སུ་པའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ
Sanskrit title (Tibetan script, as in the text) སུ་པདྨཱ་ཀ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 211 · folio 122b
༄། །སུ་པྲའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས། ༄༅༅། །རྒྱ་གར་སྐད་དུ། སུ་པདྨཱ་ཀ་ར་ནཱ་མ། བོད་སྐད་དུ། སུ་པའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ། རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་འཕྲོག་བྱེད་
ཀྱིས་ནི་རང་གི་ཁོང་པར་གཟུད་ཆེད་ཆུ་ཡི་གཏེར་དུ་གནས་པ་ལས། །ལྷ་ཡི་དབང་པོས་རབ་ཏུ་རྟོགས་ནས་ཁྲོ་བས་གང་ཞིག་རི་བོ་ལ་ནི་འཕེན་པ་ན། །ཆུ་སྐྱེས་ཅན་གྱི་འཇིགས་པ་ལས་ནི་བཟློག་ལ་དམག་ཚོགས་མཚོན་ཆས་སྒྲིབ་པར་བྱེད་པ་བཞིན། །ཤཱཀྱ་ཐུབ་པ་ཁྱོད་
ཞབས་བདུད་ཀྱི་དཔའ་བོས་དྲན་པས་བྱང་ཆུབ་ལ་འདི་སྐྱོང་གྱུར་ཅིག །མཁས་པའི་ཚོགས་ཀྱིས་ལེགས་པར་བསྒྲིགས་རྣམས་ཡོད་པ་ཁོ་ན་སྟེ། །འོན་ཀྱང་དེ་རྣམས་རྒྱས་པས་བློ་ཞན་རྣམས་ཀྱིས་རྟོགས་མིན་པས། །དེ་ཕྱིར་དེ་རྣམས་སྙིང་པོའི་ཆ་འདིར་ཉེ་བར་
བཟུང་ནས་བསྡུས་པ་འདི། །དྲན་པར་བྱེད་པ་ཙམ་གྱི་འབྲས་བུའི་ཐབས་ཀྱི་ཆེད་དུ་བྱས། །ལྕེ་གཉིས་པ་ལས་ཆུང་ངུའི་ཚིག་ཀྱང་ནི། །ཅི་ནས་ཚིག་ལ་འཇིགས་པར་འགྱུར་བ་ཉིད། །དམ་པའི་རིག་པ་གཅིག་གནས་བསོད་ནམས་ཀྱིས། །བདག་
གཞན་ཚིག་གིས་རྣམ་པར་མཛེས་གྱུར་ཅིག །གྲགས་པའི་སྒྲ་རྣམས་རྟོགས་བྱས་ཏེ། །སྐྱེས་པ་མ་ནིང་བུད་མེད་ལའང་། །ཡོན་ཏན་བྱ་བ་རྫས་སྦྱོར་ལས། །རྟགས་གསུམ་ཅན་རྣམས་ད་མཐར་རོ། །བི་པྲ་དང་ཨགྣི་དང་ས། གི་དང་པ་ཏི་དང་། ཨཾ་ཤུ་
Vol. 211 · folio 123a
དང་ཀྲོཥྜི་དང་པྲ་ཏི་བྷུ་རྣམས་དང་པྲི་དྲི་དང་ནྲྀ་དང་ཕྲ་ཤསྟྲཾ་རྣམས་དང་། རཻ་དང་གོ་དག་སྟེ་ཨ་ཙའི་མཐའ་ཅན་རྣམས་སྐྱེས་པ་ལ་རབ་ཏུ་བསྒྲགས་སོ། །དེ་ལ་དང་པོར་རེ་ཞིག་བི་པྲའི་སྒྲ་ལས། མིར་ཨ་ཙུའི་མཐའ་ལས་ཕ་རོལ་ལའོ། །ཁྱེད་ལ་
དབུས་མ་གསུམ་མོ་ཞེས་པས་དེ་དག་ལས་ཕ་རོལ་གསུམ་ཞེས་བཏང་ནས། གཅིག་གཉིས་མང་པོ་རྣམས་ལའོ་ཞེས་པ་དང་། རྗེས་སུ་འཇུག་པ་ན་སུ་ལ་སོགས་པ་སྟེ། མདོ་རྣམ་པ་གསུམ་པོ་དེ་ས་དག་གཅིག་དང་བཅས་པའོ། །དོན་ཙམ་ལ་དང་པོའོ་
ཞེས་པས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལ་གཅིག་གི་དོན་ལ་གཅིག་ཚིག་སུའོ། །ཨུ་ཡིག་ནི། སུའིའོ་ཞེས་པས་རྟགས་ཀྱི་དོན་ཏོ། །ཐམས་ཅད་དུ་རྟགས་ནི་ཡན་ལག་མ་ཡིན་པའི་རྟགས་ཨིཏའོ་ཞེས་པས་དབྱིའོ། །བརྩེགས་པའི་ཚིག་གོ་ཞེས་
པ་འདི་ལས། ཚིག་གི་ཞེས་སྤྱིར་བཏང་ནས་ཚིག་མཐར་པ་ཡིག་གི། པ་ས་ཛུ་ཥའི་རུའོ་ཞེས་པས་རུ་ཉིད་དོ། །ཨུ་ཡིག་ནི། ཨ་ཏ་ལས་ཧ་ཤ་ལའང་རུའིའོ། །ཞེས་པས་རྟགས་ཀྱི་དོན་ནོ། །རེ་པའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཞེས་པས་རྣམ་པར་
གཅད་བྱའོ། །བི་པྲཿ གཉིས་ཀྱི་དོན་བརྗོད་པར་འདོད་པ་ལ་གཉིས་ཀྱི་ཚིག་ཨཽའོ། །དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོའི། །ཨ་ལས་ཨཱི་ཙལ་མ་ཡིན་ནོ་ཞེས་པས་བཀག་པ་ལ། ཨེ་ཙ་ལའོ། །ཞེས་པས་ཨ་ཡིག་དང་ཨཽ་ཡིག་དག་གི།
གཉིས་དག་གི་གཅིག་སྟེ། ཨཽ་ཡིག་གོ། །བི་བྲཽ། མང་པོའི་དོན་བརྗོད་པར་འདོད་པ་ལ་མང་པོའི་ཚིག་རྫོགས་སོ། །ཛ་ཡིག་ནི། ཛཔ་ལའོ་ཞེས་པས་རྟགས་ཀྱི་དོན་ཏོ། །དང་པོ་དག་གི་ཨཙ་ལའོ་ཞེས་པས་ཨ་ཡིག་དག །གཉིས་དག་གི་
གཅིག་སྟེ་རིང་པོའོ། །པི་བྲཱཿ། གཉིས་པའི་དོན་བརྗོད་པར་འདོད་པ་ན། བྱ་བ་ལ་གཉིས་པའོ་ཞེས་པ་ལ་སོགས་པས་གཉིས་པའོ། །ཨ་མ་ལ་ཕ་རོལ་ལས། དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཐོབ་པ་ལ། ཨ་མ་ལ་སྔོན་མའོ། །ཞེས་པས་ཨ་
Vol. 211 · folio 123b
མའི་ཨ་ཡིག་གི། ཕ་རོལ་སྔ་མ་ཉིད་དོ། །བི་བྲམ། ཨཽ་ཌའི་ཌ་ཡིག་གི། སུཌ་ཅེས་པས་སོ་སོར་བརྗོད་པ་གཟུང་བའི་དོན་ནོ། །བི་བྲཽ། སྔ་མ་བཞིན་ཤས་ཀྱི་ཤ་ཡིག་ན། དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །དང་པོ་དག་གི་ཨཙ་
ལའོ་ཞེས་པས་ཨ་ཡིག་རིང་པོ་ཉིད་དོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཙུ་ཌུ་རུ་ལས་ཤར་བར་ན་ཡོད་པ་ལའོ་ཞེས་པས་བཀག་པའི་ཤུགས་ལས། ཚིག་གཅིག་ལར་ཥ་ལས་ནའི་ཎའོ། །ཞེས་པའི་སྤྱིར་བཏང་གིས་ན་ཡིག་
གིའང་ཎ་ཉིད་དུ་ཐོབ་པ་ལ་མཐའ་ལའང་ཞེས་པས་བཀག་གོ། །བ་དྲཱན། གསུམ་པའི་དོན་བརྗོད་པར་འདོད་པ་ན། བྱེད་པ་པོ་ལ་གསུམ་པའོ་ཞེས་པ་འདིས་གསུམ་པ་སྟེ་ཌཱའོ། །ཊ་ཡིག་ནི་ཊཱ་ངས་དག་གི་ཨི་ན་སྱ་དག་གོ་ཞེས་པས་རྟགས་ཀྱི་དོན་ནོ། །
འདི་ཉིད་ཀྱིས་ཨཱ་ཡིག་གི་ཨི་ན་རུ་བསྒྱུར་རོ། །ཨ་ལས: ཨཏ་ཨེང་། ཞེས་པས་ཨ་ཡིག་དང་ཨི་ཡིག་གཉིས་དག་གི་ཨེངའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པས་ན་ཡིག་གི་ཎ་ཉིད་དོ། །བི་སྤྲེ་ཎ། སུཔ་ལའོ་ཞེས་པས་རང་བཞིན་གྱི་ཨཏ་
ཨཱ་ཉིད་དོ། །བི་པྲཱ་བྷྱམ། ཨཏ་ལས་བྷི་སའི་ཨཻ་སའོ་ཞེས་ཨཻས་སུ་བསྒྱུར་རོ། །ཨ་ཡིག་ཨཻ་ཡིག་དག་གི་ཨཻ་ཡིག །ཨེ་ཙལའོ། །ཞེས་པས་ཨཻ་ཙའོ། །བི་བྲཻཿ བཞི་པའི་དོན་བརྗོད་པར་འདོད་པ་ན། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ་ཞེས་
པ་ལ་སོགས་པས་བཞི་པའོ། །དེཿ བྷྱམ། བྷྱཔ། དེང་ཡི་ངས་རྣམས་ཀྱི་ད་ཡིག །ས་ཁི་མ་ཡིན་པའི་ད་ཏི་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །དེང་སི་དག་གི་ཡ་ཨཱཏ་དག་གི། ཞེས་པས་ཨེ་ཡིག་གི་ཡ་རུ་བསྒྱུར་རོ། །པུབ་ལ། ཞེས་པས་
ཨཏའི་ཨ་ཉིད་དོ། །དེ་ལ་འཛིན་པ་ན་ཞེས་པས། རྟགས་ལས་ངེས་པར་ཞུགས་པའི་མཚན་ཉིད་ཀྱི་རིགས་པ་འདིར་འཇུག་པ་མ་ཡིན་ནོ། །པི་པྲ་སཱ། བི་སཱ་བྷྱཾ། སྔ་མ་བཞིན་མང་པོ་རྣམས་ལ་ཛྷལ་ལ་ཨེཏའོ། །ཞེས་པས་ཨཏ་ཨེ་ཉིད་དོ། །
Vol. 211 · folio 124a
པི་བྲེ་བྷྱཿ ལྔ་པ་རྣམས་བརྗོད་པར་འདོད་པ་ན། འབྱུང་ཁུངས་ལ་ལྔ་པའོ་ཞེས་པ་ལ་སོགས་པས་ལྔ་པའོ། །ང་སའི་འང་ཨཱཏའོ་ཞེས་པས་རྟགས་ཀྱི་དོན་ནོ། །དེ་ང་སི་དག་གི་ཡ་ཨཱཏ་དག་གོ། །ཞེས་པས་ང་སིའི་ཨཱཏ་ཏུ་བསྒྱུར་རོ། །
ཨཏ་མཐའ་དག་གི། ཨཀ་གི་ཨཀ་ལ་རིང་པོའོ། །བི་པྲཱཏ། བི་པྲ་བྷྱཾ། བི་པྲེ་བྷྱཿ སྔ་མ་བཞིན་དྲུག་པའི་དོན་བརྗོད་པར་འདོད་པ་ན། འབྲེལ་པ་ལ་དྲུག་པའོ། །ཞེས་པ་ལ་སོགས་པས་དྲུག་པའོ། །ཊཱ་དས་དག་གི་ཨིན་སྱ་དག་གོ། །ཞེས་
