའི་སའོ། །གསལ་བྱེད་མཐའ་ལས་ཕ་རོལ་གྱི་སིཔྲ་ཕྱིས་པ་ལས་མཐའི་ད་ཡིག་ནི་ས་ཡིག་ཏུ་ཡང་ན་འགྱུར་ཏེ། སིཔྲ་ཕྱིས། གནས་མེད་པ་ལ་ཡང་ན་འོས་དྷ་དྲ་དང་ཏ་ཡང་ན་བར་བྱས་པའི་
དའི་ཕྱོགས་ལ་ད་དེ་སླར་ཡང་ན་བར་བསྒྱུར་བས། ཨ་རུ་ཎཏྲ། ཨ་རུ་ཎཿ ཨ་རུ་ཎདྲ། གཉིས་ཚིག་དང་མང་ཚིག་ལ། ཨ་རུཾ་དྡྷཾ། ཨ་རུཾ་དྡྷ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་རུ་ཎ་དྷཾ། ཨ་རུཾ་དྷྭ། ཨ་རུཾ་དྷྨ། དེ་ནས་ཨཱཏྨ་ནཻ་པ་དེ་རྣམས་སྦྱོར་བ་ལས། བརྟ་མ་ན་
ལཊྲ་ལ། རུཾ་དྷེ། རུཾ་དྷཱ་ཏེ། རུཾ་དྷ་ཏེ། རུཾ་ཏྶེ། རུཾ་དྷཱ་ཐེ། རུཾ་དྷྭེ། རུཾ་དྷེ། རུཾ་དྷྭ་ཧེ། རུཾདྷྨ་ཧེ། ཆོ་ག་འབྱུང་ལིངྲ་ལ། རུཾ་དྷཱི་ཏ། རུཾ་དྷཱི་ཡཱ་ཏཱཾ། རུཾ་དྷཱི་རནྲ་སོགས་དང་། ཤིས་བྱེད་ལོཊྲ་ལ། རུཾདྡྷཱཾ། རུ་དྷཱ་ཏཱཾ། རུ་དྷ་ཏཱཾ། རུཾཏྶྭ། རུཾ་དྷཱ་ཐཱཾ། རུཾ་དྡྷཱཾ། རུ་ཎ་
Vol. 197 · folio 78a
བྷཻ། རུ་ཎ་དྷཱ་བ་ཧཻ། རུ་ཎ་དྷཱ་མ་ཧཻ། དེ་རིང་མ་ཡིན་པ་ལངྲ་ལ། ཨ་རུཾདྡྷ། ཨ་རུཾ་དྷཱ་ཏཱཾ། ཨ་རུཾ་དྷ་ཏ། ཨ་རུཾདྡྷཱཿ ཨ་རུཾ་དྷཱཾ་ཐཱཾ། ཨ་རུཾ་དྡྷྭཾ། ཨ་རུཾ་དྷི། ཨ་རུཾ་དྷྭ་ཧི། ཨ་རུཾདྷྨ་ཧི། སོགས་སོ། ༈ དེ་ནས་ཨུཔྲ་བི་ཀཱ་ར་ཎ་འཇུག་པ་རྣམས་ཀྱི་ཆོ་ག་རྣམས་
བརྗོད་པར་བྱ་སྟེ། དེ་ཡང་ཏ་ནུ་ཡང་བ་ལའོ་ཞེས་པའི་བྱིངས་ལ་རྣམ་དབྱེ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལ། དང་པོ་པ་རསྨཻ་པ་ད་རྣམས་ལས་བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཏནྲ། ཏིཔྲ་ཅེས་གནས་པ་ལ། ༈ ཏ་ནཱ་དེ་རུཔྲ། ཏནྲ།
སོགས་ལ་ཨུཔྲའོ། །བྱིངས་ཏ་ནུ་ལ་སོགས་པའི་སྡེ་ཚན་རྣམས་ལ་བརྟ་མ་ན་སོགས་རྣམ་དབྱེ་སྡེ་ཚན་དང་པོ་བཞི་ཕ་རོལ་ལ་བྱེད་པ་པོའི་དོན་གྱི་ཨཔྲ་ཀྱི་ཡུལ་ལ་ཨུཔྲ་བི་ཀཱ་ར་ཎ་འགྱུར་ཏེ། ཨུཔྲ་སྦྱར། པྲ་ཡིག་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་ཡིན་པས་ཕྱིས། རྣམ་དབྱེ་པ་འགྲོ་བ་
རྣམས་ལ་ནུ་དང་ཨུའི་པ་ལ་འོས་ཡོན་ཏན་བྱས་པས། ཏ་ནོ་ཏི། དེ་བཞིན་དུ་བསྒྲུབས་པས་གཉིས་ཚིག་དང་མང་ཚིག་ལ། ཏ་ནུ་ཏཿ ཏ་ནྭནྟི། སྐྱེས་བུ་དབུས་མ་དང་ཕྱི་མ་ལ། ཏ་ནོ་ཥི། ཏ་ནུ་ཐཿ ཏ་ནུ་ཐ། ཏ་ནོ་མི། ཏ་ནུ་བཿ ཏ་ནྭཿ ཏ་ནུ་མཿ
ཏནྨཿ ཆོག་འབྱུང་ལིང་ལ། ཏ་ནུ་ཡཱཏྲ། ཏ་ནུ་ཡཱ་ཏཱཾ། ཏ་ནུ་ཡུཿསོགས་སོ། ༈ ཤིས་བྱེད་ལོཊྲ་ལ། ཏ་ནོ་ཏུ། ཏ་ནུ་ཏཱཏྲ། ཏ་ནུ་ཏཱཾ། ཏ་ནྭནྟུ། ཏ་ནུ། ཏ་ནུ་ཏཱཏྲ། ཏ་ནུ་ཏཾ། ཏ་ནུ་ཏ། ཏ་ན་བཱ་ནི། ཏ་ན་བཱ་བ། ཏ་ན་བཱ་མ། ༈ དེ་རིང་མ་ཡིན་པ་ལངྲ་ལ།
ཨ་ཏ་ནོཏྲ། ཨ་ཏ་ནུ་ཏཱཾ། ཨ་ཏ་ནྭནྲ། ཨ་ཏ་ནོཿ། །ཨ་ཏ་ནུ་ཏཾ། ཨ་ཏ་ནུ་ཏ། ཨ་ཏ་ན་བཾ། ཨ་ཏ་ནྭ། ཨ་ཏ་ནུ་བ། ཨ་ཏནྨ། ཨ་ཏ་ནུ་མ། སོགས་ཏེ་ཨཱཏྨ་ནེ་པ་ད་རྣམས་ཀྱང་དེས་རིགས་འགྲེ་ལ་ཥུཉྲའི་སྐབས་དང་ཡང་འདྲའོ། ༈ དེ་བཞིན་དུ་ཌུ་ཀྲྀཉྲ་བྱེད་པ་ལའོ་
ཞེས་པའི་བྱིངས་ལའང་རྣམ་དབྱེ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལ། དང་པོ་པ་རསྨཻ་པ་ད་རྣམས་ལས། བརྟ་མ་ནའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཀྲྀ ཏིཔྲ་ཅེས་གནས་པ་ལ། ཏནྲ་སོགས་ཀྱིས་ཨུཔྲ། པྲ་འགྲོ་བ་སོགས་ཀྱི་བྱིངས་ལ་ཡོན་ཏན་འབྱུང་བས་
Vol. 197 · folio 78b
རྀ་ཨརྲ། སླར་ཡང་ནུ་དང་ཨུའི་པྲ་ལའོས་ཡོན་ཏན་བྱས་པས། ཀ་རོ་ཏི། གཉིས་ཚིག་ལ། ཨུཔྲ་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། ཀ་རུ། ཏསྲ་ཞེས་གནས་པ་ལ། ༈ དི་ཏྱ་དུཿ ངྲ་འགྲོ་བ་ལ་ཨཏྲ་ཨུའོ། །རྣམ་དབྱེ་ངྲ་འགྲོ་བའི་མིང་ཅན་རྣམས་ཕ་རོལ་ལ་ཌུ་ཀྲྀཉྲའི་ཀའི་
སྲོག་གི་ཨཏྲ་ནི་ཨུ་རུ་འགྱུར་ཏེ། ཨ་ཨུརྲ་བསྒྱུར་བས། ཀུ་རུ་ཏཿ དེ་བཞིན་དུ་མང་ཚིག་ལ། ཀུརྦནྟི། དེ་རྣམས་དང་འདྲ་བར་བསྒྲུབས་པས། དབུས་མ་གསུམ་ལ། ཀ་རོ་ཥི། ཀུ་རུ་ཐཿ། ཀུ་རུ་ཐ། སྐྱེས་བུ་ཕྱི་མའི་གཅིག་ཚིག་ལ། ཀ་རོ་མི། གཉིས་ཚིག་དང་མང་
ཚིག་ལ། བ་ཡིག་དང་མ་ཡིག་ཕ་རོལ་ལ་ཌུཀྲྀཉྲའི་ཨུ་ཡིག་རྟག་ཏུ་དབྱི་བར་བཤད་པས། ཡང་ན་བར་མི་བྱེད་པར་ཨུ་ཕྱིས་པས། ཀུརྦཿ ཀུརྨཿ ཆོག་འབྱུང་ལིངྲ་ལ། ཀུ་རུ་ཡཱཏྲ་ཅེས་གནས་པ་ལ། ༈ ཀྲྀ་ཉོ་ཡེ ཀྲྀཉའི་ཡ་ལའོ། །བྱིངས་ཀྲིཉའི་རུའི་ཨུ་ནི་ཡ་ཡིག་
དང་པོ་ཅན་ཕ་རོལ་ལ་དབྱི་བར་བྱ་སྟེ། ཨུ་ཕྱིས་པས། ཀུཪྻཱཏྲ། དེ་བཞིན་དུ། ཀཪྻཱ་ཏཱཾ། ཀུཪྻུཿ སོགས་སོ། ༈ ཤིས་བྱེད་ལོཊྲ་ལ། ཀ་རོ་ཏུ། ཀུ་རུ་ཏཱཏྲ། ཀུ་རུ་ཏཱཾ། ཀུརྦནྟུ། ཀུ་རུ། ཀུ་རུ་ཏཱཏྲ། ཀུ་རུ་ཏཾ། ཀུ་རུ་ཏ། ཀ་ར་བཱ་ཎི། ཀ་ར་བཱ་བ། ཀ་ར་བཱ་མ། ༈ །
དེ་རིང་མ་ཡིན་པ་ལངྲ་ལ། ཨ་ཀ་རོཏྲ། ཨ་ཀུ་རུ་ཏཱཾ། ཨ་ཀུརྦནྲ། ཨ་ཀ་རོཿ ཨ་ཀུ་རུ་ཏཾ། ཨ་ཀུ་རུ་ཏ། ཨ་ཀ་ར་བཾ། ཨ་ཀུརྦ། ཨ་ཀུརྨ། ༈ ཨཱཏྨ་ནེ་པ་ད་རྣམས་ལས་བརྟ་མ་ན་ལཊྲ་ལ། ཀུ་རུ་ཏེ། ཀུརྦཱ་ཏེ། ཀུརྦ་ཏེ། ཀུ་རུ་ཥེ། ཀུརྦཱ་ཐེ། ཀུ་རུ་དྷྭེ། ཀུརྦེ། ཀུརྦ་ཧེ།
ཀུརྨ་ཧེ། ཆོག་འབྱུང་ལིངྲ་ལ། ཀུརྦཱི་ཏ། ཀུརྦཱི་ཡཱ་ཏཱཾ། ཀུརྦཱི་རནྲ་སོགས་དང་། ༈ ཤིས་བྱེད་ལོཊྲ་ལ། ཀུ་རུ་ཏཱཾ། ཀུརྦ་ཏཱཾ། ཀུརྦ་ཏཱཾ། ཀུ་རུ་ཥྭ། ཀུརྦཱ་ཐཱཾ། ཀུ་རུ་དྷྭཾ། ཀ་ར་བཻ། ཀ་ར་བཱ་བ་ཧཻ། ཀ་ར་བཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལང་
ལ། ཨ་ཀུ་རུ་ཏ། ཨ་ཀུརྦཱ་ཏཱཾ། ཨ་ཀུརྦ་ཏ། ཨ་ཀུ་རུ་ཐཿ ཨ་ཀུརྦཱ་ཐཱཾ། ཨ་ཀུ་རུ་དྷྭཾ། ཨ་ཀུརྦི། ཨ་ཀུརྦ་ཧི། ཨ་ཀུརྨ་ཧི་སོགས་སོ། ༈ དེ་ནས་ཨ་བི་ཀཱ་ར་ཎ་འཇུག་པའི་ཆོ་ག་རྣམས་བཤད་པར་བྱ་སྟེ། ཏུད་གདུང་བ་ལའོ་ཞེས་པའི་བྱིངས་ལ་རྣམ་དབྱེ་པ་རསྨཻ་པ་
Vol. 197 · folio 79a
ད་དང་ཨཱཏྨ་ནེ་པ་ད་གཉིས་ཀ་འཇུག་སྟེ། བྱིངས་མཐའི་ཨ་དེའི་དོན། ༈ ཏུ་དཱ་དེ་རཿ ཏུད་སོགས་ལ་ཨའོ། །བྱིངས་ཏུད་ལ་སོགས་པའི་སྡེ་ཚན་རྣམས་ལས་རྣམ་དབྱེ་བརྟ་མ་ན་སོགས་སྡེ་ཚན་དང་པོ་བཞི་ཕ་རོལ་ལ་བྱེད་པ་པོའི་དོན་གྱི་ཨཔྲ་ཀྱི་ཡུལ་ལ་ཨ་བི་
ཀཱ་ར་ཎ་འགྱུར་ཏེ། ཨ་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། པ་རསྨཻ་བ་ད་རྣམས་ལ། ཏུ་ད་ཏི། ཏུ་དེཏྲ། ཏུ་ད་ཏུ། ཨ་ཏུ་ད་ཏུ་སོགས་དང་། ཨཱཏྨ་ནེ་པ་ད་རྣམས་ལ། ཏུ་ད་ཏེ། ཏུ་དེ་ཏ། ཏུ་ད་ཏཱཾ། ཨ་ཏུ་ད་ཏ། སོགས་ཏེ་བསྒྲུབ་ཚུལ་ཆོ་ག་ཐམས་ཅད་བྷཱུ་དང་ཨེ་དྷའི་
སྐབས་དང་ཁྱད་པར་མེད་དོ། ༈ ། དེ་ནས་ནཱ་བི་ཀཱ་ར་ཎ་འཇུག་པའི་བྱ་བ་རྣམས་བརྗོད་པར་བྱ་སྟེ། ཌུ་ལཊ྄་ཀྲཱིཉྲ་ལིངྲ་ རྫས་ ལོཊྲ་ འཚོང་ ལངྲ བ་ལའོ་ཞེས་པའི་བྱིངས་ལ་རྣམ་དབྱེ་བདག་དོན་དང་ལཊྲ གཞན་ལིངྲ དོན་ལོཊྲ གཉིས་ཀ་ལངྲ འཇུག་ལ། དེ་ཡང་དང་པོ་པ་རསྨཻ་པ་ད་རྣམས་ལས།
བརྟ་མ་ན་ལཊྲའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཀྲཱིཏྲིཔྲ་ཅེས་གནས་པ་ལ། ༈ ནཱཀྲྱཱདེཿ ཀྲཱི་སོགས་ལ་ནཱའོ། །བྱིངས་ཀྲཱི་ལ་སོགས་པའི་སྡེ་ཚན་རྣམས་ལས་རྣམ་དབྱེ་བརྟ་མ་ན་སོགས་སྡེ་ཚན་དང་པོ་བཞི་ཕ་རོལ་ལ་བྱེད་པ་པོའི་དོན་གྱི་ཨཔྲ་ཀྱི་ཡུལ་ལ་ནཱ་བི་ཀཱ་ར་ཎ་འཇུག་སྟེ།
ནཱ་སྦྱར། ཥ་ར་རྀ་སོགས་ཀྱིས་བསྒྲུབས་པས། ཀྲཱི་ཎཱ་ཏི། གཉིས་ཚིག་ལ། ཀྲཱིཎཱ། ཏསྲ་ཞེས་གནས་པ་ལ། ༈ ཨཱི་ཧ་སེ། ཧ་ས་ལ་ཨཱིའོ། །ནཱ་བི་ཀཱ་ར་ཎའི་ཨཱ་ཡིག་ནི་རྣམ་དབྱེ་ངྲ་འགྲོ་བའི་མིང་ཅན་ཧ་ས་སོ་སོར་བསྡུ་བའི་ཡི་གེ་དང་པོ་ཅན་ཕ་རོལ་ལ་ཨཱི་ཡིག་ཏུ་འགྱུར་ཏེ།
ཀྲཱི་ཎཱི་ཏཿ མང་ཚིག །ཀྲཱི་ཎཱ་ཨནྟི་ཞེས་གནས་པ་ལ། ༈ ནཱ་ཏཿ ནཱའི་ཨཱཏྱའོ། །ནཱ་བི་ཀཱ་ར་ཎའི་ཨཱ་ཡིག་ནི་རྣམ་དབྱེ་ང་འགྲོ་བའི་མིང་ཅན་དབྱངས་དང་པོ་ཕ་རོལ་ལ་དབྱི་བར་བྱ་སྟེ། ཨཱ་ཕྱིས་པས། ཀྲཱི་ཎནྟི། དེ་བཞིན་དུ་དབུས་མ་གསུམ་ལ། ཀྲཱི་ཎཱ་སི། ཀྲཱི་ཎཱི་ཐཿ ཀྲཱི་ཎཱི་ཐ། ཕྱི་མ་གསུམ་ལ། ཀྲཱི་ཎཱ་མི། ཀྲཱི་ཎཱི་བཿ
ཀྲཱི་ཎཱི་མཿ། ཆོ་ག་འབྱུང་ལིངྲ་ལ། ཀྲཱི་ཎཱི་ཡཱཏྲ། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་ཎཱི་ཡུཿསོགས་དང་། ༈ ཤིས་བྱེད་ལོཊྲ་ལ། ཀྲཱི་ཎཱ་ཏུ། ཀྲཱི་ཎཱི་ཏཱཏྲ། ཀྲཱི་ཎཱི་ཏཱཾ། ཀྲཱི་ཎནྟུ། ཀྲཱི་ཎཱི་ཧི། ཀྲཱི་ཎཱི་ཏཱཏྲ། ཀྲཱི་ཎཱི་ཏཱཾ།
Vol. 197 · folio 79b
ཀྲཱི་ཎཱི་ཏ། ཀྲཱི་ཎཱ་ནི། ཀྲཱི་ཎཱ་བ། ཀྲཱི་ཎཱ་མ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨ་ཀྲཱི་ཎཱཏྲ། ཨ་ཀྲཱི་ཎཱི་ཏཱཾ། ཨ་ཀྲཱི་ཎནྲ། ཨ་ཀྲཱི་ཎཱཿ ཨ་ཀྲཱི་ཎཱི་ཏཾ། ཨ་ཀྲཱི་ཎཱི་ཏ། ཨ་ཀྲཱི་ཎཱཾ། ཨ་ཀྲཱི་ཎཱི་བ། ཨ་ཀྲཱི་ཎཱི་མ། ༈ ཨཱཏྨ་ནེ་པ་ད་རྣམས་ལས་བརྟ་མ་ན་ལཊྲ་
ལ། ཀྲཱི་ཎཱི་ཏེ། ཀྲཱི་ཎཱ་ཏེ། ཀྲཱི་ཎ་ཏེ། ཀྲཱི་ཎཱི་ཥེ། ཀྲཱི་ཎཱ་ཐེ། ཀྲཱི་ཎཱི་དྷྭེ། ཀྲཱི་ཎེ། ཀྲཱི་ཎཱི་བ་ཧེ། ཀྲཱི་ཎཱི་མ་ཧེ། ༈ ཆོག་འབྱུང་ལིངྲ་ལ། ཀྲཱི་ཎཱི་ཏ། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་ཎཱི་རནྲ་སོགས་དང་། ༈ ཤིས་བྱེད་ལོཊྲ་ལ། ཀྲཱི་ཎཱི་ཏ། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་
ཎ་ཏཱཾ། ཀྲཱི་ཎཱི་ཥྭ། ཀྲཱི་ཎཱ་ཐཱཾ། ཀྲཱི་ཎཱི་དྷྭཱཾ། ཀྲཱི་ཎཻ། ཀྲཱི་ཎཱ་བ་ཧཻ། ཀྲཱི་ཎཱ་མ་ཧཻ། ༈ དེ་རིང་མ་ཡིན་པ་ལངྲ་ལ། ཨ་ཀྲཱི་ཎི་ཏ། ཨ་ཀྲཱི་ཎཱ་ཏཱཾ། ཨ་ཀྲཱི་ཎ་ཏ། ཨ་ཀྲཱི་ཎཱི་ཐཿ ཨ་ཀྲཱི་ཎཱ་ཐཱཾ། ཨ་ཀྲཱི་ཎཱི་དྷྭཾ། ཨ་ཀྲཱི་ཎི། ཨ་ཀྲཱི་ཎཱི་བ་ཧི། ༈
དེ་བཞིན་དུ་གྲཧྲ་ཉེ་བར་ལེན་པ་ལའོ་ཞེས་པའི་བྱིངས་ལ་རསྨཻ་པ་དང་རྣམས་སྦྱོར་བ་ལས། ༈ གྲ་ཧཱཾ་ཀྔི་ཏི་ཙ། གྲ་ཧ་རྣམས་ཀྱི་ཀྲ་ངྲ་འགྲོ་བ་ལའང་ངོ་། །བྱིངས་གྲཧྲ། ཛྱཱ། བྱེཉྲ། དྷྭེཉྲ། བྱདྷྲ། བཔྲ། བསྲ། བཙྲ། པྲཚྲ། བྷྲསྫ། བྲཱ་ལ་སོགས་པ་རྣམས་ཀྱི་ཀྲ་
