No title in the text — opening words: བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ཞེས་བྱ་བ་བཞུགས་སོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 197 · folio 119b
མརྟཱ། སི བྷརྟཱ། སི ༈ ཨི་ཥྞུ་སྣུ་ཀྣུ། ཨི་ཥྞུ་སྣུ་ཀྣུ་རྣམས་སོ། །བྱིངས་ལས་ངང་ཚུལ་དང་འབྲེལ་བའི་དོན་ལ་རྐྱེན་ཨིཥྞུ་དང་སྣུ་དང་ཀྣུ་རྣམས་ཀྱང་འགྱུར་ཏེ། ཨ་ལཾ་ཀ་རོཏཱི་ཏྱེ་བ་ཤཱི་ལཿ ཞེས་པའི་དོན་ལ། ཨ་ལཾ་ཀ་རིཥྞུཿ དེ་བཞིན་དུ། བྷ་ཛིཥྞུཿ ཡིཥྞུ གྲ་སིཥྞུཿ ཨི་ཥྞུ ས་ཧིཥྞུཿ ཨི་ཥྞུསོགས་དང་།
འཆི་བའི་ངང་ཚུལ། ཁྲིམས་འཇུག། བྷཱུཥྞུཿསྣུ ཛིཥྞུཿསྣུ སོགས་དང་། གྲྀ་ངྣུཿསྣུ སོགས་སོ། ༈ །ཥཱ་ཀོ་ཀ་ཎཿ ཥཱ་ཀཨུ་ཨུཀ་ཎྲའོ། །བྱིངས་ལས་ངང་ཚུལ་སོགས་ཀྱི་དོན་ལ་རྐྱེན་ཥཱ་འདི་ལྟར་ཚུལ་ཁྲིམས་ཀྱིས་བརྒྱན་པ། ཀ་དང་ཨུ་དང་ཨུ་ཀཎ་གསལ་བའི་ཁྲིམས། བཟའ་བའི་ཁྲིམས། བཟོད་པའི་ངང་ཚུལ། རྣམས་ཀྱང་འ
གྱུར་ཏེ། ཥཱ་ཀ་སི བ་རཱ་ཀཿ ཁྲིམས་ཡོད། རྒྱལ་བའི་ངང་ཚུལ། ཨཱིཔྲ་བ་རཱ་ཀཱི་འདོད་པའི་ངང་ཚུལ། སོགས་དང་། བིཀྵུཿ ཨུ་སོགས་དང་། ཨུ་ཀ་ཎ་འདིར་འཕེལ་བ་མི་བྱེད། བི་ཀྵུ་ཀཿ ཀཱ་མུ་ཀཿ ཨུ་ཀ་ཎ་འཕེལ་བ། བྷཱ་བུ་གཿསོགས་སོ། ༈ །སཱ་ནྟཱ་ཤཾ་ས་ཡོཤྩ། ས་མཐའ་ཤཾས་དག་ལ་ཨུ་ཡང་ངོ་། །འདོད་པའི་དོན་གྱི་རྐྱེན་སའི་
མཐའ་ཅན་དང་ཨཱད྄་སྨད་པའི་ཁྲིམས། སྔོན་མའི་ཤཾསྲ་དག །སྨད་པའི་ཁྲིམས། ལ་ངང་ཚུལ་སོགས་ཀྱི་དོན་ སློང་བའི་ཚུལ་ཁྲིམས་ཅན་ཏེ་དགེ་སློང་། མ་ཡིན་པ་ལའང་རྐྱེན་འདོད་པའི་ཚུལ། ཨུ་འགྱུར་ཏེ། ཡོད་པའི་ཚུལ། བཙལ། བི་བཀྵུཿ ཀྲྀལ། ཙ་ཀཱི་རྵུཿསོགས་དང་། ཨཱ་སྔོན་མའི་ཤཾ་སུ་བསྟོད་པ་ལ། ཡཱཤཾ་སུཿ
༈ ན་མཱ་དེཿ རཿ ན་མ་སོགས་ལ་རའོ། །བྱིངས་ནམ་ལ་སོགས་པ་རྣམས་ལ་རྐྱེན་ར་འགྱུར་ཏེ། ནམྲཿ ཧིངྶྲཿ ཡཤྲཿ ཀམྲཿསོགས་སོ། ༈ །གྷ་སཱ་དེཿ ཀྨ་རཿ གྷས་སོགས་ལཀྨ་རའོ། །བྱིངས་གྷས་སོགས་ལས་རྐྱེན་ སྨྲ་འདོད། ཀྨར་འགྱུར་ བྱེད་འདོད། ཏེ། ཀྲ་ཡོན་ཏན་འགོག་པའི་དོན། ཀུན་ཏུ་བསྟོད་པར་འདོད།
གྷ་སྨརཿ སྲཾ་སྨརཿསོགས་སོ། །ཚི་དི་བྷི་དི་བི་དཱཾ་ཀུ་རཿཚི་དི་བྷི་དི་བི་ད་རྣམས་ལ་ཀུརའོ། ། ཕྱག་འཚལ། འཚེ་བའི་ངང་ཚུལ། གྲགས་པའི་ངང་ཚུལ། མཛེས་པའི་ངང་ཚུལ། བྱིངས་ཚི་དིར་གཉིས་སུ་བྱེད་པབྟི་དི་ར་འཇོམས་པ་བི་ད་ཤེས་པ་རྣམས་ལས་ངང་ཚུལ་སོགས་ཀྱི་དོན་ལ་རྐྱེན་ཀུ་ར་འགྱུར་ཏེ། ཀ་ཡོན་ཏན་འགོག་པའི་དོན། ཚི་དུརཿ
ཟ་བའི་ངང་ཚུལ། སྦྱོར་བའི་ངང་ཚུལ། བྷིདུརཿ འཇིགས་པའི་ངང་ཚུལ། བི་དུརཿ ཤེས་པའི་ཚུལ། ༈ བྷཱ་སཱ་དེ་རྒྷུ་རཿ བྷུསྲ་སོགས་ལ་གྷུ་རའོ། །བྱིངས་བྷཱསྲ་ལ་སོགས་པ་རྣམས་ལ་རྐྱེན་གྷུ་ར་འགྱུར་ཏེ། གྷྲ་ཁྱད་པར་གྱི་དོན་ལ། བྷཱ་སུརཿ སི་འོད་ཀྱི་ངང་ཚུལ། བྷཾ་གུ་རཿ འཇོམས་པའི་ངང་ཚུལ། སོགས་སོ། ༈ །ཡ་དྲ་ཨཱུ་ དུམ་ཆུང་བྱེད་པའི་ངང་ཚུལ། ཀཿ
Vol. 197 · folio 120a
ཡང་ལ་ཨཱུ་ཀའོ། །བྱིངས་ཕུལ་དུ་བྱུང་བའི་རྐྱེན་ཡངྲ་གི་མཐའ་ཅན་ལ་ངང་ཚུལ་སོགས་ཀྱི་དོན་ལ་རྐྱེན་ཨཱུཀྲ་འགྱུར་ཏེ། ཡཱ་ཡ་ཛུ་ཀཿ ད་དཾ་ཤུ་ཀཿ བཱ་བ་དུ་ཀཿསོགས་སོ། ༈ ཨཱ་དྲྀ་ཏཿཀི་རྡྭི་ཤྩ་བྷཱུ་ཏེ། ཨཱ་ཏྲ་རྀ་ཏྲ་ལ་བྱུང་ཟིན་ལ་ཀི་སྟེ་གཉིས་ཀྱང་ངོ་། །བྱིངས་ཨཱ་ཏ་དང་རྀཏྲ་ཀྱི་མཐའ་ཅན་
ལས་བྱུང་ཟིན་གྱི་དོན་དང་འབྲེལ་བའི་ངང་ཚུལ་སོགས་ཀྱི་དོན་ལ་རྐྱེན་ཀི་འགྱུར་ཞིང་བྱིངས་དེ་གཉིས་སུའང་བརྗོད་པར་བྱ་སྟེ། ཕུལ་དུ་བྱུང་བའི་མཆོད་པའི་ངང་ཚུལ། སོ་ཕུལ་དུ་བྱུང་བའི་ངང་ཚུལ། ཕུལ་དུ་བྱུང་བའི་སྐད་ཀྱི་ངང་ཚུལ། ཨཱཏྲ་མཐའ་ལ། པ་པིཿདདིཿསོགས་དང་། རྀཏྲ་ལ། ཙཀྲིཿ བ་བྲིཿ ཛ་ཧྲིཿསོགས་ཏེ། ཇི་སྐད་དུ། རཱ་མཿསོ་
མམཱ་པིརྻ་ཛྙེ་ད་དི་རྐྭ་ཤྩ་ཀྲིར་ཏྦྷུ་ཏ། ཡཱ་ཛ་ཀཱཾ་བ་བྲི་རཱ་ཛ་ཧྲིཿཔུཎྜར་ཀ་མ་ཧཱ་དྭི་ཛཱནྲ། དགའ་བྱེད་མཆོད་སྦྱིན་ལ་ནི་ཞི་བ་འཐུངས། །བ་ཡི་སྦྱིན་པ་རྨད་དུ་བྱུང་བ་བྱས། །བཀའ་ཡིས་མཆོད་སྦྱིན་བྱེད་པོ་བོས་ཏེ་ འཐུངས་ཟིན་པའི་ཚུལ། བྱིན་པའི་ངང་ཚུལ། བྱས་པའི་ཚུས། སྨྲས་པའི་ཚུལ། ཕྲོགས་པའི་ཚུལ། འོངས། །གཉིས་