པས་ངས་པའི་སྱ་རུ་བསྒྱུར་རོ། །བི་བྲ་སྱ། ཨོས་ལའོ། །ཞེས་པས་ཨཏའི་ཨ་ཉིད་དོ། །དེའི་ཨཙའི་ཨཡ་ཨཝ་ཨཱ་ཡ་ཨཱཝ། ཞེས་པས་ཨ་ཡ་རུ་བསྒྱུར་རོ། །བི་པྲ་ཡོཿ ཐུང་ངུ་ཨཱ་ཨ་པ་ལ་ནུ་ཊའོ། །ཞེས་པས་ཨཱམ་ལ་ནུ་ཊ་ཨཱ་ག་མའོ། །ཊ་
ཡིག་གི་ནི། ཊ་ཀིཧ་དག་དང་དང་པོ་དང་ཐ་མ་དག་གོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ནམ་ལ་ཏེ་པྲྀ་ཙཏ་པྲྀ་དག་མ་ཡིན་པ་ལའོ། །ཞེས་པས་རང་བཞིན་གྱི་ཨཏའི་རིང་པོའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ། །ཞེས་
པས་ནའི་ཎ་ཉིད་དོ། །བི་པྲཱ་ཎཱི། བདུན་པའི་དོན་བརྗོད་པར་འདོད་པ་ན། གནས་གཞི་ལ་བདུན་པའོ་ཞེས་པ་ལ་སོགས་པས་བདུན་པའོ། །ཨ་ལས་ཨཏ་ཨེང་ཞེས་པས་ཨེང་འོ། །བི་པྲེ། བི་པྲ་ཡེཿ སྔ་མ་བཞིན་སུ་སའི་པ་ཡིག །སུ་པ་ཅེས་པས་
སོ་སོར་བསྡུ་བ་འཛིན་པའི་དོན་ནོ། །མང་པོ་རྣམས་ལ་ཛྷལ་ལ་ཨེཏའོ་ཞེས་པས་ཨཏ་ཨེ་ཉིད་དོ། །ཀུ་ལས་ཀྱང་བསྒྱུར་བའི་དང་། པན་ལ་སོགས་པ་དང་ཤ་ཡི་ཝ་སི་གྷས་རྣམས་ཀྱི་སའི་འོ་ཞེས་པས་སའི་ཥ་ཉིད་དོ། །བི་པྲེ་ཥུ། ཀུན་ཏུ་བོད་པ་བརྗོད་པར་འདོད་པ་
ན། པི་པྲའི་སྒྲའི་སྔོན་དུ་ཧེའི་སྒྲ་སྦྱར་ཏེ། དེ་གསལ་བར་བྱེད་པའི་དོན་དང་ལྡན་པ་ཉིད་ཀྱི་ཕྱིར། དོན་ཙམ་ལ་དང་པོའོ་ཞེས་པས་སུའོ། །གྲངས་མེད་པ་ལས་སུ་པའི་འཇིག་གོ། །ཞེས་པས་འཇིག་གོ། །ཚིག་འདི་ཉིད་ཀྱི་ཕྱིར་གྲངས་མེད་པ་རྣམས་
Vol. 211 · folio 124b
སུ་པ་ལས་བྱུང་བའི་མཐའ་ཅན་དུ་འདོད་དོ། །ཏེ་བི་བྲ་ཞེས་གནས་པ་ལ་ཀུན་ཏུ་བོད་པ་ལའོ་ཞེས་པས་གཅིག་ཉིད་ལ་སོགས་པ་རྣམས་ལ་དང་པོའོ། །ཨེང་ཐུང་ངུ་ཨཏ་ལས་ཀུན་ཏུ་བོད་པ་ལའོ་ཞེས་པས་སུ་དབྱིའོ། །ཧེ་བི་པྲ། ལྷག་མ་སྔ་མ་བཞིན། ཧེ་
བི་པྲཽ། ཧེ་བི་པྲཿ འོ་ན་ཀུན་ཏུ་བོད་པ་བྱས་པའི་དང་པོ་གང་ཡིན་པ་དེ་ཉིད་མི་རྟོགས་པའི་ཕྱིར། ཧའི་སྒྲ་སྦྱོར་བར་འགྱུར་ན། འདི་དེ་ལྟར་མ་ཡིན་ཏེ། སྤྱིའི་རིམ་པ་ལ་བྱེ་བྲག་གི་སྦྱོར་བ་འོས་པ་ཉིད་ཀྱི་ཕྱིར། དཔེར་ན་བུམ་པ་གཉིས་དག་བཞིན་ནོ་ཞེ་ན།
སྔར་ཉིད་ཀྱི་བྱེ་བྲག་གི་སྦྱོར་བ་ལ་སྤྱིའི་སྦྱོར་བས་བི་པྲ་ཧེ། ཞེས་པ་འདི་དཔེར་ན་བུམ་པ་ངན་པའོ། །ཞེས་ཁ་ཅིག་གོ། །གཅིག་ལ་བརྗོད་ཟིན་པ་ཡང་སྦྱོར་བ་མཐོང་སྟེ། ཏ་རུ་ཎེ་ཧོ་མ་མ་ཧྲི་ད་ཡ་ཧེ། པ་ད་བྷ་ཝ་ཏྭཾ། བདག་གི་སྨྲ་བ་དེ་དང་དེ་གཡོ་བ་ཉིད་
དེ་ཅིའི་ཕྱིར་མཛེས་པ་སྐྱེད་པར་མི་འགྱུར། བུམ་པ་གཉིས་དག་ཅེས་པ་བཞིན། ཞེས་གཞན་དག་སྨྲའོ། །དེ་བཞིན་དུ་ཨཏ་ཀྱི་མཐའ་ཅན་གཞན་རྣམས་ཀྱང་སྟེ། གྷཊ། མ་ཐ། ཀ་ཊ། བཱ་ཊ། གྲ་མ། སཾ་གྲཱ་མ། པྲ་ཧ་ར། ཀ་རོ། ས་མཱི་ར།
སྭརྒྒ། པརྒ། ཨ་པ་བརྒ་རྣམས་དང་། པ་ཊ། བ་ཊ་ཧ། ཙ་ཀོ་ར། སྭཱ་ད། དེ་ཝ། ཨུ་ད། ཡ་རྣམས་དང་། ཨཀྵ་ཡ། བྷུ་ཛ་ག །བྷུ་ཛངྒ། ཨཱ་རཱ་མ། ཀུམྦྷཱི་ར། ཀུམྦ་རྣམས་དང་། ཤཱ་ར་དུ་ལ། ཀྲཱ་མ། སཱི་ཀ་ར། དྲུ་མ།
སྨ་ར། སུ་ར། ཨུན་མཱ་ད། པྲ་ལཱ་ད། བྱཱ་ཡ། བྱ་དྷཿ བྲཱ་ཧྨ་ཎཿ མཱ་ར། ཤངྐ་ར། ཥ་རཿ ཀྲོ་ཤཿ པྲ་དོ་ཥཿ གྲ་ཧ་རྣམས་དང་། སི་དྷཿ བྱ་གྷྲཿ ཏུ་རང་གཿ བྷང་གཿ བུ་བྷ་ཊཿ ཤྭ་པཿ ཨ་ཤྭཿ དཎྜཿ ཨཱ་ཌྷ་ཀཿ དྲོ་ཧཿ ཀྲོ་དྷཿ
ཀུ་ཐཱ་རཿ ཀ་དྷཿ ཀ་མ་ཐཿ གྲངས: པཱ་པཱ་ས: ཨ་ཤྲ་མ་རྣམས་དང་། བཎྜི་ཏ; སླ་བ་ཀཱུ་པ་ཀུ་པ་ཀུ་བེ་རཿ བྷེ་ཀ: ཤུ་ཀ: པྲཱ་བ་ཀ: བྷྲྀངྒ་རྣམས་དང་། པྲྀ་གཿ ནཱ་དཿ མོ་ནོཿ མནྨ་ཋཿ ནཱ་ཐཿ ཀྭཱ་ཐཿ དནྟཿ ཙ་ཊཀ: བི་ཏྲ་པ་རྣམས་ཞེས་པ་ལ་སོགས་
Vol. 211 · folio 125a
པ་རྣམས་རྟོགས་པར་བྱའོ། །གང་རྣམས་ཀྱི་ཡང་ཥ་ཡིག་དང་ན་མཐའ་ཡོད་པ་རྣམས། ཙུ་ཊུ་ཏུ་ལ་ཤ་ར་བར་ན་ཡོད་པས་དེ་རྣམས་ལས་ཕ་རོལ་གྱི་ན་ཡིག་གི་ཎ་ཉིད་མེད་དོ་ཞེས་པ་ཁྱད་པར་རོ། །ཨཏ་མཐའ་ཅན་རྣམས་བརྗོད་
ཟིན་ཏོ།། །།ཨཱཏ་ཀྱི་མཐའ་ཅན་དྲི་ཟའི་མིང་ཧཱ་ཧཱའི་སྒྲ་ནི་ཧེ་ཞེས་བྱ་སྟེ། ཛཱ་ཧཱ་ཏིཿ ཧཱ་ཧཱ་ཀྭི་པཿ ཝི་ཙཿ མ་ནི་ནཿ ཀྭ་ནི་པཿ ཝ་ནི་པ་རྣམས་སོ་ཞེས་པས་ཝི་ཙའོ། །ཙ་ཡིག་གི་ཐུན་མོང་བ་འཛིན་པའི་དོན་ནོ། །ཨི་ཡིག་ནི་ཨཙ་མེད་
པའི་ཝིའི་འོ་ཞེས་པས་རྟགས་ཀྱི་དོན་ནོ། །ཝ་ཡིག་གི་འདི་ཉིད་ཀྱིས་དབྱིའོ། །བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་ཚིག་སྡུད་ཅན་ཏེ་སུ་ལ་སོགས་པ་རྣམས་སོ། །སུའི་རུ་ཉིད་དང་རྣམ་པར་བཅད་པ་དག་གོ། །ཧཱ་ཧཱཿ དང་པོ་དག་གི་ཨ་ཙ་ལའོ་ཞེས་
པས་རིང་པོ་ལས་ཛས་ལ་ཡང་ངོ་ཞེས་པས་བཀག་གོ། །ཨ་ཡིག་དང་ཨཽ་ཡིག་དག་ནི་ཨ་ཙ་ལའོ་ཞེས་པས་ཨཽ་ཡིག་གོ། །ཧཱ་ཧཽཿ ཨའི་ཡི་གེ་དག་ནི་ཨ་ཀ་གི་ཨི་ཀ་ལ་རིང་པོའོ། །ཧཱ་ཧཱཿ ཨམ་ལ་སྔོན་མའོ་ཞེས་པས་ཕ་རོལ་སྔ་མ་ཉིད་དོ། །ཧཱ་
ཧཱཾ་ཧ་ཧོ་ཨཱཏ་ཅེས་པས་ཤས་ལ་སོགས་པའི་ཨཙ་དང་པི་ལཱ་ཡིག་དབྱིའོ། །ཧཱ་ཧཱཿ ཧཱ་ཧཱཿ ཧཱ་ཧཱ་བྷྱིཿ ཧཱ་ཧཱ་བྷཱིཿ ཧཱ་ཧཱིཿ ཧཱ་ཧཱ་བྷྱཾཿ ཧཱ་ཧཱ་བྷྱཿ ཧཱ་ཧཿ ཧཱ་ཧཱ་བྷྱིཿ ཧཱ་ཧཱ་བྷྱཿ ཧཱ་ཧཿ ཧཱ་ཧོཿ ཧཱ་ཧཱཾཿ ཧཱ་ཧིཿ ཧཱ་ཧོཿ ཧཱ་ཧཱ་སུ། ཀུན་ཏུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཨཱཏ་མཐའ་ཅན་
རྣམས་ཀྱང་རྗེས་སུ་འབྲངས་ནས་ན་རྟོགས་པར་བྱའོ། །བི་པྲ་ཞེས་པ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་ཕྱོགས་ཙམ་བསྟན་པའི་ཆེད་དུ་བྱེད་པོའི་སྒྲའི་དཔེ་བཞིན་ནོ་ཞེས་དེ་བཀླག་པ་ལ་ཡང་དཔེར་བརྗོད་པ་འདིའོ། །ཨི་ཡིག་གི་མཐའ་ཅན་ཨགྣིའི་སྒྲ་ལས་སུ་ལ་
སོགས་པ་རྣམས་སོ། །སུའི་རྒྱུ་ཉིད་དང་རྣམ་པར་བཅད་པ་དག་གོ། །ཨགྣིཿ ཨི་ཡིག་དང་ཨཽ་ཡིག་དག་གི། དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཨཱི་ཡིག་གོ། །ཨགྣི་དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཐོབ་པ་ལ་ཛ་པ་ལའོ་ཞེས་པས་ཨི་ཡིག་
Vol. 211 · folio 125b
གི་ཨེང་འོ། །དེ་ཡི་ཨཙའི་ཨཡ་ཨཝ་ཨཱཡ་ཨཱཝའོ་ཞེས་པས་ཨ་ཡ་རུ་བསྒྱུར་རོ། །ཨགྣ་ཡཿ ཨ་མ་ལ་ཕ་རོལ་སྔ་མ་ཉིད་དོ། །ཨགྣི་མཿ ཨགྣི: སྔ་མ་བཞིན་དང་པོ་དག་གི་ཨ་ཙལའོ་ཞེས་པས་རིང་པོ་ཉིད་བྱས་པ་ལ། དེ་ལས་ཤེས་ཀྱི་ན་སྐྱེས་པ་
ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཨགྣེ་ན། ཊཱ་ཡི་བུད་མེད་མ་ཡིན་པ་ལ་ནཱའོ་ཞེས་པས་ཊཱ་ཡིག་གི་ནཱ་ཡི་དངོས་པོའོ། །ཨགྣི་ནཱ་ཨགྣི་བྷྱཾཿ ཨགྣི་བྷིཿ ས་ཁི་མ་ཡིན་པའི་ངི་ཏ་ལའོ། །ངི་ཏ་ཡི་སུ་པ་ལས་ཨི་ཡིག་གི་ཨེངའོ། །ཨེ་ཡིག་
ནི་དེའི་ཕ་རོལ་ལས་ཨ་ཡར་བསྒྱུར་རོ། །ཨགྣ་ཡེ། ཨགྣི་བྷྱཾཿ ཨགྣི་བྷྱཿ ད་སི་ངས་དག་ལའོ་ཞེས་པས་ང་པི་ངབ་དིག་གི་ཨ་ཡིག་གི་སྔ་མའི་གཟུགས་ཉིད་དོ། །ཨགྣིཿ ཨགྣི་བྷྱཱཾཿ ཨགྣི་བྷྱཿ ཨགྣིཿ ཨིག་གི་ཨཙ་ལ་ཡང་ཎའོ་ཞེས་པས་ཨིཀ་