ཡིག་དང་ངྲ་ཡིག་འགྲོ་བའི་མིང་ཅན་ཕ་རོལ་ལ་སཾ་པྲ་ས་ར་ཎ་སྟེ་སླར་ཡང་དག་པར་བསྒྱུར་བར་བྱ་ལ། དེ་ཡང་ཡ་ཡིག་ནི་ཨི་ཡིག །བྲ་ཡིག་ནི་ཨུ་ཡིག །རྲ་ཡིག་ནི་རྀ་ཡིག །ལྲ་ཡིག་ནི་ལྀ་ཡིག་རྣམས་སུ་འགྱུར་ཏེ། ནཱ་བི་ཀཱ་ར་ཎ་སྦྱར། གྲ་ཧའི་ར་ཡིག་དབྱངས་བཅས་རྀ་
ཡིག་ཏུ་བསྒྱུར་བས། གྲྀ་ཧྞཱ་ཞེས་པ་ལ་བརྟ་མ་ན་སོགས་སྦྱོར་བའི་ཆོ་ག་རྣམས་ཤིས་བྱེད་ལོཊྲའོ་སྐྱེས་བུ་དབུས་མའི་གཅིག་ཚིག་ཧི་མ་གཏོགས་གོང་དུ་བཤད་པའི་ཀྲཱིཉྲའི་སྐབས་དང་འདྲ་བས། གྲྀཧྞཱ་ཏི། གྲྀ་ཧྞཱི་ཡཱཏྲ། གྲྀཧྞཱ་ཏུ། གྲྀཧྞཱི་ཏཱཏྲ། ཨ་གྲྀ་ཧྞཱཏྲ། སོགས་དང་ཧི་ལ།
གྲ་ཧ། ཧི་ཞེས་གནས་པ་ལ། ༈ ཧ་སཱ་དཱ་ན་ཧཽ། ཧ་ས་ལས་ཧི་ལ་ཨཱ་ནའོ། །ཀྲཱིཉྲ་ལ་སོགས་པའི་སྡེའི་ནང་ཚན་གྱི་གྲ་ཧ་ལ་སོགས་པ་རྣམས་ཀྱི་བྱིངས་མཐའ་ཧ་ས་སོ་སོར་བསྡུ་བ་ལ་ཧི་ཕ་རོལ་ལས་བྱེད་ལཊྲ པ་ལིངྲ པོའི་ལོཊྲ དོན་གྱི་ལོཊྲ ནཱ་བི་ལངྲ ཀཱ་ར་ཎའི་ཡུལ་ལ་ཨཱ་ན་བི་
Vol. 197 · folio 80a
ཀཱ་ར་ཎ་འགྱུར་ཏེ། ཨཱ་ན་སྦྱར། ཨཏྲ་ཅེས་པས་ཧི་ཡང་ཕྱིས་པས། གྲྀ་ཧཱ་ཎ་སོགས་སོ། ༈ དེ་བཞིན་དུ་པཥྲ་རྒྱས་པ་ལའོ་ཞེས་པའི་བྱིངས་ལའང་ཆོ་ག་ཐམས་ཅད་དེ་དང་འདྲ་བར་བསྒྲུབས་པས། པུཥྞཱ་ཏི། པུཥྞཱི་ཡཱཏྲ། པུཥྞཱ་ཏུ། པུཥཱ་ཎ། ཨ་པུཥྞཱ་ཏྲ་
སོགས་སོ། ༈ མུཥྲ་བརྐུ་བ་ལའོ་ཞེས་པའི་བྱིངས་ལའང་། མུཥྞཱ་ཏི། མུཥྞཱི་ཡཱ་ཏ། མུཥྞཱ་ཏུ། མུ་ཥཱ་ཎ། ཨ་མུཥྞཱཏྲ་སོགས་སོ། ༈ དེ་ལྟར་ཨཔྲ་བི་ཀཱ་ར་ཎ་ནས་གཟུང་ཨཱ་ན་བི་ཀཱ་ར་ཎའི་བར་གྱི་རྐྱེན་དེ་ཐམས་ཅད་བྱེད་ ལཊྲ་ པ་པོའི་ལིངྲ་ རབ་ཏུ་ལོཊྲ་ བྱ་བའི་ཧི་ དོན་ལངྲ་ ལ་
སྦྱོར་བ་ཡིན་ལ། རྣམ་དབྱེ་སྡེ་ཆན་བཞི་པོ་དེ་རྣམས་ལ་བྱིངས་ཐམས་ཅད་པའི་རྣམ་དབྱེ་ཞེས་བྱ་ཞིང་། ལྷག་མ་འཆད་འགྱུར་རྣམ་དབྱེ་སྡེ་ཚན་དྲུག་པོ་རྣམས་ལ་བྱིངས་ཕྱེད་པའི་རྣམ་དབྱེ་ཞེས་བྱ་སྟེ། པཱ་ཎི་པའི་ལུགས་སོ། །ཨི་ཏི་སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སྱ་སཱུ་
ཏྲཱཏྐརྟ་རི་པྲ་ཀྲི་ཡ་ས་མཱཔྟཱཿ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱེད་པ་པོའི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། ༈ །།དེ་ནས་དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་རྣམས་བཤད་པར་བྱ་སྟེ། ༈ ཨཱདྦྷུབི་ཀརྨ་ཎི། དངོས་པོ་དང་ལས་ལ་ཨཱཏྲའོ། །བྱིངས་
ལས་དང་བཅས་པ་རྣམས་ལ་ལས་ཀྱི་དོན་དང་ལས་མེད་པ་རྣམས་ལ་དངོས་པོའི་དོན་དུ་རྣམ་དབྱེ་ཨཱཏྨ་ནེ་པ་ད་རྣམས་འཇུག་ཅིང་དངོས་པོའི་དོན་ལ་དེ་རྣམས་ཀྱི་གཅིག་ཚིག་ཁོ་ན་འཇུག་ལ། ཉེར་བསྒྱུར་གྱི་སྟོབས་ཀྱིས་བསྒྱུར་བ་ལ་ནི་དེར་མ་ངེས་སོ། །དེ་ཡང་བྱིངས་ལས་བཅས་དང་ལས་
མེད་ཀྱི་དབྱེ་བ་ནི། བྱིངས་དེས་བྱེད་པའི་ཚིག་གི་དོན་ཁོ་ན་བརྗོད་པ་ནི་ལས་མེད་པ་དང་། ལས་དང་བྱེད་ཚིག་གཉིས་ཀའི་དོན་བརྗོད་པ་དེ་ལས་དང་བཅས་པའི་བྱིངས་ཞེས་གྲགས་པ་ལས། བྱིངས་ལས་མེད་པ་ནི་བྷཱུ་དང་། ཨེ་དྷ་དང་། ཨཱསྲ་དང་། ཤཱིདྲ་ལ་སོགས་པ་སྟེ།
ཇི་སྐད་དུ། ལཛྫཱ་སཏྟཱསྠི་ཏི་ཛཱ་ག་ར་ཎི་བྲྀདྡྷི་ཀྵ་ཡ་བྷ་ཡ་ཛཱི་བི་ཏ་མ་རཾ། ཤ་ཡ་ན་ཀྲི་ཌཱ་རུ་ཙི་དཱིཔྟྱཪྠཾ་དྷཱ་ཏུ་ག་ཎཾ་ཏ་མ་ཀརྨ་ཀ་མཱ་ཧུཿ། ངོ་ཚ་ཡོད་པ་གནས་པ་མེལ་ཚེ་དང་། །འཕེལ་བ་ཟད་པ་འཇིག་པ་འཚོ་བ་དང་། །ཉལ་དང་རྩེད་མོ་འོད་དང་འབར་བའི་དོན། །བྱིངས་ཀྱི་ཚོགས་རྣམས་
Vol. 197 · folio 80b
ལས་མེད་པར་བཤད་དོ། །ཞེས་པ་སྟེ་ངོ་ཚ་སོགས་དོན་བཅུ་གཉིས་པོ་དེ་རྣམས་ཀྱི་དོན་ཅན་ཀྱི་བྱིངས་རྣམས་ལ་ནི་ལས་མེད་པ་ཞེས་བྱ་ཞིང་། དེ་རྣམས་ལས་གཞན་པ་རྣམས་ལས་དང་བཅས་པའོ །དངོས་པོའི་མཚན་ཉིད་ནི། ཇི་སྐད་དུ། སནྨཱ་ཏྲཾ་བྷཱ་བ་ལིངྒཾ་སྱཱ་ད་སྤྲྀཥྚ་ཡ་ཙྪ་
ཀཱ་ར་ཀཻཿ། དྷ་ཏྭཱཪྠཿཀེ་བ་ལཾ་ཤུདྡྷེ་བྷ་བ་ཨི་ཏྱ་བྷི་དྷཱི་ཡ་ཏེ། ཡོད་ཙམ་དངོས་པོའི་རྟགས་སུ་འགྱུར། །གང་ཡང་བྱེད་ཅན་རྣམས་མ་རེག །བྱིངས་དོན་རྐྱང་པ་དག་པ་ནི། །དེ་ལ་དངོས་པོར་མངོན་པར་བརྗོད། །ཅེས་ཏེ་བྱེད་ཅན་དྲུག་པ་གང་དང་ཡང་མ་སྦྱར་བ། དངོས་པོ་ཡོད་པ་
ཙམ་སྟོན་པ་ནི་དངོས་པོའི་དོན་ཞེས་བྱའོ། ༈ ཡསྩ་ཏུཪྵུ། བཞི་པོ་ལ་ཡཀྲའོ། །བྱིངས་ལས་རྣམ་དབྱེ་བརྟ་མ་ན་སོགས་སྡེ་ཚན་དང་པོ་བཞི་པོ་ཕ་རོལ་ལ་དངོས་པོ་དང་ལས་ཀྱི་དོན་ལ་ཡཀྲ་རྐྱེན་དུ་འགྱུར་ཏེ། ཀ་ཡིག་བྱིངས་ལ་ཡོན་ཏན་འགོག་པའི་དོན་ཡིན་པས་དབྱི་བ་སོགས་ཀྱིས་
བསྒྲུབས་པས། བྷཱུ་ཡ་ཏེ་བྷ་བ་ཏཱ། ཨེ་དྷྱ་ཏེ་དྷཱརྨི་ཀཿ ཤཱིངྲ་གི་ཡཀྲ་ཕ་རོལ་ལ་ཨཱི་ཨ་ཡངྲ་དུ་བསྒྱུར་བར་བཤད་པས། ཨཱི་ཨ་ཡངྲ། ངྲ་དང་ཡའི་ཨ་རྗེས་འབྲེལ་ཡིན་པས་ཕྱིས་པས། ཤཡྻ་ཏེ་ཤྲུ་དྲེ་ཎ། ཡང་སྐབས་ལ་ལར་བྱིངས་ལས་
མེད་པ་ལའང་ལས་ཅན་ལྟར་བསྒྲུབ་ཁྱོད་ཡིན། ཆོས་དང་ལྡན་པ་འཕེལ། ཉེ་བའི་གདན་ལ་གནས། པ་ཡང་ཡོད་ལ། དེ་ཡང་ཉེར་བསྒྱུར་སྔོན་དུ་བྱུང་ན་ནི་ཉེར་བསྒྱུར་གྱི་དབང་གིས་ལས་མེད་ལས་ཅན་དང་ལས་ཅན་ལས་མེད་དུ་བསྒྱུར་བ་དང་། གཅིག་ཚིག་ཉལ་བར་བྱེད་དོ་དམངས་རིགས། ཁོ་ན་འཇུག་པ་ལ་གཉིས་
ཚིག་མང་ཚིག་ཐམས་ཅད་སྦྱོར་བ་སོགས་སྣ་ཚོགས་ཡོད་དེ། བྱིངས་ལས་ཉེར་བསྒྱུར་སྟོབས་ཆེ་བས་ཉེར་བསྒྱུར་གྱིས་བསྒྱུར་འགྲོ་བས་དཔེར་ན། ཧཱ་ར་འཕྲོག་པ་ལ་འཇུག་ཀྱང་ཉེར་བསྒྱུར་གྱིས་བསྒྱུར་བས། བི་ཧཱ་ར། ཨཱ་ཧཱ་ར། སཾ་ཧཱ་ར། པྲ་ཏི་ཧཱ་ར་སོགས་བྱིངས་ཀྱི་དོན་གཞན་
དུ་འགྱུར་འགོ་བ་ལྟ་བུ་སྟེ། ཉེར་བསྒྱུར་གྱི་དབང་གིས། སུ་ཁ་མ་ནུ་བྷཱུ་ཡ་ཏེ་སྭཱ་མི་ནཱ། རྗེ་བོས་བདེ་བ་རྗེས་སུ་མྱོང་བར་བྱེད། ཞེས་པ་ལྟ་བུའོ། །ལས་བཅས་ལ་ལས་ཀྱི་དོན་དུ་ཡཀྲ་སྦྱར་བའི་དཔེ་ནི། ཀ་ཊཿ གནས་པ། ཟས། ཁོངས་སུ་སྡུད་པ། འཇོམས་པ། ཀྲི་ཡ་ཏེ་ཀཱ་རུ་ཀེ་ཎ། རྩྭའི་ལྷས་མའི་ལས་བྱེད།
Vol. 197 · folio 81a
ཏྭཾ་དུ་ཁཱི་ཀྲི་ཡ་སེ། རཱ་གཽ་བ་རཱ་གཻཿ སུ་ཁྱ་ཧཾ་ཀྲི་ཡེ། ༈ ཨ་ཡ་ཀི། ཨ་ཡཀྲ་ལའོ། །བྱིངས་མཐའི་རྀཏྲ་ནི་རྐྱེན་ཨ་དང་ཡཀྲ་ཕ་རོལ་ལ་རིངྲ་ད་དུ་འགྱུར་ཏེ། ངྲ་ཡིག་བར་མཚམས་གཅོད་པའི་དོན་ཏེ་འོག་ནས་འབྱུང་བའི་ཡ་ལའོ་ཞེས་པ་སོགས་འགོག་པའི་དོན་ཡིན་
པས་དབྱི་བ་སོགས་ཀྱིས་བསྒྲུབས་པས། ཁྱེད་དཀའ་བས་བྱེད་དོ། །ཆགས་པ་དག་ལས་ཆགས་པ་བྲལ་བས་ངེད་བདེ་བར་བྱེད་དོ། །པས། མྲྀངྲ་སོག་གཏོང་བ་ལའོ་ཞེས་པའི་བྱིངས་ལ། མྲི་ཡ་ཏེ། ༈ དྲྀ་འགྲོ་བ་ལའོ་ཞེས་པའི་བྱིངས་ལ། ཧྲྀཉྲ་འཕྲོག་པ་ལའོ་ཞེས་པའི་བྱིངས་ལ། ཧྲི་
ཡ་ཏེ་དྷ་ན་ཏསྐ་རེ་ཎ། ༈ རཱྀཏྲ་ཨིརྲ་རཱྀ་ཏ་ཨི་རྲ། རཱྀཏ་ཨེ་རྲའོ། རྐྱེན་ཡ་ཡིག་ཕ་རོལ་ལ་བྱིངས་མཐའ་རཱྀ་ཏྲ་ནི་ཨི་རྲ་ན་དུ་འགྱུར་ཏེ། ཏྲཱྀ་མཆོད་པ་དང་རྐྱལ་བ་ལའོ་ཞེས་པའི་དབྱིངས་ལ་ཡཀཱ། རཱྀ་ཏ་ཨི་རུ་དུ་སྒྱུར་ས། ཏིརྲ་ཡ་ཏེ་ཞེས་གནས་བྲམ་ཟེ་སྦྱིན་པ་ལོང་། པ་ལ། ༈ ཡེ། ཡ་ལའོ། །
འཕྲོག་པར་བྱེད་དོ་ནོར་ཆོམ་རྐུན་གྱིས། རྐྱེན་ཡ་ཕ་རོལ་ལ་དབྱངས་སྔོན་མ་དེ་རིང་པོར་འགྱུར་ཏེ། ཨི་རིང་པོར་བསྒྱུར་བས། ཏཱིཪྻ་ཏེ། དེ་བཞིན་དུ། ཙིཉྲ་གསོག་པ་ལའོ་ཞེས་པའི་བྱིངས་ལ། ཨིཥྚི་ཀཱ་ཤྩཱི་ཡ་ཏེ། ཧུ་སྦྱིན་པ་དང་ཟ་བ་ལའོ་ཞེས་པའི་བྱིངས་ལ། ཧཱུ་ཡ་ཏེ་ཨགྣིཾ་བཧྣཽ། ༈
དཱ་དེ་རིཿ དཱ་སོགས་ཀྱི་ཨིའོ། །བྱིངས་ཌུ་དཱཉྲ་ལ་སོགས་པའི་ཨཱ་ཡིག་ནི་རྐྱེན་ཀྲ་དང་ངྲ་འགྲོ་བའི་མིང་ཅན་ཕ་རོལ་ལ་ཨི་རུ་འགྱུར་ཏེ། ཌུ་དཱཉྲ་སྦྱིན་པ་ལའོ་ཞེས་པའི་བྱིངས་ལ་ཡཀྲ། སོ་ཕག་རྣམས་གསོག་པར་བྱེད། ཨཱ་ཨི། ཡ་ལ་འོས་རིང་པོར་བསྒྱུར་བས། དཱི་ཡ་ཏེ། མེ་ལ་ཟས་སྦྱིན་སྲེག་བྱེད།
བེ་ད་བི་དེ་ཨཱ་དོ་དཱི་ཡ་ཏཱཾ་དྷ་ནཾ། དེ་བཞིན་དུ། ཌུ་དྷཱཉྲ་འཛིན་པ་དང་གསོ་བ་ལའོ་ཞེས་པའི་བྱིངས་ལ། ནི་དྷཱི་ཡ་ཏེ་དྷཱ་ནྱཾ་བྷཱུ་མཽ། མཱངྲ་ཚད་འཇལ་བ་ལའོ་ཞེས་པའི་བྱིངས་ལ། མཱི་ཡ་ཏེ། ༈ སནྡྷྱ་ཀྵ་རཱ་ཎཱ་མཱ། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱའོ། །སྦྱིན་པར་བྱེད། བྱིངས་མཐའི་
རིག་བྱེད་རིག་པ་ལ་ནོར་བྱིན་ཅིག །མཚམས་སྦྱོར་གྱི་ཡི་གེ་རྣམས་ནི་དངོས་པོ་དང་ལས་ཀྱི་དོན་གྱི་ཨཱཏྨ་ནེ་པ་ད་རྣམས་ཕ་རོལ་ལ་ཨཱ་ཡིག །གཏེར་དུ་སྤོས་ཤིག་འབྲུ་རྣམས། ཏུ་འགྱུར་ཏེ། ཀཻ གཻ རཻསྒྲ་ལའོ ཚད་འཇལ་བར་བྱེད། ཞེས་པའི་བྱིངས་གསུམ་ལ ཡཀྲ། ཨཻ་ཨཱ་རུ་བསྒྱུར་དེ་ནས་དཱ་སོགས་ཀྱིས་ཨཱ་དེ་སླར་
Vol. 197 · folio 81b
ཡང་ཨི། ཡ་ལའོས་རིང་པོར་བསྒྱུར་བས། ཀཱི་ཡ་ཏེ། གཱི་ཡ་ཏེ། དེ་བཞིན་དུ། ཤོ་ཕྲ་མོར་བྱེད་པ་ལའོ་ཞེས་པའི་བྱིངས་ལ། ཤཱི་ཡ་ཏེ། ཨོ་ཧཱཀྲ་གཏོང་བ་ལའོ་ཞེས་པའི་བྱིངས་ལ། ཧཱི་ཡ་ཏེ། པཱ་བཏུང་བ་ལའོ་ཞེས་པའི་བྱིངས་ལ། པཱི་ཡ་ཏེ། ཥྛཱ་འགྲོ་བ་
ལས་ལྡོག་པ་ལའོ་ཞེས་པའི་བྱིངས་ལ། ཡཀྲ། དང་སྨྲ་བར་བྱེད། པོའི་ཥ་ཎ་ནི་ས་ན་འོས་ཥ་ས། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་དོ་ཞེས་ཕྲ་མོར་བྱེད། པས་ཋ་ཐར་བསྒྱུར་བ་སོགས་ཀྱིས། སྠཱི་ཡ་ཏེ། ༈ གཏོང་བར་བྱེད་དམ་བདོར་བར་བྱེད། ཏ་ནོ་ཏེརྣཱ་བཱ། ཏནྲ་གྱི་འཐུང་བར་བྱེད། ནའི་ཨཱ་
ཡང་ནའོ། །བྱིངས་ཏ་ནུའི་ན་ཡིག་ནི་རྐྱེན་ཀ་འགྲོ་བ་ཕ་རོལ་ལ་ཨཱ་ཡིག་ཏུ་ཡང་ན་འགྱུར་ཏེ། ཏ་ནུ་ཡང་བ་ལའོ་ཞེས་པའི་བྱིངས་ལ། ཏ་ནྱ་ཏེ། ཏཱ་ཡ་ཏེ། ༈ གུ་ཎོརྟ་སིཾ་ཡོ་གཱ་དྱོཿ རྀའི་ཡང་དག་པར་སྦྱོར་ གནས་སོ། །བ་སོགས་ལ་ཡོན་ཏན་ནོ། །བྱིངས་རྀ་འགྲོ་བ་ལ་སོགས་པ་ནི་ཡཀྲ་སོགས་
དངོས་པོ་དང་ལས་ཀྱི་དོན་ཡང་དག་པར་སྦྱོར་བ་སོགས་ལ་ཡོན་ཏན་དུ་འགྱུར་ཏེ། རྀ་འགྲོ་བ་ལའོ་ཞེས་པའི་བྱིངས་ལ་ཡཀྲ། ཡོན་ཏན་ཡང་བར་བྱེད་དམ་ཕྲ་མོར་བྱེད། བྱས་པས། ཨཪྻ་ཏེ། དེ་བཞིན་དུ་སྨྀ་སེམས་པ་ལའོ་ཞེས་པའི་བྱིངས་ལ། སྨཪྻ་ཏེ། ལས་ཀྱི་དོན་ལ་ཡང་བྱེད་པ་དང་བཅས་
