No title in the text — opening words: ཨོཾ་སྭ་སྟི་པྲ་ཇཱ་བྷྱ༔
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 208 · folio 54b
སྱཻ། བྷྱཱཾ་བྷྱ་ས་ལ། སརྦཱ་བྷྱཱཾ། སརྦཱ་བྷྱཱཾ། ང་སིལ། སརྦཱ་སྱཱཿ། སརྦཱ་བྷྱཱ། སརྦཱ་བྷྱཿ། དྲུག་པ་ལ། སརྦ་སྱཱཿ། སརྦ་ཡོཿ། སརྦཱ་སཱཾ། བདུན་པ་ལ། །སརྦ་སྱཱཾ། སརྦ་ཡོཿ། སརྦཱ་སུ། དེ་བཞིན་དུ། བི་ཤྭཱ་ལ་སོགས་པ་རྣམས་ཀྱང་རིགས་འགྲེའོ། །ཨུ་དྷ་ར་པཱུ་ནཱ་ཞེས་པ་ལ་རྣམ་དབྱེ་ང་འགྲོ་བ་རྣམས་
མ་གཏོགས་སརྦཱ་དང་འདྲ། ང་འགྲོ་བ་རྣམས་ལ་ངམཱའི་སྐབས་དང་སརྦཱ་སྐབས་གཉིས་ཀར་གྱི་བྱ་བ་འཇུག་པས་འདམ་ཀ་ཅན་ནོ། །ཨུ་དྟ་ར་པཱུ་རྦཱ། ཨུཏྟ་ར་པཱུ་རྦ། ཨུཏྟ་ར་པཱུ་རྦཱཿ། ཧེ་ཨུ་ཏྟ་ར་པཱུ་རྦེ། སྣ་ཚོགས་མ། ཧེ་ཨུ་ཏཱ་ར་པཱུ་ཏྲེ། ཧེ་ཨུ་ཏྟ་ར་པཱུ་རྦཿ། གཉིས་པ་རྣམས་ལ། ཨུ་ཏྟ་ར་པཱུ་རྦཱཾ། ཨུ་ཏྟ་ར་
པཱུ་རྦེ། ཨུ་ཏྟ་ར་པུ་རྦཱཿ། གསུམ་པ་རྣམས་ལ། ཨུཏྟ་ར་པཱུ་རྦ་ཡཱ། ཨུཏྟ་ར་པཱུ་རྦཱ་བྷྱཱཾ། ཨུཏྟ་ར་པཱུ་རྦཱ་ལ། དེ། བིབྷཱ་ཥཱི་དི་ཀ་ས་མཱ་སེ་བ་ཧུ་བྲཱི་ཧཽ། འབྲུ་མང་པོའི་ཚིག་སྡུད་ལ་ཕྱོགས་ལ་འདམ་ཀའོ། །ཕྱོགས་ཀྱི་སྒྲ་འབྲུ་མང་པོའི་ཚིག་སྡུད་བྱས་པ་ཨཱ་པ་མཐའ་ཅན་ནི་རྣམ་དབྱེ་ང་འགྲོ་
བའི་མིང་ཅན་རྣམས་ལ་སརྦཱའི་སྐབས་ལྟར་སྱཱཊ་ཨཱ་ག་མ་བྱིན། རྟགས་མཐའ་ཐུང་དུར་བྱེད་པ་དང་། ར་མཱའི་སྐབས་ལྟར་ལཱཊ་སྟེར་བ་འདམ་ཀ་ཅན་ནོ། །ཨུཏྟ་ར་ཕཱུ་རྦ་སྱཻ། ཨུཏྟ་ར་པཱུ་རྦཱ་བྷྱཱཾ། ཨུཏྟ་ར་པཱུ་རྦཱ་བྷྱཿ། སོགས་སོ། བིབྷཱ་ཥཱ་དྭི་ཏཱི་ཡཱ་ཏྲྀ་ཏཱྀ་ཡཱ་བྷྱཱཾ། དྭི་ཏཱི་ཡཱ་ཏྲྀ་ཏཱི་ཡཱ་དག་ལས་
འདམ་ཀའོ། །དྭི་ཏྲཱི་ཡཱ་དང་ཏྲྀ་ཏཱི་ཡཱ་གཉིས་ལའང་རྣམ་དབྱེ་ང་འགྲོ་བ་རྣམས་ལ་ཡཱ་ཊ་དང་སྱཱ་ཊ་འདམ་ཀ་ཅན་ཏེ། དཔེར་ན། བཞི་པའི་དེ་ལ། དྭི་ཏཱི་ཡཱ་ཡཻ། དྭི་ཏཱི་ཡཱ་ཡཻ། ཏྲྀ་ཏཱི་ཡ་སྱཻ། ཏྲྀ་ཏཱི་ཡ་སྱཻ། ལྟ་བུའོ། །ཨམྦཱ་ཞེས་པ་ཡང་སཾ་བུ་དྦྷི་མ་གཏོགས་རྣམ་དབྱེ་ཐམས་ཅད་ར་མྔའི་སྐབས་དང་འདྲ།
ས་བུདྡྷི་ལ་ཅུང་མི་འདྲ་སྟེ། ཨམྦཱ་ལ། སཾ་བུ་དྡྷི། ཨམྦཱ་རྠ་ན་དྱོཿཧྲ་སྭཿ། ཨ་མྦཱའི་དོན་ན་དཱི་རྣམས་ཀྱི་ཐུང་ངུའོ། །ཨམྦཱའི་སྒྲ་དང་ན་དཱིའི་མིང་ཅན་རྣམས་སཾ་བུདྡྷི་ཕ་རོལ་ལ་རྟགས་མཐའ་ཐུང་ངུར་འགྱུར་ཏེ། ཧེ་ཨམྦ། ཨཀྐཱ་དང་། ཨལླཱ་ཡང་འདི་དང་འདྲའོ། འགྲེལ་པར། ཨམྦཱའི་དོན་ཅན་ཡིན་
གྱང་དེ་ཕན་གྱི་རྐྱེན་ཌ་དང་། ལ་དེང་། ཀ་གནས་པ་དེ་ལ་མོ་རྟགས་སུ་བསྒྲུབ་པའི་རྐྱེན་ཊཱ་པ་བྱིན་པ་ལྟ་བུ་ལ་སཾ་བུདྡྷི་ལ་ཡང་ཐུང་ངུར་མི་འགྱུར་རོ། །ཞེས་བཤད་པས། དཔེར་ན། ཨམྦཱཌཱལ། ཨམྦཱ་ནྦྷི་བྱིན་ཐུང་ངུར ནོར་རྒྱུན་མ། འབིགས་ཁྱེད་ལྷ་མོ། མི་འགྱུར། ར་མཱ་དང་འདྲ་བས། ཧེ་ཨ་མྦཱ་ཌེ། དེ་
Vol. 208 · folio 55a
བཞིན་དུ། ཧེ་ཨམྦཱ་ལེ། ཧེ་ཨམྦཱི་གེ །ལྟ་བུའོ། །ཇ་རཱ་ཞེས་བའི་སྒྲ་ལ་རྣམ་དབྱེ་ཧ་ལ་ཐོག་མ་ཅན་ལ་ར་མྦཱའི་སྐབས་དང་འདྲ། ཨ་ཙ་ཐོག་མ་ཅན་རྣམས་ལ་ཇ་རཱ་ཉིད་ཛ་རས་ཞེས་པར་འགྱུར་བ་དང་ར་མཱའི་སྐབས་གཉིས་འདམ་ཀ་ཅན་དུ་བྱ་སྟེ། རྣམ་དབྱེ་དང་པོ་རྣམས་ལ་
ཛ་རཱ། ཛ་ར་སཽ། ཛ་ར་སཿ། བོད་ཚིག་ལ། ཧེ་ཛ་རེ། ཧེ་ཛ་ར་སཽ། རྒན་མོ། ཧེ་ཛ་རསཿ། གཉིས་པ་ལ། ཛ་ར་སཾ། ཛ་ར་སཽ། ཛ་ར་སཿ། གསུམ་པ་ལ། ཛ་ར་སཱ། ཛ་རཱ་བྷྱཱཾ། ཛ་རཱ་བྷིཿ། བཞི་པ་ལ། ཛ་ར་སེ། ཛ་རཱ་བྷྱཱཾ། ཛ་རཱ་བྷྱཿ། ལྔ་བ་ལ། ཛ་ར་སཿ། ཛ་རཱ་བྷྱཱཾ། ཛ་རཱ་བྷྱཿ། དྲུག་པ་
ལ། ཛ་ར་སཿ། ཛ་ར་སོཿ། ཛ་ར་སཱཾ། བདུན་པ་ལ། ཛ་ར་སི། ཛ་ར་སོཿ། ཛ་རཱ་སུ། འདི་རྣམས་ཛ་ར་ས་སུ་འགྱུར་བའི་ཕྱོགས་ཡིན་ལ། ར་མཱ་དང་འདྲ་བའི་སྐབས་ཀྱི་དཔེར་བརྗོད་གོ་བདེ་བསམ་བཀོད་དོ། །ནཱ་སི་ཀཱ་ཞེས་པ་རྣམས་དབྱེ་དང་པོ་རྣམས་དང་། ཀུན་ཏུ་བོད་པའི་དོན་ཅན་རྣམས་དང་།
རྣམ་དབྱེ་གཉིས་པའི་གཅིག་ཚིག་དང་གཉིས་ཚིག་རྣམས་རམཱའི་སྐབས་དང་འདྲ། ཤས་ནས་བརྩམས་ཏེ། ཤས་ལ་སོགས་པ་རྣམས་ལ་པད་ད་ཏན་བཞེས་པའི། མདོས། ནཱ་སི་ཀཱ་ནས་ཞེས་པར་འགྱུར་བས། ཤས་ལ། ན་སཿ། གསུམ་པ་རྣམས་ལ། ན་སཱ། ནོབྷྱཱཾ། ནོབྷཾཿ།
བཞི་པ་ལ། ན་སེ། ནོ་བྷྱཱ། ནོ་བྷྱཿ། ལྔ་བ་ལ། ནས། ནོ་བྷྱཱཾ། ནོབྷྱཿ། དྲུག་པ་ལ། ནསཿ། ན་སོཿ། ན་སཱཾ། བདུན་པ་ལ། ན་སི། ན་སོཿ། ནསཱུ། ནི་ཤཱ། ཞེས་པའང་སུ་ནས་ཤས་ཀྱི་བར་མཱ་དང་འདྲ། ཤས་ནས་བཟུང་སྟེ། ཤས་ལ་སོགས་པ་རྣམས་ལ་ཞེས་པའི། མདོས།
ནི་ཤཱ། ནི་ཤཱ་རུ་འགྱུར། ཤས་ལ། ནི་ཤཿ། ཊཱ་ལ། ནི་ཤཱ། ནི་ཤལ། བྷྱཱཾ། བྲ་ཤྩ་བྷྲ་སྔ་སྲི་ཛ་མྲི་ཛ་ཡ་ཛ་རཱ་ཛ་བྷྲ་ཛ་ཆ་ཤཱཾ་ཥ། བྲ་ཤྩ་བྷྲ་སྔ་སྲྀ་ཛ་མྲྀ་ཛ་ཡ་ཛ རཱ་ཛ བྷྲཱ་ཛ་ཚ་ཤ་རྣམས་ཀྱི་ཥ་འོ། །བྲ་ཤྩ་སོགས་བདུན་དང་། ཚ་དང་ཤ་སྲོག་མེད་མིང་མ་བྲ་འ་ཡིན་པ་དེ་ཛྷ་ལ་སོ་སོར་བསྡུ་བའི་ཡི་
གེ་གང་མཐོང་ཡང་ཥ་རུ་འགྱུར་རོ། །བྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོ་ཞེས་པས་ཥ་ཌ་དྲངས། ནིཌྦྷྱཱཾ། ནི་ཌྦྷིཿ། བཞི་པ་ལ། ནི་ཤེ། ནི་ཌྦྷྱཱཾ། ནི་ཌྦྷྱཿ། ལྔ་པ་ལ། ནི་ཤཿ། ནི་ཌྦྷྱཱཾ། ནིཌྦྷྱཿ། དྲུག་པ་ལ། ནི་ཤཿ། ནི་ཤོཿ། ནི་ཤྡཾ བདུན་པའི་ངི་དང་ཨོས་ལ། ནི་ཤི། ནི་ཤོཿ། ནི་ཤ།
Vol. 208 · folio 55b
སུ། ཤ་ཥ། ཥ་ཌ། ཌ་ལས་ས་ལ་བྷུཊའོ། །ཞེས་པས། བྷུ་ཊ་ཨཱ་ག་མ། ཁར་ལ་ཅ་རའོ་ཞེས་པས། བྷ་ཏ། ཌ་ཊ། ནི་ཏ། མཱཾས་པྲྀ་ཏ་ནཱ་རྣམས་ཀྱང་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་ར་མཱ་དང་འདྲ། ཤས་ནས་བཟུང་འདམ་ཀ་ཅན་ཏེ། འགྲེལ་པར་མཱཾ་ས་པྲྀ་ཏ་ནཱ་
སཱ་ནུ་རྣམས་ཀྱི་མཱཾས པྲྀ་ཏ སྣུ་རྣམས་སུ་ཡང་ནའོ་ཞེས་བྱུང་བས། རྣམ་དབྱེ་ཤས་སོགས་པ་རོལ་ལ། མཱ་ས། ནེ། མཱཾས། པྲྀ་ཏ་ནཱི། ནི། པྲྀ་ཏ། སཱ་ནུ་ནི། སྣུ་རྣམས་སུ་ཡར་ན་འགྱུར་རོ། །ཤས་ལ། མཱཾ་སཿ། ཊཱ་ལ། མཱཾ་སཱ། བྷྱཱཾ་བྷིས་གཉིས་ལ། ཡང་དག་པར་སྦྱོར་བའི་མཐའ་
དབྱིའོ་ཞེས་པས་ས་ཕྱིས། མཱཾ་བྷྱཱཾ། མཱཾ་བྷིཿ། སོགས་སོ། དེ་བཞིན་དུ། པྲྀ་ཏཿ། པྲྀ་ཏཱ། པྲྀ་བྷྱཱིཿ། སོགས་སོ། སྣུ་ནི་འཆད་འགྱུར་བྷེ་ནུ་དང་འདྲའོ། །བི་ཤྭ་པཱ་དང་། གོ་པཱ་སོགས་ར་མཱ་དང་འདྲའོ། །དེ་རྣམས་ཀྱིས་བུད་མེད་དུ་བརྗོད་པ་ཨཱ་རིང་མཐའ་ཅན་གྱི་བྱ་བ་རྣམས་
བསྟན་ཟིན་ཏོ། ༈ །ད་ནི་མོ་རྟགས་ཨི་ཐུང་མཐའ་ཅན་གྱི་བྱ་བ་རྣམས་བཤད་པར་བྱ་སྟེ། མ་ཏི། སུ། མ་ཏིཿ། མ་ཏི་པ། ཨཽ། དང་པོ་དག་གི་ཞེས་པས། མ་ཏཱི། མ་ཏི་ཛས། སྣ་ཚོགས་འཐུང་མ། བ་ལང་སྐྱོང་མ། ཛས་ལའང་ངོས། མ་ཏ་ཡ། མ་ཏི། ཨ་མ། ཨཾ་ལ་སྔ་མ་ཞེས་པས། མ་ཏིཾ། ཨཽ་ལ།
མ་ཏཱི། མ་ཏི། ཤས་དང་པོ་དག་གི་མདོས། མཏཱིཿ། མ་ཏི། ཊཱ། འདིར་བུད་མེད བློ་གྲོས ཀྱི་རྟགས་ཡིན་པས་ཊཱ་ནར་མི་འགྱུར། མ་ཏྱཱ། མ་ཏི་བྷྱཱཾ། མ་ཏི་བྷིཿ། མ་ཏི་ལ། དེ། ངི་ཏི་ཧྲ་སྭ་ཤྩ། ད་འགྲོ་བ་ལ་ཐུང་ངུའི་ཡང་ནའོ། །བུད་མེད་དུ་བརྗོད་པའི་ཨི་ཨུ་ཐུང་ངུ་རྣམས་དང་།
ཨི་ཡ་ཨུ་ཝ་ཐོབ་བའི་ཨཱི་རིང་ཨཱུ་རིང་རྣམས་ཀྱང་རྣམ་དབྱེ་ང་འགྲོ་བ་རྣམས་ཕ་རོལ་པ་ན་དཱིའི་མིང་ཅན་གྱི་ཆོ་ག་རྣམས་ཡང་ན་བར་བྱ་སྟེ། ཨཱ་ན དྱཿ། ན་དཱི་ལས་ཨཱ་ཊའོ། །བུད་མེད་ཀྱི་རྟགས་ན་དཱིའི་མིང་ཅན་ལས་རྣམ་དབྱེ་ང་འགྲོ་པ་རྣམས་ལ་ཨཱ་ཊ་ཨཱ་ག་མ་སྟེར་རོ། །མ་ཏི་ལ་ཡང་ན་བར་བྱས་བས།
མ་ཏྱཻ། མ་ཏ་ཡེ། མ་ཏི་བྷྱཱཾ། མ་ཏི་བྷྱཿ། ལྔ་བའི་ང་སི་ལ་འདམ་ཀ། མཏྱཱཿ། མ་ཏེཿ། མ་ཏི་བྷྱཱཾ། མ་ཏི་བྷྱཿ། དྲུག་པ་ལའང་། མ་ཏྱཱཿ། མ་ཏེཿ། མ་དྱོཿ། མ་ཏཱི་ནཱཾ། ངི་ལ། མཏྱཱཾ། མ་ཏཽ། མ་ཏྱོཿ། མ་ཏི་ཥུ། བོད་ཚིག །ཧེ་མ་ཏེ། ཧེ་མ་ཏཱི། ཧེ་མ་ཏ་ཡཿ། ཤྲུ་ཏི། ཐོས་པ། སྨྲྀ་ཏེ། དྲན་པ།
Vol. 208 · folio 56a
པུདྡྷི་རྣམས་ཀྱང་འདི་དང་འདྲའོ། །ཏྲི་ལ་ཛས། ཏྲི་ཚ་ཏུ་རོཿསྟྲི་ཡཾ་ཏི་སྲྀ་ཙ་ཏ་སྲྀ། ཏྲི་ཙ་ཏུར་དག་གི་བུད་མེད་ལ་ཏི་སྲྀ་ཙ་ཏ་སྲྀ་དག་གོ། །གསུམ་གྱི་སྐད་དོད་ཏྲི་དང་། བཞིའི་སྐད་དོད་ཙ་ཏུར་གཉིས་ནི་མོ་རྟགས་ཀྱི་སྐབས་རྣམ་དབྱེ་ཕ་རོལ་ལ་ཏྲི་ནི། ཏི་སྲྀ་དང་། ཙ་ཏུར་ནི། ཙ་ཏ་སྲྀ་ཞེས་
པར་འགྱུར་རོ། བློ། ཏི་སྲྀ། ཛས། ཙ་ཏ་སྲྀ། ཛས། ཨ་ཙིར་རྀ་ཏཿ། རྀ་ཏ་ཀྱི་ཨ་ཙ་ལ་རའོ། །ཏི་སྲྀ་ཙ་ཏ་སྲྀ་ཞེས་རྀ་ཏ་མཐའ་འགྱུར་པའི་རྀ་ཏ་དེ་རྣམ་དབྱེ་ཨ་ཙ་ཐོག་མ་ཅན་རྣམས་ལར་སྲོག་མེད་དུ་འགྱུར་རོ། །ཏི་སྲཿ། ཙ་ཏ་སྲཿ། ཤ་ས་ལ། ཏི་སྲཿ། ཙ་ཏ་སྲཿ། ཏི་སྲྀ་བྷྀཿ། ཙ་ཏ་སྲྀ་བྷིཿ། བཞི་པ་ལྔ་པ་
གཉིས་ལ། ཏི་སྲི་བྷྱཿ། ཙ་ཏ་སྲྀ་བྷྱཿ། དྲུག་པའི་ཨཱ་མ་ལ། ར་ཨ་ཙ་ཞེས་པའི་མདོས། ནུཊ། ན་ཏི་སྲྀ་ཙ་ཏ་སྲྀ། ཏི་སྲྀ་ཙ་ཏ་སྲྀ་དག་ལམ་ཡིན་ནོ། །སྤྱིར་བཏང་ནཱཾ་ལ་རྟགས་མཐའ་རིང་པོ་ཐོབ་ཀྱང་དམིགས་བསལ་ཏི་སྲྀ་དང་། ཙ་ཏ་སྲྀ་དག་ནཱཾ་ཕ་རོལ་ལ་རིང་པོར་འགྱུར་པ་མ་ཡིན་ཏེ། ཏི་སྲྀ་ཎཱཾ། ཙ་ཏ་
སྲྀ་ཎཱཾ། བདུན་པ་ལ། ཏི་སྲྀ་ཥུ། ཙ་ཏ་སྲྀ་ཥུ། བོད་ཚིག་ལ། ཧེ་ཏི་སྲཿ། ཧེ་ཙ་ཏ་སྲཿ། པྲི་ཡ་ཏྲི་ཞེས་པ་ལྟ་བུ་མིང་ཐོག་མ་ཅན་ལ་ཏྲི། ཏྲི་སྲྀ་ཞེས་པར་མི་འགྱུར་ལ། རྣམ་དབྱེ་ཡང་མང་ཚིག་ཏུ་མ་ཟད་ཐམས་ཅད་འཇུག་སྟེ། ཆོ་ག་ཡང་སྐྱེས་པའི་རྟགས་ཧ་རིའི་སྐབས་སུ་བཤད་པ་དང་
འདྲ་ལ། ཊཱ་དང་ཤས་ནང་མི་འགྱུར་རོ། །དེ་བཞིན་དུ། པྲི་ཡ་ཙ་ཏུར་ཞེསཔ་ཡང་། དགའ་བ་གསུམ། ཙ་ཏ་སྲིར་མི་འགྱུར་ཏེ། དཔེར་བརྗོད་རྒྱས་པ་འོག་ཏུ་འབྱུང་ངོ་། ཡང་སྐབས་འགར་མིང་དང་པོ་ཅན་ལ་ཡང་། ཏི་སྲྀ། ཙ་ཏ་སྲྀ། ཞེས་པར་འགྱུར་པའང་སྲིད་དོ། །ཞེས་འགྲེལ་པར་
བཤད་དོ། །དྭིའི་སྒྲ་ལ། ཏད་སོགས་ཀྱི་རྣམ་དབྱེ་ལ་ཨ། དགའ་བ་བཞི། ཨ་ལ་བུད་མེད་དུ་བརྗོད་པའི་ཊཱ་པ་སྦྱར་བས་དྭཱ་ཞེས་གྲུབ། དེ་ལ་རྣམ་དབྱེ་རྣམས་ཀྱི་གཉིས་ཚིག་རྣམས་བྱིན། རམཱ་ལྟར་བསྒྲུབས་པས། ཨཽ་གཉིས་ལ། དྭེ། བྷྱཱཾ་གསུམ་ལ། དྭཱ་བྷྱཱཾ། ཨོ་ས་གཉིས་ལ། དྭ་ཡོཿ། དེ་ཡན་
གྱིས་བུད་མེད་ཀྱི་རྟགས་ཨི་ཐུང་མཐའ་ཅན་རྣམས་ཀྱི་བྱ་བ་བཤད་ཟིན་ཏོ། ༈ །ད་ནི་མོ་རྟགས་ཨཱི་རིང་གི་ཆོ་ག་རྣམས་སྟོན་པར་བྱ་སྟེ། གཽ་རཱིལ། སུ། ཧལ་བཱི་ཞེས་པར་སུ་ཕྱིས། གཽ་རཱི། ཨཽ་དང་། ཛ་ས་ལ། གཽ་རྻྻཽ། གཽརྻྻཿ། ཡཱུ་སྦྷྱཱ་ཁྱཽ་ན་དཱཾ། ཨཱི་ཨཱུ་བུད་མེད་བརྗོད་པ་དག་ན་དཱིའོ། ཨཱི་རིང་དང་
Vol. 208 · folio 56b
ཨཱུ་རིང་བུད་མེད་དུ་བརྗོད་པ་རྣམས་ན་དྭིའི་མིང་ཅན་ཞེས་བྱའོ། །གཽ་རཱི་ལ། སཾ་བུ་དྡྷི་སུ། ཨམྦཱའི་དོན་རྣམས་ཀྱི་ཐུང་ངུའོ་ཞེས་པས་རྟགས་མཐའ་ཐུང་ངུར་འགྱུར། ཨེང་ཐུང་ངུ་། ཞེས་བས་སཾ་བུ་དྡྷི་ཕྱིས། ཧེ་གཽ་རི། ཧེ་གཽརྻྻཿ། གཽ་རཱི་ལ། ཨམ། ཨཾ་ལ་སྔ་མ་འོས། གཽ་རཱིཾ། ཨཽ་ལ། གཽརྻྻཽ། ཤས་ལ། །
དང་པོ་དག་གི་ཞེས་པས། གཽརཱིཿ། གསུམ་པ་རྣམས དཀར་མོ། ལ། གཽརྻཱ། གཽརཱིབྷྱཱཾ། གཽ་རཱི་བྷིཿ། བཞི་པའི་དེ་ལ། ན་དཱི་ལས་ཨྭ་ཊའོ་ཞེས་པས། ཨྭཊ ཨྭ་གམ། གཽརྻྻཻ། བྷྱཱཾ་བྷྱས་ལ། གཽརཱི་བྷྱཱཾ། གཽ་རཱི་བྷྱཿ། ང་སི་ལ། གཽརྻྻཱཿ། བྷྱཱཾ་བྷྱཿལ། གཽ་རཱི་བྷྱཱཾ། གཽ་རཱི་བྷྱཿ། ངས་ལ་ཡང་། གཽརྻཱཿ།
ཨོ་ས་ལ། གཽ་རྻོཿ། ཨཱཾ་ལ། ཐུང་དུ་དྭི་ཞེས་པས། ནུཊ། གཽ་རཱི་ཎཱཾ། ངི་ལ། གཽརྻཱཾ། ཨོས་ལ། གཽརྻོཿ། སུ་པ་ལ། གཽ་རཱི་ཥུ། བཱ་ནཱི། ན་དཱི་ལ་སོགས་མང་པོ་ཞིག་འདི་དང་འདྲའོ། །ལ་ཀྵྨཱི་ཞེས། དཱི་པ་ཀྱི་རྗེས་མ་ཡིན་པས། སུ་མི་དབྱི་བ་སྟེ། ལཀྵྨཱིཿ། གཞན་མ་རྣམས་གཽ་རཱི་
དང་འདྲའོ། །ཏཱ་རཱི་དང་། ཏ་ནྟཱི་ཡང་། ལཀྵྨཱི་དང་འདྲའོ། །སྟྲཱི་ཞེས་པའི་སྒྲ་ལ་སུ། སུ་ཕྱིས། སྟྲི། སྟྲཱེ། ཨཽ། སྟྲཱི་ཡཱཿ། སྟྲཱིའའོ། །རྒྱུན་ཅན་ཏ་ཆུ་བོ། རྣམ་དབྱེ་ཨ་ཙ་དང་པོ་ཅན་རྣམས་ལ་སྟྲཱི་ཞེས དཔལ་མོ། པའི་རྟགས་ཀྱི་ཨཱི་ཡར་འགྱུར་ཏེ། སྟྲི་ཡཽ། ས་ལ། སྟི་ཡཿ། བོད་ཚིག་ལ།
ཧེ་སྟཱེ། ཧེ་སྟཱེ་ཡཽ། སྒྲོལ་མ། ཧེ་སྟེ་ཡཿ། སྟྲཱི་ཡ་ཨམ། བུད་མེད། བཱ་མཱ་སོཿ། ཨམ་ཤས་དག་ལ་ཡང་ནའོ། །རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་དང་མང་ཚིག་ཤས་དག་ཕ་རོལ་ལ་སྟྲཱིའི་ཨི་ཡར་ཡང་ན་འགྱུར་ཏེ། སྟྲི་ཡཾ། ཡང་ན་ཨམ་ལ་སྔ་མ་འོས། སྟྲཱིཾ། ཨཽལ། སྟྲི་ཡཽ། ཤས།
བཤད་མ་ཐག་པའི་མདོས། སྟྲི་ཡཿ། ཡང་ན་དང་པོ་དག་གི་ཞེས་པས། སྟྲིཿ། གསུམ་པ་ལ། སྟྲི་ཡཱ། སྟྲཱི་བྷྱཱཾ། སྟྲཱི་བྷིཿ། ངེ་ལ། ཨཱཊ་དང་། ཨི་ཡ། སྟྲི་ཡཻ། སྟྲཱི་བྷྱཱམ། སྟྲཱི་བྷྱཿ། ལྔ་པ་ལ། སྟྲཱི་ཡཱཿ། སྟྲཱི་བྷྱཱ་མ། སྟྲཱི་བྷྱཿ། དྲུག་པ་ལ། སྟྲི་ཡཱཿ། སྟྲི་ཡོཿ། སྟྲཱ་ཎཱཾ། བདུན་
པ་ལ། སྟྲི་ཡཱཾ། སྟྲི་ཡོཿ། སྟྲཱི་ཥུ། ཤཱི། དཔལ་མོ། ལ་སུ་ཤྲཱིཿ། ཤྲཱི་ལ། ཨཽ་དང་ཛས། ཨ་ཙ་ལ་ཤྣུ་བྱིངས་བྷཱུ་རྣམས་ཀྱི་ཞེས་པའི་མདོས་ཨི་ཡ། ཤྲི་ཡཽ། ཤྲི་ཡཿ། ཤྲཱི་ལས་དུ་དྡྷི་བྱིན། ཤྲཱི། སུ། ནེ་ཡ་དུ་ཝང་སྠཱ་ནཱ་ཝ་སྟྲཱི། སྟྲཱི་མ་ཡེན་པའི་ཨི་ཡ་ཨུ་ཝ་གནས་པ་དག་མ་ཡིན་ནོ། །
Vol. 208 · folio 57a
སྟྲཱི་མ་ཡིན་པ་ཞེས་སྟྲཱིའི་སྒྲ་ནི་ཨི་ཡ་ཨུ་ཝར་འགྱུར་ཡང་ན་དཱིའི་མིང་ཅན་ཡིན་ལ། སྟྲཱི་མ་ཡིན་པ་ཨི་ཡ་ཨུ་ཝ་གནས་པ་སྟེ། ཨི་ཡར་འགྱུར་པ་དང་ཨཱུ་ཨུ་ཝར་འགྱུར་པ་རྣམས་བུད་མེད་དུ་བརྗོད་པའི་སྐབས་འདིར་ཡང་ན་ན་དཱིའི་མིང་ཅན་མ་ཡིན་ཏེ། སྐབས་འདིར་ཤྲཱི་ཡང་། ན་པཱིའི་
མིང་ཅན་མ་ཡིན་བས་སཾ་བུདྡྷི་དབྱི་བ་དང་རྟགས་ཐུང་ངུར་འགྱུར་པ་སོགས་མི་བྱེད། ཧེ་ཤྲཱིཿ། གཉིས་པ་རྣམས་ལ། ཤྲི་ཡཾ། ཤྲི་ཡཽ། ཤྲི་ཡཿ། གསུམ་པ་ལ། ཤྲི་ཡཱ། ཤྲཱ་བྷྱཱཾ། ཤྲཱབྷིཿ། ཤྲཱི་ལ། ངེ་། སྤྱིར་བཏང་ཨི་ཡ་ཨུ་ཝ་ཐོབ་པ་རྣམས་བུད་མེད་དུ་བརྗོད་པའི་
སྐབས་ན་དཱིའི་མིང་ཅན་མ་ཡིན་ནོ་ཞེས་བཀག་ཀྱང་དམིགས་བསལ། ང་འགྲོ་བ་ལ་ཐུང་ངུའི་ཡང་ནའོ་ཞེས་པའི་འགྲེལ་པར། ཨཱི་ཨཱུ་དག་ཀྱང་ཡང་ན་པར་བཤད་པས། རྣམ་དབྱེ་ང་འགྲོ་བའི་མིང་ཅན་རྣམས་ལན་དཱིའི་མིང་ཅན་གྱི་བྱ་བ་ལྟར་ཨཱ་ཊ་སྟེར་བ་དང་ཨི་ཡ་ཨུ་ཝར་འགྱུར་པ་གཉིས་ཀ་ཐོབ་
བས། ཤྲི་ཡེ། ཤྲི་ཡཻ། བྷྱ་མ་བྷྱཿལ། ཤྲཱི་བྷྱཱཾ། ཤྲཱི་བྷྱཿ། ལྔ་པའི་ང་སིལ། ཤྲི་ཡཿ། ཤྲི་ཡཱཿ། བྷྱཱ་མ་བྷྱཿལ། ཤྲཱིབྷྱཱཾ། ཤྲཱི་བྷྱཿ། དྲུག་བའི་ངས་ལ། ཤྲི་ཡཿ། ཤྲི་ཡཱཿ། ཨོ་ས་ལ། ཤྲི་ཡོཿ། ཤྲཱི་ལ། ཨཱ་མ། བཱ་མི། ཨཱམ་ལ་ཡང་ནའོ། །ཨི་ཡ་ཨུ་ཝ་ཐོབ་པ་རྣམས་རྣམ་དབྱེ་
དྲུག་པའི་ཨཱ་མ་ཕ་རོལ་ལ་ན་དཱིའི་མིང་ཅན་ཡང་ནའོ། ཤྲི་ཡཱཾ། ན་དཱིའི་མིང་ཅན་ལྟར་ན། ཐུང་དུ་ནི་དཱིའི་ཞེས་བས། ནུཊ། ཤྲཱི་ཎཱཾ། བདུན་པའི་ངི་ལ། ཤྲི་ཡཱཾ། ཤྲི་ཡི། ཨོ་ས་དང་སུབ་ལ། ཤྲི་ཡོཿ། ཤྲཱི་ཥུ། སུདྡྷི་ལ་སོགས་པ་ཡང་འདི་དང་འདྲའོ། །པྲ་དྷཱི་ཞེས་པའི་སྒྲ་མོ་རྟགས་ལ་
ཡང་ཆོག་ཐམས་ཅད་སྐྱེས་པའི་སྐབས་སུ་བཤད་པ་དང་ཁྱད་པར་མེད་དོ། །དེ་རྣམས་ཀྱིས་བུད་མེད་ཀྱི་རྟགས་ལས་ཨཱི་རིང་མཐའ་ཅན་གྱི་བྱ་བ་རྣམས་བསྟན་ཟིན་ཏོ། ༈ །ད་ནི་མོ་རྟགས་ཨུ་ཐུང་མཐའ་ཅན་རྣམས། བློ་བཟང་མ། བརྗོད་པར་བྱ་སྟེ། དྷེ་ནུ་ལ། སུ། བློ་བར་མ། དྷེ་ནུཿ། ཨཽ་ལ། དང་པོ་
དག་གི་ཞེས་པས། དྷེ་ནཱུ། དྷི་ནུ། ཛས། ཛས་ལ་འང་ངོས། དྷེ་ན་བཿ། གཉིས་པ་རྣམས་ལ། དྷེ་ནུ། ཨ་མ། ཨ་མ་ལ་སྔ་མ་ཞེས་བས། དྷེནུཾ། དྷེནུ། ཨཽ། དྷ་ནཱུ། དྷེ་ནུ། ཤས། དང་པོ་དག་གི་མདོས། ངྷེ་ནཱུཿ། གསུམ་པ་རྣམས་ལ། འཇོ་མ། དྷེ་ནུ་ཊཱ། ཊཱ་ནཱར་མི་འགྱུར། དྷེ་ནཱ། དྷེ་ནུ་བྷྱཱཾ།
Vol. 208 · folio 57b
དྷེ་ནུ་བྷིཿ། བཞི་པ་ལ། དྷེ་ནུ། ངེ། ང་འགྲོ་བ་ལ་ཐུང་ངུའི་ཡང་ན་འོས། དྷེ་ནྭཻ། དྷེ་ན་ཝཻ། དྷེ་ནུ་བྷྱཱཾ། དྷེ་ནུ་བྷྱཿ། ལྔ་པའི་ང་སིལ། དྷེ་ནཱཿ། དྷེ་ནོཿ། བྷྱཱ་མ་བྷྱས་འདྲ། དྲུག་པའི་ངས་ལ། དྷེནྭཱཿ། དྷེ་ནོཿ། ཨོས་ལ། དྷེནྭོཿ། ཨཱ་མ་ལེ། དྷེ་ནཱུ་ནཱཾ། བདུན་པའི་ངི་ལ། ངྷེ་ནཱཾ། ངྷེ་ནཱཾ། ངྷེ་ནཽ། ཨོས་
ལཊ། ངྷེ་ནྭོཿ ངྷེ་ནུཥུ། བོད་ཚིག་རྣམས་ལ། ཧེ་དྷེ་ནོ། ཧེ་དྷེ་ནཱ། ཧེ་དྷེ་ན་ཝ་རྣམས་གྲུབ་སྟེ་ཨ་ཙ་མི་གཅིག་པའི་འགྱུར་ཁྱད་ཕྲན་ཙམ་མ་གཏོགས་གོང་དུ་བཤད་པ་མ་ཏེའི་སྐབས་དང་འདྲའོ། །ཏ་ནུ་ལ་སོགས་པ་ཡང་འདི་དང་འདྲའོ། ཨུ་ཐུང་མཐའ་ཅན་ཀྲེཥྚུ་ལ་བཤད་མ་ཐག་པ་
དང་བྱ་བ་མི་འདྲ་སྟེ། སྟྲི་ཡཱཾ་ཙ། བུད་མེད་ལའང་ངོ་། །ཀྲོཥྚུའི་སྒྲ་ནི་བུད་མེད་ཀྱི་རྟགས་ལ་ཏྲྀ་ཙ་བཞིན་རི་མཐར་འགྱུར་པས། ཀྲོཥྚྲྀ་འགྱུར། རྀནྣི་བྷྱོ་དཱི་པ། རྀ་ཏ་ན་རྣམས་ལས་དཱི་པའོ། །སུས་ཕྲ་མ། རྟགས་ཪྀ་ཏ་མཐའ་ཅན་རྣམས་དང་ནམ་མཐའ་ཅན་རྣམས་ལ་བུད་མེད་དུ་བསྒྲུབ་པའི་རྐྱེན་དཱི་པ་
འགྱུར་ཏེ། དཱི་པ་བྱིན། ཀྲོཥྚྲཱ་ཞེས་པར་འགྱུར་རོ། ཅེ་སྦྱང་མོ། ཆོ་ག་ཐམས་ཅད་སྔར་མོ་རྟགས་ཨཱི་རིང་སྐབས་སུ་བཤད་པའི་གཽ་རཱེ་དང་འདྲའོ། །དེ་རྣམས་ཀྱིས་ཨུ་ཐུང་མཐའ་ཅན་མོ་རྟགས་ཀྱི་ཆོ་ག་བསྟན་ཟིན་ཏོ། ༈ །ད་ནི་མོ་རྟགས་ཨཱ་རིང་མཐའ་ཅན་རྣམས་ཀྱི་བྱ་བ་བརྗོད་པར་བྱ་སྟེ། བདྷཱུ། སུ།