གི་ཡཎར་བསྒྱུར་རོ། །ཨ་གྣྱོཿ ཐུང་ངུ་ཨཱ་བ་ལ་ནུ་ཊའོ་ཞེས་པས་ཨཱམྲ་ལ་མུ་ཊ་ཨཱ་ཀ་མའོ། །སྔ་མ་བཞིན་རྗེས་སུ་འབྲེལ་པ་དབྱིའོ། །ནཱི་ལ་ཏེ་སྲི་ཙ་ཏ་བྲི་དག་མ་ཡིན་པ་ཞེས་པས་རིང་པོ་ཉིད་དོ། །ཨགྣི་ནཱཾ། ཨེད་འི་ཨཏ་འང་ངོ་། །དེའི་ཨཽ་ཡིག་གོ། །
ཨད་ཡང་ཨཏ་ཏུ་བསྒྱུར་རོ། །ཏ་ཡིག་ནི་བུད་མེད་ལ་མངལ་དང་ལྡན་པ་ལ་དེ་མ་ཡིན་པ་འཇུག་པའི་དོན་ནོ། །ཨ་ཡིག་དང་ཨོ་ཡིག་ངག་གི་ཨེ་ཙ་ལའོ་ཞེས་པས་ཨོ་ཡིག་གོ། །ཨགྣཽ། ཨགྣྱོཿ ཥ་ཉིད་ནི་སྔ་མ་བཞིན་ཏེ། ཨགྣི་ཥུཿ ཀུན་ཏུ་བོད་པ་
ལ། ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་རྗེས་སུ་འཇུག་བཞིན་པ་ན། ཨིཏ་ཨུཏ་དག་གི་ཨེང་འོ་ཞེས་པས། སུ་ཕ་རོལ་ལ་ཨི་ཡིག་ཨེང་འོ། །ཨེང་ཐུང་ངུ་ཨཏ་ལས་ཀུན་ཏུ་བོད་པ་ལའོ་ཞེས་པས་སུ་དབྱིའོ། །ཧེ་ཨགྣེ། ཧེ་ཨགྣི། ཧེ་ཨགྣ་ཡཿ དེ་བཞིན་
དུ་ཨིཏ་མཐའ་གཞན་རྣམས་ཀྱང་སྟེ། ཝ་ཧྣི། ཨུ་པཱ་དྷི། ཝི་རིཉྩི། མུ་ནི། བྱ་དྷི། ནི་དྷི། ཀ་ཤི། བཱ་མ་དྷི། སཱུ་རི། ཨ་བྷི། ཀཱ་ལཱ་ནི་དྷི། ཤ་བ་དྷི། པཱ་ཎི། མཱ་ཎི། པྲ་ཎི་དྷི། ཛ་ལ་དྷི་རྣམས་དང་། སྨ་རཱ་ཐི། མཽ་ལི། བ་ལི། དྷྭ་ནི། རཱ་ཤི། གྲནྠི། ཨ་ལི་
Vol. 211 · folio 126a
ཀ་ལི། ཨཉྫ་ལི། ཤཱ་ལི། ཀུཀྵི། ཧ་རི་རྣམས་དང་། གི་རི། ཡ་མཱ་རི། ཤཱ་རི། ཨ་སི། ཀ་པི། ར་ཏྲི། ར་ཝི: ཞེས་པ་ལ་སོགས་པ་རྣམས་སོ། །ཡ་ཁའི་སྒྲའི་ནི་བྱེ་བྲག་ཏུ་སྟེ། རྀཏ: ཨུ་ཤ་ནས། པུ་རུ་དམ་ཤས་ཨ་ནེ་ཧ་ས་རྣམས་
ཀྱིའང་སུ་ལ་ཨ་ན་ངའོ་ཞེས་པས་སུ་ཕ་རོལ་ལ་ཨི་ཡིག་གི་ཨ་ནང་དུ་བསྒྱུར་རོ། །ང་ཡིག་ནིཿ ངིཏ་ཅེས་པའི་མཐའ་བསྒྱུར་བའི་དོན་ནོ། །ན་ཡིག་གི་ཨ་ཡིག་བརྗོད་པའི་དོན་ནོ། །ན་ཞེས་པ་རྗེས་སུ་འཇུག་བཞིན་པ་ན། ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་པས་ན་
ཡིག་མཐའི་རང་བཞིན་གྱིས་རིང་པོ་ཉིད་དོ། །སུ་ཡིའོ་ཞེས་པས་སུ་དབྱིའོ། །སུ་པའི་རང་བཞིན་གྱི་ནའི་དབྱིའོ་ཞེས་པས་ན་དབྱིའོ། །ཤི་མ་མིན་པ་ལ་ས་ཁིའི་ཨཻ་ཏའོ་ཞེས་པས་སུ་ཊ་ཕ་རོལ་ལ་ཨིའི་ཡིག་གེ་ཨིཏ་ཏུ་བསྒྱུར་རོ། །དེ་ཡི་ཨེཙའི་ཨཡ་ཨཝ་ཨཱཡ་
ཨཱཝའོ་ཞེས་པས་ཨཱཡའོ། །ས་ཁཱ་ཡཽ། ས་ཁཱ་ཡན། ས་ཁཱ་ཡཾ། ས་ཁཱ་ཡཽ། ས་ཁཱི་ན། དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་དོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་ན་ཡིག་གོ། །ཊ་ཡི་བུད་མེད་མ་ཡིན་པ་ལ་ནཱའོ་ཞེས་པས་ནཱ་ལ་
ཨེར་འགྱུར་བ་ལས་ཨིཏ་ཨུཏ་དག་ལས་ཕ་རོལ་གྱི་ཊཱའི་ནཱ་ཉིད་དུ་བྱེད་པ་ལ་གནོད་པས་ནཱའི་དངོས་པོར་མི་འགྱུར་རོ། །ས་ཁི་མ་ཡིན་པའི་ངིཊ་ལའོ་ཞེས་པ་འདི་ལས་ས་ཁི་མ་ཡིན་པ་ལ་ཞེས་སྤྱིར་བཏང་བ་ལས་སཾཿ ཨི་ཡིག་གིཿ ཨིཀ་གི་ཡ་ཎར་ཨཙ་ལའོ་ཞེས་པས་
ཡ་ནར་བསྒྱུར་རོ། །ས་ཁྱཱ: ས་ཁི་བྷྱཱཾ: ས་ཁི་བྷིཿ པ་ཁ་མ་ཡིན་པའི་ངིཊ་ལའོ་ཞེས་པས་ས་ཁི་ཡངས་པ་ལས་ངིཊ་ཀྱི་སུཔ་ལ་ཨེང་མེད་དོ། །ཨིཀ་གི་ཡ་ཎར་ཨཙ་ལའོ། །པ་ཁྱེ: ས་ཁི་བྷྱཾ: ས་ཁ་བྷྱ: པ་ཁྱུཿ པ་དྷུ་ཞེས་པས་ཚིག་ཕྲད་ལས་ང་སི་ངས་དག་གི་ཨཏ་
ཨུ་ཉིད་དོ། །ས་ཁྱུཿ ས་ཁི་བྷྱཱཾཿ ས་ཁི་བྷྱཿ ས་ཁྱུཿ ས་ཁྱོཿ ས་ཁི་ནཱཾཿ ཐུང་ངུ་ཨཱཔ་ལ་ནུ་ཊའོ། །རིང་པོའོ། །ཨིཏ་ཨུཏ་དག་ལས་ཨཽའོ་ཞེས་པས་ངོ་ཨཽ་ཏའོ། །ས་ཁྱཽཿ ས་ཁྱོཿ ས་ཁི་ཥུཿ ཥ་ཉིད་ནི་སྔ་མ་བཞིན་ནོ། །ཀུན་ཏུ་བོད་པ་ལཿ ཀུན་ཏུ་བོད་པ་མ་
Vol. 211 · folio 126b
ཡིན་པ་ལ་ཞེས་པས་ཨ་ནང་བཀག་པ་ལས་ས་ཁིའི་སུ་ལ་ཨཏ་མ་ཡིན་ནོ་ཞེས་པ་ཐོབ་པ་ལ་ཕ་རོལ་ཉིད་ཀྱི་ཕྱིར་ཨིཏ་ཨུཏ་དག་གི་ཨེངའོ་ཞེས་པས་ཨེངའོ། །ཨ་ནང་བཀག་པ་ནི་རྀཏ་ལ་སོགས་པའི་དོན་གྱི་དངོས་པོ་ས་ཁིའི་དོན་དུ་ཡང་འགྱུར་རོ་ཞེས་དེའི་དོན་བཀག་
པ་སྟོན་པ་མ་ཡིན་ནོ། །སྔ་མ་བཞིན་དུ་དབྱིའོ། །ཧེ་ས་ཁེ། ཧེ་པ་ཁཱ་ཡཽ། ཧེ་ས་ཁཱ་ཡཿ གང་གི་ཚེ་འདི་ཡང་བུད་མེད་ལ་འཇུག་པ་དེའི་ཚེ། ས་ཁཱི། ཨ་ཤི། ཤྭཱི་ཞེས་པས་དི་ཥཱ་ལ་ས་ཁཱི་ཞེས་པ་ཚིག་ཕྲད་དེ། དེ་ཡང་ནཱ་དི་དང་འདྲ་བར་དྲང་
བར་བྱའོ། །བསྡུ་བ་ལ་ཡང་སྔ་མ་བཞིན་ཨ་ནང་དང་ཨེང་དག་གོ། །བཟང་པོ་ཡང་འདི་ཡིན་ལ་གྲོགས་པོ་ཡང་ཡིན་པ་ཞེས། སུ་པ་ཁཱ། དོན་གཅིག་པ་ཞེས་པས་སུཔ་འཇིག་གོ། །སུཔ་ཁཱ་ཡཽཿ སུཔ་ཁཱ་ཡཿ སུ་པ་ཁཱ་ཡཾ། སུ་པ་
ཁཱ་ཡ། ངིཏ་ལ་ཨེངའི་སྒྲུབ་པ་དག་སྟེ། ས་ཁིའི་སྒྲ་འབའ་ཞིག་གི་བཀག་པ་ལས་དེའི་མཐའི་ཨེང་དུ་འགྱུར་བ་ཁོ་ནའོ། །དེ་ལྟར་ན་ནི་ས་ཁྱུཿ པ་ཁྱུ་ཞེས་པ་འདི་ལ་ཨ་ཏི་པ་ཁེཿ འི་ཞེས་སོ་སོར་དཔེར་བརྗོད་དོ། །དེའི་ཕྱིར་ཊའི་བུད་མེད་མ་ཡིན་
པ་ལ་ནཱའོ་ཞེས་པས་ནཱ་ཡི་དངོས་པོའོ། །སུ་པ་ཁི་ནཱ། འགའ་ཞིག་ནི་དེའི་ནའི་མཐའི་ཡང་ངེས་པར་བཀག་པར་འདོད་པས། དེའི་ལུགས་ལ་ཨིཀ་གི་ཡ་ཎར་ཨཙ་ལའོ། །སུ་ས་ཁྱཱ། སུ་ས་ཁི་བྷྱཱཾ། སུ་ས་ཁི་བྷིཿ སུ་ས་ཁཱ་ཡེ།
སུ་ས་ཁི་བྷྱཾ། སུ་ས་ཁི་བྷྱཿ ས་ཁྱུཿ པ་ཏྱུ་ཞེས་པ་ཁོ་ནའི་ཚིག་ཕྲད་ལས་དེའི་མཐའ་ལས་ང་སི་ངས་དག་གི་ཨཏ་ཨུ་ཉིད་མ་ཡིན་ནོ། །སུ་པ་ཁེཿ དེའི་མཐའི་ཨང་བཀག་པར་སྨྲ་བ་ལ་ནི་སུ་པ་ཁྱུ་ཞེས་ངེས་པར་བསྟན་པ་ལས་དེའི་མཐའ་འང་ཨུ་ཉིད་དོ། །
སུ་ས་ཁྱུཿ སུ་པ་ཁི་བྷྱཱཾ། སུ་པ་ཁི་བྷྱཱཾ། སུ་པ་ཁཱི་བྷྱཿ སུ་པ་ཁེཿ སུ་ས་ཁྱུཿ སུ་ས་ཁྱོཿ སུ་ས་ཁཱི་ནཱཾ། སུ་པ་ཁཽ། སུ་ས་ཁྱཽ། སུ་པ་ཁྱོཿ སུ་པ་ཁི་ཥུ། ཧེ་སུ་ས་ཁེ། ཧེ་སུ་ས་ཁཱ་ཡཽ། ཧེ་སུ་ས་ཁཱ་ཡཿ དེ་བཞིན་ཨ་ཏི་ས་ཁི། ཨཱ་ས་ཁི།
Vol. 211 · folio 127a
ཝ་ཡུས་ཁི། ཨིནྟྲ་ས་ཁི། པ་ཧུ་ས་ཁི་ལ་སོགས་པ་རྣམས་སོ། །པ་ཏིའི་སྒྲའི་ཚིག་སྡུད་ལ་གཟུགས་ཨགྣི་བཞིན་ནོ། །གསུམ་པ་འགའ་ཞིག་གི་དང་པོའི་གཅིག་ཚིག་ལ་ཁྱད་པར་རོ། །པ་ཏིཿ པ་ཏཱི། པ་ཏ་
ཡཿ པ་ཏི་མ། པ་ཏཱི་ན། ཊ་ཡི་བུད་མེད་མིན་པའི་ནཱའོ་ཞེས་པས་ཊཱ་ལ་ཨེང་གི་དངོས་པོ་དག་ལ། ཨིཏ་ཨུཏ་དག་ཕ་རོལ་གྱི་ནཱ་ཡིག་སྒྲུབ་པ་ལ་སོགས་པ་འཇིག་པས་ན་ཡི་དངོས་པོར་མི་འགྱུར་རོ། །པ་ཏིའི་ཚིག་སྡུད་ལའོ་ཞེས་སྤྱིར་
བཏང་ལས་ཡང་ནའོ། །པ་ཏྱཱ། པ་ཏི་བྷྱཾ། པ་ཏི་བྷྱིཿ པ་ཏིའི་ཚིག་སྡུད་ལའོ། །ཞེས་པའི་བསྡུ་བ་ཉིད་ལ་ཨེངའི་དངོས་པོའི་ཞེས་པའི་ངེས་པ་ལས་འབའ་ཞིག་པའི། ས་ཁི་མ་ཡིན་པའི་ངིཏ་ལའོ་ཞེས་པས་ཨེང་མེད་དོ། །ལྷག་
མ་ཐམས་ཅད་ནི་ས་ཁའི་སྒྲ་བཞིན་ནོ། །པ་ཏྱེ། ས་ཏི་བྷྱཾ། པ་ཏི་བྷྱཿ པ་ཏྱུཿ པ་ཏི་བྷྱཾཿ པ་ཏི་བྷྱཿ པ་ཏྱུཿ པ་ཏྱོཿ པ་ཏི་ནཱཾ། བ་ཏྱཽ། ས་ཁི་མ་ཡིན་པའི་ངིཏ་ལའོ་ཞེས་པས་འདིར་པ་ཏི་ཉིད་དགག་པར་བྱ་བ་ལ་དེ་ལ་ཇི་ལྟར་
ས་ཁིའི་སྒྲ་འབའ་ཞིག་གི་ཨེང་བཀག་པ་ནི། དེའི་མཐའ་ཨི་ཏི་ས་ཁའི་རྟོགས་པར་བྱ་བ་མ་ཡིན་ནོ། །ཞེས་པ་དེ་ལྟར་པ་ཏིའི་སྒྲ་འབའ་ཞིག་གི་དགག་པ་ནི་དེའི་མཐའི་དེ་ལྟར་གྲུབ་པར་འགྱུར་མེད། པ་ཏིའི་ཚིག་བསྡུ་བ་ལའོ་ཞེས་པ་འདིས་