པའི་ལས་དང་ལས་དངོས་རྐྱང་གི་དབྱེ་བ་ཡང་ཡོད་དེ། ཇི་སྐད་དུ། ཡཏྐརྨ་གུ་ཎ་སཾ་ཡོ་གཱཏྐརྟྲྀ་ཏྭེ་ན་སཾ་ཡོ་གཱཏྐརྟྀ་ཏྭེ་ན་བི་བཀྵྱ་ཏེ་ས་ཀརྨ་ཀརྟཱ། ཀྲི་ཡ་མཱ་ཎཾ་ཏུ་ཡཏྐརྨ་སྭ་ཡ་མེ་བ་པྲ་སིདྡྷྱ་ཏི། སུ་ཀ་རཻཿསྭཻརྒུ་ཎཻཪྻ་སྨཱཏྐརྨ་ཀརྟེ་ཏི་ཏ་དྭི་སེམས་པར་བྱེད་དམ་དྲན་པར་བྱེད། དུཿ། ཡོན་ཏན་ཡང་
དག་པར་ནི་ལྡན་པ་ཡི། །ཇི་ལྟར་ལས་ཉིད་བྱེད་པ་པོ་ཡང་སྟེ། །བྱེད་པོར་བཅས་པའི་ལས་སུ་རྣམ་པར་འདོད། །ལས་གང་བྱེད་པས་འཇུག་པར་ལྡན་པ་སྟེ། རང་གི་སྟོབས་ཤུགས་ཀྱི་ནི་གང་ལ་ཡང་། །དེ་ཉིད་རབ་ཏུ་གྲུབ་པར་བྱེད་པ་ནི། །བདེ་བླག་བྱེད་པ་རང་གི་ཡོན་ཏན་རྣམས། །
ལས་དེ་བྱེད་པོ་ཉིད་དང་ལྷན་ཅིག་རིག །ཅེས་པ་སྟེ་གང་བྱ་བའི་ལས་ཀྱི་དངོས་པོ་དེ་བྱེད་པ་པོས་རྩོལ་བ་ཆེན་པོ་མི་དགོས་པར་བདེ་བླག་ཏུ་འགྲུབ་པ་དེ་ནི་བྱེད་པ་པོ་དང་བཅས་པའི་ལས་ཞེས་ཟེར་ཏེ། དཔེར་ན། འབྲས་ཆད་ཚོས་ཏེ་རང་ཤུགས་ཀྱི། ཨེ་ད་ནཿཔ་ཙྱ་ཏེ་སྭ་ཡ་མེ་བ། དུམ་བུར་བྱེད་དོ་ཤིང་རང་ཤུགས་ཀྱི། བྷི་དྱ་ཏེ་
Vol. 197 · folio 82a
ཀཥྛཾ་སྭ་ཡ་མེ་བ། ལཱུ་ཡ་ཏེ་ཀེ་དཱ་རཿསྭ་ཡ་མེ་པ། ཞེས་པ་ལྟ་བུ་སྟེ་བྱིངས་པཙྲ་འཚེད་པ། བྷི་དིརྲ་གཉིས་སུ་བྱེད་པ། ལཱུཉྲ་གཅོད་པ་རྣམས་ལ་ཡཀྲ་སྦྱར་ནས་བསྒྲུབས་པའོ། །ཡང་དོན་གཅིག་ལ་ལས་ཀྱི་ཚིག་གཉིས་སྦྱོར་དགོས་པ་ཡང་ཡོད་ལ། དེ་
ཡང་ཎཱི། ངུ་ཧི། ཡཱཙི། རུ་དྷི། རུ་ཙི། པྲཙྖི། བྷིཀྵི། ཙིཉྲ་སོགས་ལ་ལས་ཀྱི་ཚིག་གཉིས་སྦྱོར་བ་སྟེ། ཎཱིཉྲ་ཐོབ་པ་ལའོ་ཞེས་པའི་བྱིངས་ལ་རྐྱེན་ཡཀྲ་སྦྱར། དེ་ལ་ལས་ཀྱི་ཚིག་གཉིས་སྦྱར་བས། ན་ག་རཾ་ནཱི་ཡ་ཏེ་ནཱ་ག་རི་ཀཻརྦ་ནེ་ཙརཿ དེ་བཞིན་དུ།
བྲུ་ཡཱ་ཙྭྀ་སློང་བ་ལའོ་ཞེས་པའི་བྱིངས་ལ། བྷོ་ཛ་ནཾ་ཡཱ་ཙྱ་ཏེ་ཡ་ཛ་མ་ནོ་ཡཱ་ཙ་ཀེ་ན། པྲཙྪ་ཤེས་པར་འདོད་པ་ལའོ་ཞེས་པའི་བྱིངས་ལ། པྲིཙྖྱ་ཏེ་པནྠཱ་ནཾ་པ་ཐི་ཀེ་ན། ཤི་ཥྱེ་ཎཱ་ཙརྻསྟ་ཏྭཾ་པྲྀཙྪྱཏེ། དེ་ལྟར་ལས་ཀྱི་ཚིག་གཉིས་སྦྱོར་བ་ལ་བྱེད་པ་དང་འབྲེལ་པ་དེ་ལས་གྲོང་ཁྱེར་དུ་ཐོབ་བོ་གྲོང་ཁྱེར་བས་ནགས་སྤྱོད།
གཙོ་ཕལ་གཉིས་ལས་གཙོ་བོ་ཡིན་ནོ། །ཨི་ལྟོ་ཟས་སློང་བར་བྱེད་དོ་སློང་སྟོན་གྱི་སར་སློང་མོ་པས། ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སུ་སྲུ་ཏཱདྡྷ་བ་ཀརྨ་གྲཧྲ་སོགས་ཀྱི་སླར་ཡང་དག་པར་བསྒྱུར་བའོ། །འདྲི་བར་བྱེད་དོ་ལམ་རྣམས་ལམ་ཞུགས་ཀྱིས་འགྲུལ་བ་ལ། སློབ་མས་སློབ་དཔོན་ལ་དེ་ཁོ་ན་ཉིད་འདྲི་བར་བྱེད་དོ། །པྲ་ཀྲི་ཡ་ས་མཱབྷཱཿ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་
གྱི་མདོ་ལས་དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། ༈ །།དེ་ནས་པ་རོ྅ཀྵ་ལ་སོགས་པ་རྣམ་དབྱེ་སྡེ་ཚན་ཕྱི་མ་དྲུག་གི་ཆོ་ག་རྣམས་རབ་ཏུ་བརྗོད་པར་བྱ་སྟེ། དེ་ལ་དང་པོ་པ་རོ྅ཀྵ་ནི། པ་རོ྅ཀྵ་ཎ་པ་ཏུ་སུསྠ་པ་ཐུས་ཎབྦ་མཱ་ཡཱ་ཏ་ཡི་རེ་ས་ཡཱ་ཐེ་དྷྭ་ཡེ་བ་ཧེ་མ་ཧེ། ལྐོག་ཏུ་གྱུར་པ་ལ།
ཎཔྲ། ཨ་ཏུསྲ། ཨུསྲ། ཐཔྲ། ཨ་ཐུསྲ། ཨ། ཎཔྲ། པ། མ། ༈ ཨེ། ཨཱ་ཏེ། ཨི་རེ། སེ། ཨཱ་ཐེ། བྷྭེ། ཨེ། བ་ཧེ། མ་ཧེའོ། །བྱིངས་ལས་ལྐོག་ཏུ་གྱུར་པའི་དུས་བརྗོད་པའི་བྱེད་པའི་དོན་ལ་ཎཔྲ་ལ་སོགས་པ་རྣམ་དབྱེ་བཅོ་བརྒྱད་པོ་འདི་རྣམས་འགྱུར་ཞིང་།
ལྐོག་ཏུ་གྱུར་པའི་དུས་དེ་ལའང་འདས་མ་འོངས་གཉིས་སུ་ཡོད་པ་ལས་འདས་པ་ལ་འཇུག་ལ་འདས་པ་དེ་ཡང་འདས་ནས་ཡུན་རིང་ལོན་པའི་དུས་ལ་འཇུག་པ་ཤས་ཆེའོ། །རྣམ་དབྱེ་འདི་རྣམས་ལ་པཱ་བེེ་པའི་ལུགས་ལ། ལིཊྲ་ཞེས་ཟེར་རོ། ༈ །དྭིཤྩ། གཉིས་ཀྱང་ངོ་། །ཎཔྲ་ལ་
Vol. 197 · folio 82b
སོགས་པ་རྣམ་དབྱེ་བཅོ་བརྒྱད་པོ་ཕ་རོལ་ལ་དེ་རྣམས་སྦྱོར་གཞིའི་བྱིངས་དེ་གཉིས་སུའང་འགྱུར་ཏེ། བྷཱུ་ལ། ལྐོག་གྱུར་ལིཊའི་སྐྱེས་བུ་དང་པོའི་གཅིག་ཚིག་ཎཔྲ་སྦྱར་གཉིས་བརྗོད་པས། བྷཱུབྷཱུ། ཎཔྲ་ཅེས་གནས་པ་ལ། ༈ ཨཱབྷྭོརྞྭ་དཽ། ཎཔྲ་སོགས་ལ་བྷཱུ་ཨ་དག་གི་ཨཱའོ། །རྣམ་དབྱེ་ཎཔྲ་
ལ་སོགས་པ་ཕ་རོལ་ལ་བྱིངས་གཉིས་བརྗོད་པའི་དང་པོ་དེ་བྷཱུའི་ཨཱུ་དང་ཨ་ཡིན་ན་ཨཱ་ཡིག་ཏུ་འགྱུར་ཏེ། བྷཱུའི་ཨཱུ་ཨཱ། ཐུང་ངུ་འོས། དེ་ཐུང་ངུར་བསྒྱུར་ཛྷ་པ་སོགས་ཀྱིས་བྷ་བ། ༈ བྷུ་བོ་བུཀྲ། བྷཱུ་ལ་བུཀྲའོ། །ཎཔྲ་ལ་སོགས་པའི་རྣམ་དབྱེ་རྣམས་ཕ་རོལ་ལས་བྱིངས་བྷཱུ་ལ་བུཀ྄་ཨཱ་ག་
མ་འགྱུར་ཏེ། པུཀྲ་བྱིན་ཀྲ་གནས་དོན་ཨུ་བརྗོད་དོན་ཡིན་པས་དབྱི་བ་སོགས་ཀྱིས་བསྒྲུབས་པས། བ་བྷཱུ་བ། དེ་བཞིན་དུ་བསྒྲུབས་པས་གཉིས་ཚིག་དང་མང་ཚིག་ལ། བ་བྷཱུ་བ་ཏུཿ བ་བྷཱུ་བུཿ སྐྱེས་བུ་དབུས་མའི་གཅིག་ཚིག་ལ། བ་བྷཱུ་པྲ་ ཐཔྲ་ཞེས་གནས་པ་ལ། ༈
ཀྲཱ་དེཪྞ་དེཿ ཀྲྀ་སོགས་ལས་ཎ་སོགས་ལའོ། །བྱིངས་ཀྲྀ། སྲྀ། བྷྲྀ། པྲྀ། དྲུ། སྟྲུ། ཤྲུ། སྲུ་རྣམས་མ་ཡིན་པའི་བྱིངས་རྣམས་ལས་ཕ་རོལ་གྱི་ཎཔྲ་སོགས་རྣམ་དབྱེ་བ་ས་སོ་སོར་བསྡུ་བའི་ཡི་གེ་དང་པོ་ཅན་རྣམས་ལ་ཨིཊྲ་ཨཱ་ག་མ་སྟེར་བར་བྱ་སྟེ། ཨིཊྲ་བྱིན་པས། བ་བྷཱུ་བི་ཐ།
གཉིས་ཚིག་དང་མང་ཚིག་ལ། བ་བྷཱུ་བ་ཐུཿ བ་བྷཱུ་བ། དེ་རྣམས་དང་འདྲ་བར་བསྒྲུབས་པས་སྐྱེས་བུ་ཕྱི་མ་གསུམ་ལ། བ་བྷཱུ་བ། བ་བྷཱུ་བི་བ། བ་བྷཱུ་བི་མ། དེ་བཞིན་དུ་ཌུ་པ་ཙཥྲ་འཚེད་པ་ལའོ་ཞེས་པའི་བྱིངས་ལ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལས། དང་པོ་པ་
རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། པཙྲ། ཎཔྲ། ཅེས་པ་ལ། གཉིས་ཀྱང་ངོས་བྱིངས་གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོའོས་ཙྲ་གོང་མ་ཕྱིས། ༈ ཨཏྲ་ཨུ་པ་དྷཱ་ཡཱཿ ཨུ་པ་དྷཱའི་ཨཏྲའོ། །བྱིངས་ཀྱི་ཨུ་པ་དྷཱའི་ཨ་ཡིག་ནི་ཉྲ་ཡིག་དང་ཎྲ་ཡིག་འགྲོ་བའི་མིང་
ཅན་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། འཕེལ་བ་བྱས་པས། པ་པཱ་ཙ། །གཉིས་ཚིག་ལ། པ་པཙྲ་ཨ་ཏུསྲ། ཞེས་གནས་པ་ལ། ༈ ཎཱ་དིཿཀིཏྲ། ཎ་ལ་སོགས་པ་ཀ་འགྲོ་བའོ། །རྣམ་དབྱེ་ཎཔྲ་ལ་སོགས་པ་པྲ་འགྲོ་བ་རྣམས་མ་ཡིན་པ་རྣམས་ལ་ནི་ཀ་འགྲོ་བའི་མིང་ཅན་ཞེས་ཟེར་རོ། ༈ །
Vol. 197 · folio 83a
ལོ་པཿཔ་ཙཱི་ཀི་ཏྱེ་ཙཱ་སྱ། པཙྲ་རྣམས་ཀྱི་ཀ་འགྲོ་བ་ལ་དབྱི་སྟེ་ཨའི་ཡང་ཨེའོ། །བྱིངས་པཙྲ་ལ་སོགས་པ་རྣམས་ཀྱི་གཉིས་བརྗོད་པའི་དང་པོ་བསྒྱུར་བ་མ་ཡིན་པའི་གདོད་མའི་ཨ་ཡིག་ཡིན་ན་ཡི་གེ་དང་པོ་དེ་དབྱི་ཞིང་ཨ་ཡིག་ཕྱི་མ་དེ་ཡང་ཨེ་ཡིག་ཏུ་འགྱུར་ཏེ། པ་
གོང་མ་ཕྱིས་ཕྱི་མའི་ཨ་ཨེར་བསྒྱུར་བས། པེ་ཙ་ཏུཿ དེ་བཞིན་དུ་མང་ཚིག་ལ། པེ་ཙུཿ སྐྱེས་བུ་དབུས་མའི་གཅིག་ཚིག་ལ། ༈ པེཊྲ་ཐཔྲ། ཐཔྲ་ལ་ཨིཊྲ་ཡང་ནའོ། །བྱིངས་ཨིཊྲ་མི་འཇུག་པ་རྣམས་ཀྱི་ཕ་རོལ་ལས་ཀྱང་རྣམ་དབྱེ་ཐཔྲ་ལ་ཨིཊྲ་ཡང་ན་འགྱུར་ཞིང་། ཨིཊྲ་དང་བཅས་པའི་ཐཔྲ་དེ་
ཡང་ཀ་འགྲོ་བའི་མིང་ཅན་དུ་ཡང་ན་བར་བྱ་སྟེ། ཨིཊྲ་ཡང་ན་བར་བྱས། ཨིཊྲའི་ཕྱོགས་ལའང་ཀ་འགྲོ་བའི་ཆོ་ག་དང་མི་འགྲོ་བའི་ཆོ་ག་འདམ་ཁ་ཅན་དུ་བྱས་པས། པ་པ་ཙི་ཐ། པེ་ཙི་ཐ། པ་པཀྠ། གཉིས་ཚིག་དང་མང་ཚིག་ལ། པེ་ཙ་ཐུཿ པེ་ཙ། སྐྱེས་བུ་ཕྱི་མའི་
གཅིག་ཚིག་ཎཔྲ་ལ་ཎ་འགྲོ་བའི་ཆོ་ག་ཡང་ན་བར་བཤད་པས་འཕེལ་བ་བྱེད་པ་དང་མི་བྱེད་པ་འདམ་ཁ་ཅན་དུ་བྱས་པས། པ་པཱ་ཙ། པ་པ་ཙ། གཉིས་ཚིག་དང་མང་ཚིག་ལ། པེ་ཙི་བ། པེ་ཙི་མ། ༈ ཨཱཏྨ་ནེ་པ་ད་རྣམས་ལ་ཡང་ཆོ་ག་དེ་རྣམས་དང་འདྲ་བར་བསྒྲུབས་པས།
པེ་ཙེ། པེ་ཙཱ་ཏེ། པེ་ཙི་རེ། པེ་ཙི་ཥེ། པེ་ཙཱ་ཐེ། པེ་ཙི་དྷྭེ། པེ་ཙེ། པེ་ཙི་བ་ཧེ། པེ་ཙི་མ་ཧེ། བྱིངས་ཆེ་ཀྲྀཉྲ་བྱེད་པ་ལའང་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལས་དང་པོ་པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ལ། ༈ རཿརྀ་ཨའོ། །བྱིངས་
གཉིས་བརྗོད་པའི་དང་པོའི་དབྱངས་དེ་རྀ་ཡིག་ཡིན་ན་ཨ་ཡིག་ཏུ་འགྱུར་ཏེ་བྱིངས་གཉིས་བརྗོད། རྀ་ཨ། ཀུ་ཧ་སོགས་ཀྱིས་ཀ་ཙར་བསྒྱུར་བས། ཙ་ཀྲྀ། ཎཔྲ། ཅེས་གནས་པ་ལ། ༈ དྷཱ་ཏོརྣཱ་མིནཿ བྱིངས་ཀྱི་ནཱ་མིའིའོ། །བྱིངས་ཀྱི་མཐའ་ནཱ་མིའི་ཡི་གེ་ནི་ཉ་ཡིག་དང་ཎ་ཡིག་
འགོ་བའི་མིང་ཅན་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། འཕེལ་བ་བྱས་པས། ཙ་ཀཱ་ར། གཉིས་ཚིག་དང་མང་ཚིག་ལ། ཙ་ཀྲ་ཏུཿ ཙ་ཀྲུཿ། དེ་བཞིན་དུ་བསྒྲུབས་པས་སྐྱེས་བུ་དབུས་མ་གསུམ་ལ། ཙ་ཀརྠ། ཙ་ཀྲ་ཐུཿ ཙ་ཀྲ། ཕྱི་མ་གསུམ་ལ། ཙ་ཀཱ་ར། ཙ་
Vol. 197 · folio 83b
ཀ་ར། ཙ་ཀྲྀ་བ། ཙ་ཀྲོ་མ། ཆོ་ག་དེ་རྣམས་དང་འདྲ་བར་བསྒྲུབས་པས་ཨཱཏྨ་རྒོ་པ་དའི་སྐྱེས་བུ་དང་པོ་གསུམ་དང་དབུས་མའི་གཅིག་ཚིག་དང་གཉིས་ཚིག་ལ། ཙ་ཀྲེ། ཙ་ཀྲཱ་ཏེ། ཙ་ཀྲི་རེ། ཙ་ཀྲྀ་ཥེ། ཙ་ཀྲཱ་ཐེ། མང་ཚིག་ལ། ཙ་ཀྲྀ། དྷྲེ། ཞེས་གནས་པ་ལ། ༈ ན་མི་
ནོ྅་ཙ་ཏུརྞཱཾ་དྷོ་ཌྷཿ བཞི་པོ་རྣམས་མ་ཡིན་པའི་དྷའི་ནཱ་མི་ལས་ཌྷའོ། །བྱིངས་ཐམས་ཅད་པའི་རྣམ་དབྱེ་བཞི་པོ་མ་ཡིན་པ་ལས་རྣམ་དབྱེའི་དྷ་ཡིག་ནི་བྱིངས་མཐའ་ནཱ་མིའི་ཕ་རོལ་ལ་ཌྷ་ཡིག་ཏུ་འགྱུར་ཏེ། དྷ་ཌྷར་བསྒྱུར་བས། ཙཀྲྀ་ཌྷྭེ། ཕྱི་མ་གསུམ་ལ། ཙ་ཀྲེ། ཙ་ཀྲྀ་བ་ཧེ།
ཙ་ཀྲྀ་མ་ཧེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། རཱ་མོ་རཱ་ཛྱཾ་ཙ་ཀཱ་ར། ༈ དེ་བཞིན་དུ། ཨ་སུ་འབྱུང་བ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས་བྱིངས་གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོ་འོས་ས་གོང་མ་ཕྱིས། འདྲ་བའི་ཡི་གེ་འདུས་པ་སོགས་ཀྱིས་བསྒྲུབས་