བདྷཱུཿ། ཨཽ་དང་། ཛས། བདྷྭཽ། བིདྷྭཿ། བདྷཱུ་ལ། སཾ་བུ་དྡྷི། སུ། ཨམྦཱའི་དོན་ན་དཱི་རྣམས་ཀྱི་ཐུང་དུ་འོས། རྟགས་མཐའ་ཐུང་ངུར་འགྱུར། ཨེང་ཐུང་ངུ་ཞེས་པས་སུ་ཕྱེས། ཧེ་བ་དྷུ། ཧེ་བ་དྷྭོ། ཧེ་བ་དྷཱོཿ། བདྷཱུ་ལ། ཨམ་ལ་སྔོན་མའི་འོས། བདྷཱུཾ། ཨཽ་ལ། བདྷཱཽ། ཤས་ལ། དང་པོ མནའ་མ།
དག་གིས་མདོས། བདྷཱུཿ། གསུམ་པ་རྣམས་ལ། བདྷཱ། བདྷཱུ་བྷྱཱ་མ། བདྷཱུ་བྷིཿ། དེ་ལ། བདྷྭཻ། བདྷཱུ་བྷྱཱཾ། བདྷཱུ་བྷྱཿ། ངས་ལ། བདྷྭཱཿ། བྷྱཱཾ་བྷྱས་འདྲ། ངས་ལ་ཡང་། བདྷཱཿ། ཨོ་ས་ལ། བདྷྭཱོཿ། ཨྭ་མ་ལ། ཐུང་ངུ་ན་དཱི་ཞེས་པས་ནུཊ། བདྷཱུ་ནཱཾ། བིལ། བདྷྭཱཾ། ཨོ་ས་ལ། བདྷཱོཿ། སུ་བ་
ལ། བདྷཱུ་ཥུ་རྣམས་གྲུབ་སྟེ་གཽ་རཱིའི་སྐབས་དང་འདྲའོ། །དེ་བཞིན་དུ། གཡོ་མ། ཙམཱུ་ལ་སོགས་པ་རྣམས་ཀྱང་འདི་དང་འདྲའོ། །གསལ་བར་བརྗོད་མ། བྷྲཱུ་ཞེས་པའི་སྒྲ་འདི་བྱ་བ་ཐམས་ཅད་ཤྲཱིའི་སྐབས་དང་འདྲ། སཾ་བུདྡྷི་ལ་ཐུང་ངུར་བྱེད་པ་འདམ་ཀ་ཡིན་པས། ཧེ་བྷྲུ། ཧེ་བྷྲཱུཿ།
Vol. 208 · folio 58a
པུན་རྦྷཱུ་ཞེས་པ་གཞན་ཆོ་ག་ཐམས་ཅད་བདྷཱུ་དང་འདྲ། དྲུག་པའི་ཨཱ་མ་ལ། ཨེ་ཀཱ་ཛུ་ཏྟར་པ་དེ་ཎཿ། རྗེས་མའི་ཚིག་ཨ་ཙ་གཅིག་པ་ལ་ཎའོ། །རྣམ་དབྱེ་ཚིག་སྡུད་ཀྱིས་བསྡུས་པའི་མིང་སྔ་མར་ཥའ་མར་ལྟ་བུ་ན་ཎར་འགྱུར་བའི་རྒྱུ་མཚན་ཅན་ཡོད་ན་དེའི་རྗེས་མའི་ཚིག་ཨ་ཙ་གཅིག་
པ་སྟེ་དབྱངས་གཅིག་ལས་སླར་ཡང་འབྱུང་མ། མེད་པ་དཔེར་ན་ཡོད་ཀྱང་ན་ཎར་འགྱུར་རོ། །བུ་ན་རྦྷཱུ་ཎཱཾ་ལྟ་བུའོ། །བརྵཱ་བྷཱུཿ། ཨོ་དང་། ཛས བརྵཱ་བྷཱ་ཤྩ། བརྵཱ་བྷཱུ་ཞེས་པའི་སྒྲ་ནི་རྣམ་དབྱེ་དབྱངས་ཐོག་མ་ཅན་གང་མཐོང་ཡང་ཡ་ཎར་འགྱུར་རོ། །བརྵཱ་བྷཱཽ། བརྵཱ་བྷཱཿ།
བོད་ཚིག་ལ། ཧེ་བརྵཱ་བྷཱུཿ། ཧེ་བརྵཱ་བྷཱཽ། ཧེ་བརྵཱ་བྷཱཿ། རྣམ་དབྱེ་གཞན་རྣམས་ལའང་ཨ་ཙ་ཐོག་མ ལོ་དུས་སུ་འབྱུང་ངམ། ཅན་རྣམས་ལ་ཨུ་ཝར་འགྱུར། །ང་འགྲོ་བའི་མིང་ཅན་རྣམས་ལ་ཨཱ་ཊ་སྟེར། ཧེ་ལ་ཐོག་མ་ཅན་རྣམས་ལ་བྱ་བ་ལྷག་པོ་མེད་དོ། །སྭ་ཡཾ་བྷཱུ་ཞེས་པ་ལ། ང་འགྲོ་བའི་མིང་ཅན་རྣམས་
ལ་ཨཱ་ཊ་སྟེར། གཞན་སྐྱེས་པའི་རྟགས་ཀྱི་སྐབས་སུ་བཤད་པ་དང་ཁྱད་པར་མེད་དོ། །དེ་རྣམས་ཀྱིས་བུད་མེད་ཀྱི་རྟགས་ཨཱུ་རིང་རྣམས་ཀྱི་ཆོ་ག་བཤད་ཟིན་ཏོ། ༈ །ད་ནི་དམིགས་བསལ་རྀ་ཏ་མཐའ་ཅན་ནི། ན་ཥ་ཊ་སྭ་སྲཱ་དི་བྷྱཿ། སྭ་སྭྀ་སོགས་ཥ་ཊ་རྣམས་ལས་མ་ཡིན་ནོ། །སྭ་སྲྀ་སོགས་
ཥ་ཊའི་མིང་ཅན་ཞེས་བརྡ་ཆད་བྱས་བདེ་རྣམས་ལ་བུད་མེད་དུ་བསྒྲུབས་པའི་རྐྱེན་དཱི་བ་དང་ཊཱ་པ་སོགས་མི་འཇུག །རྀ་ཏ་ན་རྣམས་ལས་དཱི་པའོ་ཞེས་སྤྱིར་གཏང་ཐོབ་ཀྱང་མདོ་འདིས་བཀག་པའོ། །ཥ་ཊའི་མིང་ཅན་ནི་འདི་རྣམས་ཏེ། སྭ་སྲྀ། ཏི་སྲྀ། ཙ་ཏ་སྲྀ། ན་ནཱཾ་ཏྲྀ། དུ་ཧི་ཧྲྀ། ཡ་ཏྲྀ། མཱ་ཏྲྀ། བདུན་
པོ་འདི་རྣམས་ལ་ཥ་ཊའི་མིང་ཅན་ཞེས་བྱའོ། །སྭ་སྲྀ་ལ། སུ། རྀ་ཏ་ཨུ་ཤ་ནས་སོགས་ཀྱི་མདོས། རི་ཨ་ནང་། སཾ་དུ་དྡྷི་མ་ཡིན་པ་ཞེས་པས་ཨུ་པ་དྷཱ་རིང་པོ། ཧ་ལ་དཱི་པ་ཞེས་པས་སུ་ཕྱིས། མིང་མཐའི་ནང་བྱི་འོས། །ན་ཕྱིས། སྒུག་མོ། གསུམ། བཞི། ཚ་མོ། བུ་ཞོའམ། གཞོན་ནུ་མ། མ། སྭ་སཱ།
ཨཽ་ཛས། ཨམ་ཨཽ་རྣམས་ལ་སྐྱེས་པའི་རྟགས་ སྒྱུག་མོ། ཀྱི་སྐབས་སུ། དྷཱ་ཏྲྀ་ལ་བཤད་བའི་ཆོ་ག་དང་འདྲ་བས། སྭ་སཱ་རཽ། སྭ་སཱ་རཿ། སྭ་སཱ་རཽ། ཤས་དང་ཊཱ་ནཱར་མི་འགྱུར་ཏེ། བུད་མེད་ཀྱི་རྟགས་ཡིན་པས་སོ། །ཤས་ལ་དང་པོ་དག་གི་ཞེས་པའི་མདོས། སྭ་སྲཱྀཿ། ཊཱ་ལ།
Vol. 208 · folio 58b
སྭ་སྭཱ། སྭ་སྲྀ་བྷིཿ། ལྷག་མ་རྣམས་ཀྱང་དྷཱ་ཏྲྀའི་སྐབས་དང་འདྲའོ། །གཞན་ཥ་ཊའི་མིང་ཅན་བདུན་པོ་ཐམས་ཅད་ཆོ་ག་འདི་ཁོ་ནས་རིགས་འགྲེའོ། །དེ་རྣམས་ཀྱིས་རྀ་ཏ་མཐའི་བྱ་བ་རྣམས་བསྟན་ཟིན་ཏོ། ༈ །བུད་མེད་ཀྱི་རྟགས་ཨོ་ཡིག་མཐའ་ཅན་སྐྱེས་པའི་རྟགས་ཀྱི་
སྐབས་སུ་བཤད་པའི་གོའི་སྐབས་དང་འདྲ། ཨི་ཡིག་མཐའ་ཅན་རྣམས་རཻ་སྒྲ་དང་འདྲ། ཨཽ་ཡིག་མཐའ་ཅན་རྣམས་གླཽ་ཞེས་པའི་སྐབས་སུ་བཤད་པ་དང་འདྲ་སྟེ། མདོར་ན་ཨོ་མཐའ་དང་ཨཻ་མཐའ་ཅན་རྣམས་སྐྱེས་པའི་རྟགས་ཀྱི་སྐབས་སུ་བཤད་པའི་ཆོ་ག་ཁོ་ན་ལས་སྤྲོས་པ་
མེད་དོ། །ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སཱུ་ཏྲཱ་ད་ཛནྟ་སྟྲཱི་ལིངྒཱ་སྶ་མཱ་པྟཱཿ། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨ་ཙའི་མཐའ་དུ་ད་མེད་ཀྱི་རྟགས་རྣམས་རྫོགས་སོ།། །།དེ་རྣམས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་
བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བས། ཨ་ཙའ་མཐའ་ཅན་བུད་མེད་ཀྱི་རྟགས་རྣམས་ཀྱི་ཆོ་ག་སྤྱིར་བཏང་དམིགས་བསལ་དང་བཅས་པར་རགས་པ་རྣམས་རེ་ཞིག་རྫོགས་སོ།། །།ད་ནི་ཨ་ཙའི་མཐའ་ཅན་མ་ནང་གི་རྟགས་རྣམས་བཤད་པར་བྱ་སྟེ། སྤྱིར་བཏང་ཨ་ཐུང་མཐའ་
ཅན་ཛྙཱན་ཞེས་པའི་སྒྲ་ལ་དཔེར་བརྗོད་བྱ་སྟེ། ཛྙཱ་ན། སུ། ཨ་ཏོ་྅་མྲ། ཨ་ཏ་ལ་ས་ཨ་མའོ། །མ་ནིང་ཨ་ཐུང་གི་མཐའི་ཕ་རོལ་དུ་རྣམ་དབྱེ་དང་པོའི་སུ་དང་གཉིས་པའི་ཨམ་ནི་ཨམ་དུ་འགྱུར་རོ། །སུ། ཨམ། ཨམ་ལ་སྔ་མའོ་ཞེས་པས། ཛྙཱ་ནཾ། ཛྙཱ་ན། ཨཽ། ན་པུཾས་ཀཱཙྩ། མ་ནིང་
ལའང་ངོ་། །མ་ནིང་གི་རྟགས་ལས་རྣམ་དབྱེ་ ཡེ་ཤེས། དང་པོའི་ཨཽ་དང་གཉིས་པའི་ཨཽ་ནི་ཤཱི་ཞེས་པར་འགྱུར་ལ་དེ་ལ་བྷའི་མིང་ཅན་ཞེས་བརྡ་ཆད་དོ། །ཨཽ་ཤཱི། ཡ་སྱེ་ཏི་ཙ། གང་གི་ཨི་ཏ་ལའང་ངོ་། །ཨཱི་ཡིག་བྷའི་མིང་ཅན་དང་དེ་ཕན་གྱི་རྐྱེན་རྣམས་ལ་རྟགས་མཐའི་ཨ་ཡིག་དང་ཨི་
ཡིག་དབྱིའོ་ཞེས་པས་སྤྱིར་བཏང་ཨ་དབྱིར་ཐོབ་ཀྱང་དམིགས་བསལ་འགྲེལ་པར་གཞན་ནས་ལུང་དྲངས་ཏེ། ཨཽ་ཤཱིར་འགྱུར་པ་ལ་ཨ་དབྱི་བ་མ་ཡིན་ནོ། །ཞེས་པ་བྱུང་བས་ཨ་མི་དབྱི་མཚམས་སྦྱར། ཛྙཱ་ནི། ཛྙཱ་ན་ལ། ཛས། ཛཤྴ་སོཿཤིཿ། ཛས་ཤས་དག་གི་ཤིའོ། །མ་ནིང་གི་
Vol. 208 · folio 59a
རྟགས་ལས་ཕ་རོལ་རྣམ་དབྱེ་དང་པོའི་ཛས་དང་གཉིས་པའི་ཤས་ནི་ཞེས་པར་འགྱུར་རོ། །ཤིས་རྦནཱ་མསྠཱ་ནཾ། ཤི་ཐམས་ཅད་གནས་པའི་མིང་ཅན་ནོ། །ཛས་དང་ཤས་ཤི་ཞེས་པར་འགྱུར་པ་དེ་ལ་ཐམས་ཅན་གནས་པའི་མིང་ཅན་ཞེས་མིང་འདོགས་བྱེད་དོ། །ན་པུཾས་ཀ་སྱ་
ཛྷ་ལ་ཙ། མ་ནིང་གི་ཛྷ་ལ་ཨ་ཙའི་འོ། །མ་ནིང་གི་རྟགས་ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་རྣམས་དང་ཨ་ཙའི་མཐའ་ལས་ཐམས་ཅད་གནས་པའི་མིང་ཅན་ཕ་རོལ་ལ་ནུ་མ་ཨཱ་ག་མ་སྟེར་རོ། །ཨུ་བརྗོད་དོན། མ་ནི་མ་འགྲོ་བ་ཨ་ཙའི་མཐའ་ལ་ཕ་རོལ་ཞེས་པའི་དོན། སཾ་བུདྡྷི་མ་ཡིན་པའི་ཐམས་ཅད་གནས་
པའི་མིང་ཅན་ལ་ཡང་ངོ་ཞེས་པས། ཨུ་པདྷཱ་རིང་པོར་བསྒྱུར། ཛྙཱ་ནཱ་ནི། གཉིས་པ་རྣམས་ལའང་སྒྲུབ་ཚུལ་དང་གཟུགས་གཉིས་ཀ་འདྲ་བས། ཛྙཱ་ནཾ། ཛྙཱ་ནི། ཛྙཱ་ནཱ་ནི། སཾ་བུ་དྡྷི་ལ། ཨེང་ཐུང་ངུ་ཞེས་སཾ་བུདྡྷི་ཕྱིས། ཧེ་ཛྙཱ་ན། ཧེ་ཛྙཱ་ནཱ་ནི། རྣམ་དབྱེ་ལྷག་མ་ཐམས་ཅད་སྐྱེས་པའི་
རྟགས་ཀྱི་སྐབས་སུ་བཤད་པའི་རཱ་མའི་སྐབས་དང་འདྲའོ། དེ་བཞིན་དུ། ངྷན། བན། ཕལ། ལ་སོགས་མང་པོ་ཞིག་འདི་འདྲའོ། ཀ་ཏར་སོགས་ལ་སུ་དང་ཨ་མ་ལ་བྱང་མི་འདྲ་སྟེ། ཨཌྷ་ཏ་རཱ་དི་བྷྱཿཔཉྩ་བྷྱཿ། ཌ་ཏ་ར་སོགས་ལྔ་རྣམས་ལས་ཨ་དཌའོ། །མ་ནིང་གི་རྟགས་ཀྱི་
སྐབས་སུ་ཌ་ཏ་རའི་མཐའ་ཅན། ཀ་ཏ་ར་དང་། ཀ་ཏ་མ། ཨ་ནྱ་ཏ་ར། ཨ་ནྱ་ཏམ། ནོར། ནགས། འབྲས་བུ། ཨི་ཏ་ར་སྟེ་ལྔ་པོའི་ཕ་རོལ་གྱི་རྣམ་དབྱེ་དང་པོའི་སུ་དང་གཉིས་པའི་ཨམ་ནི། ཨ་ད་ཌ་ཞེས་པར་འགྱུར་རོ། །ཀ་ཏ་ར། ཨ་ད་ཌ་ཞེས་པ་བྱུང་། ཊེཿ། ཊིའིའོ། རྐྱེན་ཌ་འགྲོ་བ་ཕ་རོལ་ལ་རྟགས་
སོགས་ཀྱི་ཊི་དབྱི་བར་བྱ་སྟེ། ཊི་ཕྱིས། དྲངས། ཀ་ཏ་རང་། བཱ་ཝ་སཱ་ནེ། གནས་མེད་པ་ལ་ཡང་ནའོ། །གནས་མེད་པ་སྟེ་ཚིག་མཐའ་ཧ་ལ་ཨ་ཙ་མེད་པ་དེ་ཛྷ་ལ་སོ་སོར་བསྡུ་པའི་ཡི་གེ་ཡིན་ན་རང་དང་གནས་མཐུན་པའི་ཙར་སོ་སོར་བསྡུ་བའི་ཡི་གེ་རྣམས་སུ་ཡང་ན་འགྱུར་ཏེ། ཀ་ཏ་ར་ཏ། ཀ་ཏ་
ར་ད། ཨཽ་དང་ཛས་ལ། ཀ་ཏ་རེ། ཀ་ཏ་རཱ་ཎི། བོད་ཚིག་ཀྱང་རྣམ་དབྱེ་དང་པོ་འདྲ་བས། ཧེ་ཀ་ཏ་ར་ད། ཧེ་ཀ་ཏ་ར་ཏ། ཧེ་ཀ་ཏ་རེ། ཧེ་ཀ་ཏ་རཱ་ཎི། གཉིས་པ་རྣམས་ལའང་། ཀ་ཏ་ར་ད། ཀ་ཏ་ར་ད། ཀ་ཏ་རེ། ཀ་ཏ་རཱ་ཎི། རྣམ་དབྱེ་ལྷག་མ་རྣམས་སྐྱེས་པའི་སྐབས་སུ་བཤད་པའི་
Vol. 208 · folio 59b
སརྦའི་རྟགས་དང་འདྲ། དེ་བཞིན་དུ། ཀ་ཏ་མ། ཨ་ནྱ་ཏ་ར། ཨ་ནྱ་ཏ་མ། ཨིཏ་ར་སོགས་ཀྱང་འདི་དང་འདྲའོ། །ཨ་ཛར། ཞེས་པའི་རྟགས་ལ་ཨ་ཙ་ཐོག་མ་ཅན་རྣམས་ལ་སྔར་བཤད་པའི་མདོས། ཨ་ཛ་རས། ཞེས་པར་འགྱུར་པ་དང་མི་འགྱུར་བ་འདམ་ཀ་སྟེ། སུ་ལ། ཨ་ཛ་རཾ། ཨ་ཛ་ར་སཾ།
ཨཽ་ལ། ཨ་ཛ་རི། ཨ་ཛ་ར་སཱི། ཛས་ལ་ཨ་ཛ་རས་སུ་མི་འགྱུར་པའི་ཕྱོགས་ལ། ཨ་ཛ་རཱ་ཎི། ལུགས་གཅིག་ལ། ཨ་ཛ་ར་ན་ས། ཨི་ཞེས་གནས་པ་ལ། སཱཾ་ཏ་མ་ཧ་ཏཿསཾ་ཡོག་སྱ། ས་མཐའ་མ་ཧ་ཏ་དག་གི་ཡང་དག་པར་སྦྱོར་བའི་འོ། །ས་མཐའ་ན་དང་ཡང་དག་སྦྱོར་བ་སྟེ་བརྩེགས་པ་
དང་མ་ཧ་ཏ་ལ་ནུམ་བྱིན་པའི་ན་ལྟ་བུའི་ཨུ་པ་དྷཱ་ནི། སཾ་བུ་དྡྷི་མ་ཡིན་པའི་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་རིང་པོར་འགྱུར་རོ། །ཨཛ་རཱ་ནྶི། སཾ་བུ་དྡྷི་ལ། ཧེ་ཨ་ཛ་ར། ཧེ་ཨ་ཛ་རེ། ཧེ་ཨ་ཛ་སཱི། ཧེ་ཨ་ཛ་རཱ་ཎི། ཧེ་ཨ་ཛ་རཱ་ནྶི། གཉིས་པ་རྣམས་དང་པོ་དང་འདྲ། གསུམ་
པ་རྣམས་ལ། ཨ་ཛ་རི་ཎ། ཨ་ཛ་ཪ་སཱ། ཨ་ཛ་རཱ་བྷྱཱཾ། ཨ་ཛ་རིཿ། བཞི་པ་ལ། ཨ་ཛ་རཱ་ཡ། ཨ་ཛ་ར་སི། ཨ་ཛ་རཱ་བྷྱཱཾ། ཨ་ཛ་རི་བྷྱཿ། ལྔ་པ་ལ། ཨ་ཛ་རཱ་ཏ། ཨ་ཛ་རསཿ། བྷྱཱཾ་བྷྱཿའདྲ། དྲུག་པ་ལ། ཨ་ཛ་ར་སྱ། ཨ་ཛ་ར་སཿ། ཨ་ཛ་ར་ཡོཿ། ཨ་ཛ་ར་སོཿ། ཨ་ཛ་རཱ་ཎཱཾ། ཨ་ཛ་ར་སཱཾ། བདུན་པ་
ལ། ཨ་ཛ་རི། ཨ་ཛ་ར་སི། ཨ་ཛ་ར་ཡོཿ། ཨ་ཛ་ར་སོཿ། ཨ་ཛ་ར་ཥུ། ཧྲྀ་ད་ཡ་ལ། རྣམ་དབྱེ་དང་པོ་རྣམས་དང་བོད་ཚིག་རྣམས་དང་། རྣམ་དབྱེ་གཉིས་པའི་གཅིག་ཚིག་དང་གཉིས་ཚིག་རྣམས་ཛྙཱ་ནའི་སྐབས་དང་འདྲ་སྟེ། ཧྲྀ་ད་ཡཾ། ཧྲྀ་ད་ཡེ། ཧྲཾ་ད་ཡཱ་ནི། ཧེ་ཧྲྀ་ད་ཡ། ཧེ་ཧྲྀ་ད་ཡེ། ཧེ་ཧྲྀ་ད་ཡཱ་ནཱི།
ཧྲ་ད་ཡཾ། ཧྲྀ་ད་ཡེ། ཧྲྀ་ད་ཡ་ལ། ཤས། ཤས་སོགས་རྣམས་ལ་ཞེས སྙིག པའི་མདོས་ཧྲྀ་ད་ཡ། ཧྲྀ་ད་དུ་འགྱུར། ཛས་ཤས་དག་གི་ཤི། མ་ནིང་གི་ཛྷ་ལ་ཨ་ཙའི་འོས་ནུ་མ། ཧྲཱྀ་ནཱི། ལུགས་གཅིག །ཧྲྀ་ད་ཡཱ་ནི། ཊཱ་ལ། ཧྲྀ་དཱ། ཧྲྀ་ད་ཡེ་ན། བྷྱཱཾ་ལ། ཧྲྀ་བྷྲཱཾ། ཧྲྀ་ད་ལཱ་བྷྱཱཾ། བྷིཿལ། ཧྲྀ་དྦྷིཿ།
ཧྲྀ་ད་ཡིཿ། ངེ་ལ། ཧྲྀ་ད། ཧྲི་ད་ཡཱ་ཡ། བྷྱཱཾའདྲ། བྷྱཿལ། ཧྲྀ་ངྦྷྱཿ། ཧྲྀ་ད་ཡེ་བྷྱཿ། ང་སི་ལ། ཧྱྀ་དཿ། ཧྲྀ་ད་ཡཱ་ཏ། བྷྱཱ་མ་བྷྱཱཿའདྲ། ང་ས་ལ། ཧྲྀ་དཿ། ཧྲྀ་ད་ཡ་སྱ། ཨོས་ལ། ཧྲྀ་དོཿ། ཧྲྀ་ད་ཡ་ཡོཿ། ཨཱ་མ་ལ། ཧྲྀ་དཱཾ། ཧྲི་ད་ཡཱ་ནཱཾ། ངི་ལ། ཧྲྀ་ད་ཡེ། ཨོས་འདྲ། ཧྲྀ་སྦུ། ཧྲྀ་ད་ཡེ་ཥུ།
Vol. 208 · folio 60a
ཨུ་ད་ཀ་ལ་ཡང་། རྣམ་དབྱེ་དང་པོའི་སུ་ནས་གཉིས་པའི་ཨཽ་ཊའི་བར་ཛྙཱ་དང་འདྲ་སྟེ། ཨུ་ད་ཀཾ། ཨུ་ད་ཀེ། ཨུ་ད་ཀཱ་ནི། ཧེ་ཨུ་ད་ཀ །ཧེ་ཨུ་ད་ཀེ། ཧེ་ཨུ་ད་ཀཱ་ནི། གཉིས་པ་ལ། ཨུ་ད་ཀཾ། ཨུ་ད་ཀེ། ཤས་ལ། ཨུ་དུ་ཀཱ་ནི། ཨུ་དཱ་ནི། ཊཱ་ལ། ཨུ་ད་ཀེ་མ། ལུགས་གཅིག་ལ།
ཨུ་ད་ན་དུ་འགྱུར། ཆུའམ་འོ་ན། ནའི་ཨ་ཏ་ང་བྱི་འོས། ཨུ་པདྷཱའི་ཨ་ཕྱིས། ཨུ་དྣཱ། བྷྱཱཾ་ལ། ཨུ་ད་ཀཱ་བྷྱཱཾ། ལུགས་གཅིག་ལ། མིང་མཐའི་ནད་བྱི་འོས་ན་ཕྱིས། ཨུ་ད་བྷྱཱཾ་བྷི་ས་ལ། ཨུ་ད་ཀཻཿ། ཨུ་ད་བྷིཿ། ངེ་ལ། ཨུ་ད་ནེ། ཨུ་ད་ཀཱ་ཡ། བྷྱཱཾ་བྷྱས་ལ། ཨུ་ད་བྷྱཱཾ། ཨུ་ད་ཀཱ་བྷྱཱ་མ། ཨུ་ད་བྷྱཿ། ཨུ་ད་
ཀེ་བྷྱཿ། ང་སི་ལ། ཨུ་དྣཿ། ཨུ་ད་ཀཱ་ཏ། བྷྱཱཾ་བྷྱཿའདྲ། ང་ས་ལ། ཨུ་དྣཿ། ཨུ་ད་ཀ་སྱ། ཨོ་ས་ལ། ཨུ་ངྣོཿ། ཨུ་ད་ཀ་ཡོཿ། ཨཱ་མ་ལ། ཨུ་དྣཱཾ། ཨུ་ད་ཀཱ་ནཱཾ། ངི་ལ། ཨུ་དྣི། ཨུ་ད་ཀེ། ཨོ་ས་འདྲ། སུ་བ་ལ། ཨུ་ད་སུ། ཨུ་ད་ཀེ་ཥུ། ཨཱ་ས་ནས་ཡང་དང་པོ་སོགས་འདྲ་སྟེ། ཨཱ་ས་ནཾ།
ཨཱ་ས་ནེ། ཨཱ་ས་ནཱ་ནི། ཧེ་ཨཱ་ས་ན། ཧེ་ཨཱ་ས་ནེ། ཧེ་ཨཱ་ས་ནཱ་ནི། ཧེ་ཨཱ་ས་ནཱ་ནི། གཉིས་པ་ལ། ཨཱ་ས་ནི། ཨཱ་ས་ནེ། ཤ་ས་ལ། ཨཱ་སཱ་ནི། ཨཱ་ས་ནཱ་ནི། ཌཱ་ལ། ཨཱ་སྣཱ། ཨཱ་ས་ནེ་ན། བྷྱཱཾ་ལ། ཨཱ་ས་བྷྱཱཾ། ཨཱ་ས་ནཱ་བྷྱཱཾ། ལྷག་མ་རྣམས་ཀྱང་ལུགས་གཉིས་ གདག ཀ་ཨུ་ད་ཀ་དང་འདྲའོ། མགོ །ཤཱིརྵ་ཞེས་
པ་ལ་ཡང་དང་པོ་ལྔ་ཛྙཱ་ན་དང་འདྲ། ཤཱིརྵཾ། ཤཱིརྵཱེ། ཤཱིརྵཱ་ཎི། ཧེ་ཤཱིརྵ། ཧེ་ཤཱིརྵེ། ཧེ་ཤཱིརྵཱ་ཎི། ཨ་མ་ལ། ཤཱིརྵཾ། ཨཽ་ལ། ཤཱིརྵེ། ཤ་ས་ལ། ཤཱིརྵཱ་ཎི། འགྲེལ་པར་གཞན་ས་ལུང་དྲངས་པ། ཌཱ་སོགས་ལ་ཤཱིརྵའི་ཤཱིརྵ་ན་ཡང་ནའོ། །ཤཱིརྵ་ཞེས་པའི་རྟགས་ནི་རྣམ་དབྱེ་གསུམ་
པའི་ཊཱ་ནས་བརྩམས་ཏེ་བདུན་པའི་སུབ་ཀྱི་བར་གང་མཐོང་ཡང་ཤཱིརྵ་ན་ཞེས་པར་ཡང་ན་འགྱུར་བས། ཊཱ་ལ། ཤཱིརྵེ་ཎ། ཤཱིརྵ་ན་དུ་བསྒྱུར་ན། ནའི་ཨ་ཏ་དབྱི་འོས། ཨ་ཕྱིས། ཥ་ར་སོགས་ཀྱིས་ན་ཎ། ཤཱིརྵཱ། བྷྱཱཾ་ལ། ཤཱི་རྵཱ་བྷྱཱཾ། ལུགས་གཅིག་ལ། མིང་མཐའི་ན་དབྱི་འོས། ན་ཕྱིས། ཤཱིརྵ་
བྷྱཱཾ། བྷཾས་ལ། ཤཱིརྵཻཿ། ཤཱིརྵ་བྷིཿ། དེ་ལ། ཤཱིརྵཱ་ཡ། བྷྱཱ་མ་འདྲ། བྷྱས་ལ། ཤཱིརྵེ་བྷྱཿ། ཤཱིརྵ་བྷྱཿ། ང་སི་ལ། ཤཱི་རྵཱ་ཏ། ཤཱིརྵཱ་ཏ། ཤཱིརྵཱཿ། བྷྱཱ་མ་བྷྱས་འདྲ། ངས་ལ། ཤཱིརྵ་སྱ། ཤཱིརྵཱཿ། ཨོ་ས་ལ། ཤཱིརྵ་ཡོཿ། ཤཱི་རྵཱོཿ། ཨཱ་མ་ལ། ཤཱིརྵཱ་ཎཱཾ། ཤཱི་རྵཱཾ། ངི་ལ། ཤཱིརྵེ། ཤཱི་རྵཱི།
Vol. 208 · folio 60b
ཨོས་ར་དྲ །སུ་པ་ལ། ཤཱིརྵེ་ཥུ། ཤཱིརྵ་སུ། ཧྲ་སྲོན་པུཾས་ཀེ་པྲུ་ཏི་པ་དི་ཀ་སྱ། མ་ནིང་ལས་མིང་གི་ཐུང་ངུའོ། རྟགས་མཐའ་ཨ་ཙ་རིང་པོ་རྣམས་ནི་མ་ནིང་གི་རྟགས་ཀྱི་སྐབས་སུ་ཐུང་ངུར་འགྱུར་ཏེ། དཔེར་ན། ཤཱི་པཱ་ཞེས་པ་ཨཱ་རིང་མཐའ་ཅན་ཡིན་ཀྱང་བཤད་མ་ཐག་པའི་མདོས་ཐུང་ངུར་འགྱུར།
ཤཱེ་པཾ། ཤཱེ་པེ ཤྲཱི་པཱ་ནི་ལྟ་བུ་སྟེ་ཨཱ་རིང་ཐམས་ཅད་ཨ་ཐུང་ངུ་འགྱུར་ཏེ། རྣམ་དབྱེ་དང་ཕྲད་པའི་བྱ་བ་ཐམས་ཅད་ཨ་ཐུང་མཐའ་ཅན་སྤྱིར་བཏང་ཛྙཱ་ནའི་སྐབས་སུ་བཤད་དང་འདྲའོ། དེ་རྣམས་ཀྱིས་ དཔལ་སྤྱོད། མ་ནིང་གི་རྟགས་ལས་ཨཱ་རིང་ཨ་ཐུང་གི་བྱ་བ་རྣམས་བཤད་ཟིན་ཏོ། ༈ །ད་ནི་
མ་ནིང་གི་རྟགས་ཨི་རིང་ཐུང་གི་མཐའ་ཅན་རྣམས་བཤད་པར་བྱ་སྟེ། བཱ་རི། ལ། སུ། སྭ་མོ་རྣ་པུཾས་ཀཱང་། མ་ནིང་ལས་སུ་ཨ་མ་དག་གིའོ། མ་ནིང་གི་རྟགས་ལས་རྣམ་དབྱེ་དང་པོའི་སུ་དང་གཉིས་པའི་ཨ་མ་ནི་འཇིག་གོ། །ཞེས་པས་སུ་འཇིག པཱ་རི། པཱ་རི་ལ། ཨཽ། མ་ནིང་ལ་
འང་ངོས་ཨཽ་ཤཱི། ཨི་ཀོ་ཙི་བི་བྷ་ཀྟཽ། རྣམ་དབྱེ་ཨ་ཙ་ལ་ཨི་ཀ་གི་འོ། ཆུ། མ་ནིང་གི་རྟགས་ཨི་ཀ་སོ་སོར་བསྡུ་བའི་ཡི་གེ་ཡོང་ལ་རྣམ་དབྱེ་ཨ་ཅ་ཐོག་མ་ཅན་བྱུང་ན་ནུ་མ་ཨཱ་ག་མ་སྟེར་རོ། །བཱ་རི་ཎཱི། ཛས་ལ། ཛས་ཤས་དག་གི་ཤི། རྣམ་དབྱེ་ཨ་ཙ་ལ་ཞེས་པས་ནུ་མ། སམྦུ་དྦྷི་མ་ཡིན་པའི་ཞེས་
པས་ཨུ་པདྷཱ་རིང་པོ། བཱ་རཱི་ཎི། སཾ་བུ་དྦྷི་ལ། ཐུང་ངུའི་ཡོན་ཏན་ནོ་ཞེས་དང་། ཐུང་ངུ་དང་ཨེང་ཞེས་པས་སཾ་བུདྡྷི་ཕྱིས། ཧེ་བཱ་རེ། ཧེ་བཱ་རི་ཎཱི། ཧེ་བཱ་རཱི་ཎི། རྣམ་དབྱེ་གཉིས་པ་རྣམས་དང་པོ་དང་འདྲ། ཊཱ་ལ། བཱརི་ཎཱ། བྷྱཱཾ་ལ། བཱ་རི་བྡྷཱཾ། བྷིཿལ། བཱ་རི་བྷིཿ། ངེ་ལ། བཱ་རི་ཎེ། བྷྱཱཾ་འདྲ།
བྷྱས་ལ། བཱ་རེ་བྷྱཿ། ང་སི་ལ། བཱ་རི་ཎཿ། བྷྱཱཾ་བྷྱཿའདྲ། ང་ས་ལ། བཱ་རི་ཎཿ། ཨོས་ལ། བཱ་རེ་ཎོཿ། བཱ་རཱེ་ཎཱ། ངི་ལ། བཱ་རི་ཎི། ཨོས་འདྲ། སུ་པ་ལ། བཱ་རི་ཥུ། ཨ་ནཱ་དི་ཞེས་པའང་རྣམ་དབྱེ་ཊཱ་ཡན་ཆད་བཱ་རི་དང་འདྲ་སྟེ། དང་པོ་རྣམས་ལ། ཨ་ནཱ་དེ། ཨ་ནཱ་དེ་ནཱི། ཨ་ནཱ་དཱི་ནི། བོང་
ཚིག་ལ། ཧེ་ཨ་ནཱ་དེ། ཧེ་ཨ་ནཱ་དི་ནཱི། ཧེ་ཨ་ནཱ་དཱི་ནི། གཉིས་པ་རྣམས་ཀྱང་དང་པོ་དང་འདྲ། ཨནཱ་དི། ཊཱ། ཏྲྀ་ཏཱི་ཡཱ་དི་ཥུ་བྷཱ་ཥི་ཏ་པུཾ་སྐཾ་པུཾ་བངྒཱལ་ཝ་སྱ། གསུམ་པ་སོགས་རྣམས་ལ་སྐྱེས་པ་བཞིན་ག་ལ་ཝའིའོ། །རྟགས་ཨི་ཀ་སོ་སོར་བསྡུ་བའི་མཐའ་ཅན་ལས་ཕ་རོལ་
Vol. 208 · folio 61a
རྣམ་དབྱེ་གསུམ་པའི་ཊཱ་ནས་བདུན་པའི་སུབ་ཀྱི་བར་གྱི་ཨ་ཙ་ཐོག་མ་ཅན་རྣམས་ལ། སྔར་སྐྱེས་པའི་རྟགས་ཀྱི་སྐབས་སུ་བཤད་པའི་ཆོ་ག་རྣམས་དང་། མི་ནིང་གི་རང་ལུགས་ལྟར་ཨ་ཙ་ཐོག་མ་ཅན་རྣམས་ལ་ནུམ་སྟེར་བ་སྔོན་གྱི་དྲང་སྲོང་ག་ལ་བའི་ལུགས་སོ། །ཨ་ནཱ་དི་ནཱ་སྟེ་ལུགས་གཉིས་ཀ་
གཟུགས་འདྲ། སྐྱེས་པ་ལྟར་ན་ཊཱ་ནཱ། མ་ནིང་རང་ལུགས་ལྟར་ན་ནུ་མ་བྱིན་དྲངས་པའོ། བྷྱཱཾ་བྷེ་ས་ལ། ཨ་ནཱ་དི་བྷྱཱཾ། ཨ་ནཱ་དི་བྷིཿ། ངེ་ལ། ཨ་ནཱ་ད་ཡེ། ཨ་ནཱ་དི་ནེ། བྷྱཱ་མ་བྷྱས་འད། ང་སི་ལ། ཨ་ནཱ་དེཿ། ཨ་ནཱ་དི་ནཿ། བྷྱཱཾ་བྷ་ས་འདྲ། ང་ས་ལ། ཨ་ནཱ་དེཿ། ཨ་ནཱ་ད་ནཿ། ཨོ་ས་ལ། ཨ་ནཱ་
དྱོཿ། ཨ་ནཱ་དི་ནོཿ། ཨཱ་མ་ལ། ཨ་ནཱ་དཱི་ནཱཾ། ཨ་ནཱ་དཱི་ནཱཾ། ངི་ལ། ཨ་ནཱ་དི་ནི། ཨོ་ས་འདྲ། ཨ་ནཱ་དི་ཥུ། ཨ་སྠི། ཨཽ་ལ། ཨ་སྠི་ནཱི། ཛ་ས་ལ། ཨ་སྠཱི་ནི། བོད་ཚིག་ལ། ཧེ་ལ་སྠེ། ཧེ་ཨ་སྠི་ནཱི། ཧེ་ཨ་སྠཱི་ནི། ཧེ་ཨ་སྠཱི་ནི། གཉིས་པ་རྣམས་ཀྱང་འདྲ། ཨ་སྠི་ད་བྷི་ཤ་ཀྠྱཱ་ཀྵཱཾ་མ་ན་དུ་དཱ་ཏྟཿ།
