མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་རབ་ཞེས་པ་མིང་གཞན་མུ་ཏིག་ཕྲེང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷཱ་ན་ཤཱ་སྟྲ་བི་ཤྭ་ལོ་ཙ་ན་མི་ཏྱ་ས་རཱ་བྷི་དྷཱ་ན་མུ་ཀྟྱ་བ་ལཱི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 212 · folio 70b

༄༅༅། །མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་ཞེས་པ་མིང་གཞན་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས།། ༄༅། །རྒྱ་གར་སྐད་དུ། ཨ་བྷི་དྷཱ་ན་ཤཱ་སྟྲ་བི་ཤྭ་ལོ་ཙ་ན་མི་ཏྱ་ས་རཱ་བྷི་དྷཱ་ན་མུ་ཀྟྱ་བ་ལཱི་ནཱ་མ། བོད་སྐད་དུ། མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་རབ་

ཞེས་པ་མིང་གཞན་མུ་ཏིག་ཕྲེང་བ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དང་དེའི་ཆོས་རྒྱལ་བར་གྱུར་ཅིག་དབྱངས་ཅན་རབ་ཏུ་དང་བར་མཛོད། །སྐྱེ་འགྲོ་རྣམས་ལ་བདེ་བ་འབྱུང་ཞིང་དྲེགས་དང་མི་དགེ་བ་ལས་དྲང་བར་མཛོད། །བདག་

གིས་གང་ཞིག་ལེགས་པར་སྦྱར་བའི་བུམ་པ་མཆོག་ལས་བྱུང་བའི་ཆུ་འདིར་ཡང་། །ཅི་ཞེས་ལྷགས་པར་བྱེད་པ་དོན་ལ་མཁས་པ་རྣམས་ཀྱིས་ཀུན་ཏུ་འཇུག་པར་མཛོད། ༡ །སྡེ་ཚན་དོན་དུ་མཐའ་དག་སྙིང་སྟོབས་ལ་དད་དཔལ། །དཔལ་ལྡན་སྙན་ངག་མཁན་པོ་ཐུབ་པའི་སྡེ་ཞེས་བྱུང་། །

བདག་གི་རིག་པའི་གནས་ནི་ཚིག་ལྡན་ངག་སྙན་བཅས། །གྲགས་ལྡན་བསྟན་བཅོས་མཐའ་དག་ལས་ནི་རྗེས་སུ་བསྡུས། ༢།དེ་ཕྱིར་ངག་གི་རང་བཞིན་མ་ལུས་ཕ་རོལ་གཟིགས་གྱུར་པ། །ས་གཞི་ལ་གནས་འདྲེན་པ་རྣམས་ཀྱི་ཡིད་བརྟན་སྣོད་དུ་གྱུར། །དཔལ་ལྡན་དཔལ་འཛིན་

གྱིས་ནི་སྙན་ངག་མཁན་མཆོག་མཐའ་དག་གིས། །སྦྱར་བའི་དེ་ཉིད་བདུད་རྩིའི་བཏུང་བ་འཆི་མེད་དབྱངས་ཅན་ལྡན། ༣ །དེ་ནི་ཕུལ་བྱུང་སྙན་ངག་མཁན་གྱི་ལམ་སྐྱེས་བརླིང་བ་ཅན། །བློ་ཡི་མིག་ལྡན་བླ་མས་བསྟན་པའི་མིག་དང་ལྡན་པ་ཡིས། །སྣ་ཚོགས་སྙན་ངག་མཁན་དབང་གིས་

བཀོད་མངོན་བརྗོད་མཛད་རྣམས་ལས། །དྲངས་ཏེ་མིག་དང་འདྲ་བ་འདི་ནི་སྒྲོན་མེའི་མཛོད་ལྟ་བུ། །རྟོག་གེ་དང་བཅས་སྙན་ངག་མཁན་གྱི་ལུང་སྐྱེས་བརླིང་བ་རྣམས། །ཀུན་ཏུ་སྣང་བྱས་རིག་གནས་རྣམས་ཀྱི་གྲོང་དུ་ངེས་གནས་ཤིང་། །སྤོབས་པ་ལྡན་པ་རྣམས་ཀྱི་བློ་ཡི་ལམ་

དང་འདྲེས་བྱས་པས། །ད་ནི་འདི་ཡིས་སྐྱེ་ངན་རྣམས་ཀྱི་ཚིག་ཀྱང་བཅོམ་པར་འགྱུར། ༥ །འབད་པས་དལ་བར་གྱུར་དང་མ་གྱུར་མ་ལུས་རིག་པ་དང་། །རིག་པ་འཛིན་པ་སྟོབས་ལྡན་རྣམས་ཀྱི་བློ་ལ་ངེས་སྦྱར་བ། །དྲི་མེད་རིན་ཆེན་ཀཽསྟུ་བྷ་འདིར་སླར་ཡང་རློམ་དོར་ནས། །དཔལ་

Vol. 212 · folio 71a

མོའི་དཔལ་ཡོན་བཞིན་དུ་རྒྱ་ཆེན་ཁོ་ལག་མཆིས་འདི་ལའོ། ༦ །ཀླུ་ཡི་དབང་པོ་ཡང་དག་གནས་པའི་མཛོད་གྱུར་རྒྱ་མཚོའི་དབུས། །སྣ་ཚོགས་སྙན་ངག་མཁན་དབང་ཁ་ཡི་ཉ་ཕྱིས་ལས་བྱུང་བ། །མཁས་པ་འཆི་མེད་ཀྱིས་སྤྲུལ་དར་གྱི་སྲད་བུ་ལ་

བརྒྱུས་ནས། །མུ་ཏིག་ཕྲེང་བ་བཀོད་འདི་སྙིང་ལ་ཡང་དག་གཞག་པར་མཛོད། ༧ །འདོད་ཆགས་བྲལ་བའི་དྲི་བཟངས་ཀྱི། །སྙན་གྲགས་མེ་ཏོག་ར་བ་ནི། །བསྟེན་ལས་འདི་ཡི་ཞབས་གནས་པ། །གང་ཡང་ཀླུ་ཤིང་ལྟ་བུར་ལྷགས། ༨ །གང་ཞིག་སྒྲ་ལ་མཁས་པ་རྣམས་དང་

མངོན་བརྗོད་འཛིན་པ་རྣམས་དང་འཇིག་རྟེན་པ། །དེ་དག་གིས་ཀྱང་དེང་ཉིད་མཐོང་ན་ཡིད་ལ་དགའ་བ་ལྷག་པར་སྐྱེད་པར་བྱེད། །དེས་ན་བདག་གིས་འབད་པ་འདི་དེ་ལྷག་པར་གཞན་གྱི་ཆེད་དུ་བསྟན་པར་འགྱུར། །བདག་གིས་རྒོལ་བ་རྣམས་ནི་དགའ་བའི་ཆེད་དུ་དྲེགས་པ་

འཇོམས་བྱེད་བྱས་པར་གྱུར། ༩ །དང་པོར་མང་དུ་མཁྱེན་རྣམས་ཀྱིས། །སྒྲ་ལ་འབྲས་བུ་གང་བཞེད་པ། །དེ་འདིར་འཆི་མེད་ལུགས་རྣམས་ཀྱིས། །བདག་གིས་སྒྲ་རྣམས་ངེས་པར་དགོད། ༡༠ །མཐོ་རིས་མི་ཟད་གནས་བཟང་དང་། །གཞི་གསུམ་པ་དང་། གནམ་

དང་། མཁའ། །རོ་ལས་དང་ནི། བདེ་ལྡན། མཁའ། །འབྲས་བུ་འབྱུང་དང་། དལ་འཛིན་དང་། །ལྷ་ཡི་གནས་དང་། ཀུན་ཏུ་སྐྱེ། །སྐྱོ་མེད། སྐབས་གསུམ། མཐོ་རིས་དང་། །མཁའ་མཐོར་སིལ་མིང་སུམ་ཅུ། དང་། དབང་པོའི་གནས། །བདེ་འགྲོ། །དགའ་

བྱེད། ན་བྷ། ལྷས་རྩེན། རོལ་པའི་ས། །སྟེང་རོད་སཱི། གི་འཇིག་རྟེན་ལྷ་ཡི་གྲོང་། །ལྷ་ཡི་འཇིག་རྟེན། སཻ་རི་ཀ །ཏ་བི་ཥ་དང་། ཏཱ་བིཥ། །རི་རབ་སྟེང་དང་། མཁའ་གནས་སོ། ༣༠ །དེ་ནས་ལྷ་དང་། ཡིད་བཟང་དང་། །བདེ་འགྲོ་ཅན་དང་། །འདོད་གཟུགས་

ཅན། །ལེགས་བྲིས། ཚིགས་མདའ། མིས་བྱིན་སྐྱེས། །ཚིགས་བཟང་དང་ནི་ཚེ་རིང་དང་། །ཚོགས་བཟང་བཅུད་ལྡན་རྨི་ལམ་མེད། །བི་ན་སྭནྟ། གཞལ་མེད་ཅན། །སྐབས་གསུམ་པ་དང་། ལྷ་ལ་མིང་ལྔ་བཅུ་རྩ་གཉིས། །རྀ་ཡིག་སྐྱེས། །བསྒྲུབ་བྱ། འཆི་མེད།

Vol. 212 · folio 71b

བདུད་རྩི་ཟས། །མིས་བྱིན་བུ་དང་། ཨ་དིའི་བུ། །སུམ་རྩེན་དབང་དང་མཁའ་ཁྱིམ་ཅན། །བདུད་རྩི་སྐྱེས་དང་མཁའ་ལ་གནས། །སྦྱིན་སྲེག་ཟ་དང་མཆོད་སྦྱིན་ཟ། །མཁའ་འགྲོ་མཁར་གནས་གནམ་ལ་གནས། །རྣམ་སད་དང་ནི་བདུད་རྩི་ཟ། །ན་ལིམྨཱ་དང་རྒས་

མེད་ཨ་མྲྀ་ཏནྦྷ་བ། དང་། །དགེ་སྐྱེས་མི་འཆི་སྦྱིན་སྐྱེས་དགྲ། །མཁའ་སྤྱོད་སྦྱིན་དགྲ་གཞི་གསུམ་གནས། །མེ་ཞལ་ལྷ་ལས་སྐྱེས་དང་ལྷ། །སྭཱཧཱ་བྷུ་ཛ། །མཐོ་རིས་གནས་ནབྷཿས་དཿདང་མིག་མི་འཛུམས། །པཱུ་ཛི་ལཱ་དང་མ་ཧི་ལ། །པུ་པཱ་ནཱ་དང་བ་བུ་ནཱ། །པཻ་ཏྭཱ་ལྟ་མ་ཏུ་ར།

དང་རྗེ་བཙུན་ཞབས། །དང་པོའི་ལྷ་དང་། ཨ་མ་རཿ དཱ་ན་བཱ་རི། རྒྱལ་བྱེད་དང་། །དེཏྱཱ་རི། ཚངས་པ་འཕྲོག་བྱེད་རྡོ་རྗེ་ཅན། །ཉིན་མོའི། དེབ་ཏ། འབྱུང་གནས་བར་མ་གསུམ། །གཉིད་སྭ་ལྷ་ལས་སྐྱེས་ཞེས་ཟེར། །མཆོད། འཛིན། ཉི་མ་སྣ་ཚོགས། མ་ཏཱུཏ། ནོར་ལྷ་

དང་། །དགའ་ལྡན་དང་ནི་རྒྱལ་པོ་ཆེ། །གྲུབ་པ་རླུང་ལྷ་འོད་གསལ་དང་། །དྲག་པོ་འདི་རྣམས་ཚོགས་ཀྱི་ལྷའོ། །ཆུ་སྐྱེས་རིག་འཛིན་མི་འམ་ཅི། །དྲི་ཟ་གསང་བ་པ་ཤ་ཟ། །གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །གྲུབ་པ་འདི་རྣམས་ལྷ་ལས་བྱུང་། །རྀ་ཞེས་བྱ་བ་དང་མི་

སྦྱིན་མ། །ལྷ་ཡི་མའོ་སྔོན་སྐྱེས་པ། །ཟླ་བའི་སྦུགས་གནས་མཚོན་ཆ་བཀོད། །བདུད་རྩི་ཟས་དང་མཚུན་གྱི་ནི། །གཞོན་ནུ་ལ་སོགས་དེ་རྣམས་ཀྱང་། །སྦྱིན་སྐྱེས་དང་ནི་མཆོད་སྦྱིན་དགྲ། །སྔོན་གྱི་ལྷ་དང་སྦྱིན་མའི་བུ། །སྦྱིན་སྐྱེས་དབང་པོའི་དགྲ་སྦྱིན་བྱུང་། །

པ་སངས་སློབ་མ་ས་འོག་གནས། །བཅུད་མི་ལྡན་དང་ལྷ་ལ་དམོད། །ཀཻ་ཀེ་ཡ་དང་ཀུ་ཙ་དང་། །དི་ཏེ་སྐྱེས་དང་པྲ་གྷ་ཥ། །ལྷ་མི་ཕོ་ཟེར་བ་འདྲ། །ཨིཥྚི་ཡུ་ཞེས་ལྷ་མ་ཡིན་ལ་མིང་བཅོ་ལྔ། དེ་རྣམས་སོ། ༡༥ །སྦྱིན་མ་སྦྱིན་སྐྱེས་མ་དང་ནི། །སྦྱིན་སྐྱེས་སྐྱོང་མ་དི་ཏིའོ། །

སངས་རྒྱས་ལ་མཚན་བདུན་ཅུ་རྩ་གཉིས། ༤ །ཀུན་མཁྱེན་བདེ་གཤེགས་སྟོན་པ་དང་། །གཉིས་མེད་གསུང་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་རྫོགས་སངས་རྒྱས། །ཐུབ་པ་སངས་རྒྱས་ཐུབ་པ་ཆེ། །དཔལ་སྟུག་ཐུགས་རྗེ་མཛད་པ་དང་། །བདུད་འདུལ་རྒྱལ་བ་འཇིག་རྟེན་

Vol. 212 · folio 72a

འདུལ། །སྐྱོབ་པ་ཐུབ་དབང་བཅོམ་ལྡན་འདས། །མངོན་ཤེས་དྲུག་ལྡན་རྣམ་པར་འདྲེན། །བྱམས་པའི་སྟོབས་མངའ་སྟོབས་བཅུ་མངའ། །ས་བཅུའི་དབང་ཕྱུག་རྒྱལ་བ་དང་། །མཆོད་འོས་བཅུ་པ་སྤྱན་བཅུ་གཉིས། །ཐམས་

ཅད་གཟིགས་པ་སྟོབས་ཆེན་ལྡན། །ཆགས་བྲལ་སྐྱབས་གསུམ་སྐུ་གསུམ་པ། །འོག་མིན་བཞུགས་དང་ཆགས་འཇོམས་དང་། །ཆོས་ཀྱི་རྒྱལ་པོ་མུན་པ་འཇོམས། །མཁའ་མཉམ་པ་དང་མི་མཉམ་པ། །རྟོགས་ལྡན་ཡོན་ཏན་འབྱུང་གནས་དང་། །རྣམ་ཤེས་

ཙམ་པ་མཁྱེན་ལྔ་པ། །མ་ཧཱ་བ་ལ། ཆོས་སྐུ་ཆོས་དབྱིངས་ཆོས་ཏྲི་མུ་ཏྲི། འཁོར་བ། །ཤིན་ཏུ་ངེས་པ་བདེ་ཆེན་པ། །སྟོབས་ཆེན་སེམས་ཆེན་སྟོབས་ཆེན་པ། །རྒྱལ་བའི་དབང་པོ་འབའ་ཞིག་པ། །རྡོ་རྗེ་ཅན་དང་ཡང་དག་སྦས། །དགྲ་བཅོམ་པ་དང་བཟོད་

མང་བ། །འཇིག་རྟེན་མགོན་པོ་དུས་གསུམ་མཁྱེན། །ཕ་རོལ་ཕྱིན་བཅུ་འཆང་བ་དང་། །ནམ་མཁའ་མཚུངས་དང་ཏོག་དཀར་པོ། །བྱང་ཆུབ་སེམས་མ་ཧཱ་བ་ལ། དཔའ་ལེགས་གསུང་བ། །གཉིས་མེད་པ་དང་རྩོད་པ་བྲལ། །སྐུ་གསུམ་ཡོན་ཏན་འབྱུང་གནས་

དང་། །དྲི་མ་མི་མངའ་བྱམས་ཆེན་ལྡན། །བྱང་ཆུབ་པ་དང་ས་བཅུར་སོན། །ཐམས་ཅད་རྟོགས་དང་དགྲ་ལས་རྒྱལ། ༧༢ །ཤཱཀྱ་སེང་གེ་གཽ་ཏམ། །ཟས་གཙང་སྲས་དང་ཤཱཀྱ་ཐུབ། །རྡོ་རྗེ་གདན་པ་ས་འཚོའི་བདག །དོན་ཀུན་གྲུབ་པ་དོན་གྲུབ་དང་། །

བླ་མ་ལྷ་མོ་སྒྱུ་འཕྲུལ་སྲས། །ལྷས་བྱིན་རྣམས་དང་སྒྱུ་འཕྲུལ་སྲས། །ཉི་མའི་རིགས་འཁྲུངས་ཉི་མའི་གཉེན། །དོན་ཐམས་སྟོན་པ་ཐུབ་པ་ལ་མཚན་བཅུ་དྲུག། ཅད་པ་དགེ་སྦྱོང་ཆེ། ༡༦ །འདི་ཡི་ལོངས་སྤྱོད་རྫོགས་བསྟན་སྲས། །གྲགས་འཛིན་སྐྱེས་དང་སྒྲ་གཅན་

འཛིན། ༡ །གཙུག་ནི་ལྷས་བྱིན་སྒྱུ་འཕྲུལ་མ། །ལྷ་མོ་སྒྱུ་འཕྲུལ་ལུམྦི་ནཱི། ༣ །རང་སངས་རྒྱས་ལ་མཚན་དྲུག །བསེ་རུ་ལྟ་བུ་རང་སངས་རྒྱས། །ལེགས་འདུལ་དང་ནི་གཅིག་པུར་སྤྱོད། །རང་བྱུང་དང་ནི་བསེ་རུ་རྒྱལ། ༦ །ཉན་ཐོས་སློབ་མའི་མིང་ཅན་ནོ། །བྱམས་པ་ལ་མཚན་བཞི། ༢ བྱམས་

Vol. 212 · folio 72b

པ་རྒྱལ་ཚབ་དཔལ་ལྡན་དང་། །དེ་བཞིན་སངས་རྒྱས་མི་ཕམ་པ། །འཇིག་རྟེན་དབང་ཕྱུག་ཆུ་སྐྱེས་ཅན། །ཕྱག་ན་པདྨ་མཁའ་སྤྱོད་པ། །རལ་པ་འཛིན་དང་བརྩེ་བ་ཅན། །འཇིག་རྟེན་མགོན་དང་སྤྱན་རས་གཟིགས། །རྡོ་རྗེ་ཉི་མ་བརྩོན་འགྲུས་ཆེ། །འཇིག་རྟེན་དབང་

དང་པདྨས་མཚན། །བདུད་རྩིའི་ཆར་ལྡན་ཡིད་བཞིན་ནོར། །གཟུགས་སྤྱན་རས་གཟིགས་ལ་མཚན་ཉེར་གསུམ། མང་ཧ་ལ་ཧ་ལ་དང་། །བདེ་ལྡན་དབང་ཕྱུག་བུ་མོ་དགྱེས། །འོད་དཔག་མེད་པའི་ཐོད་ཅན་དང་། །ཟ་མ་ཏོག་བཀོད་མནར་མེད་གཟིགས། །གྲུ་འཛིན་རི་