པས། ཨཱ་ས། ཨཱ་ས་ཏུཿ ཨཱ་སུཿ ཨཱ་སི་ཐ། ཨཱ་སྠ། དགའ་བྱེད་ཀྱི་རྒྱལ་སྲིད་སྔོ་ན་བྱས་སོ། །ཨཱ་ས་ཐུཿ ཨཱ་ས། ཨཱ་ས། ཨཱ་སི་བ། ཨཱ་སི་མ། ༈ ཀཱ་སཱ་དི་པྲ་ཏྱ་ཡཱནྟྲ་དཱཾ་ཀྲ་སྦྷཱུཔ་རཿ ཀྲྀ་ཨསྲ་བྷཱུ་རྐྱེན་མཐའ་ཅན་ཕ་རོལ་ལས་ཀཱ་ས་ལ་སོགས་པ་རྣམས་ལ་ཨཱམྲའོ། །བྱིངས་ཀྲྀ་ཨསྲ་
བྷཱུ་རྣམས་ཎཔྲ་སོགས་ཀྱི་རྐྱེན་མཐའ་ཅན་དང་སྦྱོར་བ་ལས་ཀཱ་ས་ལ་སོགས་པ་རྣམས་ཀྱི་མཐར་ཨཱམྲ་རྐྱེན་དུ་འགྱུར་ཏེ། ཀཱ་སྲྀ་ངན་དུ་སྨྲ་བ་ལའོ་ཞེས་པའི་བྱིངས་ལ་རྐྱེན་ཨཱམྲ། དེ་ལ་ཀྲྀ། ཨསྲ། བྷཱུ་རྣམས་ཎཔྲ་སོགས་ཀྱི་མཐའ་ཅན་དང་སྦྱར་བས། ཀཱ་སཱཾ་ཙཀྲེ་། ཀཱ་སཱ་མཱ་
སེ། ཀཱ་སཱཾ་བ་བྷཱུ་བ། དེ་བཞིན་དུ། ༈ ཙ་ཀཱ་མྲྀ་སྣང་བྱེད་ལའོ་ཞེས་པའི་བྱིངས་ལ། ཙ་ཀཱ་སཱཾ་ཙ་ཀཱ་ར། ཙ་ཀཱ་སཱ་མཱ་ས། ཙ་ཀཱ་སཱཾ་བ་བྷཱུ་བ། །ཛ་གྲྀ་གཉིད་ཟད་པ་ལའོ་ཞེས་པ་ལ། ཨཱམྲ་བྱིངས་མཐའི་ཡོན་ཏན་བྱས་པས། ཛ་ག་རཱཾ་ཙ་ཀཱ་ར། ཛ་ག་རཱ་མཱ་ས། ཛ་ག་
རཱཾ་བ་བྷཱུ་བ་སོགས་དང་། ༈ ཨེདྷ་འཕེལ་བ་ལ། ཨེ་དྷཱཾ་ཙ་ཀྲེ། ཨེ་དྷཱ་མཱ་སེ། ཨེ་དྷཱཾ་བ་བྷཱུ་བེེ། ༈ ཀ་ལ་ཆ་ཤས་ལའོ་ཞེས་པ་ལ། ཙུ་ར་ལ་སོགས་ལ་ཉི་འོས་རྐྱེན་ཉིའི་མཐའ་ཅན་ལ། ཨཱམྲ་སོགས་སྦྱར་ཡོན་ཏན་བྱས་པས། ཀ་ལ་ཡཱཾ་ཙ་ཀཱ་ར། ཀ་ལ་ཡཱ་མཱ་ས། ཀ་ལ་
Vol. 197 · folio 84a
ཡཱཾ་བ་བྷཱུ་བ་སོགས་དང་ཨཱཏྨ་ནེ་པ་ད་རྣམས་ལ། ཀ་ལ་ཡཱཾ་ཙ་ཀྲེ། ཀ་ལ་ཡཱ་མཱ་སེ། ཀ་ལ་ཡཱཾ་བ་བྷཱུ་བེེ་སོགས་སོ། ༈ བིད་ཤེས་པ་ལའོ་ཞེས་པ་ལ། ཨཱ་མི་བི་དེརྣ་གུ་ཎཿ ཨཱམྲ་ལ་བིད་ཀྱི་ཡོན་ཏན་མ་ཡིན་ནོ། །ཨཱམྲ་ཕ་རོལ་ལ་བྱིངས་བིད་ལ་ཡོན་ཏན་འབྱུང་བ་མ་ཡིན་ཏེ།
ཡོན་ཏན་མི་བྱེད། བི་དཱཾ་ཙ་ཀཱ་ར། བི་དཱ་མཱ་སེ། བི་དཱཾ་བ་བྷཱུ་བ་སོགས་སོ། ༈ ཨཱིཀྵ་ལྟ་བ་དང་མཚན་མ་ལའོ་ཞེས་པ་ལ། ཨཱིཀྵཱཾ་ཙ་ཀྲེ། ཨཱིཀྵུ་མཱ་སེ། ཨཱིཀྵཱཾ་བ་བྷཱུ་བ། ཨཱུཧྲ་རྣམ་པར་བརྟགས་པ་ལ། ཨཱུ་ཧཱཾ་ཙ་ཀྲེ། ཨཱུ་ཧཱ་མཱ་སེ། ཨཱུ་ཧཱཾ་བ་བྷཱུ་བེ་སོགས་སོ། ༈ ཨིཧ་རྩེད་མོ་ལའོ་ཞེས་པ་
ལ། ཨི་ཧཱཾ་ཙ་ཀྲེ། ཨི་ཧཱ་མཱ་སེ། ཨི་ཧཱཾ་བ་བྷཱུ་བེེ་སོགས་སོ། །དེ་ནས་རྐྱེན་ས་དང་བཅས་པའི་ཨཱམྲ་གྱི་བྱ་བ་རྣམས་བཤད་པར་བྱ་སྟེ། ༈ ཨིཙྪ་ཡཱ་མཱཏྨ་ནཿསཿ བདག་གི་འདོད་པ་ལོ་སའོ། བྱིངས་ལ་བདག་ཉིད་ཀྱི་འདོད་པའི་དོན་ལ་ས་རྐྱེན་དུ་འགྱུར་ཏེ། ཌུ་ཀྲྀཉ་བྱེད་པ་ལ་སྦྱར་བ་ལ།
ཀྲྀ་ ས། ༈ རྀ་ཏྲ་ཨིརྲ། རྀཏྲ་ཨིརྲའོ། །བྱིངས་མཐའི་རྀ་ཡིག་ནི་ཀྲ་ཡིག་དང་ངྲ་ཡིག་འགྲོ་བའི་མིང་ཅན་ཕ་རོལ་ལ་ཨིརྲ་དུ་འགྱུར་ཏེ། རྀ་ཨིརྲ་དུ་བསྒྱུར་བས། ཀིརྲ་ས། ཞེས་པ་ལ། ༈ སཱཏྲ་དྭིཤྩ། ས་ལས་ཀྱང་གཉིས་སོ། །བདག་གི་འདོད་པའི་དོན་གྱི་ས་ཕ་རོལ་ལས་
ཀྱང་བྱིངས་གཉིས་སུ་འགྱུར་ཏེ། གཉིས་བརྗོད། ཀིརྲ་ཀིརྲ། ས་ཞེས་གནས་པ་ལ། ༈ པུརྦ་ཧ་སཱ་དིཿཤེ་ཥཿ སྔོན་མའི་ཧ་ས་དང་པོ་ལྷག་པོའོ། །བྱིངས་གཉིས་བརྗོད་པའི་སྔོན་མའི་ཧ་ས་དང་པོ་དེ་ལྷག་པོ་སྟེ་གནས་ལ་ཧ་ས་གཞན་རྣམས་དབྱི་བར་བྱ་སྟེ། རྲ་གོང་མ་ཕྱིས། ཀུ་
དང་ཧའི་ཙུ་འོས་ཀ་ཙ། ཨིརྲ་སོགས་ཀྱིས་རིང་པོ། །ཀུ་ཨི་ལ་ཞེས་པས་ས་ཥར་བསྒྱུར་བས། ཙི་ཀཱིཪྵ་ཞེས་གནས་པ་ལ། ཀཱསྲ་ཞེས་པས་ཨཱམྲ་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། ཙི་ཀཱིཪྵཱཾ་ཙ་ཀཱ་ར། ཙི་ཀཱིརྵཱ་མཱ་ས། ཙི་ཀཱི་རྵཱཾ་བ་བྷཱུ་བ་སོགས་སོ། །ཆོ་ག་དེ་བཞིན་དུ་བྱས་པས།
བྷུཛྲ་སྐྱོང་བ་ལ་སྟེ་ཟས་གཡོ་བ་ལའང་ངོ་ཞེས་པ་ལ། བུ་བྷུཀྵཱཾ་ཙ་ཀཱ་ར། བུ་བྷུཀྵཱ་མཱ་ས། བུ་བྷུཀྵཱཾ་བ་བྷཱུ་བ་སོགས་སོ། ༈ ནཱམྣོ་ཡ་ཨཱི་ཙཱ་སྱ། མིང་ལ་ཡ་སྟེ་ཨའི་ཡང་ཨཱིའོ། །བདག་གི་འདོད་པས་བྱེད་དོ་སྔོན་བྱས་སོ། །མིང་ལས་བདག་གི་འདོད་པའི་དོན་ལ་ཡ་རྐྱེན་དུ་འགྱུར་ཞིང་ཡ་ཕ་རོལ་ལ་མིང་
Vol. 197 · folio 84b
མཐའི་ཨ་ཡང་ཨཱི་རུ་འགྱུར་ལ་ཨཱམྲ་སོགས་ཀྱང་སྦྱར་བར་བྱ་སྟེ། པུ་ཏྲ་ལ། ཡ་མིང་མཐའི་ཨ་ཨཱི་དེ་ལ་ཨཱམྲ་སོགས་སྦྱར་བས། པུ་ཏྲཱི་ཡཱཾ་ཙ་ཀཱ་ར། པུ་ཏྲཱི་ཡཱ་མཱ་ས། པུ་ཏྲཱི་ཡཱཾ་བ་བྷཱུ་བ་སོགས་སོ། ༈ །ཌུ་བ་ཙཥྲ་འཚེད་པ་ལ། བདག་གི་འདོད་པ་ལོ་ས་འོས། རྐྱེན་ས། གཉིས་
བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོའོས། ཙྲ་གོང་མ་ཕྱིས། པ་པཙྲ། ས་ཞེས་གནས་པ་ལ། ༈ ཡཿསེ། ས་ལ་ཨ་ཨཱིའོ། །རྐྱེན་ས་ཕ་རོལ་ལ་བྱིངས་གཉིས་བརྗོད་པའི་དང་པོའི་སྔོན་བྱུང་བའི་བུ། ཨ་ཡིག་ནི་ཨི་ཡིག་ཏུ་འགྱུར་ཏེ། ཨ་ཨི། ཙུའི་ཀུ་དང་ཀུ་ཨི་ལ་ཞེས་
པས། པི་ཀྵ་ཞེས་འགྲུབ་པ་ལ་ཨཱམྲ་སོགས་སྦྱར་བས་པི་པཀྵཱཾ་ཙ་ཀཱ་ར། པི་བཀྵཱ་མཱ་ས། པི་བཀྵཱཾ་བ་བྷཱུ་བ་སོགས་སོ། ༈ །པརྞ་རིགས་བརྗོད་པ་ལའོ་ཞེས་པ་ལ། ཙུ་ར་སོགས་ཀྱིས་ཉི། ཀཱ་ས་ཞེས་པས་ཨཱམྲ་ཨི་ལ་ཡོན་ཏན་སོགས་ཀྱིས། བརྞ་ཡཱཾ་ཙ་ཀཱ་ར། བརྞ་ཡཱ་མཱ་ས། བརྞ་
ཡཱཾ་བ་བྷཱུ་བ་སོགས་སོ། ༈ །དེ་བཞིན་དུ་བ་དྷ་འཆིང་བ་ལའོ་ཞེས་པ་ལ་ཉི་ཨཱམྲ་སྦྱོར་བ་སོགས་ཀྱིས། བ་དྷ་ཡཱཾ་ཙཀྲེ། བ་དྷ་ཡཱ་མཱ་སེ། བ་དྷ་ཡཱཾ་བ་བྷཱུ་བེེ་སོགས་དང་ཡང་བ་དྷ་ལ་བདག་གི་འདོད་པའི་དོན་གྱིས་སྦྱར། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། བི་བྷཏྶཱཾ་ཙཀྲེ།
བི་བྷཏྶཱ་མཱ་སེ། བི་བྷཏྶཱཾ་བ་བྷཱུ་བ་སོགས་སོ། ༈ །བྱིངས་བྷཱི་ཧུ་བྷྲཱྀ་ཧྲཱི་རྣམས་ཀྱི་རྐྱེན་ཨཱམྲ་སོགས་ཕ་རོལ་ལ་གཉིས་སུ་བརྗོད་པ་དང་། བྱིངས་དེ་རྣམས་ཉིད་ལ་ཎཔྲ་སོགས་སྦྱོར་བ་འདམ་ཀ་ཅན་དུ་བཤད་དེ། ཉི་བྷཱི་འཇིག་པ་ལ་ཨཱམྲ་སོགས་སྦྱར་ནས་གཉིས་སུ་བརྗོད་པ་དང་། བྱིངས་
ཉིད་ལ་ཎཔྲ་སོགས་སྦྱོར་བ་ཡང་ན་བར་བྱས་པས། ཨཱམྲ་སྦྱར་བའི་ཕྱོགས་ལ། བི་བྷ་ཡཱཾ་ཙ་ཀཱ་ར། བི་བྷ་ཡཱ་མཱ་ས། བི་བྷ་ཡཱཾ་བ་བྷཱུ་བ་སོགས་དང་ཨཱམྲ་སོགས་མ་སྦྱར་བའི་ཕྱོགས་ལ། བི་བྷཱ་ཡ། བི་བྷྱ་ཏུཿ བིབྷྱུཿ བི་བྷ་ཡི་ཐ། བི་བྷེ་ཐ། བི་བྷྱ་ཐུཿ བི་བྷྱ།
བི་བྷཱ་ཡ། བི་བྷ་ཡ། བི་བྷྱི་བ། བི་བྱེ་མ། དེ་བཞིན་དུ་ཧུ་སྦྱིན་པ་དང་ཟ་བ་ལའོ་ཞེས་པ་ལ། ཨཱམྲ་སོགས་སྦྱར་བའི་ཕྱོགས་ལ། ཛུ་ཧ་བཱཾ་ཙ་ཀཱ་ར། ཛུ་ཧ་བཱ་མཱ་ས། ཛུ་ཧ་བཱཾ་བ་བྷཱུ་བ་སོགས་དང་། ཨཱམྲ་མ་སྦྱར་བའི་ཕྱོགས་ལ། ཛུ་ཧཱ་བ། ཛུ་ཧུ་བ་ཏུཿ ནུ་སོགས་ཀྱིས་ཨཔྲ་རུ་བསྒྱུར་བའོ། །
Vol. 197 · folio 85a
ཛུ་ཧུ་བུཿ། ཛུ་ཧོ་ཐ། ཛུ་ཧ་བི་ཐ། ཛུ་ཧུ་བ་ཐུཿ ཛུ་ཧུ་བ། ཛུ་ཧཱ་བ། ཛུ་ཧ་བ། ཛུ་ཧུ་བི་བ། ཛུ་ཧུ་བི་མ། ཌུབྷྲྀཉ་འཛིན་པ་དང་གསོག་པ་ལའོ་ཞེས་པ་ལ། ཨཱམྲ་སོགས་སྦྱར་བའི་ཕྱོགས་ལ། བི་བྷ་རཱཾ་ཙ་ཀཱ་ར། བི་བྷ་རཱ་མཱ་ས། བི་བྷ་རཱཾ་བ་
བྷཱུ་བ་སོགས་དང་ཨཱམྲ་སོགས་མ་སྦྱར་བའི་ཕྱོགས་ལ། བ་བྷཱ་ར། བ་དྷྲ་ཏུཿ བ་བྷྲུཿ བ་བྷ་ནྠ། བ་བྷྲ་ཐུཿ བ་བྷྲ། བ་བྷཱ་ར། བ་བྷ་ར། བ་བྷྲྀ་བ། བ་བྷྲྀ་མ། ཧྲཱི་ངོ་ཚ་བ་ལའོ་ཞེས་པ་ལ་ཨཱམྲ་སོགས་སྦྱར་བའི་ཕྱོགས་ལ། ཛི་ཧ་ཡཱོཾ་ཙ་ཀཱ་ར། ཛི་ཧ་ཡཱ་མཱ་ས། ཛི་ཧ་ཡཱཾ་བ་བྷུ་
བ་སོགས་དང་། ཨཱམྲ་སོགས་མ་སྦྱར་བའི་ཕྱོགས་ལ། ཛི་ཧཱ་ཡ། ཛི་ཧྲི་ཡ་ཏུཿ ཛི་ཧྲི་ཡུཿ། ཛི་ཧྲ་ཡི་ཐ། ཛི་ཧྲི་ཐ། ཛི་ཧྲི་ཡ་ཐུཿ ཛི་ཧྲི་ཡ། ཛི་ཧཱ་ཡ། ཛི་ཧྲ་ཡ། ཛི་ཧྲི་ཡི་བ། ཛི་ཧྲི་ཡི་མ། དེ་རྣམས་ནི་བྱིངས་བྷཱི་ལ་སྔོན་མའི་ཧ་ས་དང་པོ་ལྷག་པོ་འོ་སར་ཕྱིས། སོགས་པ་བཞི་
པོའི་བསྒྲུབ་ཚུལ་ལོ། ༈ །ཛི་རྒྱལ་བ་ལའོ་ཞེས་པའི་བྱིངས་ལ། ཎཔྲ་སོགས་པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཎཔྲ་སྦྱར། ཛི་ཎཔྲ། ཅེས་གནས་པ་ལ། ༈ ས་པ་རོ྅ཀྵ་ཡོ་ཛེརྒིཿ ས་དང་ལྐོག་ཏུ་གྱུར་པ་དག་ལས་ཛིའི་གིའོ། །རྐྱེན་ས་ཡིག་དང་ལྐོག་གྱུར་གྱི་
རྣམ་དབྱེ་རྣམས་ཕ་རོལ་ལ་བྱིངས་ཛི་ནི་གི་ཞེས་པར་འགྱུར་ཏེ། ཛི་གི་གཉིས་བརྗོད། ཀུ་ཧ་སོགས་ཀྱིས་ག་གོང་མ་སླར་ཡང་ཛར་བསྒྱུར། འཕེལ་བ་སོགས་ཀྱིས་བསྒྲུབས་པས། ཛི་གཱ་ཡ། དེ་བཞིན་དུ་ལྷག་མ་རྣམས་ལ། ཛི་གྱ་ཏུཿ ཛི་གྱུཿ། ཛི་ག་ཡི་ཐ། ཛི་གེ་ཐ།
ཛི་གྱ་ཐུཿ ཛི་གྱ། ཛི་གཱ་ཡ། ཛི་ག་ཡ། ཛི་གྱི་བ། ཛི་གྱི་མ། སེམས་དྲན་པ་ཉམས་པ་དང་མི་བདེན་པའི་རྫུན་ཚིག་དང་དུས་ཡུན་ཐུང་ངུ་རྣམས་ཀྱི་དོན་ལའང་ཎཔྲ་ལ་སོགས་པ་རྣམས་འཇུག་པར་བཤད་དེ། བི་སྔོན་མའི་ལ་པ་ང་རོ་འདོན་པ་ལའོ་ཞེས་པ་ལ་ཎཔྲ་སོགས་
སྦྱར་ཆོ་ག་སྔ་མ་རྣམས་དང་འདྲ་བར་བསྒྲུབས་པས། བི་ལ་ལཱ་བ། བི་ལེ་པ་ཏུཿ བི་ལེ་པུཿ བི་ལ་ལ་པི་ཐ། བི་ལེ་པི་ཐ། བི་ལ་ལཔྠ། བི་ལེ་པ་ཐུཿ བི་ལེ་པ། བི་ལ་ལཱ་པ། བི་ལ་ལ་པ། བི་ལེ་བི་བ། བི་ལེ་བི་མ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། སུསྟོ྅ཧཾ་
Vol. 197 · folio 85b
ཀི་ལ་བི་ལ་ལཱ་པ། དེ་བཞིན་དུ་གམླི་འགྲོ་བ་ལའོ་ཞེས་པ་ལ། ཎཔྲ། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། ཛ་གཱ་མ། ༈ ག་མཱཾ་སྭ་རེ་། གམྲ་རྣམས་ཀྱི་དབྱངས་ལའོ། །བྱིངས་གམྲ། ཧནྲ། ཛནྲ། ཁནྲ། གྷསྲ་རྣམས་ཀྱི་ཨུ་པ་དྷཱ་ནི་ཀྲ་ངྲ་འགྲོ་བའི་
བདག་ཉིད་ཉལ་བས་ཅ་ཅོ་སྒྲ་འབྱིན་ནོ། མིང་ཅན་དབྱངས་དང་པོ་ཅན་ཕ་རོལ་ལ་དབྱི་བར་བྱ་སྟེ། གཉིས་ཚིག་དང་མང་ཚིག་ལ། ཛགྨ་ཏུཿ ཛགྨུཿ དེ་བཞིན་དུ་བསྒྲུབས་པས། ཛ་ག་མི་ཐ། ཛགྨི་ཐ། ཛ་གཾ་ཐ། ཛགྨ་ཐུཿ ཛགྨ། ཛ་གཱ་མ། ཛ་ག་མ། ཛགྨི་བ། ཛགྨི་མ།
ཉེ་བའི་ཚིག་དང་སྦྱར་བས། ཛ་གཱ་མཱ་ག་སྟྱོ་དཀྵཱི་ཎ་དེ་ཤཾ། ༈ ཧནྲ་འཚེ་བ་དང་འགྲོ་བ་ལའོ་ཞེས་པ་ལ། ཎཔྲ། ཧནྲ་གྱི་ན་ལ་གྷ་འོས། ཧ་གྷ་གཉིས་བརྗོད། སྔོན་མའི་ཧ་ས་སོགས་ཀྱིས་བསྒྲུབས་པས། ཛ་གྷཱ་ན། དེ་བཞིན་དུ་ལྷག་མ་རྣམས་ལ། ཛ་གྷྣ་ཏུཿ ཛ་གྷྣུཿ།