སྐྱེས་ཆེན་བོས་པད་དཀར་དུས་སྟོན་ནོ། ༈ །སཱ་དོ་ཎཱ་ད་ཡཿ ཨུཎྲལ་སོགས་པ་ནི་རྟག་ཏུའོ། །བྱིངས་ལ་རྐྱེན་ཨུཎ་ལ་སོགས་པ་རྣམས་ནི་འདས་མ་འོངས་ད་ལྟར་བ་སོགས་དུས་ཐམས་ཅད་ལ་རྟག་ཏུ་འཇུག་སྟེ། ཀྲྀ་ཉ་ལ། ཨུ་ཎྲ་ཎྲ་འགྲོ་བ་ལ་འཕེལ་བ་བྱས་པས། ཀཱ་རུཿ བཱ་འགྲོ་བ་ལ། ཨུཎྲ། ཨཱ་ཏྲ་ལ་
ཡུ་ཀུ་ཨཱ་ག་མ་བྱིན་པས། བཱ་ཡུཿསོགས་སོ། །ཨུ་ཎའི་སོགས་ཁོངས་རྣམས་ནི། ཀྲུ་ཤསྒྲ་སྒྲོག་པ་ལ། ཏྲྀ། ཡོན་ཏན་ཥྚུ་སོགས་ཀྱིས། ཀྲོཥྚཱ། ཨ་པྲ་བསྲུང་ཞིང་སྐྱོང་བ་ལ། རྐྱེན་མུ་ཀྲ་ཀ་འགྲོ་བ་ལ། སཾ་བྲ་སཱ་ར་ཎར་བསྒྱུར། ཀྲ་དེའི་དོན། ཨུ་བརྗོད་དོན། མཚམས་སྦྱར་བྱེད་པ་པོ། །བས་ཨོཾ་ཞེས་སོ། །ཨང་
བདེན་པར་འགྲོ་བ་ལ་རྐྱེན་རྟག་པར་འགྲོ་བ་སྟེ་རླུང་། མ་ནི་ཎ། ཎ་འཕེལ་བའི་དོན། ནའི་ཨི་བརྗོད་དོན། ཨཱཏྨ། གྲྀ་ཧི་པྲྀ་ངྷི་ལ་མ་ནི་ཎ། ༈ མ་ནྱུ་ཅེ་སྤྱང་། པངྷྲ་ཡ་རྀ་རཿ མ་ནི་ལ་ཨུ་པ་ངྷཱའི་རྀ་རའོ། །རྐྱེན་མ་ནི་ཕ་རོལ་ལས་བྱིངས་ཀྱི་ཨུ་པ་ངྷཱའི་རྀ་ཡིག་ནི་རར་འགྱུར་ཏེ། རྀར་ར་བསྒྱུར་བས། བྲ་ཧྨ། བྲ་ངྷྨ། ངྷྲྀ་ཉྲ་འཛིན་པ་ལ་རྐྱེན་མ་
ཡོན་ཏན་བྱས་པས། ངྷརྨཿ འཆང་པར་བྱེད་དམ་ཆོས། ༈ ངྷྭཱ་དེ་རུ་ལིཿ ངྷུ་སོགས་ལ་ཨུ་ལིའོ། །བྱིངས་ངྷུ་བདག་ཉིད། སོགས་ལ་ཨུ་ཎྲ་སོགས་ཀྱི་རྐྱེན་ཨུ་ལེ་འགྱུར་ཏེ། དྷཱུ་ལིཿ སྐྱོད་པར་བྱེད། ཨཾ་གི་དང་རཾ་གི་དང་ལཾགི་འགྲོ་བལ་རྐྱེན་ཨུལི། ཆེན་པོ་དང་འཕེལ་བ་དང་གྲགས་ཤིང་གྲུབ་པ་དང་ཚངས་བ་དང་ཚངས་པ་དང་སྲོག་ཅན་རྣམས་ལ། འཕེལ་བ། ཨངྒུ
Vol. 197 · folio 120b
ལིཿ རངྒུལིཿ ལངྒུལིཿ བྱིངས་ཤས་གནོད་པ་སོགས་ལ་རང་བཞིན་གྱི་བྱབ་ལ་ཨུ་ཎྲ་སོགས་ཀྱི་རྐྱེན་ཏྲ་འཇུག་པར་བཤད་དེ། ཤསྟྲཿ ཨ་སུ་འཕེན་པ་ལ། ཨསྟྲཿ པཱ་སྲུང་བ་ལ། པཱ་ཏྭཾ། ཎི་གསལ་བ་ལ། ནེ་ཏྲཿ དཱ་རྡབ་ལ། དཱ་ཏྲཾ་སོགས་སོ། །ཨཱང་སྔོན་མའི་གམྲ་འགྲོ་བ་ལ་རྐྱེན་ཎི་ནི་སྦྱར་བས། ཨཱ
ཆ་ཤས་སམ་ཡན་ལག །གཱ་མཱི། དེ་བཞིན་དུ། བྷཱུ་ལཎི་ནི། པྷཱ་བཱི་སོགས་སོ། ༈ །ཨཱི་ཤཱ་དེ་རྦརཿ ཨཱི་ཤ་སོགས་ལ་བར་འོ། །བྱིངས་གནོད་བྱེད་དེ་མཚོན་ཆ། ཨཱི་ཤ་ལ་འཕེན་པའི་མཚོན་ཆ། སོགས་སྣོད་དམ་འདབ་མ། པ་ལ་གསལ་བྱེད་དེ་མིག་གོ །གཅོད་བྱེད། ཨུཎྲ་སོགས་ཀྱི་རྐྱེན་བར་འགྱུར་ཏེ། ཨཱི་ཤྭ་རཿ སྠཱ་བ་རཿསོགས་སོ། ༈ །
རཱ་ཛཱ་དེ་ར་ནྲ། རཱ་ཛ་སོགས་ ཚུར་འོང་བའི་ཚུལ། ཨ་ནྲའོ། །བདེན་པའི་ཁྲིམས། བྱིངས་རཱ་ཛྲ་སོགས་ལ་ཨུ་ཎྲ་སོགས་ཀྱི་རྐྱེན་ཨ་ནྲ་འགྱུར་ཏེ། རཱ་ཛཱ། ཡུ་བཱ་སོགས་སོ། ༈ །ཨི་མ་ན་ཏྲཱ་སྐཱཿ ཨི་མ་ནྲ་ཏྲ་ཨ་སུ་ཀྲའོ། །བྱིངས་གང་ལའང་ཨུཎ་སོགས་ཀྱི་རྐྱེནཨི་མནྲ་དང་ཏྲ་དང་ཨ་སུ་ཀ྄་ དབང་ཕྱུག། བརྟན་པ། རྣམས་འགྱུར་ཏེ།
ཨི་མནྲ་པ་ཙི་མཱ། ཏྲ། པཱ་ཏྲཾ། ཨ་སུཀྲ། ཏེ་ཛཿ ཨ་སུཀྲ། བྷོ་ཀཿསོགས་སོ། ༈ །བ་ཙཱ་དེར་སྲ། བ་ཅ་སོགས་ལ་ཨ་སྲའོ། །བྱིངས་ གསལ་བའམ་རྒྱལ་པོ། ལང་ཚོ། བཙལ་སོགས་པ་རྣམས་ལ་རྐྱེན་ཨསྲ་འཇུག་སྟེ། བ་ཙཿ མ་ཧཿ ཏ་པཿ ༈ སཽ་ཀརྻེ་ཀེ་ལི་མཿམཆོག་མིན་གྱི་ལས་ལ་ཀེ་ལི་མའོ། །བྱིངས་ལ་མཆོག་མ་ཡིན་
པའི་ལས་མཆོད་པ། སྣོད། ངན་པའི་དོན་ གཟི་བརྗིད། སྐྱོང་བ། ལ་རྐྱེན་ཀེ་ལི་མ་འགྱུར་ཏེ། བྷི་དིར་ལ་ཀེ་ལི་མ། ཀ་ཡོན་ཏན་འགོག་པའི་དོན། བྷི་དེ་ལི་མཾ་ཀཥྛཾ། དེ་བཞིན་དུ། པ་ཙེ་ལི་མཾ་ཨཱ་ཌྷ་ཀྱཿསོགས་སོ།། ༈ བརྗོད་པ། མཆོད་པ། གདུང་བ། ཤཾ་པྲ་བི་བྷྱོ་བྷུ་བོ་ཌུཿ ཤཾ་པྲ་བི་རྣམས་ལས་བྷཱུ་ལ་ཌུའོ། །ཤཾ་དང་པྲ་དང་པི་
རྣམས་ལས་ཕ་རོལ་གྱི་བྷཱུལ་ཨུཎྲ་སོགས་ཀྱི་རྐྱེན་ཌུ་འགྱུར་ཏེ། ཌྲ་ཊི་དབྱི་བའི་དོན། ཤཾ་བྷུཿ ཞི་བ་ཐོབ། པྲ་བྷུཿ ཁྱབ་བདག །མངའ་བདག །བི་བྷུཿ ཤིང་གཤོག་མ་ལེགས་པ། ཅུང་ཟད་བཙོས་ཏེ་གཞལ། ༈ ཡུ་བ་ཏ་གི་བྷྱོ་ནེ་པྲ། ཡུ་བཧྲ་ཨ་གི་རྣམས་ལས་ནི་པྲའོ། །བྱིངས་ཡུ་དང་བ་ཧྲ་དང་ཨ་གི་རྣམས་ལས་ཨུཎྲ་སོགས་ཀྱི་རྐྱེན་ནི་པྲ་