ཨ་སྠི་ད་བྷི་ཤ་ཧ་ཀྠི་ཨ་ཀྵི་རྣམས་ཀྱི་ཨ་ནང་ཨུ་དཱ་ཏྟའོ། །མ་ནིང་གི་རྟགས་ཨ་སྠི་སོགས་ཀྱི་རྣམ་དབྱེ་ཊཱ་སོགས་ཨ་ཙ་ རུས་བ། ཐོག་མ་ཅན་རྣམས་ལ་རྟགས་མཐའ་ཨ་ནང་དུ་འགྱུར་ལ་དེ་ལ་ཨུ་དཱ་ཏྟ་ཟེར་རོ། །ཨ་སྠི་ཊཱ། རྟགས་མཐའ་ཨ་ནང་དུ་འགྱུར། ནའི་ཨ་ཏ་དབྱི་འོས། ཨ་ཕྱིས། །ས་སྠྨཱ། བྷྱཱཾ་
བྷིཿལ། ཨ་སྠི་བྷྱཱཾ། ཨ་སྠི་བྷིཿ། ངེ་ལ། ཨ་སྦྣེ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། ཨ་སྠྣཿ། བྷྱཱཾ་བྷྱཿའདྲ། ང་ས་ལ། ཨ་སྠྣཿ། ཨོ་ས་ལ། ཨ་སྠྣོཿ། ཨཱ་མ་ལ། ཨ་སྠྣཾ། ཡང་ན་ངི་ཤཱི་དག་ལ་འདམ་ཀའོ། །ཞེས་པས་ཨ་སྠ་ནི། ཨོས་འདྲ། སུ་པ་ལ། ཨསྠིདཥུ། དདྷི། ཤཀྠི་
ཨཀྵི་རྣམས་ཀྱང་འདི་དང་འདྲའོ། །འགྲེལ་པར། པྲི་ཡ་ད་བྷྱཱ་བྲཱ་ཧྨ་ཎེ་ན། པྲི་ཡ་ཤཀྵྣཱ་ཤུ་རི་ཎ། པྲི་ཡཱ་ཀྵྞཱ་ས་རྦེ་ཎ། པྲི་ཡཱ་སྠྣཱ་ཤུ་ནཱ་ཞེས་པ་བྱུང་སྟེ། ཊཱ་བྱིན་པའི་གཟུགས་སོ། སུངྷཱི་ཞེས་པ་ལའང་མ་ནིང་ལས་མིང་གི་ཐུང་ངུའོ་ཞེས་པས་རྟགས་མཐའ་ཐུང་ངུར་འགྱུར། སུ་ཕྱིས། ཞོ། ནུས་
མིག །སུངྷི། ཨཽ་ལ། སུ་ངྷི་ནཱི། ཛ་ས་ལ། བྲམ་ཟེ་དགའ་བའོ། དམངས་རིགས་ཀྱི་དགའ་བ་ནུས་པ། ཐམས་ཅད་ཀྱི་དགའ་བ་མིག །ཁྱིའི་དགའ་བ་རུས་པ། སུདྷཱི་ནི། བོད་ཚིག་རྣམས་ལ། ཧེ་སུ་དྷི། བློ་བཟང་། ཧེ་སུ་དྷེ། ཧེ་སུ་དྷི་ནཱི། ཧེ་སུ་དྷཱི་ནི། གཉིས་པ་རྣམས་དང་པོ་དང་འདྲ། སུ་དྷི་ཊཱ། གསུམ་པ་སོགས་
Vol. 208 · folio 61b
ལ་ཞེས་པས། མ་ནིང་རང་ལུགས་ལྟར་ན་ནུམ་བྱིན། སུ་དྷི་ནཱ། སྐྱེས་པའི་ལུགས་ལྟར་ལ་རྟགས་མཐའ་ཐུང་ངུར་མི་འགྱུར། ཨ་ཙ་ལ། ཞེས་པས་ཨི་ཡར་འགྱུར། སུ་བྷི་ཡཱ། སུ་དྷི་བྷྱཱཾ། སུ་དྷི་བྷིཿ། ངེ་ལ། སུ་དྷི་ནེ། སུ་དྷི་ཡེ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། སུ་དྷི་ནཿ། སུ་དྷི་ནཿ། སུ་དྷི་ཡཿ། བཾ་བྷྱཿའདྲ།
ངས་ལ། སུ་དྷི་ཡཿ། ཨོས་ལ། སུ་དྷི་ནོཿ། སུདྷི་ཡོཿ། ཨཱ་མ་ལ། སུ་དྷི་ནཱི། སུ་དྷི་ཡཱཾ། ངི་ལ། སུ་དྷི་ཡི། ཨོས་འདྲ། སུ་པ་ལ། སུ་དྷི་ཥུ། པྲ་དྷཱི་ལ་སོགས་པ་ཡང་འདི་དང་འདྲའོ། །དེ་རྣམས་ཀྱིས་མ་ནིང་གི་རྟགས་ཨི་རིང་ཐུང་རྣམས་ཀྱི་ཆོ་ག་བསྟན་ཟིན་
ཏོ། ༈ ད་ནི་མ་ནིང་གི་རྟགས་ཨུ་མཐའ་ཅན་རྣམས་བཤད་པར་བྱ་སྟ། མདྷུ་སུ། མ་ནིང་ལ་སུ་ཨཾ་འཇིག །མ་དྷུ། ཨཽ་ཤཱི། ནུམ། མདྷུ་ནཱི། ཛ་ས་ཤི་ནུ་མ། ཨུ་པ་དྷཱ་རིང་པོ། མདྷཱུ་ནི། ཧེ་མ་དྷུ། ཧེ་མ་དྷོ། ཧེ་མ་དྷཱུ་ནི། གཉིས་པ་རྣམས་དང་པོ་དང་འདྲ། ཊཱ་ལ་ནུམ།
མ་དྷུ་ནཱ། མ་དྷུ་བྷྱཱཾ། མ་བྷུ་བྷིཿ། ངེ་ལ། མ་དྷུ་ནེ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། སྦྲང་རྩི། མདྷུ་ནཿ། བྷྱཱཾ་བྷྱཿའདྲ། ང་ས་ལ། མ་དྷུ་ནཿ། ཨོ་ས་ལ། མ་དྷུ་ནོཿ། ཨཱ་མ་ལ། མ་དྷཱུ་ནཱཾ། ངེ་ལ། མདྷུ་ནི། ཨོས་འདྲ། མདྷུ་ཥུ། ཨམྦུ་ཡང་འདི་དང་འདྲའ། །སུ་ལཱུ། ཞེས་པའང་རྟགས་མཐའ་ཐུང་
ངུར་འགྱུར། རྣམ་དབྱེ་དང་པོ་རྣམས་ལ། སུ་འུ། སུ་ལུ་ནཱི། སུ་ལཱུ་ནི། ཧེ་སུ་ལུ། ཧེ་སུ་ལོ། །ཧེ་སུ་ལུ་ནཱི། ཧེ་སུ་ལཱུ་ནི། གཉིས་པ་རྣམས་དང་པོ་དང་འདྲ། ཊཱ་ལ། མ་ནིང་རང་ལུགས་ལྟར་ན། ནུ་མ། སུ་ལུ་ནཱ། སྐྱེས་པའི་ལུགས་ལྟར་ན ལེགས་གཅོད། རྟགས་མཐའ་ཐུང་ངུར་མི་
འགྱུར། ཨིག་གི་ཨ་ཙ་ལ་ཡ་ཎ། སུ་ལྭཱ། སུ་ལུ་བྷྱཱཾ། སུ་ལུ་བྷྱཱཾཿ། ངེ་ལ། སུ་ལུ་ནེ། སུ་ལྭེ། བྷྱཱཾ་བྷྱས་འདྲ། ང་སི་ལ། སུ་ལུ་ནཿ། སུ་ལྭ་ནཿ། བྷྱཱཾ་བྷྱས་འདྲ། ང་ས་ལ། སུ་ལུ་ནཿ། སུ་ལྭཿ། ཨོས་ལ། སུ་ལུ་ནོཿ། སུ་ལྭོཿ། ཨཱ་མ་ལ། སུ་ལཱུ་ནཱི། སུ་ལྭཱཾ། ངི་ལ། སུ་ལུ་ནི།
སུ་ལྭི། ཨོས་འདྲ། སུ་ལུ་ཥུ། སི་ལཱུ་ཡང་འདི་དང་འདྲའོ། །ཀྲོཥྚུ་ལ། སུ། མ་ནི་ད་ལ་སུ་ཨམ་འཇིག །པྲི་ཡ་ཀྲོ་ཥྚུ། ཨཽ་ཤཱི། པྲི་ཡ་ཀྲོཥྚུ་ནཱི། ཛས་ཤེ། པྲི་ཡ་ཀྲོཥྚཱུ་ནི། སཾ་བུ་དྡྷི། ཧེ་པྲི་ཡ་ཀྲོཥྚུ། ཧེ་པྲིཡ་ཀྲོཥྚོ། གཉིས་ཚིག་དང་མང་ཚིག་འདྲ། གཉིས་པ་དང་པོ་དང་
Vol. 208 · folio 62a
འདྲ། ཊཱ་ལ། མ་ནིང་རང་ལུགས་ལྟར་ན། ནུ་མ། པྲི་ཡ་ཀྲོཥྚུ་ནཱ། སྐྱེས་པའི་ལུགས་ལྟར་ན་རྟགས་མཐའ་རྀར་འགྱུར། ཨི་ཀ་གི་ཨ་ཙ་ལ་ཡཎ། པྲི་ཡ་ཀྲོཥྚུ། པྲི་ཡ་ཀྲོཥྚུ་བྷྱཱཾ། པྲི་ཡ་ཀྲོཥྚུ་བྷིཿ། ངེ་ལ། པྲི་ཡ་ཀྲོཥྚུ་ནེ། པྲི་ཡ་ཀྲོཥྚུ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ།
བྲི་ཡ་ཀྲོཥྚུ་ནཿ། པྲི་ཡ་ཀྲོཥྚུཿ། བྷྱཱཾ་བྷྱཿའདྲ། ངས་ཡང་སི་དང་འདྲ། ཨོས། པྲི་ཡ་ཀྲོཥྚྲ་ནོཿ། པྲི་ཡ་ཀྲོཥྚུཿ། ཨཱ་མ་ལ། པྲི་ཡ་ཀྲོཥྚུ་ནཱཾ། ངི་ལ། པྲི་ཡ་ཀྲོཥྚུ་ནི། པྲི་ཡ་ཀྲོཥྚ་རི། ཨོས་འདྲ། པྲི་ཡ་ཀྲཥྚུ་ཥུ། དེ་རྣམས་ཀྱིས་ཨུ་ཡིག་རིང་ཐུང་གི་མཐའ་ཅན་མ་ནིང་གི་རྟགས་རྣམས་བཤད་
ཟིན་ཏོ། ༈ །མ་ཎི་ང་རྀ་མཐའ་ཅན་ནི། ཛྙཱ་ཏྲྀ། སུ། སུ་ཨམ་འཇིག །ཛྙཱ་ཏྲྀ། ཨཽ་ཥཱི། ཛྙཱ་ཏྲྀ་ཎི། བོད་ཚིག །ཧེ་ཛྙཱ་ཏྲྀ། ཧེ་ཛྙཱ་ཏྲི་ཎཱི། ཧེ་ཛྙཱ་ཏྲཱི་ཎི། གཉིས་པ་རྣམས་ཀྱང་འདྲ། ཊཱ་ལ། ཛྙཱ་ཏྲྀ་ཎཱ། ཛྙཱ་ཏྲཱ། བྷྱཱཾ་བྷིཿའདྲ། ངེ། ཛྙཱ་ཏྲྀ་ནི། ཛྙཱ་ཏྲི། བྷྱཱཾ་བྷྱཿའདྲ། ང་སི་ལ།
ཛྙཱ་ཏྲི་ཎཿ། ཛྙཱ་ཏུཿ། བྷྱཱཾ་བྷྱཿའདྲ། ངས། ང་སི་དང་འདྲ། ཨོས་ལ། ཛྙཱ་ཏྲི་ཎོཿ། ཛྙཱ་ཏྲོཿ། ཨཱཾ་ལ། ཛྙཱ་ཏྲཱྀ་ཎཱཾ། ངི་། ཛྙཱ་ཏྲྀ་ཎི། ཛྙཱ་ཏ་རི། ཨོས་འདྲ། བྷྱཱ་ཏྲྀ་ཥུ། ཀརྟཱྀ་ཡང་འདི་དང་འདྲའོ། །དེ་རྣམས་ཀྱིས་མ་ནིང་གི་རྟགས་ལས་རྀ་མཐའ་རྣམས་བཤད་ཟིན་ཏོ། ༈ །ད་ནི་ཨེ་ཙ་མཐའ་
ཅན་ནེ། བྲ་རྡོ་སུ། ཨེ་ཙ་ཨི་གྒྷཱ་སྭཱ་དེ་ཤེ། ཞེ་ཅའི་ཨི་ཀ་ཐུང་ངུར་ཀུན་ནས་བསྒྱུར་རོ། །མ་ནིང་གི་རྟགས་ལས་ཨེ་ཙ་སོ་སོར་བསྡུ་བའི་མཐའ་ཅན་རྣམས་ནི་ཨི་ཀ་སོ་སོར་བསྡུ་བའི་ཡི་གེ་ཐུང་ངུ་རྣམས་སུ་འགྱུར་བས། བྲངྷུ་ཞེས་པར་འགྱུར། སུ་ཕྱིས། པྲ་ངྷུ། པྲ་ངྷུ་ནཱི། པྲ་ངྷཱུ་ནཱི། ཧེ་པྲ་ངྷུ།
ཧེ་པྲ་ངྷུ་ནཱི། ཧེ་པྲ་ངྷཱུ་ནི། གཉིས་པ་རྣམས་འདྲ། ཊཱ་མན་ཆད་ལ་ཨ་ཅ་དང་པོ་ཅན་རྣམས་ལ་མ་ནིང་རང་ལུགས་ཀྱི་ཆོ་ག་ལྟར་ན་ནུ་མ་བྱིན། སྐྱེས་པའི་ལུགས་ལྟར་ཨེ་ཙའི་ཨ་ཡ་ཨ་ཝ་སོགས་བྱ་སྟེ། པྲ་ངྷུ་ནཱ། པྲ་ངྷ་ལླྭ། པྲ་ངྷུ་བྷྱཱཾ། པྲ་ངྷུ་བྷྱཱིཿ། པྲ་ངྷུ་ནི། པྲ་ངྷ་ཝེ། བྷྱཱ་བྷྱཿའདྲ། ང་སི་ལ།
པྲ་ངྷུནཿ། པྲ་ངྷོཿ། བྷྱཱཾ་བྷྱཿའདྲ། ངས་ཡང་ང་སི་དང་འདྲ། ཨོ་ས་ལ། པྲ་ངྷུ་ནོཿ། པྲ་ངྷ་ནོཿ། པྲ་ངྷ་ཝོཿ། ཨཱ་མ་ལ། པྲ་ངྷཱུ་ནཱཾ། པྲ་ངྷ་ཝཱཾ། ངི་ལ། པྲ་ངྷ་ཝི། ཨོ་ས་འདྲ། པྲ་ངྷུ་ཥུ། ནོར་རབ། པྲ་རི་ཞེས་པའང་པྲ་རི་ཞེས་པར གྲུ་བཟང་པོ། འགྱུར་། པྲ་རི། པྲ་རི་ཎཱི། བྲ་རཱི་ཎི།
Vol. 208 · folio 62b
ཧེ་པྲ་རི། ཧེ་པྲ་རི་ཎཱི། ཧེ་པྲ་རཱི་ཎི། གཉིས་པ་རྣམས་འདྲ། ཊཱ་སོགས་ལ་མ་ནིང་རང་ལུགས་ལྟར་ན་ནུམ་སྟེར། སྐྱེས་པའི་ལུགས་ལྟར་ན་ཨཻ་ཨཱ་ཡར་འགྱུར་ཏེ། རཻ་ཞེས་པའི་སྐབས་སུ་བཤད་པ་དང་འདྲའོ། །སུ་ནོ་ཞེས་པ། སུ་ནུ་ཞེས་པར་འགྱུར། ཨོ་ཨཱ་ཡ་དང་ཨོ་ཨཱ་ཝའི་ཁྱད་མ་
གཏོགས་པྲ་རཻ་སྐབས་དང་འདྲའོ། །ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སཱུ་ཏཱ་ད་ཇནྷ་ན་པུཾ་ས་ཀ་ལིངྒཱ་ནི་སམཱ་པྟཱཿ། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨ་ཙའི་མཐའ་ཅན་མ་ནིང་གི་རྟགས་རྣམས་རྫོགས་སོ། །དེ་རྣམས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་བཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་
ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་ཨ་ཙའི་མཐའ་ཅན་མ་ནིང་གི་རྟགས་རྣམས་ཀྱི་བྱ་བ་སྤྱིར་བཏང་དམིགས་བསལ་དང་བཅས་པ་རགས་པ་རྣམས་རེ་ཞིག་རྫོགས་སོ།། །།ད་ནི་ཧ་ལ་གྱི་མཐའ་ཅན་ཏེ་གསལ་བྱེད་མཐའ་ཅན་
ལས་དང་པོར་ཕོ་རྟགས་རྣམས་བཤད་བར་བྱའོ། །དེ་ཡང་དང་པོ་ཧ་མཐའ་ཅན་ལ། ལ་ཧ་ཞེས་པ་ལ། ཧོ་ཌྷཿ། ཧ་ཡི་ཌྷའོ། ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ན་ཡོད་པའི་ཆུ་རོལ་གྱི་ཧ་སྲོག་མེད་དང་ཚིག་མཐའི་ཧ་སྲོག་མེད་ནི་ཌྷ་རུ་འགྱུར་རོ། །ལི་ཧ། སུ། ཧ་ཡི་ཌྷ་འོས། ཧ་ཌྷ། ཧ་ལ་
དཱི་པ་ཨྭ་པ་རིང་རྣམས་ལ་ཞེས་བས། སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། མྱོང་། ལི་ཌ། ལི་ཊ། ཨཽ་དང་ཛས་ལ། ཨ་ཙ་དམན་པ་ཕ་རོལ་དུ་རབ་ཏུ་སྦྱོར་རོ། །ཞེས་པས་དྲངས། ལི་ཧཽ། ལི་ཧཿ། གཉིས་པ་རྣམས་ལ། ལི་ཧཾ། ལི་ཧཽ། ལི་ཧཿ། ཊཱ་ལ། ལི་ཧཱ། བྷྱཱ་ལ། ཧ་ཡི་
ཌྷ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་རྣམས་སོས། ཌྷ་ཌ་དྲངས། ལི་བྷྱཱཾ། བྷིཿ། ལིཌྦྷིཿ། ངེ་ལ། ལི་ཧེ། བྷྱཱཾབྷྱཿལ། ལིཾཌྦྷྱཱ། ལཌྦྷྱཿ། ངསི་ལ། ལི་ཧཿ། བྷཾཱྱཾབྷྱཿལ། ལིཌྦྷྱཿ། ལཌྦྷྱཿ། ངས་ལ། ལི་ཧཿ། ཨཱ་མལ། ལི་ཧཱཾ། ཨཱ་མ་ལ། ལི་ཧཱཾ། ངི་ལ། ལི་ཧེ། ཨོ་ས་ལ། ལི་ཧོཿ།
སུ་པ་ལ། ཧ་ཡི་ཌྷ་འོས་ཧ་ཌྷ། ཁར་ལ་ཅར་འོས། ཌྷ་ཊ་དྲངས། ལིཊྶུ། བོད་ཚིག་རྣམས་ཀྱང་རྣམ་དབྱེ་དང་པོ་དང་འདྲ་བས། ཧེ་ལི་ཊ། ཧེལིཊ། ཧེ་ལི་ཧཽ། ཧེ་ལི་ཧཿ། འཇོག དུ་ཧ་ཞེས་པ་ཅུང་མི་འདྲ་སྟེ། དུ་ཧ། སུ། བཱ་དེ་རྦྷཱ་ཏོ་རྒྷཿ། ད་སྔ་མའི་བྱིངས་ཀྱི་གྷའོ། །ད་སྔོན་ན་ཡོང་
Vol. 208 · folio 63a
པའི་བྱིངས་ཀྱི་ཧ་ཡིག་སྲོག་མེད་ནི། ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་གང་རུང་ཕ་རོལ་དུ་བྱུང་བ་དང་ཚིག་མཐའ་ལ་ཡང་གྷ་རུ་འགྱུར་ཏེ། ཧ་གྷ་ར་འགྱུར། དུ་གྷ། སུ། ཨེ་ཀཱ་ཙོ་བ་ཤོ་བྷཥ་ཛྷ་ཥཾ་ཏ་སྱ་སྡྷཱོཿ། ཨ་ཅག་གཅིག་པའི་བ་ཤའི་བྷ་ཥ་ཛྷ་ཥ་མཐའི་ས་དྷྭ་ད་ལའོ། །
བྱིངས་ཨ་ཙ་གཅིག་པ་ཛྷ་ཥ་སོ་སོར་བསྡུ་བའི་ཡི་གེ་མཐའ་ན་ཡོད་པའི་སྔ་མའི་བ་ཤའི་ཡི་གེ་རྣམས་བྷཥ་སོ་སོར་བསྡུ་པའི་ཡི་གེ་རང་དང་གནས་མཐུན་པ་རྣམས་སུ་འགྱུར་ལ། དེ་ཡང་ཛྷཥའི་ཡི་གེ་དེའི་ཕ་རོལ་དུ་ས་ཡིག་དང་དྷྭ་ཞེས་པ་དང་། ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་ཡོད་པ་ཚིག་མཐའ་ཡིན་པ་
ཞིག་དགོས་སོ། །སྐབས་འདིར་ཛྷཥའི་ནང་ཚན་གྷ་ཡིག་གི་སྔ་མ་བཤའི་ནང་ཚན་ད་དེ་བྷ་ཥའི་ནང་ཚད་ངྷ་རུ་འགྱུར། ཧལ། དཱི་པ་ཨཱ་བ་ཞེས་པས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། གྷ། ཀའམ་བ། དྷུ་ཀ །དྷུ་ག །ཨཽ་དང་ཛ་ས་ལ། དུ་ཧཽ། དུ་ཧཿ། གཉིས་པ་རྣམས་ལ།
དུ་ཧཾ། དུ་ཧཽ། དུ་ཧཿ། ཊཱལ། དུ་ཧཱ། བྷྱཱཾ་ལ། ད་སྔོན་མའི་ཞེས་པས་ཧགྷ། ཨ་ཅ་གཅིག་པའི་ཞེས་པས། ད་ངྷ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛྷ་ཤ་འོས། གྷ་ག་དྲངས། དྷུ་གྦྷྱཱཾ། དྷུ་གྦྷིཿ། བཞི་པ་རྣམས་ལ། དུ་ཧེ། དྷུ་སྦྷྱཱཾ། དྷུ་གྦྷྱཿ། ལྔ་བ་རྣམས་ལ། དུ་ཧཿ། དྷུགྦྷཾ། དྷུ་གྦྷྱཿ། དྲུག་
པ་རྣམས་ལ། དུ་ཧཿ། དུ་ཧོཿ། དུ་ཧཱཾ ངི་ལ། དུ་ཧི། ཨོ་ས་ལ། དུ་ཧོཿ། སུ་བ་ལ། ཧ་གྷ། ད་དྷ། ཁར་ལ་ཞེས་པས། གྷ་ཀ ཀུན་ནས་བསྒྱུར་པ་དང་ཞེས་པས། ག་ཥ། དྷུ་ཀྵ། བོད་ཚིག་རྣམས་རྣམ་དབྱེ་དང་པོ་དང་འདྲ། ཧེ་གྷུ་ཀ །ཧེ་དཱུ་ག །ཧེ་དུ་ཧཽ། ཧེ་དུ་ཧཿ། བཱ་དྲུ་ཧ་མུ་ཧ་
སྣུ་ཧ་སྣི་ཧཱཾ། དྲུ་ཧ། མུ་ཧ། སྣུ་ཧ། སྣི་ཧ་རྣམས་ཀྱི་ཡང་ནའོ། དྲུ་ཧ་ལ་སོགས་པ་འདི་རྣམས་ཀྱི་གོང་ལི་ཧ་ཞེས་པའི་སྐབས་ལྟར་ཧ་ཌྷ་འགྱུར་པ་དང་བཤད་མ་ཐག་པ་དུ་ཧའི་སྐབས་ལྟར་ཧ་གྷར་འགྱུར་བ་གཉིས་འདམ་ཀ་ཅན་དུ་བྱ་སྟེ། དྲུ་ཧལ། སུ། དྷཱུ་ཀ །དྷཱུ་ག །ངྷཱུ་ཊ། དྷྲུ་ཊ། ཞེས་
གཟུགས་བཞི་འབྱུང་ངོ་། རྨོངས་པ། ཨཽ་དང་ཛས་ལ། དུ་ཧཽ། དྲུ་ཧཿ། གཉིས་པ་རྣམས་ལ། དྲུ་ཧཾ། དྲུ་ཧཽ། དྲུ་ཧཿ། ཊཱ་ལ། དྲུ་ཧཱ། བྷྱཱཾ་ལ། དྷྲུ་གྦྷཱུཾ། དྷྲུ་གྦྷྱཱཾ། བྷིས་ལ། དྷྲུ་གྦྷིཿ། དྷྲུཌྦྷིཿ། ངེ་ལ། དྲུ་ཧེ། བྷྱཱ་མ་བྷྱཿལ། དྷྲུ་གྦྷྱཾ། དྷྲུ་གྦྷྱཾ། འ་ཁུ་ས། དྷྲུ་ཌྦྷྱཿ། ང་སི་ལ། དྲུ་ཧཿ། བྷྱཱཾ་བྷྱཿ། འདྲ།
Vol. 208 · folio 63b
དྲུག་པ་རྣམས་ལ། དྲུ་ཧཿ། དྲུ་ཧོཿ། དྲུ་ཧཱི། ངི་ཨོས་ལ། དྲུ་ཧི། དྲུ་ཧོཿ། སུ་པ་ལ། དྷྲུ་ཊྶུ། དྷྲུ་ཊྶུ། སཾ་བུདྡྷི་རྣམ་དབྱེ་དང་པོ་དང་འདྲ། །མུ་ཧ། སྣུ་ཧ། སྣི་ཧ་རྣམས་ཀྱང་འདི་དང་འདྲའོ། །བི་ཤྭ་ཝཱ་ཧ་ལ་སུ། བི་ཤྭ་ཝཱ་ཌ། ཨཽ་དང་ཛས། བི་ཤྭ་ཝཱ་ཧཽ། བི་ཤྭ་ཝཱ་ཧཿ།
ཧེ་བི་ཤྭ་ཝཱ་ཊ། ཧེ་བཾ་ཤྭ་ཝཱ་ཊ། ཧེ་བི་ཤྭ་ཝཱ་ཏོ། ཧེ་བི་ཤྭ་ཝཱ་ཧཿ། ཨ་མ་ལ། བི་ཤྭ་ཝཱ་ཧཾ། ཨཽ་ཊ་ལ། བི་ཤྭ་ཝཱ་ཧཽ། ཤ་ས་ལ། ཝཱ་ཧ་ཨཱུ་ཋ། ཝཱ་ཧའི་ཨཱུ་ཋའོ། ཝཱ་ཧ་ཞེས་པའི་སྒྲ་འདིའི་ སྣ་ཚོགས་ཐོབ། ཝ་ནི་རྣམ་དབྱེ་གཉིས་པའི་ཤས་ནས་བཟུང་ཨ་ཙ་ཐོག་མ་ཅན་རྣམས་ལ་ཨཱུ་ཋ་ཞེས་
པར་འགྱུར་རོ། །ཝ་ཨཱུ་ཨེ་ཏི་ཨེ་ངྷ་ཏི་ཨཱུ་ཋ་རྣམས་ལའོ། ཞེས་པས་འཕེལ་བ། བི་ཤྲཽ་ཧཿ། ཊཱ་ལ། བི་ཤྭཽ་ཧཱ། བྷྱཱཾ་བྷི་ས་ལ། བི་ཤྭ་བཱཌྦྷྱཱཾ། བི་ཤྭ་བཱ་དྦྷཱཾཿ། ངེ་ལ། བི་ཤྭཽ་ཧེ། བྷྱཱཾ་བྷྱཿའདྲ། ང་སི་ལ། བི་ཤྭོ་ཧཿ། བྷྱཱཾ་བྷྱ་ས་འདྲ། ང་ས་ལ། བི་ཤྭཽ་ཧཿ། ཨོ་ས་ལ། བུ་ཤྭཽ་ཧོཿ། ཨཱ་མ་ལ།
བུ་ཤྭཽ་ཧཱཾ། ངི་ལ། བུ་ཤྭཽ་ཧི། བི་ཤྭཽ་ཧོཿ། སུ་བ་ལ། བུ་ཤྭ་བཱ་ཊྶུ། བྷཱུ་ཝ་ཧ་ཡང་འདི་དང་འདྲའོ། ཧ་ཡིག་མཐའ་ཅན་ཨ་ན་ཌུ་ཧ་ལ། གླང་ཁྱུག་སུ། ཙ་ཏུ་ར་ན་ཌུ་ཧོ་རཱ་མུ་དཱ་དྷཿ། ཙ་ཏུ་ར་ཨ་ན་ཌུ་ཧ་དག་གི་ཨཱ་མ་ཨུ་དཱ་ཏྟའོ། །ཙ་ཏུ་ར་དང་ཨ་ན་ཌུ་ཧ་དག་ལ། རྣམ་དབྱེ་ཐམས་ཅད་ནས་པའི་མིང་ཅན་
རྣམས་ཕ་རོལ་ལ་ཨཱ་མ་ཨཱ་གམ་སྟེར་ཏེ་དེ་ལ་ཨུ་དཱ་ཏྟའི་མིང་ཅན་ཞེས་མིང་འདོགས་བྱེད་དོ། །ཨཱ་མ་ཞེས་པའི་མ་ནི་མ་འགྲོ་བ་ཨ་ཙའི་མཐའ་ལས་ཕ་རོལ་ཞེས་པའི་དོན་ནོ། །ཨ་ན་ཌྭཱ་ཧ། སུ། སཱ་ཝ་ན་ཌུ་ཧཿ། ཨ་ན་ཌུ་ཧའི་སུ་ལའོ། །ཨ་ན་ཌུ་ཧ་ཞེས་པའི་རྟགས་ལ་རྣམ་དབྱེ་དང་པོའི་
གཅིག་ཚིག་སུ་དང་སཾ་བུ་ངྔྷིའི་མིང་ཅན་གྱི་སུ་ཕ་རོལ་ལ་ནུམ་ཨཱ་ག་མ་འགྱུར་ཏེ། ནུ་མ་བྱིན། ཧ་ལ་དཱི་པ་ཨཱ་པ་ཞེས་པས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཧི་ཕྱིས། ཨ་ན་ཌྭཱ་ན། ཨཽ་དང་ཛ་ས་ལ། ཨ་ན་ཌྭཱ་ཧཽ། ཨ་ན་ཌྭཱ་ཧཿ། ཨ་ན་ཌུ་ཧ་ལ། སཾ་བུ་དྡྷི། ཨ་མ་སཾ་
བུདྡྷཽ། སཾ་བུ་དྡྷི་ལ་ཨ་མའོ། ཨ་ན་ཌུ་ཧ་དང་ཙ་ཏུར་གཉིས་ལ་སཾ་བུདྡྷི་ཕ་རོལ་ལ་ཨ་མ་ཨཱ་ག་མ་སྟེར་རོ། །ཨ་ན་ཌུ་ཧའི་སི་ལ་འོས་ནུ་མ། ཧེ་ཨ་ན་ཌྭ་ན། ཧེ་ཨན་ཌྭཱ་ཧོཾ། ཧེ་ཨ་ན་ཌྭཱ་ཧཿ། ཨ་མ་ལ། ཨ་ན་ཌྭཱ་ཧཾ། ཨཽ་ལ། ཨ་ན་ཌྭཱ་ཧཽ། ཤ་ས་ལ། ཨ་ན་ཌུ་ཧཿ། ཊཱ་ལ། ཨ་ན་
Vol. 208 · folio 64a
ཌུ་ཧཱ། ཨ་ན་ཌུ་ཧ་ལ། བྷྱཾ་བྷྱས། བསུ་སྲཾ་སཱུ་དྷྭཾ་སྭ་ན་ཌྭ་ཧཱཾ་དཿ། བ་སུ་སྲཾ་སུདྷྭཾ་སུ་ཨ་ན་ཌུ་ཧ་རྣམས་ཀྱི་དའོ། བ་སུ་དང་སྲཾ་སུ་དང་དྷྭཾ་སུ་དང་ཨ་ན་ཌུ་ཧ་རྣམས་ཀྱིས་མཐའ་རྣམས་དང་ཧ་ཡིག་ནི་ཛྷལ་སོ་སོར་བསྡུ་བའི་ཡི་གེ་གང་རུང་ཕ་རོལ་ན་ཡོད་པ་དང་ཚིག་མཐའ་ལ་ད་རུ་འགྱུ་རོ་
ཨ་ན་ཌུ་དྡྷུཾ། ཨ་ན་ཌུ་དྡྷིཿ། བཞི་པ་རྣམས་ལ། ཨ་ན་ཌུ་ཧེ། ཨ་ན་ཌུ་དྦྷྱཱཾ། ཨ་ན་ཌུ་དྦྷྱཿ། ལྔ་པ་རྣམས་ལ། ཨ་ན་ཌུ་ཧཿ། ཨ་ན་ཌུ་དྦྷྱཱཾ། ཨ་ན་ཌུ་དྦྷྱཿ། དྲུག་པ་རྣམས་ལ། ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧོཿ། ཨ་ན་ཌུ་ཧཱཾ། བདུན་པ་རྣམས་ལ། ཨ་ན་ཌུ་ཧི། ཨ་ན་ཌུ་ཧོཿ། ཨ་ན་ཌུ་ཏྶུ། ཤྭེ་ཏ་ཝཱ་ཧ་ཞེས་
པ་ཅུང་མི་འདྲ་སྟེ། འགྲེལ་བར། ཤྭེ་ཏ་ཝཱ་ཧ། ཨུ་ཀླ་ཤཱ་ས། བུ་རོ་ཌཱ་ས། ཨ་ལ་ཡཱ་ཛ། རྣམས་ལ་ཚིག་མཐའ་མ་ཡིན་པ་ལ་ཌ་སའི་རྐྱེན་འཇུག་གོ་ཞེས་པ་བྱུང་བས། རྟགས་དེ་རྣམས་ལ་དབྱངས་མ་ཡིན་པའི་ཧ་ལ་ཐོག་མ་ཅན་གྱི་རྣམ་དབྱེ་རྣམས་ལ་ཌ་སའི་རྐྱེན་བྱིན། ཌ་ཡིག་ དཀར་པོ་ཐོབ་པ་
ཊིའི་ལོ་ཞེས་པའི་དོན་ཡིན་པས་ཊི་ཕྱིས། ཤྭེ་ཏ་བས་སུ། ཨ་ཏྭ་སཾ་ཏ་སྱ་ཙཱ་དྷཱ་ཏོཿ། ཨ་ཏུ་ཨ་ས་མཐའ་དབྱིངས་མ་ཡིན་པའིའོ། ཨ་ཏུའི་མཐའ་དང་ཨས་ཀྱི་མཐའ་བྱིངས་མ་ཡིན་པ་དག་སཾ་བུདྡྷི་མ་ཡིན་པའི་སུ་ཕ་རོལ་ལ་ཨུ་པདྷཱ་རིང་བོར་འགྱུར་རོ། །ཤྭེ་ཏ་བཱཿ། ཨཽ་དང་ཛ་ས་ལ། ཤྭེ་ཏ་
བཱ་ཧཽ། ཤྭེ་ཏ་བཱ་ཧཿ། ཨ་མ་ལ། ཤྭེ་ཏ་བཱ་ཧཾ། ཨཽ་ལ། ཤྭི་ཏ་བཱ་ཧཽ། ཤྭེ་ཏ་བཱ་ཧ། ཤས། ཤས་ནས་བཟུང་ཨ་ཅ་ཐོག་མ་ཅན་རྣམས་ལ་སྔར་བི་ཤྭ་ཝཱ་ཧའི་སྐབས་སུ་བཤད་པ་ལྟར་ཨཱུ་ཋར་འགྱུར་བ་དང་མི་འགྱུར་བ་ཡང་ན་བ་སྟེ། ཤྭེ་ཏཽ་ཧཿ། ཤྭེ་ཏ་ཝཱ་ཧཿ། ཊཱ་ལ། ཤྭེ་ཏཽ་ཧཱ། ཤྭེ་ཏ་ཝཱ་ཧཱ་
བྷྱཱཾ་ལ། ཌ་སའི་རྐྱེན། ཏི་ཕྱིས། ས་ས་ཇུ་ཥ་དག་གི་རུ། ཨ་ལས་ཡོན་ཏན། ཤྭེ་ཏ་པོ་བྷྱཱཾ། བྷིས་ལ། ཤྭེ་ཏ་བོ་བྷིཿ། ངེ་ལ། ཤྭེ་ཏ་བཱ་ཧེ། ཤྭེ་ཏཽ་ཧེ། བྷྱཱཾ་བྷྱ་ས་ལ། ཤྭེ་ཏ་བོ་བྷྱཱཾ། ཤྭེ་ཏ་བོ་བྷྱཿ། ང་སི་ལ། ཤྭེ་ཏཽ་ཧཿ། ཤྭེ་ཏ་བཱ་ཧཿ། བྷྱཱཾ་བྷྱཿའདྲ། ངས་ལ། ཤྭེ་ཏཽ་ཧཿ། ཤྭེ་ཏ་བཱ་ཧཿ།
ཨོ་ས་ལ། ཤྭེ་ཏཽ་ཧོཿ། ཤྭེ་ཏ་བཱ་ཧོཿ། ཨཱ་མ་ལ། ཤྭེ་ཏཽ་ཧཱཾ། ཤྭེ་ཏ་བཱ་ཧཱཾ། ངི་ལ། ཤྭེ་ཏཽ་ཧི། ཤྭེ་ཏ་བཱ་ཧི། ཨོས་འདྲ། སུ་པ་ལ། ཤྭེ་ཏ་བ་སྶུ། སཾ་བུ་དྡྷི་ལ། ཨ་ཝ་ཡཱཿ། ཤྭེ་ཏ་བཱཿཔུ་རོ་ཌཱ་ཤྩ། ཨ་ཝ་ཡཱ་ཇ་ཤྭེ་ཏ་བཱ་ཧ་བུ་རོ་ཌཱ་ས་རྣམས་ཀྱིའང་ངོ་། །གོང་དུ།
Vol. 208 · folio 64b