ཛ་གྷ་ནི་ཐ། ཛ་གྷྣི་ཐ། ཛ་གྷཾ་ཐ། ཡུལ་ལྷོ་ཕྱོགས་ལ་རི་བྱི་འགྲོ་བར་བྱེད་དོ། ཛ་གྷྣ་ཐུཿ ཛ་གྷཱ། ཛ་གྷཱ་ན། ཛ་གྷ་ན། ཛ་གྷྣི་བ། ཛ་གྷྣི་མ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། མུ་རཱ་ཛཱ་ག་ནཱ་ཀཛྫ་ལ་ལོ་པ་ལོ་ལོ་ལགྨཱི་མུ་ཁཱཾ་བྷོ་ཛ་བི་ལཱ་པ་བྷྲྀངྒཿ། ཛ་ག་ཏྲ་པ་ཏྲཱ་ཎ་ཏ་ནུ་ཏྲ་བྷུ་ཏོ་ཛ་གྷཱ་ན་ཀཾ་སཾ་ཀ་ལི་
བཱ་ས་དེ་བཿ། གཅོད་བྱེད་ལྷ་མིན་ཡན་ལག་མ་ཡི་མིག་སྨན་བྱི། །དཔལ་མོའི་གདོང་གི་པད་ཚལ་རྣམ་རོལ་བུང་བ་ནི། །འགྲོ་བའི་སྐྱབས་དང་སྐྱོབ་པ་ཕྲ་བར་འཇུག་པ་ཅན། །ཀངྶ་ངེས་པར་བཅོམ་པ་ནོར་ལྷའི་བུ་འདིའོ། །ཛ་ནཱི་སྐྱེ་བ་ལའོ་ཞེས་པ་བདག་དོན་གྱི་
ཚིག་ཅན་ཡིན་པས་ཨཱཏྨ་ན་པ་ད་རྣམས་འཇུག་པ་ལ། བྱིངས་མཐའི་ཨཱི་དགོས་པ་དང་བཅས་པའི་རྗེས་འབྲེལ། གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོ་འོས་ནྲ་གོང་མ་ཕྱིས། ཨུ་པ་དྷཱ་ཡང་ཕྱིས། ས་ཏུའི་ཤ་ཙུའོས། ནྲ་ཉྲ་ཛྲ་ཉྲ་འདུས་པ་ཛྙྲ་སོགས་
ཀྱིས་བསྒྲུབས་པས། ཛ་ཛྙེ། ཛ་ཛྙཱ་ཏེ། ཛ་ཛྙི་རེ། ཛ་ཛྙི་ཥེ། ཛ་ཛྙཱ་ཐེ། ཛ་ཛྙི་དྷྭེ། ཛ་ཛྙེ། ཛ་ཛྙི་བ་ཧེ། ཛ་ཛྙི་མ་ཧེ། ཛ་ཛྙེ་ཛ་གཛྫ། ནཱརྡཱནཱཏྲ། འགྲོ་བས་མཆོད་པ་ལས་འགྲོ་བ་རྣམས་སྐྱེས་སོ། །ཁ་ན་བཏོ་བ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས། བྱིངས་མཐའི་
Vol. 197 · folio 86a
ཨ་བརྗོད་དོན། གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོ། ཀུ་ཧ་ཞེས་པས། ཁ་ཚ། ཁ་པ་སོགས་ཀྱིས་ཚ་ཙར་བསྒྱུར་བ་སོགས་ཀྱིས། ཙ་ཁཱ་ན། ཙ་ཁྣ་ཏུཿ ཙ་ཁྣུཿ ཙ་ཁ་ནི་ཐ། ཙ་ཁྣི་ཐ། ཙ་ཁཾ་ཐ། ཙ་ཁྣ་ཐུཿ ཙ་ཁྣ། ཙ་ཁཱ་ན། ཙ་ཁ་ན།
ཙ་ཁྣི་བ། ཙ་ཁྣི་མ། ཀཱུ་བཾ་ཙ་ཁཱ་ན་པཱུརྟ་ཀྲྀ། ༈ གྷསླྀ་ཟ་བ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཛ་གྷཱ་ས། གཉིས་ཚིག་ལ་དེ་དང་འདྲ་བ་ལ་ཨུ་པ་དྷཱ་ཕྱིས། ཁ་ས་ཞེས་པས་གྷྲ་
གྷ་ཀྲར་བསྒྱུར་བས། ཁྲོན་པ་འདྲུའོ་ཁྲོན་པ་མཁན་གྱིས། ཛ་ཀྲསྲ། ཨ་ཏུསྲ་ཞེས་གནས་པ་ལ། ༈ གྷ་སཱ་དེ་སཿཥཿགྷ་ས་སོགས་ཀྱི་སའི་ཥའོ། །བྱིངས་གྷསྲ་ལ་སོགས་པ་རྣམས་ཀྱི་མཐའི་སྲ་ཡིག་ནི་ཥྲ་དུ་ཡིག་ཏུ་འགྱུར་ཏེ། སྲ་ཥྲ། ཀྲ་ཥྲ་འདུས་པ་ཀྵ་སོགས་ཀྱིས། ཛཀྵ་ཏུཿཛཀྵུཿ
དེ་བཞིན་དུ་ལྷག་མ་རྣམས་ལ། ཛཀྵི་ཐ། ཛ་གྷ་སི་ཐ། ཛ་གྷསྠ། ཛཀྵ་ཐུཿ ཛཀྵ། ཛ་གྷཱ་ས། ཛ་གྷ་ས། ཛཀྵི་བ། ཛཀྵི་མ། ༈ ཌུ་དཱཉྲ་སྦྱིན་པ་ལའོ་ཞེས་པ་ལ། ཎཔྲ་གཉིས་བརྗོད་ཐུང་ངུའོ་ས་ཐུང་ངུར་བསྒྱུར་བས། ད་དཱ། ཎཔྲ་ཅེས་གནས་པ་ལ། ༈ ཨཱ་ཏོ་
ཎཔྜཽ། ཨཱཏྲ་ལས་ཎཔྲ་ཌཽའོ། །བྱིངས་ཨཱ་རིང་མཐའ་ལས་ཕ་རོལ་གྱི་ཎཔྲ་ན་ཌྲོ་རུ་འགྱུར་ཏེ། ཎཔྲ་ཌཽ་ཌིཏ་ལ་ཊི་ཕྱིས། ཌ་དེའི་དོན། ད་དཽ། གཉིས་ཚིག་ལ། ད་དཱ། ཨ་ཏུ་ས་ཞེས་གནས་པ་ལ། ༈ ཨཱ་ཏོ྅ན་པི། ཨཱཏྲ་ཀྱི་ཨཔྲ་མེད་པ་ལའོ། །བྱིངས་ཨཱ་རིང་མཐའ་
ཅན་ཨཔྲ་བི་ཀཱ་ར་ཎའི་རྐྱེན་མེད་པ་ནི་ཀྲ་ངྲ་འགྲོ་བའི་མིང་ཅན་དབྱངས་དང་པོ་ཅན་ཕ་རོལ་ལ་དབྱི་བར་བྱ་སྟེ། ཨཱ་ཕྱིས་པས་ད་ད་ཏུཿ དེ་བཞིན་དུ་བསྒྲུབས་པས་ལྷག་མ་རྣམས་ལ། ད་དུཿ། ད་དཾ་ཐ། ད་དེ་ཐ། ད་དཱ་ཐ། ད་ད་ཐུཿ། ད་ད། ད་དཽ། ད་དི་བ། ད་དི་མ། དེ་
བཞིན་དུ་པཱ་བཏུང་བ་ལའོ་ཞེས་པ་ལ། པ་པཽ། པ་པ་ཏུཿ པ་པུཿ པ་པི་ཐ། པ་པེ་ཐ། པ་པཱ་ཐ། པ་པ་ཐུཿ པ་པ། པ་པཽ། པ་པི་བ། པ་པི་མ། ༈ ཥྛཱ་འགྲོ་བ་ལས་ལྡོག་པ་ལའོ་ཞེས་པ་ལ། ཎཔྲ། གཉིས་བརྗོད། ཐུང་ངུ་འོས། ཐུང་ངུར་བསྒྱུར་བས།
Vol. 197 · folio 86b
སྠ་སྠཱ། ཎཔྲ་ཅེས་གནས་པ་ལ། ༈ ན་ཤ་སཱཏྑ་པཿ ཤ་སའི་མ་ཡིན་ཏེ་ཁ་པའོ། །བྱིངས་གཉིས་སུ་བརྗོད་པའི་ཧ་ས་དང་པོ་དེ་ལྷག་པོར་གནས་པར་བཤད་པ་ལས་གཉིས་བརྗོད་པའི་དང་པོའི་ཡི་གེ་དེ་ཤ་ས་སོ་སོར་བསྡུ་བའི་ཡི་གེ་ཡིན་ན་ཁ་པ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་
ཤ་སའི་ཡི་གེ་དེ་ལྷག་མར་གནས་པ་མ་ཡིན་པས། ཁ་པའི་ཡི་གེ་དེ་ལྷག་མར་གནས་ཏེ། ས་ཕྱིས། ཁ་ས་སོགས་ཀྱིས། ཐ་ཏ། ཎཔྲ། ཌཽ། ཊི་ཕྱིས་པས། ཏསྠཽ། དེ་བཞིན་དུ་ལྷག་མ་རྣམས་ལ། ཏསྠ་ཏུཿ ཏསྠུཿ། ཏསྠི་ཐ། ཏསྠེ་ཐ། ཏསྠཱ་ཐ། ཏསྠ་ཐུཿ
ཏ་སྠ། ཏསྠཽ། ཏསྠི་བ། ཏསྠི་མ། དེ་བཞིན་དུ་ཡཱ་ཐོབ་པར་བྱེད་པ་ལའོ་ཞེས་པ་ལ། ཎཔྲ་སོགས་སྦྱར་བས། ཡ་ཡཽ། ཡ་ཡ་ཏུཿ ཡ་ཡུཿ། ཡ་ཡི་ཐ། ཡ་ཡེ་ཐ། ཡ་ཡཱ་ཐ། ཡ་ཡ་ཐུཿ ཡ་ཡ། ཡ་ཡཽ། ཡ་ཡི་བ། ཡ་ཡི་མ། བྱིངས་བཞི་པོ་དེ་རྣམས་
ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ད་དཽ་དཱ་ནཾ་དཱ་དཱ་ཏཱ་པ་པཽ་པེ་ཡཾ་མུ་དཱ་པུ་ནཿ། ཏསྠཽ་པྲཱི་ཏསྟ་དཱསྠཱ་ནེ་དྷ་ནཾ་ཧི་ཏྭཱ་པ་ནཾ་ཡ་ཡཽ། སྦྱིན་པ་པོ་དེ་སྦྱིན་པ་སྟེར་བར་བྱེད། །སླར་ཡང་དགའ་བས་བཏུང་བ་འཐུང་བར་བྱེད། །གནས་དེར་མཆོད་པའི་ཕྱིར་དུ་དེས་བསྡད་ལ། །ནོར་རྣམས་སྤངས་
ནས་ནགས་སུ་ཐོབ་པར་གྱུར། ༈ ཥྞཱ་དག་པར་བྱེད་པ་ལའོ་ཞེས་པ་ལ་ཎཔྲ་སོགས་སྦྱར། དང་པོའི་ཥ་ཎའི་ས་ནའོས། ཥྲ་ས྄་ཎ་ཡང་ནར་ལོག། གཉིས་བརྗོད་ཐུང་ངུ་འོས། ཐུང་ངུ་། འདི་ཁ་ས་མིན་པས་ཤ་སའི་ཡི་གེ་མི་དབྱི་སྔོན་མའི་ཧ་ས་དང་པོ་ལྷག་པོའོ་སོགས་ཀྱིས་
བསྒྲུབས་པས། ས་སྣཽ། ས་སྣ་ཏུཿ ས་སྣུཿ། ས་སྣི་ཐ། ས་སྣེ་ཐ། ས་སྣཱ་ཐ། ས་སྣ་ཐུཿ། ས་སྣ། ས་སྣཽ། ས་སྣི་བ། ས་སྣི་མ། ༈ ཥྚུ་ཉ་བསྟོད་པ་ལ་ཎཔྲ་སོགས་སྦྱར། གཉིས་བརྗོད། ཤ་སའི་སོགས་ཀྱིས་སྲ་དབྱི་བ་སོགས་ཀྱིས་བསྒྲུབས་པས། ཏུཥྚཱ་བ།
ཏུཥྚུ་བ་ཏུཿ ཏུཥྚུ་བུཿ། ཏུཥྚུ་བི་ཐ། ཏུཥྚ་བི་ཐ། ཏུཥྚོ་ཐ། ཏུཥྚུ་བ་ཐུཿ ཏུཥྚུ་བ། ཏུཥྚཱ་བ། ཏུཥྚ་བ། ཏུཥྚུ་བི་བ། ཏུཥྚུ་བི་མ། ༈ ཡ་ཛ་ལྷ་མཆོད་པ་དང་འཚོག་འདུ་དང་བྱེད་པ་དང་སྦྱིན་པ་རྣམས་ལའོ་ཞེས་པའི་བྱིངས་ལ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་
Vol. 197 · folio 87a
པ་ལ། དང་པོ་པ་རསྨཻ་པ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཎཔྲ་སྦྱར་གཉིས་ཀྱང་ངོས་གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོའོས། ཛྲ་གོང་མ་ཕྱིས་པས། ཡ་ཡཛྲ། ཎཔྲ་ཅེས་གནས་པ་ལ། ༈ ཎ་བཱ་དཽ་པཱུརྦ་སྱ། ཎཔྲ་སོགས་ལ་དང་པོའི་འོ། །ཎཔྲ་
ལ་སོགས་པ་ཕ་རོལ་ལ་བྱིངས་ཡཛ་ལ་སོགས་པ་དང་གྲ་ཧ་ལ་སོགས་པ་རྣམས་གཉིས་བརྗོད་པའི་དང་པོ་དེ་སཾ་པྲ་སཱ་ར་ཎ་སྟེ་སླར་ཡང་དག་པར་བསྒྱུར་བར་འགྱུར་ཏེ། ཡ་དབྱངས་བཅས་ཨིརྲ་བསྒྱུར་བས། ཨི་ཡཱ་ཛ། གཉིས་ཚིག་ལའང་དེ་བཞིན་དུ་བསྒྱུར་བསྲ། ཨི་ཡཛྲ། ཨ་ཏུསྲ་ཞེས་
གནས་པ་ལ། ཡ་ཛཱཾ་ཡ་བ་ར་ཎཾ་ཡྦྲྀཏཿསཾ་པྲ་མཱ་ར་ཎཾ་ཀི་ཏི། ཀ་འགྲོ་བ་ལ་ཡ་ཛ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀཏྲ་རྣམས་སུ་སླར་ཡང་དག་པར་བསྒྱུར་བའོ། །ཎཔྲ་ལ་སོགས་པ་ཀྲ་འགྲོ་བའི་མིང་ཅན་ཕ་རོལ་ལ་བྱིངས། ཡཛྲ། བཙྲ། སྭཔྲ། བེཉྲ། བྱེཉྲ། ཧྭ་ཉྲ། བཔྲ།
བདྲ། བསྲ་རྣམས་ཀྱི་ཡ་བ་ར་རྣམས་ནི་གཉིས་བརྗོད་པའི་དང་པོར་མ་ཟད་གཉིས་པའང་རིམ་པ་ལྟར་ཨི་ཨུ་རྀ་རྣམས་སུ་འགྱུར་ལ། དེ་ལ་སཾ་པྲ་སཱ་ར་ཎ་སྟེ་སླར་ཡང་དག་པར་བསྒྱུར་བ་ཞེས་བྱ་ཞིང་། སྤྱིར་སླར་ཡང་དག་པར་བསྒྱུར་བ་དེ་ཡང་ར་སོགས་གསལ་བྱེད་ཁོ་ན་
མི་འགྱུར་བར་དབྱངས་བཅས་བསྒྱུར་བ་ཡིན་ལ། དབྱངས་དེ་ཡང་ཐུང་ངུ་ཡིན་ན་ཨི་སོགས་ཐུང་ངུ་དང་རིང་པོ་ཡིན་ན་རིང་པོར་བསྒྱུར་བར་བྱ་བ་ཡིན་ཏེ། ཡ་ཕྱི་མ་ཡང་ཨི། འདྲ་བའི་ཡི་གེ་འདུས་པ་སོགས་ཀྱིས། ཨཱི་ཛ་ཏུཿ དེ་གཉིས་དང་འདྲ་བར་བསྒྲུབས་པས། ཨཱི་
ཛུཿ། ཨཱི་ཛི་ཐ། ཨི་ཡ་ཛི་ཐ། ཨི་ཡཥྛ། ཨཱི་ཛ་ཐུཿ ཨཱི་ཛ། ཨི་ཡཱ་ཛ། ཨི་ཡ་ཛ། ཨཱི་ཛི་བ། ཨཱི་ཛི་མ། དེ་བཞིན་དུ་བསྒྲུབས་པས་ཨཱཏྨ་ནེ་པ་ད་རྣམས་ལ། ཨཱི་ཛེ། ཨཱི་ཛཱ་ཏེ། ཨཱི་ཛི་རེ། ཨཱི་ཛི་ཥེ། ཨཱི་ཛཱ་ཐེ། ཨཱི་ཛི་དྷྭེ། ཨཱི་ཛེ། ཨཱི་ཛི་བ་ཧེ། ཨཱི་ཛི་
མ་ཧེ། ༈ བཙྲ་ཡོངས་སུ་བརྗོད་པ་ལ་ཡང་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས་ཆོ་ག་དེ་དང་འདྲ་བར་བསྒྲུབས་པས། ཨུ་བཱ་ཙ། ཨཱུ་ཙ་ཏུཿ ཨཱུ་ཙུཿ ཨུ་བ་ཙི་ཐ། ཨཱུ་ཙི་ཐ། ཨུ་བསྠ། ཨཱུ་ཙ་ཐུཿ ཨཱུ་ཙ། ཨུ་བཱ་ཙ། ཨུ་བ་ཙ། ཨཱུ་ཙི་བ། ཨཱུ་
Vol. 197 · folio 87b
ཙི་མ། ༈ བྲཱུཉ་གསལ་བར་བརྗོད་པ་ལའོ་ཞེས་པ་ལ་བདག་དོན་དང་གཞན་དོན་གཉིས་ཀ་སྦྱོར་བ་ལས། ༈ བྲཱུཉོ་བ་ཙི། བྲཱུཉྲའི་བཙའོ། །བྱིངས་བྲཱུཉ་ནི་ལྐོག་གྱུར་གྱི་རྣམ་དབྱེ་དང་གཞན་ཡང་ཨཔྲ་བི་ཀཱ་ར་ཎ་མེད་པའི་རྐྱེན་མང་པོ་ལ་བ་ཙ་ཞེས་པར་འགྱུར་ཏེ། བྲཱུ་བཙ྄ར་བསྒྱུར་བས་པ་
རསྨཻ་པ་ད་དགུ་པོ་བསྒྲུབས་གཟུགས་སྔ་མ་དང་འདྲ་བས། ཨུ་བཱ་ཙ། ཨཱུ་ཙ་ཏུཿ སོགས་དང་ཨཱཏྨ་ནེ་པ་ད་རྣམས་ལ། ཨུ་ཙེ། ཨཱུ་ཙཱ་ཏེ། ཨཱུ་ཙི་རེ། ཨཱུ་ཙི་ཥེ། ཨཱུ་ཙཱ་ཐེ། ཨཱུ་ཙི་དྷྭེ། ཨཱུ་ཙེ། ཨཱུ་ཙི་བ་ཧེ། ཨཱུ་ཙི་མ་ཧེ། ༈ དེ་བཞིན་དུ་ཉི་ཥྭ་པ་ཉལ་བ་ལའོ་ཞེས་པ་
ལའང་པ་རསྨཻ་པ་ད་རྣམས་སྦྱར་བས། སུ་ཥྭཱ་པ། སུ་ཥུ་པ་ཏུཿ སུ་ཥུ་པུཿ། སུ་ཥྭ་པི་ཐ། སུ་ཥུ་པི་ཐ། སུ་ཥྭཔྠ། སུ་པ་ཥུ་ཐུཿ སུ་ཥུ་པ། སུ་ཥྭཱ་པ། སུ་ཥྭ་པ། སུ་ཥུཔི་བ། སུ་ཥུ་པི་མ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། སུ་ཥྭཱ་པ་སུ་ཁཾ་ས་ཁ། ༈ ཨ་ཤཱུངྲ་
ཁྱབ་པར་བྱེད་པ་ལའོ་ཞེས་པའི་བྱིངས་ལ་ཨཱཏྨ་ནེ་པ་ད་རྣམས་སྦྱོར་ཏེ་བྱིངས་མཐའི་ད་དེའི་དོན་ཨུ་བརྗོད་དོན། ཨེ་སྦྱར་བས། ཨཤྲ་ཨེ་ཞེས་གནས་པ་ལ། ༈ ནུ་ག་ཤཱཾ། ཨཤྲ་རྣམས་ལ་ནུཀ྄འོ། །བྱིངས་ཨ་ཤཱུང་གི་རྗེས་འབྲེལ་ཕྱིས་པའི་ཨཤྲ་བདེ་བར་ཉོལ་ཞིག་གྲོགས་ངོ་། ལ་སོགས་པ་