འགྱུར་ཏེ། ཡོ་ནིཿ སྐྱེ་གནས། བཧྣིཿ འཚེད་ཅིང་འགྲོ་བ། ཨཀྣིཿ ཡན་ལག་མེད་པར་འགྲོ་བ་སྟེ་མེ། ༈ ཨི་དི་ཅ་དི་ཤ་ཀི་རུ་དི་བྷྱོརཿ ཨི་དི་ཅ་དི་ཤ་ཀི་རུ་དི་རྣམས་ལས་རའོ། །བྱིངས་ཨི་དི་དབང་ཕྱུག་ཙ་དི་བསིལ་བ་ཤ་ཀི་ནུས་པ་རུ་དི་མཆིམ་འཛག་པ་རྣམས་ལས་ཨུ་ཎྲ་ལ་སོགས་པའི་རྐྱེན་ར་འགྱུར་ཏེ། ར་སྦྱར། ཨི་ཏྲ་འགྲོ་བ་
Vol. 197 · folio 121a
སོགས་ཀྱི་ནུ་མྲ་བྱིན་བས། ཨིནྡྲཿ ཅནྡྲཿ ཤཾཀྲཿ རུ་དྲཿ ཡང་པུཥྲ་རྒྱས་པ་ལ་རྐྱེན་པ་དང་ལ་སྦྱར་བས། པུཥྤཿ། པུཥྱཿ ཕ་ལ་དང་མཱུ་ལ་རྐྱེན་ཨ་སྦྱར་བས། ཕ་ལཾ། མཱུ་ལཾ་སོགས་སོ། ༈ །ཨུ་ཎཱ་ད་ཡོཉ་པ་རི་མི་ཏཱཿ ཨུ་ཎ་ལ་སོགས་པ་དཔག་ཏུ་མེད་པའོ། །
འདིར་བཤད་པ་རྣམས་ནི་མཚོན་བྱེད་ཅམ་སྟེ་གཞན་དཔང་པོ། བསིལ་བྱེད་དེ་ཟླབ། ནུས་པ། དྲག་པོ། ཨུ་ཎ་ལ་སོགས་པའི་རྐྱེན་ནི་དཔག་ཏུ་མེད་པ་ཡོད་དོ། །མེ་ཏོག །དེ་རྣམས་ནི་ཨུ་ཎྲ་སོགས་ཁོངས་དང་བཅས་པ་འབྲས་བུ། རྩ་བ། མཚོན་བྱེད་ཙམ་མོ། ༈ །ཏུ་མ་ཏ་ད་རྠཱ་ཡཾ་བྷ་བི་ཥྱ་ཏི། འབྱུང་འགྱུར་ལས་དེའི་དོན་ལ་ཏུ་མྲའོ། །
བྱིངས་ལས་མ་འོངས་པ་འབྱུང་འགྱུར་གྱི་དེའི་ལ་རྐྱེན་ཏུ་མ྄་འགྱུར་ཏ། བྷོ་ཀྟུཾ་བྲཱ་ད་ཏི། པ་ཋི་ཏུ་མི་ཥྚེ། སྣཱ་ཏུ་མི་ཧ་ཏ་སོགས་སོ། ༈ གྷ་ཉྲ་བྷཱ་བེ། དངོས་པོ་ལ་གྷ་ཉྲའོ། །དབྱིངས་ལས་དངོས་པོའི་དོན་བརྗོད་པ་ལ་རྐྱེན་གྷ་ཉྲ་འགྱུར་ཏེ། ༈ ཙ་ཛོཿཀ་གཽ་གྷི་ཏི། ཙ་ཛ་དག་གི་གྷ་འགྲོ་བ་ལ་ཀག་
དག་གོ། །བྱིངས་མཐའི་ཅ་ཡིག་དང་ཛ་ཡིག་དག་ནི་རྐྱེན་གྷྲ་འགྲོ་བའི་མིང་ཅན་ཕ་རོལ་ལ། བཟོས་ནས་འགྲོ །འདོད་པ་ལྟར་ཀློག །ཁྲུས་བྱས་ནས་རྩེའོ། །རིམ་པ་བཞིན་ཀ་དང་ག་རུ་འགྱུར་ཏེ། པ་ཙྲ་ལ། གྷ་ཉྲ། ཨུ་པ་ངྷཱ་འཕེལ་བ་ཉྲ་དེའི་དོན། ཙྲ་ཀྲ་གྷྲ་ཡིག་དེའི་དོན། བཱ་ཀཿཏྱ་ཇ་ལ། ཏྱཱ་གཿ ཡ་ཇ་ལ། ཡཱགཿབྷ་ཛ་ལ། བྷཱ་གཿ ཡུ་
ཛི་རུ་སྦྱོར་བ་ལ། ཡོ་བ། ཨི་ཎ་འགྲོ་བ་ལ། ནནྡི་སོགས་ལ་ཡུ་འོས། རྐྱེན་ཡུ་དང་གྷ་འུ་འདམ་ཀ་ཅན་དུ་བྱས་པས། ཨ་ཡནཾ། ཨཱ་ཡཿ དེ་བཞིན་དུ། བྷཱུལ། བྷ་བ་ནཾ། བྷཱ་བཿ དཱ་དང་པཱ་ལ། དཱན། དཱ་ཡ། གྷ་ཉ་ཨཱ་ཏྲ་ལ་ཡུ་ཀྲ་ཨཱ་ག་མ་བྱིན། ཚོས་པའམ་སྨིན་པ། བྱིན་ཅན། པཱ་ནི། པཱ་ཡཿ མཆོད་པ། འབྱེད་དོ།། སོགས་
སོ། ༈ །སཾ་ཛྙཱ་ཡ་མ་ རྣལ་འབྱོར། ཀ་རྟ་རི་ཙ་བྱེད་པོ་མ་ཡིན་པའི་མིང་ལའོ། །བྱིངས་ལས་བྱེད་པོའི་དོན་མ་ཡིན་པའི་དངོས་པོ་དང་ལས། འགྲོ་བ། དང་མིད་བརྗོད་པ། བདེན་པའམ་ཡོད་པ། ལའང་རྐྱེན་གྷ་ཉྲ་ སྦྱིན་བྱ། འགྱུར་ཏེ། པྲ་ཏི་དང་ཨཱ་དྲ་སྔོན་མའི་ཧྲྀཉྲ་ལ། སོ་སོར་བསྡུ་བ། བྲ་ཏྱཱ་ཧཱ་ འཐུང་བྱ། གྷ་ཉ་ཨཱ་ཏ་ལ་ཡུ་ཀྲ་ཨ་ག་མ་བྱིན་
རཿ ༈ སྭ་རཱ་ད་དབྱངས་ལས་ཨའོ། །བྱིངས་དབྱངས་ཀྱི་མཐའ་ཅན་ལས་བྱེད་པོའི་དོན་མ་ཡིན་པའི་དངོས་པོ་སོགས་ཀྱི་དོན་ལ་རྐྱེན་ཨ་འགྱུར་ཏེ། སཾ་སྔོན་མའི་ཙི་ཉྲ་ལ་ཨ་ཡིན་ཏན་བྱས་པས། ས་ཉྩ་ཡཿ སྡུད་པའམ་བ་དེབ། དེ་བཞིན་དུ། ནམཿ ཐོབ་པ། སྟ་བ་བསྟོད་པ། ནརཿ འདོད་པས་རྣམ་པར་གཡོ་བ་སྟེ་མི། སོགས་
Vol. 197 · folio 121b
སོ། ༈ །མ་དཱཾ། མད་རྣམས་ལའོ། །བྱིངས་མད་ལ་སོགས་པ་རྣམས་ལའང་བྱེད་པོ་མ་ཡིན་པའི་དངོས་པོ་སོགས་ཀྱི་དོན་ལ་རྐྱེན་ཨ་འགྱུར་ཏེ། མ་དཱི་རང་བ་ལ། མ་དཿ པྲ་མ་དཿ དེ་བཞིན་དུ། ཤ་མཿ ད་མཿ དེ་བཿ བི་ཥ་ཡཿ ༈ མཱུ་ཀྟཽ་གྷ་ནཿ གྷནྲ་ལས་སྲབ་ལའོ། །བྱིངས་གྷནྲ་ལས་ས་བ་དང་
ཡོངས་སུ་གཅོག་པའི་དོན་དང་འགྲེལ་བ་ལ་རྐྱེན་ཨ་འགྱུར་ཏེ། ད་ངྷེ་སྔོན་མའི་ཧནྲ་ལ་ཨ་ཧ་ན་གྷ་ནྲ་རུ་བསྒྱུར་བས། དངྷི་གྷནཿ དེ་བཞིན་དུ། སེནྔྷ་བགྷནཿསོགས་སོ།། ༈ ཡི་རང་བ། རབ་ཏུ་མྱོས་པ། ཞི་བ། ཞི་བ། འདི་ནི་སྣ་ཚོགས་པས་རྩེ་བྱེད་དེ་ལྷ། ཁྱད་པར་གྱི་འཆི་དང་། བརྞ་བི་པ་རྻ་ཡ་ཤྩ། ཡི་གེ་བསྒྱུར་བ་ལའང་ངོ་། །