བསྒྲུབ་པར་བྱའོ། །བྱ་བ་མ་ཡིན་པ་བྱེད་པ་འདི་ཡང་དེ་ལས་ཀྱང་མི་རྟག་པར་ཤེས་པར་བྱེད་པའི་དོན་དུ། དེས་ན། པ་ཏཽ། ཛི་བ་ཏི་ཀུཎྜ་སྱཱ་ཏཱ། ག་ཏི་མྲྀ་ཏེ་པྲ་པྲ་ཛཱི་ཏི་ཀ་ལི་ཝེ་ཙ་ཡ་ཏི་ཏེ་པ་ཏཽ། པཉྩ་སུ། ཨ་ཡཱན་སུ། ནཱ་རཱི་ཎཱཾཿ པ་ཏི་རཱ་
ཏྱོཿ བི་དྷཱི་ཡ་ཏ་ཞེས་པ་ལ་སོགས་པ་རྣམས་ཏེ། ལྷག་མའི་སྦྱོར་བ་འཐད་དོ་ཞེས་ཁ་ཅིག་གོ། །པ་ཏྱོཿ པ་ཏི་ཥུ། ཀུན་ཏུ་བོད་པ་ལ་ཧེ་པ་ཏྱཿ ཧེ་པ་ཏཱི་ཧེ་བ་ཏ་ཡཿ ཨི་ཡིག་གི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།ཨཱི་
Vol. 211 · folio 127b
ཡིག་གི་མཐའ་ཅན་ཝ་ཏ་པྲ་མིའི་སྒྲ་ནི། ཨ་བི་ལ་སོགས་པ་རྣམས་སོ་ཞེས་པ་ནི། ཚིག་ཕྲན་ཝཱ་ཏ་སྔོན་མ་ལས་པྲ་མ་ཏི་ཨུཎ་ལ་སོགས་པ་ཅན་ལས་ཨཱིའི་རྐྱེན་དང་ཨཱ་དབྱི་བ་ཡང་ངོ་། །ཏ་ལ་ལ་ཨཱིཏ་ཨཱུཏ་ལས་ཀྱང་ངོ་ཞེས་པའི་ཚིག་
ལེའུར་བྱས་པའི་རྟགས་བཀླགས་པ་འདིས་ཨཱཏ་ཉིད་ལས་འདི་བུད་མེད་ཉིད་དུ་ཐོབ་པ་ལ། བྷྲ་མ་རཱཿ ཝ་ར་ཊ་གཉིས་དང་བཞིའི་རྐང་པ་སྐྱེས་པའི་མིང་འང་ངོ་ཞེས་པ་འདིས་ཕྱི་མ་ཉིད་ཀྱི་ཕྱིར་སྐྱེས་པ་དང་བུད་མེད་དོ། །དེ་ལས་སྐྱེས་པ་ལ་ཝཱ་ཏ་པྲ་
མཱིཿ དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱི་རིང་པོ་ལ་ཛས་ལའོ་ཞེས་པས་བཀག་པ་ལ། ཨཀ་གི་ཡཎ་ར་ཨ་ཙ་ལའོ་ཞེས་པས་ཡཎར་བསྒྱུར་རོ། །འོ་ན་བྱེད་ཅན་ཞེས་པ་ལ་སོགས་པས་ཨི་ཡ་རུ་བསྒྱུར་བ་ལ་གནོད་པས་གང་གི་ཕྱིར་
འདི་ཡཎ་ཇི་ལྟར་ཡིན་ཅེ་ན། ཨི་ཡ་རུ་བསྒྱུར་བའང་བྱིངས་མ་ཡིན་པའི་མེད་དོ། །ཝཱ་ཏ་པྲ་མྱཽཿ ཝཱ་ཏ་པྲ་མྱཿ ཨམ་ལ་ཕ་རོལ་སྔ་མ་ཉིད་དོ། །ཝཱ་ཏ་པྲ་མཱི་མྲཿ ཝཱ་ཏ་པྲ་མྱཽཿ དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་དོ། །ད་ལས་
ཤེས་ཀྱིན་སྐྱེས་པ་ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཝཱ་ཏ་པྲ་མཱིནཿ ཝཱ་ཏ་པྲ་མྱཱཿ ཝཱ་ཏ་པྲ་མཱི་བྷྱཾཿ ཝཱ་ཏ་པྲ་མཱི་བྷིཿ ཝཱ་ཏ་པྲ་མྱེཿ ཝཱ་ཏ་པྲ་མི་བྷྱཾཿ ཝཱ་ཏ་པྲ་མཱིཿ ཝཱ་ཏ་པྲ་མྱཿ ཝཱ་ཏ་པྲ་མཱི་བྷྱཿ ཝཱ་ཏ་པྲ་མཱི་བྷྱཿ ཝཱ་ཏ་པྲ་མྱཿ ཝཱ་ཏ་པྲ་མྱེཿ ཝཱ་ཏ་
པྲ་མྱཾཿ། ཨི་གི་ཡ་ཎར་ཨཙ་ལ་ཞེས་ཐོབ་པ་ལ་ཨིའི་ཡི་གེ་དག་ཨཀ་གི་ཨཀ་ལ་རིང་པོའོ། །ཝཱ་ཏི་པྲ་མཱི་སྐྱེས་བུ་མཆོག་ཏུ་གྱུར་པ་ལྷ་དང་ཉི་མ་ཉིད་ལ་ཡང་ལག་པས་འདྲེན་པ་ཨུཎ་ལ་སོགས་པའི་འགྲེལ་པར་ང་ཡིག་རིང་པོ་ཉིད་ཁོ་ནས་དཔེར་བརྗོད་དོ། །ཝཱ་ཏ་མྱེཿ ཝཱ་ཏ་པྲ་མཱི་ཥུ་
ཀུན་ཏུ་བོད་པ་ལ་ཧེ་ཝཱ་ཏ་པྲ་མཱི་ཧེ་ཝཱ་ཏ་པྲ་མྱཽཿ ཧེ་ཝཱ་ཏ་པྲ་མྱཿ བུད་མེད་ལ་ནི་བུད་མེད་ཀྱི་སྐབས་སུ་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཨ་ཤྭའི་ཚིག་གི་སྒྲ་ཡང་ཨཱིཏ་མཐའ་ཅན་རྣམས་བསྟན་ཟིན་ཏོ།། །།ཨུ་ཡིག་གི་མཐའ་ཅན་ཨཾ་ཤུའི་སྒྲ་འདིའི་མཚན་ཉིད་ཨགྣི་བཞིན་ནོ། །འདི་ནི་ཁྱད་པར་ཏེ། དང་པོ་དག་
Vol. 211 · folio 128a
གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱིས་ཨཱུ་ཡིག་གོ། །ཨེང་དག་སྟེ་ཨུ་ཡིག་གི་ཨོ་ཡིག་གོ། །དེ་ཡི་ཨ་ཝ་རུ་བསྒྱུར་རོ། །ཨུ་ཡིག་གི་ཡ་ཎ་རུ་བསྒྱུར་བས་ཝ་ཡིག་འང་ངོ་། །ཨཾ་བུཿ ཨཾ་བཱུ། ཨི་ཤ་ཝཿ ཨཾ་ཤུ་མཿ ཨཾ་ཤཱུཿ ཨཾ་ཤཱུནཿ ཨཾ་ཤུབྷྱཿ ཨཾ་ཤུ་ནཱཿ
ཨཾ་ཤུ་བྷྱཾཿ ཨཾ་ཤུ་དྷཾཿ ཨཾ་ཤུ་ཝོཿ ཨཾ་ཤུ་བྷྱཱཾཿ ཨོ་ཤུ་བྷྱཱཿ ཨཾ་ཤོཿ ཨཾ་བུ་བྷྱཾཿ ཨཾ་ཤུ་བྷྱཾཿ ཨ་ཤོཿ ཨཾ་ཤུ་ནཱིཿ ཨཾ་ཤཽཿ ཨཾ་ཤྭོཿ ཨཾ་ཤུ་ཥུཿ ཀུན་ཏུ་བོད་པ་ལ། ཧེ་ཨཾ་ཤོཿ ཧེ་ཨཾ་ཤུཿ ཧེ་ཨཾ་ཤ་ཝཿ དེ་བཞིན་དུ་ཨུཏ་མཐའ་གཞན་རྣམས་ཀྱང་སྟེ། སྭ་ཏུཿ ཨི་ཥུཿ ཙཏུཿ ཙཱཏུཿ ཀཱ་རུཿ
མེ་རམ་བུཿ ཀང་བུཿ ཤྭ་ཥུཿ པར་ཤུཿ ཀིང་བུཿ ཡང་བུཿ ཨིཀྵུཿ ཏ་རུ་ཀྵུཿ རི་ཏུཿ ཌ་མ་རུཿ ཙ་མྲྀ་ཏུ། ཕེ་ཏུཿ ཀ་ཀེན་ཏུཿ བིན་དུཿ ཤི་ཤུ་བ་ཤུཿ ཏ་རུཿ ཏརྐྐུཿ ཀརྐྐུ་རེ་ཊུཿ ཨིན་དུཿ བྷི་ཀྵུཿ གུ་རུཿ བན་དུཿ ཀ་རི་ཤཱཐུཿ ཐཱ་ནུཿ རེ་ཎུཿ བིབྷུཿ མེ་རུཿ སུ་མེ་རུཿ ཧེ་ཏུཿ རི་སུ་རྣམས་དང་། ཤ་ཏམ་བྷུཿ
ཝ་ཡུཿ ཛན་ཏུཿ མ་ཡུཿ ར་ཧུཿ མ་རུ་ཞེས་པ་ལ་སོགས་པ་རྣམས་སོ། །ཀྲོཥྚུའི་སྒྲའི་ནི་ཁྱད་པར་དུ་སྟེ། ཀྲུ་ཤ་བོངས་ལའོ། །པིཿ ཏེ་ནུཿ ག་མིཿ ན་སིཿ ས་ཝིཿ ཨ་ཝིཿ དྷཱཿ ཀྲུ་ཤ་རྣམས་ལ་ཏུནའོ་ཞེས་པས་ཏུན་ནོ། །སྔ་མ་ལ་མ་གྲུབ་པའི་ཞེས་པས་ཥ་ཉིད་དང་ཊུ་ཉིད་དག་གི་བསྒྲུབ་པ་
མ་ཡིན་པ་ཉིད་ལ་ཀྲུ་ཤི་རྣམས་ལས་སུན་ཏྲྀ་ཙའོ་ཞེས་པས་སུ་ཏྲ་ཕ་རོལ་ཏུ་ན་ཏྲྀ་ཙར་བསྒྱུར་རོ། །ཙ་ཡིག་དབྱངས་ཀྱི་དོན་ནོ། །བྲཤྩཿ བྷྲཛཿ སྲི་ཙཿ མྲྀ་ཙཿ ཡ་ཛཿ རཱ་ཛཿ བྷྲཱ་ཛ་ཤ་རྣམས་ཀྱི་ཥའོ་ཞེས་པས་ཤའི་ཥ་ཉིད་དོ། །སྟུའི་ཤྩ་དང་ཤྩ་དག་གི་དེ་དག་གོ་ཞེས་པས་ཏ་ཡིག་
གི་ཊ་ཉིད་དོ། །རིཏཿ ཨུ་ཤ་ནསཿ པུ་རུ་དི་ཤ་ཞེས་པས་ཨཱཏ་ཨཱིན་སུ་ཕ་རོལ་ལ་རྀ་ཡིག་གི་ཨ་ནད་དུ་བསྒྱུར་རོ། །ད་ཡིག་ནི་དིཏ་ལའོ་ཞེས་པས་མཐའ་བསྒྱུར་བའི་དོན་ནོ། །ན་ཡིག་གི་ཨ་ཡིག་བརྗོད་པའི་དོན་ནོ། །ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པས་མཐའ་
ཉེའི་རིང་པོ་ཉིད་དོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུབ་ཀྱི་རང་བཞིན་གྱི་ཞེས་པས་ན་དབྱིའོ། །ཀྲོཥྜ་སུ་ལས་གཞན་ལ་སུཊ་ལ་རི་ཊའི་ཨཱཏ་དི་སུ་ཊ་ལའོ། །ཞེས་པས་རི་ཡིག་གི་ཨཱཏ་དུ་བསྒྱུར་རོ། །རྀཀ་གི་ཨཎ་ལར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ལོ། །ཨ་བྷྲྀཿ
Vol. 211 · folio 128b
སྭ་སྲྀཿ ནབྟྲྀཿ ནེཥྚྀཿ ཀྵ་ཏྲིཿ ཧོ་ཏྲྀཿ བོ་ཏྲྀཿ པྲ་ཤཱསྟྲྀ་རྣམས་ཀྱིའོ་ཞེས་པས་མཐའ་ཉེའི་རིང་པོ་ཉིད་དོ། །འོ་ན་ཏྲྀ་མཐའ་ཉིད་ཀྱི་ཕྱིར་ནཔྟ་ལ་སོགས་པ་གསུངས་པ་གྲུབ་པ་ཉིད་ལ་གང་སླར་ཡང་ནཔྟྲི་ལ་སོགས་པ་སྨོས་པ་དེས་འདི་རྣམས་ཀྱི་ཏྲི་མཐའི་མིང་ཅན་གྱི་སྒྲ་རྣམས་རིང་པོ་ཉིད་
དུ་མི་འགྱུར་རོ་ཞེ་ན། འདིར་བྱམས་པས་བསྲུངས་པས་སྨྲས་པ། བྱེ་བྲག་ཏུ་གཏོགས་པའི་ཕྱོགས་ལ་གང་ན་སྟྲི་ལ་སོགས་པ་སྨོས་པ་དེ་ནི་ངེས་པའི་དོན་དུ་གསུངས་པའོ། །དེས་ན་མིང་ཅན་གྱི་སྒྲ་རྣམས་ཨུཎ་ལ་སོགས་པ་ཅན་ཁོ་ན་ལ་འཇུག་གི་གཞན་ལ་མ་ཡིན་
ཞེས་པའོ། །འདི་ཉིད་ཀྱིས་ཨུ་ཎ་སོགས་ཏྲྀ་ཙར་བསྒྱུར་བ་ཏྲྀ་ཏ་མཐའ་ཉིད་ཀྱི་ཕྱིར་རིང་པོ་ཉིད་འགོག་པ་མ་ཡིན་ནོ། །ཀྲོཥྚཱ་རཽཿ ཀྲོཥྚྲ་རཱཿ ཀྲོཥྚཱ་རཾཿ ཀྲོཥྚཱ་རོཿ ཀྲོཥྚཱའི་སྒྲ་ཉིད་ཏྲྀ་ཙའི་མཐའ་གྲུབ་པ་ལ་ཀྲུ་ཤི་རྣམས་ལས་ཏྲྀ་ཙའི་ཚིགས་སུ་ཊ་ལ་ཏུན་གྱི་མཐའ་སྦྱོར་བ་མི་