ལ་དགྱེས་པ་དང་། །ཡོན་ཏན་རིན་ཆེན་འབྱུང་གནས་སོ། ༡༣ །སྒྲོལ་མ་སྒྲོལ་མ་ཞི་བ་དང་། །སྒྲོལ་མ་དཔལ་ཆེན་ཨོཾ་མཛད་མ། །རྒྱལ་མ་འཇིག་རྟེན་དབང་སྲས་མོ། །ཡངས་པ་ཅན་མ་སྒྲོལ་མ་ཆེ། །བཟང་མོ་མཐའ་ཡས་ཡིད་འོང་མ། །མཁའ་ལ་རིང་དུ་བཞུགས་མ་

དང་། །ལེགས་སྦྱིན་མ་དང་དུང་ཅན་མ། །དཔལ་མོ་དང་ནི་།སྒྲོལ་མ་ལ་མཚན་བཅོ་བརྒྱད། །དབྱངས་ཅན་མའོ། ༡༨ །སྤྱན་གསུམ་མ་དང་སྤྱན་མའོ། ༢ །ནོར་རྒྱུན་མ་དང་ནོར་སྦྱིན་མ། ༣ །འོད་ཟེར་ཅན་མ་ཞལ་གསུམ་མ། །རྡོ་རྗེ་ཕག་མོ་དཀར་མོ་དང་། །རྡོ་རྗེ་ནག་མོ་རྡོ་རྗེ་

ནག །རྣམ་གཙིགས་ཕག་གི་ཤིང་རྟ་མ། །འཇམ་དབྱངས་འཇམ་དཔལ་འཇམ་མགོན་དང་། །འཇམ་པའི་རྡོ་རྗེ་འཇམ་པ་པོ། །དེ་བཞིན་རྡོ་རྗེ་འཛིན་པ་དང་། །གཞོན་ནུ་དང་ནི་འོད་ཟེར་ཅན་མ་ལ་མཚན་བརྒྱད། གཙུག་ཀཽ་རཱེ། ཕུད་འཛིན། །བཛྲ་ཀཱ་ལི་མཱ་བཛྲ་ཀཱ་ལི།

འཁོར་ལོ་རྩིབས་བརྒྱད་ལྡན་པ་དོ་ཏྲིར་ཐཱ་དང་། འཇམ་དབྱངས་ལ་མཚན་ཉེར་བཞི། །སྔོན་གྱི་རྒྱལ་བ་གཎྜིས་བརྒྱན། །བྱིས་པའི་བརྟུལ་ཞུགས་རལ་གྲི་ཅན། །ཡེ་ཤེས་མེ་ལོང་བློ་ཡི་བདག །ཟུང་ཕུད་ལྔ་པ་ངག་དབང་ཕྱུག །སྨྲ་བའི་རྒྱལ་པོ་ཤེས་རབ་སྐུ། །ཨུཏྤལ་སྔོ་ལྡན་རྒྱལ་

ཆེན་དང་། །སེང་གེ་སྔོན་པོ་བཞོན་པ་ཅན། །བརྟན་པའི་འཁོར་ལོ་སེང་གེ་རྩན། ༢༤ །ཛམྦྷ་ལ་ལ་མཚན་དྲུག་གོ། ནོར་བུ་བཟང་པོ་རྨུགས་འཛིན་དང་། །སྔོན་གྱི་གནོད་སྦྱིན་ཆུའི་ཐུབ་པ། །ཆུ་ཡི་དབང་པོ་ཆུ་ལ་གནས། ༦ །ཀྱེ་རྡོ་རྗེ་ལ་མཚན་དགུ། དཔལ་ལྡན་ཁྲག་འཐུང་ཀྱེ་རྡོ་རྗེ། །རྡོ་རྗེ་

Vol. 212 · folio 73a

གྲི་གུག་ཧེ་རུ་ཀ །ཧེ་རུ་རོལ་པའི་རྡོ་རྗེ་དང་། །དེ་བཞིན་དཔྱིད་དང་རི་ཁྲོད་པ། །རུ་ལ་རུ་ལ་ཞེས་པ་ཡང་། ༩ །བདེ་མཆོག་འཁོར་ལོ་སྡོམ་པ་དང་། །དཔྱིད་དང་དཔའ་བོ་རི་ཁྲོད་པ། །ཟླ་བའི་ཐོད་ཅན་ཧེ་རུ་ཀ། །ལྷ་དང་རྡོ་རྗེ་ཐོད་པ་ཅན། །

རྡོ་རྗེ་མཁའ་མགྲོ་ངེས་གནོད་མཛེས། ༡༡ །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གསུམ་པོ་འདི་ནི་དཀོན་མཆོག་གསུམ། །མི་ཡི་སྲིད་པ་བདེ་མཆོག་ལ་མཚན་བཅུ་གཅིག། པ་རྣམས་ལ། །དེ་དག་ནོར་གྱི་རིན་ཆེན་གསུམ། །དཔལ་སྟུག །དགེ་སྦྱོང་། དགེ་སློང་དང་། །

ཕྱག་འོས། བསམ་འོས། ཆོས་གོས་ཅན། ༦ །ཤྲ་མ་ཎ་རི། ཙ་ལུ་ཀ ༢ །གཉིས་པོ་འདི་དག་རབ་ཏུ་བྱུང་། །དགེ་བསྙེན་ཆེན་པོ་གོ་མིའོ། ༢ །བདུན་སྦྱར་བ་དང་། དོན་བྱེད་པ། །རྨ་བྱའི་མཇུག་མ་ཅན་པའོ། ༣ །བསྙེན་དགེ་སློང་ལ་མེད་དྲུག། གནས་དང་ནི་གསོ་

སྦྱོང་ངོ་། །འཁར་གསིལ་ཁདྑི་རཱ་དང་ནི། །ཁི་ཁཱི་ར་ཀ་ཁེ་ཁཱི་ར་ཀ འགའ་ཞིག་དགེ་སློང་དང་དགེ་ཚུལ་ཞེས། འཁར་བ་སྒྲ་ལྡན་ཟེར། །བཙུན་པ། དགེ་སྦྱོང་རྣམས་ཀྱི་ཁྲི་ལ་ནི། །རྐང་གསུམ་པ་དང་ཆོས་ཀྱི་ཁྲི། ༢ །བྱེད་པོ་རྣམ་བྱེད་པདྨའི་གདན། །ཀུན་བྱེད་སྣ་ཚོགས་སྒྲུབ་

བྱེད་དང་། །བདེ་སྐྱེས་ཉེས་ཅན་སྐྱེ་དགུའི་བདག །དབྱིག་གི་སྙིང་པོ་ཡང་མེས་པོ། །མེས་པོ་རིག་བྱེད་འཛིན་སྐྱེས་དང་། །རང་བྱུང་ཚངས་པ་བདག་སྐྱེས་དང་། །མཆོག་གནས་ལྷ་རྒན་གདོང་བཞི་པ། །པད་སྐྱེས། ཚངས་པ་ལ་མིང་ལྔ་བཅུ་རྩ་གཉིས། མ་སྐྱེས་འབྱིན་བྱེད་དང་། །

འཇིག་རྟེན་དབང་དང་པདྨས་མཚན། །རིག་བྱེད་སྙིང་པོ་རིག་བྱེད་དབང་། །སྣ་ཚོགས་ཤེས་དང་རྙིང་པ་དང་། །སྔོན་དུ་གནས་དང་སྣ་ཚོགས་བཟོ། །འགྲོ་བའི་བྱེད་པོ་སྣ་ཚོགས་ཚངས་པའི་མིང་། གཏོང་། །སྣ་ཚོགས་བྱེད་དང་ལྟེ་བ་སྐྱེས། །སྔོན་སྐྱེས་དགའ་བ་བརྒྱ་པ་དང་། །

ཆུ་སྐྱེས་བརྒྱ་འཛིན་མིག་བརྒྱད་པ། །བྱེད་པོ་པད་ཅན་ངང་པ་བཞོན། །སྣ་ཚོགས་སྒྲུབ་དང་སྐྱོན་ཅན་དང་། །བདེ་འབྱུང་གནས་བྱེད་སྲོག་བྱེད་དང་། །རྣ་བ་བརྒྱད་པ་སྙིང་སྟོབས་ཅན། །བདེ་ཤེས་དང་པའི་ཤིང་རྟ་ཚངས། ༥༢ །དབྱངས་ཅན་མ་ལ་མཚན་དགུ། ཚངས་པའི་བུ་མོ་ངག་ལྷ་

Vol. 212 · folio 73b

མོ། །ཚངས་མ་དཀར་མོ་ཤཱ་ར་དཱ། །དཀར་མོ་ཆེན་མོ་དབྱངས་ཅན་མ། །སོ་མ་ལླུ་རའི་རྒྱས་བྱེད་མ། ༩ །དེ་ནས་རང་སྐྱེས་སྐྲ་ཅན་གསོད། །སྦྲང་རྩིའི་བུ་དང་མི་འཛག་དང་། །ཁྱབ་འཇུག་ལག་བཞིན་བ་སོ་སྐྱེས། །འཕྲོག་བྱེད་ཉེ་དབང་གླང་རྫི་དང་། །རྡེབ་བྱེད་འགྲོ་

འཇོམས་གོམ་གསུམ་གནོན། །གཡུང་དྲུང་ཅན་དང་དཔལ་གྱི་བདག །དཔལ་གནས་དཀར་ལྡན་དཔལ་བེའུས། ཁྱབ་འཇུག་གི་མིང་བརྒྱ་དོན་ལྔ། མཚན། །དཔལ་གྱི་ལག་པ་དཔལ་ཕག་པ། །དཔལ་འཛིན་ས་གཞི་འཛིན་པ་དང་། །སྔོན་གྱི་སྐྱེས་བུ་རྭ་གཞུ་ཅན། །

ཨ་ཤྭཏྠ་ཐོས་རྟུལ་མོའི་བུ། །ཐ་གུའི་ལྟོ་ཅན་དབང་པོའི་དབང་། །མཁའ་ཤཱི་ནི་བཱ་ཡ། གཽ་རིཿ ལྡིང་རྒྱལ་མཚན་སྐྲ་ཅན་གསོད། །སྦྱིན་སྐྱེས་དགྲ་བོ་པད་དཀར་མིག །ན་རཱ་ཡ་ཎ་སྲེད་མེད། ཤཱི་བཱ་རཱ་ཧཿ ཤྲཱི་དྷ་རཿ བུ། །མེ་ཏོག་ཕྲེང་ལྡན་སྟོབས་ལྡན་འཇོམས། །འཁར་

བའི་སྒྲ་དང་བྲིཥཱ་ཀ པིཿ །སྣ་ཚོགས་སྡེ་དང་བེ་ཅོན་ཅན། །འདུག་གནས་ལྷ་དང་ནོར་ལྷའི་བུ། །སྭ་ཡ་མུ་ན་སྣ་ཚོགས་འགེངས། །ཤེས་གསལ་འདུལ་དང་སྐྱེས་བུ་དང་། །སྐྱེ་མཆོག་དགའ་བ་བརྒྱ་པ་དང་། །རྟག་ཏུ་དགའ་དང་དགའ་བྱེད་དང་། །ལྷ་མོ་དགའ་བྱེད་གང་

དགའ་བྱེད། །གནས་སྦྱིན་མཆོག་སྦྱིན་ལྷ་མིན་དགྲ། །པདྨའི་ལྟེ་བ་སྦྲང་རྩིའི་སྒྲ། །རྟག་ཏུ་སྦྱོར་ལྡན་དབྱུག་རྩེ་སྐྱེས། །ཐིག་ལེ་དྲུག་པ་དབང་གཞན་སྐྱེས། །གསེར་གྱི་ཐིག་ལེ་འོག་དབང་སྐྱེས། །གོས་སེར་ཅན་དང་འཁོར་ལོའི་ལག །མ་ཕམ་པ་དང་འདམ་བུའི་

དབང་། །དབྱིག་གི་ལྟེ་བ་མཆོད་འོས་བཅུ། །དཔལ་གནས་གཞན་གྱིས་མི་ཐུབ་དང་། །སྦྱོར་བ་བརྒྱ་པ་དམྱལ་བ་འཇོམས། །ཆུར་ཉལ་སྒྲ་གཅན་ལུས་འཇོམས་དང་། །དཔལ་བེའུ་ཅན་དང་དཔལ་གྱི་གཏེར། །ཟླ་བའི་སྙིང་པོ་དཔལ་གྱི་སྙིང་། །ཡཱ་ད་བ་དང་མཐོན་པོའི་

ལྷ། །འགྲོ་མགོན་དུས་ཀྱི་མུ་ཁྱུད་དང་། །འཕྲོག་བྱེད། བརྟན་པ། གཞུང་ཕྱེད་དང་། །ངང་པ་ཅན་དུས། ཆར་པའི་སྙིང་། ༢ །རྒྱལ་དཀའ། སྐྱེ་བའི་དུས། སྔོ་ཆེན། །འདམ་བུའི་ལྟེ་བ་རབ་གསལ་དང་། །མུན་འཇོམས། མདས་འདུལ། འབིགས་བྱེད་དང་། །རྣམ་

Vol. 212 · folio 74a

འབྱེད་སྟོབས་ལྡན་བསླུ་བ་དང་། །ཨེ་ཀ་པཱ་དཱ་དྷི་ལས་དང་། །སྦྱོར་གསུམ། ཕྱོགས་གསུམ། གོམ་གསུམ་པ། །རནྟིའི་ལྷ་དང་། མེ་ཏོག་བཞད། །ཆུ་གནས་ཁྱུ་མཆོག་ལྟོ་བ་དང་། །སྤྱན་དམར། །མུ་ཀུནྟ། ལེགས་བཟང་། །ཕྱག་དར་ཁྲོད་ཀྱི་

དྲ་བ་ཅན། །སྣ་ཚོགས་གཟུགས་ཅན་འགྲོ་བའི་ཏོག །མདུང་ཐུང་སར་ལྡན། འོག་གི་ཁང་། །མི་གསལ་པཱཎྜ་པ་འཇིགས་དང་། །ཀཽསྟུ་བྷ་ལྡན། པཱཎྜིའི་བུ། །རྒྱལ་བྱེད། སྔོན་རབས། ས་ལི་ཀ །ས་མི་ཏི་རྒྱལ། མཱརྫ་དང་། །མཱ་རཉྫ་ར། །ས་འཛིན་འཇོམས། །

སྨོད་སྐྱེས། མཐའ་ཡས། གསེར་མདུང་ཅན། མཁའ་ལ་གནས་དང་། ཞི་བར་གྲགས། །སྐྱེ་བོ་འཇིགས་པ། སྐྲ་གྲོལ་བརྟན་པ། །འཛིན་བྱེད་དང་། །སེམས་སྐྱེས། ཆུ་སྦྱིན། །བཀོད་སྦྱིན་དང་། ཀོབ་སིནྡྷཱུའི་འབྲས། །ཆར་འབྲས། །དགྲ་བོ། མི་ཡི་

སེང་གེ་དང་། །གཙང་བྱེད། འཇོ་བ། ཨ་རིཥྚ། །སྐྲ་ཅན། རྡུལ་འཛིན་འཇོམས་བྱེད་དང་། རྭ་གཞུ་ཅན་དང་། དུང་གི་ལག །འཕེལ་བྱེད་དང་ནི་མི་ཟད་པ། །རྟ་དང་ཀཽསྟཱུ་བྷ་འཆད་འགྱུར། །རྩེ་བྱེད་དང་ནི་དགའ་བ་འཛིན། །རྭ་གཅིག་འཁྱིལ་པ་བརྒྱ་པ་དང་། །

རྡུལ་ཕྲན་ལུས་དང་། སེར་སྐྱ་དང་། །དགའ་བའི་དབང་པོ་དཔུང་བཞི་པ། །རྟག་པ་སྦྱོར་བ་བརྒྱ་ལྡན་དང་། །བ་བྷྲཱུ། ཡ་མ་ནའི་དགྲ། །ཆར་སྐྱེས། མདའ་དང་། གཏོང་བྱེད་དང་། །གཟུགས་མང་ཅན། དང་ཀུན་ལ་ལྟ། །ཀུན་ཤེས་པ་དང་། ཐམས་ཅད་མིག །

ལྔ་སྐྱེས་འཛིན་དང་། རྒྱལ་བྱེད་དང་། །ཐོས་པའི་སྙིང་པོ་སྐྱེས་བུ་མཆོག །མི་ཡི་སེང་གེ། མཆོད་སྦྱིན་སྐྱེས། སྨིན་ཅན་དད་གཤིན་རྗེ། །རྒྱ་མཚོའི་ཟླ་བ། རི་བོང་ཐིག །མིའུ་ཐུང་། འཇུག་པ་བཅུ་པ་དང་། །དང་པོའི། ཕག་དང་། དང་པོའི་ལྷའོ། ༡༧༥ །འདི་ཡི་ཕ་ནི་ནོར་ལྷ་

སྟེ། ༡ །དུནྡུ་ར་དང་། ཨ་ན་ཀ། །དུནྡུ་བྷི་དང་། བྷུ་ཀཱའོ། །རྔ་བོ་ཆེ་དང་བུག་ཅན་ནོ། །ཤིང་ལྡན་དང་ནི། ཤིང་རྟ་འདྲེན། ༢ །བློན་པོ། རྒོད་དང་། རླུང་ནད་ཅན། །ཤི་ནིའི་ཚ་བོ་བདེན་པ་ཅན། །བྲག་སྐྱེས། ཡུ་ཡུདྷཱ་ནའོ། ༣ །ཁྱབ་འཇུག །ཁྱབ་འཇུག་གི་ཕའི་མིང་སོགས། འཁོར་

Vol. 212 · folio 74b

ལོ་ལེགས་མཐོང་སྟེ། །བེ་ཅོན་ཀོ་མོ་ཀིའོ། །གཞུ་ནི་རྭ་གཞུ་གི་དགའ་བྱེད། །དུང་ནི་ལྔ་སྐྱེས། རྒྱལ་བའི་དབྱངས། །འདི་ཡི་ནོར་བུ་མཐའ་བྱེད་ལག །དེ་ནི་ཀོསྟུ་བྷ་རུ་བཤད། །སྟོབས་བཟང་དང་ནི་རབ་འཕྱད་གསོད། །སྟོབས་ལྷ་གཤོལ་མཚོན་གོས་སྔོན་ཅན། །ཐོད་

ལྡན་གཤོག་ཅན་ཏཱ་ལས་མཚན། །ས་བདག་བྱེད། གཏུན་ཤིང་ཅན་དང་སྟོབས་ཅན་དང་། །ནམ་གྲུ་དགའ་བྱེད། དགའ་བ་ཅན། །འདོད་སྐྱོང་། སྦྲང་རྩི་དག་པ་དང་། །ལེགས་འགུགས་དང་ནི་ཐོད་ཁྱབ་འཇུག་གི་ཕུ་བོའི་མིང་སུམ་ཅུ་སོ་ལྔ། པའི་ལག །ལེགས་དགའ་མཐོང་ལྡན། ཏཱ་ལ་འཛིན། །

ཧ་ཡི། རྣ་རྒྱན་གཅིག་པ་སྔོན་རབས་པ། །གཤོལ་ལྡན་གསེར་ཅན་འཇོམས་འཇིགས་བྱེད། །མཆོག་སྦས་དང་ནི་སྣར་མ་སྐྱེ། །མི་འཛེག་སྟོན་སྐྱེས་ཀུན་དགའ་དང་། །བཟང་སྟོབས། གཤོལ་འཛིན། གཤོལ་ལ་དགའ། །ཀཱ་ལི་ནིདྷཱི་འཇོམས།