ཨ་ཏུ། ཨས་མཐའི་བྱིངས་མ་ཡིན་པའི་འོ་ཞེས་པའི་འགྲེལ་པར། སཾ་བུདྡྷི་ཡིན་པའི་སུ་ཕ་རོལ་ལ་ཞེས་པ་བྱུང་ཡང་། ཨ་ཝ་ཡཱ་ཛ། ཤྭེ་ཏ་བཱ་ཏ། པུ་རོ་ཌཱས་ཞེས་པ་འདི་རྣམས་ཀྱི་སཾ་བུ་དྡྷི་ལ་ཨུ་པ་དྷཱ་རིང་པོར་འགྱུར་རོ་ཞེས་པ་བྱུང་བས་གཉིས་ཀ་འཇུག་པས་འདམ་ཀ་ཅན་དུ་བཟུང་ངོ་། །
ཧེ་ཤྭེ་ཏ་བཱཿ། ཧེ་ཤྭེ་ཏ་བཿ། ཧེ་ཤྭེ་ཏ་བཱ་ཏཽ། ཧེ་ཤྭེ་ཡ་བཱ་ཧཿ། ཨུ་ཀྠ་ཤཱ་ས། སོགས་ཀྱང་ཤྭེ་ཏ་བཱ་ཧ་དང་འདྲ་སྟེ། སུ་ལ། ཌས། ཊི་ཕྱིས། ཨུ་པ་དྷཱ་རིང་པོ། ཨུ་ཀྠ་ཤཱཿ། ཨཽ་དང་ཛ་ས་ལ། ཨུ་ཀྠ་ཤཱ་སཿ། གཉིས་པ་རྣམས་ལ། ཨུ་ཀྠ་ཤཱ་སཾ། ཨུཀྠ་ཤཱ་སཽ། ཨུ་ཀྠ་
ཤཱ་སཿ། ཊཱ་ལ། ཨུ་ཀྠ་ཤཱ་སཱ། བྷྱཱཾ་ལ། ཌས་ཊི་ཕྱིས། མཚམས་སྦྱར། ཨུ་ཀྠ་ཤོ་བྷྱཱཾ། ཨུ་ཀྠ་ཤོ་བྷིཿ། བཞི་པ་རྣམས་ལ། ཨུ་ཀྠ་ཤཱ་སེ། ཨུ་ཀྠ་ཤོ་བྷྱཱཾ། ཨུ་ཀྠ་ཤོ་བྷྱཱཿ། ང་སི་ལ། ཨུ་ཀྠ་ཤཱ་སཿ། བྷྱཱཾ་བྷྱས་འདྲ། དྲུག་པ་རྣམས་ལ། ཨུ་ཀྠ་ཤཱ་སཿ། ཨུ་ཀྠ་ཤཱ་སོཿ། ཨུ་ཀྠ་ཤཱ་སོཿ། ཨུ་ཀྠ་ཤཱ་སཱཾ། ངི་ལ།
ཨུ་ཀྠ་ཤཱ་སི། ཨོས་འདྲ། སུ་པ་ལ། ཨུ་ཀྠ་ཤཱཿསུ། ཨུ་ཀྠ་ཤཱ་སྶུ། བོད་ཚིག །ཧེ་ཨུ་ཀྠ་ཤཱཿ། ཧེ་ཨུ་ཀྠ་ཤཿ། ཧེ་ཨུ་ཀྠ་ཤཿ། ཧེ་མུ་ཀྠ་ཤཱ་སཽ། ཧེ་ཨུ་ཀྠ་ཤཱ་སཿ། ཨུ་ཝ་ཡཱ་ཛ། བུ་རོ་ཌཱ་ས་དག་ཀྱང་འདི་དང་འདྲའོ། ཏྭ་རཱ་སཱ་ཧ། སུ། ཧའི་ཌྷ་འོས། ཧ་ཌྷ། ས་ཧེ་སྶཱ་ཌྷ་སྶཿ། སཱ་ཧའི་སཱ་ཌྷའི་སའོ། །
སཱ་ཧ་ཞེས་པའི་རྟགས་སཱ་ཌྷ་ཞེས་པར་འགྱུར་བའི་སྔ་མའི་ས་དེ་ཥ་ཡིག་ཏུ་འགྱུར་ཏེ། ཥ་ས་ཧ་ལ་དཱི་པ། ཞེས་པས་སུ་ཕྱིས། གནས་མེད་པ་ལ་འོས་ཌྷ་ཌའམ། ཊ། ཏཱ་རཱ་ཥཱ་ཌ། ཏྭ་རཱ་ཥཱ་ཊ། ཨཽ་དང་ཛ་ས་ལ། བརྒྱ་བྱིན་གྱི་རྟ། ཏྭ་རཱ་སཱ་ཧཽཿ། ཏྭ་རཱ་སཱ་ཧཿ། གཉིས་པ་རྣམས་ལ། ཏྭ་རཱ་སཱ་ཧཾ། ཏྭ་རཱ་
སཱ་ཧཽ། ཏྭ་རཱ་སཱ་ཧཿ། ཊཱ། ཏྭ་རཱ་སཱ་ཧཱ། བྷྱཱཾ་བྷི་ས་ལ། ཏྭ་རཱ་ཥཱ་ཌྦྷྱཱཾ། ཏྭ་རཱ་ཥཱ་ཌྦྷིཿ། དེ་ལ། ཏྭ་རཱ་སཱ་ཧེ། བྷྱཱཾ་བྷྱ་ས། ཏྭ་རཱ་ཥཱ་ཌྦྷྱཱཾ། ཏྭ་རཱ་ཥཱ་ཌྦྷྱཿ། ང་སི་ལ། ཏྭ་རཱ་སཱ་ཧཿ། བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། ཏྭ་རཱ་སཱ་ཧཿ། ཏྭ་རཱ་སཱ་ཧོཿ། ཏྭ་རཱ་སཱ་ཧཱཾ། ངི་ལ། ཏྭ་རཱ་སཱ་ཧི། ཨོས་འདྲ། སུ་པ་ལ།
ཏྭ་རཱ་ཥཱ་ཊྶུ། བོད་ཚིག་ལ། ཧེ་ཏྭ་རཱ་ཥཱ་ཊ། ཧེ་ཏྭ་རཱ་ཥཱ་ཊ། ཧེ་ཏྭ་རཱ་ཥཱ་ཌ། ཧེ་ཏྭ་རཱ་སཱ་ཧོ། ཧེ་ཏྭ་རཱ་སཱ་ཧཿ། པ་ཡིག་མཐའི་ཅན་སུ་དི་ཝ་ལ་སུ། ཉི་མ་བཟང་པོ། དི་ཝ་ཨཽ་ཏ། དི་ཝཱའི་ཨཽའི། །དི་ཝ་ཞེས་པའི་ཝ་ནི་སུ་ཕ་རོལ་ལ་ཨཽ་རུ་འགྱུར་རོ། །སུ་དྱཽཿ། ཨཽ་དང་ཛ་ས་ལ། སུ་དི་ཝཽ། སུ་དི་ཝཿ། ཨ་མ་ལ།
Vol. 208 · folio 65a
འགྲེལ་པར་དི་ཝའི་ཝ་ཨ་མ་ལ་ཡང་ན་ཨའོ་ཞེས་པ་བྱུང་བས། ལུགས་གཅིག་ལ་དི་ཝའི་ཝ་ཨ། ཨི་ཀའི་ཨ་ཙ་ལ་ཡ་ཎ། ཨ་མ་ལ་སྔ་འོས། སུ་དྱཾ། ལུགས་གཅིག་ལ། སུ་དི་ཝཾ། ཨཽ་དང་ཤས་ལ། སུ་དེ་ཝཽ། སུ་དི་ཝཿ། ཊཱ་ལ། སུ་དི་ཝཿ། བྷྱཱཾ་བྷྱ་ས་ལ། དི་ཝ་
ཨུ་ཏ་དི་ཝའི་ཨུ་ཏའོ། །དི་ཝ་ཞེས་པའི་ཝ་ནི་རྣམ་དབྱེ་ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཨུ་རུ་འགྱུར་རོ། །སུ་དྱུ་བྷྱཱཾ། སུ་དྱཱུ་བྷིཿ། ངེ་ལ། སུ་དི་ཝི། བྷྱཱཾ་བྷྱ་ས་ལ། སུ་དཱུ་བྷྱཱཾ། སུ་དྱཱ་བྷྱཿ། ང་སི་ལ། སུ་དི་ཝཿ། བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། སུ་དི་ཝཿ། སུ་དི་ཝོཿ། སུ་དི་ཝཱཾ། དི་ལ། སུ་དི་ཝི།
ཨོས་ལ། སུ་དི་ཝོཿ། སུ་པ་ལ། སུ་དྱུ་ཥུ། བོད་ཚིག་ལ། ཧེ་སུ་དྱཽཿ། ཧེ་སུ་དི་ཝཽ། ཧེ་སུ་དི་ཝཿ། ར་མཐའ་ཅན་ལ་ཙ་ཏུ་ར་ཞེས་པར་མང་ཚིག་བདུན་པོ་སྦྱོར་ཏེ། ཙ་ཏུ་ར། ཛ་ས། ཙ་ཏུ་ར་ཨན་ཌུ་ཧ་དག་གི་ཨཱ་མ་ཨུ་དཱ་ཏྟའོ་ཞེས་པའི་མདོས་ཨཱ་མ་ཨཱ་ག་མ། ཙ་ཏྭཱ་རཿ། ཤ་ས་ལ། ཙ་ཏུ་རཿ།
བྷིས་ལ། ཙ་ཏུ་རྦྷིཿ། བྷྱ་ས་གཉིས་ལ། ཙ་ཏུ་རྦྷྱཿ། ཨཱ་མ་ལ། ཥ་ཊ་ཙ་ཏུ་རྦྷྱ་ཤྩ། ཥ་ཊ་ཙ་ཏུར་རྣམས་ལས་ཀྱང་ངོ་། བཞི། །ཥ་ཊ་དང་ཙ་ཏུ་ར་ཞེས་པ་ལ། རྣམ་དབྱེ་དྲུག་པའི་ཨཱ་མ་ལ་ནུ་ཊ་སྟེར་རོ། །ར་ཥ་སོགས་ཀྱིས་ན་ཎ། ཨ་ཙ་ལས་ར་ཧ་ལ་ཞེས་པས་ཌ་གཉིས། ཙ་ཏུ་རྦྷཱ། སུ་བ་ལ། རོ་སྦུ་གི་
རའི་སུ་པ་ལའོ། །ཙ་ཏུ་ར་གྱི་ར་ནི་རྣམ་དབྱེ་བདུན་པའི་མང་ཚིག་སུ་པ་ཕ་རོལ་ལ་རྣམ་པར་བཅད་པར་མི་འགྱུར་བར་ར་ཉིད་འདྲེན་པའོ། །ཙ་ཏུ་རྵུ། སྤྱིར་བཏང་ར་ཧ་ལ། ཞེས་པས་ཥ་གཉིས་སུ་བྱ་བ་ཐོབ་ཀྱང་། ཤ་རོ་ཅི། ཨ་ཙ་ལ་ཤར་གྱིའོ། །ཤར་སོ་སོའི་བསྡུ་བའི་ཡི་གེ་ཨ་ཙ་དང་ལྡན་པ་དག་ར་
ཧ་ལ་གཉིས་སུ་མི་འགྱུར་རོ་ཞེས་པས་དམིགས་བསལ་གྱི་མདོས་གཉིས་སུ་མི་འགྱུར། ཧེ་ཙ་ཏྭཱ་རཿ། པྲི་ཡ་ཙ་ཏུ་ར་ཞེས་པ་ལྟ་བུ་རྣམ་དབྱེ་ཐམས་ཅད་འཇུག་སྟེ། སུ་ལ། པྲི་ཡ་ཙ་ཏྭཱཿ། ཨཽ་དང་ཛ་ས་ལ། པྲི་ཡ་ཙ་ཏྭཱ་རཿ། ཨ་མ་ལ། པྲི་ཡ་ཙ་ཏྭཱ་རཾ། ཨཽ་ལ། པྲི་ཡ་ཙ་ཏྭཱ་རཽ། ཤ་ས་ལ།
པྲི་ཡ་ཙ་ཏུ་རཿ། གསུམ་པ་རྣམས་ལ། པྲི་ཡ་ཙ་ཏུ་རཱ། པྲི་ཡ་ཙ་ཏུ་རྦྷཾ། པྲི་ཡ་ཙ་ཏུ་རྦྷིཿ། བཞི་པ་རྣམས་ལ། དགའ་བ་བཞི། པྲི་ཡ་ཙ་ཏུརྦྷྱཿ། ད་སི་ལ། པྲི་ཡ་ཙ་ཏུ་རཿ། བྷྱཱཾ་བྷྱ་ས་འདྲ། ང་ས་ལ། པྲི་ཡ་ཙ་ཏུ་རཿ། ཨོ་ས་ལ། པྲི་ཡ་ཙ་ཏུ་རོཿ། ཨཱ་མ་ལ། གྲངས་བགྲོད་
Vol. 208 · folio 65b
པའི་སྐབས་མ་གཏོགས་ནུ་ཊ་མི་འཇུག །པྲི་ཡ་ཙ་ཏུ་རཱཾ། ངི་ཡ། པྲི་ཡ་ཙ་ཏུ་རི། ཨོ་ས་ལ། པྲི་ཡ་ཙ་ཏུ་རོཿ། པྲི་ཡ་ཙ་ཏུ་རྵུ། སཾ་བུ་དྡྷི་ལ་ཨཾ། ཧེ་ཙ་ཏྭཿ། ཧེ་ཙ་ཏྭཱ་ར༈། ཧེ་ཙ་ཏྭཱ་རཿ། མ་མཐའ་ཅན་ལ། པྲ་ཤཱ་མ་ལ་སུ། མོ་ནོ་དྶཱ་ཏོཿ། བྱིངས་ཀྱི་མའི་ནའོ། །བྱིངས་ཀྱི་མ་ནི་ཛྷ་ལ་སོ་སོར་བསྡུ་བའི་ཡི་
གེ་རྣམས་ཕ་རོལ་དང་ཚིག་མཐའ་ལ་ན་རུ་འགྱུར་ཏེ། མ་ན། སུ་ཕྱིས། པྲ་ཤཱ་ན། ཨཽ་དང་ཛ་ས་ལ། །པྲ་ཤཱ་མཽ། པྲ་ཤཱ་མཿ། གཉིས་པ་རྣམས་ལ། པྲ་ཤཱ་མི། པ་ཤཱ་མཽ། པྲ་ཤཱ་མཿ། ཊཱ་ལ། པྲ་ཤཱ་མཱ། བྷྱཱཾ་ལ། པྲ་ཤཱ་ནྦྷཱཾཿ། བཞི་པ་རྣམས་ལ། པྲ་ཤཱ་མེ། པྲ་ཤཱ་ནྦྷྱཱཾ།
པྲ་ཤཱ་ནྦྷཿ། ང་སི་ལ། པྲ་ཤ་མཿ། བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། པྲ་ཤཱ་མཿ། པྲ་ཤཱ་མོཿ། པྲ་ཤཱ་མཱཾ། བདུན་པ་རྣམས་ལ། པྲ་ཤཱ་མི། པྲ་ཤཱ་མོཿ། པྲ་ཤཱ་ནྶུ། ཧེ་པྲ་ཤཱ་ན། ཧེ་པྲ་ཤཱ་མཽ། ཧེ་པྲ་ཤཱ་མཿ། ཀི་མ་ལ། སུ། ཀི་མཿཀཿ། ཀི་མ་གྱི་ཀའོ། །ཀི་མ་ཞེས་པའི་སྒྲ་ནི་རྣམ་དབྱེ་གང་
མཐོང་ཡང་ཀ་ཞེས་པ་འགྱུར་རོ། །ཀཿ། ཀཽ། ཀེ། སོགས་ཏེ་པོ་རྟགས་ས་རྦའི་སྐབས་དང་འདྲའོ། །ས་རྦ་ནཱ་མའི་ནང་ཚན་ཨི་དམ་ལ། སུ། ཨི་དམོ་མཿ། ཨི་དམ་གྱི་མའོ། ཨི་དམ་ཞེས་པའི་མ ཨི་ནི་སུ་ཕ་རོལ་ལམ་ཉིད་དུ་གནས་ཏེ། ཏྱ་ད་སོགས་རྣམས་ཀྱི་ཨའོ་ཞེས་པ་འགོག་
པའི་དོན་ནོ། །ཨི་ད་མོ་ཡ་པུཾ་སི། ཨི་དམ་གྱི་ཨ་ཡྲ་སྐྱེས་པ་ལའོ། ཨི་དམ་ཞེས་པའི་ཨི་དང་ད་སྲོག་མེད་ནི་སྐྱས་པའི་རྟགས འདི། ཀྱི་སྐབས་སི་ཕ་རོལ་ལ་ཡང་ཨ་ཡ་ཞེས་པར་འགྱུར་ཏེ། ཨ་ཡཾ། ཨི་དམ་ལ། ཨཽ། ཏྱ་ད་སོགས་རྣམས་ཀྱི་ཨ་འོས་མ་ཨ། ཨ་ཏོ་དུ་ཎེ། ཨ་ད་ཀྱི་ཡོན་
ཏན་ལའོ། །ཚིག་མཐའ་མ་ཡིན་པའི་ཨ་ཡ་མཐའ་ལས་ཨི་དམ་གྱིས་ཨར་འགྱུར་བ་ལྟ་བུའི་ཨ་ཡིག་ཡོན་ཏན་གྱི་མིང་ཅན་དེ་སྔ་མའི་གཟུགས་སུ་འགྱུར་རོ། །ཨི་ད། ཨཽ། ད་ཤྩ། དའིའང་ངོ་། ཨི་དམ་ཞེས་པའི་མ་ཨར་འགྱུར་བ་སྔ་མའི་གཟུགས་སུ་སོར་བའི་ད་དེའང་རྣམ་དབྱེ་གང་མཐོང་
ཡང་མ་རུ་འགྱུར་རོ། །ཨི་མ། ཨཽ། ཨེ་ཅ་ལ་འཕེལ་བ་འོས། ཨི་མཽ། ཛས་ལ། ཨི་དམ། ཨི་མ། ཛས་ཤཱི་ཨ་ལས་ཡོན་ཏན། ཨི་མེ། གཉིས་པ་རྣམས་ལ། ཨི་མཾ། ཨི་མཽ། ཨི་མཱ་ན། ཊཱ་ལ། ཨ་ནཱ་བྱ་ཀཿ། ཨཱ་པ་ལ་ཨ་ན་ཀ་མ་ཡིན་པ་ལའོ། ཨི་དམ་ཞེས་ཏྱད་སོགས་རྣམས་
Vol. 208 · folio 66a
ཀྱི་ཨ་འོས། ཨི་ད་ཞེས་པར་བསྒྱུར་བ་ནི་ཀའི་རྐྱན་མཐའ་ཅན་མ་ཡིན་ན་ཨཱ་པ་སོ་སོར་བསྡུ་བ་སྟེ་རྣམ་དབྱེ་གསུམ་པའི་ཊཱ་ནས་བདུན་པའི་སུ་པ་ཀྱི་པའི་པར་གྱི་རྣམ་དབྱེ་གང་མཐོང་ཡང་ཨན་ཞེས་པར་འགྱུར་རོ། །ཊཱ་ཨིན། ཨ་ནེ་ན། བྷྱཱཾ་ལ། ཧ་ལི་ལོ་པཿ། ཧལ་ལ་དབྱིའོ། །ཊཱ་སོགས་ཀྱི་
ནང་ཚན་ཡིན་ཀྱང་རྣམ་དབྱེ་ཧ་ལ་ཐོག་མ་ཅན་རྣམས་ལ་ཡིད་ཞེས་པ་ཨ་ནར་མི་འགྱུར་བར་ཨི་དང་ད་གཉིས་དབྱིའོ། །ཨ་བྷྱཱཾ། སུ་བ་ལའང་ངོས་རིང་པོ། ཨཱ་བྷྱཱཾ། བྷི་ས་ལ། ཨ་བྷིཿ། ནེ་དམ་ད་སོར་ཀོཿ། ཀ་མ་ཡིན་པ་དག་གི་ཨི་དམ་ཨ་དས་དག་ལ་མ་ཡིན་ནོ། །ཀའི་རྐྱེན་མཐའ་ཅན་མ་ཡིན་པའི་ཨི་
དམ་དང་ཨ་དས་དག་ལས་རྣམས་དབྱེ་གསུམ་པའི་མང་ཚིག་བྷིས་ནི་ཨཻས་ཞེས་པར་མི་འགྱུར་རོ། །མང་ཚིག་ལ་ཛྷལ་ལ་ཨེ་ཏ་འོས། ཨེ་བྷིཿ། ངེ་ལ། ཏྱ་ད་སོགས་རྣམས་ཀྱི་ཨ་འོས། ཨི་ད། དེ། སརྦའི་མིང་ཅན་ལས་སྨཻ་འོས། ངེ་སྨཻ། ཧལ་ལ་དབྱི་འོས། ཨི་དང་དབྱི་ས། ཨ་སྨཻ། བྷྱཱཾ་དང་བྷྱས་ལ།
ཨཱ་བྷྱཱཾ། ཨེ་བྷྱཿ། ཨི་ད། ང་སི། ང་སི་ངི་དག་གི་སྨཱ་ཏ་སྨྱིན་དག་གོས། ང་སི། སྨཱ་ཏ། ཧ་ལ་ལ་དབྱི་འོས་ཨིད་ཕྱིས། ཨ་སྨཱང་། ཨཱ་བྷྱཱཾ། ཨེ་བྷྱཿ། ང་ས་ལ། ཨ་སྱ། ཨོ་ས་ལ། ཨཱ་པ་ལ་ཨན་ཀམ་ཡིན་པ་ལ་འོས་ཨི་ད་ཨ་ན་ཞེས་པར་འགྱུར། ཨོས་ལའང་ངོས། རྟགས་མཐའ་ཨེ།
ཨ་ན་ཡོཿ། ཨཱ་མ་ལ། ཨེ་ཥཱི། ངི་ལ། ཨ་སྨིན། ཨོས་ལ། ཨ་ན་ཡོཿ། སུ་པ་ལ། ཨེ་ཥ། ཡང་མི་དམ་གྱི་ལུས་འགྱུར་ལུགས་གཅིག་ལ། ཨིད་ཞེས་པ་རྣམ་དབྱེ་གཉིས་པ་རྣམས་དང་། གསུམ་པའི་ནཱ་དང་དྲུག་པ་དང་བདུན་པའི་ཨོས་རྣམས་ལ་ཡང་ན་བ་སྟེ། དྭི་ཏཱི་ཡཱ་ཊཽ་སྶྭེ་ན། གཉིས་
པ་ཊཱ། ཨོས་རྣམས་ལ་ཨེ་ནའོ། རྣམ་དབྱེ་གཉིས་པ་རྣམས་དང་ཊཱ་དང་ཨོས་གཉིས་རྣམས་ཕ་རོལ་ལ་ཨི་དམ་དང་ཨེ་ཏ་ད་ནི་ཨེ་ན་ཞེས་པར་འགྱུར་རོ། །གཉིས་པ་རྣམས་ལ། ཨེ་ནཾ། ཨེ་ནཽ། ཨེ་ནཱ་ན། ཊཱ་ལ། ཨེ་ནེ་ན། ཨོ་ས་ལ། ཨེ་ན་ཡོཿ། ཏྱ་ད་སོགས་ལ་བོད་ཚིག་མི་འཇུག་གོ། ༈ །
ན་མཐའ་ཅན་ལ། རཱ་ཛ་ན་ལ། རྒྱལ་པོའམ་གསལ་བ། སུ། སཾ་བུ་དྡྷི་མ་ཡིན་པའི་ཐམས་ཅད་གནས་པའི་མིང་ཅན་ལའང་ངསོ། ཨུ་པ་དྷཱ་རིང་པོ། ཧ་ལ་དཱི་པ་ཨཱ་པ་སོགས་ཀྱིས། སུ་ཕྱི་ས། མིང་མཐའི་མ་དབྱི་འོས། ན་ཕྱིས། ཪཱ་ཛཱ། ཨཽ་དང་ཛ་ས་ལ། སཾ་བུ་དྡྷི་མ་ཡིན་པ་ཞེས་པས། ཨུ་པ་
Vol. 208 · folio 66b
དྷཱ་རིང་པོ། རཱ་ཛཱ་ནམཽཿ། རཱ་ཛཱ་ནཿ། རཱ་ཛ་ན྄་ལ། སཾ་བུདྡྷིའི་མིང་ཅན་སུ། ན་ངི་སཾ་བུདྡྷྱོཿ། ངི་སཾ་བུདྡྷི་དག་ལ་མ་ཡིན་ནོ། །རྣམ་དབྱེ་བདུན་པའི་ངི་དང་སཾ་བུདྡྷི་ཕ་རོལ་ལ་མིང་མཐའི་ན་དབྱི་བ་མ་ཡིན་ནོ་ཞེས་པས་ན་མི་ཕྱི། ཧེ་རཱ་ཛ་ན། ཧེ་རཱ་ཛཱ་ནཽ། ཧེ་རཱ་ཛཱ་ནཿ། ཨཾ་དང་ཨཽ་ལ། རཱ་ཛཱ་ན། རཱ་ཛཱ་ནཽ། རཱ་ཛཱ་མ་ལ་ཤས།
ནའི་ཨ་ཏ་དབྱི་འོས། ཛའི་ཨ་ཕྱིས། ཨ་ཏུའི་ཤ་ཙུ་ལ་ཤ་ཙུ་འོས། ན་ཉ། ཛ་ཉ་འདུས་པ་ཛྙ། རཱ་ཛྙཿ། ཊཱ་ལ། ཪཱ་ཛྙཱ། བྷྱཱཾ་ལ། མིང་མཐའི་ན་དབྱི་འོས། ན་ཕྱིས། ན་ལོ་པཿསུ་པྶྭ་ར་སཾ་ཛྙཱ་ཏུ་གྤི་དྷི་ཥུ་ཀྲྀ་ཏི། ན་དབྱི་བ་སུ་པ་དབྱངས་མིང་ཀྲཾ་ཏ་ཏུ་ཀ་གི་ཆོ་ག་རྣམས་ལའོ། །སུ་པ་སྟེ་སུ་སོགས་རྣམ་དབྱེ་རྣམས་
དང་དབྱངས་ཕ་རོལ་དང་མིང་དང་ཀྲྀ་ཏ་ཀྱི་རྐྱེན་རྣམས་དང་། ཏུ་ཀ་ཨཱ་ག་མ་སོགས་ལ་ན་ཕྱིས་པའི་རྗེས་ལ་ཆོ་ག་གཞན་མི་འཇུག་སྟེ། དཔེར་ན་བྷྱཱཾ་གྱི་སྐབས་སུ་མ་ཕྱིས་པའི་རྗེས་ལ་སུ་བ་ལའོ་ཞེས་པའི་རིང་མོ་བྱེད་པ་ལྟ་བུའོ། །རཱ་ཛ་བྷྱཱཾ། བྷི་ས་ལ། རཱ་ཛ་བྷིཿ། བཞི་པ་རྣམས་ལ། རཱ་ཛྙ། རཱ་ཛ་
བྷྱཾ། རཱ་ཛ་བྷྱཿ། ང་སི་ལ། རཱ་ཛྙཿ། བྷྱཱཾ་བྷྱ་ས་འདྲ། ང་ས་ལ། རཱ་ཛྙཿ། ཨོ་ས་ལ། རཱ་ཛྙོཿ། ཨཱུ་མ་ལ། རཱ་ཛྙཱཾ། ངི་ལ། ངིས་བུདྡྷི་དག་ལ་མ་ཡིན་ནོ་ཞེས་པས། ལུགས་གཅིག་ལ། རཱ་ཛ་ནི། ཡང་ན། རཱ་ཛྙི། ཨོ་ས་ལ། རཱ་ཛྙཽཿ། སུ་པ་ལ། རཱ་ཛ་སུ། ༈ པྲ་ཏི་དི་ཝན་ལ་སུ། པྲ་ཏི་དི་ཝཱ།
ཨཽ་དང་ཛས། པྲ་ཏི་དི་ཝཱ་ནཽ། པྲ་ཏི་དི་ཝཱ་ནཿ། ཨ་མ་ལ། པྲ་ཏི་དི་ཝཱ་ནཾ། ཨཽ་ལ། པྲ་ཏི་དི་ཝཱ་ནཽ། ཤས་ལ། འགྲེལ་པར་ཨ་ཕྱིས་པ་ལས་ཨུ་པ་དྷཱ་རིང་པོའོ་ཞེས་པ་བྱུང་བས། ནའི་ཨ་དབྱི་འོས། ཨ་ཕྱིས། ཨུ་པ་དྷཱ་རིང་པོ། པྲ་ཏི་དཱི་བྣཿ། གསུམཔ་རྣམས་ལ། པྲ་ཏི་དཱི་བྣཱ། སོ་སོར་གསལ་བ།
པྲ་ཏེ་དི་ཝ་བྷྱཱཾ། པྲ་ཏི་དི་ཝ་བྷིཿ། སོགས། རཱ་ཛ་ན་གྱི་སྐབས་དང་འདྲའོ། ༈ །ཡ་ཛྭ་ན་ལ་སུ། ཡ་ཛྭཱ། ཨཽ་ལ། ཡ་ཛྭཱ་ནཽ། ཛས་ལ། ཡ་ཛྭཱ་ནཿ། ཨ་མ་དང་ཨཽ་ལ། ཡ་ཛྭཱ་ནཾ། ཡ་ཛྭཱ་ནཽ། ཤས་ལ། ན་སཾ་ཡོ་གཱ་དྭ་མཾ་ཏཱ་ཏ། ཝ་མ་ཡང་དག་པར་སྦྱོར་བའི་མཐའ་ལས་མ་ཡིན་ནོ། །རྟགས་
ཀྱི་ཨུ་པ་ཛྷཱ་ཝ་ཡིག་དང་མ་ཡིག་བརྩེགས་པ་ཡོད་ན་སྤྱིར་བཏང་ནའི་ཨ་དབྱིའོ། ལྷ་མཆོད་མཁན། ཞེས་པའི་ཨ་མི་དབྱི་བ་ནི་ཉིད་ཨ་ཙ་ཐོག་མ་ཅན་རྣམས་ལ་འདྲེན་པ་ཁོ་ནའོ། །ཡ་ཛྭ་ནཿ། ཊཱ་ལ། ཡ་ཛྭ་ནཱ། བྷྱཱཾ་བྷི་ས། ཡ་ཛྭ་བྷྱཱཾ། ཡ་ཛྭ་བྷིཿ། ངེ་ལ། ཡ་ཛཱ་ནི། བྷྱཱཾ་བྷྱཿའདྲ། ང་སི་ལ། ཡ་ཛྲྭ་ནཿ།
Vol. 208 · folio 67a
བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། ཡ་ཛྭ་ནཿ། ཡ་ཛྭ་ནོཿ། ཡ་ཛྭ་ནཱཾ། བདུན་པ་རྣམས་ལ། ཡ་ཛཱ་ནི། ཡ་ཛྭ་ནོཿ། ཡ་ཛྭ་སུ། བོད་ཚིག་ལ། ཧེ་ཡ་ཛྭ་ན། ཧེ་ཡ་ཛྭཱ་ནཽ། ཧེ་ཡ་ཛྭཱ་ནཿ། ༈ བྲ་ཧྨ་ན་ཡང་འདི་དང་འདྲའོ། །བྲྀ་ཏ་ཧན་ལ་སུ། སཽ་ཙ། སུ་ལའང་ངོ་། །རྟགས་ཨིན་མཐའ་
དང་ཧན་དང་། པུ་ཥ་ན། ཨ་རྻ་མན་རྣམས་ཀྱི་སཾ་བུདྡྷི་མ་ཡིན་པའི་ཡུ་ལ་ཨུ་པ་དྷཱ་རྟག་ཏུ་རིང་པོར་འགྱུར་ཏེ། བྲྀ་ཏྲ་ཧཱ། ཨཽ་ལ། རྗེས་མའི་ཚིག་ཨ་ཙ་གཅིག་པ་ལ་ཎ་འོ་ཞེས་པས། ན་ཎ། བྲྀ་ཏྲ་ཧ་ཎཽ། ཚངས་པ། འདིར་སུ་མ་གཏོགས་རྣམ་ འཕེལ་འཇོམས། དབྱེ་ཐམས་ཅན་གནས་པའི་མིང་ཅན་རྣམས་
ལ་ཨུ་པདྷཱ་རིང་པོར་མི་འགྱུར་ཏེ། ཛ་ས་ལ། བྲྀ་ཏྲ་ཧ་ཎཿ། ཨ་མ་ལ། བྲྀ་ཏྲ་ཧ་ཎཾ། ཨཽ་ལ། བྲྀ་ཏྲ་ཧ་ནཽ། ཤ་ས་ལ། ནའི་ཨ་དབྱི་འོས་ཨ་ཕྱིས། ཧོ་ཧཾ་ཏེ་རྙཱི་ནྣི་ཥ། ཧན་གྱི་ཧའི་ཉ་ཎ་འགྲོ་བ་ན་རྣམས་ལའོ། །བྱིངས་ཏན་འཚེ་བ་ལའོ་ཞེས་པའི་ཧན་གྱི་ཧ་ནི་རྐྱེན་ཉ་ཎ་འགྲོ་བའི་མིང་ཅན་རྣམས་
དང་བ་ཕ་རོལ་ལ་གྷ་རུ་འགྱུར་རོ། །བྲི་ཏྲ་ཧགྷན། ཤས། ཧཾ་ཏེར་ཐྤཱུ་རྦ་སྱ། ཧན་གྱི་ཨ་ཏ་སྔ་མའིའོ། ཧ་ན་ཞེས་པའི་སྒྲའི་སྔོན་ན་ཨ་ཏ་སྟེ་ཨ་ཡིག་ཡོད་ན་ནར་མི་འགྱུར་ཏེ། གོང་དུ་རྗེས་མའི་ཚིག་ཨ་ཙ་གཅིག་པ་ལ་ཎའོ་ཞེས་པའི་སྤྱིར་བཏང་འགོག་པའི་དོན་ནོ། །བྲྀ་ཏྲ་གྷྣཿ། གསུམ་པ་རྣམས་
ལ། བྲྀ་ཏྲ་གྷྣཱ། བྲྀ་ཏྲ་ཧ་བྷྱཱཾ། བྲྀ་ཏྲ་ཧ་བྷིཿ། དེ་ལ། བྲྀ་ཏྲ་གྷྣེ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། བྲྀ་ཏྲ་གྷྣཿ། བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། བྲྀ་ཏྲ་གྷྣཿ། བྲྀ་ཏྲ་གྷྣཾ། བདུན་པ་རྣམས་ལ། བྲྀ་ཏྲ་གྷྣི། བྲྀ་ཏྲ་གྷྣོཿ། བྲྀ་ཏྲ་ཧ་སུ། བོད་ཚིག་ལ། ཧེ་བྲྀ་ཏྲ་ཧ་ན། ཧེ་བྲྀ་ཏྲ་ཧ་ཎཽ། ཧེ་པྲྀ་ཏྲ་ཧ་ཎཿ།
ཤ་ཎྒི་ན། ཡ་ཤཱ་སྭི་ན། པུ་ཥ་ན། ཨ་རྻཱ་མ་ན་རྣམས་ཀྱང་འདི་དང་འདྲ་ལ། པུ་ཥ་ན་ལ། འགྲེལ་པར་ངི་ལ་ཊི་ཡང་ན་དབྱིའོ་ཞེས་པ་བྱུང་བས། ལུགས་གཅིག་ལ། ཊི་ཕྱིས། པུ་ཥི། པུ་ཥྞི། པུ་ཥ་ཎི་སྟེ་གཟུགས་གསུམ་འབྱུང་ངོ་། ༈ །མ་གྷ་ཝན་ལ། སུ། མ་གྷ་ཝཱ་བ་ཧུ་ལཾ། མགྷ་ཝ་ན་
རི་དྭགས་ཀྲྀ་ཥྞ་སཱ་ར། རྒྱས་ལ། ཉི་མ། གྱི་ཡང་ནའོ། མ་གྷ་ཝ་ན་ཞེས་པའི་སྒྲ་ནི་རྣམ་དབྱེ་གང་མཐོང་ཡང་མ་གྷ་ཝ་ཏྲྀ་ཞེས་པར་ཡང་ན་འགྱུར་རོ། རྀ་འགྲོ་བའི་མིང་ཅན་ཡིན་པས་མི་གནས་ཀྱང་དགོས་པའི་ཆེད་དུའོ། །ཨུ་གྡི་ཙཱ་ས་རྦ་ བརྒྱ་བྱིན། ནཱ་མ་སྠཱ་ནེ་དྷཱ་ཏོཿ། ཨུ་ཀ་འགྲོ་བ་ཨ་ཙ་རྣམས་ཀྱི་
Vol. 208 · folio 67b
ཐམས་ཅད་གནས་པའི་མིང་ཙ་རྣམས་ལ་བྱིངས་མ་ཡིན་པ་ལའོ། །རྟགས་མཐར་ཨུ་ཀ་སྟེ་ཨུ་ཡིག་དང་རྀ་ཡིག་དང་ལྀ་ཡིག་འགྲོ་བ་རྣམས་དང་ཨ་ཙ་ཞེས་པའི་རྟགས་བྱིངས་མ་ཡིན་པ་དག་ལ་ཕ་རོལ་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཙ་ན་གང་བྱུང་ཡང་ནུམ་ཨཱ་ག་མ་སྟེར་རོ། །མ་གྷ་ཝ་ན་ཏྲ། སུ།
ཨ་ཏུ་ཨས་མཐའི་འང་བྱིངས་མ་ཡིན་པའི་འོས། ཨུ་པ་དྷཱ་རིང་པོ། ཧ་ལ་དཱི་པ་ཨཱ་བ་སོགས་ཀྱི་མདོས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཏ་ཕྱིས། མགྷ་ཝཱ་ན། ཨཽ་དང་ཛ་ས་ལ། མ་གྷ་ཝཱ་ནྟཽ། མགྷ་ཝཱ་ནྟཿ། ཨ་མ་དང་ཨཽ་ལ། མགྷ་ཝཱ་ནྟཾ། མགྷ་ཝཱ་ནྟཽ། ཤ་ས་ལ། མགྷ་
ཝ་ཏཿ། གསུམ་པ་རྣམས་ལ། མགྷ་ཝ་ཏཱ། མགྷ་ཝ་དྦྷྱཱ། མགྷ་ཝ་དྦྷིཿ། ངེ་ལ། མགྷ་ཝ་ཏེ། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། མགྷ་ཝ་ཏཿ། བྷྱཱཾ་བྷྱ་ས་འདྲ། དྲུག་པ་རྣམས་ལ། མགྷ་ཝ་ཏཿ། མགྷ་ཝཱ་ཏོཿ། མགྷ་ཝ་ཏཱཾ། བདུན་པ་རྣམས་ལ། མགྷ་ཝ་ཏི། མགྷ་ཝ་ཏོཿ། མགྷ་ཝ་ཏྶུ།
བོད་ཚིག་རྣམས་ལ། ཧེ་མགྷ་ཝ་ན། ཧེ་མགྷ་ཝཱ་ནྟཽ། ཧེ་མགྷ་ཝཱ་ནྟཿ། མགྷ་ཝ་ན། ཞེས་པ། མགྷ་ཝ་ཏྲྀ་ཞེས་པར་མ་འགྱུར་པའི་ཕྱོགས་ནི། རྣམ་དབྱེ་དང་པོ་རྣམས་ལ། མགྷ་ཝཱ། མགྷ་ཝཱ་ནཽ། མགྷ་ཝཱ་ནཿ། ཨ་མ་དང་ཨཽ་ལ། མགྷ་ཝཱ་ནཾ། མགྷ་ཝཱ་ནཽ། ཤ་ས་ལ། ཨི་གྱ་ཎཿསཾ་
པྲ་སཱ་ར་ཎཾ། ཡ་ཎའི་ཨི་ཀ་ཏུ་སླར་ཡང་དག་པར་བསྒྱུར་རོ། །ཡ་ཎ་སོ་སོར་བསྡུ་བའི་ཡི་གེ་རྣམས་ཨི་ཀ་སོ་སོར་བསྡུ་བའི་ཡི་གེ་གྲངས་མཉམ་པ་རྣམས་སུ་འགྱུར་ཏེ། དེ་ལ་སླར་ཡང་དག་པར་བསྒྱུར་བའི་མིང་ཅན་ཞེས་ཟེར་རོ། །ཤཱ་ཡུ་ཝ་མགྷོ་ནཱ་མ་ཏ་དྡྷི་ཏེ། ཤྭ་ན་ཡུ་ཝ་ན་མགྷ་ཝ་ན་རྣམས་ཀྱི་དེ་