འཇུག་པའི་དོན་དུའོ། །ཤས་ལ་སོགས་པ་ལ་ནི་ཏུན་གྱི་མཐའ་ཡི་ཏྲྀ་ཙའི་མཐའི་སྦྱོར་བའོ། །དེ་ལ་ཏུན་མཐའ་ཡི་ཨཾ་ཤུ་བཞིན་ནོ། །ཀྲོཥྚཱན། ཀྲོཥྚུ་ནཱ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷིཿ ཞེས་པ་ལ་སོགས་པ་ལའོ། །ཏྲྀ་ཙའི་མཐའ་ནི་རྀཏ་མཐའི་སྐབས་ལ་སྟོན་པར་འགྱུར་
རོ། །ཀུན་ཏུ་བོད་པ་ལ། ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པ་རྗེས་སུ་འཇུག་བཞིན་པ་ལ། སུ་ཕ་རོལ་ལས་ཏྲྀ་ཙར་བསྒྱུར་བ་མེད་དོ། །ཧེ་ཀྲོཥྚོཿ ཧེ་ཀྲོཥྚ་རོཿ ཧེ་ཀྲོཥྚ་རཿ བུད་མེད་ལའོ་ཞེས་པས་ཏྲྀ་ཙར་བསྒྱུར་རོ། །གཽ་ར་ལ་སོགས་པ་རྣམས་ལས་སོ་ཞེས་
པས་དཱི་པའོ། །ཨིཀ་གི་ཡཎ་ཨ་ཙ་ལའོ། །ཀྲོཥྚི་ན་དཱི་བཞིན་ནོ། །ཨུཏ་མཐའ་རྣམས་བརྗོད་ཟིན་ཏོ།། །།ཨཱུ་ཏ་མཐའ་རྣམས་བརྗོད་པར་བྱའོ། །སོ་སོར་འབྱུང་ངོ་ཞེས་པས་པྲ་ཏི་སྔོན་མ་ཅན་གྱི་བྷ་ཝ་ཏི་ལས་ཀྭི་པཿ ཝི་ཙཿ མ་ནིནཿ ཀྭ་ནི་པཿ ཝ་ནི་པ་རྣམས་
སོ་ཞེས་པས་ཀྭི་པའོ། །པ་ཡིག་ནིཿ ཏུ་ཀའི་དོན་ནོ། །ཀ་ཡིག་ནི་ཀི་ཏྲ་ཀྱི་བྱ་བའི་དོན་ནོ། །ཨཱི་ཡིག་ནི། ཨི་ཙ་མེད་པའི་ཝིའིའོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཝ་ཡིག་གིཿ འདི་ཉིད་ཀྱིས་ཝ་དབྱིའོ། །ཀུ་ཀྲ་དང་པོ་དག་གི་སུ་པ་མ་ཡིན་པའི་བསྒྲུབ་ལ་བརྟག་
Vol. 211 · folio 129a
ཏུའོ།། ཞེས་པས་ཚིག་བསྡུ་བའོ། །སུའི་རུ་ཉིད་དང་རྣམ་པར་གཅད་པ་དག་གོ། །པྲ་ཏི་བྷུཿ ཝཪྵ་ལས་ཏྲྀན་པུ་ནཱཿ ཀཱ་ར་ལས་བྷཱུ་ཡིའོ། །ཞེས་པའི་ངེས་པ་ལས་བྱེད་པ་པོ་དང་གྲངས་མེད་ལས་སུ་དྷི་མ་ཡིན་པའི་ཨིཏ་དང་ཨུ་ཡི་ཡང་སུབ་ལའོ་ཞེས་པས་
ཡ་ཎར་བསྒྱུར་བ་མི་འཇུག་གོ། །ཤྣུ་བྱིངས་བྷུ་རྣམས་ཀྱི་ཨཱི་ཨཱུ་བདག་གི་ཨི་ཡ་ཨུ་ཝ་དག་ཨཙ་ལའོ་ཞེས་པས་ཨཙ་དང་པོ་ལ་ཨུ་ཝར་བསྒྱུར་རོ། །པྲ་ཏི་བྷཱུ་ཝཽཿ པྲ་ཏི་བྷུ་ཝཾཿ པྲ་ཏི་བྷུ་ཝཾཿ པྲ་ཏི་བྷུ་ཝཽཿ པྲ་ཏི་བྷུ་ཝཿ པྲ་ཏི་བྷུ་ཝཿ པྲ་ཏི་བྷཱུ་བྷྱཾཿ པྲ་ཏི་བྷཱུ་བྷཾཿ པྲ་ཏི་བྷཱུ་ཝེ་
པྲ་ཏི་བྷཱུ་བྷྱཾཿ པྲ་ཏི་བྷཱུ་བྷྱཿ པྲ་ཏི་བྷཱུ་ཝཿ པྲ་ཏི་བྷཱུ་བྷྱིཿ པྲ་ཏི་བྷཱུ་བྷྱཿ པྲ་ཏི་བྷུ་ཝཿ པྲ་ཏི་བྷུ་ཝོཿ པྲ་ཏི་བྷུ་ཝཱཾཿ པྲ་ཏི་བྷུ་ཝིཿ པྲ་ཏི་བྷུ་ཝོཿ པྲ་ཏི་བྷཱུ་ཥུཿ ཀུན་ཏུ་བདེ་བ་ལ་ཧེ་པྲ་ཏི་བྷཱུཿ ཧེ་པྲ་ཏི་བྷུ་ཝཽཿ ཧེ་པྲ་ཏི་བྷཱུ་ཝཿ དེ་བཞིན་ཏུ་ཀ་ཊ་དྲུ་ནཱི་འདྲེས་པ་ལ་ཤེས་པར་བྱའོ། །ཟླ་བའི་ཏྲྀ་ནི་ཏྲ་བྷུའོ། །
མེ་ལ་དེ་བཞིན་དུ་ཧེ་རེ་ཎྱ་ཥྦའོ། །ཨཀྵཱ་དྷཱུ་དང་རྒྱན་པོ་བྱེད་པ་ལའོ། །བྲཱ་ཧྨ་སུ་བྷཱུ་ནི་རིག་བྱེད་ལའང་ངོ་། །ཁཱ་ཏ་བྷུ་ནི་གྱུར་པ་ལ་འཇུག་གོ། །ཨ་ཏི་བྷུ་ནི་འདྲེན་པ་ལ་རབ་ཏུ་བརྗོད་དོ། །དེ་བཞིན་དུ་དྲྀཥྚི་བྷཱུ་སྦལ་པ་ལའོ། །སྭ་བྷཱུ་ནི་ཁྱབ་འཇུག་དང་རྣམ་འཐོར་དག་ལའོ། །
འདོད་པ་དང་ཚངས་པ་ལ་ཨཱཏ་མ་བྷཱུའོ། །བྲཱ་ཧྨ་བྷཱུ་ནི་དྲང་སྲོང་མེ་སྦྱིན་དང་འདོད་པ་ལའོ། །སྭ་ཡི་བྷཱུ་ནི་ཚངས་པ་དང་དུང་ཅན་དག་ལའོ། ནགྣ་ཧུའི་སྒྲ་ནི་བྱེད་པ་པོ་བགྲངས་མེད་ལས་སུ་དྷི་མ་ཡིན་པའི་ཨ་དང་ཨཱུ་ཡ་འང་སུ་པ་ལའོ་ཞེས་པས་ཨ་ཙ་དང་པོ་ལ་ཡཎར་
བསྒྱུར་བ་ཁྱད་པར་རོ། །ནགྣ་ཧུཿ ནགྣ་ཧྭོཿ ནགྣ་ཧྭཿ ཕ་རོལ་ཉིད་ཀྱི་ཕྱིར་ཡ་ཎར་བསྒྱུར་བའམ། སྔ་མ་ཉིད་འདོད་ཅིང་རྟགས་པར་བྱའོ། །ནགྣ་ཧྭཾཿ ནགྣ་ཧཽཿ དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་དོ་ས་ཕ་རོལ་ཉིད་ཀྱིས་ཡ་ཎའོ། །ནགྣ་ཧྭོཿ ནགྣ་ཧྭཱཿ
ནགྣ་ཧཱུ་བྷྱཱཾཿ ནགྣ་ཧཱུ་བྷིཿ ནགྣ་ཧྭེཿ ནགྣ་ཧཱུ་བྷྱཱཾཿ ནགྣ་ཧཱུ་བྷྱཿ ནགྣ་ཧྭཿ ནགྣ་ཧཱུ་བྷྱཱཾཿ ནགྣ་ཧཱུ་བྷྱཿ ནགྣ་ཧྭཿ ནགྣ་ཧྭོཿ ནགྣ་ཧྭཾཿ ནགྣ་ཧྭིཿ ནགྣ་ཧྭོཿ ནགྣ་ཧཱུ་ཥུ། ཀུན་ཏུ་བོད་པ་ལ་ཧེ་ནགྣ་ཧཱུཿ ཧེ་ནགྣ་ཧྭཽཿ ཧེ་ནགྣ་ཧྭཽཿ དེ་བཞིན་དུ་ཁ་ལྶཱུཿ བྲཧྨ་སཱུཿ ཁ་སུ་བྲཧྨ་སུཿ ཧུ་ཧུ་ལ་སོགས་པ་
Vol. 211 · folio 129b
རྣམས་སོ། །ཁ་ལ་པཱུ་ནི་ཀོ་ལི་བགྲོད་བྱེད་པ་ལ་འགྱུར་རོ། །བྲ་ཧྨ་སཱུ་ནི་མེ་ཏོག་གི་མཚོན་ཅན་ལའོ། །ཧུ་ཧུ་ནི་དྲི་ཟའི་བྱེ་བྲག་ལ་འགྱུར་རོ། །ཆང་གི་ས་བོན་ནི། ནགྣ་ཧཱུའོ། །ཨཪྵ་བྷུ་ཡི་སྒྲ་ནི་རྟགས་གཉིས་ཏེ། དྲག་པོའི་འབངས་ཀྱིས་དེ་བརྗོད་པ། བུ་ནར་ན་ཝཱ་ལ་ཝཪྵ་
བྷཱུ་བུད་མེད་རྣམས་ཀྱིའོ། །ཀཉྩ་ལུ་ཀ་དང་སྦལ་པ་ལ་སྐྱེས་པའོ་ཞེས་སོ། །དེ་ལ་བུད་མེད་ལ་བུད་མེད་ཀྱི་སྐབས་སུ་སྟོན་པར་འགྱུར་རོ། །ཝཪྵ་བྷུཿ ཝཪྵ་ཏྲྀན་པུ་ན་ས་ཀཱ་ར་ལས་བྷཱུ་ཡིའོ། །ཞེས་པས་ཨཙ་དང་ཨཙ་དང་པོ་ལ་ཡ་ཎར་བསྒྱུར་རོ། །ཝཪྵ་བྷྭཽཿ ཝཪྵ་
བྷྭཿ ཝཪྵ་བྷྭཾ་ཞེས་པ་ལ་སོགས་པ་ནགྣ་ཧཱུ་བཞིན་དྲང་བར་བྱའོ། །བྷརྻ་དང་བྷེཀའི་ཝ་ཪྵ་བྷུ་ལའོ་ཞེས་པས་བྷཱ་གུ་རཱི་ཡི་བསྒྲུབ་པ་ཡིན་ནོ། །དེའི་ཕྱིར་འདི་བསྟན་པ་ལ་ཀནྟ་མ་ཡིན་པ་ལ་སྐྱེས་པའི་མིང་དང་ལྡན་པ་ལས་སོ་ཞེས་པས། འདིར་ཨཱཏ་ཅེས་རྗེས་སུ་འཇུག་པ་
མ་ཡིན་ཏེ། དེས་ན་འདི་ལས་ཀྱང་དིཥཱའོ། །ཨཱུ་ཡིག་གི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།རྀཏ་མཐའ་ཅན་པི་ཏྲྀའི་སྒྲ་ནི་རྀཏཿ ཨུ་ཤ་ནས་པུ་རུ་དམ་ཤསཿ ཞེས་པ་ལ་སོགས་པ་སུ་ཕ་རོལ་ལ་རྀ་ཡིག་གི་ཨ་ནངའོ། །ད་ཡིག་ནི་ངིཏ་ལའོ། །ཞེས་པས་མཐའ་
བསྒྱུར་བའི་དོན་ནོ། །ན་ཡིག་ཨ་ཡིག་བརྗོད་པའི་དོན་ནོ། །ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོ་ཉིད་དོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུབ་ཀྱི་རང་བཞིན་གྱི་ན་དབྱིའོ་ཞེས་པས་ན་དབྱིའོ། །བི་ཏཱཿ སུ་ལས་གཞན་པའི་སུཊ་ལ་རྀ་ཏའི་ཨཏ་ངི་སུ་
ཊ་ལའོ་ཞེས་པས་རྀ་ཡིག་གི་ཨཏ་དུ་བསྒྱུར་རོ། །རྀཀ་གི་ཨཎ་ལས་ར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ཉིད་དོ། །ཨཔྟྲྀ་ལ་སོགས་པའི་མདོ་ཡིས། ཨཔྟྲྀ་ལ་སོགས་པ་སྨོས་པ་ནི། གཞན་རྣམས་ཀྱི་ཊིའི་མིང་ཅན་གྱི་སྒྲ་དེ་རྣམས་ཀྱི་རིང་པོ་ཉིད་མི་འཇུག་པའི་
དོན་དུའོ་ཞེས་པས་འདིར་རིང་པོ་ཉིད་དུ་མི་འགྱུར་རོ། །པི་ཏ་རཽཿ པི་ཏ་རཿ པི་ཏ་རམྲཿ པི་ཏ་རཽ། དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱིས་རྀ་ཡིག་དང་ཨེ་ཡིག་རཱྀ་ཡིག་གོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ། །པི་ཏྲཱྀན་འོ་ན་ཤས་ལའངཿ པི་ཏ་རཿ ཏེརྦྶ་ཡཱ་
Vol. 211 · folio 130a
མཱས་ཞེས་པ་ཅི་ལྟར་ཞེ་ན། རྀཏ་ཀྱི་ཨཏ་དི་སུ་ཊ་ལའོ་ཞེས་པ་འདིར། ན་ཉའི་ཡི་གེ་སྦྱོར་བའི་ལུང་གི་ཕྱོགས་ལ་འབྱུང་བར་འགྱུར་རོ། །ཨི་ཀ་གི་ཨཙ་ལ་ཡཎའོ། །པྲི་ཏྲཱཿ པི་ཏྲྀ་བྷྱཱཾཿ པི་ཏྲཱྀ་བྷིཿ པི་ཏྲེཿ པི་ཏྲྀ་བྷྱིཿ པི་ཏྲྀ་བྷྱཿ རྀཏ་ནི་ཨུཏའོ་ཞེས་པས་