ལྷག་མ་དང་། །ཀཱ་ལིནྡྷཱི་འགུགས་མཐའ་ཡས་སོ། ༣༥ །འདི་ཡི་ཆུང་མ་ནམ་གྲུ་མ། །སྦྲང་རྩི་དམར་སེར་ཅན་མའོ། ༡ །འཇོམས་བྱེད་པ་དང་ཐོང་གཤོལ་ལ། ༢ །ལེགས་དགའ་བྱེད་པ་གཏུན་ཤིང་བརྗོད། །ཡིད་ལས་སྐྱེས་དང་། མྱོས་བྱེད་དང་། །ཆུ་

སྲིན་རྒྱལ་མཚན་ཡིད་ལས་བྱུང་། །མེ་ཏོག་གཞུ་ཅན། དགའ་མའི་བདག །མེ་ཏོག་མདའ་ཅན། གཞན་མིན་སྐྱེས། །མི་བཟད་མདའ་དང་། ཞི་མཐར་བྱེད། །བདེ་འཇོམས། འདོད་ཆགས་བསྒྱུར་བྱེད་དང་། །གཤོལ་བདུད་འདོད་ལྷའི་མིང་བརྒྱད་ཅུ་གྱ་དགུ། གྱིས་རྩེ་བར་འདོད་

པ་དང་། །རོལ་རྩེད་དགའ་བ། རྩེད་མོ་ཀུ་སུམ་ཙཱ་བ། ཅན། །འདྲེས་བྱེད་གསོད་བྱེད་འདོར་བྱེད་དང་། །དགའ་བྱེད། དྲན་པ། ཚངས་བཅོམ་དང་། །དྲེགས་བྱེད། ལུས་མེད། རབ་སྟོབས་དང་། །མེ་ཏོག་གཞུ་ཅན། མེ་ཏོག་ཏོག །འདོད་ཆགས་ཟམ་པ་

དགའ་མའི་བདག །བདག་སྐྱེས། མི་ཟད། ནག་པོ་སྐྱེས། །མདའ་ལྔ་པ་དང་། སྦྲང་རྩི་དགའ། །པདྨ་ཅན་དང་། ལང་ཚོ་འབྱེད། །ཐམས་ཅད་འདུལ་དང་། རྒས་བྱེད་དང་། །འདོད་དུཿདྷ་ན། ཆགས་ཕྱེ་མ། དཀའ་ཐུབ་དགྲ། །ཡིད་སྲེད་ཡིད་ལས་

Vol. 212 · folio 75a

སྐྱེས་པ་དང་། །ལུས་འཁོགས་གཞི་དང་ན་ཚོད་སྐྱེས། །འཆི་བདག་གཙུག་ཕུད་སྙིང་ལ་ཉལ། །དབང་ཕྱུག་བདེ་སྐྱེད་ཡོན་སྐྱེས་དང་། །འདོད་སྤྱོད་དགའ་མའི་བདག་སྐྱེས་དང་། །ཨི་མིང་ཅན་དང་ཀུན་སྦྱོར་ཅན། །སྦྲང་རྩིའི་ཁ་ལོ་ཉི་མའི་མདའ། །

མི་བཟད་མཚོན་ཆ་མཚོན་ཆའི་གཟུགས། །སྦྲང་རྩིའི་སྒྲོན་མ་རྣམ་བྱེད་དང་། །འདོད་པ་དང་ནི་འདོད་པའི་ལྷ། །གཟུགས་མང་པོ་དང་རབ་དགའ་བྱེད། །མཚོན་ཆ་ལྔ་པ་བདུད་ལྔ་པ། །འགྲོ་རྩེན་འགྲོ་བའི་ཤིང་རྟ་དང་། །བདག་གི་སྐྱེ་གནས། ཀུན་མདྷུ་སཱ་ར་ཐིཿ རབཱི་ཥཱུཿ རྟོག་

སྐྱེས། སྒེག་པའི་སྐྱེ་གནས། རྒྱལ་དཀའ་དང་། །ཉའི་ཚིགས་རྒས་བྱེད། འཇིགས་བྱེད་དང་། །ཉིན་བྱེད་དགྲ་དང་། འདྲེས་བྱེད་དང་། །དུས་རྩེན། དགའ་བྱེད། སྒྲིབ་བྱ་དང་། །སྲེད་བྱེད་པ་ཊུ་ཊ་གཞོན་དང་། །སྒྲ་བྱེད་དགའ་མ་དགའ་བྱེད་དང་། །ཡིད་ལ་ཉལ་

དང་། སྡོམ་པའི་དགྲ། །ཆུ་སྲིན་མཚན་པ་ལུས་སྐྱེས་དང་། །འཁོར་བའི་བླ་མ། ཀུན་རྟོག་བྱུང་། །ཡིད་ལ་སྐྱེ་བ་རྣམས་ཡིན་ནོ། ༢༩ །འདི་ཡི་བུ་ནི་ཚངས་སྤོང་དང་། །སྣ་ཚོགས་ཏོག་དང་། མ་འགགས་པ། །ཨུ་ཥཱའི་བདག་དང་། ཉ་ཡི་ཏོག །བུ་ཡི་དགའ་མ།

དགའ་བྱེད་འདོད། ༢ །འདོད་པའི་མདའ་ནི་ལྔ་ཡིན་ཏེ། །ཀུན་ཏུ་རྨོངས་བྱེད་བརྒྱལ་བར་བྱེད། །སྨྱོ་བྱེད། རྒོད་བྱེད། སྲེད་བྱེད་དོ། ༥ །དགའ་མ། རྩེ་བྱེད་མ། རྩེན་མ། །སྒེག་པས་འགྲོ་མ། རེ་ནཱ་དང་། །འདོད་ཆགས་འཁྲི་ཤིང་། འདོད་མ་དང་། །ཨི་བཅས།

དྲན་པའི་བ་ལཱུ་བ། ༩ །འདི་ཡི་སྲིང་མོ་གནས་ཚོགས་མ། །དར་དུར་ས་ཞེས་པ་ཡང་། ༢ །འཕྲོག་བྱེད་དགའ་མ་དགའ་བྱེད་མ། །དཔལ་མོ། པད་གནས། པདྨ་མ། །མི་གཡོ། གཡང་མོ། དབང་མོ་དང་། །ཆུ་གཏེར་སྐྱེས་མ། ཆུ་རྒྱན་མ། །སཱ་དང་ཥཱ་ཞེས་བྱ་བའོ། ༡༢ །

འདོད་མ། །ཏོ། བྲྀཥཱ། ཀ་པཱ་ཡཱི། །རྡོ་རྗེ་འོ་མའི་ཆུ་གཏེར་མ། །གཡོ་བྱེད་མ་དང་སྐྱོད་བྱེད། ཁྱབ་འཇུག་ཆུང་མའི་མིང་བཅུ་གཉིས། མ། །སྲེད་མ། སིནྡྷཱུ་སྐྱེས་མ་དང་། །རྒྱ་མཚོའི་བུ་མོ་རྣམས་ཡིན་ནོ། ༩ །བདེན་པའི་བྷཱ་མ། བྷཱ་མཱ་དང་། །བདེན་བཅས་མ་ཞེས་བྱ་བའོ། །རྣམ་འདུལ་ཁྱབ་

Vol. 212 · folio 75b

འཇུག་གི་བཞོན་པའི་མིང་པོ་གསུམ། སྐྱེས་དང་དུག་འཇོམས་ལྡན། །མཁའ་ལྡིང་། འདུལ་སྐྱེས། སྐར་མིག་བུ། །མཁའ་འགྲོའི་དབང་ཕྱུག །ཀླུ་མཐར་བྱེད། །ཁྱབ་འཇུག་ཤིང་རྟ་བདུད་རྩི་ཟ། །འདབ་ཆགས་སེང་གེ། །འདབ་བཟང་དང་། །གསེར་འདབ་ཤཱམྦཱ་ལཱི་ལ་

གནས། །ཨུ་ལཱུ་ཏིའི་བདག་ལྟོས་འགྲོ་ཟས། སྐྱ་རེངས་ནུ་ཕོ། ཞིང་བཟང་སྐྱེས། །རྣམ་གསལ་རྣམ་འདྲེན། མིག་ཡངས་དང་། །བཅུད་ལེན་ཟ་དང་། དུག་འཕྲོག་དང་། །འདོད་པའི་ཚོགས་གནས། པཀྵི་སཾ་གྷ། རྡོ་རྗེའི་མཆུ། །རི་ལ་གནས་དང་། ཀླུ་ཡི་དགྲ། །འདབ་

ལྡན། དཔལ་ཆེན། གསེར་གྱི་ལུས། །ཕྲེང་ལྡན། འདབ་བཟང་མ་ཡི་བུ། །ལྷ་རྒྱལ་འདུལ་དང་། འོད་སྲུངས་སྐྱེས། ༣༣ །འདི་ཡི་ཆུང་མ་ཨུ་ལཱུ་ཏི། ༡ །བུ་ནི་བཞིན་བཟང་ཞེས་པར་དྲན། །རྒྱུ་སྐར་ཇི་བཞིན་ཞེས་བྱ་བ། །རྒྱལ་བྱེད་མིང་ལྡན་དེའི་མཚན་མོ། །

ཡུད་ཙམ་རྣམ་རྒྱལ་ཞེས་བྱ་བ། །གང་ལ་སྐྱེས་པ་འགྲོ་བ་འཇོམས། །ཨཥྚ་ཀརྨ་པ་ཏི་བྷྲཥྚོ་༣ རྡནྟོ་ཛི་ན་ཤྩསཿ། །ཞི་བ་སྐྱོ་མེད་གཞུ་ཅན་དང་། །འཕྲོག་བྱེད་དབྱིག་ལྡན་བདེ་བྱེད་དང་། །རི་དབང་། རི་རྨོད་འདི་འབྲེལ་མེད་པ་བརྟགས། རལ་པ་བཅིངས། །བདེ་འབྱུང་ཨུ་མཱའི་བདག་པོ་

དང་། །མདུང་ཅན་ཚིམ་བྱེད། དབང་ཕྱུག་ཆེ། །གཙུག་ན་ཟླ་བ་ཐོད་པ་འཛིན། །མིག་གསུམ། གནས་བྱེད། དུ་བྱེད་དབང་ཕྱུག་གི་མིང་བརྒྱ་ཉེར་དྲུག། དང་། །ཕྱུག་བདག་དང་ནི་ཟླ་བ་འཛིན། །དབང་བོ། དབང་ཕྱུག །དབང་ལྡན་དང་། །འབྱུང་པོའི་དབང་དང་། ཙནྡན་

འོད། །རི་ཉལ་ཐོད་ལྡན། དགྲ་སྟའི་དུམ། །བྷ་ག་ལཱི་བརྒྱད་ལས་ཡོངས་འཇོམས་འོས་འོས་རྒྱལ་བ་ཡང་དེ། དང་རབ་འཇོམས་བདག །འཆི་ལས་རྒྱལ་དང་སྟག་གོས་ཅན། །སྲིད་པ་འཇིགས་དང་། མིག་གསུམ་པ། །ཀུན་མཁྱེན་མེ་ཡི་ཁུ་བ་དང་། །རལ་པའི་ཁུར་ཅན་

སྔོན་དམར་ཅན། །དཔལ་མགྲིན་དྲག་ཤུལ་གྲོང་བསྐལ་བཟང་ཕྲེང་། ཁྱེར་དགྲ། །མགུལ་ནག་ནམ་མཁའི་སྒྲ་ཅན་དང་། །ལ་ཀུནྡ་ལ། གངྒཱ་འཛིན་དང་། བྲན་འཇོམས་དང་། །རྒྱལ་བྱེད་གྲོང་གསུམ་མཐར་བྱེད་དང་། །གཡོན་གྱི་ལྷ་དང་། ལྷ་ཆེན་པོ། །སྣ་ཚོགས་

Vol. 212 · folio 76a

མིག་དང་ག་ལས་གཡོ། །རི་ཡི་གཞུ་སྐྱེས། ལོང་བའི་དགྲ། །ཁྱུ་མཆོག་རྒྱལ་མཚན། མཆོད་སྦྱིན་འཇོམས། །ནམ་མཁའི་སྐྲ་ཅན། ཏཱ་ལས་མཚན། །ཟླ་བ་འཛིན་དང་གར་མཁན་ཆེ། །སྲིད་བསྲུང་འཛིན་དང་སྐྲ་སྦས་དང་། །འཇིགས་བྱེད་

འབྱུང་པོ་ཅན་བྷངྒྱ། །མགྲིན་ནག །མི་ཟད། ཐུན་མཚམས་སུ། །གར་བྱེད་པ་དང་། གར་ལ་དགའ། །ཀ་ཀ་ཊཱི་ཀོ། །བྷ་རུ་ཛོཊཱི། དམར་སེར་བྱམ་ཀེ་ཤ། །མིག་དང་། ཛོ་ཊཱི་ཀ། །ཆར་འབེབས། ཨི་ཌི་ཧཱ་རྞ་དང་། །ལུས་སྲུལ་ག་སེ་ཤ་མིག་སྨན། །ཀ་ཊཱ་ཊཾ་ག་

རལ་པ་ཅན། །རལ་པའི་ཚོགས་ཅན་རལ་པ་འཛིན། །དལ་འབབ། ནོར་བུ། ཨུ་ལིནྡ། །གཟུགས་མང་པོ་དང་གར་བས་བསྐོར། །ཕུར་བུ། རྣམ་འཇིགས་མཐོ་བའི་དབང་། མིག་གཅིག །ཚངས་འཇོམས། འགྲོ་ལ་འཚེ། །མཚམས་སྨྲ་སྙིང་བྱེད། རྐང་

གཅིག་དང་། །སྟེང་གི་ཁུ་བ་མི་ཟད་མིག །གཞན་གྱིས་མི་ཐུབ་གདོང་ལྔ་པ།།གསང་བའི་བླ་མ། རབ་བྱེད་དང་། །གཙུག་ཕུད་རྒྱལ་མཚན། སྦྲུལ་འཆིང་དང་། །སྦྲུལ་གྱི་གདུབ་ཅན་རི་ཁྲོད་པ། །སྦྲུལ་གདུག་རྣ་རྒྱན། དཔྲལ་མིག་པ། །ཞི་འཛིན། མཆོད་སྡོང་། བྱིན་འཕྲོག་དང་།

རྩུབ་པོ། སྟེང་འཕུར་དབང་པོ་དང་། །མིག་རུས་ཕྲེང་ལྡན། ཚོགས་ཀྱི་དབང་། །ཧིཎྜ་ཀཱནྟ་གླང་རྫི་དང་། མིག་ཡངས། ཞི་བར་གནས། སྤྲིན་ཞོན། །མུན་སེལ། བཟང་པོ་གཅོད་བྱེད་དང་། །ཁྱུ་མཆོག་སེར་སྐྱ་ཁྱུ་མཆོག་ཚིགས། །རྟག་ཏུ་འབྱུང་དང་། འབྱུང་

པོ་འཛིན། །དམ་པའི་དོན་ནི་གསལ་བྱེད་དང་། །ཀླུ་ཡི་ལུས་སྦྱིན་རི་ལ་གནས། །ལས་བྱེད་པ་དང་། འགྲོ་བ་འཛིན། སྐྱ་བོ། བཟང་པོའི་དབང་ཕྱུག་དང་། །ལོང་བ་འཇོམས་མཁས་ཕྱོགས་གོས་ཅན། །འཚོ་བྱེད་ཁྱུ་མཆོག་མིག་སྨན་དང་། །འཆི་བ་བསླུ་

དང་། དགའ་བ་འཕེལ། །རིག་བྱེད་འདོན་དང་། ནག་པོ་ཆེ། །ཁྱབ་བདག །གཡོན་དང་། བརྟན་པ་དང་། །རྒྱལ་དཀའ། བདེ་སྐྱེས། ལྷའི་ནོར་བུ། །ཁྱུ་མཆོག་མཆོག་ལྡན་བ་ལང་བདག །མིག་གསལ་ཀུན་འགྲོ་བློ་ལྡན་དང་། །དཔལ་མོའི་བུ་དང་། གཡུང་

Vol. 212 · folio 76b

དྲུང་བ། །དུས་ཀྱི་རྒ་དང་། དྲན་འཇོམས་དང་། །རྩེགས་བྱེད། ཆོས་ཀྱི་གཞོན་པ་ཅན། །རབ་ཏུ་རྒོད་དང་གད་རྒྱངས་ཅན། །གྲོང་འཇོམས་གྲོང་གི་ཡན་ལག་སྦྱིན། །འབྱུང་པོའི་མགོན་པོ་འབྱོར་པ་ལྡན། །ནམ་གྲུ་སྐྱེས་དང་། ཡང་མེས་པོ། །གྲོང་གསུམ་བསྲེག་དང་

ཧ་མིང་ཅན། །ཤཾ་ཀུ། ཁྱུ་མཆོག་མཚན་པ་དང་། །ཁྲི་རྐང་ཅན་དང་ཨུ་ར་བི། །ཁྱུ་མཆོག་ཞོན་དང་། མིག་གསུམ་པ། མགྲིན་པ་ཁྲ་བོ་རྣམས་ཡིན་ནོ། ༡༢༦ །རལ་པ་བཅིངས་པ་ཀ་བརྟ། །ཁྱུ་མཆོག་རྒྱལ་དཀའ་ཅན་དང་མཁས། །ཨ་ཛ་ཀ་ཞེས་བྱ་བའོ། ༧ །

གཞུ་ནི་སྐྱོ་མེད། ཕུར་བུ། འགྲོ་ལྡན་ནོ། ༢ །བདེ་བའི་ཁུ་ཎཱ། ཁ་ཊྭཱཾ་ག །ཕྱག་དར་ཁྲོད་དང་། རྔོན་པའི་གོས། །སིལ་སྙན། ཆ་ལང་། ཌཱ་མ་རུ། །འཁོར་ནི་འཇོམས་བྱེད་འབྱུང་པོའི་ཚོགས། །མ་མོ་རྣམས་ནི་ཚངས་མ་རྒྱལ་དཀའ་དང་། །ལུས་

ངན་མ་དང་། ཁྱབ་འཇུག་མ། །དབང་མོ་དང་ནི། དྲག་མོ་དང་། །ཕག་མོ་དང་ནི་གཞོན་ནུ་མའོ། །ཕྲ་དང་། ཡང་བ། རབ་ཐོབ་དང་། །རབ་འདོད། མཆོད་འོས། དབང་ཕྱུག་ཉིད། །དབང་དུ་གྱུར་དང་། འདོད་དགུར་བསྒྱུར། །དབང་ཕྱུག་འབྱོར་པ་རྣམ་བརྒྱད་

གྱུར། །དེ་ནས་བྷྲྀངྒི་རི་ཏི་དང་། །བྷྲྀངྒི་དང་ནི། པགས་པ་ཅན། །ཀཱི་ཀཱ་ཤ་ཡི་ལུས་ཅན་དང་། བྷྲྀངྒི་རཱི་ཊ། ཤམ་དང་། །འདམ་བུའི་ལུས་དང་། ཞི་བར་གྲགས། ༨ །དགའ་བའི་དབང་ཕྱུག་དགའ་བ་ཅན། །སྒོ་སྲུང་། དགའ་བྱེད་དབང་ཕྱུག་དང་། །ཤཱལངྒཱ་ཡན་