ཕུལ་དུ་བྱུང་བའི་དོན་གྱི་ཡི་གེ་ཕན་ཚུལ་བསྒྱུར་བ་ལའང་རྐྱེན་ཨ་འགྱུར་ཏེ། ཧིངྶ་འཚེ་བ་ལ་ཨ་ཧ་དང་སྲ་ཕན་ཚུན་ནོ་སྲ་བ་སྟེ་ཞོ་ག་ར་པོ། བསྒྱུར་བས། ལན་ཚྭ་གཅོག་གོ། སིངྷཿསོགས་སོ། ༈ །ཊྭི་ཏོ་ཐུཿ ཊུ་འགྲོ་བ་ལས་ཨ་ཐུའོ། །བྱིངས་ཊུ་ཡིག་རྗེས་འབྲེལ་འགྲོ་བ་ལ་དངོས་པོ་སོགས་ཀྱི་དོན་ལ་རྐྱེན་ཨ་
ཐུ་འགྱུར་ཏེ། ཊུ་བེ་སྲྀ་གཡོ་བ་དང་ཊུ་ཀྵེ་པྲྀ་ལག་པས་འཕེན་པ་ལ། བེ་བ་ཐུཿ ཀྵེ་པ་ཐུཿསོགས་སོ། ༈ །ཌྭི་དསྟྲི་མ་ཀྲ་ཏ་ཏྐྲྀ་ཏེ། ཌུ་འགྲོ་བ་ལས་དེ་འདས་པ་ལ་ཏྲི་མ་ཀྲའོ། །འཚེ་བ་ཕུལ་དུ་བྱུང་བ་སྟེ་སེང་གེ །བྱིངས་ཌུ་རྗེས་འབྲེལ་འགྲོ་བ་ལས་བྱིངས་དེ་འདས་པའི་དོན་བརྗོད་བ་ལ་རྐྱེན་ཏྲི་མཀྲ་འགྱུར་ཏེ། ཌུ་ཀྲྀ་ཉྲ་ལ།
ཀྲྀ་ཏྲྀ་མོ་གྷ་ཊཿ དེ་བཞིན་དུ། ཌུ་བྷྲྀཉྲ་ལ། སཾ་བྷྲྀ་ཏྲྀ་མོ་ཡུ་ངྔྷཾ། ཌུ་པ་ཅ་ཥྲ་ འདར་བ། འཕན་པ། ལ། བཀྷྲེ་མི་ཕ་ལཾ་སོགས་སོ། ༈ །ནཊྐཱི། ནཊྲ་ཀི་དག་གོ། །བྱིངས་ལས་དངོས་པོའི་དོན་ལ་རྐྱེན་ན་ཊ་དང་ཀི་དག་འགྱུར་ཏེ། ཡ་ཏཱི་མཆོད་པ་ལ་ན་ཊྲ། ཡཏྣཿ དེ་བཞིན་དུ། པྲ་ཚ་དང་བི་ཚུ་ལ་ན་ཊྲཿ ༈ བྲཙྪ་བིཙྪོཿཤ་ནེ།
བུམ་པ་བྱས། པྲཙྪ་པིཙྪ་དག་གི་ན་ལ་ཤའོ། །བྱིངས་དམག་ཚོགས་འཁྲུགས་སོ། །བྲཚ་དང་བིཚ་དག་གི་ཆ་ཡིག །པས་སུ་སྨིན་ནོ། །ནི་རྐྱེན་ནི་ཕ་རོལ་ལ་ཤ་ཡིག་ཏུ་འགྱུར་ཏེ། །པྲཤྣཿ འདྲི་བ། བིཤྣཿ ཁྱབ་པར་འགྲོ་བ་སྟེ་གཡོག །ཡ་ཛ་ལ་ན་ཊྲ། ས་ཏུ་སོགས་ཀྱི་སྡོམ་བརྩོན། ན་ཉ། ཡ་ཛྙཿ མཆེད་པ། བི་སྔོན་མའི་ངྷཱ་ཉྲ་འཛིན་པ་ལ་ཀི།
ཨ་པྲ་མེད་པ་སོགས་ཀྱི་ཨཱ་ཕྱིས། ཀ་རྗེས་འབྲེལ། བིངྷིཿ ཆོ་གའམ་སེམས་ལ་འཛིན་པ། དེ་བཞིན་དུ། མཚམས་བཟུང་བ ཨཱངྷིཿ སནྔྷིཿ མཚམས་སྦྱོར་རམ་ཉིས་སྦྲེལ། ན་ངྷིཿ ངེས་པར་འཛིན་པ་སྟེ་གཏར། ༈ ཡུཊ། ཡུཊའོ། །བྱིངས་ལས་དངོས་པོའི་དོན་ལ་རྐྱེན་ཡུཊྲ་འགྱུར་ཏེ། ཀྲྀ་ལ། ཀ་ར་ཎཾ། བྱེད་པ། དེ་བཞིན་དུ།
Vol. 197 · folio 122a
ཧ་ར་ཎཾ། ཧ་བ་ནཾ། བྷཱུ་ཥ་ཎཾ། བ་ཧ་ནཾ། ཨུ་ཏྲ་སྔོན་མའི་སྠཱ་ལ་ཡུཊ། ༈ ཨུ་དསྠཱ་དེས་ལོ་པཿ ཨུ་ཏྲ་ལས་སྠཱ་སོགས་ཀྱིས་དབྱིའོ། །ཉེར་བསྒྱུར་ཨུཏྲ་སྔོན་མ་ལས་བྱིངས་སྠཱ་ལ་སོགས་པའི་ས་ཡིག་ནི་རྐྱེན་ཡུཊྲ་ཕ་རོལ་ལ་དབྱི་བར་བྱ་སྟེ། ཨུཏྠཱ་ནི། དེ་
བཞིན་དུ། ཨུ་ཏྲ། འཕྲོག་པ། སྦྱིན་སྲེག །རྒྱན། ཐོབ་པ། སྔོན་མའི་སྟཾ་བྷ་ལ། ཨུཏྟ་མྦྷ་ནཾ་སོགས་སོ། ༈ །སཱ་ངྷ་ནཱཾ་ངྷཱ་ར་ཡོཤྩ། སྒྲུབ་ཐབས་དང་རྟེན་དག་ལའང་ངོ་། །བྱིངས་ལས་སྒྲུབ་ཐབས་དང་རྟེན་གྱི་དོན་ལའང་རྐྱེན་ཡུཊྲ་འཇུག་སྟེ། པ་ཙ་ལ་ཡུཊྲ། མེས་འཚེད། པ་ཙ་ནོ་ཉགྣིཿ སྟེང་གི་གནས་
པ་ཅནཿཐཱ་ལཱི་སོགས་སོ། ༈ །ཨཱི་ཥ་དུཿསུ་ཥུ་ཁ་ལྻཱུ་ཊ། ཨཱི་ཥ་དུཿསུ་རྣམས་ལ་ཁལྲ་ སྟེང་གི་ཀ་བ། ཡུཊྲའོ། །ཨཱི་ཥ་ཏྲ་དང་དུཿདང་སུ་རྣམས་དང་སྦྱོར་བའི་བྱིངས་ལ་རྐྱེན་ཁལ་དང་ཡུག་དགའ་འགྱུར་ཏེ། ཨཱི་ཥ་ཌྦྷ་བཿཀལྲ་ ཁལྲ་ དུརྦྷ་བཿ སུ་བྷ་བཿཁལྲ ཨཱིཥཊྐ་རཿ ཁལྲ དུཿཀརཿ ཁལྲ
གཞོང་བར་བཅོས། སུ་ཀ་རཿ ཡཱུཊྲ ཨཱི་ཥ་དྱོ་ངྷ་ནཿ ཡཱུཊ དུརྻ་ངྷོནཿ སུ་ཡོ་ངྷ་ནཿ ཡཱུ་ སོགས་སོ། ༈ །ཏ་བྱཱ་ནཱི་ཡཽ། ཏ་བྱ་ཨཱ་ནཱི་ཡ་དག་གོ། །བྱིངས་བྷཱུ་ལ་སོགས་པ་རྣམས་ལ་མ་འོངས་པའི་དུས་བརྗོད་པའི་དོན་ལ་རྐྱེན་ཏ་ ཅུང་ཟད་ཡོད། སྡུག་བསྔལ་ཡོད། བདེ་བ་ཡོད། ཅུང་ཟད་བྱེད། སྡུག་བསྔལ་བྱེད། བྱ་དང་
ཨཱ་ནཱི་ཡ་དག་འགྱུར་ཏེ། བདེ་བ་བྱེད། ཅུང་ཟད་འཐབས། འཐབ་དཀའ་བ། བདེ་བར་འཐབ། བྷ་བི་ཏ་བྱཾ། བྷ་བཱ་ནཱི་ཡཿ ཨཱ་སི་ཏ་བྱཾ། ཨཱ་སཱ་ནཱི་ཡཾ། ཀརྟ་བྱཾ། ཀ་རཱ་ཎཱི་ཡ། གྲ་ཧི་ཏ་བྱཾ། གྲ་ཧཱ་ནཱི་ཡཾ་སོགས་སོ། ༈ །སྭ་རཱ་དྱཿ དབྱངས་ལས་ཡའོ། །བྱིངས་དབྱངས་མཐའ་ཅན་ལ་རྐྱེན་ཡ་འགྱུར་ཏེ། ཀྵེ་ཡཾ། ཛེ་ཡཾ།
ནེ་ཡཾ་སོགས་སོ། །ཡང་བྱིངས་ཀྵི་དང་ཛི་ལ་ཡ་སྦྱར་བའི་ཀྵ་ཡྻཿ ཟད་ནུས། དང་ འབྱུང་བར་འགྱུར་རོ། །གནས་འཆའ་བར་འགྱུར་རོ།། རྒྱལ་ནུས། ཛཡྻཿཞེས་ བྱེད་པར་འགྱུར། པའང་ནུས་འཛིན་པར་འགྱུར། པའི་དོན་ཚིག་ཕྲད་དུ་བཤད་དོ། ༈ །པུ་ཤ་ཀཱ་ཏྲ། པུ་ཤ་ཀ་ལས་སོ། །བྱིངས་པ་སྡེའི་ཡི་གེའི་ ཟད་བྱ། རྒྱལ་བྱ།