རྣམས་ལ་ལྒོག་གྱུར་གྱི་རྣམ་དབྱེ་རྣམས་ཕ་རོལ་ལས་བྱིངས་གཉིས་བརྗོད་པའི་དང་པོ་དེ་ལ་ནུཀ྄་ཨཱ་ག་མ་སྟེར་བར་བྱ་སྟེ། གཉིས་ཀྱང་ངོས་གཉིས་བརྗོད། སྔོན་མའི་ཧ་ས་དང་པོ་ལྷག་པོའོས། །ཤྲ་གོང་མ་ཕྱིས། ཎཔྲ་སོགས་ལ་བྷཱུ་ཨ་དག་གི་ཨཱ་འོས། ཨ་གོང་མ་རིང་པོར་
བསྒྱུར་དེ་ལ་ནུཀ྄་ཨཱ་ག་མ་བྱིན། ཀྲ་གནས་དོན། ཨུ་བརྗོད་དོན། ཉེར་བསྒྱུར་བི་དང་ཨཱང་སྔོན་དུ་བཞག་དེ་མཚམས་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། བྱཱ་ན་ཤེ། དེ་བཞིན་དུ་བསྒྲུབས་པས་ལྷག་མ་རྣམས་ལ། བྱཱ་ན་ཤཱ་ཏེ། བྱཱ་ན་ཤི་རེ། བྱཱ་ན་ཤི་ཥེ། བྱཱ་ན་ཤཱ་ཐེ།
བྱཱ་ན་ཤི་དྷྭེ། བྱཱ་ན་ཤེ། བྱཱ་ན་ཤི་བ་ཧེ། བྱཱ་ན་ཤི་མ་ཧེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། བྱཱ་ན་ཤེ་བི་ཤྭཾ་བྷ་ག་བཱནྲ། སྣ་ཚོགས་རྣམས་ལ་ཁྱབ་བྱེད་བཅོམ་ལྡན་ནོ། །ཨཉྫུ་གསལ་བ་དང་མིག་སྨན་དང་མཛེས་པ་དང་འགྲོ་བ་རྣམས་ལའོ་ཞེས་པ་ལ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་
Vol. 197 · folio 88a
པ་ལ། ནུཀ྄་སྟེར་བ་སོགས་ཆོ་ག་ཐམས་ཅད་སྔ་མ་དང་འདྲ་བར་བསྒྲུབས་པས། པ་རསྨཻ་པ་ད་རྣམས་ལ། ཨཱ་ནཾ་ཛ། ཨཱ་ནཾ་ཛ་ཏུཿ ཨཱ་ནཾ་ཛུཿ ཨཱ་ནཾ་ཛི་ཐ། ཨཱ་ནཾ་ཛ་ཐུཿ ཨཱ་ནཾ་ཛ། ཨཱ་ནཾ་ཛ། ཨཱ་ནཾ་ཛི་བ། ཨཱ་ནཾ་ཛི་མ། ཨཱཏྨ་ནེ་པ་ད་རྣམས་ལ། ཨཱ་ནཾ་ཛེ།
ཨཱ་ནཾ་ཛཱ་ཏེ། ཨཱ་ནཾ་ཛི་རེ། ཨཱ་ནཾ་ཛི་ཥེ། ཨཱ་ནཾ་ཛཱ་ཐེ། ཨཱ་ནཾ་ཛི་དྷྭེ། ཨཱ་ནཾ་ཛེ། ཨཱ་ནཾ་ཛི་བ་ཧེ། ཨཱ་ནཾ་ཛི་མ་ཏེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཨཱ་ནཾ་ཛཱཀྵི་ཎཱི་ཀཛྫ་ལེ་ན་ཀཱ་ཙིཏྲ། ཁ་ཅིག་མིག་སྨན་གྱིས་མིག་ལ་བྱུགས་སོ། ༈ དེ་བཞིན་དུ་ཨརྩྲ་མཆོད་པ་བྱེད་པ་ལའང་བདག་དོན་དང་གཞན་དོན་གཉིས་ཀ་འཇུག །བྱིངས་
མཐའི་ཨ་དེའི་དོན། ནུཀ྄་སྟེར་བ་སོགས་ཀྱིས་བསྒྲུབས་པས་པ་རསྨཻ་པ་ད་རྣམས་ལ། ཨཱ་ནརྩ། ཨཱ་ནརྩ་ཏུཿ ཨཱ་ནརྩུཿ། ཨཱ་ནརྩི་ཐ། ཨཱ་ནརྩྠ། ཁ་ཅིག་མིག་སྨན་གྱིས་མིག་ལ་བྱུགས་སོ། །ཨཱ་ནརྩ་ཐུཿ ཨཱ་ནརྩ། ཨཱ་ནརྩ། ཨཱ་ནརྩི་བ། ཨཱ་ནརྩི་མ། ཨཱཏྨ་ནེ་པ་ད་རྣམས་ལ། ཨཱ་
ནརྩེ། ཨཱ་ནརྩཱ་ཏེ། ཨཱ་ནརྩི་རེ། ཨཱ་ནརྩི་ཥེ། ཨཱ་ནརྩཱ་ཐེ། ཨཱ་ནརྩི་དྷྭེ། ཨཱ་ནརྩེ། ཨཱ་ནརྩི་བ་ཧེ། ཨཱ་ནརྩི་མ་ཧེ། ༈ ཙིཉ་གསོག་པ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས། རྐྱེན་ས་དང་ལྐོག་གྱུར་གྱི་རྣམ་དབྱེ་ཕ་རོལ་ལ་བྱིངས་ཙིཉྲ་ནི་ཡང་ན་ཀི་རུ་བསྒྱུར་བར་
བཤད་དེ། ཀི་དང་ཙི་འདམ་ཁ་ཅན་དུ་བྱས་ཀི་རུ་བསྒྱུར་བའི་ཕྱོགས་ལ་ཉེར་བསྒྱུར་ནིརྲ་སྔོན་དུ་བཞག །དེ་ནས་འཕེལ་བ་ཡོན་ཏན་ཨིཡྲ་སོགས་སོ་སོའི་ཐོབ་ལྟར་བསྒྲུབས་པས། ནིཤྩི་ཀཱ་ཡ། ནིཤྩི་ཀྱ་ཏུཿ ནིཤྩི་ཀྱུཿ ནིཤྩི་ཀ་ཡི་ཐ། ནིཤྩི་ཀེ་ཐ། ནིཤྩི་ཀྱ་ཐུཿ ནིཤྩི་
ཀྱ། ནིཤྩི་ཀཱ་ཡ། ནིཤྩི་ཀ་ཡ། ནིཤྩི་ཀྱི་བ། ནིཤྩི་ཀྱི་མ། ཀི་རུ་མ་བསྒྱུར་བའི་ཕྱོགས་ལ། ཙི་ཙཱ་ཡ། ཙི་ཙྱ་ཏུཿ སོགས་དང་། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ནིཤྩི་ཀཱ་ཡ་ཙི་རཾ་རཱ་ཛཱ། གྲཧ་ཉེ་བར་ལེན་པ་ལའང་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས། གཉིས་
བརྗོད། ཀུ་ཧ་དག་གི་ཙུ། ཀ་འགྲོ་བ་སོགས་ཀྱི་སཾ་པྲ་སཱ་ར་ཎར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། ཛ་གྲཱ་ཧ། ཛ་གྲྀ་ཧ་ཏུཿ ཛ་གྲྀ་ཧུཿ ཛ་གྲྀ་ཧི་ཐ། ཛ་གྲ་ཧི་ཐ། ཛ་གྲྀ་ཧ་ཐུཿ རིང་དུ་གནས་པར་གྱུར་ཅིག་རྒྱལ་པོ། ཛ་གྲྀ་ཧ། ཛ་གྲཱ་ཧ། ཛ་གྲ་ཧ། ཛ་གྲྀ་ཧི་བ། ཛ་གྲྀ་ཧི་ན།
Vol. 197 · folio 88b
བྱེཉྲ་གནོན་པ་ལའོ་ཞེས་པ་ལ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལས། ཉེར་བསྒྱུར་སམ་སྔོན་དུ་བཞག །ཎྲ་དང་པྲ་འགྲོ་བ་རྣམས་ལ། ཎཔྲ་སོགས་ལ་དང་པོའི་འོས། གཉིས་བརྗོད་པའི་དང་པོ་སཾ་པྲ་སཱ་ར་ཎ་དང་། ཀ་འགྲོ་བའི་མིང་ཅན་རྣམས་ལ། ཀ་འགྲོ་བ་སོགས་
ཀྱིས་གཉིས་ཀ་སཾ་པྲ་སཱ་ར་ཎར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། པ་རསྨཻ་པ་ད་རྣམས་ལ། སཾ་བི་བྱཱ་ཡ། སཾ་བི་བྱ་ཏུཿ སཾ་བི་བྱུཿ། སཾ་བི་བྱ་ཡི་ཐ། སཾ་བི་བྱི་ཐ། སཾ་བི་བྱེ་ཐ། སཾ་བི་བྱ་ཐུཿ སཾ་བི་བྱ། སཾ་བི་བྱཱ་ཡ། སཾ་བི་བྱ་ཡ། སཾ་བི་བྱི་བ། སཾ་བི་བྱི་མ། ཨཱཏྨ་ནེ་པ་
ད་རྣམས་ལ། སཾ་བི་བྱེ། སཾ་བི་བྱཱ་ཏེ། སཾ་བི་བྱི་རེ། སཾ་བི་བྱི་ཥེ། སཾ་བི་བྱཱ་ཐེ། སཾ་བི་བྱི་དྷྭེ། སཾ་བི་བྱེ། སཾ་བི་བྱི་བ་ཧེ། སཾ་བི་བྱི་མ་ཧེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། སཾ་བི་བྱཱ་ཡ་སྭཱ་ཛྙཱ་ནཾ་སུ་ཛྙཿ ༈ བེེཉྲ་ཐགས་འཐག་པ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས་
སྐྱེས་བུ་དང་པོའི་གཅིག་ཚིག་ལ། བེ། ཎཔྲ་ཅེས་གནས་པ་ལ། ༈ བེ་ཉོ་བ་ཡ་ན་པི། ཨཔྲ་མེད་པ་ལ་བེཉྲའི་བ་ཡྲའོ། །བྱིངས་བེཉྲ་ནི་ཨཔྲ་བི་ཀཱ་ར་ཎ་མེད་པའི་རྐྱེན་ཕ་རོལ་ལ་བཡྲ་ཞེས་པར་འགྱུར་ཏེ། ལེགས་པར་ཤེས་པས་གནོན་པར་བྱེད་དོ་རང་མི་ཤེས་པ་རྣམས། བེ་བཡྲ་རུ་བསྒྱུར་གཉིས་བརྗོད། སྔོན་
མའི་ཧ་ས་དང་པོ་ལྷག་པོའོས། ཡྲ་གོང་མ་ཕྱིས། ཎཔྲ་སོགས་ལ་དང་པོའི་འོས་པ་ཨུ། ཨུ་པ་དྷཱ་འཕེལ་བ་སོགས་ཀྱིས། ཨུ་བཱ་ཡ། གཉིས་ཚིག་ལ་གཞན་དེ་དང་འདྲ་བ་ལས་ཀ་འགྲོ་བ་སོགས་ཀྱིས་བ་གཉིས་ཀ་ཨུར་བསྒྱུར་བས། ཨཱུ་ཡ་ཏུཿ། དེ་བཞིན་དུ་ལྷག་མ་རྣམས་ལ། ཨཱུ་ཡུཿ།
ཨུ་བ་ཡི་ཐ། ཨུ་ཡི་ཐ། ཨཱུ་ཡ་ཐུཿ ཨཱུ་ཡ། ཨུ་བཱ་ཡ། ཨུ་བ་ཡ། ཨཱུ་ཡི་བ། ཨཱུ་ཡི་མ། ༈ བྱ་དྷ་རྡུང་བ་ལའོ་ཞེས་པ་ལའང་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས་རྐྱེན་ཀྱི་ཐོབ་ཀྱི་ཡ་དང་པོ་དང་གཉིས་ཀ་ཨིརྲ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། བི་བྱཱ་དྷ། བི་བི་དྷ་ཏུཿ བི་བི་དྷུཿ། བི་
བི་བྷི་ཐ། བི་བྱ་བྷི་ཐ། བི་བི་དྷ་ཐུཿ བི་བྱཱ་དྷ། བི་བྱ་དྷ། བི་བི་དྷི་བ། བི་བི་དྷི་མ། ༈ པྲཙྪྲ་ཤེས་པར་འདོད་པ་ལའོ་ཞེས་པ་ལའང་བ་རསྨཻ་པ་ད་རྣམས་སྦྱོར་བ་ལས། པྲཙྪྲ། ཎཔྲ་ཅེས་གནས་པ་ལ། ༈ སཾ་ཡོ་གཱནྣ་ཀི་ཏྭ། ཡང་དག་པར་སྦྱོར་བའི་མཐའ་ལས་
Vol. 197 · folio 89a
ཀིཏྲ་མ་ཡིན་ནོ། །ཡང་དག་པར་སྦྱོར་བ་སྟེ་བྱིངས་མཐའ་ཡི་གེ་བརྩེགས་པ་ལས་ཕ་རོལ་གྱི་ལྐོག་གྱུར་གྱི་རྐྱེན་རྣམས་ནི་ཀ་འགྲོ་བའི་མིང་ཅན་མ་ཡིན་ཞིང་། སླར་ཡང་དག་པར་བསྒྱུར་བ་དང་། འཕེལ་བ་དང་། ཡོན་ཏན་སོགས་ཀྱི་ཁྱད་པར་ཡང་མེད་དེ་གཉིས་བརྗོད་
སྔོན་མའི་ཧ་ས་དང་པོ་ལྷག་པོ་སོགས་ཀྱིས་བསྒྲུབས་པས། པ་པྲཙྪ། པ་པྲཙྪ་ཏུཿ པ་པྲཙྪཿ པ་པྲཙྪི་ཐ། པ་པྲཥྛ། པ་པྲཙྪ་ཐུཿ པ་པྲཙྪ། པ་པྲཙྪ། པ་པྲིཙྪི་བ། པ་པྲཙྪི་མ། སྐནྡྷིརྲ། ལཱུཉྲ། མུཥྲ། ཧྲྀཉྲ་རྣམས་ལ་མཐོ་འཚམ་པ་དང་། ཡང་ཡང་གི་དོན་ལ་
ལྐོག་གྱུར་གྱི་རྣམ་དབྱེ་ཎཔྲ་ནི་ཤིས་བྱེད་ལོཊྲའི་སྐྱེས་བུ་དབུས་མའི་གཅིག་ཚིག་ཧིར་བསྒྱུར་ནས་གཅིག་ཚིག་མཐའ་ཅན་དུ་བྱེད་པར་ཚིག་ཕྲད་ཀྱི་བསྒྲུབ་པར་བཤད་དེ། བྱིངས་སྐཾ་དྷིརྲ་འགྲོ་བ་དང་མྱ་ངན། ལཱཉྲ་གཅོད་པ། མུཥྲ་བརྐུ་བ། ཧྲྀཉྲ་འཕྲོག་པ་རྣམས་ལ། ཎཔྲ་དེ་ཧི་རུ་བསྒྱུར་
སྐཾ་དྷི་ར་དང་། ཧྲིཉ་གཉིས་ལ་ཨཔྲ་བི་ཀཱ་ར་ཎ། ལཱུཉྲ་ལ་ནཱ་བི་ཀཱ་ར་ཎ། མུཥྲ་ལ་ཨཱ་ན་བི་ཀཱ་ར་ཎ་རྣམས་སྦྱོར་བ་སོགས་ཀྱིས་བསྒྲུབས་པས། སྐནྡྷ། ལཱུ་ནཱི་ཧི། མུ་ཥཱ་ཎ། ཧ་ར་ཞེས་པ་རྣམས་འགྲུབ་སྟེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི་ཇི་སྐད་དུ། པཱུ་རཱི་མ་བ་སྐནྡྷ་ལཱུ་ནཱི་ཧི་ནནྡ་
ནཾ་མུ་ཥཱ་ཎ་རཏྣཱ་ནི་ཧ་རཱ་མ་རཱཾ་ག་ནཱཿ། བི་གྲྀ་ཧྱ་ཙ་ཀྲེ་ཎ་མུ་ཙི་དྭི་ཥཱ་བཱ་ཤཱི་ཡ་ཨིཏྠ་མཤྩཱ་སྠྱ་མ་ཧརྣི་ཤཾ་དི་བཿ། གྲོང་ཁྱེར་མྱ་ངན་མེད་བཅོམ་དགའ་བའི་ཚལ་རྣམས་བཅད། །རིན་ཆེན་རྣམས་བརྐུས་འཆི་མེད་ཡན་ལག་མ་རྣམས་ཕྲོགས། །རྣམ་འཁྲུགས་འཁོར་ལོས་འཐོར་བའི་འཚེ་བས་ཁྱབ་
པར་ནི། །ངལ་བ་མེད་པར་གནོད་བྱེད་འདི་འདྲ་གནས་པ་མིན། །དེ་ལྟར་ཎཔྲ་ལ་སོགས་པ་འདི་རྣམས་གཙོ་བོར་ལྐོག་ཏུ་གྱུར་པའི་དུས་འདས་ནས་ཡུན་རིང་སོང་བ་ལ་འཇུག་པ་ཤས་ཆེ་ཞིང་གཞན་ཡང་དོན་སྣ་ཚོགས་པ་ལ་འཇུག་གོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱཏྤ་རོ྅ཀྵ་པ་ཀྲི་ཡ་ས་
མཱཔྟཱཿ ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ལྐོག་གྱུར་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།དེ་ནས་སྨོན་པའི་དོན་གྱི་རྣམ་དབྱེ་རྣམས་ཀྱི་ཆོ་ག་རྣམས་བཤད་པར་བྱ་སྟེ། ཨཱ་ཤི་ཥི་ཡཱ་དྱཱསྟཱཾ་ཡཱ་སུསྱཱ་སྱཱ་སྟཾ་ཡཱསྟ་ཡཱ་སཾ་ཡཱ་སྭ་ཡཱསྨ་སཱིཥྚ་སཱི་ཡཱསྟཱཾ་སཱི་རཾ་སཱིཥྛསྶཱི་
Vol. 197 · folio 89b
ཡཱ་སྠཱཾསཱི་དྷྭཾ་སཱི་ཡ་སཱི་བ་ཧི་སཱི་མ་ཧི། སྨོན་པར་བྱེད་པ་ལ། ཡཱཏྲ། ཡཱ་སྟཱཾ། ཡཱ་སུསྲ། ཡཱསྲ། ཡཱསྟཾ། ཡཱསྟ། ཡཱ་སཾ། ཡཱ་སྭ། ཡཱསྨ། ༈ སཱིཥྚ། སཱི་ཡ་སྟཱཾ། སཱི་རནྲ། སཱིཥྛཱསྲ། སཱི་ཡཱསྠཱཾ། སཱི་དྷྭཾ། སཱི་ཡ། སཱི་བ་ཧི། སཱི་མ་ཧི་རྣམས་སོ། །བྱིངས་ལས་སྨོན་པར་བྱེད་པའི་
དོན་གྱི་བྱ་བ་བརྗོད་པ་ལ་ཡཱཏ་ལ་སོགས་པ་འདི་རྣམས་འཇུག་ཅིང་རྣམ་དབྱེ་འདི་རྣམས་ཀྱིའང་དང་པོ་དགུ་པ་རསྨཻ་པ་ད་སྟེ་ཀ་འགྲོ་བའི་མིང་ཅན་དང་། ཕྱི་མ་དགུ་ཨཱཏྨ་ནེ་པ་ད་སྟེ་པ་འགྲོ་བའི་མིང་ཅན་ཞེས་ཐ་སྙད་བྱེད་ལ། པཱཎི་པའི་ལུགས་ལ་སྨོན་པའི་ལིང་ཞེས་ཟེར་རོ། །དེ་ལྟར་ན་བྱིངས་བྷཱུ་ཡོད་པ་