སྒོ་ཡི་དཔོན། །གར་མཁན་ཕྲེང་བ་ཅན་རྣམས་སོ། །དེ་ནས་གྲོལ་བུམ། རོལ་རྩེད་མཁན། །ཚོགས་བདག་དགའ་བ་རྣམས། ཧཛཱི། སཾ་ཅ། ཡིན་ནོ། ༣ །ནག་པོ་ཆེན་པོ་ལུས་ཆེན་པོ། །བྲྀཥཱ་ཎཱ་ཀ་འཇིགས་བྱེད་ཆེ། ༤ །དཀའ་བཟློག་ཀ་ཏིའི་བུ་མོ་དང་། །དཀར་མོ། རི་སྐྱེས།

རིའི་བུ་མོ། རྟག་མ་དང་ནི་ལོ་མ་མེད། །དགའ་བའི་བུ་མོ། རིག་བྱེད་འདོན། །གཏུམ་མོ། མ་མ་ཞི་བ་མ། །གསོད་མ་སེང་གེའི་ཤིང་རྟ་མ། །ཀུན་ལ་བཀྲ་ཤིས། སེར་ནག་མ། །དུས་ཀྱི་དགའ་མ། རྒས་བྱེད་མ། །དབང་ཕྱུག་གི་ཆུང་མའི་མིང་དགུ་བཅུ་གོ་གསུམ། དབྱིག་མ།

Vol. 212 · folio 77a

གཙུག་ཕུད་གནས་འོ་མ། །སྲིད་མ། དྲག་མོ། འཚོ་བྱེད་མ། །བཟང་དུས་ཅན་མ། དུ་བྱེད་མ། །སེར་མོ། རྒྱལ་བྱེད། གྲུལ་བུམ་མ། །མང་ལྡན། ས་ག་སྐྱེད་མ་དང་། །དཀྵའི་བུ་མོ། སྲད་མེད་མ། །རྒྱལ་མ། ཤེས་གསལ་ཤེས་

གསལ་མ། །དྲུག་ལྡན་ཧིཎྜཱི་གསེར་ལྡན་མ། །དབང་ཕྱུག །དབང་མོ། ང་བྷྲ་མ། །གསལ་བའི་བུ་མོ། ཚིམ་བྱེད་མ། །མ་ལ་ཡར་གནས། མཆོད་ལྡན་མ། །གྲངས་སྐྱེས། རྩེ་མོ། ཚོགས་གཙོ་མོ། །པྲྀཥཱའི་སྡིག་ལྡན། རྣམ་རྒྱལ་མ། ཀཻཊྦྷཱ་ཀཻ་ཊབྷཱི། །ཞི་བའི་

སྲིང་མོ། ཡཱ་ད་བཱི། །རྫོངས་མ་ནག་མོ། སྡེ་གཞོན་མ། །ཞི་བའི་ཕོ་ཉ་ཕྲེང་ལྡན་མ། །ལྷ་མོ། སྒྲ་ཅན། ཚུལ་འཆོས་འཕྲེང་། གཽ་ཏ་མཱི་དང་། མཚན་མོ་ཆེ། །ཕྲེང་བ་མ་ཚོགས། གཅིག་པུ་མ། །ཆ་ཤས་མེད་མ། ཡོན་ཏན་མ། །སྟོབས་ལྷའི་སྲིང་མོ།

ནུས་མ་དང་། །ལྷ་ཡི་བུ་མོ་མ་མོའི་མ། །མཐའ་ཡས་མ་དང་དུརྡུ་རཱ། །རྨ་བྱའི་རྒྱལ་མཚན། མཻ་ནེ་སཱི། །ཁྱབ་འཇུག་སྲིང་མོ། ཀརྦྦ་རཱི། །བུང་བ་ཅན་མ། ངན་སྤོང་མ། །འཕྱང་མ། དགེ་མ། གཏུམ་མོ་དང་། །མཻ་ནཱ། ཀ་ཡི་སྲིང་མོ་དང་། །མ་དང་

གངས་རིའི་བུ་མོ་དང་། །ལྷ་མོ་ཆེན་མོ་ལེགས་ལྡན་མ། །མུན་ཅན་མ་དང་བེ་བཱ་སཽ། །དགའ་མ། རིག་པ་ཆེན་མོ་དང་། །དུག་སེལ་རས་གོས་ཅན། མ་དང་། གོས་གཅིག་མ། ༩༣ །ཙརྩཱི་ཀ་དང་ཙཱ་མུཎྜཱི། །རྣ་བ་ཆེན། སྐྲ་འདྲེས་མ། མོ་འཇིགས་མེད་མ། །འདོར་

མ་བྱི་ལའི་རྣ་བ་མ། །འཕྲོག་བྱེད་རྣམ་སྒེག་མ་རྣམས་སོ། །གཽ་རཱིའི་སེང་གེ་ཏཱ་མའི་ཡི། ༡ དྲག་མོ། རྒྱལ་མ། རྣམ་རྒྱལ་མ། ༢ ལོག་འདྲེན་བགེགས་རྒྱལ་བགེགས་བྱེད་དང་། ཚོགས་རྒན་བྱེད་མ། གཏུམ་མའི་མགོ། བདག་བྱི་བ་གསེར་ལྡན་དང་། །ལྟོ་བ་འཕྱང་དང་།

ཧ་ལ་གནས། །གླང་པོའི་གདོང་དང་། སོ་གཅིག་པ། །མ་གཉིས་པ་དང་། །ཁམས་གསུམ་པ། །ལུས་གཉིས་པ་དང་། རྡོ་རྗེའི་ཚོགས་བདག་ལ་མིང་བཅུ་བདུན། མཆུ། །པྲྀཥྞིའི་རྭ་ཅན་གླང་པོ་དང་། །ཚོགས་མཆོག་རྗེ་དང་དགྲ་སྟ་འཛིན། ༡༩ །བྱི་བ་འདོད་པའི་

Vol. 212 · folio 77b

ལུས་ཅན་ནོ། ༢ །སྨིན་དྲུག་བུ་དང་། སྡེ་ཆེན་དང་། །དམག་དཔོན། མེ་སྐྱེས། སྐེམ་བྱེད་དང་། །རི་སྲས་དགའ་བྱེད་ས་ག་སྐྱེས། །གཙུག་ཕུད་ཅན་ཞོན་ཁྲུང་ཁྲུང་འཇོམས། །གངྒཱ་སྐྱེས་དང་། འདམ་བུ་སྐྱེས། །གདོང་དྲུག །མ་དྲུག །མདུང་ཐུང་འཛིན། །རྗེ་བོ་

སྦད་བྱེད། སྒྲོལ་སྨིན་དྲུག་བུ་ལ་མིང་སུམ་ཅུ་སོ་གཅིག །བྱེད་འདུལ། །གཞོན་ནུ་དང་ནི་མང་པོ་སྐྱེས། །རྣམ་པར་རྒྱལ་བྱེད། བདེ་བྱེད་བུ། །ལྷ་ཡི་དམག་དཔོན། གྲུབ་པའི་སྡེ། །སྡེ་དཔོན། བྱིས་པའི་སྤྱོད་པ་ཅན། །ཚངས་པར་སྤྱོད་ལྡན། རྣམ་པར་གནས། །བཅུ་

གཉིས་མིག་ལྡན་གངྒཱའི་བུ། །བྱ་གག་རྒྱལ་མཚན། གཟི་བརྗིད་ཆེའོ། ༣༡ །དེ་ལྟ་བུ་ལ་སོགས་པ་ལྷའི་རབ་ཏུ་བྱེད་པའོ།། །།དབང་པོ་ལྷ་བདག །གྲོང་ཁྱེར་འཇིག །ལྷ་ཡི་རྒྱལ་པོ་ཆར་སྤྲིན་ཅན། །རྒྱལ་བྱེད་སྟོབས་འཇིགས། རྒྱལ་བ་དང་། །སྐྱོ་མེད་

མགོན་པོ་པ་ཏྱ་ནྱ། །དབྱིག་ལྡན། ལྷ་དབང་། དབང་ཆེན་དང་། །གནས་ཀྱི་བདག་པོ། བརྒྱ་བྱིན་དང་། །བཅུད་ལྡན་བདག། བརྒྱ་བྱིན་གྱི་མིང་བརྒྱ་དང་བཅུ་གཉིས། དང་། ལེགས་བརྗོད་བདག། །པྲཱ་བཱི་ན་བརྡི། ར་ཧི་བྷི་ཏ། །མཆོད་སྦྱིན་ཅན་དང་། ལྷ་ལྡན་

དང་། །མཆོད་སྦྱིན་བརྒྱ་པ། པྲཱ་བཱིའི་བདག །ཁྱབ་སྟོབས། རྒྱལ་པོ། འཕྲོག་བྱེད་དང་། །འཕྲོག་བྱེད་ཅན་དང་། འཕྲོག་བྱེད་ཞོན། །འཕྲོག་བྱེད། རྟ་ཅན་ཡང་དག་བུ། །ཆར་འབེབས་པ་དང་། རྡོ་རྗེ་ཅན། །རྨུགས་བྱེད་འཇོམས་དང་། སྟོབས་ལྡན་

དགྲ། །པུ་ལོ་མའི་དགྲ་མཆོད་འཛིན་དང་། །གཙང་བྱེད་མགོན་པོ་མཐོ་རིས་རྒྱལ། །གཞན་སྙེམས་གསོད་དང་། སྤྲིན་ལ་ཞོན། །དཀའ་ཐུབ་སྐྱེས་དང་། བཟོད་དཀའ་དང་། །སྨིན་པ་འཇོམས་དང་། ཀཽ་ཤི་ཀ །ཀུན་འཇོམས་མིག་སྟོང་། ཤིས་བརྗོད་ལྡན། །ལེགས་

སྟོབས་གྷ་ནཱ། གྷ་ན་དང་། །རི་འཇོམས་དང་ནི་རྒན་ལ་ཉན། །གྲོལ་མེད་འཇོམས་དང་། རྟ་སེར་སྐྱ། །ཀི་ཎི་ལཱ་ཏ་མཆོད་སྦྱིན་མཆོག །མཆོད་མཆོག །རི་སྐྱེས། འཕེལ་འཇོམས་དང་། །འཕེལ་བ་གཞུ་མཆོག །གང་པོ་འབོད། །གཙང་མའི་མཆོད་སྦྱིན་

Vol. 212 · folio 78a

ལ་ལཱ་མ། མདོ་འཛིན། མཆོད་སྦྱིན་བརྒྱ་པ་དང་། །སོ་མང་བུ་དང་། སོ་མང་སྐྱེས། །ལྷ་ཡི་རྔ་ཅན་ལེགས་བྲིས་གཙོ། །བདེ་ལྡན། འཇོམས་བྱེད། གྲགས་མུ་ཁྱུད། བརྒྱ་འཛིན་འཆི་མེད་གྲོང་གཙོ་བོ། །ཕ་རོལ་མུ་ཁྱུད། བཅུད་ལྡན་ཆེ། །

གང་པོ་སྐེམས་བྱེད། ཕྱག་འཚལ་ལྡན། །མི་དབང་དང་ནི། གླང་པོ་ཅན། །བ་དི་རི་དང་། རྡོ་རྗེའི་ལག །༤༢ །འདི་ཡི་དགའ་མ་པུ་ལོ་སྐྱེས། །དབང་མོ། ཆུ་འཛིན། པུ་ལོའི་སྲས། །མཆོག་བརྒྱ་མ་དང་དབང་ཆེན་མ། །ལེགས་བརྗོད་མ་དང་། བརྒྱ་བྱིན་མ། །རྒྱལ་

བ་ཐོབ་མ་རྣམས་ཡིན་ནོ། ༧ །ཁང་བཟང་རྣམ་པར་རྒྱལ་བྱེད་དང་། །གྲོང་ཁྱེར་འཆི་མེད་ལྡན་པ་སྟེ། །སྔོན་གྱི་སྐད་དང་། ལྷ་ལྷ་མོ། །བཱ་མ་རཱ་དང་། ལེགས་མཐོང་ངོ་། ༩ །ཆུ་ཀླུང་མཚོ་དང་། རྩེ་བའི་མཚོ། ༢ །ཚལ་ནི་འདྲེས་ཚལ་རྩུབ་འགྱུར་དང་། །མཁའ་

རྒྱན་དགའ་ཚལ་དགའ་བས་བརྒྱན། ༥ །རྒྱལ་བ་དང་ནི་འགྲོ་བའི་རྒྱུད། །རྒྱལ་བྱེད་དང་ནི་སྨིན་པར་འཇོམས། ༤ །དབང་པོའི་བུ་ནི་རྒྱལ་བྱེད་དོ། ༡ །ནོར་ནི་དབང་སྐྱེས། ནོར་ཆར་འབེབས། ༢ །ལྷ་ཡི་འདུན་ས་ཆོས་བཟང་པོ། ༢ །ལྷ་ཡི་དམག་དང་། ལེགས་བརྗོད་བུ། ༢ །སྤྲིན་

གྱི་གླང་པོ། ས་སྲུངས་བུ། །སྤྲིན་གླང་། ལེགས་དུལ་ས་འཚོ་སྐྱེས། །སོ་བཞི་པཱུརྦ་བྷཱ་ཥཱ་སུ་ཏ་པུ་རི། པ་དང་། རྟག་ཏུ་སྦྱིན། །སྒྲ་ཆེན། སྟོབས་ལྡན་གླང་པོ་དང་། །གླང་པོའི་རྒྱལ་པོ། བརྟུལ་བཟང་དང་། །ཉི་མ་ལྟོ་བཅས། གཉིས་འཐུང་དཀར། ༡༣ །

གླང་པོ་ཆེས་སྲུངས་ལ་མིང་བཅུ་གསུམ། མཱ་ཏ་ལི་དང་། རྟ་འགུགས་སོ། ༢ །མཐོར་ཐོས་དང་ནི་རྟ་དཀར་དང་། །པྲྀ་ཥ་ཎ་དང་བི་ལའོ། ༤ །རྡོ་རྗེ་སྒྲ་སྒྲོགས། ལག་ཉལ་དང་། །ཟ་བྱེད། རྡོ་རྗེའི་ཐོག །སྒྲ་ལྡན། །བདེ་བྱེད་སྒྲོགས་ཞུམ། རྩེ་བརྒྱ་པ། འབིགས་པ། འབིགས་བྱེད།

འབིགས་ལྡན་དང་། སྐབས་ཁ་ལོ་པ། གསུམ། མཚོན་ཆ་རྩིབས་བརྒྱ་བྱིན་གྱི་རྟའི་མིང་། བརྒྱ་པ། །དབྱིག་ལུས། ཟ་ལྡན་ཐོག་རིས་བརྒྱ་བྱིན་གྱི་རྡོ་རྗེའི་མིང་ཉེར་དྲུག། འཇོམས། །དབང་སྐྱེས། སྤྲིན་སྐྱེས། ཡུ་བ་ཅན། །རི་འགེམས། བརྒྱ་འཛིན། དབང་པོའི་མཚན། །གཅོད་བྱེད་

Vol. 212 · folio 78b

ཅེས་པ་རྣམས་སུ་འགྱུར། ༢༦ །འདི་ཡི་འབར་བ་དང་པོ་འཇིགས། ༡།གཞལ་མེད་ཁང་དང་མཁའི་ཐེག་པ། །མི་སྦྱིན་བུ་དང་མ་མཚན་དང་། །ཏུམྦུ་རུ་དང་། རྒྱས་པ་དང་། །མཆུ་ལས་སྐྱེས་དང་ལྷའི་དྲང་སྲོང་། །མི་སྦྱིན་བུ་དང་རྩེ་བྱེད་དང་། །ལྷ་ཡི་ཚངས་པ། ཅ་ཅོ་

བྱེད། །ཀ་རེ་ཎ་སྐྱེས། ཤུ་ན་དང་། །ཀ་པི་བ་ཛྙ། རྣམ་བྱེད་བུ། །བདེ་འབྱུང་རྩོད་དང་། ཚོགས་སྐྱོང་ལྷའི་དྲང་སྲོང་། དང་། །འབྱུང་གནས་ཐུབ་པ་སློབ་མ་རྩོད། ༡༢ །ཀུན་འགྱེད་གཞོན་ནུ། རྣམ་བརྒྱ་བྱིན་གྱི་འཁོར་ཐུབ་པ། བྱེད་སྐྱེས། ༢ །ལྷ་ཡི་སྨན་པ།

ཐ་སྐར་བུ། །གླང་མོ། ཐ་སྐར་ཁྱི། སྣ་སྐྱེས་བྱིན་མ་སྐྱེས། །ག་དཱ་ག་དཱ། ཐ་སྐར་སྐྱེ། །མཆོག་མཐར་བྱེད་དང་། རྒོད་མ་སྐྱེས། །སྦྱོར་ལྡན་ལྷ་ཡི་གསོ་དཔྱད་པ། །གཞོན་པ་མཆོག་ལྡན་སྣ་སྐྱེས་དང་། །སྨན་པའི་གོས་ཅན་རྣམས་སུ་འགྱུར། ༡༣ །བི་ཤྭ་ཀརྨ།

སྣ་ཚོགས་བྱེད། །ལས་བཟང་ཅན་དང་། ལྷའི་བཟོ་བོའོ། ༤ །དྲི་ཟ་ལྷ་ཡི་གླུ་མཁན་དང་། །དབྱངས་སྒྲོགས་པ་དང་། དྲི་ཟ་སྐྱེས། ༤ །དགྲ་ངན་སྤངས་དང་། དབྱངས་ལྡན་དང་། །སྣ་ཚོགས་ཤིང་རྟ། དགའ་བྱེད་དང་། །ས་སྐྱེས། མི་སྦྱིན་སྐྱེས་དང་པོ། །ལྷའི་བཟོ་བོ།

སྣ་ཚོགས་དབྱིག་དང་། སྒོ་ལྡན་དང་། མཐོ་རིས་གནས་པ་རྣམས་སུ་འགྱུར། ༡༠ །རིག་འཛིན་འདོད་པའི་གཟུགས་ཅན་དང་། །མཁའ་དྲི་ཟའི་བྱེ་བྲག། ལ་སྤྱོད་དང་ལང་ཚོ་རྟག །ཕྲེང་བ་ལ་དགའ། དགའ་བས་མྱོས། །མཁའ་སྤྱོད་བརྟན་པའི་ན་ཚོད་ཅན། །དབང་

ཆེན་མ་དང་མེ་ན་ཀཱ། །འདབ་མའི་རི་མོ། ཆུ་ཤིང་མ། ཐིག་ལེ་མཆོག་མ། ཟླ་བ་མ། །རི་བོང་ལྡན་མ། ལེགས་བརྗོད་མ། །གཙང་མ། དགའ་མ། མྱོས་སྭ་ཧཱ། རྩེན་མ། དབྱངས་འཇམ་མ་དང་། གནས་གྲོལ་མ། །སྐྲ་སྡུམ་མ་དང་སྐྲ་བཟང་མ། །པད་དཀར་

ལྷའི་འདོད་མ། མ་དང་། རང་འོད་མ། །ཡུན་དུ་ལེགས་ལ། ཤིང་རྟ་བཟང་། །དཔུང་བཟང་། འཕྱང་མ། རབ་འཇོམས་མ། དབུས་བཟང་མ་དང་། སྨིག་རྒྱུ་མ། །དྲན་པའི་སྙེ་མ་རྣམས་སུ་འགྱུར། ༡༥ །ཁ་ན་མ་ཐོ་མེད་སོགས་འདི། །མཐོ་རིས་སྨད་འཚོང་ལེགས་མྱོས་སྐྱེས། །