ཐོབ་བྱ། མཐའ་ཅན་དང་ཤ་ཀ་སོགས་ལའང་རྐྱེན་ཡ་འགྱུར་ཏེ། ལ་བྷྱཾ། ཐོབ་པ། ཡ་བྷྱཾ། འཁྲིག་པ། ཛ་བྱཾ། བཟླས་པ། ཤ་ཀྱ། ནུས་པ། ས་ཧྱཾ། དགའ་བ། དང་པོའང་འདོད་པ་དང་འཛས་པ། རུ་ཅྱ་སོགས་སོ། ༈ །ཨཱི་ཙཱ་ཏཿ ཨཱ་ཏྲ་ལས་ཨཱིའང་ངོ་། །བྱིངས་ཨཱ་ཏྲ་མཐའ་ཅན་ལའང་རྐྱེན་ཡ་འགྱུར་ཞིང་ཡ་ཕ་རོལ་ལ་ཨཱ་ཏ་དེ་ཨི་
Vol. 197 · folio 122b
ཡིག་ཏུའང་འགྱུར་ཏེ། དཱ་ལ་ཡ་ཨཱ་ཨཱི་ཡོན་ཏན་བྱས་པས། དེ་ཡཾ། དེ་བཞིན་དུ། ཛྙེ་ཡཾ། པེ་ཡཾ་སོགས་སོ། ༈ །རྀ་ཧ་སཱ་ནྟཱ་ངྒྷྱ་ཎ། རྀ་ཧ་སའི་མཐའ་ལས་གྷྱཎྲའོ། །བྱིངས་རྀ་ཡིག་དང་ཧ་སའི་མཐའ་ཅན་ལས་དངོས་པོ་སོགས་དང་འབྱུང་འགྱུར་གྱི་དོན་ལ་རྐྱེན་གྷྱ་ཎ་འཇུག་སྟེ། ཀཱ་རྻཾ། བཱརྻཾ།
བཱ་ངྷྱཾ། ཧཱ་སྱཾ། བ་ཙ་དང་པ་ཙ་ལ་གྷྲ་འགྲོ་བ་སོགས་ སྦྱིན་བྱ། ཀྱི་ཡང་ཙ་ཀ་ར་བསྒྱུར་ ཤེས་བྱ། འཐུང་བྱ། བས། བཱཀྱཾ། བཱ་ཙྱི། པཱཀྱཾ། པཱ་ཙྱཾ་སོགས་སོ། །མཆོད་པའི་དོན་དང་འབྲེལ་བའི་དངོས་པོའི་དོན་ལ་ཏ་བྱ། ཨཱ་ནཱེ་ཡ། ཀྱ་བྲ་གྷྱ་ཎྲ་ཡ་རྣམས་འཇུག་པར་བཤད་དེ། ལས་སྒྲིག་པའམ་འགབས་
གསོང་པོར་སྨྲ་བ། གར་མོ། དྲྀ་ཤ་ལ་ཏ་བྱ་དྲྀ་ཤ་སོགས་ཀྱི་རྀ་ར་ཤ་ཥ། ཥྚུ་སོགས་ཀྱིས་བསྒྲུབས་པས། དྲ་ཥྚ་བྱཾ། དེ་སྨྲ་བའམ་ངག་སྦྱོར། མཆོད་པ། བཞིན་དུ། ཨཱ་ནཱི་ཡ་ལ། དརྴཱ་ནཱི་ཡཿ ཡ་ལ། དྲྀཤྱཿ ཤྲཱུ་ཐོས་པ་ལ། ཤྲོ་ཏ་བྱཾ། ཤྲ་བ་ཎཱི་ཡཾ། མ་ནྲ་ཤ་ས་པ་ལ། མཾ་ཏ་བྱཾ། མ་ན་ནཱི་ཡཿསོགས་
སོ། །ཡང་བྱིངས་འདོད་པའི་དོན་གྱི་རྐྱེན་སིའི་མཐའ་ཅན་ལའང་ཏ་བྱ་ལ་སོགས་པ་འཇུག་པར་བཤད་དེ། བལྟས་ནས་མཆོད། ནི་དི་ངྷྱཱ་སི་ཏ་བྱཾ། བི་ཛི་ཛྙཱ་སི་ཏ་བྱཾ་སོགས་སོ། ༈ །ཨོ་རཱ་བ་ཤྱ་ཀེ། བལྟས་ནས་མཆོད། ཨུ་ལས་ལྷག་པ་ལའོ། །ཐོས་པ། བྱིངས་ཨུ་ཡིག་མཐའ་ཅན་ལས་ལྷག་པར་ཤེས་གདང་ངེས་
པར་སོགས་ཀྱི་དོན་ལ་རྐྱེན་གྷྱ་ཎྲ་འགྱུར་ཞིང་། ཨོ་ཏ་མཐའ་ལས་རྐྱེན་ཡ་ལ་དབྱངས་ཀྱི་བྱབ་འཇུག་པར་ བར་མ་ཆད་པར་བསམ་གཏན་འདོད་པ། བྱེ་བྲག་ཏུ་ཤེས་པར་འདོད། བཤད་དེ། བྷཱུ་ལ། བྷཱ་བྱཾ། ལཱུ་ཉྲ་ལ། ལཱ་བྱཾ་སོགས་སོ། །ཡང་ཀྲྀ་ཏྲ་སོགས་ཀྱི་རྐྱེན་ཏ་བྱ་སོགས་ཀྱི་མཐའ་ཅན་དང་སྦྱོར་བའི་
ཨ་བ་ཤྱ་མྲ་གྱི་མྲ་དང་། ཀཱ་མ་དང་ན་མ་སྲ་དང་སྦྱོར་བའི་ཏུ་མྲ་གྱི་མྲ་དག་དབྱི་བ་དང་། ཧི་ཏ་དང་ཏ་ཏྲ་གཉིས་དང་སྦྱོར་བའི་ཉེར་བསྒྱུར་ས་མྲ་གྱི་མྲ་ཡིག་དང་པོ་ཙ་རྐྱེན་ ལོས་ཡོད་དམ་ངེས་པར་ཡོད། ངེས་པར་གཅོད། ཡུཊ་དང་གྷ་ཉྲའི་མཐའ་ཅན་དང་སྦྱོར་བའི་མཾ་སའི་ཨ་དབྱི་བ་དང་མི་དབྱི་བ་འདམ་ཀ་
ཅན་དུ་བཤད་དེ། ཇི་སྐད་དུ། ལུམྤ་དེ་བ་བྱ་མཿཀྲྀ་ཏྱེ་ཏུཾ་ཀཱ་མ་མྲ་ན་སོ་ར་པི། ས་མོ་བཱ་ཧི་ཏ་ཏ་ཏ་ཡོ་རྨཱཾ་ས་སྱ་པ་ཙི་ཡུཊྒྷ་ཉོཿ། ཀྲྀ་ཏལ་ལ་ཨ་བ་ཤྱ་མྲ་གྱི་མྲ་དབྱི་ཞིང་། །ཏུ་མྲ་གྱི་ཡང་ནི་ཀཱ་མ་མ་ན་སྲ་ལ། །ཧི་ཏ་ཏ་ཏྲ་ལ་ས་མྲ་གྱི་ཡང་ན་སྟེ། མཱཾ་སའི་པ་ཙ་ཡུཊ་གྷ་ཉྲ་ལའོ། །ཞེས་དེ་དཔེར་
Vol. 197 · folio 123a
མཚོན་ན། ཨ་བ་ཤྱ་བྷཱ་བྱཿ བྷོ་ཀྟུ་ཀཱ་མཿ ཤྲོ་ཏུ་མ་ནཱཿ སི་ཧཱི་ཏཿ ས་ཧི་ཏཿ སཾ་ཏ་ཏཾ། ས་ཏ་ཏྲཾ། མཱཾ་ས་བ་ཅ་ནཾ། མཱཾ་སྤ་ཅ་ནཾ། མཱཾ་ས་པཱ་ཀཿ མཱཾ་སྤཱ་ཀ་སོགས་སོ། ༈ །རྀ་དུ་བ་ངྷཱ་ཏྐྱ་བ། རྀ་ཨུ་བ་ངྷཱ་ལས་ཀྱ་བའོ། །བྱིངས་རྀ་ཡིག་ཨུ་པ་ངྷཱ་ཙ་ན་ལས་དངོས་པོ་དང་ལས་
ཀྱི་དོན་ལ་རྐྱེན་ཀྱ་པྲ་འགྱུར་ཏེ། ཀྲྀ་ཏཱི་ངེས་པར་བདེན་ནམ་ཡོད། ལོངས་སྤྱོད་འདོད། ཐོས་པ་ཡིད་ལ་བྱེད། གྲོགས་བཟང་པོའམ་ལྷན་ཅིག་པ། དེ་ལེགས་པ། ཤ་འཚེད་པར་བྱེད། གཅོད་པ་ལ་ཀྱ་པྲ ཤ་ཆོས། སྦྱར་བས། ཀྲྀ་ཏྱཾ། ཡང་ཥྚུ་ཉྲ་སོགས་ལའང་རྐྱེན་ཀྱ་པྲ་འཇུག་པར་བཤད་དེ། །ཥྚུ་ཉྲ་དང་ཀྲྀ་ལ་ཀྱ་པྲ་
ཐུང་ངུ་སོགས་ཀྱི་པྲ་འགྲོ་བ་ཏུ་ཀྲ་བྱིན་པས། སྟུ་ཏྱཾ། ཀྲྀ་ཏྱཾ་སོགས་སོ། ༈ །སྟྭ་ཡཱཾ་ཡ་ཛ་ངྷཱ་བེ། ཡ་ཛ་རྣམས་ཀྱི་དངོས་པོ་ལ་བུད་མེད་ལའོ། །བྱིངས་ཡ་ཛུ་ལ་སོགས་པ་རྣམས་ལས་དངོས་པོའི་དོན་ལ་རྐྱེན་ གཅད་པ། ཀྱ་པྲ་འགྱུར་ཞིང་རྟགས་དེ་ཡང་བུད་མེད་ཀྱི་རྟགས་སུ་འགྱུར་བ་ཉིད་དེ། པྲ་སྔོན་མའི་ཡ་ཛ་ལ་