ལ་པ་རསྨཻ་པ་ད་རྣམས་སྦྱར་བས། བྷཱུ་ཡཱཏྲ། བྷཱུ་ཡཱསྟཱཾ། བྷཱུ་ཡཱ་སུཿ། བྷཱུ་ཡཱཿ། བྷཱུ་ཡཱསྟཾ། བྷཱུ་ཡཱསྟ། བྷཱུ་ཡཱ་སཾ། བྷཱུ་ཡཱ་སྭ། བྷཱུ་ཡཱསྨ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། སཿཤྲཱི་མཱནྲ་བྷཱུ་ཡཱཏྲ། དེ་བཞིན་དུ་ཛཱི་བ་སྲོག་འཚོ་བ་ལའོ་ཞེས་པ་ལ་པ་རསྨཻ་པ་ད་རྣམས་སྦྱར་བས། ༈ ཛཱི་
བྱཱཏྲ། ཛཱི་བྱཱསྟཱཾ། ཛཱི་བྱཱ་སུཿ། སོགས་ཏེ་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཤ་ཏཾ་ཤ་ར་དེ་ཛཱི་བྱཱདྦྷ་བནྲ། ༈ བྱིངས་བཙྲ་སྨྲ་བ་ལ་པ་རསྨཻ་པ་ད་རྣམས་སྦྱར། ཀྲངྲ་འགྲོ་བ་སོགས་དེ་དཔལ་དང་ལྡན་པར་གྱུར་ཅིག། ཀྱིས་སཾ་པྲ་སཱ་ར་ཎར་བསྒྱུར་བས། ཨུཙྱཱཏྲ། ཨུཙྱཱ་སུཿ
སོགས་སོ། ༈ བྱིངས་ཌུ་དཱཉྲ་སྦྱིན་པ་ལའང་པ་རསྨཻ་པ་ད་རྣམས་སྦྱོར་བ་ལས། དཱ་ཡཱཏྲ་ཅེས་ཁྱོད་སྟོན་བརྒྱ་འཚོ་བར་ཤོག །གནས་པ་ལ།༈ དཱ་དེ་རེ། དཱ་ལ་སོགས་པའི་ཨེའོ། །བྱིངས་དཱ་ལ་སོགས་པ་རྣམས་ཀྱི་ཨཱ་ནི་སྨོན་པའི་དོན་གྱི་རྣམ་དབྱེ་ཡཱཏྲ་སོགས་པ་རསྨཻ་པ་ད་རྣམས་ཕ་རོལ་ལས་
ཨེ་རུ་འགྱུར་ཏེ། ཨཱ་ཨེརྲ་བསྒྱུར་བས། དེ་ཡཱཏྲ། དེ་བཞིན་དུ། དེ་ཡཱསྟཱཾ། དེ་ཡཱ་སུཿསོགས་སོ། དེ་དང་འདྲ་བར་བསྒྲུབས་པས། ཌུ་དྷཱཉྲ་འཛིན་པ་ལ། དྷེ་ཡཱཏྲ། དྷེ་ཡཱསྟཱཾ། དྷེ་ཡཱ་སུཿསོགས་དང་། པཱ་བཏུང་བ་ལ། པེ་ཡཱཏྲ། པེ་ཡཱསྟཱཾ། པེ་ཡཱ་སུཿ
སོགས་སོ། ༈ གཻ་སྒྲ་ལའོ་ཞེས་པ་ལའང་། ཡཱཏྲ་སོགས་སྦྱར། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱ་འོས། ཨཻ། ཨཱ། དཱ་སོགས་ཀྱི་ཨཱ་དེ་ཨེར་བསྒྱུར་བས། གེ་ཡཱཏྲ། གེ་ཡཱ་སྟཱཾ། གེ་ཡཱ་སུཿསོགས་སོ། །ཥྛཱ་འགྲོ་བ་ལས་ལྡོག་པ་ལ། སྠེ་ཡཱཏྲ། སྠེ་
Vol. 197 · folio 90a
ཡཱ་སུཿསོགས་སོ། ༈ །མཱ་མཆོད་པ་ལའོ་ཞེས་པ་དང་མཱངྲ་མཆོད་པ་ལའོ་ཞེས་པ་གཉིས་བྱིངས་དོན་གཅིག་ཅིང་སྔོན་མ་ལ་པ་རསྨཻ་པ་ད་དང་ཕྱི་མ་ལ་ཨཱཏྨ་ནེ་པ་ད་རྣམས་འཇུག་པའི་གཉིས་ཀའི་ཚིག་ཅན་དུ་བྱས་པས། མེ་ཡཱཏྲ། མེ་ཡཱསྟཱཾ། མེ་ཡཱ་སུཿ
སོགས་དང་། མཱ་སཱིཥྚ། མཱ་སཱི་ཡཱསྟཱཾ། མཱ་སཱི་རནྲ་སོགས་སོ། ༈ །ཨོ་ཧཱཀྲ་གཏོང་བ་ལའང་པ་རསྨཻ་པ་ད་རྣམས་སྦྱར་བས། ཧེ་ཡཱཏྲ། ཧེ་ཡཱསྟཱཾ། ཧེ་ཡཱ་སུཿསོགས་དང་། ༈ ཉེར་བསྒྱུར་ཨ་བ་སྔོན་མའི་སོ་ཕྲ་མོར་བྱེད་པ་ལ། ཨ་བ་སེ་ཡཱཏྲ། ཨ་བ་སེ་ཡཱསྟཱཾ། ཨ་བ་སེ་
ཡཱ་སུཿ། སོགས་སོ། ༈ ཥོ་མཐའི་ལས་ལའོ་ཞེས་པ་ལའང་དང་པོའི་ཥ་ཎའི་ས་ན་དང་། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱ་འོས། ཨོ་ཨཱ་དཱ་སོགས་ཀྱི་དེ་ཨེ་ཉེར་བསྒྱུར་ཨ་བ་སྔོན་དུ་བཞག་པས། ཨ་བ་སེ་ཡཱཏྲ། ཨ་བ་སེ་ཡཱསྟཱཾ། ཨ་བ་སེ་ཡཱ་སུཿསོགས་སོ། ༈ །ཌུ་ཀྲྀནྲ་
བྱེད་པ་ལའོ་ཞེས་པ་ལ་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་པ་ལས་དང་པོ་པ་རསྨཻ་པ་ད་རྣམས་ལས། ཀྲྀ། ཡཱཏྲ་ཅེས་གནས་པ་ལ། ཡཱ་དཱ་དཽ། ཡཱཏྲ་ལ་སོགས་པ་ལའོ། །ཡཱཏྲ་ལ་སོགས་པ་ཕ་རོལ་ལ་བྱིངས་མཐའི་རྀ་ཡིག་ནི་རིངྲ་དུ་འགྱུར་ལ་ང་ཡིག་ནི་བར་མཚམས་བཟུང་
བའི་དོན་ཏེ། རྀ་རིང་དུ་བསྒྱུར་ང་ཕྱིས་པས། ཀྲི་ཡཱཏྲ། དེ་བཞིན་དུ། ཀྲི་ཡཱསྟཱཾ། ཀྲི་ཡཱ་སུཿསོགས་དང་། ཨཱཏྨ་ནེ་པ་ད་རྣམས་ལ། ཀྲྀ སཱིཥྚ་ཞེས་གནས་པ་ལ། ༈ །ཨུཿརྀ་གྱིའོ། །བྱིངས་མཐའི་རྀ་ནི་སེ་དང་སཱི་ཨིཊྲ་མེད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་བ་མ་ཡིན་ཏེ། སྤྱིར་
བཏང་བ་འགྲོ་བ་ལ་ཡོན་ཏན་ཐོབ་ཀྱང་མདོ་འདིས་ཡོན་ཏན་མི་བྱེད། ཀུ་ཨི་ལ་སོགས་ཀྱིས་ས་ཥར་བསྒྱུར་བས། ཀྲྀ་ཥཱིཥྚ། དེ་བཞིན་དུ། ཀྲྀ་ཥཱི་ཡཱསྟཱཾ། ཀྲྀ་ཥཱི་རནྲ་སོགས་སོ། ༈ ཙིཉྲ་གསོགས་པ་ལའོ་ཞེས་པ་འང་གཉིས་ཀའི་ཚིག་ཅན་ཡིན་པ་ལས་གཞན་དོན་ཅན་རྣམས་ལ་ཡ་
ལའོས་བྱིངས་མཐའ་རིང་པོ་དང་། བདག་དོན་ཅན་རྣམས་ལ་པ་འགྲོ་བ་སོགས་ཀྱི་ཡོན་ཏན་བྱས་པས། ཙཱི་ཡཱཏྲ། ཙཱི་ཡཱསྟཱཾ། ཙཱི་ཡཱ་སུཿསོགས་དང་། ཙེ་ཥཱིཥྚ། ཙེ་ཥཱི་ཡཱསྟཱཾ། ཙེ་ཥཱི་རནྲ་སོགས་སོ། །དེ་བཞིན་དུ་ཥྚུཉྲ་བསྟོད་པ་ལའང་པ་རསྨཻ་པ་ད་དང་ཨཱཏྨ་ནེ་པ་ད་གཉིས་ཀ་སྦྱོར་
Vol. 197 · folio 90b
བ་ལས། སྟཱུ་ཡཱཏྲ། སྟཱུ་ཡཱསྟཱཾ། སྟཱུ་ཡཱ་སུཿསོགས་དང་། སྟོ་ཥཱིཥྚ། སྟོཥཱི་ཡཱསྟཱཾ། སྟོཥཱི་རནྲ་སོགས་སོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སྱ་སཱུ་དྲཱ་དཱ་ཤི་ཥེ་པྲ་ཏྱཱ་ཡ་ས་མཱཔྟཱཿ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་སྨོན་པར་བྱེད་པའི་རྐྱེན་རྣམས་རྫོགས་སོ།། ༈ །།དེ་ནས་དེ་རིང་མ་
ཡིན་པའི་འབྱུང་འགྱུར་གྱི་རྣམ་དབྱེ་རྣམས་ཀྱི་ཆོ་ག་རྣམས་བཤད་པར་བྱ་སྟེ། ཤྭསྟ་ནེ་ཏཱ་ཏཱ་རཽ་ཏཱ་རསྟཱ་སི་ཏཱསྠ་ཏཱསྠ་ཏཱསྨི་ཏཱསྭསྟཱསྨསྟཱ་ཏཱ་རཽ་ཏཱ་རསྟཱ་སེ་ཏཱ་སཱ་ཐེ་ཏཱ་ཧེ་ཏཱསྦ་ཧེ་ཏཱསྨ་ཧེ། དེ་རིང་མ་ཡིན་པ་ལས། ཏཱ་རཱཽ། ཏཱ་རསྲ། ཏཱ་སི། ཏཱསྠསྲ། ཏཱསྠ། ཏཱསྨི། ཏཱསྦསྲ། ཏཱསྨསྲ། ༈ ཏཱ།
ཏཱ་རཽ། ཏཱ་རསྲ། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷྭེ། ཏཱ་ཧེ། ཏཱསྦ་ཧེ། ཏཱསྨ་ཧེ་རྣམས་སོ། །བྱིངས་ལས་དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་ལ་ཏཱ་ལ་སོགས་པའི་རྣམ་དབྱེ་འདི་རྣམས་འཇུག་ལ་འབྱུང་འགྱུར་དེ་ཡང་དུས་རིང་པོ་མ་ཡིན་པའི་ཉེ་བར་འབྱུང་བ་ལ་འཇུག་པ་ཤས་ཆེ་སྟེ། པཱ་ཎི་པའི་
ལུགས་ལ་ལུཊྲ་ཞེས་ཟེར་རོ། ༈ །སི་ས་ཏཱ་སཱི་སྱ་པཱ་མིཊྲ། སི་ས་ཏཱ་སཱི་སྱཔྲ་རྣམས་ལ་ཨིཊྲའོ། །རྐྱེན་སི་དང་འདོད་པའི་དོན་གྱི་ས་དང་། རྣམ་དབྱེ་ཏཱ་སོགས་དང་། སྨོན་པའི་དོན་གྱི་སཱིཥྚ་སོགས་དང་། རྐྱེན་སྱཔྲ་རྣམས་ལ་ཨིཊ་ཨཱ་ག་མ་སྟེར་བར་བྱ་སྟེ། བྷཱུ་ཡོད་པ་ལ་ཏཱ་སོགས་
སྦྱར། ཨིཊྲ་ཨཱ་ག་མ་བྱིན། ཡོན་ཏན་སོགས་ཀྱིས་བསྒྲུབས་པས། བྷ་བི་ཏཱ། བྷ་བི་ཏཱ་རཽ། བྷ་བི་ཏཱ་རཿསོགས་ཏེ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཤྭོ་བྷ་བི་ཏཱ་རཱ་ཛྱ་བྷཱ་རཿཀུ་མཱ་ར་སྱ། ཌུ་བ་ཙཥྲ་འཚེད་པ་ལ་ཏཱ་སྦྱར་བས། པཙྲ་ཏཱ་ཞེས་གནས་པ་ལ། ནཻ་ཀ་སྭ་རཱ་ནུ་དཱཏྟཱཏྲ།
དབྱངས་གཅིག་པ་ལ་ཨ་ནུ་དཱཏྟ་ལས་མ་ཡིན་ནོ། །བྱིངས་དབྱངས་གཅིག་པ་དབྱངས་དེ་ཡང་ཨ་ནུ་དཱཏྟ་སྟེ་སྐད་གསངས་དམའ་བར་འདོན་པ་ལས་ཕ་རོལ་ཀྱི་རྣམ་དབྱེ་གཞོན་ནུ་ནང་བར་རྒྱལ་སྲིད་ལ་འཇོག་པ།ར་འགྱུར་རོ། ཏཱ་ལ་སོགས་པ་ལ་ཨིཊྲ་ཨཱ་ག་མ་སྟེར་བ་མ་ཡིན་ཏེ། ཨིཊྲ་མི་འཇུག །ཙུའི་ཀུའོས་
ཙ་ཀར་བསྒྱུར་བས། བཀྟཱ། དེ་བཞིན་དུ། པསྟཱ་རཽ། པཀྟཱ་རཿསོགས་སོ། །ཌུ་དཱཉྲ་སྦྱིན་པ་ལའོ་ཞེས་པ་ལ། དཱ་ཏཱ། དཱཏཱརཽ། དཱ་ཏཱ་རཿསོགས་དང་། བཱ་བཏུང་བ་ལ། པཱ་ཏཱ། པཱ་ཏཱ་རཽ། པཱ་ཏཱ་རཿསོགས་སོ། །ཙིཉྲ་གསོག་པ་ལའོ་ཞེས་པ་ལ་པྲ་འགྲོ་བ་སོགས་ཀྱིས་བྱིངས་
Vol. 197 · folio 91a
ལ་ཡོན་ཏན་བྱས་པས། ཙེ་ཏཱ། ཙེ་ཏཱ་རཽ། ཙེ་ཏཱ་རཿསོགས་དང་། དེ་བཞིན་དུ་ཎཱིཉྲ་ཐོབ་པ་ལ། ནེེ་ཏཱ། ནེེ་ཏཱ་རཽ། ནེེ་ཏཱ་རཿསོགས་དང་། ཧུ་སྦྱིན་པ་ལ། ཧོ་ཏཱ། ཧོ་ཏཱ་ཪཽ། ཧོ་ཏཱ་རཿསོགས་དང་། ཌུ་ཀྲྀཉྲ་བྱེད་པ་ལ། ཀརྟཱ། ཀརྟཱ་རཽ། ཀརྟཱ་རཿ
སོགས་དང་། ཧྲྀཉྲ་འཕྲོག་པ་ལ། ཧརྟཱ། ཧརྟཱ་རཽ། ཧརྟཱ་རཿསོགས་སོ། །ཡཱ་ཐོབ་པ་ལ། ཡཱ་ཏཱ། ཡཱ་ཏཱ་རཽ། །ཡཱ་ཏཱ་རཿསོགས་དང་། གམླྀ་འགྲོ་བ་ལ། གཾ་ཏཱ། གཾ་ཏཱ་རཽ། ཤཾ་ཏཱ་རཿསོགས་སོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱཙྪྭསྟ་ནེ་པྲ་ཏྱཱ་ཡ་པྲ་ཀྲི་ཡ་ས་མཱཔྟཱཿ། ཞེས་
པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། ༈ །།དེ་ནས་འབྱུང་འགྱུར་དུས་རིང་བའི་དོན་གྱི་རྣམ་དབྱེ་རྣམས་ཀྱི་བྱ་བ་རྣམས་བརྗོད་པར་བྱ་སྟེ། ༈ ཏྱཱ་དཽ་བྷ་བིཥྱ་ཏིསྱཔྲ། ཏི་སོགས་ལ་འབྱུང་
འགྱུར་ལ་སྱཔྲའོ། །བྱིངས་ལ་འབྱུང་འགྱུར་ཀྱི་དོན་བརྗོད་པ་ལས་རྣམ་དབྱེ་ཏི་ལ་སོགས་པ་བཅོ་བརྒྱད་པོ་ལ་སྱཔྲ་བར་རྐྱེན་དུ་འགྱུར་ལ་འབྱུང་འགྱུར་དེ་ཡང་མ་འོངས་པ་དུས་རིང་པོ་ལ་འཇུག་པ་ཤས་ཆེ་ཞིང་སྱཔྲ་ཀྱི་པྲ་ཡིག་ནི་བྱིངས་ལ་ཡོན་ཏན་འབྱུང་བའི་དོན་ཏེ། པཱ་ཎི་པའི་ལུགས་ལ་
ལྲྀཊྲ་ཟེར་རོ། །དེས་ན་བྱིངས་བྷཱུ་ཡོད་པ་ལ་ཏི་སོགས་སྱཔྲ་དང་བཅས་པ་སྦྱར། སི་ས་ཏཱ་སཱི་སྱཔྲ་རྣམས་ལ་ཨིཊྲ་འོས། ཨིཊྲ་ཨཱ་ག་མ་བྱིན། བྱིངས་ཡོན་ཏན་ཀུ་ཨི་ལ་སོགས་ཀྱིས་བསྒྲུབས་པས། བྷ་བི་ཥྱ་ཏི། བྷ་བི་ཥྱཏཿ བྷ་བི་ཥྱནྟི། བྷ་བི་ཥྱ་སི། བྷ་བི་ཥྱ་ཐཿ བྷ་བི་ཥྱ་ཐ།
བྷ་བི་ཥྱཱ་མི། བྷ་བི་ཥྱཱ་བཿ བྷ་བི་ཥྱཱ་མཿ ༈ ཡཛྲ་ལྷ་མཆོད་པ་ལ། སྱ་ཏི་སོགས་སྦྱར། ཚ་ཤ་ཥ་ར་ཛ་སོགས་ཀྱིས་ཛ་ཥར་བསྒྱུར་བས། ཡཥྲ། སྱ་ཏི་ཞེས་གནས་པ་ལ། ༈ ཥ་ཌྷེ་ཀཿསེ། ས་ལ་ཥ་ཌྷ་དག་གི་ཀའོ། །འབྱུང་འགྱུར་གྱི་རྐྱེན་གྱི་ས་ཡིག་ཕ་རོལ་ལ་བྱིངས་
མཐའི་ཥ་ཡིག་དང་ཌྷ་ཡིག་དག་ནི་ཀཱ་ཡིག་ཏུ་འགྱུར་ཏེ། ཥྲཀྲ། ཀུ་ཨི་ལ་སོགས་ཀྱིས་སྲཥྲ། ཡཀྵྱ་ཏི། དེ་བཞིན་དུ།ཡཀྵྱ་ཏཿ ཡཀྵྱནྟི་སོགས་སོ། ༈ ཧནྲ་འཚེ་བ་ལ། སྱ་ཏི་སོགས་སྦྱར་བས། ཧནྲ སྱ་ཏི་ཞེས་གནས་པ་ལ། ༈ ཧ་ནྲྀ་ཏཿསྱཔྲ། ཧནྲ་རྀཏྲ་ལས་སྱཔྲ་
Vol. 197 · folio 91b
ལའོ། །བྱིངས་ཧནྲ་དང་གམྲ་དང་རྀཏྲ་མཐའ་ཅན་རྣམས་ལས་ཕ་རོལ་གྱི་སྱཔྲ་ལ་ཨིཊྲ་ཨཱ་ག་མ་སྟེར་བར་བྱ་སྟེ། ཨིཊྲ་བྱིན་པས། ཧ་ནི་ཥྱ་ཏི། དེ་བཞིན་དུ་བསྒྲུབས་པས། ཧ་ནིཥྱ་ཏཿ ཧ་ནི་ཥྱནྟི་སོགས་སོ། ༈ དེ་བཞིན་དུ་ཌུ་ཀྲྀཉྲ་བྱེད་པ་ལའང་ཨིཊྲ་བྱིན། ཡོན་ཏན་བྱས་པས། ཀ་
རི་ཥྱ་ཏི། ཀ་རི་ཥྱ་ཏཿ ཀ་རི་ཥྱནྟི་སོགས་དང་། ༈ ག་མླྀ་འགྲོ་བ་ལ། གམི་ཥྱ་ཏི། ག་མི་ཥྱ་ཏཿ ག་མིཥྱ་ནྟི་སོགས་སོ། ༈ བསྲ་འདུག་གནས་ལའོ་ཞེས་པ་ལ། བསྲ་སྱ་ཏི་ཞེས་གནས་པ་ལ། ༈ ས་སྟོ྅ན་པི། ཨཔྲ་མེད་པ་ལ་སའི་སྲ་ལཏྲའོ། །ཨཔྲ་བི་ཀཱ་ར་ཎ་མེད་པའི་རྐྱེན་ས་