Vol. 212 · folio 79a

ཆུ་སྐྱེས། རེག་དགའ། དགའ་བས་དྲེགས། མཐོ་རིས་ཆུ་ཀླུང་། ནམ་མཁའི་ཀླུང་། །དལ་འབབ་ནམ་མཁའི་གངྒཱ་དང་། །མཐོ་རིས་གངྒཱ་བཅུད་ལྡན་རིགས། །ཟླ་བའི་རྒྱུན་དང་། བདུད་རྩི་འབབ། །སཱི་ཏཱ་དང་ནི། ལམ་གསུམ་འགྲོ། །

༡༠ མར་སར་རྒྱ་མཚོ་བཏུང་མཆོག་དང་། །བདུད་རྩི་བདེ། །འཐུང་ལྷ་ཡི་ནི། །བཏུང་བ་དང་ནི་སྐབས་གསུམ་ཟས། ༦ །ལྷ་ཡི་རི་བོ་རི་རབ་དང་། །ལྷུན་པོ་དང་ནི་གསེར་གྱི་རི། །རིན་ཆེན་བརྩེགས་དང་། ལྷ་ཡི་གནས། །ལྔ་པོ་འདི་རྣམས་དཀར་མོ། ལྷ་ཡི་ཤིང་།

བདུད་རྩིའི་མིང་། དཔག་བསམ། རྐང་འཐུང་མནྡཱ་ར། །ལེགས་ཁྱབ། ཡོངས་འདུ། ས་བརྟོལ་དང་། །ཧ་རི་ཙནྡན་ཞེས་པའོ། ༥ །ལྷ་ཡི་སྐྱེད་མོས་ཚལ་རྣམས་ནི། །རྣམ་རྒྱལ་འདྲེས་ཚལ་དགའ་བའི་ཚལ། །ཤིང་རྟ་སྣ་ཚོགས་ཚལ་རྣམས་སུ། །བྱུ་རུ། རིན་ཆེན་

རྐང་འཐུང་ངོ་། ༢༢ །འཁྱོག་འགྲོ། ཆུང་མེད། རྒྱུན་མེད་དང་། །གཙང་བྱེད། རྟེན་ཟ། རབ་མཆོད་ལྡན། །རླུང་གི་གྲོགས་པོ་གཙུག་ཕུད་ཅན། །ཤིང་འཕེལ་བ་ལྷ་ཛི། བི་ཤཱ་ན་རེའི་བུ། འབར་བྱེད། དག་བྱེད། བྱིན་ཟ་དང་། །སྲེག་ཟ་ནོར་རྒྱལ།

ཤར་ལྷོའི་ཕྱོགས་བདག། ཨགྣི། མེ་ལ་མིང་བརྒྱ་དང་བདུན། ཨ་ན་ལ། འོད་ནོར་ཅན། འོད་ཅན། རྟ་དམར། རིག་བྱེད་སྐྱེས། །འོད་བཀྲ། འོད་ཀྱི་ནོར་ཅན་དང་། །ཆུ་ཡི་སྐྱེ་གནས་སྲེག་བྱེད་དང་། །དྲང་སྲོང་མེའི་བུ། མཚུན་ཟ། མཚུན་གྱི་སཱ་ཏི་ཧེ་ཏ། ཐོབ་བྱེད་དང་། །ཆུ་མཁྲིས། ཆབ་མཁྲིས།

ཆུ་རྣམས་མཁྲིས། གསལ་བྱེད། སྦྱིན་སྲེག །དགའ་བ། བི་བྷཱ་བཱ་སུ། དང་། །རྙེད་ཟ། པརྦ་རི་ཀ་དང་། །འདོར་བྱེད། ནོར་བུ་རྩོམ་པོ་བའི་ཟློས་སྐྱོན། སེལ་བ་དང་། །གསེར་གྱི་ཁུ་བ་འོད་བདུན་པ། །ལམ་ནག་ལུས་མི་སྐྱོང་ཛི་ཁ་བཏྟ་ར། ཨ་སཱཾ་པཏྟེ།

བ་དང་། །རྩྭ་ཨ་སམྦཱཏྟི། གྱཱ་ཝ། ཟན། སྐེམས་བྱེད། སྦྱིན་བྱེད་དང་། །སྦྱིན་སྲེག་ཟ་དང་། སྔ་དྲོ་སོང་། །ཞི་བྱེད། མྱ་ངན། འབར་བའི་སྐྲ། །འཕྲོག་བྱེད། སྒྲོལ་བྱེད། བི་ཏྲི་ཧོ་ཏྲ། བྱིན་ཟ་དང་། །སེལ་བྱེད། ཁྲི་ཅན། གཉིད་སད་དང་། །གྲུབ་པ། སྒྲུབ་

Vol. 212 · folio 79b

པར་ལ་ཞོན། །སླུ་བྱེད། འགྲོ་བྱེད། མང་པོ་འཛིན། ཟ་བྱེད། འབར་བའི་ལྕེ་ལྡན་དང་། །སྣ་ཚོགས་ཟ་དང་། འོད་ཀྱི་ཏོག །ཀུན་ཟ། ལྕེ་བདུན། ཟ་བ་པོ། ཟ་ཕོད། ནག་འཕྲོ། མུན་པ་སེལ། །སྔགས་བདུན། མར་ལྡན། གསར་ལྡན་དང་། །

འབར་བྱེད། རྒྱལ་བྱེད། འཚོལ་བྱེད་དང་། །གཙུག་ཕུད་ཅན་དང་། མུན་པ་འཇོམས། །པུ་གར་འགྲོ་དང་། ལྷ་ལ་རྡེག །ཁ་བའི་སྒྲ་དང་། འོད་བྱེད་དང་། འོད་ཀྱི་ཤིང་རྟ། དུ་བའི་ཏོག །བཞོན་པ་དཀར་པོ། གནས་བྱེད་དང་། །སྐྱེད་བྱེད་དང་ནི། གྲང་

བསེལ། །འོད་བྱེད་དང་ནི། རྣམ་གསལ་བྱེད། ཙི་ཏྲ་ཊཱི་རཾ་ཀུ་ཥ་ཀུ། །ཆར་པ་གཡོ་དང་། སྦྱིན་སྲེག་ལག །སེར་པོ། སྦྱོར་བྱེད། པྲ་རཱ་ཀུ། །གཅོད་བྱེད། སྣང་བྱེད། སྣུན་པ་འཛིན། །གསེར་འབར། ནོར་སྐྱེས། རྡོ་ལས་སྐྱེས། །འགྲོ་འཛིན།

མུན་གནས། ཟ་བྱེད་དང་། །དཀར་ལས་གཞན་འགྲོ། གྱེན་མེ་ལྕེ། །ཞི་བར་གནས་པ་རྣམས་སུ་འགྱུར། ༡༠༧ །ཆགས་སྡིག་ཅན་མང་མེ་མ་དང་། །ལེགས་སྦྱིན་མ་དང་། མེའི་དགའ་མ། ༩ །མེ་ཡི་རྟ་ནི། གསེར་རྩེན་མ། ༡ །འོད་མེ་གཟི་བརྗིད་ལྡན་པ་

བྷཱ། ༡ །དེ་ནས་དབྱིག་མ། གསེར་མ་དང་། །དམར་ནག་མ་དང་། འོད་བཟང་མ། །གཟུགས་མང་མ་དང་། ཤིན་ཏུ་དམར། །ལྕེ་བདུན་མ་དང་། སྦྱིན་སྲེག་ལག ། ༧ །རྒོད་མ་ཁ་དང་། བརླ་སྐྱེས་དང་། །རྒོད་མ་སྐྱེས་དང་། རྒོད་མའི་མེ། །བཱ་ཤི་སྐྱེས་དང་། བུད་

ཤིང་ཅན། །བྱེད་པའི་རྒྱལ་མཚན། ཆུའི་བུད་ཤིང་། །ས་འོག་འདིར་ཡང་མ་ནིང་རྟགས། ༢ །མེ་ཡི་ཕུང་པོ་ཤིང་མཆོག་སྲེག ། ༢ ། ནགས་མེ། ཤིང་སྐྱེ་ཤིང་སྲེག་དང་། །སྲེག་བྱེད། མི་བཟང་། ཛྷི་ཀི་ལཱ། ༦ །ལྕི་བའི་མེ་དང་། ལྕི་བ་སྐྱེས། །ཀཪྵཱུ་པཱ་ཏཱ་ལཾ། དང་

ནི་ཙྪ་ག་ཎ། ཨག་ཚར་ཅན། ༤ །སྦུར་མེ་དང་ནི་མེ་མ་མུར། །ཀུ་ཀཱུ་ལ་དང་མུ་རྨུ་ར། ༤ །རྩྭ་ཡི་མེ་དང་མཉམ་སྒྲོལ་ལོ། །རིམས་ཀྱི་མེ་དང་ལྷག་པར་སེམས། ༢ །བྱ་གག་སྲེག་བྱེད་སྐར་མདའ་དང་། །སུམ་ཀ་ན་དང་། བྱ་གག་མེར། ༤ །རླངས་པ་གྱེན་འཕྱུར། ཨ་བ་ཐུ། །

Vol. 212 · folio 80a

འབར་བའི་མེ་ནི། དེས་སྦྱིན་སྲེག །༡།མེ་ལྕེ། རྙེད་ཟ་འབར་བ་དང་། །ཕུར་བུ། ཧི་ཏི། ཤི་ཁའོ། ༥ །མེ་སྟག །མཁའ་སྐྱེས། མེའི་ཟེགས་མ། ༣ །མགལ་མེ་དང་ནི། སོལ་བ་འབར། ༢ །ཀུན་ཏུ་གདུང་བྱེད་ཚད་རིམས་སོ། ༢ །ལུས་

འཛིན། གཡོ་བྱེད། ཁུ་བྱུག་ཅན། །དྲ་བ་མེད་པ་ཞེས་པ་ཡང་། །ཐལ་བ། བྷུ་ཏི། སྦས་མ། བྷ་ནི་ཏ། །སརྦྤ་ཊ། གཙུག་ཕུད་དོ། །དང་། ཨརྦྤ་ཊ། །རཀྵ། ན་རི། འགྱུར་བའོ། ༦ །དུ་བ་མང་པོ། །དུ་བའི་ཚོགས། །དུ་བ་འགྲོ་བྱེད་མེ་མང་ལུས་ཀྱི་མེ།

སྐྱེས། །མེ་ཡི་རྒྱལ་མཚན་སྐྲ་ཡི་ཕྲེང་། །རླུང་འགྲོ་ནམ་མཁའི་ཏ་མཱ་ལ། །གཡོ་བྱེད་སྤྲིན་གྱི་བཞོན་པའོ། ༩ །ཆོས་ཀྱི་རྒྱལ་པོ་ཕ་གཤིན་བདག །འཚེ་བའི་དབང་ཕྱུག་གཤིན་རྗེའི་རྒྱལ། །ཞི་བྱེད་གཤིན་རྗེ་མཚུངས་འཇུག་དང་། །ལྷོ་ཕྱོགས་བདག་པོ་མཐར་བྱེད་

དང་། །གྲངས་ཅན། བྱས་མཐའ། ཀཱི་ནཱ་ཤ། །མ་ཧེའི་རྒྱལ་མཚན། ཆད་པ་འཛིན། །ཀུན་འདོད། རྙིང་ལྷོ་ཕྱོགས་བདག་བོ་ལ་མིང་ཉེར་དྲུག། གནས། གཤིན་གྱི་རྒྱལ། །དུས་འཛིན། འཕྲོག་བྱེད། ཡི་དགས་བདག །དབྱུག་འཛིན་ལྟོ་བཅས་ཀ་ལིནྡཱི། །

ཉི་མའི་བུ་དང་མཚུན་གྱི་ལྷ། །ཆད་པ་ཅན་དང་དགའ་བྱེད་དོ། ༢༦ །འདི་ཡི་ཆུང་མ་དུད་པས་འགེགས། ༡ །གྲོང་ནི་ཡང་དག་འགོག་ཅེས་བྱ། ༡ །མདུན་པའི་མིང་ནི་ཉི་མ་ཅན། །ཀཱ་ཎཱི་ཙཱི་ནི་རྣམ་སྤྱོད་པ། །པཉྩ་ཀ་ཏྭ་གྲི་སནྣཱ་ལི། ༡ །སྣ་ཚོགས་སྦས་པ། ཡི་གེ་པ། ༡ །

གཡོག་ནི། གཏུམ་པོ། གཏུམ་ཆེན་དག །༢ །སྲིན་པོའི་དབང་པོ་སྒྲ་སྒྲོགས་དང་། །ལངྐའི་བདག་དང་གདོང་མང་པོ། །གདོང་བཅུ་པ་དང་། མགྲིན་བཅུ་པ། །དལ་འཛིན་ལྟོ་དགའ། དགའ་བྱེད། དཀའ་འགྲེལ་ནི་མཆོག་དམ་པ་སྒྲུབས། སྒྲ། །དལ་འཛིན་ང་རྒྱལ་འོད་

ཡངས་བུ། །འོད་ཡངས་སྐྱེས་དང་གནས་བདེན་བྲལ་ཕྱོགས་བདག་སྲིན་པོ་ལ་མིང་བཅུ་གསུམ། བཞི་པ། །ནོར་སྦྱིན་གཅུང་པོ་རྣམས་ཡིན་ནོ། ༡༣ །དབང་པོ་འདུལ་དང་། སྤྲིན་གྱི་སྒྲ། ༢ །ལངྐའི་བདག་པོའི་གྲོང་ལངྐ། ༡ །རྩེད་མོའི་མཚོ་ནི་དྲ་བ་ཅན། །རྩེ་བའི་ས་ནི་འཆི་

Vol. 212 · folio 80b

མེད་ཕྲད། ༡ །སྐྱེད་ཚལ་མྱ་ངན་མེད་པའི་སྟོབས། ༡ །རལ་གྲི་ཟླ་བ་དགོད་པའོ། ༡ །འདི་ཡི་སྦུན་ཟླ་ཆུང་བ་དག །བུམ་པའི་རྣ་བ་འཇིགས་བྱེད་དོ། ༡ །དམག་དཔོན་ལག་མཆོག་འབྱང་བ་པོ། ༢ །བློན་པོ་འགྲོ་བྱེད་དང་ནེ་ཙོ། ༢ །སློབ་མ། ཞིབ་མ། མཁའ་རྗེས་སྐྱེས། ༢ །སྲིང་མོའི་

བདག་པོ་གསེར་ཞེས་བྱ། ༡ །འོད་ཟེར། གསེར་གྱི་དགའ་བྱེད་དོ། ༡ །སྟེང་ཀ་གསེར་གྱི་པདྨ་ཅན། །འོད་ཟེར་སྐྱེད་པར་བྱེད་པའོ། ༢ །སྲིན་སི་ཤིཏྲ་ཤན། པོ་རོ་ཟན་ཤ་རྗེ་ན་ཟ། །ཤ་ཟ་དང་ནི། གསོད་བདག་སྐྱེས། །མཚན་མོ་རྒྱུ་དང་མཚན་མོ་སྤྱོད། །སྣ་ཚོགས་

མདོག་དང་ཤ་ཡི་ཟས། །ཁྲག་འཐུང་ཤ་ཟ་ཤ་ཟ་དང་། །ཤ་འགུགས་དང་ནི། ཐུན་མཚམས་སྟོབས། །མཚན་མོ་ཟ་དང་སྲིན་པོ་སྤྱིའི་མིང་ཞེ་གཉིས། །སྲོད་ལ་ཟ། །སྲོད་ལ་རྒྱུ་བ་ཀུན་ཏུ་རྒྱུ། །འཚེ་བྱེད། ཕུར་འདེབས། ཁྲག་རྒྱུན་འཐུང་། །མི་ལ་འཚེ་དང་། འགྲོ་

བ་འཛིན། །བསོད་བ་ལཱ་ཤྲཱི། བ་ལཱ་ཤཿ ནམས་སྐྱེ་བོ། བདེན་བྲལ་དང་། །རྗེས་སུ་འཇུག་དང་། སྲུང་བ་པ། །མཁའ་འགྲོ་སྐྱེས་དང་མི་ལ་ལྟ། །ཞི་བའི་གོ་འཕང་། བི་ཐུ་ར། །ཤ་འཛིན། ཚོགས་རེངས། གསོད་བདག་བུ། །རབ་འབབ། ཤ་དགའ།

མཚན་མོའི་སྟོབས། །མགོ་གསུམ་པ་དང་མཆུ་དམར་བ། །མགྲིན་དམར། འཇིགས་མེད། ཟ་བྱེད་དོ། །འདི་ཡི་འདུན་ས་ལུས་ནག་མོ། ༡ །ཤ་ཟ་ཀཱ་པི་ས་སྐྱེས་དང་། །བུམ་ཅན་སྐྱེས་དང་། ཆང་བུ་ཅན། །མཆོག་སེམས་མཆོག་སྦྱིན་ཞགས་པ་ཅན། །ཆུ་སྐྱེས་

བདག་དང་། ཆུ་ཡི་བདག། །འབྲུག་སྒྲ་ཅན་ཛལ་ལོ་ཏིཏ། །དང་ལྷ་མིན་ལྷ། །བསིལ་བ་འཛིན་དང་། གཞན་ལས་རྒྱལ། །ཆུ་ལྡན་དང་ནི། བལླུ་བྷ། །ནུབ་ཕྱོགས་བདག་དང་། ནགས་ཚལ་ཅན། ༡༣ །རླུང་བདག་ཆུ་ལྷ་ལ་མིང་བཅུ་གསུམ། ནུབ་ཕྱོགས་བདག་པོ། དབུགས་

འབྱིན་འགྲོ་བྱེད་རླུང་། །ཡང་དག་རྒྱུག་དང་། འགྲོ་བའི་ངང་། །ནམ་མཁའི་སྲོག་དང་ནམ་མཁའི་དབུགས། །འགྲོ་བའི་སྲོག་དང་། འགྲོ་བའི་སྟོབས། །དྲི་བཞོན། དྲི་མིན། རླུང་དམར་རླུང་། །ཐོབ་བྱེད། འགྲོ་བྱེད། རྟག་འགྲོ་དང་། །སྲོག་དང་། དག་བྱེད།

Vol. 212 · folio 81a

རབ་འཇོམས་བྱེད། །མ་མོས་འཕེལ་དང་། མཁའ་ལ་རྒྱུ། །མྱུར་བྱེད། རྟག་དེ། གནས་མེད་དང་། །མྱུར་འགྲོ་ལོངས་སྤྱོད་མཛེས་པ་དང་། །གཡོ་བྱེད་རྡུལ་གྱི་ཁ་ལོ་པ། །རྒྱལ་མཚན་རབ་གཡོ། རྡུལ་རྒྱལ་མཚན། །མཚོ་ལྡན་དང་ནི།

མཚོ་བྱེད་དང་། །སྟོབས་ལྷ་གཡོ་དང་། མགུལ་པ་དང་། །མཚོན་མི་ཟླ་བ། སྟོབས་ཆེན་དང་། གཏོང་བྱེད། འདོད་བྱེད། འགྲོ་བྱེད་དང་། །རེག་ལྡན། མི་ཕམ་འཕྲོག་བྱེད་དང་། །ན་གྷ་ཌ་དང་། བུ་ག་འཛིན། །མརྐ་རྩེ་མོ། ཀུན་ཏུ་རྒྱུ། །རྒྱུན་གྱི་སྟོབས་

དང་། རྒྱུག་བྱེད་དོ། ༥༢ །པྲྀ་ཥ་རྡ་རི་འདི་ཡི་དྷ། ༡།སྲོག་དང་། ཐུར་སེལ། མཉམ་གནས་དང་། ཁྱབ་བྱེད་དང་ནི། གྱེན་རྒྱུའི་རླུང་། །འདི་རྣམས་སྙིང་ག །བཤང་ལམ་སྟེ། །ལུས་ཀུན་དང་ནི་མགྲིན་པར་གནས། ༥ །རླུང་གི་དཀྱིལ་འཁོར། པཱ་ཏཱ་ལི། །བཱ་ཏྱཱ། ཨཱ་སི་གི་ནཱིའོ། ༤ །