རྀ་ཡིག་གི་ང་སི་ངས་དག་གི་ཨ་ཡིག་དང་ལྷན་ཅིག་ཨུ་ཡིག་གོ། །རྀཀ་ག་ཨཎ་ལ་ར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ལོ། །ར་ལས་སའི་འོ། །ཞེས་པས་ས་དབྱིའོ། །པི་ཏུཿ པི་ཏྲྀ་བྷྱཾཿ པི་ཏྲྀ་བྷྱཿ པི་ཏུཿ པི་ཏྲེཿ ཐུང་ངུ་ཨཱ་པ་ལས་ནུ་ཊའོ། །ནཱཾ་ལ་ཏི་སྲྀ་ཙཏ་སྲྀ་དག་མ་
ཡིན་པ་ལའོ། །ཞེས་པས་རིང་པོ་ཉིད་དོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པས་ནའི་ཎ་ཉིད་དོ། །པི་ཏྲཱི་ཎཱྀ་རྀ་ཨ་ཏའི་སུཊ་ལའོ་ཞེས་པས་རི་ཡིག་གི་ཨ་ཡིག་གོ། །རེ་ཕ་ཕ་རོལ་ལོ། །པི་ཏ་རིཿ པི་ཏྲོཿ ཀུ་ལས་ཀྱང་སོགས་ཀྱི་མདོ་ཡིས་སུ་པའི་ཥ་ཉིད་དོ། །
བི་ཏྲྀ་ཥུཿ ཀུན་ཏུ་བོད་པ་ལའོ། །ཀུན་ཏུ་བོད་པ་མ་ཡིན་པའི་ཞེས་པ་བཀག་པ་ལས་ཨ་ནང་མ་ཡིན་ནོ། །རྀཏའི་ཨཏ་ངི་སུཊ་ལའོ། །རེ་ཕ་ཕ་རོལ་ལོ། །ར་ལས་སའོ། །ཞེས་པས་ས་དབྱིའོ། །ཧེ་པི་ཏཿ ཧེ་པི་ཏ་རཽཿ ཧེ་པི་ཏ་རཿ དེ་བཞིན་དུཿ བྷ་ཏྲྀཿ ཛཱ་མཱ་ཏྲྀཿ སམ་བྱཥྚྀ་
བྱཥྚཱྀ་ལ་སོགས་པ་རྣམས་སོ། །བྷ་ཏྲྀ་ཉི་མ་ལྡན་པ་ལ་ཡང་ངོ་། །ཛཱ་མ་ཏྲྀ་བུ་མོའི་བདག་པོའོ། །ས་བྷྱ་ཏྲྀཿ འོང་འགྱེད་པ་དང་སྤྲོ་བ་དང་ལྷ་དང་ལྷ་མ་ཡིན་དང་ར་ཀ་ལྡན་པ་རྣམས་སོ། །ནྲྀ་སྒྲའི་ནིཿ དྲུག་པའི་མང་ཚིག་ལ་ནྲྀའི་ཡང་ནའོ། །ཞེས་པས་རྣམ་པར་བརྟག་པས་རིང་
པོ་ཉིད་ཁྱད་པར་རོ། །ནྲྀ་ཎཱིཿ ནྲྀ་ཎཱིཿ པྲ་ཤསྟྲིའི་སྒྲ་ཡི་ནི་ཐམས་ཅད་དུ་པི་ཏྲྀ་བཞིན་ནོ། །འདི་ནི་ཁྱད་པར་ཏེ། རྀ་ཏའི་ཨཏ་དི་སུཊ་ལའོ་ཞེས་བྱས་པ་ལ་ཨཔྟྲྀ་ལ་སོགས་པའི་མདོས་རིང་པོ་ཉིད་དོ། །པྲཤཱསྟྲཱ་བླ་མ་བརྗོད་པ་ལ། པྲ་ཤཱསྟཱ་རཽཿ པྲ་ཤཱསྟཱ་རཿ པྲ་ཤཱསྟ་རམཿ
པྲ་ཤཱསྟཱ་རཽཿ པྲ་ཤསྟྲཱིནཿ པྲ་ཤཱསྟྲ། པྲ་ཤཱསྟྲཱྀ་བྷྱཱཾཿ པྲ་ཤཱསྟྲྀ་བྟེཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ནཔྟྲྀཿ ནེཥྚྀཿ ཏྭ་ཥཱྀཿ ཀྵ་ཏྲིཿ ཧོ་ཏྲྀཿ ཧྲོ་ཧཱྀཿ ཥྚོ་ཥྚྲྀ་ལ་སོགས་པ་རྣམས་སོ། །ལྷའི་བཟོ་པོ་ལ་ཡང་ཏྭཥྚི་ལོ། །ཏྭཥྚྲ་ཁ་ལོ་པ་དང་། ཏི་མ་དག་ལ་ཀྵ་ཏྲྀ་ཏེ། ཏཱ་
Vol. 211 · folio 130b
དམངས་ལས་ཀྵེ་ཏྲྀ་ཡ། ཛེ་དང་། པྲ་ཏི་ཧ་རེ་དང་སཱ་ར་ཐ་དག་ལའོ། །ཀྲོཥྚི་ནི་ཅེ་སྤྱང་ལའོ། །ནཔྟྲྀ་བུའི་བུ་ལའོ། །ནཔྟྲཿ པོཥྚི་ནི་དག་བྱེད་ལའོ། །པོ་ཏཱཿ མཁན་པོར་གྱུར་པ་ལ་ནི་ནེཥྚྀའོ། །ནེཥྚིཿ ཧོ་ཏྲྀ་ནི་རིགས་བྱེད་ཀྱི་ངེས་བརྗོད་ཤེས་པ་ལའོ། །ཧོ་ཏཱཿ འོ་ན་ནཔྟྲྀ་ལ་
སོགས་པ་རྣམས་ཉིད་ཀྱི་ཏྲྀ་མཐའི་མིང་ཅན་གྱི་སྒྲ་རྣམས་ཀྱི་རིང་པོ་ཉིད་དོ། །ཞེས་པའི་ངེས་པ་དེ་ལས། ཀྲོཥྚ་ར་མྲ། ཝརྟྟ་རམྲ། ཨུ་པ་ཏིཥྠ་ཏི། ཡོ་ཝ་ནེ་ན། ཞེས་པ་ལ་སོགས་པར་མི་འགྱུར་རམ་ཞེ་ན། དེ་ལ་སྔར་བརྗོད་ཟིན་པའི་ནབྟྀ་ལ་སོགས་པ་སྨོས་པས་ཨུ་ཎ་སོགས་ཁོ་
ན་ལ་ཏྲྀ་མཐའི་མིང་ཅན་གྱི་སྒྲ་འཇུག་གི་གཞན་ལ་མ་ཡིན་ནོ། །ཞེས་པའོ། །དེས་ན་བྱེད་པ་པོ་ལ་ཎུལ། ཏྲྀ་ཙ་ཅེས་པས་ཏྲྀ་ཙའི་མཐའི་མིང་ཅན་གྱི་སྒྲ་རྣམས་ཀྱི་སུ་ཊ་ལ་རིང་པོ་ཉིད་དུ་འགྱུར་བ་ཁོ་ནའོ། །རྀཏ་མཐའ་རྣམས་བརྗོད་ཟིན་ཏོ།། །།རཱྀ་ལིའི་ཡི་གེའི་
མཐའ་ཅན་རྣམས་མ་གྲུབ་པོ། །ཨཻ་ཡིག་གི་མཐའ་ཅན་ར་ཡི་སྒྲ་སྟེ། བུད་མེད་དང་སྐྱེས་པ་དག་ལ་འཇུག་གོ། །གང་སྨྲ་བ་ནི་རི་གཉིས་ལས་ཏེ་འབྱོར་པ་དང་། རང་ཤེས་དང་། གསེར་དང་། རི་མོ་ལས་ཏེ། ཀརྩུ་རམ་ཞེས་དྲག་པོའི་འབངས་སོ། །རྟགས་འདི་
གཉིས་ཀྱི་གཟུགས་ཀྱང་གཅིག་པ་ཁོ་ན་སྟེ། རཱ་ཡི་ཨཏ་ཌཻའི་འོ། །ཞེས་པས་ཌཻའི་རྐྱེན་ནོ། །ཏིཀ་བྱེད་པའི་ཤུགས་ལས་སུ་ལ་སོགས་པ་དང་པོ་མིན་པའི་ཡང་། ཨཙ་དང་པོ་ལ་མཐའི་ཨཙ་ལ་སོགས་པ་དབྱིའོ། །ཧ་ལ་དང་པོ་ལ་རཻའི་ཧ་ལོ་ཞེས་པས་ཨཻ་ཡིག་གི་
ཨཱ་ཉིད་དོ། །སུའི་རུ་ཉིད་དང་རྣམ་པར་བཅད་པ་དག་གོ། །རཱཿ རཱ་ཡཽཿ རཱ་ཡཿ རཱ་ཡམཿ རཱ་ཡཽཿ རཱ་ཡཿ རཱ་ཡཱཿ རཱ་བྷྱཱཾཿ རཱ་བྷིཿ རཱ་ཡེཿ རཱ་བྷྱཱཾཿ ར་བྷྱཿ རཱ་ཡཿ རཱ་བྷྱཱཾཿ རཱ་བྷྱཿ རཱ་ཡཿ རཱ་ཡོཿ རཱ་ཡཾཿ རཱ་ཡིཿ རཱ་ཡོཿ ཨཱ་ཉིད་བྱས་པ་ན་སྔ་མ་ལས་བསྒྲུབ་པ་མིན་ཞེས་པས་ཥ་ཉིད་
བསྒྲུབ་པ་མིན་ནོ། །རཱ་སུ། ཀུན་ཏུ་བོད་པ་ལཿ ཧེ་རཱཿ ཧེ་རཱ་ཡཽཿ ཧེ་རཱ་ཡཿ། ཨོཏ་མཐའ་ཅན་གྱི་གའི་སྒྲ་ནི་རྟགས་གཉིས་སུ་དྲག་པོའི་འབངས་ཀྱིས་སྨྲས་པ། མཐོ་རིས་འོད་ཟེར་རྡོ་རྗེ་ཕྱུགས། །སྐྱེས་པ་ཉིད་ལ་གོ་ན་འཇུག །མིག་ཕྱོགས་དག་ས་ཆུ་རྣམས་ལ། །
Vol. 211 · folio 131a
བུད་མེད་མཁས་པས་ཕྱེ་བའོ། །སྐབས་གསུམ་གྱི་ལྷག་མར་ཡང་བརྗོད་པ། མཐོ་རིས་འོད་ཟེར་རྡོ་རྗེ་ཕྱུགས། །སྐྱེས་པ་ཉིད་ལ་གོ་ནི་འཇུག །སྣར་མ་མདའ་མིག་ཕྱོགས་དག་ས། །ཆུ་ལ་བུད་མེད་མང་པོར་རོ། །ཞེས་སོ། །འདིའི་ཡང་རྟགས་
གཉིས་ཀ་ལ་གཟུགས་མཚུངས་པའོ། །འགྲོ་བར་བྱེད་དོ་ཞེས་པ་ག་མི་ལས་ཌོའོ། །ཞེས་པས་ཌོའི་རྐྱེན་ནོ། །སྔ་མ་བཞིན་མཐའི་ཨ་ཙ་སོགས་དབྱིའོ། །རང་གི་དོན་ལ་གོའི་ཨཽའོ། །ཞེས་པས་སུཊ་ལ་ཨོ་ཡིག་གི་ཨཽ་ཡིག་གོ། །གཽཿ ཨ་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་
ཨཱ་ཝ་ཞེས་པས་མཐའི་ཨ་ཙ་དང་པོ་ལ་ཨོ་ཡིག་གི་ཨཱ་ཝ་རུ་བསྒྱུར་རོ། །གཱ་ཝཽ། གཱ་ཝཿ ཨོ་ཏའི་ཨཱཏ་ཨམ་ཤས་དག་ལའོ་ཞེས་པས་ཨམ་དང་ཤས་ལ་ཨ་ཡིག་དག་ཨཱ་ཉིད་དོ། །གཱམཿ ག་ཝོཿ དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་དང་ཤས་ཀྱི་ནི་ཉིད་མིན་ནོཿ།
གཿ གསུམ་པ་ལ་སོགས་པའི་ཨ་ཙ་དང་པོ་ལ་ཨ་ཝར་བསྒྱུར་རོ། །ག་ཝཱཿ གོ་བྷྱཱཾཿ ག་བཱིཿ ག་ཝེཿ གོ་བྷྱཱཾཿ གོ་བྷྱཿ ང་སི་ངས་དག་ལའོ་ཞེས་པས་ང་སི་ངས་དག་ལས་ཕ་རོལ་སྔ་མ་ཉིད་དོ། །གོཿ གོ་བྷྱཱཾཿ གོ་བྷྱཿ གོཿ ག་ཝོཿ ག་ཝཱཾཿ ག་ཝིཿ ག་ཝོཿ ཀུ་ལས་ཀྱང་སོགས་
ཀྱི་མདོས་ཥ་ཉིད་དོ། །གོ་ཥུཿ ཀུན་ཏུ་བོད་པ་ལའོ། །ཧེ་གཽཿ ཧེ་གཱ་ཝཽཿ ཧེ་གཱ་ཝཿ ཨཽ་ཡིག་གི་མཐའ་ཅན་གླཽའི་སྒྲ་ནི། ཟླ་བ་སོ་སོར་སྒྲོགས་སུ་འཇུག་གོ། །ཞེས་གླཽ་དང་ཨ་དི་དག་ལས་ཌོའོ། །སྔ་མ་བཞིན་མཐའི་ཨ་ཙ་སོགས་དབྱིའོ། །སུའི་རུ་ཉིད་དང་རྣམ་པར་
བཅད་པ་དག་གོ། །གཽཿ ཨི་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱཝ་ཞེས་པས་ཨཙ་དང་པོ་ལ་ཨཽ་ཡིག་གི་ཨ་ཝ་རུ་བསྒྱུར་རོ། །གླཱ་ཝཽཿ གླཱ་ཝཿ གླཱ་ཝཾཿ གླཱ་ཝཽཿ གླཱ་ཝཾཿ གླཱ་ཝཱཿ གླཱཽ་བྷྱཱཾཿ གླཱཽ་བྷིཿ གླཱ་ཝཽཿ གླཱཽ་བྷྱཱཾཿ གླཱཽ་བྷྱཿ གླཱ་ཝཿ གླཱཽ་བྷྱཱཾཿ གླཱཽ་བྷྱཿ གླཱ་ཝཿ གླཱ་ཝོཿ གླཱ་ཝིཿ གླཱ་ཝིཿ
གླཱ་ཝོཿ ཥ་ཉིད་སྔ་མ་བཞིན་ནོ། །གླཽ་ཥུཿ ཀུན་ཏུ་བོད་པ་ལ་ཧེ་གླཽཿ ཧེ་གླཱཽ་ཝཽཿ ཧེ་གླཱཽ་ཝཾཿ སྐྱེས་པའི་ཨེ་ཙའི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།ཧལ་མཐའི་ཨཙའི་མཐའ་ཅན་ཛ་ལ་མུཙཿ བྷཱུ་བྷུཛྲཿ མ་རུཊཿ ཀྲ་བཱེཏཿ མྲྀགཿ ཨ་བི་དྷ་རྣམས་སོ། །ཨཱཏ་མནཿ རཱ་ཛནཿ
Vol. 211 · folio 131b