ཀྱ་པྲ། ཡ་ཛྲ་སོགས་ཀྱི་བསྟོད་པ་བྱའོ། །སླར་ཡང་དག་པར་བསྒྱུར། བུད་མེད་ལ་ཨཱཔྲ་སྦྱར་བས། པྲེ་ཛྱཱ། དེ་བཞིན་དུ་སམྲ་སྔོན་མའི་ཨཛྲ་འགྲོ་བ་ལ། ཨཱཔྲ་ ས་མ་ཛྱཱ། བྲཧྨ་སྔོན་མའི་ཧ་ནྲ་ལ་ཀྱ་པྲ་ཏ་གྷ་ཀ་འགྲོ་བ་ལ་ཨ་ནུ་དཱ་ཏྟ་ཕྱིས། ཐུང་ངུ་སོགས་ཀྱིས་ཏུ་ཀྲ་བྱིན་པས། བྲཧྨ་གྷ་ཏ་སོགས་སོ། ༈ །
ཀྟིཿ ཀྟིའོ། །བྱིངས་ལས་དངོས་པོ་སོགས་ཀྱི་དོན་ལའང་ཀྟི་འགྱུར་བའི་དེ་ཡང་རང་བཞིན་གྱི་མོ་རྟགས་ཏེ། རབ་ཏུ་མཆོད། །བྷཱུ་ཏིཿ ཤུངྔྷིཿབཧྲ་ ཨཱུ་ངྷིཿཀི་ པཾཀྟིཿཔིཙ་ ཡང་དག་པར་འགྲོ་མ། བིཏྟིཿསོགས་སོ། ༈ །ཀརྟ་རིཀྟེ་ཤྩ། བྱེད་པ་པོ་ལའང་ཀྟིའོ། །བྱིངས་ལས་བྱེད་པ་པོའི་དོན་ལའང་ཚངས་འཇོམས། རྐྱེན་
ཀྟི་འགྱུར་ཏེ། པྲ་ཀྲྀ་ཏིཿ པི་ངྷྀ་ཏི་སོགས་སོ། ༈ །ཨི་ཀ྄་ཤྟི་པཽ་ངྷཱ་ཏུ་ནི་ཛ་ཤཿ ཨི་ཀྲ་ཤྟི་པྲ་དག་ལས་བྱིངས་ལ་རྣམ་འགྱུར་ འབྱོར་བ། དགབ། ཐོབ་པ། འཕྲེང་བ། མེད་དོ། །བྱིངས་ལས་རིག་པ། དངོས་པོ་སོགས་ཀྱི་དོན་ལ་རྐྱེན་ཨིཀ྄་དང་ཤྟིཔྲ་དག་འགྱུར་ལ་རྐྱེན་དེ་གཉིས་ཕ་རོལ་ལས་བྱིངས་ལ་རྣམ་འགྱུར་
ཡང་མེད་དེ། རང་བཞིན། ཁྱབ་པར་འཛིན་པ། པ་ཙ་ལ། ཨིཀ྄་དང་ཤྟིཔ྄། ཤ྄་ཡིག་ཨ་པྲ་བི་ཀཱ་ར་ཎའི་དོན་ཏེ། བ་ཙིཿ འཚེད་དོ། །པ་ཅཏིཿ འཆེད་བར་བྱེད། སོགས་སོ། ༈ །ཥིངྦྷི་དཱ་མ་དྲ། ཥ་འགྲོ་བ་དང་བྷི་དྲ་རྣམས་ཀྱེ་ཨངྲ་ངོ་། །བྱིངས་ཥྲ་ཡིག་རྗེས་འབྲེལ་འགྲོ་བ་རྣམས་དང་བྷི་དྲ་ལ་སོགས་པ་རྣམས་ལས་ཀྱང་རྐྱེན་ཨངྲ་
Vol. 197 · folio 123b
འགྱུར་ཏེ། ཨཱ་བྲ་པཙཱ། ཨཱ་བྲ་གྲྀ་ཛཱ། བྷི་དཱ། ཨཱ་པྲ ཙྪི་དཱ་ཨཱབྲ་སོགས་སོ། །ཡང་ཇར་སོགས་ལ་རྐྱེན་ཨ་ངྲ་གི་ངྲ་ཡིག་མེད་པར་ཨ་ཉིད་སྦྱོར་བར་བཤད་དེ། ཛ་རཱ་སོགས་སོ། ༈ །གུ་རེ་རྟ་སཱ་ཏྲ། ལྕི་བའི་ཧ་ས་ལས་སོ། །བྱིངས་ཨུ་པངྷཱ་ཡི་གེ་ལྕི་བ་དང་ལྡན་པའི་ཧ་སའི་མཐའ་ཅན་ལའང་རྐྱེན་ཨང་
འགྱུར་ཏེ། ཨཱི་ཧཱ། འཆད་མ། དག་མ། འཇིགས་མ། དུམ་བུར་བྱེད་མ། ཨཱུ་ཧཱ། ཨཱི་ཀྵྲ་སོགས་སོ། ༈ །པྲ་ཏྱ་ཡཱ་ནྟཱ་ཏྲ། རྐྱེན་མཐའ་ལས་སོ། །བྱིངས་རྐྱེན་མཐའ་ཅན་ རྒས་པ། ལས་ཀྱང་རྐྱེན་ཨ་འགྱུར་ཞིང་རྟགས་དེའང་མོ་རྟགས་སུ་བྱ་སྟེ། ཙི་ཀཱི་རྵཱ། པུ་ཏྲཱི་ཡཱ་སོགས་སོ། ༈ །པུ་རྦ་ཀཱ་ལེཀྟྭཱ། སྔོན་གྱིས་དུས་ལ་ཀྟཱའོ།
སྔོན་བྱུང་རྩེད་མོ་བྱད། བའི་འདས་པ་ཡུན་རིང་སོང་བ་དང་འདས་ནས་རྟོག་པར་བྱེད། འདོད་པར་བྱེད། ཡུན་རིང་མ་སོང་བའི་དོན་ལའང་རྐྱེན་ཀྟྭཱ་འགྱུར་ཏེ། སྣཱ་ཏྭཱ་བྷུཾ་ཀྟེ། བྷུ་ཀྟྭཱ་པྲ་ཛ་ཏི་སོགས་སོ། ༈ །ཨ་ལཾ་ཁ་ལྭོཿཔྲ་ཏི་ཥེ་ངྷེ་ཀྟྲ། ཨ་ལ་ཁ་ལུ་དག །བྱེད་པར་འདོད། བུ་འདོད་དམ། ལས་དགག་པ་ལ་ཀྟྭཱའོ། །མི་ཟད་པའི་ནང་ཚན་
ཨ་ལཾ་དང་ཁ་ལུ་དགག་པའི་དོན་ཅན་སྔོན་མའི་བྱིངས་ལས་ཀྱང་རྐྱེན་ཀྟྭཱ་འགྱུར་ཏེ། ཨཱ་ལམྦྷཱུ་ཀྟྭཱ། ཁ་ལཱུ་ཀྟྭཱ་སོགས་སོ། ༈ །ཀྟྭཱ་སེཊྲ་ཀི་དྭཱ། ཁྲུས་བྱས་ནས་ཟས་བཟའ། བཟོས་ནས་འགྲོ། ཨིཊྲ་དང་བཅས་ངའི་ཀྟྭཱ་ཀ་འགྲོ་བ་ཡང་ནའོ། །སྤྱིར་རྐྱེན་གྟྭཱ་ཀ་འགྲོ་བ་ཡིན་ཀྱང་ཨིཊ་དང་བཅས་པའི་ཀྟྭཱ་ནི་ཀུ་འགྲོ་བའི་མིང་ཅན་དུ་
ཡང་ན་པར་བྱ་སྟེ། བི་དི་ཏྭཱ། བེ་དི་ཏྭཱ་སོགས་སོ། ༈ །ཨུ་དི་ཏཿཀྟྭཱ་བེ་ཏྲ། ཨུ་ཏྲ་འགྲོ་བ་ མི་ཟོག །སྨྲ་འཕྲོ་ཆོད། ལས་ཀྟྭཱ་སྟེ་ཨིཊ་ཡང་ནའོ། །བྱིངས་ཨུཏྲ་རྗེས་འབྲེལ་འགྲོ་བ་ལས་ཀྱང་རྐྱེན་ཀྟྭཱ་འགྱུར་ཞིང་ཨིཊྲ་ཨཱ་ག་མ་སྟེར་བ་འདམ་ཀ་ཅན་དུ་བྱ་སྟེ། ཨི་ཥུ་འདོད་པ་ལ། ཨི་ཥི་ཏྭཱ། ཨིཥྚ། བསུ་ངེས་པར་གནས་
པ་ལ། ཨུ་ རིག་གོའམ་ཤེས་སོ། །ཥི་ཏྭཱ། ཨུ་ཥྚྲཱ་ ངེས་པར་གནས། སོགས་སོ། ༈ །ས་མཱ་སེ་ཀྱ་པྲ། བསྡུ་བ་ལ་ཀྱ་པྲའོ། །བྱིངས་ལས་ཚིག་སྡུད་དང་འབྲེལ་བའི་བྱེད་པའི་དོན་ལའང་རྐྱེན་ཀྱ་པྲ་འགྱུར་ཏེ། སཾ་བྷྲྀ་ཏྱ་ཀ་རོ་ཏི། ཀུན་ནས་འཕེལ་བར་བྱེད། པྲ་ཎ་མྱ་གཙྪ་ཏི་སོགས་སོ། ༈ །ཡང་ཁ་ཅིག་ཏུ་ན་ཉྲ་སྦྱོར་བ་ལའང་ འདོད་པ་ཉིད། རྐྱེན་ཀྟ་སྦྱོར་བར་