བཱ་ཏུ་ལ་དང་། རླུང་ཕྲན་ནོ། ༡།པཱ་ཏྱཱ་དང་ནི། རླུང་གི་ཚོགས། ༢ །དྷ་བི་ཏྲཾ་ནི། འདེགས་པའི་རླུང་། ༡ །ཀ་རུཿ གྱེན་རྒྱུ་འདེགས་པའི་རླུང་། ༡ །ཕུ་ལཱུ་ཧྲ་ས།། སྤྲུལ་གྱི་རླུང་། ༡ །ལྷ་ཡི་རླུང་ནི། ཀུ་ཐེ་ར། །ཛྷ་ཉྫ་ནི་ལ། ཆར་འབེབས་སྐྱེས། ༡ །ཧི་མ་ཛྷཱ་ནི། ཁ་བའི་རླུང་། ༡ །མ་

དྷཱུ། མ་རུ་ཏ་དྲི་ཡི་ཀླུང་། །མ་ལ་ཡ་རླུང་། བཱ་སནྟ། ༤ །གཞི་ལས་སྐྱེས་པ། རྒྱུ་བའི་རླུང་། །དེ་ལ་སྐེམ་བྱེད་ཀུན་འགྲོའི་རླུང་། ༢ །རྒྱུག་དང་། ཤུགས་དང་། འགྲོས་སྐྱོད་བྱེད། །བང་དང་། རང་འགྲོ། མགྱོགས་རྟ་འདྲ། ༢ །མགྱོགས་པར་ལ་གོར། མྱུར་ཅིག་

ཅར། ཡང་དང་། མྱུར་བ། མྱུར་དུ་གཡོ། དཔྱིད། །མྱུར་དང་། མྱུར་བ་མ་ཐོགས་པ། །མཾ་ཀྵུ། ཨརྫ་སཱ། སྐད་ཅིག །མི་འགོར་བ་དང་། དར་ཙམ་མོ། ༡༦ །རྟག་ཏུ། རྒྱུན་དུ། སྐབས་མེད་དང་། །རྒྱུན་མི་འཆད་དང་། རྟག་པ་དང་། བར་མེད་པ་དང་།

ཤཱི་གྷཱི། གཱི་སྲ། ཨ་ཤུ། ལྟོས་མེད་དང་། རེས་འགའ་ཏུ་ཏཾ། རུ་རུ། མིན་དང་བར་མ་ཆད། ༩ །དེ་ནས་རབ་འབད་ཤིན་ཏུའི་དོན། །ངེས་པ་མཐའ་གཅིག །ངེས་འབད་དང་། ཡོངས་ཐོབ། ཚད་མེད། ཤིན་ཏུ་ལུགས། །ངེས་འདོད། འདོད་དང་། རབ་འདོད་

Vol. 212 · folio 81b

དང་། །རྟག་ཏུ་བོར་དང་ངེས་པར་དང་། །ནན་ཏར། བརྟན་པར། ཤིན་ཏུ་གཞུངས། །ཤིན་ཏུ་དྲག་པོར། ཏེ་བོར་དང་། །ཕུལ་བྱུང་དང་ནི་འབད་པའོ། །དཔལ་སྟེར། ལུས་ངན། མི་ལ་ཞོན། །རྒྱལ་པོའི་རྒྱལ་པོ་གནོད་སྦྱིན་དང་། །རྣ་རྒྱན་གཅིག་པ་ནོར་གྱི་བདག །

གནོད་སྦྱིན་རྒྱལ་པོ་འདོད་པའི་ནོར། །ནོར་སྦྱིན་མི་ཡི་ཆོས་ལྡན་དང་། །འོད་ཡངས། ཚ་བོ། རྣམ་ཐོས་སྲས། །བསོད་ནམས་སྐྱེ་བོའི་དབང་ཕྱུག་དང་། །བྱང་ཕྱོགས་བདག་པོ། ཀུན་རཿ། ལུས་ངན་དང་ནི་མིག་གསུམ་གྲོགས། །ནོར་རྩེན་དང་ནི་ཤ་ཟ་ཅན། །ཞི་བ། མིག་སྐྱ།

ཨི་ལའི་རྒྱུད། །གཏེར་ཅན། མི་འམ་ཅིའི་དབང་ཕྱུག །ལྟོ་དཀར་བུག་ལྡན། རྟག་བདེ་བྱེད། །གསང་བ་པའི་དབང་། བྱང་ཕྱོགས་བདག །ནོར་བདག་ནོར་ལྡན་པདྨས་མཚན། །ཀུ་ད་ནུ། རིན་ཆེན་སྙིང་པོ་སྙིང་སྟོབས་ཆེ། །རྩ་གསུམ་པ་དང་མི་ཅིའི་རྒྱལ། ༣༥ །འདི་ཡི་ཕོ་

བྲང་ལྕང་ལོ་ཅན། །ཤིང་རྟ་སྣ་ཚོགས། འདིའི་སྐྱེད་ཚལ། །གཞལ་མེད་ཁང་ནི། མེ་ཏོག་ཅན། །འདི་ཡི་རྩེད་གནས། །ཀཻ་ལཱ་པ། །བུ་ཨརྠ་བ་རི། ནི་ནཱ་ལ་ཀུ་བེ་ར། །རྣ་བའི་སྙན་དག །མི་ཅིའི་རྒྱལ། ༢ །ལྟོ་བ་ངན་དང་ཉེར་བཞག་དང་། །དེས་གནས།

སྟན་འཛིན། གཏེར་དུ་གྱུར། །དུང་དང་པདྨ་པདྨ་ཆེ། །འབྱིན་བྱེད། ཆུ་སྲིན། རུས་སྦལ་ཅན། །རྔ་ཅན། སྔོན་པོ། དགའ་བ་ཅན། །འདི་རྣམས་གཏེར་གྱི་དབྱེ་བ་དགུ། །མཐའ་མེད་རྒྱས་བྱེད། ཁྱབ་འཇུག་གནས། །ཀུན་འགྲོ། སྒྲ་སྒྲོགས། ལྷ་ཡི་ལམ། །

རླུང་ལམ། སྤྲིན་ལམ། མཁའ། ནམ་མཁའ། །བར་སྣང་། མི་གཡོ། ཀུན་གསལ་དང་། །རྣམ་འགྲོ། ལུས་མེད། མི་འགྱུར་དང་། །ཀུན་ཁྱབ། གནམ་དང་། ནམ་མཁའི་མིང་། འགྲོ་མེད་དང་། །ལྷས་རྩེན། རོལ་གནས། རྒྱུ་སྐར་ལམ། །སྐྱེ་མེད་

གནས་དང་། གསལ་གནས་དང་། །དེ་རི་ཧཱ་ཎཿ ཞེས་པ་རྣམས། ༢༥ །ཕྱོགས་དང་ཉི་སྟོན། གསལ་གནས་དང་། །ཀུན་ཁྱབ། འཕྲོག་བྱེད། སྟོན་བྱེད་དོ། ༦ །ཉི་མ་ཤར་ལས་སྔ་དྲོ་དང་། །གུང་དང་། ཕྱི་དྲོའོ། །ཨ་བཱ་ཙི། །ལྷོའོ། །ནུབ་ཕྱོགས་པྲ་ཏཱི་ཙཱི། །དེ་

Vol. 212 · folio 82a

ཡང་ཟླ་བ་གནས་པའོ། །བྱང་གི་ཨུ་དཱི་ཙི་རུ་འདོད། །འགའ་ཞིག་ཟླ་བ་དེ་གནས་སོ། །དམྱལ་བ་འོག་དང་། ཨ་བཱ་ཙཱི། ༡།ཚངས་པ་སྟེང་གི་ཕྱོགས་སུ་དྲན། ༡།ཨུ་བ་རིཥྚ། ཨུ་བརྨུ། ཨ་བཱ་གདྷ་ཨདྷྱ་སྟེང་། ༢ །པྲཱ་ཙཱི་ན། ཨ་པ་ཙཱི་

ནཾ། །པྲ་ཏཱི་ཙཱི་ནཾ་རིམ་པ་བཞིན། །ཨུ་དཱི་ཙཱི་ནཾ། ཨ་པཱ་ཙཱི་ནཾ། །ཤར་ཕྱོགས་དེ་དངོས་ལ་གསུམ་རྣམས། །པྲཱ་ཀ་དང་། ཨ་པཱ་ཀ །པྲ་ཏྱཀ །སོགས། །ཡུལ་ཕྱོགས་དུས་ལས་མི་ཟད་པའོ། །དེ་དངོས་བརྗོད་སྟེང་བྱའི་རྟགས་རྣམས་འོག་ནི། །ཤར་སྟོན་ལྷོ་

ལ་ཕྱོགས་དངོས་གསུམ་རྣམས་སོ། །པྲ་ཙྱཱ། ཨ་པཱ་ཙྱ། པྲ་ཏཱི་ཙྱ། དེ་དངོས་ཨུ་དཱི་ཙྱ་བཞིན་གསུམ། །ཤར། དེ་ཡིས་ལྷོ། ནུབ། སྐད་ཅིག་སོགས་བཤད་ལ། །ཕྱོགས་དངོས་བསྟན་པ་བཞིན་དུ་འགྱུར། །ཤར་སོགས་ཀྱི་ཕྱོགས་མགོན་པོ་ནི། །དབང་པོ་མེ་

ལྷ་གཤིན་རྗེ་དང་། །བདེན་བྲལ་ཤར། ཆུ་ལྷ་ལྷོ། ནུབ། རླུང་ལྷ་དང་། །ནོར་སྦྱིན་བདེ་བྱེད་གོ་རིམས་བཞིན། །ས་སྲུངས་གླང་པོ་བུ་དང་པད་དཀར་ཅན། །གཡོན་ཕྱོགས་པ་དང་ས་ལ་དགའ། །གསལ་ཤར་རམ་སྔར། ལྷོ་བྱེད་ནུབ། མེ་ཏོག་སོ་ཅན་དང་།

ས་ཀུན་ས་དང་ལེགས་གྲགས་དང་། །བརྒྱད་པོ་ཕྱོགས་ཀྱི་གླང་པོའོ། ༨ །གླང་མོ་རིམ་བཞིན་སྤྲིན་གྲོལ་མ། །དམར་སེར་སེར་ཕྱོགས་སྲུངས། སྐྱ། དཔེ་མེད་མ། །ཟངས་སྣ་མ་དང་། སོ་ལེགས་མ། །ཡན་ལག་མཛེས་དང་གསལ་ལྡན་མའོ། ༨ །ཉི་མ་དང་ནི་ངན་

སྤོང་བུ། །ས་སྐྱེས། མཐོ་རིས་སྣང་བྱེད་དང་། །ཉེ་སྐྱེས་སྒྲ་གཅན། ཕུར་བུ་དང་། །ལྷག་པ་འདི་རྣམས་ཕྱོགས་བདག་གཟའ། །ཕྱོགས་བྲལ་ཕྱོགས་པར་ཕྱོགས་མཚམས་སོ། ༣ །བར་དང་། ཨ་ནྟ་རཱ་ལཾ་ལའོ། །འཁོར་ཡུག་དང་ནི་དཀྱིལ་འཁོར་རོ། ༢ །ཚངས་

འཇོམས། ཆར་སྤྲིན། དགའ་བྱེད་དང་། །ཆུ་ཁུར། རྒྱུན་འཛིན། ཆུ་འབེབས་དང་། །ཆུ་འཛིན། ཆུ་འགྱེད། མཁའི་རྒྱལ་མཚན། །དུ་བའི་སྐྱེ་གནས། ནམ་མཁའི་གླིང་། །མཁའ་ཡི་གླང་པོ་མཁའ་ལ་རྒྱུ། །འཁྲུད་བྱེད། སྒྲོགས་བྱེད། སྤྲིན་གྱི་མིང་།

Vol. 212 · folio 82b

ཆུ་སྦྱིན་དང་། །གློག་ལྡན། ནམ་མཁའི་ཏ་མཱ་ལ། །རྒྱུན་སྦྱིན། ཆུ་གནས། ཆུའི་བཞོན་པ། །རྒྱས་བྱེད་ནམ་མཁའི་དུ་བ་དང་། །མྱོས་བྱེད་ལྷ་གནས་རླུང་གི་ཤིང་། །རླུང་གི་ཤིང་རྟ་ཆུ་འཛིན་དང་། །གཤེར་འཛིན། ཆུ་བསྐྱོད། གྲཱ་བཱ་དང་། །ལགས་འདུལ། ཆར་

ལྡན། ས་ལ་འབབ། །ནགས་ཚལ་སྐྱེད་དང་། ཆུ་གཡོའོ། །གྷ་ན་གྷ་ན་ཆར་ལྡན་སྤྲིན། །སྒྲ་ལྡན་སྤྲིན་ནི་པདྨ་ཎཱི། ༡ །སྤྲིན་ཕྲེང་དང་ནི། སྤྲིན་ནག་དང་། །ཆུ་སྐྱར་གནས་དང་། ཀཱ་ལི་ཀཱ། ༤ །མི་ཡི་ལུས་སྒྲིབ་ཀཱ་ལི་ཀཱ། །ངེས་སྒྲོགས། ཆུ་འཐོར། སྒྲོགས་བྱེད་

དང་། །སྒྲ་སྒྲོགས། འུར་སྒྲོགས། སྒྲ་ལྡན་དང་། །གྲགས་སྤྲིན་བྱེ་བྲག་པའི་མིང་། སྟུག་དང་སྟུག་མེད། བྱེད་དང་ནི་ཐོག་སྒྲ་ཅན། །བཅུད་འབེབས་མ་དང་། སྒྲོགས་ལྡན་མའོ། ༡༠ །འཁྲུད་བྱེད་ཆུ་འཛིན་རྟགས་གསུམ་པའོ། །སྤྲིན་སྒྲ་བཅས་ཀྱི་མིང་། ལེགས་འདུལ། འཁྱུད་

བྱེད། སྐྱོད་བྱེད་དང་། །གློག་དང་། གཡོ་བྱེད། ཉམས་མྱོང་དང་། །གནམ་གསལ་གནམ་ལྕགས། གསལ་ལྡན་དང་། །ས་འཇོམས་ས་སྲུངས། སེ་གོལ་འོད། །སྐད་ཅིག་པ་དང་། སྐད་ཅིག་འོད། །འཇུག་པ་བརྒྱ་པ་སྒྲ་བརྒྱ་པ། །སྤྲིན་གྱི་ལྕུག་མ། སྒྲོགས་

བྱེད་མ། །བདེ་འཐུང་རྣམ་བཀྲ་སྣ་ཚོགས་དང་། །གཞི་སྔོན་སྐྱེས་དང་། ལུས་ཕྲ་དང་། མི་བརྟན། ཆུ་སྦྱིན། ཆུ་ཕྲན་མའོ། ༣༦ །ཐོག་གི་སྒྲ་དང་། རྡོ་རྗེའི་སྒྲ། ༡ །སྤྲིན་གྱི་མེ་དང་། ཆུ་འཛིན་སྐྱེས། ༢ །སྤྲིན་གྱི་ཐོག་ནི། ཨུཀྐཿའོ། །ངེས་འཇོམས་ནམ་མཁའི་ཐོ་བའོ། ༡ །

དབང་པོའི་གཞུ་དང་། རླུང་གི་འབྲས། །བུ་ལོ་མ་སྐྱེས་བདག་མོའི་གཞུ། ༣ །དེ་ཉིད་འཁྱོག་པ་རོ་ཧི་ཏ། །དེ་ཉིད་དྲང་པོར་ཤར་ལཾ། ༢ །དབང་པོའི་ཤིང་བ་ལ། རྒན་པོའི་ཐིག །རླུང་གི་རྒྱལ་མཚན་སོས་ག་བཞད། །རས་བལ་རྒྱུད་དང་། རླུང་གི་བལ། ༦ །ཆར་པ་ཞོད་དང་། ཆར་

འབབ་དང་། །སའི་མར། བདུད་རྩི་གཡོ་བའོ། ༥ །དེའི་གེགས། ཐེན་པ། ཐེན་ཆེན་དག །༡།ཐིག་ལེ། པྲྀ་ཥད། ཕོ་ཡིན་ཏེ། །པི་འཇའ་ཚོན་དྲང་འཁྱོག་གི་མིང་། སྲུཊ། བྲི་ཥཊ། བུད་མེད་དོ། ༤ །རྒྱུན་གྱི་མྱུ་གུ་ཆར་རྡུལ་དང་། །ངེས་འདོར། ཆུ་ཡི་ཟེགས་མའོ། ༢ །སེར་

Vol. 212 · folio 83a

བའི་རྒྱུན་ནི་དྲག་ཆར་རོ། ༡ །སེར་བ། རྡོ་ཆར། སྤྲིན་གྱི་རྡོ། །སྤྲིན་གྱི་ཀ་ཕ་སྤྲིན་མེ་ཏོག །ས་ལ་རྒྱུན་དང་། སྤྲིན་གོང་བུ། སྤྲིན་གྱི་ཌིམྨཾ། ཆུ་ཌིམྨཾ། །ཆུ་འཁྲིགས་ཆུ་ཡི་ས་བོན་དང་། །རླུང་གི་འབྲས་བུ། སྤྲིན་རུས་པ། །ཀ་རཱ་ཀཿདང་ཀ་རཿདང་།

རྒྱུན་གྱི་མྱུ་གུ། ཆར་ས་བོན། །བཞི་མདོའི་ཕྱག་དར་ཞེས་པ་རྣམས། ༡༨ །སེར་བའི་མིང་། ཀ་ར་ཀ། རླུང་གི་གུནྨ། ཆུ་ཡི་འཁྱིལ། །ཟེགས་མའི་ལྟོ་བ། ཆུའི་མྱུ་གུ། ༤ །ཡུལ་ངན་སྤྲིན་གྱི་རབ་རིབ་དང་། །ཉིན་མོ་སྤྲིན་རྣམས་འཁྲིགས་པའོ། ༨ །སྤྱི་བྲགས་དང་སེར་བ། མུན་པ་ཐག་པ་དང་སེར་བ།

མི་སྣང་། ཐིབས་པོ་འཐིབས། །སྒྲིབ། གཡོགས། མི་མངོན། མི་གསལ་དང་། །ཀུན་ཁེབས། ཁེབས་དང་། མི་མངོན་པའོ། །ཞེས་པ་ཕྱོགས་ཀྱི་བདག་པོའི་རབ་ཏུ་བྱེད་པའོ། །༡༡ །བདུད་རྩིའི་འོད་དང་། འོད་དཀར་ཅན། །བསིལ་ཟེར་ཅན་དང་། སིམ་བྱེད་དང་། །

ཚེས་བདག །ཆགས་བྱེད། རྒྱ་མཚོ་དགའ། །མིག་གསུམ་པ་ཡི་གཙུག་གི་ནོར། །མཚན་མོའི་ནོར་བུ་མིག་གསུམ་འཛིན། །ག་བུར། དབང་པོ། །མཚན་མོའི་བདག །ཆབ་གཏེར། མཁའ་མཐོང་། མཚན་མོར་བྱེད། །བ་ལ། ཀྵ་གུ་ཕྱོགས་སྐྱེས་དང་། སྣར་