ཕན་མ་ཡིན་པ་ལའོ། །ཤྭ་ན་ལ་སོགས་པ་འདི་རྣམས་ཀྱི་དེ་ཕན་གྱི་རྐྱེན་མ་ཡིན་པ་རྣམ་དབྱེ། ཤས་ནས། བདུན་པའི་སུབ་ཀྱི་བར་ཨ་ཙ་ཐོག་མ་ཅན་རྣམས་ལ་སླར་ཡང་དག་པར་བསྒྱུར་ཏེ། ཝ྄། ཨུ། མགྷ་ཨུ། ཨན། ཤས། སཾ་པྲ་སཱ་རཎཱ་ཙྩ། སཾ་པྲ་སཱ་ར་ཎ་ལས་ཀྱང་ངོ་། སླར་ཡང་
དག་པར་བསྒྱུར་བ་ལས་ཕ་རོལ་གྱི་ཨ་ཙ་དེ་ཡང་སྔ་མའི་གཟུགས་སུ་འགྱུར་བས་ཨ་ཨུ་དང་བཅས་པ་ཨུ། ཨ་ལ་ཡོན་ཏན་ནོས་ཨཽ། མགྷོ་ནཿ། གསུམ་པ་རྣམས་ལ། མགྷོ་ནཱ། མགྷ་ཝ་བྷྱཱཾ། མགྷ་ཝ་བྷིཿ། ངེ་ལ། མགྷོ་ནི། བྷྱཱཾ་བྷྱ་ས་འདྲ། ང་སི་ལ། མགྷོ་ནཿ། བྷྱཱཾ་བྷྱ་ས་
Vol. 208 · folio 68a
འདྲ། དྲུག་པ་རྣམས་ལ། མགྷོ་ནཿ། མགྷ་ནོཿ། མགྷོ་ནཱཾ། བདུན་པ་རྣམས་ལ། མགྷོ་ནི། མགྷོ་ནོཿ། མགྷ་ཝ་སུ། བོད་ཚིག་ལ། ཧེ་མགྷ་བ་ན། ཧེ་མགྷ་ཝཱ་ནཽ། ཧེམ་གྷ་བཱནཿ། ༈ ཁྱི། ཤྭ་ན་ལ་སུ། ཤྭཱ། ཨཽ་དང་ཛ་ས་ལ། ཤྭཱ་ནཿ། ཨ་མ་དང་ཨཽ་ལ།
ཤྭཱ་ནཾ། ཤྭཱ་ནཽ། ཤྭན་ལ། ཤས། ཤྭན ཡུ་ཝ་ན་མགྷ་ཝ་ན་རྣམས་ཀྱི་ཞེས་པས། ཝ་ཨུ། ཤུནཿ། ཊཱ་ལ། ཤུནཱ། བྷྱཱ་མ་བྷིས་ལ། ཤྭ་བྷི། ཤཱ་བྷིཿ། རྣམ་དབྱེ་ལྷག་མ་རྣམས་ལའང་ཨ་ཙ་ཐོག་མ་ཅན་རྣམས་ཤས་དང་འདྲ། ཧ་ལ་ཐོག་མ་ཅན་རྣམས་བྷྱཱཾ་དང་འདྲའོ། ༈ །ཡུ་ཝ་ན་ལ་སུ། ཡུ་ཝཱ།
ཨཽ་དང་ཛས་ལ། ཡུ་ཝཱ་ནཽ། ཡུ་ཝཱ་ནཿ། ཨ་མ་དང་ཨཽ་ལ། ཡུ་ཝཱ་ནཾ། ཡུ་ཝཱ་ནཽ། ཤས་ལ། ཤྭ་ན་ཡུ་ཝ་ན་སོགས་ཀྱི་མདོས་ཝ་ཨུ། ཡུ་ཨུ་ཨིན། ཤས། ན་སཾ་པྲ་སཱར་ཎི་སཾ་པྲ་སཱ་ར་ཎཾ། སླར་ཡང་དག་པར་བསྒྱུར་བ་ལ་སླར་ཡང་དག་པར་བསྒྱུར་བ་མི་ཡིན་ནོ། །ཝ་ཨུ་ང་ ལང་ཚོའམ་དར་བབ།
བསྒྱུར་བ་ལྟ་བུའི་སླར་ཡང་དག་པར་བསྒྱུར་ཟིན་པའི་སྔོན་ན་ཡ་ཎའི་ཡི་གེ་ཡོད་ཀྱང་སླར་ཡང་དག་པར་བསྒྱུར་བ་མ་ཡིན་ཏེ། ཨུའི་སྔུན་མའི་ཡ་ཨིར་མི་འགྱུར། ཨ་ཀ་འདྲ་བ་ལ་རིང་པོ་འོས། ཡཱུནཿ། ཊཱ་ལ། ཡཱུ་ནཱ། བྷྱཱཾ་ལ། ཡུ་ཝ་བྷིཿ། སོགས་རིགས་འགྲེའོ། ༈ །ཨ་རྦ་ན་ལ་སུ།
ཨརྦཱ། ཨཽ་དང་ཛས་ལ། ཨརྦ་ཎ་སྟྲ་སཱ་ཝ་ན་ཉཿ། ཨརྦ་ན་གྱི་ཏྲི་ན་ཉ་དང་སུ་མ་ཡིན་པ་ལའོ། ཨརྦ་ན་ཞེས་པའི་རྟགས་མཐའི་ན་ཡིག་ནི་ན་ཉ་སྔུན་ན་ཡོད་པ་དང་རྣམ་དབྱེ་དང་པོ་གཅིག་ཚིག་སུ་དང་སཾ་བུདྡྷཱི་རྣམས་མ་ཡིན་པའི་རྣམ་དབྱེ་གང་མཐོང་ཡང་ཏྲྀ་ཞེས་པར་འགྱུར་རོ། །ཨརྦ་ཏྲྀ། ཛས། ཨུཀ
འགྲོ་བ་ཨ་ཙ་རྣམས་ཀྱི་ཞེས་པའི་མདོས་ནུམ། ཨུ་པདྷཱ་རིང་པོ། ཨ་རྦཱ་ནྟཽ། ཨརྦཱ་ནྟཿ། ཨ་མ་དང་ཨཽ་ལའང་། ཨརྦཱ་ནྟཾ། ཨརྦཱ་ནྟཽ། ཤས་ལ། ཨརྦ་ཏཿ། གསུམ་པ་རྣམས་ལ། ཨརྦ་ཏཱ། ཨརྦ་དྦྷཱཾ། ཨརྦ་དྦྷིཿ། བཞི་པ་རྣམས་ལ། ཨརྦ་ཏེ། ཨརྦ་དྦྷྱཱཾ། ཨརྦ་དྦྷྱཿ། ང་སི་ལ། ཨརྦ་ཏཿ། བྷྱཱཾ་བྷྱས་
འདྲ། དྲུག་པ་རྣམས་ལ། ཨརྦ་ཏཿ། ཨརྦ་ཏོཿ། ཨརྦ་ཏཱཾ། བདུན་པ་རྣམས་ལ། ཨརྦ་ཏི། ཨརྦ་ཏོཿ། ཨརྦ་ཏཱུ། བོད་ཚིག་ལ། ཧེ་ཨརྦ་ན། ཧེ་ཨརྦཱ་ནྟཽ། ཧེ་ཨརྦཱ་ནྟཿ། ན་ཉ་སྔུན་ན་ཡོད་པ། ཨ་ན་རྦ་ན་ཞེས་པའི་རྟགས་མཐའ་ཏྲྀ་ཞེས་པར་མི་འགྱུར་ཏེ། ཆོ་ག་ཐམས་ཅད་ཡ་ཛྭ་ན་ཞེས་པའི་རྟགས་
Vol. 208 · folio 68b
ཀྱི་སྐབས་སུ་བཤད་པ་དང་འདྲའོ། ༈ །པ་ཐིན་ལ། སུ། པ་ཐིམ་ཐྻཱི་བྷུ་ཀྵཱ་མཱ་ཏ། པ་ཐིན་མ་ཐི་ནྀ་ར་བྷུ་ཀྵན་རྣམས་ཀྱི་ཨཱ་ཏའོ། །པ་ཐིན་ལ་སོགས་པའི་སྒྲ་འདི་རྣམས་ཀྱི་རྟགས་མཐའི་ན་ཡིག་ནི་སུ་ཕ་རོལ་ལ་ཨཱ་ཏ་དུ་འགྱུར་རོ། །པ་ཐི་ཨཱ། སུ། ཨི་ཏོ་ཏྶ་རྦ་ནཱ་མ་སྠཱ་ནེ། ཨི་ཏ་ཀྱི་ཨ་ཏ་ཐམས་ཅད་
གནས་པའི་མིང་ཅན་རྣམས་ལའོ། ལམ། པ་ཐིན་ལ་སོགས་པ་རྣམས་ཀྱི་ཨི་ཡིག་ནི་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་ཨ་ཡིག་ཏུ་འགྱུར་ཏེ། པ་ཐ་ཨཱ། སུ། ཐོནྠཿ། ཐའི་ནྠའོ། །པ་ཐི་དང་མ་ཐི་ཞེས་པའི་ཐ་ཡིག་ནི་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ཕ་རོལ་
ལ་ནྠ་ཞེས་པར་འགྱུར་རོ། །པནྠ་ཨཱ། སུ། ཨ་ཀ་གི་འདྲ་བ་ལ་རིང་པོ། ས་ས་ཛུ་ལ་སོགས་དང་ཁར་སོགས་ཀྱི་མདོས། པནྠཱཿ། ཨཽ་དང་ཛས་ལ། པནྠཱ་ནཽ། པནྠཱ་ནཿ། ཨ་མ་ལ། པནྠཱ་ནི། ཨཽ་ལ། པནྠཱ་ནཽ། པ་ཐིན་ལ། ཤས། བྷ་སྱ་ཊེཿལོ་པཿ། བྷའི་ཊི་དབྱིའོ། བྷའི་མིང་ཅན་
པ་ཐིན་ལ་སོགས་པ་རྣམས་ཀྱི་ཊི་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་པ་ཨ་ཙ་ཐོག་མ་ཅན་རྣམས་ལ་དབྱི་སྟེ། པ་ཐཿ། ཊཱ་ལ། ཊི་ཕྱིས་དྲངས། པ་ཐཱུ། བྷྱཱཾ་མ་བྷིས་ལ། མིང་མཐའི་ན་ཕྱིས། པི་ཐི་བྷྱཱིཿ། བཞི་པ་རྣམས་ལ། པ་ཐེ། པ་ཐི་བྷྱཱཾ། པ་ཐི་བྷྱཿ། ང་སི་ལ།
པ་ཐཿ། བྷྱཱ་མ་བྷྱས་འདྲ། དྲུག་པ་རྣམས་ལ། པ་ཐཿ། པ་ཐོཿ། པ་ཐཱཾ། བདུན་པ་རྣམས་ལ། པ་ཐི། པ་ཐོཿ། པ་ཐིཥུ། བོད་ཚིག་ལ། ཧེ་པནྠཱ། ཧེ་པནྠཱ་ནོ། ཧེ་པནྠཱ་ནཿ། མ་ཐི་ན་ཡང་འདི་དང་འདྲའོ། ༈ །རྀ་བྷུ་ཀྵན་ལ། སུ། པ་ཐིན་མ་ཐིན་རྀ་བྷུཀྵ་ན་རྣམས་ཀྱི་ཨཱ་ཏ་འོས། ན་ཨཱ།
ཨ་ཀ་གི་འདྲ་བ་ལང་རིང་པོ། ཪྀ་བྷུ་ཀྵཱཿ། ཨཽ་དང་ཛས་ལ། རྀ་བྷུ་ཀྵཱ་ནཽ། རྀ་བྷུ་ཀྵཱ་ནཿ། ཨ་མ་དང་ཨཽ། རྀ་བྷུ་ཀྵཱ་ནཾ། རི་བྷུ་ཀྵཱ་ནཽ། ཤས་ལ། བྷའི་ཊི་དབྱི་འོས། ཊི་ཕྱིས་དྲངས། སྲུངས་པ། རྀ་བྷུ་ཀྵཿ། ཊཱ་ལ། བརྒྱ་བྱིན། རྀ་བྷུ་ཀྵཱ། བྷྱཱཾ་ལ། རྀ་བྷུ་ཀྵ་བྷྱཱ། ལྟ་བུ་སྟེ། ཨ་ཙ་ཐོག་མ་ཅན་རྣམས་
ལ་ཊི་དབྱི། ཧ་ལ་ཐོགས་མ་ཅན་རྣམས་ལ་མིང་མཐའི་ན་དབྱི་བ་ཁོ་ནའོ། ༈ །ན་མཐའ་ཅན། པཉྩ་ན་ལ། ལྔ། ཛས་དང་ཤས། ཥྞཾ་ཏཱ་ཥ་ཊ། ཥ་ན་མཐའ་རྣམས་ཥ་ཊའོ། །གྲངས་ཀྱི་དོན་ཅན་གྱི་ཥ་ཡིག་མཐའ་ཅན་རྣམས་དང་ན་ཡིག་མཐའ་ཅན་རྣམས་ལ་ཥ་ཊའི་མིང་ཅན་ཞེས་མིང་
Vol. 208 · folio 69a
འདོགས་བྱེད་དོ། །མིང་མཐའི་ན་ཕྱིས། །ཥ་ཊ་རྣམས་ལས་དབྱི་འོས། ཛས་ཤས་དག་ཕྱིས། པ་ཉྩ། བོད་ཚིག་ལ། ཧེ་པ་ཉྩ། བྷིས་དང་བྷྱས་གཉིས་ལ། མིང་མཐའི་ན་དབྱི་འོས། ན་ཕྱིས། པཉྩ་བྷིཿ། པཉྩ་བྷྱཿ། པཉྩ་བྷྱཿ། ཨཱ་མ་ལ། ཥ་ཊ་ཅ་ཏུར་རྣམས་ལས་ཀྱང་
ངོས། ནུ་ཊ། ནོ་པ་དྷཱ་ཡཱ། ནའི་ཨུ་པ་དྷྱཱའིའོ། །ན་མཐའི་ཨུ་པདྷཱ་ནཱཾ་ཕ་རོལ་ལ་རིང་པོར་འགྱུར་ཏེ། ཨུ་པདྷཱ་རིང་པོ། མིང་མཐའི་ན་དབྱི་འོས། ན་གོང་མ་ཕྱིས། པཉྩ་ནཱཾ། སུ་པ་ལ། པཉྩ་སུ། སཔྟ་ན། ན་ཝན། ད་ཤན་རྣམས་ལའང་ཆོ་ག་ཐམས་ཅད་པཉྩ་ན་དང་འདྲའོ། །འདི་རྣམས་ལ་
གྲངས་བ་གྲང་སའི་སྐབས་སུ་རྣམ་དབྱེ་རྣམས་ཀྱི་མང་ཚིག་ཁོ་ན་འཇུག་གོ། ༈ །ན་ཡིག་མཐའ་ཅན། ཨཥྚ་ན་ལ། ཛས། ཨཥྚ་ན་ཨཱ་བིབྷ་ཀྟཽ། ཨཥྚ་ན་གྱི་ཨཱ་རྣམ་དབྱེ་ལའོ། །ཨཥྚ་ན་ཞེས་པའི་རྟགས། བདུན། དགུ། བཅུ། ཀྱི་ཊི་ནི་རྣམ་དབྱེ་ཕ་རོལ་ལ་ཨཱ་རུ་འགྱུར་ཏེ། ཨཥྚཱ། ཛས། ཨཥྚཱ་བྷྱ་ཨཽ་ཤ། ཨཥྚཱ་
ལས་ཨཽའོ། །རྟགས་ཨཥྚཱ་ཞེས་འགྱུར་པའི་ཕ་རོལ་ཛས་ཤས་དག་ཨཽ་ཞེས་པེ་འགྱུར་ཏེ། བརྒྱད། ཛས་ཨཽ། ཨེ་ཙ་ལ་འཕེལ་བ་འོས། ཨཥྚོ། འགྲེལ་པར་ཡང་ན་པར་བཤད་བས། ལུགས་གཅིག་ལ། ཥ་ཊ་རྣམས་ལས་དབྱིའོ་ཞེས་པས། ཛས་ཕྱིས། ཨཥྚཱ། ཤས་ལ་ཡང་ན་བར་བྱས་
པས། ཨཥྚཽ། ཨཥྚཱ། བོད་ཚིག་ལ། ཧེ་ཨཥྚཽ། ཧེ་ཨཥྚཱ། བྷིས་ལ། ཨཥྚཱ་བྷིཿ། བྷྱས་གཉིས་ལ། ཨཥྚཱ་བྷྱཿ། ཨཥྚཱ་བྷྱཿ། ཨཱ་མ་ལ། ཨཥྚཱ་ནཱཾ། ཨཥྚཱ་སུ། འགྲེལ་བར་ཛས་དང་ཤས་དག་ཡང་ན་མི་དབྱི་བར་ཨ་ཀ་འདྲ་བའི་ཆོ་ག་དང་སར་ར་རྣམ་བཅད་བྱས་པས། ཨཥྚཱཿཞེས་པ་ཡང་བྱེད་
གསུང་ངོ་། །ཨཱ་མ་ལ་ཡང་ན་ནུ་ཊ་མི་སྟེར་བས་ཨཥྚཱཾ་ཞེས་པ་ཡང་འབྱུང་ངོ་། ༈ །དྷ་ཡིག་མཐའ་ཅན། བུདྷཱ་ལ། སུ། ཨ་ཙ་གཅིག་པའི་བ་ཤའི་བྷཥ ཛྷའི་མཐའི་ས་དྷཱ་དག་ལ་འོས། བདྷ། ཧལ དཱི་པ་ཨཱ་པ་ཅེས་པས། སུ་ཕྱིས། གནས་མེད་བ་ལ་ཡང་ན་འོས། དྷ་དྲའམ་ཏ། བྷུ་ཏ། དཱུ་ད།
ཨཽ་དང་ཛས་ལ། བུ་དྷཽ། བུ་དྷཿ། གཉིས་པ་རྣམས་ལ། བུནྷཾ། བུདྷཽ། བུདྷཿ། ཊཱ་ལ། བུདྷཱཿ། བུདྷཱ། བྷྱཱི་ལ། རྟགས་པ། བ་བྷ། ཛྷ་ཤ་ལ་དྦྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། དྷ་ད། བྷུ་དྦྷྱཱཾ། བྷིས་ལ། བྷུ་དྷཱིཿ། བཞི་ལ་རྣམས་ལ། བུ་དྷེ། བྷུ་དྦྷྱཱཾ། བྷུ་དྦྷྱཿ། ང་སི་ལ། བུདྷཿ། བྷྱཱཾ་བྷྱས་འདྲ། དྲུག་པ་
Vol. 208 · folio 69b
རྣམས་ལ། བུ་དྷཿ། བུ་དྷོཿ། བུ་བྷཱཾ། ངི་ལ། བུདྷི། ཨོས་འདྲ། སུ་པ་ལ། བ་བྷ། ཁར་ལ་ཙར་འོས། བྷ་ཏ། བྷུ་ཏཱུ། བོད་ཚིག་རྣམས་ལ། ཧེ་བྷུ་ཏ། ཧེ་བྷུ་ད། ཧེ་བུ་དྷཽ། ཧེ་བུ་དྷཿ། ༈ །ཛ་ཡིག་མཐའ་ཅན། ཡུ་ཛ། རྀ་ཏྭྀ་གཱ་བྷཱྀ་ཀ་སྲྀ་གྷྲྀ་གུ་ཤྣི་གཾ་ཙུ་ཡུ་ཛི་ཀྲུཾ་ཙཱཾ་ཙ། རྀ་ཏྭི་ཀ ད་དྷཱྀ་ཀ། སྲི་ཀ། དྲྀཀ
ཨུ་ཤྣི་ཀ་ཨ་ཉྩུ་ཡུ་ཛ་ཀྲུཾ་ཅ་རྣམས་ཀྱི་འང་ངོ་། རྀ་ཏྭི་ཀ་སོགས་འདི་རྣམས་ལ་བྱིངས་ལས་མིང་དུ་བསྒྲུབ་པའི་རྐྱེན་ཀྲྀ་ཏ་སོགས་ཀྱི་ནང་ཚན་ཀྭི་ན་འགྱུར་ཏེ། ཡུ་ཛ་ལ་ཀྭི་ན་བྱིན། ཡུ་ཛ་ལ་ཀྭིན་བྱིན། ཡུ་ཛ། ཀྭིན། ཧ་ལ་མཐའི་འོས་ན་ཕྱིས། དེ་ཕན་ སྟ་མཆོད། མ་ཡིན་པ་ལ་ལ་ཤ་ཀུ་རྣམས་ཀྱི་འོས་ཀ་ཕྱིས། ཡུ་ཛ། ཝི། ཨི་བརྗོད་དོན།
ཡིན་པས་ཕྱིས། ཀྲྀ་ད་ཏིང་། ཏིང་མ་ཡིན་པ་ཀྲཾ་ཏའོ། ཏི་སོགས་ཀྱི་རྐྱེན་མ་ཡིན་པའི་མིང་དུ་བསྒྲུབ་བའི་རྐྱེན་རྣམས་ལ་ཀྲྀ་ཏ་ཅེས་ཟེར་རོ། བེ་ར་པྲྀཀྟ་སྱ། བའི་ཨ་པྲྀཀྟའི་འོ། ཀྭིན་གྱི་རྗེས་འབྲང་ཕྱིས་ཟིན་པའི་བསྲོག་མེད་ལྟ་དུའི་བདེ་ལ་ཨ་པྲི་ཀྟ་ཟེར་ཞིང་དེ་ནི་དབྱི་བར་བྱ་སྟེ། བ་ཕྱིས། ཀྲིཏྟ་དྡྷི་ཏས་མཱ་སཱ་ཤྩ།
ཀྲྀ་ཏ་དེ་ཕན་ཚིག་སྡུད་རྣམས་ཀྱང་ངོ་། །ཀྲིང་རྐྱེན་བྱིན་པའི་བྱིངས་ལས་འགྱུར་ཞིན་པ་དེ་དང་དེ་ཕན་གྱི་རྐྱེན་མཐའ་དང་ཚིག་སྡུད་བྱས་པའི་མཐའ་རྣམ་དབྱེ་བྱིན་མ་གྲུབ་པ་དེ་ལ་མིང་ངམ་རྟགས་སམ་སྒྲ་ཞེས་ཟེར་ཏེ་སུ་སོགས་འཇུག་པའི་ཡུལ་ཡེན་པས། ཡུ་ཛ་ལ། སུ། ཡུ་ཛ་རས་མཱ་སེ། ཡུ་ཛའི་ཚིག་
སྡུད་མ་ཡིན་པ་ལའོ། །ཚིག་སྡུད་མེད་པའི་ཡུ་ཛ་ཞེས་པའི་རྟགས་ལ་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ཕ་རོལ་དུ་བྱུང་ན་ནུམ་ཨུ་ག་མ་འགྱུར་ཏེ། ཡུ་ནུ་ཇུ། ཧ་ལ་དཱི་བ་ཨཱ་པ་སོགས་ཀྱིས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཛ་ཕྱིས། ཀྭིནྦྲ་ཏྱ་ཡ་སྱ་ཀུཿ། ཀྭིན་རྐྱེན་གྱི་ཀུའོ།
ཀྭིན་གྱི་རྐྱེན་བྱིན་པའི་མཐའ་ན་གནས་པའི་ཡི་གེ་རྣམས་ཕ་རོལ་ཛྙ་ལ་སོ་སོར་བསྡུ་བའི་ཡི་གེ་དང་ཚིག་མཐའ་ལ་གྲངས་མཉམ་པའི་ཀུ་སྟེ་ཀྭ་སྡེར་འགྱུར་ཏེ། ཏ་སྔའི་ལྔ་པ་ན། ཀ་སྡེའི་ལྔ་པར་འགྱུར། ཡུཾ། ཨཽ་དང་ཛས་ལ། ཡུ་ཉྫཽ། ཡུ་ཉྫཿ། ཨམ་དང་ཨཽ་ལ། ཡུ་ཉྫཾ། ཡུ་ཉྫཽ། ཤས་ལ། ཡུ་ཛཿ།
ཊྭ། ཡུ་ཛཱ། བྷྱཱཾ་བྷྲས་ལ། ཀྭིན་རྐྱེན་གྱི་ཀུ་འོས་ཛ་ག ཡུ་གྦྷི། ཡུ་གྦྷིཿ། ངེ་ལ། ཡུ་ཛེ། བྷྱཱཾ་བྷྱས་འདྲ། ང་སི་ལ། ཡུ་ཛ། བྷྱཱཾ་བྷྱ་འདྲ། དྲུག་པ་རྣམས་ལ། ཡུ་ཛཱཿ། ཡུ་ཛོཿ། ཡུ་ཛཱཾ། ངི་ལ། ཡུ་ཛི། ཨོས་ལ། ཡུ་ཛཾཿ། སུ་པ་ལ། ཛ་ག །ཁར་ལ་ཅར་འོས། ག་ཀ །ཨི་ཉ་སོགས་ཀྱིས་ས་
Vol. 208 · folio 70a
འདྲ་ངས། ཡུ་ཀྵུ། བོད་ཚིག་རྣམས་ལ། ཧེ་ཡུཾ། ཧེ་ཡུཉྫཽ། ཧེ་ཡུ་ཉྫཿ། ༈ །ཡུ་ཛ་ཚིག་སྡུད་ཅན་ནི། སུ་ཡུཥྩ། སུ། ཙོ་དྐུཿ། ཙུའི་ཀུའོ། །ཛྙ་ལསོ་སོར་བསྡུ་བའི་ཡི་གེ་གད་རུང་ཕ་རོལ་དུ་བྱུང་བ་དང་ཚིག་མཐའ་ལ་ཙུ་སྟེ་ཙ་སྡེ་སྲོག་མེད་པ་རྣམས་ཀུ་སྟེ་ཀ་སྡིའི་གྲངས་མཐུན་པ་རྣམས་སུ་འགྱུར་
ཏེ། ཛ་ག །གནས་མེད་པ་ལ་ཡང་ན་འོས་ཀར་འགྱུར་བའམ་གཉིད་དུ་གནས་པ་འདམ་ཀ་ཅན་དུ་བྱས་པས། སུ་ཡུ་ཀ །ལགས་པར་ལྷ་མཆོད་པ། སུ་ཡུག །ཨཽ་དང་ཛས་ལ། འདྲེན་པ་མ་གཏོགས་བྱ་བ་གཞན་ལྷག་པོ་མེད། སུ་ཡུ་ཛཽ། སུ་ཡུ་ཛཿ། བོད་ཚིག་རྣམས་ལ། ཧེ་སུ་ཡུ་ཀ །ཧེ་སུ་ཡུ་ག །
ཧེ་སུ་ཡུ་ཛཽ། ཧེ་སུ་ཡུ་ཛཿ། གཉིས་པ་རྣམས་ལ། སུ་ཡུ་ཛཾ། སུ་ཡུ་ཛཽ། སུ་ཡུ་ཛཿ། ཊཱ་ལ། སུ་ཡུ་ཛཱ། བྷྱཱམ་བྷིས་ལ། ཙུའི་ཀུ། སུ་ཡུ་གྦྷྱཱཾ། སུ་ཡུ་གྦྷིཿ། སོགས་ཨ་ཙ་དང་པོ་ཅན་རྣམས་ལ་འདྲེན་པ་དང་། ཧ་ལ་ཐོགས་མ་ཅན་རྣམས་ལ་ཙུའི་ཀུར་འགྱུར་བ་ཁོ་ན་སྟེ་སྔ་མ་རྣམས་ཀྱིས་རིགས་
འགྲེའོ། །འགྲེལ་པར། ཡུ་ཛ། ཏིང་འཛིན་གྱི་དོན་ལ་ནུམ་མི་འཇུག་གོ་ཞེས་བྱུང་བས། དེའི་ཆ་སུ་ཡུ་ཛའི་སྐབས་དང་འདྲའོ། ༈ །ཛ་ཡིག་མཐའ་ཅན་སཉྫ་ལ། སུ་ཧ་ལ་དཱིབ་ཨཱ་པ་སོགས་ཀྱིས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཛ་བྱིས། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་
དོ་ཞེས་པས་ཉ་ནར་ལོག །སན། ཨཽ་དང་ཛས་ལ། སཉྫཽ། སཉྫཿ། གཉིས་པ་རྣམས་ལ། ས་ཉྫཾ། ས་ཉྫཽ། ས་ཉྫཿ། ཊཱ་ལ། སཉྫཱ། བྷྱཱཾ་བྷིས་ལ་ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཛ་ཕྱིས། ནང་རོ། སཾ་བྷྱཱཾ། སཾ་བྷིཿ། བཞི་པ་རྣམས་ལ། ས་ཉྫེ། སཾ་བྷྱཱཾ། སཾ་བྷྱཿ། ང་སི་ལ། སཉྫཿ། བྷྱཱཾ་བྷྱས་
འདྲ། དྲུག་པ་རྣམས་ལ། ས་ཉྫཿ། སཉྫོཿ། སཉྫཾ། བདུན་པ་རྣམས་ལ། སཉྫི། སཉྫོཿ། སཾ་སུ། བོད་ཚིག་རྣམས་ལ། ཧེ་སན། ཧེ་སཉྫཽ། ཧེ་སཉྫཿ། ༈ ཛ་ཡིག་མཐའ་ཅན། རཱ་ཛཱ་ལ། སུ། བྲ་ཤྩ་བྷྲ་སྫ་སྲྀ་ཛ་སོགས་ཀྱི་མདོས། ཛ་ཥ། ཧ་ལ དཱི་པ། ཨཱ་པ་སོགས་ཀྱིས་སུ་ཕྱིས། གནས་མེད་པ་
ལ་ཡང་ན་འོས། །མ་ཌ་འམ་ཊ། རཱ་ཊ། རཱ་ཊ། ཨཽ་དང་ཛས་ལ། རཱ་ཛཽ། རཱ་ཛཿ། གཉིས་པ་རྣམས་ལ། རཱ་ཛཾ། རཱ་ཛཽ། རཱ་ཛཿ། ཊཱ་ལ། རཱ་ཛཱ། བྷྱཱ་མ་བྷིས་ལ། ཛ་ཥ། གསལ་ལས་འབལ་ལ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས་ཥ་ཌ། རཱ་ནྦྷྱཱཾ། རཱ་ནྦྷིཿ། དེ་ལ། རཱ་ཛེ། བྷྱཱ་བྷྱས་འདྲ། ང་སི་ལ།
Vol. 208 · folio 70b
རཱ་ཛཿ། བྷྱཱཾ་བྷྱས་འདྲ། དྲུག་པ་རྣམས་ལ། རཱ་ཛཿ། རཱ་ཛོཿ། རཱ་ཛཱཾ། ངི་ལ། རཱ་ཛི། ཨོས་འདྲ། སུ་པ་ལ། ཛ་ཥ། ཥ་ཌ། ཁར་ལ་ཙར་འོས། ཊཱ་ཊཱ། རཱ་ཊཱུ། བོད་ཚིག་རྣམས་ལ། ཧེ་རཱ་ཊ། ཧེ་རཱ་ཌ། ཧེ་རཱ་ཛཽ། ཧེ་རཱ་ཛཿ། བི་བྷཱ་ཛ། དེ་ཝེ་ཛ། བི་ཤྭ་སྲྀ་ཛ། པ་རི་སྲྀ་ཛ། པ་རི་པྲ་ཛ་རྣམས་ཀྱང་རཱ་ཛ་
དང་འདྲའོ། ༈ །བི་ཤྭ་རཱ་ཛ། སུ། ཛ་ཥ། ཥ་ཌ། བི་ཤྭ་རཱ་ཌ། བི་ཤྭ་སྱ་བ་སུ་རཱ་ཊོཿ། པི་ཤྭའི་བ་སུ་རཱ་ཊ་དག་ལའོ། བི་ཤྭ་ཞེས་པ། བསུ་དང་རཱཛ་རཱ་ཊ་ཞེས་པར་འགྱུར་བའི་སྔོན་ན་ཡོད་ན་རྟགས་མ་བའི་རིང་བོར་འགྱུར་ཏེ། བི་ཤྭཱ་རཱི་ཏ་ལྟ་བུ་སྟེ། ཧ་ལ་ཐོག་མ་ཅན་རྣམས་ལ་རཱ་ཛ་རཱ་ཥ་ཞེས་པར་འགྱུར་ལ།
དེའི་ཚེ་བི་ཤྭའི སྣ་ཚོགས་གསལ་བ། ཨ་རིང་པོར་འགྱུར་བ་མ་གཏོགས་རཱ་ཛ་རང་གི་སྐབས་སུ་བཤད་པ་དང་ཁྱད་པར་མེད་དོ། བསུ་ཞེས་པ་ཨུ་ཡིག་མཐའ་ཅན་ནི། ཆོ་ག་ཐམས་ཅད་བྷ་ནུའི་སྐབས་དང་འདྲ། དེའི་སྔོན་དུ་བི་ཤྭ་ཞེས་པ་བྱུང་ན། བི་ཤྭའི་བསུ་རཱ་ཊ་དག་ལ་འོས་རིང་པོར་འགྱུར་ཏེ།
དཔེར་ན། བི་ཤྭཱ་བསུཿལྟ་བུའོ། ༈ །ཛ་ཡིག་མཐའ་ཅན་བྷྲྀ་སྫ་ལ། སུ། སྐོཿསཾ་ཡོ་གཱ་དྱོ་ར་ནྟེ་ཙ། ཡང་དག་པར་སྦྱོར་བའི་མཐའ་ལསྔ་མའི་སྲ་ཀྲ་དག་གེའང་ངོ་། །རྟགས་མཐའ་ཡང་དག་པར་སྦྱོར་བ་སྟེ། སྲོག་མེད་གཉིས་བརྩེགས་པའི་མཐའི་སྔ་མ་དེས་ཡིག་གམ་ཀ་ཡིག་ཡིན་ན་ཛྷལ་སོ་
སོར་བསྡུ་བའི་ཡི་གེ་རྣམས་ཕ་རོལ་དང་ཚིག་མཐའ་ལ་དབྱི་བར་བྱ་སྟེ། ས་ཕྱིས། བྲ་ཤྩ་བྷྲ་སྫ་སོགས་ཀྱིས་ཛ་ཥ། གནས་མེད་པ་ལ་ཡང་ན་འོས་ཌ་འམ་ཊ། བྷྲྀ་ཊ། བྷྲྀ་ཊ། ཨཽལ། ཛྷ་ཤལ་ཛྷལ་རྣམས་སོས། ཛྷ་ཤ་སོ་སོར་བསྡུ་བའི་ཡི་གེ་ཛའི་སྔ་མའི་ཛྷ་ལ་སོ་སོར་བསྡུ་བའི་ནད་ཚན་
ས་ཡིག་དེ་ཁོ་རང་དང་སྐྱེ་གནས་མཐུན་པའི་ད་ཡིག་ཏུ་འགྱུར། ས་ཏུའི་ཤ་ཙུ་ལ་ཤ་ཙུ་འོས། དང་དྲངས། བྷྲྀ་ཛྫཽ། ཛས་ལ། བྷྲྀ་ཛྷྲཿ། ཨམ་དང་ཨཽ་ལ། བྷྲྀ་ཛྫཾ། བབྷྲྀ་ཛྫཽ། ཤས་ལ། བྷྲྀ་ཛྫཿ། ཊཱ་ལ། བྷྲྀ་ཛྫཱ། བྷྱཱཾ་བྷིས་ལ། ཡང་དག་པར་སྦྱོར་བའི་མཐའ་ལ་སྔ་མའི་ས་ཀ་དག་གིས་འོས།
ས་ཕྱིས། ཛ་ཥ། ཥ་ཌ། བྷྲྀ་དྦྷྱཱཾ། བྷྲྀ་དྦྷིཿ། དེ་ལ། བྷྲྀ་ཛྫེ། བྷྱཱཾ་བྷྱས་འདྲ། ང་སི་ལ། བྷྲྀ་ཛྫྲཿ། བྷྱཱཾ་བྷྱས་འདྲ། དྲུག་པ་རྣམས་ལ། བྷྲྀ་ཛྫཿ། བྷྲྀ་ཛྫོཿ། བྷྲྀ་ཛྫཱཾ། བདུན་པ་རྣམས་ལ། བྷྲྀ་ཛྫི། བྷྲྀ་ཛྫྲོཿ། བྷྲྀ་ཊྶུ། བོད་ཚིག་ལ། ཧེ་བྷྲྀ་ཊ། ཧེ་བྷྲྀ་ཊ། ཧེ་བྷྲྀ་ཌ། ཧེ་བྷྲྀ་ཛྫོ། ཧེ་བྷྲྀ་ཛྫཿ། ༈ །ཛ་ཡིག་མཐའ་ཅན།
Vol. 208 · folio 71a
ཪྀ་ཏྭི་ཛ་ལ། སུ། རྀ་ཏྭི་ཛ་ཞེས་པ་མིང་དུ་བསྒྲུབ་པའི་རྐྱེན་ཀྭིན་བྱིན་པའི་རྗེས་ཡིན་པས། ཀྭིན་རྐྱེན་གྱི་ཀུ་འོས། ཛ་ག། གནས་མེད་པ་ལ་ཡར་ན་འོས། རྀ་ཏྭི་ཀ། རྀ་ཏྭི་ག། ཨཽ་དང་ཛས་ལ། རྀ་ཏྭི་ཛཽ། རྀ་ཏྭི་ཛཿ། བོད་ཚིག་རྣམས་ལ། ཧེ་རི་ཏི་ཀ །ཧེ་རི་ཏྭི་ག །ཧེ་རྀ་ཏྭི་ཛཽ། ཧེ་རྀ་ཏྭི་ཛཿ། བྷྱཱཾ་ལ།
ཪྀ་ཏྭི་གྦྷྱཱི། སོགས་རིགས་འགྲེའོ། ༈ །ཛ་མཐའ་ཅན། ཨཱུ་རྫ་ལ་སུ། ཀྭིན་རྐྱེན་གྱི་ཀུ་འོས། ཛ་ག། ཧ་ལ་སོགས་ཀྱིས་སུ་ཕྱིས། ར་ཡིག་ལས་མ་གཏོགས་ཡང་དག་པར་སྦྱོར་བའི་མཐའ་མི་དབྱི། གནས་མེད་པ་ལ་ཡང་ན་འོས། ཨཱུ་རྐུ། ཨཱུ་རྒུ། ཨཽ་ལ། ཨཱུ་རྫཽ། དེས་ཨ་ཙ་དང་པོ་ཅན་རྣམས་
རིགས་འགྲེ། བྷྱཱཾ་ལ། ཨཱུ་བྷྱཱཾ། འདིས་ཧ་ལ་དང་པོ་ཅན་རྣམས་རིགས་འགྲེའོ། ༈ །ད་ཡིག་མཐའ་ཅན། ཏྱ་ད། ལ། སུ། ཏྱ་ད་སོགས་རྣམས་ཀྱི་ཨ་འོས། ད། ཨ། ཨ་ཏ་ཀྱི་ཡོན་ཏན་ལ་འོས། སྔ་མའི་གཟུགས་སུ་སོང་། ཏྱ། སུ། ཏ་དོསྶཿསཱ་ཝ་ནི་ཏྱ་ཡོཿ། ཏ་ད་དག་གི་སུ་ལ་ས་མཐའ་