ཡུ་ཝནཿ པནྠ་རྣམས་སོ། །པྲྀ་ཥ་བྲ་ཧྨ་ན་དག་གོ། །ཤཱ་ཤིནཿ བིཥཿ དྭི་ཥཿ ཨུ་ཤ་ནསཿ ཨ་ན་ཌྭཱ་ནཿ མ་དྷུ་ལིཊཿ ཀཱིཥྚེ་ཏ་ཏ་རྣམས་ཏེ། དེ་བཞིན་དུ་སུབ་ཀྱི་མཐའ་ཅན་གྱི་སྒྲ་འདི་རྣམས་འགྱུར་ཏེ། དེ་བཞིན་དུ་གཞན་དུ་བསྟན་པ་རྣམས་ཀྱང་སྟེ། དེ་ལ་ཀ་སྡེའི་མཐའ་ཅན་
རྣམས་བསྒྲུབ་པ་མེད་དོ། །ཙ་མཐའ་ཅན་ཛ་ལ་མུ་ཙཿ ཆུ་ལས་གྲོལ་བར་བྱེད་དོ་ཙས་མུ་ཙི་ལས་ཀྭི་བཿ ཝི་ཙཿ མ་ནིནཿ ཀྭ་ནི་པཿ ཝ་ནི་པ་རྣམས་སོ་ཞེས་པ་འདིས་ཀྭི་པའོ། །སྔ་མ་བཞིན་རྗེས་སུ་འབྲེལ་བ་དབྱིའོ། །བྱེད་པ་ཅན་ལ་མང་པོའོ་ཞེས་པས་བསྡུ་བའོ། །དོན་གཅིག་
པའོ་ཞེས་པས་སུབ་འཇིག་གོ། །དེ་ནས་སུ་སོགས་རྣམས་སོ། །སུའིའོ་ཞེས་པས་སུ་དབྱིའོ། །ཙུའི་ཀུའོ་ཞེས་པས་ཚིག་མཐའ་ལ་དང་ཛྷ་ལ་དང་པོ་ལ་ཡང་། སུ་པ་ལ་ཝལ་ལ་དེ་བཞིན་ནོ་ཞེས། དེ་བཞིན་དུ་བསྟན་པ་ལས་ཙུའི་ཀུ་ཉིད་ཀྱིས་ཀ་ཉིད་དོ། །དེ་ཡི་ཛྷ་ལ་
ལི་ཛ་ཤའོ་ཞེས་པས་ཛ་ཤ་ཉིད་ཀྱིས་ག་ཉིད་དོ། །དེ་ཡིའང་རྫོགས་པ་ལ་ཡང་ནའོ་ཞེས་པས་རྫོགས་པའི་ཕྱོགས་ལ་ཙར་ཉིད་ཀྱིས་ཀ་ཉིད་དོ། །འདི་དག་གིའང་ཨཙ་མེད་པ་ལའོ་ཞེས་པས་ཕྱོགས་གཅིག་ལ་གཉིས་ཉིད་དོ། །བསྒྲུབ་པ་འདི་བཀག་པའི་མདོ་བསྟན་
པ་ངེས་པར་བཀག་པ་ཡང་དམིགས་ཀྱིས་བསལ་བས་མ་ཡིན་ནོ། །དེས་ན་སྤྱིའི་བསྒྲུབ་པ་ལས་འགལ་བ་མེད་དོ། །ཛ་ལ་མུཀཿ ཛ་ལ་མུགཿ ཛ་ལ་མུཀྐཿ ཛ་ལ་མུགྒཿ ཛ་ལ་མུཙཽཿ ཛ་ལ་མུ་ཙཿ ཛ་ལ་མུ་ཙིཿ ཛ་ལ་མུ་ཙཽཿ ཛ་ལ་མུ་ཙཿ ཛ་ལ་མུ་ཙཱཿ ཛ་ལ་མུགྦྷྱཾཿ ཛ་ལ་
མུགྦྷིཿ ཛ་ལ་མུ་ཙཿ ཛ་ལ་མུགྦྷྱཾཿ ཛ་ལ་མུགྦྷྱཿ ཛ་ལ་མུ་ཙཿ ཛ་ལ་མུ་གྦྷྱཾཿ ཛ་ལ་མུ་གྦྷྱཿ ཛ་ལ་མུ་ཙཿ ཛ་ལ་མུ་ཙོཿ ཛ་ལ་མུ་ཙཱཾཿ ཛ་ལ་མུ་ཙཱིཿ ཛ་ལ་མུ་ཙཿ ཀུ་ཉིད་ལ་ཛ་ཤ་ཉིད་དུ་བྱས་པ་ལའང་ཁར་ལ་ཛྷ་རའི་ཙ་རའོ། །ཞེས་པས་ཙ་ར་ཉིད་ཀྱིས་ཀ་ཉིད་དོ། །དེ་ཡི་ཤར་
ལ་ཙ་ཡའི་གཉིས་པའོ། །ཞེས་པས་སྡེ་པའི་གཉིས་པ་དག་ཡང་ནའོ། །ཀུ་ལས་ཀྱང་ཞེས་སོགས་ཀྱིས་སུ་བའི་ཥ་ཉིད་དོ། །ཛ་ལ་མུཀྵུཿ ཁྵུཿ ཀུན་ཏུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཨམྦྷོ་མུ་ཙཿ པ་ཡོ་མུ་ཙ་ལ་སོགས་པ་རྣམས་སོ། །འདབ་ཆགས་
Vol. 211 · folio 132a
འགྲོ་བ་བརྗོད་པ་ཀྲུཉྩའི་སྒྲ་ནི། ད་དྷྲཱི་ཀ: ཨུཥྞིཀ: ཀྲུཉྩ་རྣམས་སོ་ཞེས་ཚིག་ཕྲད་ལས་ཀྲུཉྩ་ལས་ཀྭི་ནའོ། །རྗེས་སུ་སྣ་ལྡན་དབྱི་བའི་དངོས་འང་མིན་ནོ། །ན་ཡིག་དབྱངས་ཀྱི་དོན་ནོ། །ཀ་ཡིགཿ ཀིཏའི་བྱ་བའི་དོན་ནོ། །ཨི་ཡིག་ནིཿ ཨཙ་མེད་
པའི་ཝིའིའོ། །ཞེས་པས་རྟགས་ཀྱི་དོན་ནོ། །འདི་ཉིད་ཀྱིས་ཝ་དབྱིའོ། །བརྩེགས་པའི་ཚིག་གིའོ་ཞེས་ཚིག་གི་མཐའ་ལ་དང་ཝ་ལ་དང་པོ་ཡང་དེ་བཞིན་ནོ་ཞེས་བསྟན་པས་མཐའ་ཕྱེས་པར་གྱུར་པ་ན་ཀྭི་ནའོ། །ཞེས་ན་ཡིག་གི་ང་ཡིག་གོ་ཀྲུང་། ཨཙ་དང་པོ་ལ་ཛྷལ་ལ་
མཐའ་མིན་པའི་ནའི་འང་ངོ་ཞེས་པས་ན་ཡིག་རྗེས་སུ་ང་རོའོ། །ཡ་ཡ྄་ལ་རྗེས་སུ་ང་རོའི་ཡ་མའོ་ཞེས་པས་ན་ཡིག་གི་ཉ་ཡིག་གོ། །ཀྲུཉྩཽཿ ཀྲུཉྩཿ ཀྲུཉྩ་མཿ་ཀྲུཉྩཽཿ ཀྲུཉྩཿ ཀྲུཉྩཱཿ ཀྲུང་བྷྱཱཾཿ ཀྲུང་བྷིཿ ཞེས་པ་ལ་སོགས་པ་རྣམས་སོ། །སུཔ྄་ལ་ཎ་དག་གི་ཀུ་ཀ་
ཊུཀ་དག་ཤར་ལའོ། །ཞེས་པས་ཀུ་ཀ་ཨཱ་ག་མ་ཡང་ནའོ། །ཀ་ཡིག་ནི་ཊ་ཀིཏ་དག་དང་པོ་ཐ་མ་དག་གོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ཀུ་ལས་ཀྱང་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཀྲུང་ཀྵུཿ ཀྲུངྶུཿ བུད་མེད་ལ་ཨཙ་
ལ་སོགས་པ་དང་ཨཏ་ལས་སོ་ཞེས་པས་ཌཱ་བའོ། །ཀྲུཉྩཱཿ ཛཱ་ཡ་བཞིན་ནོ། །ཙ་མཐའ་ཅན་རྣམས་བརྗོད་ཟིན་ནོ།། །།ཚའི་མཐའ་ཅན་གྲུབ་པ་མེད་དོ། །ཛའི་མཐའ་ཅན་བྩཱུཿ བྷུ་ཛའི་སྒྲ་ནིཿ ས་གཞི་ལ་སྤྱོད་པར་བྱེད་དོ་ཞེས་བྷཱུ་ཛ་ལ་ཀྭིས་པ་སོགས་སྔར་བཞིན་ནོ། །
སུ་ལ་སོགས་པ་རྣམས་སོ། །དེ་ལ་ཛ་ལ་མུ་ཙའི་སྒྲ་བཞིན་བྱའོ། །ཀུ་ཉིད་ཀྱིས་ཛའི་གཉིད་ནི་ཁྱད་པར་རོ། །བྷཱུ་བྷུ་ཀཿ བྷཱུ་བྷུགཿ བྷཱུ་བྷུཀྐཿ བྷཱུ་བྷུགྒཿ བྷཱུ་བྷུ་ཛཽཿ བྷཱུ་བྷུ་ཛཿ བྷཱུ་བྷུ་ཛནཿ བྷཱུ་བྷུ་ཛོཿ བྷཱུ་བྷུ་ཛཿ བྷཱུ་བྷུ་ཛཱཿ བྷཱུ་བྷུ་གྦྷྱཱཾཿ བྷཱུ་བྷུ་གྦྷིཿ ཞེས་པ་ལ་སོགས་
པ་རྣམས་སོ། །དེ་བཞིན་དུཿ ཧུ་ཏ་བྷུ་ཛཿ བ་ལི་བྷུ་ཛཿ ཀྲ་ཏུ་བྷུ་ཛཿ ཨ་ཁུ་བྷུ་ཛཿ ཝ་ཎི་བྷུ་ཛཿ བྷི་གྦྷུ་ཛཿ བིཥ་བུ་ཙ་ལ་སོགས་པ་རྣམས་སོ། །བི་ཤྭཿ སྲྀཛྷཱའི་སྒྲ་ནི། བྲཤྩ་ལ་སོགས་པ་ཉིད་ལས་ཥ་ཉིད་ཐོབ་པ་ལས། ནྱངྐུ་ལ་སོགས་པ་རྣམས་སོ་ཞེས་པའི་ཚིག་ཕྲད་
Vol. 211 · folio 132b
ལས་གཉིད་དོ། །དེ་ཡི་ཛ་ཤ་ཉིད་ལ་སོགས་པ་ཛ་ལ་མུ་ཙའི་སྒྲ་བཞིན་ནོ། །བི་ཤྭ་སྲྀཀྲཿ བི་ཤྭ་སྲྀགཿ བི་ཤྭ་སྲྀཀྐཿ བི་ཤྭ་སྲིགྒཿ ཚིག་ཕྲད་ཀྱི་ཁྱད་པར་ལ་བི་ཤ་ཡམ་ཞེས་པས་ཨཙ་དང་པོ་ལ་ཀུ་ཉིད་ཡིན་ནོ། །བི་ཤྭ་སྲྀ་ཛིཿ ཞེས་པ་ལ་སོགས་པའོ། །ཁ་ཅིག་ཏུཿ སྭཱཿ
རཱ་ཛའི་སྒྲ་བཞིན་འདི་ཡི་གཟུགས་འདོད་དོ། །དེ་བཞིན་དུ་པྲ་ཛཿ སྲྀ་ཛ་ལ་སོགས་པ་རྣམས་སོ། །རྀ་ཏྭི་ཛའི་སྒྲ་ནི་བྱེ་བྲག་ཏུ་སྟེ། དུས་སུ་འགྲོ་བར་བྱེད་རྀ་ཏྭི་ཀ་རྣམས་ལས་ཚའོ་ཞེས་ཚིག་ཕྲད་ལས་ཡཉྫ་ལས་ཀྭིནའོ། །དེའི་དབྱེ་བ་སྔ་མ་བཞིན་ནོ། །བྱེད་པ་ཅན་ལ་མང་པོར་
རོ་ཞེས་པས་བསྡུ་བའོ། །དོན་གཅིག་ཉིད་ཅེས་པས་སུབ་འཛིག་གོ། །དེ་རྣམས་ཀྱི་ཀིཏ་ལའོ་ཞེས་པས་ཡཎ་ཨི་ཀའོ། །ཡཎ་ཨིཀ་གི་ཞེས་པས་ཨ་ཡིག་སྔ་མའི་གཟུགས་ཉིད་དོ། །ཨིཀ་གི་ཡཎ་ཨ་ཙ་ལའོ། །ཞེས་པས་ཡ་ཎར་བསྒྱུར་རོ། །སུ་ལ་སོགས་པ་
རྣམས་སོ། །སུའིའོ་ཞེས་པས་སུ་དབྱིའོ། །ཀྭི་ནའི་ཞེས་པས་ཚིག་མཐའི་དང་ཐ་ལ་དང་པོ་ལ་ཛའི་ཀུ་ཉིད་ཀྱིས་ག་ཉིད་དོ། །དེ་ཡི་ཙར་ཉིད་ལ་སོགས་པ་སྔ་མ་བཞིན་ནོ། །རྀ་ཏྭི་ཀཿ རྀ་ཏྭི་གཿ ཅེས་པ་ལ་སོགས་པའོ། །སྭཱ་རཱ་ཛའི་སྒྲ་ཡི་ནི། བྲ་ཤྩཿ བྷྲརྫཿ སྲྀཛཿ མྲྀཛཿ ཡཛཿ རཱཛཿ
བྷྲཛ་རྣམས་ཀྱི་ཥའོ། །ཞེས་པས་ཛ་ཡིག་གིཿ ཚིག་མཐའ་དང་ཝ་ལ་དང་པོ་ལའང་དེ་བཞིན་དུ་བསྟན་པ་ལས་ཥ་ཉིད་དོ། །དེས་ཛྷ་ལའི་ཛ་ཤའོ་ཞེས་པས་ཌ་ཡིག་གོ། །དེ་ཡིའང་། རྫོགས་པ་ལ་ཡང་ནའོ་ཞེས་པས་རྫོགས་པ་ལ་ཊ་ཡིག་ཡང་ནའོ། །སུ་རཱ་ཊཿ སུ་རཱ་ཌཿ སུ་རཱ་ཛོཿ སུ་
རཱཛཿ སུ་རཱ་ཛམཿ སུ་ར་ཛཿ སུ་ར་ཛཿ སུ་རཱད་བྷྱཱཾཿ སུ་རཱད་བྷིཿ སུ་རཱ་ཛྲེཿ སུ་རཱད་བྷྱཱཾཿ སུ་རཱད་བྷྱཿ སུ་རཱ་ཛཿ སུ་རད་བྷྱཱཾཿ སུ་རཱད་བྷྱཿ སུ་རཱ་ཛཿ སུ་རཱ་ཛོཿ སུ་རཱ་ཛམཿ སུ་རཱ་ཛིཿ ཥ་ཉིད་དང་ཛ་ཤ་ཉིད་ཀྱང་བྱས་པས་ཌ་ལས་པའི་དྷུ་ཊ་ཞེས་པས་ས་ཡིག་གི། །དྷུ་ཊ་ཨཱ་ག་མ་ཡང་ནའོ། །ཀ་
ཡིག་ནི། ཊ་ཀིཏ་དག་དང་པོ་དང་མཐའ་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ཛྷ་ལའི་ཛ་ཤའོ་ཞེས་པས་དྷ་ཡིག་གི་ད་ཡིག་གོ། །ཁར་ལ་ཛྷལའི་ཙརའོ་ཞེས་པས་ད་ཡིག་གི་ཏ་ཡིག་གོ། །ཏ་ཡིག་དག་གིའང་ཊ་ཡིག་དག་གོ། །སྭཱ་རཱ་ཊྶུཿ པྲཱ་རཱཌྶུཿ