མའི་བདག་དང་། རི་དགས་མཚན། །ཕྱག་འོས། མཐོང་དབང་། བདུད་རྩིའི་མཚན། །རི་བོང་ཅན་དང་། ཡོངས་སུ་འགྲིབ། །འཕྲོག་བྱེད། མཆོད་སྦྱིན་བདག་པོ་དང་། །རྣམ་བྱེད། སྨན་དབང་། སྐར་མ་འཚེ། །ཀུ་མུད་གཉེན་དང་པདྨས་མཚན། །རི་དགས་

གྲིབ་མ་འཛིན་པ་དང་། །རི་བོང་མཚན་མ་འགྲིབ་བྱེད་དང་། །རྡུལ་གྱི་ཐིག་ལེ་དཀར་པོ་དང་། །ཤར་གྱི་ཐིག་ལེ། གཉིས་སྐྱེས་རྒྱལ། །རི་བོང་འཛིན་དང་། རྒྱལ་པོ་དང་། །གསལ་བའི་བུ་མོའི་བདག་པོ་དང་། །རྒྱུ་སྐར། མུ་ཁྱུད། རྒྱུ་སྐར་གཙོ། །གཟའ་ཡི་མུ་ཁྱུད་འཚོ་བྱེད་དང་། །

དཀར་ལྡན། བསིལ་ལྡན། ཁ་བའི་འོད། །རྒྱ་མཚོའི་མར་སར། མུན་འཇོམས་དང་། །མུན་པ་སེལ་དང་། ཚིགས་ལྡན་དང་། ཁྱོམ་ཙམ། ནམ་མཁའི་རྣ་བ། ད་ཡཱ། བརྩེ་བ་ཅན། །སྲིད་བྱེད། ཨེ་ཎ་པི་བྲྀ་དང་། །བདུད་རྩི་སྤྲོ་དང་། གྲིབ་མའི་ལུས། །རྟ་དཀར། ཆུ་སྐྱེས་

Vol. 212 · folio 83b

ནད་ཅན་དང་། ཕྱོགས་སྐྱེ་བ་དང་། རྒྱལ་པོའི་རྒྱལ། །རྣམ་པར་སྣང་བྱེད། སྟེང་འཕུར་དང་། །སྲི་སྲ། རྒྱལ་བྱེད། དཀའ་ཐུབ་ཅན། །གསུམ་དགའ་གཤེར་ལྡན། བི་ཀུ་ཤྲ། །སྣ་ཚོགས་ཟ་དང་སྲུང་བྱེད་དང་། །ཀཻ་ར་བི་ཎཱི་དགའ་བ་དང་། །བློ་བཟང་སྲིད་ལྡན་ན་ཚོད་ཅན། །

འགྲོ་བྱེད་དང་ནི། མུ་ཁྱུད་ཅན། །རི་བོང་གྲིབ་མ། ཐོས་ལྡན་དབང་། །རྒས་ལྡན་གཅིག་སྐྱེས། རྒྱ་མཚོ་སྐྱེས། ༨༤ །ཤིང་རྟ་འཚེ་མའི་དྲ་བ་ཅན། །དུང་རབ་གནས་ཞེས་བྱ་བའོ། ༡ །ངན་སྤང་སྐྱེས་ནི་དབྱངས་བཅུ་པ། ༡ །ལུགས་ཀྱི་དབྱངས་ནི་ཕུར་བུའོ། ༢ །ཆ་ནི་བཅུ་དྲུག་ཆ་

ཤས་སོ། །གཟུགས་ཅན་དང་ནི་དཀྱིལ་འཁོར་རོ། ༢ །དུམ་བུ། རང་ནད་ཅན་དང་འགྲིབ་བྱེད་སོགས་མར་ངོའི་ཆ་ལ་རྟག་པར་གསལ་ལོ། །ཆ་དང་། ཞོགས་མ་དང་། །དབྱེ་བ་དང་ནི་ཕྱེད་མའོ། ༥ །པ་བསངས་ཕུར་བུ་གཉིས་འོད་ཆེ་བས་ཟླ་བའི་བློན་པོ་ལྟ་བུར་དགོངས་ནས་བཀོད་པ་འདྲ། ཕྱེད་དང་། མཉམ་དང་། ཆ་

ཤས་ཅན། ༣ །ཀུ་མུད་ཅན་དང་། ཀཻ་ར་བཱི། སྣང་ལྡན། བསིལ་ལྡན། ཟླ་བ་ཡི། །ར་བ་ཟླ་འོད་ཟླ་བའི་ཕྲེང་། ༧ །ཁང་བཟང་རབ་ཏུ་དང་པའོ། ༡ །མཛེས་དང་། སྟུག་དང་། དང་བ་དང་། །གྲིབ་མ་ལེགས་དང་། །མངོན་པར་གསལ། །སྣང་བ་དང་ནི། དཔལ་རྣམས་

སོ། ༨ །ལེགས་ཟླ་བའི་འོད་ཀོར་གྱི། མཉམ་མ་དང་། མཆོག་མཛེས་མ། ༢ །མཛེས་མ་དང་ནི། ཏོག་གི་མིང་། དགའ་མའོ། །མཚན་བྱེད། མཚན་ཉིད། མཚོན་པ་དང་། །རྟགས་ཅན་ཨངྒ་མཚན་མ་ཅན། །མངོན་པར་ཤེས་བྱེད་རྟགས་མཚན་ནོ། ༨།བ་མོ་དང་ནི་ཁུག་

རྣ་དང་། །ཆར་སྐྱ། ཁུ་འཕང་། གངས་སྐྱེས་དང་། །ས་ཅན་ནམ་མཁའི་རླངས་པ་དང་། །མཁའ་ཡི་ཆུ་དང་། རྡུལ་གྱི་ཆུ། །དབང་པོའི་མེ་ཡི་དུ་བ་དང་། །རབ་རྙོགས། མཚན་མོའི་ན་ཚོད་སྐྱས། ༡༢ །ཁ་བ་ལྡན་པ། ཁ་བའི་ཚོགས། ༡ །ཀུ་ཛཱ་ཊི་དང་། ཀུ་ཧི་ཀཱ །

དུ་བ་ཅན་དང་། དུ་བ་འཛིན། །དུ་བའི་བཙུན་མོ། དགའ་ལྡན་མ། །ཁ་བ་འདུས་དང་། ཁ་བའི་འདབ། །ཁ་འབབ། ཡུལ་ངན། ཤིན་ཏུ་གྲང་། །ཉི་མའི་གོས་ཅན་ཡུལ་ངན་གྲང་། །ནགས་ཀྱི་གོས་དང་། ཕ་རོལ་འཚེ། །ནམ་མཁའ་རྡུལ་ཅན། ཀུ་ཧི་དཾ། ༡༦ །

Vol. 212 · folio 84a

བསིལ་བའི་འགྱུར་བ་ལྷགས་པ་དང་། །ལྷགས་ངར། ལྷགས་ངར། འཁྱགས་པ་དང་། །བསིལ་དང་། གྲང་དང་། ཁ་བས་གྲང་། བརྟན་པ། རྐང་རྟེན། ཉལ། བཟའི་རྟེན། །སྣང་ལྡན། ཤིང་རྟ། ལུགས་བཟང་སྐྱེས། །

བརྟན་པའི་མ་ནི་གྲང་བའི་མིང་། ལུགས་བཟང་མའོ། །སྲིན་པོའི་མ་ནི་ངེས་འཚེ་མ། །གསལ་བའི་མ་ནི་ཡིད་ཅན་མ། །ཁྱུང་གི་མ་ནི་འདུ་ལ་བྱེད་མ། །སྐར་མ་བརྟན་པའི་མིང་། ཀླུ་ཡི་མ་ནི་ཀ་དྲུའོ། །རི་བྱི་དང་ནི། རི་བོས་འཕངས། །བུམ་སྐྱེས། །ཀུམྦྷ་སམྦྷ་

པ། །མཛའ་སྐྱོབ་མཱི་བུ། མེ་ལྟར་གསལ། །མེ་ཉམས་དང་ནི་མེ་རླུང་ཅན། །རྒྱ་མཚོ་ཁྱར་ཆུང་བྱེད་པ་དང་། །དྲང་སྲོང་། །དབང་ཆེན་མའི་བུ། རླུང་ཐོབ་འཇོམས། །བིནྟྱ་ཀྲྀཏ། རྣམ་གཟའི་བུ་སྐར་མའི་བྱིའི་མིང་བཅུ་བཞི། པར་འཆར། །ཆུ་ས་ལ་ཤཾས་མ་བྷ་བ། ལྷའི་

བུ་དང་ཐུབ་པ་ཆེ། །རྒྱ་མཚོ་སེར་པོ་ལྷོ་ཕྱོགས་བདག །གདུང་བྱེད་དང་ནི། ཐུབ་པའོ། ༡༧ །དེ་ཡི་དགའ་མ་མཛོད་ལྡན་མ། །ཟིལ་གནོན་ཕྱག་རྒྱ་ལྷོ་ཕྱོགས་མའོ། ༣ །མི་ལྟུང་། འགྲོ་བྱེད། འོད་ཅན་དང་། །སྐར་མ་དང་ནི། སྒྲོལ་བ་དང་། འཕུར་བྱེད་དང་ནི། སྣང་

བྱེད་དོ། ༧ །གསལ་བའི་བུ་མོ་ཐ་སྐར་དང་། །རྟ་ལྡན་མ་དང་། རྟ་སྦྱོར་མ། ༤ །གཤིན་རྗེ་མ་དང་། བྲ་ཉེའོ། ༢ །སྨིན་དྲུག་དང་ནི་མང་པོ་སྐྱེས། ༢ །བོད་བྷ་བ། སྣར་མ། སྐྱེ་དགུའི་སྐར་མ་སྤྱིའི་མིང་། བདག་ལྟ་སྐྱེས། ༢ །རི་དགས་མགོ་ཅན། རི་དགས་མགོ །རི་དགས་མགོ་མ།

རི་དགས་ལ། །ཐ་སྐར། ཟླ་སྐྱེས། མགོ་སྐྱེས་ལོའི་ཐོག་མའོ། ༨ །ལག་དང་། དྲག་མོ། བྲ་ཉེ། ནག་མོའོ། ༣ །སྦྱིན་མའི་ལྷ་མོ། ནབས་སོ་དག །༢ །རྒྱལ་དང་། གྲུབ་པ། ཚིམ་བྱེད་དང་། །སྦྱོར་ལྡན། བླ་མའི་ལྷ་ལྡན་ནོ། ༥ །སྐག་དང་། གདེང་ཅན་ལྷ་མོ་དག །༢ །མཆུ་དང་། སྙན་

ངག་མཁན་སྐྱེས་དང་། ཕ་མེས་ལྷ་ལས་སྐྱེས་པ་རྣམས། ༣ །འཚོ་བ་སྐྱེས། གྲེ། སྐྱེ་གནས་ལྷ། ༣ །ཕྱི་མ་ཉི་མའི་ལྷ་ལྡན། དབོ། ༣ །མེ་བཞི། རིག་བྱེད་འདོན་པའི་ལྷ། ༢ །ནག་པ་དང་ནི། བརྒྱད་ལྡན་མ། ༢ །ས་རི་དང་ནི། རླུང་ལྷ་མོ། ༢ །རྒྱུན་ལྡན་མ་དང་། ས་ག་

Vol. 212 · folio 84b

དང་། །མེ་དང་དབང་པོའི་ལྷ་ལྡན་ཏེ། ༣ །མཛའ་བོའི་ལྷ་དང་། ལྷ་མཚམས་དག །༢ །ལྷ་དབང་ལྡན་མ་དང་ནི་སྣྲོན། ༢ །ཥ་ནཻ་ར་ཏི། རྩ་བ་སྣུབས། ༣ །ཆུ་སྟོད་དང་ནི། ཆུ་ལྷ་ལྡན། ༢ །ཆུ་སྨད། སྣ་ཚོགས་ལྷ་ལྡན་མ། ༢ །གྲོ་བཞིན། འཕྲོག་བྱེད། ལྷ་ལྡན་མ། ༢ །མོན་གྲེ་དང་ནི་

ཐོབ་ལྡན་མ། ༢ །མོན་གྲུ། ཆུ་ལྷ་མོ་དང་ལྡན། ༡༢ །སྟོད་སྨད། ཁྲུམས་དང་། གནས་རྒྱས་མ། །ར་ཡི་ལྷ་དང་། སྦྲུལ་འཆིང་བའི། །ལྷ་རྣམས་དང་ནི། རིམ་པ་བཞིན། །ནམ་གྲུ་དང་ནི་རྒྱས་བྱེད་མ། །གསོ་བའི་ལྷ་མོ་འདི་དག་འདྲ། ༣ །རི་དགས་མགོ་ཡི་མགོ་ཕྱོགས་སུ། །

གནས་པའི་སྐར་མ་འགྲོ་ལྡན་ནོ། ༡ །མིག་དམར། ལུས་དམར། ས་སྐྱེས་དང་། །ས་ལས་བྱུང་དང་། ས་ཡི་བུ། །ཆུ་སྐྱེས། ས་ལས་སྐྱེས་བཀྲ་ཤིས། །ནམ་མཁའ་སྟེང་འགྲོ་རྩིབས་ལྡན་དང་། །འོད་ཟེར་དགུ་བ་འཁྱོག་པོའོ། ༡༢ །དེ་ནས་གཟའ་ལྷག་ཟླ་བའི་བུ། །རྒྱལ་

པོའི་བུ་དང་སྣར་མ་སྐྱེས། །སྔོ་བསངས་ལུས་དང་། གསལ་ལྡན་དང་། །མཁས་པ་རབ་དགའ། ཐོས་ལྡན་སྐྱེས། །ལུས་གཅིག་གསེར་ལྡན་ཚིམ་བྱེད་སྐྱེས། ༡༢ །དབོ་སྔོན་སོང་ལས་བྱུང་བ་དང་། །འཚོ་བྱེད། སྨྲ་མཁས། ལྷའི་བླ་མ། །བླ་མ་ལྷ་བདག །ལྷའི་སློབ་

དཔོན། ཚིག་བདག །བློ་ལྡན་ལྷ་རྣམས་བདག །ཉི་མའི་རིགས་སྐྱེས། ཚིག་གི་བདག །ཤེས་ལྡན་སྣ་ཚོགས། གཙུག་ཕུད་སྐྱེས། །ཚིག་ལྡན། མིག་ལྡན། དཔྱོད་ལྡན་དང་། །རྩུབ་ལྡན་ཤིན་ཏུ་གསལ་བའི་གཅུང་། །མཐོ་རིས་ཐོབ་དང་། འབར་བ་ལྡན། །

བཅུ་གཉིས་འོད་འཕྲོ་མེ་བཞི་སྐྱེས། ༡༣ །དཀར་པོ། པ་སངས། ངན་སྤོང་བུ། །སྙན་ངག་དང་ནི། སྙན་ངག་མཁན། །ལྷ་མིན་བླ་མ། ལྷ་མིན་བདག །ངན་སྡོང་འཛིན་དང་། ཀུན་ཛི་ཏ། །དཀར་པོ་འོད་ལྡན། ཚིག་བརྒྱའི་དབང་། །བཅུ་དྲུག་འོད་ལྡན་མཆུ་ལས་སྐྱེས། །

༡༤ སྦེན་པ་རྒྱལ་མའི་བུ། ཀྲོ་ཌ། །དལ་བ་འཁྱོག་པོ། དལ་འགྲོ་དང་། །སུ་ཏ། ཤུ་བ། རྗེས་སྐྱེས་དང་། །ནག་པོ། ཚངས་སྐྱེས། མི་བཟད་མིག །འོད་ཟེར་བདུན་པ། གོས་སྔོན་ཅན། །གཤིན་རྗེའི་བ་དན། ཉི་མའི་བུ། ༡༥ །སྒྲ་གཅན། གཟའ་ཡི་རྣ་

Vol. 212 · folio 85a

བ་འཛིན། །མཐོ་རིས་སྣང་བྱེད། བྲ་ཉེ་སྐྱེས། སེང་གེ་མོའི་བུ། མུན་པ་ཅན། །མགོ་ཟླུམ། ལམ་ནག །ཟླ་བ་འཇོམས། །ཉེ་བར་འཕར་འགྲོ། སྤྲིན་ལས་ནི། །རྣམ་རྒྱལ་དང་ནི། ཤ་ཟའོ། །དུ་བ་མཇུག་རིངས་སྦྲུལ་ཅན་

དང་། །གཙུག་ཕུད་ཅན་དང་། སྐྲ་གཉིས་པ། །སྐག་ལས་སྐྱེས་དང་། སྟེང་འགྲོའོ། ༦།དྲང་སྲོང་བདུན་ཏེ་འོད་ཟེར་ཅན། །རྒྱུན་ཤེས། འོད་ཡངས། ཡན་ལག་སྐྱེས། །བུ་ལ་ཧ་ཡི་མཆོད་སྦྱིན་དང་། །གནས་འཇོག །སྣ་ཚོགས། གཙུག་ཕུད་

ཅན། །ཁྱིམ་རྣམས་འཆར་བ་དུས་སྦྱོར་དང་། །ཁྱིམ་གྱི་སྒོ་སྟེ་དེ་དག་ནི། །ཉིན་དང་མཚན་དུ་ལོངས་སྤྱོད་པ། །ལུག་དང་གླང་སོགས་ཤེས་པར་བྱ། །གྲིབ་མའི་ལམ་དང་ལྷ་ཡི་ལམ། །གཟའ་ཡི་མུ་ཁྱུད་ན་མ་མཁའི་གནས། །འོད་གཟུགས། ཉི་མ། འོད་འབྱིན་དང་། །

ཉིན་མོའི་ནོར་བུ། ཉིན་མོའི་འདྲེན། །གསལ་བའི་ནོར་བུ། ནམ་མཁའི་ནོར། །སོ་སོར་ཉིན་བྱེད། ཉིན་མོར་བྱེད། སྣང་བྱེད། འོད་ལྡན། དགུ་ཚིགས་འདྲའོ། །བ་རུ་ཎཱ། །འོད་འགྲོ། རྒྱས་བྱེད། མཁའ་འགྲོ་དང་། །རྣམ་བསྒྱུར། སྣང་བྱེད། པ་ཏི་བ། །ཆ་

ལྡན། ངེས་བསྲེག །འོད་ཟེར་ལྡན། །འོད་ཀྱི་རྒྱུན་དང་། ཕྱོགས་སྣང་བྱེད། །སྒྲོལ་བྱེད། སཱུ་ར། སཱུ་ར་བ། །གདུང་བྱེད། ཚད་བྱེད། རྣམ་སྣང་བྱེད། །མུན་སེལ། ཧཾ་ས། མ་ག་དང་། །འོད་སྟོང་བྱེད་དང་། འཛིན་པ་དང་། །ལུས་སྐྱོབ་ཉིན་བྱེད་

འདམ་སྐྱེས་མཚན། །ཉིན་མོའི་བདག་པོ། ཨ་སྲི། པདྨའི་བདག །ག་བ་སྟི། ཕྱོགས་བདག །མཆོག་འདོད། ཆར་འབེབས་དང་། །མཆོད་ལྡན་བདུན་གྱི་བདུན་པ་དང་། །གཟའ་ཡི་བདག་པོ། སྣང་བའི་བདག །ཉིན་མོའི་བདག་པོ། འབར་བྱེད་དང་། །འཛིན་

བྱེད། སྣང་བའི་མུ་ཁྱུད་དང་། །འོད་བྱེད་པ་དང་། རྣམ་གསལ་བྱེད། །སྣ་ལྡན། མིག་གཟུགས། རྟ་བདུན་པ། །རྟ་ལྗང་ཅན་དང་། ཚ་ཟེར་ཅན། །འོད་འགྱེད་སཱུཪྻ། བསྟེན་བྱ་མརྟ་ཎྜ། བདུད་ལས་རྒྱལ། །མ་ཟླུམ་མརྟ་ཎྜ། འཕྲོག་བྱེད་རྩེན་པ་དང་། །