མ་ཡིན་པ་ལའོ། །ཏྱད་སོགས་ཀྱི་མཐའ་མ་ཡིན་པའི་ཏ་ཡིག་དང་ད་ཡིག་དག་སུ་ཕ་རོལ་ལས་ཡིག་ཏུ་འགྱུར་རོ། དེ། སྱཿ། ཨོ་ལ། ཏྱཽ། ཛས། ཤཱི། ཏྱེ་སོགས་ཏེ། སརྦ་པོ་རྟགས་ཀྱི་སྐབས་སུ་བཤད་པ་དང་འདྲའོ། ༈ །ད་ཡིག་མཐའ་ཅན་ཏ་ད་ཀྱང་བཤད་མ་ཐག་པ་དང་འདྲ་སྟེ། སཿ། ཏཽ། ཏེ་སོགས་
སོ། ཡང་ཅེས་པ་ལའང་། ཡཿ། ཡཽ། ཡེ། སོགས་སོ། །ཨེ་ཏ་ད་ལ། ཨེ་ཥཿ། ཨེ་ཏཽ། ཨེ་ཏེ། སོགས་རིགས་འགྲེ། ཡང་ཨེ་ཏ་ད་ཀྱི་ལུས་འགྱུར་གཞན་ནི་རྣམ་དབྱེ་གཉིས་པ་རྣམས་དང་། ཊཱ་དང་ཨོས་གཉིས་ལ། གཉིས་པ་ཊཱ དེ། ཨོས་རྣམས་ལ་ཨེ་ནའོ་ཞེས་པས། ཨེ་ཏ་ད། ཨེ་ན་ཞེས་
པར་འགྱུར། དང་། གཉིས་པ་རྣམས་ལ། ཨེ་ནཾ། ཨེ་ནཽ། ཨེ་ནཱ་ན། དེ། ཊཱ་ལ། ཨེ་ཞེ་ན། ཨོས་གཉིས་ལ། ཨེ་ན་ཡོཿ། ཞེས་པའང་ལུགས་གཅིག་གོ། ༈ །ད་ཡིག་མཐའ་ཅན། ཡུཥྨ་ད། ཨ་སྨད་ལ། སུ། དེ་པྲ་ཐ་མ་ཡོར་མ། དེ་དང་པོ་དག་གི་ཨ་མའོ། །ཡུཥྨ་ད་དང་ཨཥྨ་ད་ཅེས་པའི་རྟགས་ལས་
རྣམ་དབྱེ་དང་པོ་རྣམས་དང་གཉིས་པ་རྣམས་དང་བཞི་པའི་དེ་རྣམས་ནི་ཨ་མ་ཞེས་པར་འགྱུར་ཏེ། སུ་ཨམ་དུ་འགྱུར། ཡུཥྨ་ད། ཨ་མ། ཨ་སྨད། ཨམ། ཏྭཱ་ཧཽ་སཽ། སུ་ལ་ཏྭ་ཨ་ཧ་འོ། བོད། ངའམ་བདག །རྣམ་དབྱེ་དང་པོའི་སུ་ཕ་རོལ་ལ་ཡུཥྨ ད་ཀྱི་ཨ་ད་བཞག་པའི་ཡུ་ཥ་མ་གསུམ་ནི། ཏྭ་ཞེས་པར་
Vol. 208 · folio 71b
འགྱུར་ལ། ཨ་སྨད་ཀྱི་ཨ་ད་བོར་བའི་ཨཱ་སྨ་རྣམས་ཨ་ཏ་ཞེས་པར་འགྱུར་ཏེ། ཏྭ་ཨད། ཨ་མ། ཨ་ཧ་ཨད། ཨ་མ། ཤེ་ཥེ་ལོ་པཿ། ལྷག་མ་ལ་དབྱིའོ། །ཡུ་ཥྨ་ད་དང་ཨ་སྨད་ཅེས་པའི་ད་ཡིག་ཨཱ་དང་ཡ་རུ་འགྱུར་བ་དག་མི་དབྱི་ལ། ཨཱ་ཡ་རུ་འགྱུར་བ་མ་ཡིན་པ་རྣམས་དབྱི་བར་བྱ་སྟེ། ད་ཕྱིས།
ཏྭ་ཨ། ཨ་མ། ཨ་ཧ་ཨ། ཨམ། ཨ་ད་ཀྱི་ཡོན་ཏན་ལའོ་དང་། ཨམ་ལ་སྔ་མ་འོས། ཏྭཾ། ཨ་ཧཾ། ཡུཥྨ་ད། ཨ་སྨད་ལ་ཨཽ། དེ་དང་པོ་དག་གི་ཨམ་འོས། ཨཽ། ཨམ་དུ་འགྱུར། ཡུཥྨ་ད། ཨམ། ཨ་སྨད། ཨམ། ཡུ་ཝཱ་ཝོཽ་དྭི་བ་ཙ་ནེ། གཉིས་ཚིག་ལ། ཡུ་ཝ་ཨཱ་ཝ་དག་གོ། །རྣམ་དབྱེ་གཉིས་
ཚིག་རྣམས་ལ། ཨད་བོར་བའི། ཡུཥྨ་ནི། ཡུ་ཝ་དང་ཨད་བོར་བའི་ཨ་སྨཱ་ནི། ཨཱ་ཝ་ཞེས་པར་འགྱུར་ཏེ། ཡུ་ཝ་ཨད། ཨམ། ཨཱ་ཝ་ཨད། ཨམ། པྲ་ཐ་མཱ་ཡཱ་ཤྩ་དྭི་བ་ཙ་ནེ་བྷཱ་ཥཱ་ཡཾ། དང་པོའི་འང་གཉིས་ཚིག་བརྗོད་པ་ལའོ། །རྣམ་དབྱེ་དང་པོའི་གཉིས་ཚིག་ཕ་རོལ་ལ་ཡུཥྨ་ད་ཅེས་པའི་
མཐའ་ཨཱར་འགྱུར་ཏེ། ད་ཡིག་ཨཱ་རུ་འགྱུར། ཡུ་ཝ་ཨ་ཨཱ། ཨམ། ཨཱ་ཝ་ཨ་ཨཱ། ཨམ། ཨ་ཏ་ཀྱི་ཡོན་ཏན་ལ་འོས། ཡུ་ཝ་ཨཱ། ཨམ། ཨཱ་ཝ་ཨཱ། ཨམ། ཨ་ཀ་གི་འདྲ་བ་ལ་རིང་པོ་དང་། ཨམ་ལ་སྔ་མ་འོས། ཡུ་ཝཱཾ། ཨཱ་ཝཱཾ། ཡུཥྨད། ཨ་སྨད་ལ་ཛས། དེ་དང་པོ་དག་གི་ཨམ་
འོས་ཛས་ཨམ། ཡུཥྨད། ཨམ། ཨ་སྨད། ཨམ། ཡཱུ་ཡ་བ་ཡཽ་ཛ་སི། ཛས་ལ་ཡཱུ་ཡ་བ་ཡའོ། །རྣམ་དབྱེ་དང་པོའི་མང་ཚིག་ཛས་ཕ་རོལ་ལ་ཨད་བོར་བའི་ཡུཥྨྲ་ནི་ཡཱུ་ཡ་དང་ཨད་བོར་བའི་ཨ་སྨ་ནི་པ་ཡ་ཞེས་པར་འགྱུར་རོ། །ཡཱུ་ཡ་ཨད། ཨམ། བ་ཡ་ཨད། ཨམ། ལྷག་མ་ལ་
དབྱི་འོས་ད་ཕྱིས། ཨ་ད་ཀྱི་ཡོན་ཏན་ལ་འོ་དང་། ཨམ་ལསྔ་མ་འོས། ཡཱུ་ཡཾ། བ་ཡཾ། ཡུཥྨད། ཨ་སྨད་ལ། གཉིས་པའི་ཨམ། དེ་དང་པོ་དག་གི་ཞེས་པས་ཨམ་ཨམ་དུ་འགྱུར། ཡུཥྨད། ཨམ། ཨ་སྨད། ཨམ། ཏྭ་མཱ་ཝེ་ཀ་བ་ཙ་ནེ། གཅིག་ཚིག་ལ་ཏྭ་མ་དག་གོ། །རྣམ་དབྱེ་གཅིག་
ཚིག་རྣམས་ཕ་རོལ་ལ། ཨད་བོར་བའི་ཡུཥྨྲ་ནི་ཏྭ་དང་ཨད་བོར་བའི་ཨ་སྨྲ་ནི་མ་ཞེས་པར་འགྱུར་ཏེ། ཏྭ་ཨད། ཨམ། མ་ཨད། ཨམ། དྭི་ཏཱི་ཡཱ་ཡཱཾ་ཙ། གཉིས་པ་ལའང་ངོ་། །རྣམ་དབྱེ་གཉིས་པ་རྣམས་ཕ་རོལ་ལའང་ཡུཥྨད་ཨ་སྨད་དག་གི་མཐའ་སྟེ་ད་ཨཱ་རུ་འགྱུར་ཏེ། ཏྭ་ཨ་ཨཱ་ཨམ་
Vol. 208 · folio 72a
མཾ་ཨ་ཨཱ། ཨམ། ཨ་ཏ་ཀྱི་ཡོན་ཏན་ལའོ་དང་། ཨ་ཀ་གི་འདྲ་བ་ལ་རིང་པོ། ཨམ་ལ་སྔ་མ་འོས། ཏྭཱཾ། མཱཾ། ཡུཥྨད། ཨ་སྨད་ལ། གཉིས་པའི་ཨཽ། དེ་དང་པོ་དག་གི་ཨམ་འོས། ཨཽ་ཨམ། གཉིས་ཚིག་ལ་ཡུ་ཝ་ཨཱ་ཝ་དག་གོས། ཡུ་ཝ་ཨད། ཨམ། ཨཱ་ཝ་ཨད་ཨམ།
གཉིས་པ་ལའང་ངས་ད་ཨཱ། ཨ་ཏ་ཀྱི་ཡོན་ཏན་ལའོ་དང་། ཨ་ཀ་གི་འདྲ་བ་ལ་རིང་པོ། ཨམ་ལ་སྔ་མ་འོས། ཡུ་ཝཱཾ། ཨཱ་ཝཱཾ། ཡུཥྨ་དེ་ཨ་སྨད་ལ། གཉིས་པའི་མང་ཚིག་ཤས། ཤ་སོ་ནཿ། ཤས་ཀྱི་ན་འོ། །ཡུཥྨད་ཨ་སྨད་ལ་རྣམ་དབྱེ་གཉིས་པའི་མང་ཚིག་ཤས་ནི་ན་སྲོག་མེད་ཏུ་འགྱུར་རོ། །ཤས་ན།
གཉིས་པ་ལའང་ངོས། མཐའ་ཨཱ། ཨ་ཀ་གི་འདྲ་བ་ལ་རིང་པོ་འོས། ཡུཥྨཱ་ན། ཨ་སྨཱན། ཡུཥྨད། ཨསྨད་ལ། གསུམ་པའི་ཊཱ། གཅིག་ཚིག་ལ་ཏྭ་མ་དག་གོས། ཏྭ་ཨད། ཊཱ་མ་ཨད། ཊཱ། ཡོ་ཙི། ཨ་ཙ་ལ་ཡའོ། ཨཽ་ཨམ་དུ་འགྱུར་བ་ལྟ་བུ་མ་ཡིན་པའི་རྣམ་དབྱེ་ཨ་ཙ་ཐོག་མ་ཅན་
གཞན་དུ་མ་འགྱུར་བ་རྣམས་ལ། ཡུཥྨད། ཨ་སྨད་བྱི་མཐའ་རྟེན་ཡ་རུ་འགྱུར་ཏེ། ད་ཡ་རུ་བསྒྱུར། ཨ་ཏ་ཀྱི་ཡོན་ཏན་ལའོ་དང་ཡ་དྲངས་པས། ཏྭ་ཡཱ། མ་ཡཱ། ཡུཥྨད། ཨ་སྨད་ལ་གསུམ་པའི་བྷྱཱཾ། གཉིས་ཚིག་ལ་ཡུ་ཝ་ཨཱ་ཝ་དག་གོས། ཡུ་ཝ་ཨད། བྷྱཱཾ། ཨཱ་ཝ་ཨད། བྷྱཱཾ། ཡུཥྨ ད་སྨ་
དོར་ནཱ་དེ་ཤེ། ཡུཥྨད་ཨ་སྨད་དག་གི་ཀུན་ནས་བསྒྱུར་བ་ལའོ། སུ་ཨམ་དུ་བསྒྱུར་བ་ལྟ་བུ་མ་ཡིན་པའི་རྣམ་དབྱེ་ཧ་ལ་ཐོག་མ་ཅན་གཞན་དུ་མ་འགྱུར་བ་རྣམས་ཕ་རོལ་ལ་ཡུཥྨ་ད་ཨ་སྨད་དག་གི་མཐའ་ཨཱ་རུ་འགྱུར་ཏེ། ད་ཨཱུ། ཨ་ཏ་ཀྱི་ཡོན་ཏན་ལའོ་དང་། ཨ་ཀི་གི་འདྲ་བ་ལ་རིང་པོ་འོས། ཡུཝཱ་
བྷྱཱཾ། ཨཱ་ཝཱ་བྷྱཱཾ། བྷིས་ལ། ཡུཥྨ་ད་ཨ་སྨད་དག་གི་ཀུན་ནས་མ་བསྒྱུར་བ་ལའོས། ད་ཨཱ། ཨ་ཀ་གི་འདྲ་བ་ལ་རིང་པོ་འོས། ཡུཥྶཱ་བྷིཿ། ཨསྨཱ་བྷིཿ། ཡུཥྨད་ཨ་སྨད་ལ། ངེ་། དེ་དང་པོ་དག་གི་ཨམ་འོས། དེ་ཨམ། ཏུ་བྷྱ་མ་ཧྻཽད་ཡི། ངེ་ལ་ཏུ་བྷྱ་ཧྻ་དག་གོ། །རྣམ་དབྱེ་བཞི་པའི་དེ་ཕ་རོལ་ལ་ཨད་
བོར་བའི་ཡུཥྨ་ནི་ཏུ་བྷྱ་དང་ཨད་བོར་བའི་ཨསྨྲ་ནི་མཧྻ་ཞེས་པར་འགྱུར་ཏེ། ཏུ་བྷྱ་དང་མ་ཧླ་ར་བསྒྱུར། ལྷག་མ་ལ་དབྱི་འོས་ད་ཕྱིས། ཨཏ་ཀྱི་ཡོན་ཏན་ལའོ་དང་། ཨམ་ལ་སྔ་མ་འོས། ཏུ་བྷྱཾ། མཧྻཾ། བྷྱཱཾ་གསུམ་པའི་སྐབས་དང་འདྲ་སྟེ། ཡུཝཱ་བྷྱཱཾ། ཨཱ་ཝཱ་བྷྱཱཾ། ཡུཥྨད། ཨ་སྨད་ལ་བཞི་པའི་བྷྱས། བྷྱ་སོ་
Vol. 208 · folio 72b
བྷྱ་མ། བྷྱས་བྷྱ་མའོ། །ཡུཥྨ་ད། ཨ་སྨད་དག་ལ། བྷྱས་ནི་བྷྱམ་ཞེས་པར་འགྱུར་ཏེ། བྷྱས་བྷྱཾ་དུ་བསྒྱུར། ལྷག་མ་ལ་དབྱི་བོས་ད་ཕྱིས། ཡུཥྨ་བྷྱཾ། ཨ་སྨབྷྱཾ། ཡུཥྨ་ད་ཨ་སྨད་ལ། ལྔ་བའི་ད་སི། གཅིག་ཚིག་ལ་ཏྭ་མ་དག་གོས། ཏྭ་ཨད། ང་སི། མ་ཨད། ང་སི། ཨེ་ཀ་བ་ཙན་སྱ་ཙ། གཅིག་
ཚིག་གིའང་ངོ་། །རྣམ་དབྱེ་ལྔ་པའི་གཅིག་ཚིག་ང་སི་ནི། ཡུཥྨ་ད། ཨསྨད་ལའང་ཨ་ཏ་ཅེས་པར་འགྱུར་ཏེ། ང་སི། ཨ་ཏ། ཨ་ཏ་ཀྱི་ཡོན་ཏན་ལ་འོས། ཨ་གཉིས་ཀ་སྔ་མའི་གཟུགས་སུ་སོང་། ཏྭ་ཏ། མ་ཏ། ལྔ་པའི་བྷྱཱ་མ་ཡང་གསུམ་པ་དང་བཞི་པའི་སྐབས་དང་འདྲ་བས། ཡུ་ཝཱ་བྷྱཱཾ། ཨཱ་ཝཱ་བྷྱཱ་མ།
ཡུཥྨ་ད། ཨ་སྨད་ལ་ལྔ་པའི་བྷྱས། པཉྩ་མྱཱ་ཨ་ཏ། ལྔ་པའི་ཨ་ཏའོ། །ཡུཥྨ་དཱ་ཨ་སྨད་དག་ལ་རྣམ་དབྱེ་ལྔ་པའི་བྷྱས་ནི་ཨ་ཧ་ཅེས་པར་འགྱུར་ཏེ། བྷྱས་ཨ་ཏ་དུ་བསྒྱུར། ལྷག་མ་ལ་དབྱི་འོས། ད་ཕྱིས། ཨ་ཏ་ཀྱི་ཡོན་ཏན་ལའོས། ཡུཥྨ་ཏ། ཨ་སྨད། ཡུཥྨད་ཨསྨད་ལ། དྲུག་པའི་ངས།
ཏ་ཝ་མ་མཽང་སི། ངས་ལ་ཏ་ཝ་མ་མ་དག་གོ། །རྣམ་དབྱེ་དྲུག་པའི་ངས་ཕ་རོལ་ལ་ཨད་བོར་བའི་ཡུཥྨ་ནི་ཏ་ཝ་དང་ཨད་བོར་བའི་ཨསྨྲ་ནི་མ་མ་ཞེས་པར་འགྱུར་ཏེ། ཏ་ཝ་ཨད། ངས། མ་མ་ཨད། ངས། ཡུཥྨ་ད་སྨདྦྷྱཱཾ་ད་སོ་ཨ་ཤྭ། ཡུཥྨ་ད་ཨ་སྨད་དག་ལས་ངས་ཀྱི་ཨ་ཤ་འོ། །ཡུ་སྨད་ཨ་སྨད་
དག་ལས་རྣམ་དབྱེ་དྲུག་པའི་ངས་ནི་ཨ་ཤ་ཞེས་པར་འགྱུར་ཏེ། ངས། ཨ་ཤ་རུ་བསྒྱུར། ཤ་འགྲོ་བའི་མིང་ཅན་ཡིན་པས་ཕྱིས། ལྷག་མ་ལ་དབྱེ་འོས་དཕྱིས། ཨ་ཏ་ཀྱི་ཡོན་ཏན་ལ་འོས་ཨ་གཉེར་སྔ་བའི་གཟུགས་སུ་སོང་། ཏ་ཝ། མ་མ། ཡུ་ཥྨད་ཨ་སྨད་ལ་དྲུག་པའི་ཨོས། གཉིས་ཚིག་
ལ་ཡུ་ཝ་ཨཱ་དག་གོས། ཡུ་ཝ་ཨད། ཨོས། ཨཱ་ཝ་ཨད། །ཨོས། ཨ་ཙལ་ཡ་འོས། ད་ཡ། ཨ་ཏ་ཀྱི་ཡོན་ཏན་ལ་འོས། ཨ་སྔ་མའི་གཟུགས་སུ་སོང་དྲངས་བས། ཡུ་ཝ་ཡོཿ། ཨཱཝ་ཡོཿ། ཡུཥྨ་ད་ཨ་སྨད་ལ་དྲུག་པའི་ཨཱ་མ། ལྷག་མ་ལ་དབྱི་འོས། ད་ཕྱིས། ཨཱ་མ་ལ་སརྦའི་མིང་ཅན་
རྣམས་ལ་སུ་ཊ་འོས། སུ་ཊ་ཨཱ་ག་མ། ཡུཥྨ། སཱ་མ། ཨ་སྨ། སཱ་མ། སཱ་མ་ཨ་ཀཾ སཱ་མ་གྱི་ཨཱ་ཀཾ་དོ། །ཡུཥྨད་ཨ་སྨད་ལ་རྣམ་དབྱེ་དྲུག་པའི་ཨཱ་མ་སུཊ་དང་བཅས་པའི་སཱ་མ་ཞེས་པ་ནི། ཨཱ་ཀཾ་ཞེས་པར་འགྱུར་ཏེ། སཱཾ་ཨཱ་ཀཾ་དུ་བསྒྱུར། ཨ་ཀ་གི་འདྲ་བ་ལ་རིང་པོ་འོས། ཡུཥྨཱ་ཀཾ།།
Vol. 208 · folio 73a
ཨསྨཱ་ཀཾ། ཡུཥྨ་ད་ཨ་སྨད་ལ་རྣམ་དབྱེ་བདུན་པའི་ངི། གཅིག་ཚིག་ལ་ཏྭ་མ་དག་གོས། ཏྭ་ཨད། ངི། མ་ཨད། ངི། ཨ་ཙ་ལ་ཡ་འོས། ང་ཡ། ཏྭ་ཡི། མ་ཡ། ཨོས་དྲུག་པའི་སྐབས་དང་འདྲ་སྟེ། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཡུཥྨ་ད་ཨ་སྨད་ལ། བདུན་པའི་མ་ད་ཚིག་སུ་པ།
ཡུཥྨད་ཨ་སྨད་དག་གི་ཀུན་ནས་མ་བསྒྱུར་བ་ལ་འོས། ད་ཨཱ། ཨ་ཀ་གི་འདྲ་པ་ལ་རིང་པོ་འོས། ཡུཥྨཱ་སུ། ཨ་སྨཱ་སུ། ༈ ཡང་ཡུཥྨད་ཨ་སྨད་ཀྱི་ལུས་འགྱུར་གཞན་ནི་མི་ཟད་པའི་ཚིག་སྡུད་ཀྱིས་རྣམ་དབྱེ་རྣམས་ཀྱི་གཅིག་ཚིག་བསྡུས་རྗེས་ཨ་ཏི་སྔ་མ་ཅན་ནི་རྣམ་དབྱེ་དང་པོའི་གཅིག་ཚིག་དང་མང་ཚིག་དང་
བཞི་བའི་ངི། དྲུག་པའི་ངས་རྣམས་མ་གཏོགས་ཕ་རོལ་དུ་རྣམ་དབྱེ་གང་བྱུང་ཡང་ཨད་བོར་བའི་ཡུཥྨ་ནི་ཏྭ་དང་ཨད་པོར་བའི་ཨ་སྨ་ནི་མ་ཞེས་པ་ཁོ་ནར་འགྱུར་ཏེ། དཔེར་ན། ཏྭཱཾ་བཱ་ཨ་ཏི། མཱཾ་བཱ་ཨ་ཏི་ཞེས་པ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ། ཚིག་སྡུད་ཀྱིས་བསྡུས་ཨ་ཏི་སྔོན། ཨ་ཏི་
ཡུཥྨ་ད། ཨ་ཏི་ཨ་སྨད་ཅེས་པ་ལ། རྣམ་དབྱེ་གོང་དུ་སྨོས་པ་རྣམས་མ་གཏོགས་གང་བྱུང་ཡང་ཡུཥྨ་ཏྭ་དང་ཨསྣམ་ཞེས་པར་འགྱུར། དེ་ནས་གོང་དུ་བསྟན་པའི་རང་རང་གི་ཚོགས་བསྒྲུབ་སྟེ། རྣམ་དབྱེ་དང་པོའི་གཅིག་ཚིག་ལ། ཨ་ཏི་ཏྭཾ། ཨ་ཏྱ་ཧཾ། གཉིས་ཚིག་ལ། ཨ་ཏི་ཏྭཱཾ། ཨ་ཏིམཱཾ།
མང་ཚིག་ཡ། ཨ་ཏི་ཡཱུ་ཡཾ། ཨ་ཏི་པ་ཡཾ། གཉིས་པའི་གཅིག་ཚིག་ལ། ཨ་ཏི་ཏཱི། ཨ་ཏི་མཱཾ། གཉིས་ཚིག་ལ། ཨ་ཏེ་ཏྭཱཾ། ཨ་ཏི་མཱཾ། མང་ཚིག་ལ། ཨ་ཏི་ཏྭཱ་ན། ཨ་ཏི་མཱ་ན། གསུམ་པའི་གཅིག་ཚིག་ལ། ཨ་ཏི་ཏྭ་ཡཱ། ཨ་ཏེ་མ་ཡཱ། གཉིས་ཚིག་ལ། ཨ་ཏི་ཏྭཱ་བྷྱཱཾ། ཨ་ཏི་མཱ་བྷྱཾ། མང་
ཚིག་ལ། ཨ་ཏི་ཏྭཱ་བྷིཿ། ཨ་ཏི་མཱ་བྷིཿ། བཞི་པའི་གཅིག་ཚིག་ལ། ཨ་ཏི་ཏུ་བྷྱཾ། ཨ་ཏཡི་མ་ཧྻཾ། གཉིས་ཚིག་ལ། ཨ་ཏི་ཏྭཱ་བྷྱཱཾ། ཨ་ཏི་མཱ་བྷྱཱཾ། མང་ཚིག་ལ། ཨ་ཏི་ཏྭ་བྷྱཾ། ཨ་ཏི་མ་བྷྱཾ། ལྔ་པའི་གཅིག་ཚིག་ལ། ཨ་ཏི་ཏྭ་ཏ། ཨ་ཏི་མ་ཏ། གཉིས་ཚིག་ལ། ཨ་ཏི་ཏྭཱ་བྷྱཱཾ། ཨ་ཏི་མཱ་བྷྱཱཾ། མང་
ཚིག་ལ། ཨ་ཏི་ཏྭ་ཏ། ཨ་ཏི་མ་ཏ། དག་པའི་གཅིག་ཚིག་ལ། ཨ་ཏི་ཏ་ཝ། ཨ་ཏི་མ་མ། གཉིས་ཚིག་ལ། ཨ་ཏི་ཏྭ་ཡོཿ། ཨ་ཏི་མ་ཡོཿ། མང་ཚིག་ལ། ཨ་ཏི་ཏྭཱ་ཀཾ །ཨ་ཏི་མཱ་ཀཾ །བདུན་པའི་གཅིག་ཚིག་ལ། ཨ་ཏི་ཏྭ་ཡི། ཨ་ཏི་མ་ཡི། གཉིས་ཚིག་ལ། ཨ་ཏི་ཏཱ་ཡོཿ། ཨ་ཏི་མ་ཡོཿ།
Vol. 208 · folio 73b
མང་ཚིག་ལ། ཨ་ཏི་ཏྭཱ་སུ། ཨ་ཏི་མཱ་སུ། ལྟ་བུའོ། །ཡང་མི་ཟད་པའི་ཚིག་བསྡུ་ས་རྗེས་ཨ་ཏི་སྔ་མ་ཅན་ནི་གོང་དུ་སྨོས་པའི་རྣམ་དབྱེ་རྣམས་བོར་བའི་ཕ་རོལ་དུ་རྣམ་དབྱེ་གང་བྱུང་ཡང་ཨད་བོར་བའི་ཡུཥྨ་ནི་ཡུ་ཝ་དང་། ཨད་པོར་བའི་ཨ་སྨ་ནཱི་ཝ་ཞེས་པར་
འགྱུར་ཏེ། དཔེར་ན། ཡུ་ཝཾ་ཨ་ཏི། ཨཱ་ཝཾ་ཨ་ཏི། ཞེས་བ་ལ་རྣམ་དབྱེ་གཉིས་པའི་གཉིས་ཚིག་ཨཽ་སྡུད་ཀྱིས་བསྡུས། ཨ་ཏི་སྔོན། ཨ་ཏི་ཡུཥྨ་ད། ཨ་ཏི་ཨ་སྨན་ཅེས་པ་ལ་རྣམ་དབྱེ་དམིགས་བསལ་བཞི་པོ་མ་གཏོགས་རྣམ་དབྱེ་གང་བྱུང་ཡང་ཡུཥྨ་ནི་ཡུ་ཝ་དང་། ཨསྨ་ནི་ཨཱ་ཝ་ཁོ་ནར་
འགྱུར། དེ་ནས་རང་རང་གི་ཆོ་ག་གོང་དུ་བཤད་པ་རྣམས་ཀྱིས་བསྒྲུབས་བས། དཔེར་ན། རྣམ་དབྱེ་དང་པོའི་གཅིག་ཚིག་ལ་ཨ་ཏེ་ཏྭཾ། ཨ་དྱ་ཧཾ། གཉིས་ཚིག་ལ། ཨ་ཏི་ཡུ་ཝཱཾ། ཨ་ཏི་ཨཱ་ཝཱཾ། མང་ཚིག་ལ། ཨ་ཏི་ཡཱུ་ཡཾ། ཨ་ཏི་བ་ཡཾ། གཉིས་པའི་གཅིག་ཚིག་ལ། ཨ་ཏེ་ཡུ་ཝཱཾ།
ཨ་ཏི་ཨཱ་ཝཱཾ། གཉིས་ཚིག་ལ། ཨ་ཏི་ཡུ་ཝཱཾ། ཨ་ཏི་ཨཱ་ཝཱཾ། མང་ཚིག་ལ། ཨ་ཏི་ཡུ་ཝཱ་ན། ཨ་ཏི་ཨཱ་ཝཱ་ན། གསུམ་པའི་གཅིག་ཚིག་ལ། ཨ་ཏི་ཡུ་ཝ་ཡཱ། ཨ་ཏི་ཨཱ་ཝ་ཡཱ། གཉིས་ཚིག་ལ། ཨ་ཏི་ཡུ་ཝཱ་བྷྱཱཾ། ཨ་ཏི་ཨཱ་ཝཱ་བྷྱཱཾ། མང་ཚིག་ལ། ཨ་ཏི་ཡུ་ཝཱ་བྷིཿ། ཨ་ཏི་ཨཱ་ཝཱ་བྷིཿ། བཞི་པའི་
གཅིག་ཚིག་ལ། ཨ་ཏི་ཏུ་བྷྱཾ། ཨ་ཏི་མ་ཧྻཾ། གཉིས་ཚིག་ལ། ཨ་ཏི་ཡུ་ཝཱ་བྷྱཱཾ། ཨ་ཏི་ཨཱ་ཝཱ་བྷྱཱཾ། མིང་ཚིག་ལ། ཨཏི་ཡུ་ཝབྷྱཾ། ཨ་ཏི་ཡུ་ཨཱ་ཝ་བྷྱཾ། ལྔ་པའི་གཅིག་ཚིག་ལ། ཨ་ཏེ་ཡུ་ཝ་ཏ། ཨ་ཏི་ཨཱ་ཝ་ཏ། གཉིས་ཚིག་ལ། ཨ་ཏི་ཡུ་ཝཱ་བྷྱཱཾ། ཨ་ཏི་ཨཱ་ཝཱ་བྷྱཱཾ། མང་ཚིག་ལ། ཨ་ཏི་ཡུ་ཝ་ཏ།
ཨ་ཏི་ཨཱ་ཝ་ཏ། དྲུག་པའི་གཅིག་ཚིག་ལ། ཨ་ཏི་ཏ་པ། ཨ་ཏི་མ་མ། གཉིས་ཚིག་ལ། ཨ་ཏི་ཡུ་བ་ཡོཿ། ཨ་ཏི་ཨཱ་བ་ཡོཿ། མིང་ཚིག་ལ། ཨ་ཏི་ཡུ་བཱ་ཀཾ། ཨ་ཏི་ཨཱ་བཱ་ཀཾ། བདུན་པའི་གཅིག་ཚིག་ལ། ཨ་ཏི་ཡུ་བ་ཡི། ཨ་ཏི་ཨཱ་བ་ཡི། གཉིས་ཚིག་ལ། ཨ་ཏི་ཡུ་བ་ཡོཿ། ཨ་ཏི་ཨཱ་བ་ཡོཿ། མང་
ཚིག་ལ། ཨ་ཏི་ཡུ་བཱ་སུ། ཨ་ཏི་ཨཱ་བཱ་སུ། ཡང་ཡུཥྨན་ཨ་ཏི། ཨསྨཱན་ཨ་ཏེ། གོང་བཞིན་མི་ཟད་པའི་ཚིག་སྡངཀྱིས་རྣམ་དབྱེ་རྣམས་ཀྱི་མང་ཚིག་བསྡུས་རྗེས་ཨ་ཏི་སྔ་མ་ནི་རྣམ་དབྱེ་དམིགས་བསལ་བཞི་པོ་མ་གཏོགས་རྣམ་དབྱེ་གང་བྱུང་ཡང་གཟུགས་གཞན་དུ་མི་འགྱུར་བར་ཡུཥྨད ཨསྨཱན་ཅེས་
Vol. 208 · folio 74a
པ་ཉིད་དུ་གནས་ལ། དེ་ནས་རྣམ་དབྱེ་རང་རང་གི་ཆོ་ག་གོང་དུ་བཤད་པ་ལྟར་བྱ་སྟེ། གཉིས་པའི་མང་ཚིག་ཤས་ཚིག་སྡུད་ཀྱིས་བསྡུས་ཏེ་ཨ་ཏི་སྔོན། རྣམ་དབྱེ་དང་པོའི་གཅིག་ཚིག་ལ། ཨ་ཏི་ཏྭཾ། ཨ་ཏི་ཨ་ཏྭཾ། གཉིས་ཚིག་ལ། ཨ་ཏི་ཡུཥྨཱཾ། ཨ་ཏི་ཨ་སྨཱཾ། མང་ཚིག་ལ།
ཨ་ཏི་ཡཱུ་ཡཾ། ཨ་ཏི་པ་ཡཾ། གཉིས་པའི་གཅིག་ཚིག་ལ། ཨ་ཏི་ཡུཥྨཱཾ། ཨ་ཏི་ཨ་སྨཱཾ། གཉིས་ཚིག་ལ། ཨ་ཏི་ཡུཥྨཱཾ། ཨ་ཏི་ཨ་སྨཱཾ། མང་ཚིག་ལ། ཨ་ཏི་ཡུཥྨཱན། ཨ་ཏི་ཨ་སྨཱན། ཨ་ཏི་ཨ་སྨཱན། གསུམ་པའི་གཅིག་ཚིག་ལ། ཨ་ཏི་ཡུཥྨ་ཡཱ། ཨ་ཏི་ཨ་སྨ་ཡཱ། གཉིས་ཚིག་ལ། ཨ་ཏི་ཡུཥྨཱ་བྷྱཱཾ། ཨ་ཏི་
ཨསྨཱ་བྷྱཱཾ། མང་ཚིག་ལ། ཨ་ཏི་ཡུཥྨཱ་བྷིཿ། ཨ་ཏི་ཨ་སྨཱ་བྷིཿ། བཞི་པའི་གཅིག་ཚིག་ལ། ཨ་ཏི་ཏུ་བྷྱཱཾ། ཨ་ཏི་མ་ཧྻཾ། གཉིས་ཚིག་ལ། གཉིས་ཚིག་ལ། ཨ་ཏི་ཡུཥྨཱ་བྷྱཱཾ། ཨ་ཏི་ཨ་སྨྲ་བྷྱཱཾ། མང་ཚིག་ལ། ཨ་ཏི་ཡུཥྨ་བྷྱཾ། ཨ་ཏི་ཨ་སྨ་བྷྱཾ། ལྔ་བའི་གཅིག་ཚིག་ལ། ཨ་ཏི་ཡུཥྨ་ཏ། ཨ་ཏི་ཨ་སྨ་ཏ། གཉིས་ཚིག་
ལ། ཨ་ཏི་ཡུཥྨཱ་བྷྱཱཾ། ཨ་ཏི་ཨསྨཱ་བྷྱཱཾ། མིང་ཚིག་ལ། ཨ་ཏི་ཡུཥྨ་ཏ། ཨ་ཏི་ཨསྨཏ། དྲུག་པའི་གཅིག་ཚིག་ལ། ཨ་ཏི་ར་ཝ། ཨ་ཏི་མ་མ། གཉིས་ཚིག་ལ། ཨ་ཏི་ཡུཥྨ་ཡོཿ། ཨ་ཏི་ཨསྨ་ཡོཿ། མང་ཚིག་ལ། ཨ་ཏི་ཡུཥྨཱ་ཀཾ། ཨ་ཏི་ཨ་སྨཱ་ཀཾ། བདུན་པའི་གཅིག་ཚིག་ལ། ཨ་ཏི་ཡུཥྨ་
ཡི། ཨ་ཏི་ཨ་སྨ་ཡི། གཉིས་ཚིག་ལ། ཨ་ཏི་ཡུཥྨ་ཡོཿ། ཨ་ཏི་ཨ་སྨ་ཡོཿ། མང་ཚིག་ལ། ཨ་ཏི་ཡུཥྨཱ་སུ། ཨ་ཏི་ཨ་སྨཱ་སུ། ཡུཥྨ་ད་ཨ་སྨད་རྣམ་དབྱེ་དང་བཅས་པ་སླར་ཡང་ཁྱད་པར་གཞན་དུ་འགྱུར་ཚུལ་ནི། ཡུཥྨ་ད་སྨ་དོཿཥ་ཥྵཱི་ཙ་ཏུ་ནྦྲི་ཏྭི་ཏཱི་ཡཱ་སྠ་ཡོ་རྦཱཾ་ནཱ་ཝཽ། ཡུཥྨ་ད་ཨ་སྨད་དག་
གི་དྲུག་པ་བཞི་པ་གཉིས་པ་རྣམས་གནས་པ་དག་གི་བཱཾ་ནོ་དག་གོ། །ཚིག་གི་ཐོག་མ་མ་ཡིན་པ་ལ་རྣམ་དབྱེ་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱི་གཉིས་ཚིག་གིས་བསྒྲུབས་ཟིན་པ། ཡུཥྨ་ད་ཨ་སྨད་རྣམ་དབྱེ་དང་བཅས་པ་བཱཾ་ནོ་ཞེས་པར་འགྱུར་ཏེ། དཔེར་ན། ཡུཥྨ་ད་རྣམ་དབྱེ་དྲུག་པའི་
གཉིས་ཚིག་གིས་བསྒྲུབས་ཟིན་པ། ཡུ་བ་ཡོཿ། ཞེས་པ་བཱཾ་ཞེས་པར་འགྱུར། ཨ་སྨད་དྲུག་པའི་གཉིས་ཚིག་གིས་བསྒྲུབས་ཟིན་པ། ཨ་བ་ཡོཿ། ཞེས་པ་ནཽ་ཞེས་པར་འགྱུར། དེ་བཞིན་དུ་བཞི་པའི་གཉིས་ཚིག་གིས་བསྒྲུབས་ཞིན་པ། ཡུ་བཱ་བྷྱཱཾ་ནི་བཱཾ་དང་། ཨཱ་བཱ་བྷྱཱཾ་ནི་ནོ་ཞེས་པར་འགྱུར།
Vol. 208 · folio 74b
དེ་བཞིན་དུ། གཉིས་པའི་གཉིས་ཚིག་གིས་བསྒྲུབས་ཟིན་པ། ཡུ་བཱཾ། ནི། བཱཾ་དང་། ཨཱ་བཱཾ་ནི་ནཽ་ཞེས་པར་འགྱུར་རོ། །བ་ཧུ་བ་ཙ་ན་སྱ་བ་སྣ་སཽ། མང་ཚིག་གི་བས་ནས་དག་གོ། །རྣམ་དབྱེ་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱི་མང་ཚིག་གིས་བསྒྲུབས་ཟིན་པ། ཡུཥྨཱ་ཀཾ་དང་ཡུཥྨ་བྷྱཾ་དང་ཡུཥྨཱ་ན་རྣམས་པས་ཞེས་
པར་འགྱུར། ཨ་སྨཱ་ཀཾ་དང་། ཨསྨབྷྱཾ་དང་། ཨ་སྨཱན་རྣམས་ནས་ཞེས་པར་འགྱུར་རོ། །ཏེ་མ་ཡཱ་བེ་ཀ་བ་ཙ་ན་སྱ། གཅིག་ཚིག་གི་ཏེ་མེ་དག་གོ། །རྣམ་དབྱེ་དྲུག་པ་དང་བཞི་པའི་གཅིག་ཚིག་གིས་བསྒྲུབས་ཟིན་པ། ཏུ་བྷྱ་མ་དང་ཏ་པ་དག་ཏེ་ཞེས་པར་འགྱུར། མ་ཧྻཾ་དང་། མ་མ་དག་མེ་ཞེས་པར་
འགྱུར་རོ། ཏྭཱ་མཽ་དྭི་ཏཱི་ཡཱ་ཡཱཿ། གཉིས་པའི་ཏྭཱ་མཱ་དག་གོ། །རྣམ་དབྱེ་གཉིས་བའི་གཅིག་ཚིག་གིས་བསྒྲུབས་ཟིན་པའི། ཏྭཱཾ་ཞེས་པ་ནི་ཏྭཱ་དང་། མཱཾ་ཞེས་པ་ནི་མཱ་ཞེས་པར་འགྱུར་རོ། ༈ །དེ་དག་ཚིགས་བཅད་དང་སྦྱར་བའི་དཔེར་བརྗོད་ནི། ཤྲཱི་ཤ་སྟྭཱ་ཝ་ཏུ་མཱ་པཱི་ཧ་ད་ཎྭཱ་ཏྟེ་མེ་བི་ཤ་རྨསཿ། སྭཱ་མཱི་