བཤད་དེ། ཨ་ཛི་ཏྭ། ཨ་ཀྲྀ་ཏྭཱ། ཨ་དཏྟྭཱ་སོགས་ཏེ། ཇི་སྐད་དུ། ཨ་ཛི་ཏྭཱ་ཤཱ་ཏྲ་བཱ་རྶ་རྦཱ་ན་ཀྲྀ་ཏྭཱ་བི་མ་ལཾ་ཡ་ཤཿ། ཨ་དཏྟྭཱ་མི་ཏྟ་མ་རྠི་བྷྱཿཀ་ཐཾ་ཛཱི་བནྟེ་བྷཱུ་བྷྲྀ་ཏཿ། དགྲ་རྣམས་ཀུན་ལས་རྒྱལ་བར་མ་འགྱུར་བས། །ཕྱག་བཙལ་ནས་འགྲོ་བར་བྱེད། དྲི་མ་མེད་པའི་གྲགས་ལྡན་མི་བྱེད་ཅིང་། དོན་ཀུན་རིག་ཕྱིར་སྦྱིན་
Vol. 197 · folio 124a
པ་མི་གཏོང་ན། །ས་འཛིན་འཚོ་བའི་གཏམ་ཡང་མེད་པར་འགྱུར། །ཞེས་སོ། །ཡང་རྐྱེན་ཀྱཱ་པྲ་ཕ་རོལ་ལས་བྱིངས་སྔོན་མ་དེ་ཐུང་ངུ་ཡིན་པའི་བར་རྐྱེན་ཉི་ལ་ཡོན་ཏན་བྱེད་པར་བཤད་དེ། པ་རི་ཎ་མ་ཡྻོ་བྷུ་ཀྟེ་སོགས་སོ། །ཡང་དུས་དང་འབྲེལ་པ་ལ་ཡང་རྐྱེན་ཀྱ་པྲ་འཇུག་པ་
མཐོང་སྟེ། ནེ་ཏྲེ་སཾ་མཱི་ལྱ་ཧ་ས་ཏི། མི་བྲ་མུ་ཁ་ཕྱཱ་ངྲཱཡ་སྭ་པི་ཏི་སོགས་སོ། ༈ །པཽ་ནཿཔུ་ནྱེ་ཎ་མཔ་དཾ་དྭི་ཤྩ། ཡང་ཡང་ལ་ཎ་མ་སྟེ་ཚིག་གཉིས་ཀྱང་ངོ་། །བྱིངས་ལས་བཟང་ངན་སོགས་དབྱེ་བ་མ་ ཡོངས་སུ་བཏུད་ནས་ཟས་ཟ། ཡིན་པའི་མཉམ་པའི་དོན་དང་ཡང་ཡང་བསྐྱར་བའི་དོན
མིག་རབ་ཏུ་བཙུམས་ནས་དགོད། ལ་རྐྱེན་ཎ་མྲ་འགྱུར་ ཁ་གདངས་ནས་ཉལ། ཞིང་བྱིངས་རྐྱེན་དང་བཅས་པ་དེའང་གཉིས་སུ་བརྗོད་པར་བྱ་སྟེ། པཱ་ཡཾ་པཱ་ཡཾ་གཙྪ་ཏི། བྷོ་ཛཾ་བྷོ་ཛཾ་བྲ་ཛ་ཏི་སོགས་སོ། ༈ །ཀ་ཐ་མཱ་དི་ཥུ་སྭ་རྠེ་ཎ་མྲ་ཀྲི་ཉཿ ཀ་ཐཾ་ལ་སོགས་པ་རྣམས་ལ་ཀྲྀ་ན་ལ་ས་རང་དོན་ལ་ཎ་མྲའོ། །
ཀ་ཐི་ལ་སོགས་པ་ཉེ་བའི་ཚིག་ཏུ་ཡོད་པ་ལ་བྱིངས་ཀྲྀཉ་ལས་རང་གི་དོན་ལ་རྐྱེནཎམྲ་འཇུག་སྟེ། ཀ་ཐཾ་ཀཱ་རཾ། ཨི་རྠཾ་ཀཱ་རཾ་སོགས་སོ།། ༈ བཏུངས་ཤིང་བཏུངས་ནས་འགྲོ། ཟོས་ཤིང་ཟོས་ནས་འགྲོ། བྷུ་བོ་བྷ་བེ་ཀྱ་པྲ། བྷཱུ་ལས་དངོས་པོ་ལ་ཀྱ་པྲའོ། །བྱིངས་བྷཱུ་ལས་དངོས་པོའི་དོན་ཁོ་ན་བརྗོད་པ་
ལའང་རྐྱེན་ཀྱ་པྲ་འགྱུར་ཏེ། བྲཏྨ་བྷཱུ་ཡཾ་ག་ཏཿ ༈ ལཀྵེ་རཱི་མུཊྲ་ཙ། ལཀྵྲ་ལ་ཨཱི་སྟེ་མུཊྲ་གང་ལྟར་བྱེད། འདི་ལྟར་བྱེད། ཡང་ངོ་། །བྱིངས་ལཀྵ་མཚན་ཉིད་ལ་རྐྱེན་ཨཱི་འགྱུར་ཞིང་རྐྱེན་དེ་ལ་མུཊྲ་ཨཱ་ག་མ་སྟེར་བར་བྱ་སྟེ། ལཀྵྨཱིཿ ༈ སྟྱཱ་ཡ་ཏེཿསྟྲཱི་ཏྭེ་ཌྲ་ཊྲ། སྟྱེ་ལས་བུད་མེད་
ཉིད་ལ་ཌྲ་ཊྲའོ། །བྱིངས་སྟྱཻ་ཉ་སྒྲ་ སྲོག་ཅན་དུ་གྱུར་པའི་འགྲོ་བ། དད་མཉམ་པར་འདྲེས་པ་ལས་བུད་མེད་ཉིད་བརྗོད་པའི་དོན་ལ་རྐྱེན་ཌཊ་འགྱུར་ཏེ། ཥྚྱཻ་ལཌྲཊྲ། ཥ་ས་ཊ་ཏ། ཌྲ་འགྲོ་བ་ལ་ཊི་ཕྱིས། ཊ་འགྲོ་བ་སོགས་ཀྱི་མོ་རྐྱེན་ཨཱི་པྲ་སྦྱར་བས། དཔལ་ལམ་ཕུན་སུམ་ཚོགས་པའམ་བཀྲ་ཤིས། སྟྲཱི། ༈ བརྞཱ་ཏྐཱ་རཿ ཡི་གེ་ལས་
ཀཱ་ར་འོ། །ཡི་གེ་སོ་སོའི་མཐའ་ལས་དེ་དང་དེའི་ཡི་གེ་ཞེས་རང་བཞིན་བརྗོད་པའི་དོན་ལ་རྐྱེན་ཀཱ་ར་འགྱུར་ཏེ། ཨ་ཀཱ་རཿ ཨ་ཡིག། ཀ་རཿ ཀ་ཡིག །ཙ་ཀཱ་རཿ ཙ་ཡིག །ཊ་ཀཱ་རཿ ཊ་ཡིག །ཏ་ཀཱ་རཿ ཏ་ཡིག །པ་ཀཱ་རཿ བ་ཡིག །སོགས་སོ། ༈ །སྒྲ་ལྡན་ནམ་བདེ་བར་འཚོ་བ་སྟེ་བུད་མེད། །
Vol. 197 · folio 124b
རཱ་དི་པོ་བཱ། ར་ལས་ཨི་ཕ་ཡང་ནའོ། །ར་ཡིག་ལས་དེའི་རང་བཞིན་བརྗོད་པའི་དོན་ལ་ཨི་ཕ་ཡང་ན་འགྱུར་ཏེ། རེ་ཕཿ ར་ཀཱ་རཿ ༈ ལོ་ཀཱ་ཙྪེ་ཥ་སྱ་སིངྔྷཿ ལྷག་མ་འཇིག་རྟེན་ལས་གྲུབ་པའོ། །སྔོན་དུ་བཤད་པ་ལྟར་བརྡ་སྤྲོད་པའི་ཚུལ་གྱི་ཆོ་ག་སོགས་ཉེ་བར་མཁོ་བ་རྣམས་བཤད་ཟིན་གྱི།
འདིར་མ་བཤད་པའི་ལྷག་མ་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་ཤིང་གྲུབ་པ་རྣམས་ཀྱང་དེ་དག་ཏུ་ཤེས་པར་བྱའོ། །ར་ཡིག། ༈ཨི་ཏི་སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱྀ་ཏྐྲ་དཱ་ད་ཡཿཔྲ་ཀྲི་ཡ་ས་མཱ་པྟཱཿ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཀྲྀ་ཏྲ་ལ་སོགས་པའི་རབ་ཏུ་བྱབ་རྣམས་
རྫོགས་སོ།། ༈ །།སྭ་རཱུ་པཱ་ནྟོ་ཉ་ནུ་བྷཱ་ཏྱཱ་དིཿཤབྷོཉ་བྷཱ་དྱ་ཏྲ་སཱརྠ་ཀཿ །ས་མ་སྐ་རཱི་ཤུ་བྷཱཾ་ཙ་ཀྲེ་པྲ་ཀྲི་ཡཱཾ་ཙ་ཏུ་རོ་ཙི་ཏཱཾ། །ཐོག་མཐའ་རྗེས་འབྱོར་རང་བཞིན་བཟང་པོ་ཡིས། །འདིར་ནི་དོན་བཅས་སྒྲ་ལ་ཞུགས་བྱས་ཏེ། །མཚུངས་པར་སྤྱོད་ལྡན་དགེ་བར་བྱེད་པ་ཡིས། །རབ་