ཡིག་ཕ་རོལ་ལ་བྱིངས་མཐའི་སྲ་ཡིག་ནི་ཏ་ཡིག་ཏུ་འགྱུར་ཏེ། སྲ་ཏྲར་བསྒྱུར་བས། བ་ཏྶྱ་ཏི། དེ་བཞིན་དུ་བསྒྲུབས་པས། བཏྶྱ་ཏཿ བཏྶྱནྟི་སོགས་སོ། ༈ །དཧྲ་ཐལ་བར་བྱེད་པ་ལ། སྱ་ཏི་སྦྱར། ད་སྔོན་མའི་གྷྲ་འོས། ཧྲགྷྲ། ཛྷ་བྷའི་མཐའ་སོགས་ཀྱིས་དྲ་དྷྲ། ཁ་ས་སོགས་
ཀྱིས་གྷྲཀྲ། ཀུ་ཨི་ལ་ཞེས་པས་ས་ཥརྲ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། དྷཀྵྱ་ཏི། དེ་དང་འདྲ་བར་བསྒྲུབས་པས། དྷཀྵྱ་ཏཿ དྷཀྵྱནྟི་སོགས་དང་། ༈ དུཧྲ་རབ་ཏུ་འགེངས་པ་ལའོ་ཞེས་པ་ལའང་དེ་བཞིན་དུ་བསྒྲུབས་པས། དྷུཀྲ་སྱ་ཏི་ཞེས་གནས་པ་ལ། ༈ ཨུ་པ་དྷཱ་ལ་གྷོཿ
ཨུ་པ་དྷཱ་ཐུང་ངུའི་འོ། །བྱིངས་ཀྱི་ཨུ་པ་དྷཱ་ནཱ་མིའི་ཡི་གེ་ཐུང་ངུ་རྣམས་ནི་ཀྲངྲ་འགྲོ་བ་མ་ཡིན་པ་ཕ་རོལ་ལས་ཡོན་ཏན་དུ་འགྱུར་ཏེ། ཨུ་ཨོར་བསྒྱུར་བས། དྷོཀྵྱ་ཏི། དྷོཀྵྱ་ཏཿ དྷོཀྵྱནྟི་སོགས་སོ། ༈ དེ་བཞིན་དུ་བྷི་དིརྲ་རྣམ་པར་འཇོམས་པ་ལ་བདག་དོན་དང་གཞན་དོན་གཉིས་ཀ་
འཇུག་པ་ལས། ཡོན་ཏན་སོགས་ཀྱིས་བསྒྲུབས་པས། བྷེཏྶྱ་ཏི། བྷེཏྶྱ་ཏཿ བྷེཏྶྱནྟི་སོགས་དང་། བྷེཏྶྱ་ཏེ། བྷེཏྶྱ་ཏེ། བྷེཏྶྱནྟེ་སོགས་སོ། ༈ ཙྪི་དརྲི་གཉིས་སུ་བྱེད་པ་ལ། ཙྪེཏྶྱ་ཏི། ཙྪེཏྶྱ་ཏཿ ཙྪེ་ཏྶྱནྟི་སོགས་དང་། ཙྪེཏྶྱ་ཏེ། ཙྪེཏྶྱེ་ཏེ། ཙྪེཏྶྱ་ནྟེ་སོགས་སོ། ༈ ཏུཥྲ་
དགའ་བ་ལའོ་ཞེས་པ་ལ། ཏོཀྵྱ་ཏི། ས་ལ་ཥཌྷ་དག་གི་ཀ་འོས་ཥྲ་ཀ་ར། ཏོ་ཀྵྱ་ཏཿ ཏོཀྵྱནྟི་སོགས་སོ། ༈ ཏུདྲ་གདུང་བ་ལ། ཏོཏྶྱ་ཏི། ཏོཏྶྱ་ཏཿ ཨ་ཏ་ཀྱི་ཨཱ་དང་ཨེའོ། །ཏོཏྶྱནྟི་སོགས་སོ། ༈ ཨེདྷྲ་འཕེལ་བ་ལ། ཨཱཏྨ་ནེ་པ་ད་རྣམས་སྦྱར། ཨིཊྲ་བྱིན་པས། ཨེ་དྷི་ཥྱ་ཏེ། ཨེ་དྷི་ཥྱེ་ཏེ། ཨེ་དྷི་
Vol. 197 · folio 92a
ཥྱནྟེ་སོགས་སོ། ༈ །ཤཱིངྲ་ཉལ་བ་ཨིཊྲ་ཡོན་ཏན་སོགས་ཀྱིས་བསྒྲུབས་པས། ཤ་ཡི་ཥྱ་ཏེ། ཤ་ཡི་ཥྱེ་ཏེ། ཤ་ཡི་ཥྱནྟེ་སོགས་སོ། །ཨོ་ཧཱཀྲ་གཏོང་བ་ལ། ཧཱ་སྱ་ཏི། ཧཱ་སྱ་ཏཿ ཧཱ་སྱནྟི་སོགས་སོ། ༈ །ཌུ་དཱཉྲ་སྦྱིན་པ་ལ། དཱ་སྱ་ཏི། དཱ་སྱ་ཏཿ དཱ་སྱནྟི་སོགས་དང་། རྭ་
སྱ་ཏེ། དཱ་སྱེ་ཏེ། དཱ་སྱནྟེ་སོགས་སོ། ༈ །ཥྚུཉྲ་བསྟོད་པ་ལའང་། སྟོ་ཥྱ་ཏི། སྟོ་ཥྱ་ཏཿ སྟོ་ཥྱནྟི་སོགས་དང་། སྟོ་ཥྱ་ཏེ། སྟོ་ཥྱེ་ཏེ། སྟོ་ཥྱནྟེ་སོགས་སོ། ༈ བྷུཛྲ་སྐྱོང་བ་ལའོ་ཞེས་པ་ལའང་བདག་དོན་དང་གཞན་དོན་གཉིས་ཀ་འཇུག་སྟེ། བྱིངས་མཐའི་ཨ་སྭ་རི་ཏ་སྟེ་དེའི་དོན། ཙུའི་ཀུའོས།
ཛྲ་གྲར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། བྷོཀྵྱ་ཏི། བྷོ་ཀྵྱ་ཏཿ བྷོ་ཀྵྱནྟི་སོགས་དང་། བྷོཀྵྱ་ཏེ། བྷོཀྵྱེ་ཏེ། བྷོཀྵྱནྟེ་སོགས་སོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱདྦྷ་བི་ཥྱནྟིཔྲ་ཏྱཱ་ཡ་སྱ་པྲ་ཀྲི་ཡ་ས་མཱཔྟཱཿ ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་འབྱུང་འགྱུར་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་
རྫོགས་སོ།། ༈ །།དེ་ནས་བྱ་བ་ཤོར་བའམ་མ་འཛོམ་པའི་དོན་གྱི་རྣམ་དབྱེ་རྣམས་ཀྱི་ཆོ་ག་རྣམས་བཤད་པར་བྱ་སྟེ། ༈ སྱཔ་ཀྲི་ཡཱ་ཏི་ཀྲ་མེ། བྱ་བ་ཤོར་བ་ལ་སྱཔྲའོ། །བྱ་བ་ཤོར་བ་སྟེ་དུས་ལ་མ་ཁེལ་བའམ་རྒྱུ་ཚོགས་མ་འཛོམ་པ་དང་། བྱ་བ་མ་རྫོགས་པར་འཕྲོ་ལུས་པ་དང་། བྱ་བ་
ཟིན་མ་ཐག་པའི་གྲུབ་ཟིན་གསར་བ་རྣམས་ཀྱི་བྱ་བའི་དོན་ལ་རྣམ་དབྱེ་དིཔྲ་ལ་སོགས་པ་བཅོ་བརྒྱད་པོ་འཇུག་ཅིང་བར་རྐྱེན་སྱཔྲ་ཀྱང་སྦྱིན་པར་བྱ་སྟེ། པཱ་ཎི་པའི་ལུགས་ལ་ལྲྀངྲ་ཞེས་ཟེར་རོ། །དེ་ལྟ་ན་བྷཱུ་ཡོད་པ་ལ། དིཔྲ། བར་རྐྱེན་སྱཊྲ། སི་ས་ཏཱ་སཱི་སྱཔྲ་རྣམས་ལ་ཨིཊྲ་བུ་འོས། ཨིཊྲ་
ཨཱ་ག་མ་ཡོན་ཏན་སོགས་ཀྱིས་བསྒྲུབས་པས། ཨ་བྷ་བིཥྱཏྲ། དེ་བཞིན་དུ་ལྷག་མ་རྣམས་ལ། ཨ་བྷ་བིཥྱ་ཏཱཾ། ཨ་བྷ་བི་ཥྱནྲ། ཨ་བྷ་བི་ཥྱཿ ཨ་བྷ་བི་ཥྱ་ཏཾ། ཨ་བྷ་བི་ཥྱ་ཏ། ཨ་བྷ་བི་ཥྱཾ། ཨ་བྷ་བི་ཥྱཱ་བ། ཨ་བྷ་བི་ཥྱཱ་མ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཡཱ་དཱ་སུ་བྲྀཥྚིཿསུ་རཱ་ཛྱཾ་ཙཱ་བྷ་བི་ཥྱཏྲ། ཏ་དཱ་སུ་
དེ་དག་ཏུ་སློང་མོ་བཟང་པོ་ཐབ་པར་འགྱུར། བྷི་ཀྵ་མ། བྱ་བ་མ་རྫོགས་པའི་དཔེ། བྷ་བི་ཥྱཏྲ། ༈ དེ་བཞིན་དུ་བྷུཛྲ་སྐྱོང་བ་དང་ཟ་བ་ལ། ཨ་བྷོ་ཀྵྱཏྲ། ཨ་བྷོཀྵྱ་ཏཱཾ། ཨ་བྷོཀྵྱནྲ་སོགས་སོ། ༈ གམླྀ་འགྲོ་བ་ལ་ཨ་ག་མི་ཥྱཏྲ། ཨ་ག་མི་ཥྱ་ཏཱཾ། ཨ་ག་མི་ཥྱནྲ་སོགས་གང་དུ་ཆར་བབས་ཤིང་རྒྱལ་པོ་བདེ་བར་གྱུར། གྲུབ་ཟིན་གསར་བའི་དཔེ། ཏེ་
Vol. 197 · folio 92b
བྱིངས་དེ་གཉིས་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཨ་བྷོཀྵྱ་དྦྷ་བཱརྻ་དྱ་ག་མི་ཥྱཏྲ། ༈ ཌུ་པ་ཙཥྲ་འཚེད་པ་ལ། ཨ་བཀྵྱཏྲ། ཨ་བ་ཀྵྱ་ཏཱཾ། ཨ་བཀྵྱནྲ་སོགས་དང་། ༈ ཛྭ་ལ་འབར་བ་ལ་ཉེར་བསྒྱུར་པྲ་སྔོན་དུ་བཞག་པས། པྲཱཛྭ་ལི་ཥྱཏྲ། པྲཱ་ཛྭ་ལི་ཥྱ་ཏཱཾ། པཱ་ཛྭ་ལི་ཥྱནྲ་སོགས་ཏེ་བྱིངས་དེ་གཉིས་
ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། འོངས་སོ་གྲུབ་ཟིན་གསར་བ་དང་ཟས་བྱ་བས་རྫོགས་པ། གང་ཁྱེད་ནི་ཟས་ལ་འོངས་སོ། །ཨ་པཀྵྱདྦྷ་བཱརྻ་དྱ་གྣིཿཔྲཱ་ཛྭ་ལིཥྱཏྲ། ༈ ཧནྲ་འཚེ་བ་ལ། ཧནྲ་རྀ་ཏ་ལས་སྱཔ་ལའོས། ཨིཊྲ་བྱིན་པས། ཨ་ཧ་ནི་ཥྱཏྲ། ཨ་ཧ་ནི་ཥྱ་ཏཱཾ། ཨ་ཧ་ནི་ཥྱནྲ་སོགས་དང་། ༈ ཤ་ཀླྀ་ནུས་པ་ལ། ཨ་ཤཀྵྱཏྲ།
ཨ་ཤ་ཀྵྱ་ཏཱཾ། ཨ་ཤ་ཀྵྱནྲ་སོགས་ཏེ་བྱིངས་དེ་གཉིས་ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཨ་ཧ་ནི་ཥྱདྦྷ་བཱརྻ་དྱ་ཁྱོད་ཀྱིས་ཚོས་ཤིག་གང་དུ་མེ་རབ་ཏུ་འབར་རོ། ཤཀྵྱཏྲ། སོགས་ཏེ་རྣམ་དབྱེའི་ངོ་བོ་དིཔྲ་སོགས་དང་རྐྱེན་སྱཔྲ་ཨ་ཡིག་མཐའ་ཅན་ཡིན་པས་ཨཔྲ་བི་ཀཱ་ར་ཎ་སོགས་ཀྱི་རིགས་འགྲེ་བས་ཆོ་ག་རྣམས་
རྟོགས་སླའོ། །ཨི་ཏི་སྭ་ར་སྭསྟི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱཏྐྲི་ཡཱ་ཏི་ཀྲ་མ་སྱ་པྲ་ཏྱཱ་ཡ་པྲ་ཀྲི་ཡ་ས་མཱཔྟཱཿ། ཁྱེད་རང་ནུས་པ་ཇི་ཙམ་པ་ཆོམས་ཤིག། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱ་བ་ཤོར་བའི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། ༈ །།དེ་ནས་འདས་པའམ་སྔོན་བྱུང་བའི་རྐྱེན་ཀྱི་རྣམ་
དབྱེ་རྣམས་བཤད་པར་བྱ་སྟེ། ༈ བྷཱུ་ཏེ་སི། བྱུང་ཟིན་པ་ལ་སིའོ། །བྱིངས་ལས་འདས་པའམ་བྱུང་ཟིན་ཙམ་གྱི་དོན་བརྗོད་པ་ལ་དིཔྲ་སོགས་རྣམ་དབྱེ་བཅོ་བརྒྱད་བོ་འགྱུར་ཞིང་བར་རྐྱེན་སི་ཡང་སྦྱིན་པར་བྱ་ལ་བྱུང་ཟིན་དེ་ཡང་འདས་ནས་དུས་ཡུན་རིང་སོང་བ་ལ་འཇུག་པ་ཤས་ཆེ་སྟེ། ༈ བྷཱུ་
ཡོད་པ་ལ་རྣམ་དབྱེ་དིཔྲ་བར་རྐྱེན་སི། ཨི་བརྗོད་དོན། དིཔྲ་སོགས་ལ་ཨཊ་བྱིན་པས། ཨ་བྷཱུསྲ་དྲ་ཅེས་གནས་པ་ལ། ༈ དཱ་དེ་པེ། པ་ལ་དཱ་ལ་སོགས་པ་ལས་སོ། །པ་སྟེ་རྣམ་དབྱེ་པ་རསྨཻ་པ་ད་རྣམས་ཕ་རོལ་ལ་བྱིངས་དཱ། དྷཱ། སྠཱ། ཨིཎྲ། བྷཱུ། པཱ་རྣམས་ལས་ཕ་རོལ་གྱི་སི་ནི་
དབྱི་བར་བྱ་སྟེ། སི་ཕྱིས་པས་ཨ་བྷཱཏྲ། དེ་བཞིན་དུ་གཉིས་ཚིག་ལ། ཨ་བྷཱུ་ཏཱཾ། མང་ཚིག་ལ། ཨ་བྷཱུསྲ། ཨན་ཞེས་གནས་པ་ལ། པ་ལ་དཱ་ལ་སོགས་པ་ལས་སོས། སི་ཕྱིས། རྣམ་དབྱེ་དབྱངས་ཐོག་མ་ཅན་ཕ་རོལ་སི་ཕྱིས་པ་ལས་བྷུ་ལ་བུཀ྄་ཨཱ་ག་མ་སྟེར་བར་བཤད་
Vol. 197 · folio 93a
པས། བུཀ྄་བྱིན་ཀ་གནས་དོན། ཨུ་བརྗོད་དོན། ཨ་བྷཱུ་བནྲ། དེ་རྣམས་དང་འདྲ་བར་བསྒྲུབས་པས། ཨ་བྷཱུཿ ཨ་བྷཱུ་ཏཱཾ། ཨ་བྷཱུ་ཏ། ཨ་བྷཱུ་བཾ། ཨ་བྷཱུ་བ། ཨ་བྷཱུ་མ། ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཨ་བྷཱུངྦྲྀཥྚཾཿ ཌུ་དཱཉྲ་སྦྱིན་པ་
ལའང་དེ་བཞིན་དུ་བསྒྲུབས་པས་སྐྱེས་བུ་དང་པོའི་གཅིག་ཚིག་དང་གཉིས་ཚིག་ལ། ཨ་དཱཏྲ། ཨ་དཱ་ཏཱཾ། མང་ཚིག་ལ། ཨ་དཱསྲ། ཨནྲ་ཞེས་གནས་པ་ལ། སི་ཕྱིས། ༈ སྱཱ་བི་དཿ སི་ལ་ཨཱ་དང་བིད་ལས་སོ། །རྐྱེན་སི་ཕྱིས་པ་ལ་བྱིངས་ཨཱ་རིང་མཐའ་ཅན་དང་བྱིངས་བིད་
ལས་ཕ་རོལ་གྱི་རྣམ་དབྱེ་ཨན་ནི་ཨུསྲ་ཞེས་པར་འགྱུར་ཏེ། ཨནྲ་ཨུསྲ་སུ་བསྒྱུར། ༈ ཨུ་སྱཱ་ལོ་པཿ ཨུས་ལ་ཨཱ་དབྱིའོ། །ཨནྲ་བསྒྱུར་བའི་ཨུས་ཕ་རོལ་ལ་བྱིངས་མཐའི་ཨཱ་རིང་ནི་དབྱི་བར་བྱ་སྟེ། ཨཱ་ཕྱིས་པས། ཨ་དུཿ ལྷག་མ་རྣམས་ལ། ཨ་དཱཿ ཨ་དཱ་ཏཾ།
ཨ་དཱ་ཏ། ཨ་དཱཾ། ཨ་དཱ་བ། ཨ་དཱ་མ། དེ་བཞིན་དུ་ཌུ་དྷཱཉྲ་འཛིན་པ་ལ། ཨ་དྷཱཏྲ། ཨ་དྷཱ་ཏཱཾ། ཨ་དྷུཿ ཨ་དྷཱཿ ཨ་དྷཱ་ཏཾ། ཨ་དྷཱ་ཏཿ ཨ་དྷཱཾ། ཨ་དྷཱ་བ། ཨ་དྷཱ་མ། ༈ དེ་བཞིན་དུ་ཥྛཱ་འགྲོ་བ་ལས་ལྡོག་པ་ལ། ཨསྠཱཏྲ། ཨ་སྠཱ་ཏཱུཾ།
ཨ་སྠཱཿ སོགས་སོ།། ༈ ཨིཎྲ་འགྲོ་བ་ལ། དིཔྲ་སི་སྦྱར། སི་དབྱི་བ་ལས་ཨིཎྲ་ནི་གཱ་ཞེས་པར་འགྱུར་བར་བཤད་པས། ཨིཎྲ་གཱརྲ་བསྒྱུར་བས། ཨ་གཱཏྲ། ཨ་གཱ་ཏཱཾ། ཨ་གུཿ ཉེ་བའི་ཚིག་དང་སྦྱར་བའི་དཔེ་ནི། ཨ་རེ་མཱ་གཱཿསཱ་དྷྭ་སཾ་མཱ་གཱཾ་གརྦི་ཏ་མནྡི་རཾ།
༈ པཱ་བཏུང་བ་ལ། ཨ་པཱཏྲ། ཨ་པཱ་ཏཱཾ། ཨ་པུཿསོགས་སོ། ༈ གྷཊ་རྩེད་མོ་ལའོ་ཞེས་པའི་བྱིངས་ལ་ཨཱཏྣ་ནེ་པ་ད་རྣམས་སྦྱར། ཨིཊྲ་བྱིན་པས། ཨ་གྷ་ཊིསྲ་ཏནྲ་ཞེས་གནས་པ་ལ། དགག་པའི་དོན་གྱི་མཱ་སྔོན་དུ་བཞག། ཀྱེ་འཇིག་སར་མ་འགྲོ་ཁང་བཟང་དབེན་པར་མ་འགྲོ་ཞིག །
༈ མེ་ཊཿ མཱ་ལས་ཨཊྲའི་འོ། །དགག་པའི་དོན་གྱི་མཱ་སྔོན་མ་ལས་དིཔྲ་སོགས་ཀྱི་ཨཊྲ་ནི་དབྱི་བར་བྱ་སྟེ། ཨཊྲ་ཕྱིས། ཀུ་ཨི་ལ་སོགས་ཀྱིས་སྲ་ཥྲ། ཥྚུ་ལ་ཥྚུ་འོས། ཏྲ་ཊྲར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། མཱ་གྷ་ཊིཥྚ། དེ་བཞིན་དུ་གཉིས་ཚིག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words