ཏེ་མེ་བིས་ཧ་རིཿབཱ་ཏ་བཱ་མ་པི་ནཽ་པི་བྷུཿ། དེ་ཡང་བོད་སྐད་ལ། དཔལ་གྱི་དབང་ཕྱུག་ཁྱོད་བསྲུང་བ་དག་ལ་ཡང་། །ཁྱོད་ལ་སྦྱིན་པ་བདག་ལའང་བདེ་བ་སྩོལ། །ཁྱོད་ཀྱི་རྗེ་དེ་འཕྲོག་བྱེད་བདག་གི་ཡང་། །མངའ་བདག་ཁྱོད་དག་ལ་བསྲུང་པ་དག་ལ་ཡང་། །ཞེས་པ་སྟེ། ཚིག་རྐང་དང་པོའི་ཡི་གེ་
གསུམ་པ་ལ་ཏྭཱ་དང་དྲུག་པ་ལ་མཱ་ཞེས་པ་ནི་ཁྱོད་ལ་དང་བདག་ལ་ཞེས་གཉིས་བའི་གཅིག་ཚིག་དང་། ཚིག་རྐང་གཉིས་པའི་ཡི་གེ་གཉིས་པ་ལ་ཏེ་དང་གསུམ་པ་ལ་མེ་ནི་ཁྱོད་ཀྱི་ཆེད་དོན་ལ་བདག་གི་ཆེད་དོན་ལ་ཞེས་པའི་དོན་གྱི་ཁྱོད་ལ་དང་བདག་ལ་སྟེ་བཞི་པའི་གཅིག་ཚིག །ཚིག་རྐང་གསུམ་པའི་ཡི་
གེ་གསུམ་པ་ཏེ་དང་བཞི་བ་མེ་ནི་ཁྱོད་ཀྱི་དང་བདག་གི་ཞེས་དྲུག་པའི་གཅིག་ཚིག །ཚིག་རྐང་བཞི་བའི་ཡི་གེ་གསུམ་པ་བཱཾ་དང་ལྔ་པ་ནཽ་ནི་ཁྱོད་དག་ལ་དང་ངེད་དག་ལ་ཞེས་གཉིས་པའི་གཉིས་ཚིག་གོ། །དེ་བཞིན་དུ། སུ་ཁཾ་བཱཾ་ད་དཱ་ཏྭཱི་ཤཿ། དབང་ཕྱུག་ཁྱོད་དག་ལ་བདེ་བ་སྦྱིན། སུ་ཁཾ་ནཽ་ད་དཱ་ཏྭཱི་ཤཿ།
དབང་ཕྱུག་ངེད་དག་ལ་བདེ་བ་སྦྱིན། ཞེས་པ། བཱ་མ་དང་ནཽ་ནི་ཁྱོད་དག་ལ་དང་ངེད་དག་ལ་ཞེས་བཞི་བའི་གཉིས་ཚིག་གོ། །པ་ཏི་བཱཾ་ཧ་རིཿ། ཁྱེད་དག་གི་བདག་པོ་འཕྲོག་བྱེད། པ་ཏི་ནཽ་གུ་རུཿ། ངེད་དག་གི་བདག་པོ་བླ་མ། ཞེས་པའི་བཱཾ་དང་ནཽ་ནི་ཁྱེད་དག་གི་དང་ངེད་དག་གི་ཞེས་དྲུག་པའི་གཉིས་
Vol. 208 · folio 75a
ཚིག་གོ། །ཏ་མྱཱ་བྱཱ་ཏྭོ། དེའི་ཁྱེད་རྣམས་ལ་བསྲུང་བར་མཛོད། ཏ་སྱཱ་བྱཱ་ཏཱོ། དེའི་ངེད་རྣམས་ལ་ཡང་བསྲུང་བར་མཛོད། ཅེས་པའི་བོ་དང་ནོ་ནི་ཁྱེད་རྣམས་ལ་ངེད་རྣམས་ལ་ཞེས་གཉིས་པའི་མང་ཚིག་གོ། །སུ་ཁཾ་བོ་ད་དྱཱར། བདེ་བ་ཁྱེད་རྣམས་ལ་སྦྱིན། སུ་ཁཾ་ནོ་ད་བྱཱ་ར། བདེ་བ་
ངེད་རྣམས་ལ་སྦྱིན། ཞེས་པའི། བོ་དང་ནོ་ནི་ཁྱོད་རྣམས་ལ་ངེད་རྣམས་ལ་ཞེས་བཞི་བའི་མང་ཚིག་གོ། །བ་ཏི་བཿཧ་རིཿ། ཁྱོད་རྣམས་ཀྱི་བདག་པོ་འཕྲོག་བྱེད། བ་ཏིནཿབུདྡྷཿ། ངེད་རྣམས་ཀྱི་བདག་པོ་སངས་རྒྱས། ཞེས་པའི། བཿདང་ནཿནི་ཁྱེད་རྣམས་ཀྱི་དང་དེད་རྣམས་ཀྱི་ཞེས་དྲུག་པའི་
མང་ཚིག་གོ། །སླར་ཡང་ཀུན་ནས་བསྒྱུར་བ་དེ་རྣམས་འདོད་ན་ཡིན་གྱི་མི་བྱེད་དུ་མི་རུང་བ་མ་ཡིན་པས་འདམ་ཀ་ཅན་ནོ། །ཚིག་གི་ཐོག་མ་མ་ཡིན་པ་ལ་ཞེས་པས། ཚིག་རེ་རེའི་དང་པོ་སྟེ་ཐོག་མ་ལ། ཏྭཱཾ་མཱཾ་སོགས་རྣམ་འགྱུར་ཐོག་མ་ཁོ་ན་བྱེད་ཀྱི། ཏྭཱ་མཱ་ལ་སོགས་པ་རྣམས་སུ་མི་འགྱུར་ཏེ།
དཔེར་ན། ཏྭཱཾ་པཱ་ཏུ། མཱཾ་པཱ་ཏུ། ཞེས་པ་ལྟ་བུ་དྭཱ་མཱ་ཞེས་པར་མི་འགྱུར་རོ། །དེ་བཞིན་དུ། གཉིས་པའི་མང་ཚིག་གི་དཔེར་བརྗོད། ཡུཥྨཱ་ན་རཀྵ་ཏུ་གོ་བིནྡཿ། ཨསྨཱན་བུདྡྷཿསརྦ་དཱ་པཱ་ཏུ། ཞེས་པ་བས་ནས་སུ་མི་འགྱུར་རོ། །དེ་ལྟར་དྲུག་པའི་གཉིས་ཚིག་གི་དཔེར་བརྗོད། ཡུ་ཝ་ཡོཿཔུ་ཏྲ། ཨཱ་ཝ་ཡོཿ
པུ་ཏྲ། ཞེས ཁྱེད་ལ་བསྲུང་། པ་ཡུ་བ་ཡོཿ། བཱཾ་དང་། ཨཱ་བ་ཡོཿ། ནོ་ཞེས་བར་མི་འགྱུར་རོ། །གཞན་རྣམས་ཀྱང ཁྱོད་ལ་བསྲུང་བའི་མཛོད་ཁྱབ་འཇུག །བདག་ལ་སངས་རྒྱས་ཀྱིས་རྟག་ཏུ་སྐྱོང་བར་མཛོད། དེ་དག་གིས་རིགས་འགྲེའོ། ན་ཙ་བཱ་ཧཱ་ཧེ་བ་ཡུཀྟེ། ཙ་བཱ་ཨ་ཧ་ཧ་ཨེ་ཝ་རྣམས་ ཁྱོད་དག་གི་བུ། ངེད་དག་གི་བུ།
སྦྱོར་བ་ལམ་ཡིན་ནོ། ཙ་ལ་སོགས་པ་ལྔ་པོ་རྣམས་དང་སྦྱོར་བའི་ཚེ་ཡང་ཏེ་མེ་སོགས་སླར་ཡང་ཀུན་ནས་བསྒྱུར་པ་དེ་དག་མི་བྱེད་དོ། །དཔེར་ན། ཏ་ཝ་ཙ་མ་མ་ཙ་མེ་ཏྲཱི་ཙནྡ་ལེ་ཁེ་བ་དྡྷ་ཏེ། ཁྱོད་དང་ང་ཡི་བྱམས་འདྲིས་ནི། ཟླ་བ་ཡར་ངོ་བཞིན་དུ་འཕེལ། །ཞེས་པ་ལྟ་བུ་སྟེ། ཏེ་ཙ་མེ་ཙ་མི་ཟེར་བར། །ཧ་ཝ་
ཙ་མམ་ཙ་ཟེར་བ་ལྟ་བུའོ། །སྡེབ་སྦྱོར་བསྒྲིགས་པ་དང་ཚིག་རྐང་མི་འགྲིག་པའི་སྐྱོན་ཡོད་ན་ཙ་སོགས་དང་སྦྱོར་བའི་སྐབས་ཡིན་ཀྱང་ཏེ་མེ་སོགས་སུ་བསྒྱུར་བ་མི་འགོག་གོ་ཞེས་པ་འགྲེལ་པར་གསུང་ངོ་། །པ་ཤྱཱ་མྦཻ་ཤྱཱ་ནཱ་ལོ་ཙ་ན། ལྟ་བའི་དོན་རྣམས་ཀྱི་ཡང་མིག་གིས་མི་མཐོང་བ་ལའོ། །ལྟ་བའི་དོན་དང་
Vol. 208 · folio 75b
སྦྱོར་བའི་ཆ་ཡང་མིག་གིས་མཐོང་བའི་དོན་ཡིན་ཏེ་མེ་སོགས་སུ་འགྱུར་ལ་ མིག་གིས་མཐོང་བའི་དོན་མ་ཡིན་ན་ཏེ་མེ་སོགས་སུ་མི་འགྱུར་བར་ཏ་བ་མ་མ་སོགས་ཁོ་ནར་གནས་སོ། །འགྲེལ་ཡར་བོད་ཚིག་བར་མ་ཆད་པ་གཉིས་སྔོན་ཡོད་ན་ཏེ་མེ་སོགས་སུ་འགྱུར་ལ། བོད་ཚིག་བྱིན་པའི་ཚིག་གཅིག་སྔོན་ན་ཡོད་
ན་ཏེ་མེ་སོགས་སུ་མི་འགྱུར་ཞེས་པ་བྱུང་སྟེ། དེ་ཡང་དཔེར་ན། དེ་བཱ་སྨཱ་ནྤཱ་ཧི་ནྲྀ་ཧ་རེ། བི་ཥྞོ་ས་ཉསྨཱ་ནྲཀྵ་ས་རྦ་དཱ། ཀྱེ་ལྷ་བདག་རྣམས་ལ་སྐྱོང་མིའི་སེང་གེ། རྟག་པར་བདག་རྣམས་ལ་སྲུངས་ཁྱབ་འཇུག་ཀྱེ། ཞེས་པ་ལྟ་བུ་སྟེ། དེ་བ་ནས་སོགས་མི་འབྱུང་བར། དེ་བ་སྨཱན། བིཥྞོ ཨ་སྨཱན་ཞེས་བྱུང་བ་བཞིན་ནོ།
བོད་ཚིག་བྱིན་པ་གཉིས་སྔོན་ན་ཡོད་ན་འགྱུར་ཏེ། དཔེར་ན། ཧ་རེ་ཀྲྀ་པཱ་ལོནཿཔཱ་ཧི། ངེད་རྣམས་ལ་སྐྱོངས་བརྩེ་ལྡན་འཕྲོག་བྱེད་ཀྱེ། ཞེས་པ་ལྟ་བུ་སྟེ། ཧ་རེ་ ཀྲྀ་པཱ་ལོ་ཞེས་བོད་ཚིག་བྱིན་པ་གཉིས་ཀྱི་རྗེས་སུ་ནཿ། ཞེས་བྱུང་བ་ལྟ་བུའོ། བོད་ཚིག་བྱིན་པ་གཅིག་ལས་མེད་ཀྱང་ངའི་གོང་ན་ཚིག་གཞན་
ཡོད་ནནཿསོགས་སུ་འགྱུར་ཏེ། ས་རཱ་དཱ་རཀྵ་དེ་བ་ནཿ། ཀྱི་ལྷ་བདག་རྣམས་ལ་སྲུངས་རྟག་ཏུ་ནི། །ཞེས་པ་ལྟ་བུ། དེ་བ་ཞེས་བོད་ཚིག་བྱིན་པ་གཅིག་ལས་མེད་ཀྱང་དེའི་གོང་ནས་རྦ་དཱ་རཀྵ་ཞེས་ཚིག་གཉིས་ཡོད་པས་ནཿ། ཞེས་པ་བྱུང་བ་ལྟ་བུའོ། །དེ་རྣམས་ཀྱིས་ཡུཥྨ་ད་ཨསྨད་ཀྱི་ཆོ་ག་རྣམས་བཤད་
ཟིན་ཏོ། །ཡུཥྨ་ད་ཨསྨད་གཉིས་ནི་ཡུལ་ཕོ་མོ་མ་ནིང་གསུམ་པོ་གང་ལ་ཡང་འཇུག་ཏུ་རུང་བ་ལ། དངོས་སུ་ཕོ་མོ་མ་ནིང་གི་རྣམ་འགྱུར་ལོགས་ན་མེད་དོ། ༈ །ད་ཡིག་མཐའ་ཅན། སུ་པཱ་ད་ལ། སུ། ཧ་ལ་དཱི་པ་ཨཱ་བ་སོགས་ཀྱིས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། སུ་པཱ་ཏ། སུ་པཱ་ད། ཨཽ་དང་
ཛས་ལ། སུ་བཱ་དཽ། སུ་བཱ་དཿ། བོད་ཚིག་ཀྱང་དང་པོ་དང་འདྲ། ཨམ་དང་ཨཽ་ལ། སུ་བཱ་དཾ། སུ་བཱ་དཽ། ཤེས་ལ། བཱ་དཿ། བ་ཏ། བཱ་ད་ཀྱི་པ་དའོ །བཱ་ད་ཅེས་པའི་རྟགས་ནི། རྐང་མཛེས། ཤས་ནས་བཟུང་རྣམ་དབྱེ་ཨ་ཙ་ཐོག་མ་ཅན་རྣམས་ལ་བ་ད་ཅེས་ཨུ་པ་དྷཱ་ཐུང་ངུར་འགྱུར་རོ། །སུ་པ་ངཿ།
གསུམ་པ་རྣམས་ལ། སུ་བ་དཱ། སུ་བཱ་དྦྷཱཾ། སུ་བཱ་དྦྷིཿ། བཞི་པ་རྣམས་ལ། སུ་བ་དེ། སུ་བཱ་དྦྷྱཱཾ། སུ་པཱ་དྦྷྱཿ། ང་སི་ལ། སུ་པ་དཿ། བྷྱཱ་མ་བྷྱས་འདྲ། དྲུག་པ་རྣམས་ལ། སུ་བ་དཿ། སུ་པ་དོཿ། སུ་པ་དཱཾ། བདུན་པ་ལ། སུ་པ་དི། སུ་པ་དོཿ། སུ་པཱ་དཱ། ༈ །ཐ་ཡིག་མཐའ་ཅན། མི་སྲུབས་བ། ཨགྣི་མ་ཐ་
Vol. 208 · folio 76a
ལ་སུ། ཧ་ལ་དཱི་པ་སོགས་ཀྱིས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། ཐ྄་ད྄་འམ་ཏྲ། ཨགྣི་མ་ཏ། ཨ་ག་ནི་མད། ཨཽ་དང་ཛས་ལ། ཨགྣི་མཐཽ། ཨགྣི་མ་ཐཿ། གཉིས་པ་རྣམས་ལ། ཨགྣི་མ་ཐཾ། ཨ་གྣི་མཐཽ། ཨ་གྣི་མ་ཐཿ། ཊཱ་ལ། ཨགྣི་མ་ཐཱ། བྷྱཱ་མ་བྷིས་ལ། ཛྷ་ལ་གྱི་ཛ་ཤ་འོས། ཐ྄་ད྄་
ཨ་གྣི་མདྦྷཱཾ། ཨ་གྣི་མ་དྦྷཾཿ། ང་སི་ལ། ཨགྣི་མ་ཐཿ། བྷྱཱ་མ་བྷྱས་འདྲ། དྲུག་པ་རྣམས་ལ། ཨགྣི་མ་ཐཿ། ཨགྣི་མ་ཐོཿ། ཨགྣི་མ་ཐཱཾ། ངི་ལ། ཨགྣི་མ་ཐི། ཨོས་ལ། ཨགྣི་མ་ཐོཿ། སུ་པ་ལ། ཛྷ་ལ་གྱི་ཛ་ཤ་འོས། ཐ྄་ད྄། །བར་ལ་ཙར་འོས་ད྄་ཏ྄། ཨགྣི་མ་ཏྲཱུ། བོད་ཚིག་ལ྄། ཧེ་ཨགྣི་མ་ཏ྄། ཧེ་
ཨགྣི་མ་ད྄། ཧེ་ཨགྣི་མཐཽ། ཧེ་ཨགྣི་མ་ཐཿ། ༈ ཙ་ཡིག་མཐའ་ཅན། པྲ་ཨཾ་ཙུཾ། རྀ་ཏྭི་ཀ་སོགས་ཀྱིས་ཀྭིན། ཀྭིན་ཡོངས་རྫོགས་ཕྱིས། ཨ་ནི་དི་ཏཱཾ་ཧ་ལ་ཨུ་བདྷཱ་ཡའ་ཀྡི་ཏི། ཨིཏ་འགྲོ་བ་རྣམས་མ་ཡིན་པའི་ཧལ་གྱི་ཨུ་པདྷཱའི་ཀྭ་ད྄་འགྲོ་བ་ལའོ། །ཨིཏ་འགྲོ་བ་རྣམས་མ་ཡིན་པའི་ཧ་ལ་ཏེ་གསལ་
བྱེད་སྲོག་མེད་མཐའ་ཅན་གྱི་ཨུ་བདྷཱའི་ན་ཡིག་ནི་ཀ྄་ཡིག་འགྲོ་བའི། སྔོན་ནམ་ཤར། རྐྱེན་ཕ་རོལ་ལ་དབྱི་བར་བྱ་སྟེ། འདིར་ཀྭི་ན་ཀ་འགྲོ་བ་ཡིན་པས་ཨུ་པདྷཱའི་ན་ཕྱིས། པྲ་ཨ་ཙུ་ལ། སུ། ཨུག་འགྲོ་བ་ཨ་ཙ་རྣམས་ཀྱི་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་བྱིངས་མ་ཡིན་པ་ལ་འོས།
ནུམ་ཨུ་དེའི་དོན་ཡིན་པས་ཕྱིས། པྲ་ཨན་ཙ། སུ། ཧ་ལ་སོགས་ཀྱིས་སུ་ཕྱིས། ཡང་དག་བར་སྦྱོར་བའི་མཐའ་དབྱི་འོས། ཙ྄་ཕྱིས། རྐྱེན། ཀྭིན་གྱི་ཀུ་འོས། ནང་། བྲཱད། ཨཽ་དང་ཛས་ལ་ནུམ། པྲཱ་ཉྩཽ། པྲཱ་ཉྩཿ། ཨ་མ་དང་ཨཽ་ལ་ཡང་། ནུམ། པྲཱ་ཉྩཾ། པྲཱ་ཉྩཽ། ཤས་ལ། ཨ་ཙཿ། །
ཨ་ཙའི་འོ། ཨ་ཙ་ཞེས་ཨུ་པདྷཱའི་ན་ཕྱིས་པ་དེའི་ཕ་རོལ་དུ་ཤས་ལ་སོགས་པ་ཨ་ཙ་ཐོག་མ་ཅན་རྣམས་བྱུང་ན་ཨ་ཙ་ཞེས་པའི་ཨ་ཡང་དབྱི་བར་བྱ་སྟེ། ཨ་ཕྱིས། པ྄་ཙ྄། ཤས། ཙཽ། ཙ་ལའོ། ཨ་ཕྱིས་ཟིན་པའི་ཙ྄་ཞེས་པ་དེའི་སྔོན་ན་ཨ་ཎ་སོ་སོར་བསྡུ་བ་སྟེ། ཨ་ཨི་ཨུ་གསུམ་ཡོད་
ན་རིང་པོར་འགྱུར་ཏེ། པྲ་རིང་པར་བསྒྱུར། པྲཱ་ཙཿ། ཊཱ་ལ། པྲཱ་ཙཱ། བྷྱཱཾ་བྷིས་ལ། རྐྱེན། ཀྭིན་གྱི་ཀུ་འོས། ཙཱ་ཀུ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཀྲ་གྲ། པྲཱ་གྦྷྱཱཾ། པྲཱ་གྦྷིཿ། བཞི་པ་རྣམས་ལ། བྲཱ་ཙེ། པྲཱ་གྦྷྱཱཾ། པྲཱ་གྦྷྱཿ། ང་སི་ལ། པྲཱ་ཙཿ། བྷྱཱ་མ་བྷྱས་འདྲ། དྲུག་པ་
Vol. 208 · folio 76b
རྣམས་ལ། པྲཱ་ཙཿ། པྲཱཙོཿ། བྲཱ་ཙཱཾ། ངིཨོས་ལ། པྲཱ་ཙི། པྲཱ་ཙོཿ། སུ་པ་ལ། ཀྭིན་གྱི་ཀུ་འོས། ཙ྄ཀ྄། ཀུན་ནས་བསྒྱུར་བ་དང་རྐྱེན་དག་ལ་འོས། སཥ། ཀ་ཥ་འདུས་པ་ཀྵ། པྲཱ་ཀྵ། བོད་ཚིག་ལ། ཧེ་པྲཱ་ང་། ཧེ་པྲཱ་ཉྩཿ། ༈ བྲ་ཏྱ་ཙ་སོགས་ཀྱང་འདི་དང་འདྲའོ། །ཡང་ཨཉྩ་ལ་
བརྟེན་པའི་མིང་སྔོན་མ་ལ་རྣམ་འགྱུར་འཇུག་ཚུལ་ནི། བིཥྤ་གྡེ་བ་ཡོ་ཤྩ་ཊེ་ར་དྲྱཾ་ཙ་ཏཽ་རྐྱེན། བ་བྲ་ཏྱ་ཡེ། བི་ཥྭ་ཀ་དེ་ཝ་དག་གིའང་ཊིའི་ཨ་དྲི་ཨཉྩ་བ་འགྲོ་པའི་རྐྱེན་ཅན་ལའོ། །ཨཉྩ་བའི་རྐྱེན་ཅན་གྱི་སྔོན་དུ་བིཥྭ་ཀ་ཅེས་པའི་རྟགས་དང་དེ་ཝ་དང་ས་རྦའི་མིང་ཅན་རྣམས་བྱུང་ན་རྟགས་དེ་རྣམས་ཀྱི་ཏྲི་ནི་ཨ་དྲི་
ཞེས་པར་འགྱུར་ཏེ། ཨ་དང་ཨི། ཨ་ཙ་ཞེས་གནས་པ་ལ། ཨ་ད་སོ་ས་རྡཱ་དུ་དོམཿ། ཨ་དས་ཀྱི་སའི་ར་ལ་ཨུ་སྟེ་དའི་འང་མའོ། །ཨ་དས་ཞེས་པའི་ས་ནི་ད་རུང་གྱུར་ལ། ད་ལ་ཨུ་སྟེ་ད་དེ་ཡང་མ་རུ་འགྱུར་ཞིང་། དེ་ཡང་སྔོན་གྱི་སློབ་དཔོན་རྣམས་ལ་ལས་ད་གཉིས་ཀ་མ་དང་ཨུ་རུ་འགྱུར་བར་
འདོད། ལ་ལས་ཕྱི་མ་ཁོ་ན་ཨིང་དཻ་མི་ཟད་པའོ། མུ་ཞེས་པར་འགྱུར་བར་འདོད་དོ། །ཨ་མུ་མུ་ཡ་ཙ། སུ། ཨུཀ་འགྲོ་བ་ཨ་ཙ་རྣམས་ཀྱི་ཞེས་པས། ནུམ། ཧ་ལ་སོགས་ཀྱིས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱིའོས། ཙ་ཕྱིས། ཀྭིན་གྱི་ཀུ་འོས་ནང་། ཨ་མུ་མུ་ཡང་། ཨཽ་དང་ཛས་ལ། ཨ་
མུ་མུ་ཡཱཉྩཽ། ཨ་མུ་མུ་ཏ་ཉྩཿ། ཨམ་དང་ཨཽ་ལ། ཨ་མུ་མུ་ཡཉྩཾ། ཨ་མུ་མུ་ཡཉྩཽ། ཤས་ལ། ཨ་ཙའི་འོས་ཨ་ཕྱིས། ཨུ་མུ་མུ་ཨི་ཙ་ཤས། ཙ྄་ལ་འོས། ཨི་རིང་པོ། ཨ་མུ་མུ་ཨཱི་ཙོཿ། ཌཱ་ལ། ཨ་མུ་མུ་ཨཱི་ཙཱཾ། བྷྱཱམ་བྷིས་ལ། ཀྭན་གྱི་ཀུ། རྐྱེན། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛད་ཤ་རྣམས་སོས། ཀ྄་ག྄།
ཨ་མུ་མུ་ཡ་ཀྵཱཾ། ཨ་མུ་མུ་ཡ་གྷིཿ། ངེ་ལ་ཨ་མུ་མུ་ཨཱི་ཙེ། བྷྱཱམ་བྷྱས་འདྲ། ང་སི་ལ། ཨ་མུ་མུ་ཨཱི་ཙཿ། བྷྱམ་བྷྱས་འདྲ། དྲུག་པ་རྣམས་ལ། ཨ་མུ་མུ་ཨཱི་ཙཿ། ཨ་མུ་མུ་ཨཱི་ཙཽཿ། ཨ་མུ་མུ་ཨཱི་ཙཱཾ། ངི་ཨཽས་ལ། ཨ་མུ་མུ་ཨཱི་ཙི། རྐྱེན། ཨ་མུ་མུ་ཨཱི་ཙོཿ། ཀུ་བ་ལ། ཀྭིན་གྱི་ཀུ། ཀུན་ནས་
བསྒྱུར་པ་སོགས་ཀྱིས་སཥ། ཀ་ཥ་འདུས་པཀྵ། ཨ་མུ་མུ་ཡཀྵུ། བོད་ཚིག་རྣམས་ཀྱང་དང་པོ་དང་འདྲའོ། །ཡང་ན་ད་ཕྱི་མ་ཁོ་ན་མུ་རུ་འགྱུར། ཨ་ད་མུ་ཡ་ཙ། ཞེས་པ་ལ། ཆོ་ག་ཐམས་ཅད་བཤད་མ་ཐག་པ་དང་འདྲ། ཡང་ན། བ྄ི་ཥྭ་ཀྭ་དེ་ཝ་དག་གིའང་ཊིའི་ཨ་ རྐྱན་། དྲི་སོགས་ཀྱི་མདོས་
Vol. 208 · folio 77a
ཨ་དས་ཀྱི་ཊི། ཨ་དྲི་རུ་འགྱུར། ལ་ལས་སྔ་མ་ཁོ་ནའི་དམར་འགྱུར་བར་འདོད་པས། ཨ་མུ་དྲྱ་ཙ་ཞེས་པར་འགྱུར། རྣམ་དབྱེ་དང་ཕྲད་པའི་ཆོ་ག་སྔ་མ་རྣམས་དང་འདྲ། ཡང་ན་ད་སྔ་མ་ཡང་མར་མ་བསྒྱུར་པ། ཨ་ད་དྲྱ་ཙ། ཞེས་པ་ལ་རྣམ་དབྱེ་རྣམས་སྟེར་ཏེ། དེ་དག་ཨ་དས་ཨ་ཙ་དང་
བཅས་པ་ལ་རྣམ་དབྱེ་འཇུག་ཚུལ་གཟུགས་བཞི་པོ་འདམ་ཀ་ཅན་ནོ། །ཡང་ཨུ་ཏ་སྔ་མའི་ཨ་ཙ། ཨུ་ད་ཙ་ལ། སུ་ཨཽ་ཛས། ཨུ་དང་། ཨུ་དཉྩཽ། ཨུ་དཉྩཿ། ཨ་མ་དང་ཨཽ་ལ། ཨུ་དཉྩཾ། ཨུ་དཉྩཽ། ཨུ་ད་ཙ། ཤས་ལ། ཨུ་དཿ། ཨཱི་ཏ། ཨུ་ཏ་ལས་ཨཱི་ཏའོ། །ཨུ་ཏ་སྔ་མའི་ཨ་ཙའི་ཨ་རྣམ་དབྱེ་ཤས་
ལ་སོགས་པ་ཨ་ཙ་ཐོག་མ་ཅན་རྣམས་ཕ་རོལ་ལ་ཨཱི་རུ་འགྱུར་རོ། །ཨུ་དཱི་ཙཿ། ཊཱ་ལ། ཨུ་དཱི་ཙཱ། བྷྱཱ་མ་བྷིས་ལ། ཨུ་ད་གྦྷྱཱཾ། ཨ་ད་གྦྷིཿ། ངེ་ལ། ཨུ་དཱི་ཙེ། བྷྱཱ་མ་བྷྱས་འདྲ། ང་སི་ལ། ཨུ་དཱི་ཙཿ། བྷྱཱ་མ་བྷྱས་འདྲ། དྲུག་པ་རྣམས་ལ། ཨུ་དཱི་ཙོཿ། ཨུ་དཱི་ཙཱཾ། བདུན་པ་རྣམས་ལ།
ཨུ་དཱི་ཙི། ཨུ་དཱི་ཙོཿ། ཨུ་ད་ཀྵུ། བོད་ཚིག་རྣམས་རྣམ་དབྱེ་དང་པོ་དང་འདྲའོ། །ས་མཿས་མིཿ། སམ་གྱི་ས་མི་འོ། །ཨ་ཙ་ཞེས་པའི་རྟགས་ཀྱི་སྔ་མའི་ཉེར་བསྐྱུར་སམ་ནི་ས་མི་ཞེས་བར་འགྱུར་ཏེ། ས་མྱ་ཙ་ཞེས་པའང་ཆོ་ག་རྣམས་བྲ་ཙའི་སྐབས་དང་འདྲའོ། །ཏི་རས་ཨ་ཙ། སུ། ཏི་
རཱསྟི་རྻ་ལོ་པི། ཏི་རས་ཀྱི་ཏི་རི་མི་དབྱི་བ་ལའོ། །ཏི་རས་ཞེས་པ་ནི་ཨ་ཙ་ཨ་དབྱི་བ་མ་ཡིན་པ་ཕ་རོལ་ལ་ཏི་རི་ཞེས་པར་འགྱུར་ཏེ། ཏི་རྻ་ཙ། སུ། ཨུ་ཀ་འགྲོ་བ་སོགས་ཀྱིས་ནུམ། ཧལ་དཱི་པ་ཨཱ་བ་སོགས་ཀྱིས་ཡང་དག་པ་སུ་ཕྱིས་ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས་ཅ་ཕྱིས། ཀྭིན་གྱི་ཀུ་འོས་ནང་
ཏི་རྻང་། ཨཽ་དང་ཛས་ལ། ཏིརྻ་ཉྩཽ། ཏི་རྻ་ཉྩཿ། ཨ་མ་དང་ཨཽལ། ཏི་རྻཉྩཾ། ཏི་རྻ་ཉྩཽ། ཤས་ལ། ཨ་ཙའི་འོས། ཨ་ཕྱིས། ཏི་རས་ཀྱི་ཏི་ཇི་མི་དབྱི་བ་ལའོ་ཞེས་པས་ཨ་མ་ཕྱིས་ན་ཏི་རི་ཞེས་པར་འགྱུར་ཡང་འདིར་ཤས་ནས་བཟུང་དབྱངས་ཐོག་མ་ཅན་རྣམས་ལ་ཨ་དབྱི་བས་ཏི་རས་ཉིད་རྐྱེན། དུ་གནས།
དུད་འགྲོ་རྒྱགས་པོ། ས་ཏུའི་ཤ་ཙུ་ལ་ཤ་ཙུ་འོས། ས་ཤ། ཏིར་ཤྩཿ། ཊཱ་ལ། ཏིར་ཤྩཱ། བྷྱཱཾ་བྷིས་ལ། ཏིརྻ་གྦྷྱཾ། ཏིརྻ་གྦྷིཿ། ངེ་ལ། ཏི་ར་ཤྩེ། བྷྱཱམ་བྷྱས་འདྲ། ང་སི་ལ། ཏི་ར་ཤྩཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། ཏི་ར་ཤྩཿ། ཏིར་ཤྩོཿ། ཏི་ར་ཤྩོཿ། ཏིར་ཥྩཱཾ། བདུན་པ་རྣམས་ལ། ཏི་ར་ཤྩི། ཏིར་ཤྩོཿ།
Vol. 208 · folio 77b
ཏི་རྻཀྵུ། བོད་ཚིག་དང་པོ་དང་འདྲའོ། །ནཱཾ་ཙཿཔཱུ་ཛཱ་ཡཱཾ། ཨཉྩའི་མཆོད་པ་ལ་མ་ཡིན་ནོ། །མཆོད་པའི་དོན་ལ་ཨཉྩ་ཞེས་པའི་ཨུ་པ་དྷཱའི་ན་དབྱི་བ་མ་ཡིན་ཏེ། བྲ་ཨཉྩ་སུ། ཧ་ལ་སོགས་ཀྱིས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཙ་ཕྱིས། ཀྭན་གྱི་ཀུ་འོས། ན་ད། བྲཱང་། ཨཽ་
དར་ཛས་ལ། བྲཱ་ཉྩཽ། བྲཱཉྩཿ། ཨ་མ་ཨཽ་ཤས་རྣམས་ལ། བྲཱ་ཉྩཾ། པྲཱ་ཉྩཽ། པྲཱ་ཉྩཿ། ཊཱ་འ། པྲཱ་ཉྩཱ། བྷྱཱ་མ་བྷིས་ལ། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། རབ་ཏུ་མཐོང་། ཙ་ཕྱིས། ཀྭིན་གྱི་ཀུ་འོས། ནྲ་དུ། པྲཱ་དྦྷྱཱཾ། པྲཱ་དྡྷིཿ། ངེ་ལ། པྲཱ་ཉྩེ། བྷྱཱ་མ་བྷྱས་འདྲ། ང་སི་ལ། བྱིན། པྲཱ་ཉྩཿ། བྷྱཱ་མ་བྷྱས་འདྲ། དྲུག་
པ་རྣམས་ལ། པྲཱ་ཉྩཿ། པྲཱ་ཉྩོཿ། པྲཱ་ཉྩཱཾ། ངི་དང་ཨོས་ལ། བྲཱ་ཉྩི། པྲཱཉྩོཿ། སུ་བ་ལ། དྲ་ཎ་དག་གི་ཤར་ལ་ཀུཀ་ཊུ་ཀ་འོས། ཀུ་ཀ་ཨཱ་ག་མ། ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་ཥ། རྐྱེན། ཀ་ཥ་འདུས་པ་ཀྵ། པྲཱཾ་ཀྵ། ཡང་ན་ཀུཀ་ཨཱ་གམ་མི་སྟེར། པྲཱཾ་ཥུ། བོད་ཚིག་རྣམས་ལ། ཧེ་པྲཱ་པ། ཏེ་པྲཱ་ཉྩཽ། ཧེ་
པྲཱ་ཉྩཿ། ཀྲུཉྩ་ཡང་འདི་དང་འདྲའི། ༈ །ཙ་ཡིག་མཐའ་ཅན། པ་ཡོ་མུ་ཙ་ལ། སུ། ཙུའི་ཀུ་འོས། ཙ་ཀུ། གནས་མེད་པ་ལ་ཡང་ན་འོས། པ་ཡོ་མུ་ཀ །པ་ཡོ་མུ་ག །ཨཽ་དང་ཛས་ལ། པ་ཡོ་མུ་ཙོ། པ་ཡོ་མུ་ཙཿ། གཉིས་པ་རྣམས་ལ། པ་ཡོ་མུ་ཙ། བ་ཡོ་མུ་ཙཽ། པ་ཡོ་མུ་ཙཿ། ཊཱ་ལ། པ་ཡོ་མུ་ཙཱ། བྷྱཱཾ་བྷྲཻས་ལ།
ཙུའི་གུ་འོས། ཙ྄་ཀ྄། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཀྲ་ག །བ་ཡོ་མུ་གྦྷྱཱཾ། པ་ཡོ་མུ་གྦྷིཿ། ངེ་ལ། པ་ཡོ་མུ་ཙེཿ། བྷྱཱམ་བྷྱས་འདྲ། ང་སི་ལ། པ་ཡོ་མུ་ཙཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། པ་ཡོ་མུ་ཙཿ། པ་ཡོམུ་ཙོཿ། པ་ཡོ་མུ་ཙཱཾ། བདུན་པ་རྣམས་ལ། པ་ཡོ་མུ་ཙི། པ་ཡོ་མུ་ཙོཿ། པ་ཡོ་མུཀྵུ། བོད་
ཚིག་རྣམས་རྣམ་དབྱེ་དང་པོ་དང་འདྲ། ༈ ཙ་ཡིག་མཐའ་ཅན། སུ་བྀ་ཥྩལ། སུ། ཡང་དག་པར་སྦྱོར་བའི་མཐའ་སྔ་མའི་སུ་ཀུ་དག་གིའང་ངོས། ཤ་ཕྱིས། པྲ་ཤྩ་བྷྲ་ཤྫ་སོགས་ཀྱིས་ཙཥཱ། ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥ་ཌ། གནས་མེད་པ་ལ་ཡང་ན་འོས། སུ་བྲི་ཊ །སུ་བྲྀ་ཌ།