Vol. 211 · folio 133a
རིགས་ལ་འདོད་པའི་བྱེད་པ་ལས་མཚན་ཉིད་རབ་ཏུ་འཇུག་གོ་ཞེས་པས་ཊ་ཉིད་ལ་སུཔ་ལས་ཥ་ཉིད་ཀྱི་དངོས་པོ་མ་ཡིན་ནོ། །ཙ་མའི་ཤར་ལ་གཉིས་པའོ་ཞེས་པས་ས་ཡིག་ལ་སྡེ་པའི་གཉིས་པ་ཡང་ནའོ། །སྭཱ་རཱཊྶུཿ སྭཱ་ར་ཐྶུཿ དེ་བཞིན་དུ་ཝི་རཱ་ཛཱ་དང་།
དེ་ཝ་རཱ་ཛཱ་དང་། ཡཀྵ་རཱ་ཛ་ལ་སོགས་པ་རྣམས་སོ། །པ་རི་པྲརྫ་ཥ་ལས་ཀྱང་ཚིག་མཐའ་ལ་ཞེས་ཨུཎ་སོགས་ཅན་ལ་པ་རི་སྔོན་མ་ཅན་གྱི་བྲརྫི་ལས་ཀྭི་བའོ། །ཚིག་མཐའ་ལ་རིང་པོ་དང་ཥ་ཡིག་གི་མཐའ་ཅན་འང་སྟེ། ཥ་ཡིག་གི་སྔོན་མ་བཞིན་ཛ་ཤ་དང་ཙར་ཉིད་
དག་གོ། །པ་རི་བྲཱཊཿ བྲ་རི་བྲཌཿ པྲཱ་རི་པྲ་ཛཽཿ པ་རི་པྲཱ་ཛཿ པ་རི་པྲཱ་ཛཱམཿ པ་རི་བྲཱ་ཛཽཿ པ་རི་བྲཱ་ཛཿ པ་རི་བྲཱ་ཛཱཿ དེ་བཞིན་ནོ་ཞེས་བསྟན་པ་ལས་ཝལ་དང་པོ་ལའང་སུཔ་ལ་ཥ་ཉིད་དང་། ཌ་ཉིད་དག་གོ། །པ་རི་བྲཱ་ཌྦྷྱཾཿ པ་རི་བྲཌྦྷིཿ ཞེས་པ་ལ་སོགས་པ་རྣམས་སོ། །སུཔ་ལ་
སྔོན་མ་བཞིན་དྷུ་ཊ་ལ་སོགས་པའོ། །པ་རི་བྲཱཊྶུཿ བ་རི་བྲཱཊྶུཿ ཛྷེ་མཐའ་དང་ཉ་མཐའ་ཅན་དང་ཊ་སྡེའི་མཐའ་ཅན་རྣམས་ཀྱང་རབ་ཏུ་གྲུབ་པ་མེད་དོ། །ཏ་མཐའ་ཅན་མ་རུཏ་ཀྱི་སྒྲ་སྟེ། ཏ་ཡིག་གི་ཚིག་མཐའ་ལ་དང་ཝལ་དང་པོའི་འང་ཛྷལ་གྱི་ཛ་ཤའོ་ཞེས་པས་ད་ཡིག་གོ། །
དེ་ཡི་རྫོགས་པ་ལས་ཡང་ནའོ། །ཞེས་པས་རྫོགས་པ་ལ་ཏ་ཡིག་ཡང་ནའོ། །མ་རུཏཿ མ་རུདཿ མ་རུ་ཏཽཿ མ་རུ་ཏཿ མ་རུ་ཏཾཿ མ་རུ་ཏཽཿ མ་རུཏཿ མ་རུ་ཏྲཿ མ་རུཌྦྷྱཱཾཿ མ་རུཌྦྷིཿ ཞེས་པ་ལ་སོགས་པའོ། །སུབ་ལ་ད་ཡིག་གི་ཙར་ཉིད་ཀྱིས་ཏ་ཡིག་གོ། །དེ་ཡི་ཤར་
ལ་ཙ་ཡའི་གཉིས་པའོ། །ཞེས་པས་སྡེ་པའི་གཉིས་པ་ཡང་ནའོ། །མ་རུཏྶུཿ མ་རུ་ཐྶུཿ དེ་བཞིན་དུ་བི་ཡཤྩི་ཏཿ ནཱི་བྲྀཏཿ ས་ནཏཿ ཏ་ནུ་ན་པཏཿ པ་ར་བྷྲྀཏཿ མཱ་ར་ཛིཏཿ ཏཱ་ར་ཀ་ཛི་ཏཿ པཱ་དྲྀཀྵཏཿ ལོ་ཧ་ཀྲྀ་ཏཿ ཤཱ་ཤི་བྷྲྀཏཿ ཤཱུ་ལ་བྷྲྀཏཿ ཀྵོ་ཎི་བྷྲྀ་ཏཿ ཀཻ་ཊ་བྷ་ཛིཏ་ལ་སོགས་པ་རྣམས་
སོ། །ཧ་ནཱུ་མ་ཚའི་སྒྲའི་ནི་ཀུན་ཏུ་བོད་པ་མ་ཡིན་པའི་སུ་ཕ་རོལ་ལས་ཨ་ཉིད་དོ། །སུ་ཡི་ཞེས་པས་རིང་པོ་ཉིད་དོ། །སྐྱེས་པའི་སུཊ་ལ་ཨུ་གིཏ་ཅེས་པས་སུཊ་ཕ་རོལ་ལ་མཐའ་ལ་སོགས་པ་རྣམས་ལས་ཕ་རོལ་ཏུ་ནུ་མ་ཨཱ་ག་མའོ། །སུ་ཡི་ཞེས་པས་སུ་དབྱིའོ། །
Vol. 211 · folio 133b
ཛྷ་ལ་ལ་མཐའ་མ་ཡིན་པའི་ནའི་འང་ངོ་། །ཞེས་པས་རྗེས་སུ་ང་རོའི་སྔ་མ་ལ་པ་མ་གྲུབ་པ་ཉིད་ལས་བརྩེགས་པའི་ཚིག་གི་ཞེས་པས་ཏ་དབྱིའོ། །ཧ་ནུ་མནཿ སུ་ལས་གཞན་པའི་སུཊ་ལ་ཛྷལ་ལ་མཐའ་མ་ཡིན་པའི་ནའི་འང་ངོ་ཞེས་པས་ན་ཡིག་གི་རྗེས་སུ་ང་རོའོ། །ཡ་ཡ་ལ་
རྗེས་སུ་རོའི་ཡ་མའོ་ཞེས་པས་དེའི་ནི་ཡིག་གོ། །ཧ་ནཱུ་མནྟཽཿ ཧ་ནཱུ་མནྟཿ ཧ་ནཱུ་མནྟཾཿ ཧ་ནཱུ་མནྟཽཿ ལྷག་མ་ནི་མ་རུཏ་ཀྱི་སྒྲ་བཞིན་ནོ། །ཧ་ནཱུ་མ་ཏཿ ཧ་ནཱུ་མ་ཏཱཿ ཧ་ནཱུ་མཌྦྷྱཱཾཿ ཧ་ནཱུ་མཌྷིཿ ཞེས་པ་ལ་སོགས་པའོ། །ཀུན་ཏུ་བོད་པ་ལ། ཧེ་ཧ་ནཱུ་མནཿ ཧེ་ཧ་ནཱུ་མནྟཽཿ ཧེ་ཧ་ནཱུ་མནྟཿ
དེ་བཞིན་དུ་མ་རུ་ཏྭཏཿ མ་རུཏྨཏཿ ཨུ་དནྺཏཿ ཤི་རུ་ཏྭཏཿ ཨ་པཱི་ཝ་ཏཿ ཙཀྲི་ཝཏཿ ཀཀྵི་ཝད་ལ་སོགས་པ་རྣམས་སོ། །ཐ་མཐའ་ཅན་རྣམས་ནི་རབ་ཏུ་གྲུབ་པ་མེད་དོ། །མཐའ་ཅན་ཀྲ་ཝྱ་ད་ཀྱི་སྒྲ་ནི་ཤ་ཟ་བར་བྱེད་དོ་ཞེས་ཨཱ་དི་ལས་ཀྭི་པ་ལ་སོགས་སྔ་མ་བཞིན་ནོ། །ཚིག་
མཐའ་ལ་དང་ཝལ་དང་པོ་ལའང་མ་རུ་ཏའི་སྒྲ་བཞིན་བྱའོ། །ཨ་ཙ་དང་པོ་ལ་ཁྱད་པར་མེད་དོ། །ཀྲ་ཝྱཱདཿ ཀྲ་ཝྱཱདཿ ཀྲ་ཝྱཱ་ཏཽཿ ཀྲ་བྱཱ་དཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། དེ་ཝི་ཥཏཿ མ་དྷུ་བྷིཏཿ ར་དྷཱ་བྷིདཿ ཨུད་བྷིདཿ བེ་ད་བྷིདཿ སུ་ཧྲྀདཿ དུར་ཧྲྀད་ལ་སོགས་པ་
རྣམས་སོ། །དྷཱ་མཐའ་ཅན་མྲཱྀག་བི་དྷའི་སྒྲ་ནི་རི་དགས་རྣམས་ལ་གནོད་པ་བྱེད་དོ་ཞེས་པས་ཀྭིཔ་སོགས་སྔ་མ་བཞིན་ནོ། །དེ་རྣམས་ཀྱི་ཀིཏ་ལའོ་ཞེས་པས་ཡ་ཎའི་ཨིཀ་གོ། །ཡཎ་ཨིཀ་གིའོ་ཞེས་པས་ཨ་ཡིག་ཕ་རོལ་གྱི་གཟུགས་ཉིད་དོ། །ན་ཧི་བྲཏྟི་བྲྀ་ཥིཿ
བྱཱ་དྷིཿ རུ་ཙིཿ ས་ཧི་ཏཿ ཏ་ནི་རྣམས་ལ་ཀྭི་པའོ། །ཞེས་པས་སྔ་མའི་ཚིག་གི་རིང་པོ་ཉིད་དོ། །ཚིག་མཐའ་ལ་དང་ཝལ་དང་པོ་ལའང་མ་རུ་ཏའི་སྒྲ་བཞིན་བྱའོ། །ཨཙ་དང་པོ་ལ་ཁྱབ་པར་མེད་དོ། །མྲྀ་གཱ་བིཏཿ མྲྀ་གཱ་བྀདཿ མྲྀ་གཱ་བིདྷཽཿ མྲྀ་གཱ་བི་དྷཿ མྲྀ་གཱ་བི་དྷཱཾཿ
མྲྀ་གཱ་བིདྷོཿ མྲྀ་གཱ་བི་དྷཱཿ མྲྀ་གཱ་བི་དྷཱཿ མྲྀ་གཱ་བིདྷྱཱཾཿ མྲྀ་གཱ་བིདྦྷིཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་སྭཱ་བི་དྷཱ་ལ་སོགས་པ་རྣམས་སོ། །ན་མཐའ་ཅན་ཨཱཏ་མ་ནའི་སྒྲ་ནིཿ སམྦུཌྷི་མ་ཡིན་པའི་སུ་ལའོ། །ཞེས་པས་སུ་ལ་རིང་པོ་ཉིད་དོ། །སུའིའོ་ཞེས་པས་སུ་དབྱིའོ། །
Vol. 211 · folio 134a
སུ་པ་ཀྱི་རང་བཞིན་གྱི་ནའི་དབྱིའོ། །ཞེས་པས་ན་དབྱིའོ། །ཨཱཏ་མཱཿ སུ་ལས་གཞན་པའི་སུཊ་ལ་ཤི་སུཊ་ལའོ། །ཞེས་པས་རིང་པོ་ཉིད་དོ། །ཨཱཏྨཱ་ནཽཿ ཨཱཏྨ་ནཱཿ ཨཱཏྨཱ་ནཾཿ ཨཱཏྨཱ་ནཽཿ བརྩེགས་པ་ལས་བཾ་ལས་མིན་ནོ། །ཞེས་པས་བཀག་པ་ལསཿ ཨ་ནའི་
ཨཏ་དབྱིའོ་ཞེས་པས་ཨཏ་དབྱི་བར་མི་འགྱུར་རོ། །ཨཱདྨ་ནཿ ཨཱཏྨ་ནཱཿ སུཔ་ལ་ཝ་ལ་ལ་དེ་བཞིན་ནོ། །ཞེས་པས་དེ་བཞིན་ནོ་ཞེས་བསྟན་པ་ལས་སུ་པའི་རང་བཞིན་གྱི་ན་དབྱིའོ། །ཞེས་པས་ན་དབྱིའོ། །སུབ་ལ་ན་ཕྱིས་པའི་ཞེས་པས་ན་ཕྱིས་པའི་བསྒྲུབ་པ་མ་ཡིན་པ་ཉིད་ཀྱི་
ཕྱིར་ཨཱ་ཉིད་དང་། ཨཻ་ཉིད་དང་། ཨེ་ཉིད་དུའང་མི་འགྱུར་རོ། །ཨཱདྨ་བྷྱཱཾཿ ཨཱདྨ་བྷིཿ ཨདྨ་ནེཿ ཨཱདྨ་བྷྱཱཾཿ ཨཱདྨ་བྷྱཿ ཨཱདྨཱ་ནཿ ཨཱདྨ་བྷྱཱཾཿ ཨཱདྨ་བྷྱཿ ཨཱདྨ་ནཿ ཨཱདྨ་ནོཿ ཨཱདྨ་ནཱཾཿ ཨཱདྨ་ནིཿ ཨཱདྨ་ནོཿ ཨཱདྨ་སུཿ ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པའི་ངེས་པ་ལས་ཀུན་ཏུ་
བོད་པའི་སུ་ཕ་རོལ་ལ་རིང་པོ་ཉིད་མ་ཡིན་ནོ། །ཀུན་ཏུ་བོད་པ་མ་ཡིན་པ་ཞེས་པས་ན་དབྱི་བ་བཀག་གོ། །ཧེ་ཨཱཏྨནཿ ཧེ་ཨཱཏྨ་ནཽཿ ཧེ་ཨཱཏྨ་ནཿ དེ་བཞིན་དུ། ཨ་དྷཱནཿ ཨ་སྨནཿ དྷ་ནུནཿ ཡཱ་མན་ལ་སོགས་པ་རྣམས་སོ། །བྲ་ཧྨ་ནའི་སྒྲ་ཡི་ནི་ཚིག་གཅིག་ལས་ར་ཥ་
ལས་ནའི་ཎའོ། །ཞེས་པས་ནའི་ཎ་ཉིད་ཁྱད་པར་རོ། །བྲ་ཧྨཱཿ བྲ་ཧྨ་ཎཽཿ བྲ་ཧྨ་ཎཿ ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་མྲྀཥྨནཿ ཙ་པཀྵྨནཿ རཱ་ཛནཿ བཀྵྨན་ལ་སོགས་པ་རྣམས་སོ། །བེ་མ་ནའི་སྒྲ་ཡང་ཨཱཏྨན་བཞིན་ནོ། །བེ་མཱཿ བེ་མཱ་ནཽཿ བེ་མཱ་ནཿ བེ་མཱ་ནོཿ བེ་མ་ནཽཿ
ཤས་ལ་སོགས་པ་ཨཙ་དང་པོ་ཅན་ནི། ཨནའི་ཨཏ་དབྱིའོ། །ཞེས་པས་ཨཏ་དབྱིའོ། །བེམྣཿ བེམ་ནཱཿ བམྦྷྱཱཿ བམྦྷི།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words