ཏུ་བྱབ་གསལ་ལྡན་བཤད་ཟིན་ཏོ། །ཨ་བ་ཏཱ་དྭོ་ཧ་ཡ་གྲཱེ་བཿཀ་མ་ལཱ་ཀ་ར་ཨཱི་ཤྭ་རཿ། སུ་རཱ་སུ་རན་རཱ་ཀཱ་རམ་ངྷུ་པཱ་པཱི་ཏ་པཾ་ཀ་ཛཿ། །ཁྱོད་ལ་སྲུང་བར་མཛོད་ཅིག་རྟ་མགྲིན་གྱི། །དབང་གི་མངའ་སྒྱུར་ཕྱག་ན་པདྨ་ཡིས། །ལྷ་དང་ལྷ་མིན་མི་ལ་ཕན་པར་ནི། །སྦྲང་རྩི་འཐུང་
བས་ཆུ་སྐྱེས་བཞིན་དུ་སྐྱོངས། །དེ་ལྟར་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མས་གནས་ལྔ་རིག་པའི་སློབ་དཔོན་ཆེན་པོ་ཨ་ནུ་བྷཱུ་ཏེ་སྭ་རུ་པཱ་ཙརྻ་སྟེ་རྗེས་སུ་འབྱོར་བ་རང་བཞིན་བཟང་པོ་ལ་དངོས་སུ་སྩལ་པའི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎ་ཞེས་གྲགས་པའི་
གཞུང་། སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་འགྲེལ་པ་རབ་ཏུ་བྱབ་གསལ་ལྡན་ཞེས་པ་དང་བཅས་པ་འདི་ཡང་། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་ངའི་མཛའ་བཤེས་ཆེན་པོ་འཕགས་པ་ཕྱག་ན་པདྨ་ཉིད་གདུལ་བྱའི་སྣང་དོར་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་
དོན་གྱི་སླད་དུ་མཚན་ནས་སྨོས་ཏ། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་གཞུང་འདི་ལ་ལྷ་མཐོང་ལོ་ཙཱ་བའི་ཕྱེད་འགྱུར་ཙམ་གྱི་ལེགས་པོ་ཞིག་ཡོད་ཚོད་དུ་འདུག་པ་དེང་སང་དཔེ་རྒྱུན་དཀོན་ཞིང་ཕྱིས་སུ་བསྒྱུར་
Vol. 197 · folio 125a
བ་དང་། ཡིག་སྣ་ཁ་ཤས་འདུག་ཀྱང་གཞུང་དོན་གོ་དཀའ་བ་དང་སློབ་དཔོན་ཨ་ནུས་མཛད་པའི་འགྲེལ་པའི་དགོངས་དོན་དང་མ་འབྲེལ་བ་སོགས་འགའ་རེ་འདུག་པས། ཁྱོད་ཀྱིས་པཎྜི་ཏ་མཆེད་ཀྱི་གསུང་རྒྱུན་ལྟར་འདི་བཞིན་སྒྱུར་ཅིག་ཅེས་བཀའི་གནང་
བ་ཐོབ་པར་བརྟེན། རྣམ་འདྲེན་དམ་པ་འདི་ཉིད་ཀྱི་གཞལ་དུ་མེད་པའི་བཀའ་དྲིན་ལས་འཕགས་ཡུལ་ནུབ་ཕྱོགས་ཀུ་རུ་ཀྵེཏུ་བྲམ་ཟེའི་རིགས་སུ་འཁྲུངས་པ་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་བ་ལ་བྷ་དྲ་དང་། པཎྜི་ཏ་གོ་ཀཱུ་ལ་ནཱ་ཐ་མི་ཤྲ་མཆེད་ཀྱི་དྲུང་དུ་གཞུང་འགྲེལ་འདི་སོགས་བརྡ་
སྤྲོད་པའི་རང་ལུགས་ལ་སྦྱངས་པས་ཅུང་ཟད་ཙམ་ཤེས་པ་བཀའ་འབངས་ཀྱི་ཐ་ཆུང་གཙང་སྟོད་འདར་གྱི་ནོར་འཛིན་ཡངས་པར་སེའི་རིགས་ལས་སྐྱེས་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་བམ། ཚེ་དབང་རབ་བརྟན་རྡོ་རྗེར་འབོད་པའི་རྨོངས་བརྟུལ་སྙོམ་ལས་པས།
མེ་མཁའ་རྒྱ་མཚོ་ལ་འདས་ལོ་དྲུག་ཅུ་སྐོར་བཅུ་དང་ཉག་སུམ་ཅུ་རྩ་བརྒྱད་བསྲེ་བ་སྣ་ཚོགས་དབྱིག་ཅེས་ཤིང་སྦྲུལ་ཧོར་ཟླ་གསུམ་པའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་གཟའ་ཚེས་དགེ་བར་མགོ་བཙུགས་ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་དཀར་པོ་ནམ་གྲུའི་འགྲུབ་སྦྱོར་གྱི་དུས་
དགེ་བར། སྡེ་བཞིའི་སྒོ་འཕར་ཅིག་ཅར་དུ་ཕྱེ་བའི་ཕུན་ཚོགས་ལུགས་བརྒྱའི་འདུན་ས་ཆེན་པོ་ཕོ་བྲང་པོ་ཏ་ལར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཚུལ་འདིར་སྒོ་གསུམ་འབད་སོགས་རྣམ་དཀར་འབྲས། །ཇི་སྙེད་མཆིས་ཀུན་ཡོངས་སུ་སྨིན་པའི་མཐུས། །རིགས་ཀུན་ཁྱབ་བདག་དོན་གྱི་ཐམས་
ཅད་མཁྱེན། །སྲིད་མཐའི་བར་དུ་ཞབས་པད་བརྟན་པ་དང་། །སྣ་མང་བརྡ་སྤྲོད་རིང་ལུགས་ཆུ་གཏེར་ཆེ། །བསྲུབས་པའི་སྙིང་པོ་ལེགས་བཤད་ཉིན་བྱེད་འདིས། །ལྔ་རིག་བསྟན་པའི་པད་ཚལ་ཆེར་རྒྱས་ཤིང་། །རབ་རྨོངས་བློ་ཡི་མུན་པ་སེལ་བར་ཤོག །བདག་སོགས་དེང་ནས་སྐྱེ་དང་ཚེ་རབས་
སུ། །མཆོག་གསུམ་ངོ་བོ་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་གསང་ཆེན་ཟབ་མོའི་ལམ་ཞུགས་ཏེ། །ཟུང་འཇུག་བདེ་བ་ཆེན་པོའི་ས་ཐོབ་ཤོག །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words