ཨོ་དང་ཛས་ལ། སུ་ཁྲི་ཤྩཽ། སུ་བྲྀ་ཤྩཿ། གཉིས་པ་རྣམས་ལ། སུ་བྲྀ་ཤྩཾ། སུ་བྲྀ་ཤྩཽ། སུ་བྲྀ་ཤྩཿ། ཊཱ་ལ། སུ་བྲྀ་ཤྩཱ། བྷྱཱཾ་བྷིས་ལ། སུ་བྲྀ་དྦྷྱཱཾ། སུ་བྲྀ་དྦྷིཿ། ངེ་ལ། སུ་བྲྀ་ཤྩེ། བྷྱཱ་མ་བྷྱས་འདྲ། ང་སི་ལ། སུ་བྲྀ་ཤྩཿ། བྷྱཱཾ་བྷྱས་འདྲ། དྲུག་པ་རྣམས་ལ། སུ་བྲི་ཤྩཿ། སུ་བྲྀ་ཤྩོཿ། བདུན་པ་རྣམས་ལ།
Vol. 208 · folio 78a
སུ་བྲྀ་ཤྩི། སུ་བྲྀ་ཤྩོཿ། བོད་ཚིག་རྣམས་ལ། ཧེ་སུ་དྲྀ་ཌ། ཧེ་སུ་བྲྀ་ཊ། ཧེ་སུ་བྲྀ་ཤྩཿ། ༈ ཏ་ཡིག་མཐའ་ཅན། མ་ཧ་ཏ་ལ། སུ། ཨུ་ཀ་འགྲོ་བ་སོགས་ཀྱིས་ནུམ། ས་མཐའ་མ་ཧ་ཏ་དག་གི་ཡང་དག་པར་སྦྱོར་བའི་འོས་ཨུ་པ་བྷྱཱ་རིང་པོ། ཏ་ལ་སོགས་ཀྱིས་སུ་ཕྱིས། ཡང་
དག་པར་སྦྱོར་བའི་མཐའ་དབྱི་འོས། ཏ་བྱིས། མ་ཧཱ་ན། ཨཽ་དང་ཛས་ལ། མ་ཧཱ་ནྟཽ། མ་ཧཱ་ནྟཿ། ཨམ་དང་ཨོ་ལ། མ་ཧཱ་ནྟཾ། མ་ཧཱ་ནྟོ། ཤས་ལ། མ་ཧ་ཏེ། ཆེན་པོ། ཊཱ་ལ། བྷྱཱམ་དང་བྷིས་ལ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཏྲ་དྲ། མ་ཧ་དྡྷྱཾ། མ་ཧ་དྡྷིཿ། ངེ་ལ། མ་ཧ་ཏེ། བྷྱཱ་མ་བྷྱས་འདྲ། ང་སི་ལ།
མ་ཧ་ཏཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། མ་ཧ་ཏཿ། མ་ཧ་ཏོཿ། མ་ཧ་ཏོཿ། མ་ཧ་ཏཱཾ། བདུན་པ་རྣམས་ལ། མ་ཧ་ཏི། མ་ཧ་ཏོཿ། མ་ཧ་ཏྶུ། བོད་ཚིག་ལ། ཧེ་མ་ཧ་ན། ཧེ་མ་ཧཱ་ནྟཽུ། ཧེ་མ་ཧཱ་ནྟཱཿ། བྷ་ཝ་ཏ་ལ་ཡང་ཨུ་པདྦྷཱ་རིང་པོར་མི་འགྱུར། གཞན་ཆོ་ག་ཐམས་ཅད་མ་ཧ་ཏ་དང་འདྲའོ། དྷེ་མ་ཏེ་ཅེས་བ་ལ་ཡང་། ཨ་ཏ་ཨས་
མཐའི་འང་བྱིངས་མ་ཡིན་པའི་འོ་ཞེས་པས་སུའི་སྐབས་སུ་ཨུ་པདྷཱ་རིང་པོ་བྱེད། གཞན་ཐམས་ཅད་བྷ་ཝ་ཏ་དང་འདྲའོ། །ཨ་ཏྲ་བྷ་ཝ་ཏ་དང་། ཏ་ཏྲ་བྷ་ཝ་ཏ་ཅེས་པ་ལའང་མཆོད་པའི་དོན་ལ་སུའི་སྐབས་སུ་ཨུ་པདྷཱ་རིང་པོ་བྱེད། གཞན་མ་ཐམས་ཅད་ངྷིམ་ར་དང་འདྲའོ། །ཛ་ཤ་སུ་ཏ་ཅེས་པའ་བ་ཨ་ཏྲ་བྷ་ཝ་ཏ་དང་
འདྲའོ། །ཨ་བྷ་ཝ་ཏ་དང་བྷ་ག་ཝ་ཏ་གཉིས་ཀྱང་ཆོ་ག་ཐམས་ཅད་དྷི་མ་ཏ་དང་འདྲ། སཾ་བུ་དྡྷི་ལ་འདམ་ཀ་ཅན་ཏེ། དྷི་མ་ཏ་དང་འདྲ་པའི་ཕྱོགས་ལ། ཧེ་བྷ་ག་ཝ་ན། ཧེ་ཨ་གྷ་ཝ་ན། ཡང་ན་འདམ་ཀ། དྷ་ཝ་ཏ་བྷ་ག་ཝ་ཏ་ཨ་ཏ་ཨ་གྷ་ཝ་ཏ་རྣམས་ཀྱི་ཡང་ན་སྟེ་ཨ་ཝ་ཨོ་ཏ་ཡེང་ངོས། ཨ་ཝ་ཨོ་ཏ་དུ་འགྱུར། ཡང་སྤྲས་ཏ་
སྲོ་ག་མེད་རུ་ཨུ་བརྗོད་དོན། སྐལ་ལྡན། ཧེ་བྷ་བོཿ། ཧེ་ཨ་གྷོ་ལ། ༈ ཨུ་བྷེ་ཨ་བྷྱ་སྟཾ། གཉིས་པ་ལ་ཨ་བྲུ་སྟའོ། །ད་ད་ཏ་ཅེས་པ་ལྟ་བུའི་ཡི་གེ་འདྲ་བ་གཉིས་བཏུད་ནས་ཡོད་པ་དེ་ལ་ཨ་བྷྱ་སྟའི་མིང་ཅན་ཞེས་བརྡ་ཆད་བྱེད་དོ། །ད་ད་ཏ་ལ། སུ། ནཱ་བྷ་སྟཱ་ཙྪ་ཏུ། ཨ་བྷྱ་སྟ་ལས་ཤ་ཏུའི་མ་ཡིན་ནོ། །ཨ་བྷྱ་སྟའོ་མིང་
ཅན་ལས་ཀྲྀ་སོགས་ཀྱི་རྐྱེན་ཤ་ཏུའི་མཐའ་ཅན་ལ་རྣམ་དབྱེ་ཐམས་ཅད་གནས་པ་རྣམས་ལའང་ནུམ་སྟེར་བ་མ་ཡིན་ཏེ། སྦྱིན། ནུམ་མི་སྟེང་། ཧ་ལ་སོགས་ཀྱིས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། ད་དང་། ད་ད་ཏ། ཨཽ་ལ། ད་ད་ཏཽ། རྣམ་དབྱེ་ཨ་ཙ་ཐོག་མ་ཅན་ཐམས་ཅད་དེ་དང་འདྲ་ལ། བྷྱཱ་མ་ལ། ཛྷ་ཤ་ལ་ཛྷ་ལ་
Vol. 208 · folio 78b
རྣམས་ཀྱི་ཛ་ཤ་རྣམས་སོས། ཏ་ད། ད་ད་དྦྷཱཾ། ཧ་ལ་དང་པོ་ཅན་རྣམས་འདི་དང་འདྲ། བོད་ཚིག་དང་པོ་དང་འདྲའོ། །ཏ་ཡིག་མཐའ་ཅན་ཛཀྵ་ཏ་ཐོགས་ལ། ཛཀྵ་ཏཱ་ད་ཡཿཥཊ། ཛཀྵ་སོགས་དྲུག་ལའང་ངོ་། །ཛཀྵ་སོགས་དྲུག་དང་ཙཀཱས་རྣམས་ལའང་ཤ་ཏུའི་རྐྱེན་མཐའ་ཅན་ལ་ཡ་བྷ་སྟའི་མིང་ཅན་ཟེར་ཏེ། ནུམ་
འགོག་པའི་དོན་དུའོ། །ཛཀྵ་སོགས་ཤ་ཏུའི་མཐའ་ཅན་ནི། ཛཀྵཏྲ། དཱི་བྷྱ་ཏ། ད་རི་དྲ་ཏ། ཤཱ་ས་ཏ། བྱ་བྱ་ཏ། ཙ་ཀྭས་ད། རྣམས་ཏེ་འདི་རྣམས་ལ་རྣམ་དབྱེ་སྦྱོར་བའི་ཆོ་ག་ཐམས་ཅད་ད་ད་ཏ་དང་འདྲའོ། ༈ །བ་ཡིག་མཐའ་ཅན་ཧ་མཾ་གུ་བ་ལ་སུ། ཧལ་སོགས་ཀྱིས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས།
དྷརྨ་གུག དྷརྨ་གུག ཨཽ་དང་ཛས་ལ། དྷ་རྨ་ཀུ་བཽ། དྷ་རྨ་གུ་བཿ། གཉིས་པ་རྣམས་ལ། དྷརྨ་གུ་རཾ། དྷ་རྨ་གུ་པཽ། དྷརྨ་གུ་པཿ། །ཊཱ་ལ། དྷ་རྨ་གུ་པཱ། བྷྱཱཾ་བྷིས་ལ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། པས། དྷ་རྨ་གུ་བྷྱཱཾ། དྷ་རྨ་གུ་བླིཿ། ཆོས་གསང་པ། བཞི་བ་རྣམས་ལ། དྷ་རྨ་གུ་བེ། དྷ་རྨ་གུ་སྦྷྱཱཾ། དྷརྨ་གུ་བྦྷྱཱཿ། ང་སི་
ལ། དྷ་རྨ་གུ་པཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། དྷརྨ་གུ་པཿ། དྷརྨ་གུ་པོཿ། དྷ་རྨ་གུ་པཱཾ། བདུན་པ་རྣམས་ལ། དྷ་རྨ་གུ་པི། དྷ་རྨ་གུ་པོ། དྷ་རྨ་གུ་པྶུ། བོད་ཚིག་རྣམས་ལ། ཧེ་དྷརྨ་གུ་པ། ཧེ་དྷརྨ་གུ་བ། ཧེ་དྷརྨ་གུ་པཽ། ཧེ་དྷརྨ་གུ་པཿ། ༈ །ཤ་ཡིག་མཐའ་ཅན། ཏྱཱ་དྲྀ་ཤ་ལ། སུ། ཧལ་སོགས་ཀྱིས་སུ་
ཕྱིས། ཀྭན་གྱི་ཀུ་འོས། ཤེ་ཀ། གནས་མེད་པ་ལ་ཡང་འོས། ཏྱཱ་དྲྀ་ཀ། ཏྱཱ་དྲི་ག། ཨོ་དང་ཛས་ལ། ཏྱཱ་དྲྀ་ཤཿ། གཉིས་པ་རྣམས་ལ། ཏྱཱ་དྲྀ་ཤཾ། ཏྱཱ་དྲྀ་ཤཾཿ། ཏྱཱ་དྲྀ་ཤཿ། གསུམ་པ་རྣམས་ལ། ཏྱཱ་དྲྀ་ཤཱ། ཏྱཱ་དྲྀ་ལྦྷཱཾ། དེ་ལ། ཏྲཱ་དྲྀ་ཤ། བྷམ་བྷས་འདྲ། ང་སི་ལ། དེ་མཐོང་བ། བྷཱམ་བྷྱས་འདྲ། དྲུག་
བ་རྣམས་ལ། དྱཱདྲྀ་ཤཿ། ཏྱཱ་དྲྀ་ཤོཿ། ཏྱཱ་དྲྀ་ཤཱཾ། བདུན་པ་རྣམས་ལ། ཏྱཱ་དྲྀ་ཤི། ཏྱཱ་དྲྀ་ཤོཿ། ཏྱཱ་དྲྀ་ཀྵཱ། བོད་ཚིག་རྣམ་དབྱེ་དང་པོ་དང་འདྲ། ཏྱ་དཱ་དིཥུ་དྲྀ་ཤོ་ཉནྜ་ལ་ཙ་ནེ་ཀཉྩ། ཏྱ་ད་སོགས་རྣམས་ཀ་དྲྀ་ཤའི་མི་མཐོང་བ་ལ་ཀ་ཉའང་ངོ་། །ཏྱད་སོགས་སྔ་མའི་དྲྀ་ཤ་ལ་མཐོང་བའི་དོན་མ་ཡིན་པ་ལ་ཀྲ་ཏ་སོགས་ཀྱི་
མིང་དུ་བསྒྲུབ་པའི་རྐྱེན་ཀ་ཉ་ཡང་ན་འཇུག་བས། ཀ་ཉ་བྱིན་ན། ཏྱཱ་དྲྀ་ཤ། ཞེས་པ་གྲུབ་སྟེ། དེའི་ཚེ་རྣམ་དབྱེའི་ཆོ་ག་རྣམས་སྤྱིར་བཏང་ཨ་ཐུང་མཐའ་ཅན་རཱ་མའི་སྐབས་དང་འདྲའོ། །འགྲེལ་པར། ས་མཱ་ན་སྔ་མའི་དྲྀ་ཤ་ལ་ཀྲིན་ཁོ་ན་འཇུག་སྟེ། དེའི་ཆེས་མཱ་ན་ཡང་ས་ཞེས་པར་འགྱུར་རོ་ཞེས་བྱུང་པས།
Vol. 208 · folio 79a
ས་དྲི་ཤ། ཞེས་པ་ལ་རྣམ་དབྱེ་དང་ཕྲད་པའི་ཆོ་ག་རྣམས་ཏྱཱ་དྲྀ་ཤ་དང་འདྲའོ། ༈ །ཤ་ཡིག་མཐའ་ཅན། བི་ཤ་ལ། སུ། བྲཤྩ་བྷྲཥྫ་སོགས་ཀྱི་མདོས་ཤ་ཥ། ཧ་ལ་དཱི་བ་ཞེས་པས་སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། བིཊ། བིཊ། ཨཽ་དང་ཛས་ལ། བི་ཤཽ། བི་ཤཿ། གཉིས་པ་རྣམས་
མཉམ་པར་བལྟ་བའམ་མཚུངས་བ་བལྟ། བི་ཤཾ། བཾ་ཤཽ། བི་ཤཿ། ཊཱ་ལ། བི་ཤཱ། བྷྱཱམ་བྷིས་ལ། བྲཤྩ་སོགས་ཀྱི་ཤ་ཥ། ཛྷཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥཌ། བིདྦྷྱཱཾ། བིདྦྷིཿ། ངེ་ལ། བི་ཤེ། བྷྱཱམ་བྷྱས་འདྲ། ང་སི་ལ། བིཤཿ། བྷྱཱཾ་བྷྱས་འདྲ། དྲུག་པ་རྣམས་ལ། བི་ཤཿ། བིཤོཿ། བིཤཱཾ། ངི་ལ།
བི་ཤི། ཨོས་ལ། བི་ཤོཿ། སུ་པ་ལ། བིཊཱུ། ཡང་ན་ཌ་ལས་ལ་དྷུཊ་འོས། དྷུཊ་ཨུ་ག་མ། ཁར་ལ་ཙར་འོས། དྷ་ཏ་ཌ་ཊ། བཌྦྷྱཱ། བོད་ཚིག་རྣམས་ལ། ཧེ་བི་ཊ། ཧེ་བི་ཌ། ཧེ་བི་ཤཽ། ཧེ་བི་ཤཿ། ཤ་ཡིག་མཐའ་ཅན། ན་ཤ་ལ། སུ། ན་ཤེ་ནཱ། ན་ཤའི་ཡང་ནའོ། །ན་ཤ་ཞེས་པའི་ཤ་ནི་ཛྷལ་སོ་སོར་
བསྡུ་བའི་ཡི་གེ་རྣམས་ཕ་རོལ་དང་ཚིག་མཐའ་ལ་ཡང་ཤ་ཀ་རུ་འགྱུར་ཏེ། ཤ་ཀ། སུ་ཕྱིས། གནས་མེད་པས། ནག །ནག །ཡང་ན་བྲཤྩ་སོགས་ཀྱིས་ཤ་ཥ། གནས་མེད་པ་སོགས་ཀྱིས་ནཊ། ནཊ། ཨཽ་དང་ཛས་ལ། མི་མཐོང་བའམ་ཉམས་པ། ན་ཤ། ན་ཤཿ། གཉིས་པ་རྣམས་ལ། ན་ཤཾ། ན་ཤཽ། ན་ཤཿ། ཊཱ་
ལ། ན་ཤཱ། བྷྱཱམ་ལ་ཡང་ན་བར་བྱས་བས། ན་ཌྦྷྱཱཾ། ན་ཌྦྷྱཱཾ། བྷིས་ལ། ན་ཥྦྷིཿ། ནགྦྷིཿ། ངེ་ལ། ན་ཤེ། བྷྱཱམ་བྷྱས་འདྲ། ང་སི་ལ། ན་ཤཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། ན་ཤཿ། ན་ཤོཿ། ན་ཤཱཾ། ངི་ལ། ན་ཤི། ཨོས་ལ། ན་ཤོཿ། སུབ་ལ། ན་དྦཱུ། ནཌྻུ། ནཀྵུ། བོད་ཚིག་ལ། ཧེ་ན་ཀ། ཧེ་ན་ག། ཧེ་ན་ཊ། ཧེ་ན་ཌ།
ཧེ་ན་ཤཽ། ཧེ་ན་ཤཿ། ༈ སྦྲ་ཤོ་ནུ་ད་ཀེ་ཀྭི་ན། སྦྲྀ་ཤའོ་ཆུ་མ་ཡིན་པ་ལ་ཀྭི་ནའོ། །སྤྲི་ཤ་རེག་བ་ལའོ་ཞེས་བའི་བྱིངས་ལ་ཆུའི་དོན་མ་ཡིན་པ་ལ་མིང་དུ་བསྒྲུབ་པའི་རྐྱེན་ཀྭིན་འདུག་གོ། །ཞེས་བས་ཀྭིན་བྱིན་པའི་མཐའ་ཅན་གྷྲྀ་ཏ་སྤྲྀ་ཤ་ལ། སུ། ཀཱིན་གྱི་ཀུ་འོས་ཤ་ཀ། སུ་ཕྱིས། གནས་མེད་པ་ལ་ཡང་ན་འོས། གྷྲྀ་ཏ་སྤྲྀ་ཀ།
གྷྲྀ་ཏ་སྤྲྀ་ཀ། ཨཽ་དང་ཛས་ལ། གྷྲྀ་ཏ་སྤྲི་ཤཽ། གྷྲྀ་ཏ་སྤྲྀ་ཤཿ། གཉིས་པ་རྣམས་ལ། གྷྲྀ་ཏ་སྤྲྀ་ཤཾ། གྷྲྀ་ཏ་སྤྲྀ་ཤཽ། གྷྲྀ་ཏ་སྤྲར་ཤཿ། ཊཱ་ལ། གྷྲྀ་ཏ་སྤྲྀ་ཤཱ། བྷྱཱཾ་བྷིས་ལ། རྐྱེན། ཀྭིན་གྱི་ཀུ་འོས་ཤ་ཀ། ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། མངའ་རེག། རྐྱེན། ཀ་ག། གྷྲྀ་ཏ་སྤྲྀ་གྦྷྱཱཾ། གྷྲྀ་ཏ་སྤྲྀ་གྦྷིཿ། སོགས་རིགས་འགྲེའོ། །ཆུའི་དོན་
Vol. 208 · folio 79b
ཡིན་ན། ཨུ་ད་ཀ་སྤྲྀ་ཤ་ལ། སུ། བྲཥྩ་སོགས་ཀྱིས་ཤ་ཥ། གནས་མེད་པ་སོགས་ཀྱིས། ཨུ་ད་ཀ་སྤྲྀཊ། ཨུ་ད་ཀ་སྤྲྀཊ་སོགས་བི་ཤ་དང་འདྲའོ། ༈ ཥ་རིགས་མཐའ་ཅན། དདྷྀ་ཥ་ལ། སུ། ཀྭིན་གྱི་ཀུ་འོས། ཥ་ཀ། གནས་མེད་པ་སོགས་ཀྱིས། ད་དྷཱྀ་ཀ །དདྷྲྀ་ག །ཨཽ་དང་ཛས་ལ། ད་དྷྲྀ་ཥཽ། ད་དྷྲྀ་ཥཿ། གཉིས་
པ་རྣམས་ལ། ནུས་དེག ད་དྷྲྀ་ཥཾ། ད་དྷྲྀ་ཥཽ། ད་དྷྲྀ་ཥཿ། ཊཱ་ལ། ད་དྷྲྀ་ཥཱ། བྷྱཱམ་བྷིས་ལ། ཀྭིན་གྱི་གུ་འོས། ཥ་ཀ། ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཀུ་གུ། ད་དྷྲྀ་གྦྷྱཱིཿ། ད་དྷྲྀ་གྦྷིཿ། ངེ་ལ། རྩེམ། ད་དྷྲྀ་ཥེ། བྷྱཱམ་བྷྱས་འདྲ། ང་སི་ལ། ད་དྷྲྀ་ཥཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། ད་དྷྲྀ་ཥཿ། ད་དྷྲྀ་ཥོཿ། ད་
དྷྲྀ་ཥཱཾ། བདུན་པ་རྣམས་ལ། དདྷྲྀ་ཥི། ད་དྷྲྀ་ཥོཿ། ད་དྷྲྀ་ཀྵུ། བོད་ཚིག་རྣམས་ལ། ཧེ་ད་དྷྲྀ་ཀ རྩེས ཧར་དྷྲྀ་ག། ཧེར་ངྷྲཥཽ། ཧེ་ད་དྷྲྀ་ཥཿ། ༈ ཥ་ཡིག་མཐའ་ཅན། རཏྣ་མུ་ཥ་ལ། སུ། སུ་ཕྱིས། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥཌ། གནས་མེད་པ་ལ་ཡང་ན་འོས། རཏྣ་མུ་ཊ། རཏྣ་མུ་ཊ། ཨཽ་དང་ཛས་
ལ། རཏྣ་མུ་ཥཽ། རཏྣ་མུ་ཥཿ། གཉིས་པ་རྣམས་ལ། རཏྣ་མུ་ཥཾ། རཏྣ་མུ་ཥཽ། རཏྣ་མུ་ཥཿ། ཊཱ་ལ། རཏྣ་མུ་ཥཱ། བྷྱཱམ་བྷིས་ལ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། རཏྣ་མུ་དྦྷྱཱཾ། རཏྣ་མ་དྦྷིཿ། ངེ་ལ། རཏྣ་མུ་ཥེ། བྷྱཱ་བྷྱས་འདྲ། ང་སི་ལ། རཏྣ་མུ་ཥཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། རཏྣ་
མུ་ཥཿ། རཏྣ་མུ་ཥོཿ། རཏྣ་མུ་ཥཱཾ། བདུན་པ་རྣམས་ལ། རཏྣ་མུ་ཥི། རཏྣ་ཥོཿ། རཏྣ་མུ་ཊྶུ། བོད་ཚིག་རྣམས་རྣམ་དབྱེ་དང་པོ་དང་འདྲ། ༈ །ཥ་ཡིག་མཐའ་ཅན། ཥ་ཥ་ལ་ཛས། ཥ་ཊ་རྣམས་ལ་དབྱི་འོས། ཛས། ཤས། འཇིག། ཛྷོ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥ་ཊ། གནས་མེད་པ་
སོགས་ཀྱིས། ཥ་ཊ། ཥ་ཊ། ཤས་ལའང་། ཥ་ཊ། ཥ་ཊ། བྷིས་ལ། ཥ་དྦྷིཿ། བྷྱས་གཉིས་ལ། ཥ་དྦྷྱཿ། ཨཱ་མ་ལ། ཥ་ཌ་ཙ་ཏུ་ར་རྣམས་ལའང་ངོས། ནུ་ཊ། དྲུག ར་ཥ་སོགས་ཀྱིས་ན་ཎ། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥ་ཌ། ཡར་གྱི་རྗེས་སུ་སྣ་ལྡན་ལ་རྗེས་སུ་སྣ་ལྡན་ཡང་ན་འོས། ཌ་ཎ།
ཥཌྦྷྱཱཾ། ཥ་དྦྷཾ། སུ་པ་ལ། ཥཊྶུ། ཥཊྟྶུ། བོད་ཚིག་ལ། ཧེ་ཥ་ཊ། ཧེ་ཥ་ཊ། ༈ ཥ་ཥ་ཞེས་གྲངས་བགྲོད་བའི་དོན་མ་ཡིན་ན་རྣམ་དབྱེ་ཐམས་ཅད་འཇུག་ལ། དེའི་ཚེ་རྣམ་དབྱེ་འཇུག་ཚུལ་གྱི་ཚོགས་ཐམས་ཅད་རཏྣ་མུ་ཥའྀ་སྐབས་དང་འདྲའོ། ༈ །ཥ་ཡིག་མཐའ་ཅན། བི་པ་ཋི་ཥ་ལ། སུ། སུ་ཕྱིས། སས་
Vol. 208 · folio 80a
ཇུཥ་དག་གི་རུ་འོས། ཥ་རུ་ཨུ་བརྗོད་དོན། པི་པ་ཋིར། རྦོ་རུ་པ་དྷཱ་ཡཱ་དཱི་རྒྷ་ཨི་ཀཿ། རུ་བུ་དག་གི་ཨུ་པ་དྷཱའི་རིང་པོ་ཨི་ཀ་གི་འོ། །རུ་ཡིག་དང་བུ་ཡིག་སྲོག་མེད་ཀྱི་ཨུ་པདླཱ་ཨི་ཀ་སོ་སོར་བསྡུ་པའི་ཡི་གེ་རྣམས་རིང་པོར་འགྱུར་ཏེ། ཨི་རིང་པོ། ཁར་དག་གིས་རྣམ་པར་བཅད་བྱ། པི་མ་
ཋཱིཿ། ཨཽ་དང་ཛས་ལ། པི་བ་ཋི་ཥཽ། པི་པ་ཋི་ཥཿ། གཉིས་པ་རྣམས་ལ། པི་པ་ཋི་ཥཾ། པི་པ་ཋི་ཥཾ། པི་པ་ཋི་ཥཽ། པི་པ་ཋི་ཥཿ། ཊཱ་ལ། པི་པ་ཋི་ཥཱ། དྷྱཱམ་དྷིས་ལ། སུའི་སྐབས་ལྟར་བསྒྲུབས་པས། པི་པ་ཋཱི་བྷྱཱ། པི་པ་ཋཱི་རྦྷིཿ། ངེ་ལ། པི་པ་ཋི་ཥེ། བྷྱཱམ་བྷྱས་འདྲ། ང་སི་ལ། པི་པ་ཋི་ཥཿ། བྷྱམ་བྷྱས་འདྲ།
དྲུག་པ་རྣམས་ལ། པི་པ་ཋི་ཥཿ། པི་པ་ཋི་ཥོཿ། པི་པ་ཋི་ཥཱྀ། བདུན་པ་རྣམས་ལ། པི་པ་ཋི་ཥི། པི་པ་ཋི་ཥོཿ། པི་པ་ཏཱ་རྵེ། ཡང་ན། ནུམ་བི་ས་རྫ་ནཱི་ཡ་ཤ་རྦྱ་བཱ་ཡེ་པི། ཤར་ལ་རྣམ་བཅད་ནུམ་པར་ན་ཡོད་ཀྱང་ངོ་། །ཨིན་སོ་སོར་བསྡུ་བ་སོགས་པ་གར་འགྲོ་བའི་རྒྱུ་མཚན་ཡོད་ན་དེ་གཉིས་ཀྱི་པར་ན་ནུམ་
ཨཱ་ག་མ་དང་རྣམ་བཅད་ཡོད་ཀྱང་ཤར་ཕ་རོལ་ལ་ཥར་འགྱུར་ཏེ། ས་ཥ། པི་པ་ཋཱིཿཥུ། བོད་ཚིག་རྣམས་ལ། ཧེ་པི་པ་ཋཱིཿ། པི་པ་ཋི་ཥཽ། ཧེ་པེ་པ་ཋི་ཥཿ། ༈ ས་ཡིག་མཐའ་ཅན། ཙི་ཀཱིཪྶ་ལ། སུ། ཧ་ལ་སོགས་ཀྱིས་ཕྱིས། ཡང་དག་བར་སྦྱོར་བའི་མཐའ་དབྱི་འོས། ས་ཕྱིས། ར་རྣམ་བཅད། ཙི་ཀཱིནཿ། ཨཽ་
དང་ཛས་ལ། ཀུན་ནས་བསྒྱུར་བ་སོགས་ཀྱིས། སཥ། ཙིཀཱིདྵཽ། ཙིཀཱིརྵཿ། གཉིས་པ་རྣམས་ལ། ཙིཀཱི་རྵཾ། ཙིཀཱིརྵོ། ཙིཀཱི་རྵཿ། ཊཱ་ལ། ཙིཀཱིརྵ། བྷྱཱམ་བྷིས་ལ། ཡང་དག་པར་སྦྱོར་བྱེད་འདོད། བའི་མཐའ་དབྱི་འོས། ས་ཕྱིས། ཙིཀཱིརྦྷྱཱཾ། ཙིཀཱི་རྵཱིཿ། ངེ་ལ། ཙིཀཱིརྵཻ། བྷྱཱམ་བྷྱས་འདྲ། ང་སི་ལ། ཙིཀཱིརྵཿ། བྷྱམ་བྷྱས་
འདྲ། དྲུག་བ་རྣམས་ལ། ཙིཀཱིརྵཿ། ཙིཀཱིརྵོཿ། ཙིཀཱིརྵཱཾ། བདུན་བ་རྣམས་ལ། ཙིཀཱིརྵི། ཙིཀཱིརྵོཿ། ཙིཀཱིརྵུ། བོད་ཚིག་རྣམས་ལ། ཧེ་ཙིཀཱིཿ། ཧེ་ཙིཀཱིརྵ། ཧེ་ཙིཀཱིརྵཿ། ༈ ས་ཡིག་མཐའ་ཅན། ངོས་ལ་སུ། སོ་ཕྱིས། སུ་ས་ཛུ་ཥའི་རུ། ངོཿ། ཨཽ་དང་ཛས་ལ། ཀུན་ནས་བསྒྱུར་པ་སོགས་ཀྱིས། ས་ཥ། དོ་ཥཽ། དོ་ཥཿ།
མ་མ་ལ། དོ་ཥཾ། ཨཽ་ལ། དོ་ཥཽ། ཤས་ལ། ཤེས་ལ་སོགས་པ་རྣམས་ལ། བད། ད་ཏ་ནས། མཱས་སོགས་ཀྱིས། དོ་ཥ། དོ་ཥ་ན་དུ་འགྱུར། ནའི་ཨ་ཏ་དབྱི་འོས། ཨུ་པ་དྷཱའི་ཨ་ཕྱིས། ཤར་སོགས་ཀྱི་མདོས་ན་ཎ། དོཥྞཿ། ཡང་ན། དོ་ཥཿ། ཊཱ་ལ། དོ་ཥྟཱ། དོཥཱ། བྷྱཱམ་བྷིས་ལ། དོ་ཥ་ན་དུ་བསྐྱུར་བ་དང་མ་བསྒྱུར་བ་གཉིས་
Vol. 208 · folio 80b
གཟུགས་གཅིག་པས། ཙས་ཛུའ་སོགས་ཀྱིས་ཥར། དོརྦྷྱཱཾ། དོརྦྷིཿ། ངེ་ལ། དོཥྜཿ། དོཥེ། བྷྱམ་བྷྱས་འདྲ། ང་སི་ལ། དོ་ཥྞཿ། དོ་ཥཿ། བྷྱཱ་མ་བྷྱས་འདྲ། ངས་ལ། དོཥྞོཿ། དོཥོཿ། ཨོས་ལ། དོཥྞཱཾ། དོཥཱཾ། ཨཱ་མ་ལ། དོཥྜཾ། དོཥ་ཎི། ངིལ དོཥི། དོཥ་ཎི། ཤོ་ཥི། ཨོས་ལ། དོཥྞོཿ། དོ་ཥོཿ།
སུ་པ་ལ། དོརྵུ། བོད་ཚིག་རྣམས་ལ། ཧེ་དོཿ། ཧེ་ད་ཥཽ། ཧེ་དོ་ཥེཿ། ༈ ཀྵ་ཡིག་མཐའ་ཅན། བི་བི་ཀྵ་ལ་སུ། ཧ་ལ་དཱི་པ་སོགས་ཀྱིས་སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་སྔ་མའི་སྲུ་ཀ་དག་གིའང་ངོས། ཀུ་ཕྱིས། ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། ཥ་ཀ །གནས་མེད་པ་ལ་ལ་དན་འོས། བིའི་
བི་བི་ཊ། ཨཽ་དང་ཛས་ལ། བི་བི་ཀྵཽ། བི་བི་ཀྵཿ། གཉིས་པ་རྣམས་ལ། བི་བི་ཀྵཾ། བི་བི་ཀྵཽ། བི་བི་ཀྵཿ། ཊཱ་ལ། བ་བི་ཀྵ། བྷྱཱམ་བྷིས་ལ། དང་པོའི་གཅིག་ཚིག་གི་སྐབས་ལྟར་བསྒྲུབས་པས། བི་བི་རྦྷྱཱི། བི་བི་དྦྷིཿ། ངེ་ལ། བི་བི་ཀྵེ། བྷྱཱམ་བྷྱས་འདྲ། ང་སི་ལ། བི་བི་ཀྵཿ། བྷྱཱ་བྷྱས་འདྲ། དྲུག་པ་རྣམས་ལན་བི་བིཀྵཿ།
བི་བི་ཀྵོཿ། བི་བི་ཀྵཱཾ། ངི་ལ། བ་བི་ཀྵི། ཨོས་ལ། བི་བི་ཀྵོཿ། སུབ་ལ། བི་བི་ཊྶུ། བི་བི་ཊྶུ། བོད་ཚིག་རྣམས་ལ། ཧེ་བི་བི་ཊ། ཧེ་བི་བི་ཊ། ཧེ་བི་བི་ཀྵཽུ། ཧེ་བི་བི་ཀྵཿ། ༈ ཀྵ་ཡིག་མཐའ་ཅན། ཏམྵ་ཡང་ཆོ་ག་ཐམས་ཅད་བི་བི་ཀྵ་དང་འདྲ། གོར་ཀྵ་ཡར་ལུགས་གཅིག་པ་བཀྵ་དང་འདྲ། ཡང་ན། ཡང་དག་པར་
སྦྱོར་བའི་མཐའ་དབྱི་འོས། ཥ་ཕྱིས། གོར་ཀ། གོར་ག། རྣམ་དབྱེ་ཨ་ཅ་ཐོག་མ་ཅན་རྣམས་བི་བི་ཀྵ་དང་འདྲ། བྷྱཱམ་ལ། གོ་ར་གྦྷྱཱཾ། བི་ས་ལ། གོར་གྦྷིཿ། སུ་པ་ལ། གོར་ཀྵུ་སོགས་སོ། ཕྲ་མོ། ཡང་ཀྵ་ཡིག་མཐའ་ཅན། པི་པ་ཀྵ སུ། བབར་སྐྱོང་། སུ་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཥ་
ཕྱིས། གནས་མེད་པ་སོགས་ཀྱིས་པི་བཀྭ། པི་པ་ག། ཨཽ་དང་ཛས་ལ། པི་པ་ཀྵཽ། པི་པ་ཀྵཿ། གཉིས་པ་རྣམས་ལ། པི་པ་ཀྵཾ། པི་པ་ཀྵཽ། པི་པ་ཀྵཿ། ཌཱ་ལ། པི་པ་ཀྵཱ། བྷྱཱམ་བྷིས་ལ། ཡང་དག་པར་སྦྱོར་བའི་མཐའ་དབྱི་འོས། ཥ་ཕྱིས། ཛྷ་ཤ་ལ་ཛྷལ་རྣམས་ཀྱི་ཛ་ཤ་རྣམས་སོས། ག་ག། པི་པ་གྦྷྱཱཾ། པི་པ་གྦྷིན།
ངེ་ལ། པི་པ་ཀྵེ། བྷྱཱམ་བྷྱས་འདྲ། ང་སི་ལ། པི་པ་ཀྵཿ། བྷྱཱམ་བྷྱས་འདྲ། དྲུག་པ་རྣམས་ལ། པི་པ་ཀྵཿ། པི་པཀྵོཿ། པི་པ་ཀྵཱཾ། ང་ལ། པི་པཀྵི། ཨོས་འདྲ། སུ་བ་ལ། པི་པཀྵུ། བོད་ཚིག་རྣམས་དང་པོ་དང་འདྲ། སྐབས་འདིར་ཡང་ན་བར་མི་བྱེད་དོ། ༈ །ཀྵ་ཡིག་མཐའ་ཅན་དདྷ་ཀྵ་ཞེས་པའང་ཆོ་ག་ཐམས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words