Vol. 212 · folio 85b

ཕྱོགས་དགོད་བྱེད་དང་། གཏུམ་པའི་འོད། །འོད་ལྡན། འོད་ཀྱི་སྐྲ་ཅན་དང་། །མི་སྦྱིན་སྐྱེས་དང་། འགྲོ་བྱེད་དང་། །སྣང་བའི་མཛོད་དང་། ནོར་གྱི་མཛོད། །རྒྱུ་བའི་བརྟུལ་ཞུགས། མཛའ་བཤེས་དང་། །སྣ་ཚོགས་ཤིང་རྟ། སྣ་ཚོགས་འོད། །མཆོད་འོས། འོད་

ཀྱི་ནོར་ཅན་དང་། །འགྲོ་བའི་སྒྲོན་མ། བཅུ་གཉིས་བདག །པདྨའི་ལག་པ་རྟག་ཏུ་འཆར། །རིག་བྱེད་འབྱུང་དང་ལས་སྣ་ཚོགས། །ཁྱབ་བྱེད། ནད་མེད། འཐུང་བྱེད་དང་། །འོད་ཀྱི་ཕྲེང་ཅན། འོད་ལྡན་དང་། །འོད་སྣང་འོད་སྟོང་འཛིན་པ་དང་། །འོད་གཙང་ལོང་བའི་

ཁ་ཨརྐ་ལོ་པ། །ལམ་སྟོན། སྲིད་བྱེད། ཤིང་རྟ་མཐོ། །དབྱིག་གི་ཁུ་བ། ཟླུམ་པོ་འཛིན། །དུས་ཀྱི་བྱེད་པོ། བཱི་ཏ་བ། །བཱི་ཐ། སྔ་དྲོ་འདུལ་བ་དང་། །སྲུབ་བྱེད། རྒྱས་བྱེད། ཆུའི་ཆོམ་རྐུན། འཇིག་རྟེན་མིག་དང་། ནམ་མཁའི་མིག །འཇིག་རྟེན་དབང་པོ། རྟག་

ཏུ་འགྲོ། །སྲུང་བྱེད། དུས་ལ་དགའ་བ་དང་། །སྱུན། གཟུགས་མ་ལྷ་ཀུན་སྤྱོད། །ནམ་མཁའི་ཐིག་ལེ། མཁའ་ལམ་པ། །ནམ་མཁའི་གོ་ལའི་ནོར་བུ་དང་། །འོད་ཕུར། ཏཪྵུ་ནམ་མཁའི་ཏོག །འོད་གཙང་ལྡན་དང་། གསལ་བ་ལྡན། །ཕྱོགས་ཀྱི་མུ་

ཁྱུད་ཕན་ཚུན་བྱེད། སེར་སྐྱ། རབ་གསལ་སྐེམས་བྱེད་དང་། །ལས་ཀྱི་དབང་པོ་མུན་པའི་དག། །ལོ་ཡི་ཤིང་རྟ་སྐྱོང་བྱེད་དང་། །མུན་འཇོམས་ཚངས་པའི་རྟ་རྣམས་སོ། །༡༣༠ །།ཉི་མའི་བཙུན་མོ་རྒྱལ་མོའི་མིང་། །ལེགས་འདོར་མ་དང་། རྡུལ་བཟང་མ། །འོད་

སྐྱེས། གཤིན་རྗེ། ཀཱ་ལནྡི། །ནམ་གྲུ། མ་ནུ། སྦྱིན་བྱེད་མ། །སྐྲག་བྱེད་མ་ཞེས་བྱ་བའོ། ༡ །ཉི་མའི་ཤིང་རྟའི་གྲིབ་མ་ནི། །ས་སྐྱེས་མ་དང་། གདུང་བྱེད་མ། །སྤྱོད་མ། དལ་བ། མདོག་བཅས་མ། །མ་མ། དགའ་མ་འདི་རྣམས་སོ། །ཉི་མའི་ཡོངས་

བསྐོར་གནས་བྱེད་དང་། །དམར་སེར་དང་ནི། དབྱུག་པའོ། ༣ །ཉི་མ་འཁྱིམས་པ་ཡོངས་དཀྲིས་དང་། །ཉེ་བའི་ཉི་མའི་ཁོར་ཡུག་གོ །ཉི་མའི་རྟ་ནི་རྒྱལ་པོ་རྩེན། །མཆོག་ཏུ་འཇིགས་དང་ལྟེ་བ་སྔོ། །ཡིད་མགྱོགས་རླུང་སེམས། སེམས་དབང་དང་། །ཡིད་ཀྱི་ཐེག་པ་

Vol. 212 · folio 86a

ཞེས་བྱའོ། ༧ །དེ་བཞིན་རྩེན་པའི་འོད་ལ་སོགས། །ཉི་མའི་རྟ་རྣམས་བཅུ་གཅིག་སྟེ། །ནམ་མཁའི་གྲུ་དང་། གསེར་གྱི་དབྱངས། །ཉི་མའི་ཤིང་རྟ་རལ་གྲིའི་བྲེང་། ༤ །རེ་ཁའི་གྲིབ་མ་ལྕགས་མདའ་དང་། །ཤིང་རྟའི་བ་དན་ཅན་ཞེས་སོ། ༢ །ཉི་

མའི་ཁ་ལོ་སྐྱ་རེངས་དང་། །བརླ་མེད། འོད་སྲུངས། ཁྱུང་སྔོན་སྐྱེས། །རྡོ་བ་འཛིན་དང་། སྒྲ་སྒྲོགས་སོ། ༧ །སྐྱ་རེངས་ཕོ་བོ་རལ་པ་ཅན། ༡ །འདོད་ཆགས་སྣང་བ། འོད་ཟེར་དང་། འོད་ཀྱི་ཏོ་ག་དང་ཕྱོགས་སུ་འགྲོ། །མངོན་འདོད། འཕྲོ་དང་། འབབ་པ་དང་། འོད་

དང་། འོད་ཟེར། གསལ་དང་སྣང་། །རང་འོད། འབར་དང་། དང་བ་གསལ། །འོད་བྱེད། གསལ་བྱེད། གློག་སྒྲོན་མེ། །སྨིག་རྒྱུ། ཨུ་ས། ཏྭི་གོ །གྷྲྀ་ཎི་དྷྲི་ཥྞི། མེ་ལྕེ་དང་། །མེ་དངས་དང་། གསལ་ཆེན། པོ་ཙི་ཥི། །མེ་སྐྱ་རེངས་དང་ནི།

འོད། རྣམ་གསལ། བརྩ་སཱི། །མཛེས་དང་། རབ་འཛིན། སྱཱུ་ནཱ་དང་། །ཉེ་བར་འཛིན་པ་ཞེས་རྣམས་སོ། ༣༨ །སྣང་བྱེད། སྣང་གསལ་འདམ་ཁ། འོད་ཟེར་སྦྱིའི་མིང་། ཞེས་དང་། རབ་གསལ་དང་། །སྣང་བ། ཀུ་གདུང་། ཤིན་ཏུ་གསལ། ༦ །འོད་དྲག །ངེས་

སྲེག་བྱེད་པ་དང་། །ཚད་པས། ཀུན་ཏུ་གདུང་བའོ། །དྲོད་དང་། རབ་ཚ། ཚ་དྲག་རྣོ། ༤ །ཤིན་ཏུ་དྲོ་དང་། ཚ་བ་ལ། །མི་བཟད་པ་དང་། །གཏུམ་པའོ། ༢ །ཅུང་ཟད་དྲོ་དང་། བག་ཙམ་དྲོ། །འཇམ་དྲོ་ཅན་ནི། ཅུང་དྲོའོ། ༤ །ཚད་གདུང་རླབས་ནི། ཛྷ་ལཱའོ། །

རི་དགས་སྲེད་དང་སྨིག་རྒྱུའོ། །ཆར་པ་འདོར་བའི་ཉི་འོད་ནི། །བརྒྱ་ཕྲག །བཞི་པའི་འོད་དུ་འགྱུར། །བ་མོ་བརྒྱ་པའི་ཁ་བ་འབེབ། །རེ་ཞིག་ཚད་པ་འདོར་བར་བྱེད། །འོད་ཟེར་རྣམས་ཀྱི་ཆར་འབབ་པ། །འདི་དག་ཐམས་ཅད་བདུད་རྩིའོ། །ཁ་བ་འབབ་པ་སིམ་བྱེད་པ། །

དཀར་པོས་ཚད་པ་འདོར་བར་བྱེད། །དུས་དང་བགྲང་བྱ་ཉེར་འགྲོ་དང་། །བསྟན་བྱ། སླད་བྱུང་། འདོར་བྱེད་ཆོས། །གནས་དང་། སཱི་ར། བཥྚ་དང་། །ཡོངས་འདོར་ཞེས་པ་རྣམས་སུ་འགྱུར། ༡༡ །ཚེས་གཅིག །ཕྱོགས་རྩ། དེ་སོགས་ཚེས། །མུན་བསལ། ཉིན་

Vol. 212 · folio 86b

མོ། བྱ་སྤངས་བས་ལ། །ཉི་བཅས། སྐབས་ཡོད། གནས་པ་དང་། །རྣམ་བསལ། ཆ་ཅན། སྣང་བ་ཅན། །ཉིན་མོ་རྩེ་བ་རྣམས་སུ་འགྱུར། ༡༠།ཐོ་རངས་དང་ནི། ཉི་མའི་སྒོ། །སྔ་དང་། ནམ་ལངས། ནང་བར་ཞོགས། །རབ་ཏུ་སྔ་དང་། །འོད་ཆགས་དང་། །འོད་

བཅས་དང་ནི། ཐོ་རངས་སྒོ། །རྣམ་པར་སད་དང་། མཚན་མོ་བྲལ། །སྔར་དང་། ཐོ་རངས་ཞེས་པ་རྣམས། ༡༤ །དུས་མིན་པ་དང་། ཉི་མ་ནུབ། །གཏོར་མ་བཅས་དང་། ཉིན་མོའི་མཐའ། །མཚན་མོ་རྒྱུ་བ་ཅན་རྣམས་སོ། །སྲོད་དང་ཐུན་མཚམས་ས་སྲོས་དང་། །ཕ་

མེས་རབ་ཏུ་རྒྱུ་རྣམས་སོ། ༤ །ཉི་མ་འདས་དང་། ཕྱི་ཕྱེད་དང་། ༢༥ །སྔ་དྲོའི་ཐུན་དང་མཚན་མོ་འདས། ༢ །ཉིན་མོའི་དབུས་དང་། ཉི་མ་གུང་། ༢།ཐུན་གསུམ་ཉེ་བའི་བབ་ལཾ། བི་ན་བི། །མཚན་མོ་རྡུལ་ལྡན་སྔོ་བསངས་མ། །ཐུན་གསུམ་མ་དང་མེལ་ཚེ་མ། །མུན་ཅན། ངེས་

ཉལ། ཉལ་བྱེད་མ། རྒྱལ་མོ། མཐོན་མོ། དལ་སྦྱིན་མ། །མཚན་མོར་བྱེད་མ། གདན་འཛིན་མ། །བསམ་གཏན་མ་དང་། བྱ་སྤངས་མ། །རྣམ་སྒོམ། གནས་མ། མཚན་མོའི་མིང་། གནས་སྐྱེས་མ། །ཐུན་མ། དགའ་མ། མུན་པ་ཅན། །ངེས་ཞི། ཟླ་འོད་

མིག་བརྒྱ་མ། །སྐྱོན་མ། གནས་འཛིན། བུ་མོ་མ། །རི་དགས་མིག་མ། གནས་བྱེད་མ། །དྲག་མོ། ཞི་གནས་མ་ནག་མོ། །མི་བཟད། སྲེག་མ་སྲུང་བྱེད་མ། །སྐྱེད་མ་མང་ལྡན། སྦྱོར་ལྡན་མ། འཁོར་པོ་འབྱེད་མ། ཆུ་ལྡན་མའོ། ༢༧ །ངེས་གཞི་གནས་

མ། །མཚན་མོ་ཆེ། །ངེས་པར་ཀུན་ནས་ནམ་ཕྱེད་དང་། །ཀུན་འགྲོ་ཐམས་ཅད་པ། ཞེས་པའང་། །ཟླ་བ་མཐོ་དང་། མཚན་མོའི་སྨད། ༢ །ཐུན་དང་། མེ་ལ་ཚེ་ཞེས་པའོ། ༢ །མཚན་མོའི་ཚོགས་ནི་མཚན་མོའི་ཕྱོགས། །སྲོད་དང་མཚན་མོའི་སྒོ་དག་གོ ༢ །ཟླ་འོད་ལྡན་

པ་སྣང་ལྡན་མ། །མུན་པ་ཅན་གྱི་མུན་ལྡན་མ། །འདས་དང་མ་འོངས་ཉི་ལྡན་པའི། །མཚན་མོའི་དེ་ནི་ཕྱོགས་ལྡན་ནོ། །ཚིགས་མཚམས་བཅད་པ་ཚེས་གཅིག་དང་། །བཅོ་ལྔའི་བར་གང་ཡིན་པའོ། །མཚན་མོས་མཚན་དང་མང་འཛིན་དང་། ནག་ཕྱོགས་༣

Vol. 212 · folio 87a

དཀར་པོ་ཉི་མས་མཚན། ༢ །ཕྱོགས་ཀྱི་མཐའ་དང་བཅོ་ལྔ་དག །ཚིགས་ཅན། དགའ་བ། འཕེལ་བ་སྟེ། །དེ་དག་མཆོད་སྦྱིན་དུས་སུ་བཤད། །འབྱུང་པོ་ནག་པོའི་བཅུ་བཞིའོ། །ཟླ་བ། གང་བ། འཇལ་བྱེད་རྫོགས། །ཉ་གང་བ་དང་ཆོས་

གནས་དང་། །ཟླ་བའི་མའོ་དེ་ནས་ནི། །རཱ་ཀཱ་གང་བ། རི་བོང་ཅན། །ཟླ་བ་གང་བ་ཞེས་པའོ། །ཆ་ཡིས་དམན་པ་རྗེས་འགྲོ་ཅན། །ཉིན་དང་དེའི་མཚན་མོའོ། །གནམ་སྟོང་། གནམ་སྟོང་གནས་པ་དང་། །མི་མཐོང་ཉི་ཟླ་འགྲོགས་པ་དང་། །གནམ་དང་། གནམ་

སྟོང་ཅན་དང་ནི། །སྟོང་དང་། ཟླ་བ་སྟོང་པའོ། །ཟླ་མཐོང་། ཟླ་བ་གཞོན་ནུའོ། །ཟླ་བ་ཉམས་པ་ཆ་རྣམས་སོ། །ཉེར་འཚེ་དང་ནི་གཟས་བཟུང་དང་། །སྒྲ་གཅན་རེག་དང་གཟས་གནམ་སྟོང་གི་མིང་། འཛིན་ནོ། ༤ །གཟའ་འདི་དག་གིས་ཟླ་བ་འཛིན། །ཟོས་པ་

དང་ནི། མེ་ཏོག་ལྡན། །ཉེ་བར་རྒྱུག་བྱེད་སྤངས་པ་དང་། །མེ་ཡིས་བསྲེག་དང་རང་བཞིན་བསྒྱུར། །ཉིན་མོར་བྱེད་དང་། མཚན་བྱེད་དག །གཅིག་ཏུ་སྦྱོར་བ་མེ་ཏོག་ལན། །གཟའ་ཡི་རབ་ཏུ་བྱེད་པའོ།། །།མིག་འཛུམས་བཅོ་བརྒྱད་ཀཥྛ་སྟེ། །དེ་སུམ་ཅུ་ལ་

ཆ་ཞེས་བྱ། །དེ་སུམ་ཅུ་ནི་སྐད་ཅིག་སྟེ། །དེ་ཉིད་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ཡིས་ཉིན་ཞག་གོ །དེ་དག་བཅོ་ལྔ་ཕྱོགས་ཡིན་ཏེ། །སྔ་མ་ཕྱི་མའི་ཕྱོགས་དག་ནི། །དཀར་དང་ནག་པོ་དེ་གཉིས་ཟླ། །མགོ་སོགས་ཟླ་བ་གཉིས་གཉིས་དུས། །དེ་དག་གསུམ་

གྱིས་བགྲོད་པའོ། །ལྷོ་བྱང་གཉིས་སུ་བགྲོད་པའི་ལོ། །ཉིན་མཚན་མཉམ་པའི་དུས་གཉིས་ལྡན། །དེ་ཡང་ཉི་མའི་འཕོ་རིམ་ལས། །ལུག་དང་སྲང་ལ་ཤེས་པར་བྱ། །རྒྱལ་དང་ལྡན་པའི་ཟླ་བ་ཉ། །རྒྱལ་གྱི་ཟླ་བ་གང་ཡིན་ཏེ། །མིང་ནི་རྒྱལ་ཡིན་མཆུ་དང་ནི། །དབོ་

སོགས་རྣམས་ནི་རིམ་པས་སོ། །མགོ་ཟླ་བའི་མིང་། རི་དགས་མགོ་དང་བཟོད་ལྡན་མ། །མགོ་དང་ལོ་ཡི་ཐོག་མ་དང་། །བཟོད་པའོ་རྒྱལ་རྒྱལ་ཟླ་བ། དང་ཚིམ་བྱེད་དང་། ༢ །དཀའ་ཐུབ་ཟླ་བ་མཆུ་ཟླའོ། ༢ །དབོ་དང་དཀའ་ཐུབ་འབྲས་ལྡན་དང་། །སྙིང་པོ་མེད་པ་སེལ་བའོ། ༤ །ནག་པ་

Vol. 212 · folio 87b

སྦྲང་ཟླ་མྱོས་བྱེད་དང་། །ནག་པ་ཅན་དང་དབོ་རྗེས་སྐྱེས། །དྲི་ཞིམ་ལྡན་དང་ཡིད་སྲུབས་པོ། ༦ །ས་ག་སྒྲུབ་བྱེད་སྦྲང་རྩི་སྐྱེད། ༢ །སྣོན་ཟླ་འདོད་འཕེལ་རྩ་བ་ཅན། ༢ །ཆུ་སྟོད་ཟླ་བ་གཙང་བའོ། ༡ །གྲོ་བཞིན་ནམ་མཁའ་ཐོས་ལྡན་མ། ༢ །ཁྲུམས་དང་ནམ་མཁའ་རབ་གནས་བཞི། །བཟང་

པོའི་གནས་རྣམས་མཚུངས་པའོ། ༤ །ཐ་སྐར་རྟ་སྦྱོར་དེར་འདོད་པའོ། ༢ །སྨིན་དྲུག་ཟླ་བ་སྨིན་དྲུག་ཅན། །མང་པོ་འཛིན་དང་སག་སྐྱེས། ༥ །མགོ་སྐྱེས་རྣམས་སོ། །དེ་ནས་ནི། །དགུན་སྟོད་དང་ནི་ཁ་པའི་དུས། ༢ །དགུན་སྨད་དང་ནི་གྲང་བའི་དུས། །དཔྱིད་དང་མེ་ཏོག་ལྡན་དུས་དང་། །

དྲི་ཞིམ་དྲོད་ཕེབས་ཚ་བའི་དུས། །སོས་ཀ་ངེས་སྲེག་ཚད་པ་ཅན། །དྲོད་འོངས་དྲོད་ཅན། །ཚ་གདུང་ཅན། ༦ །དབྱར་དང་ཆུ་འབབ། ཆར་འབབ་དང་། །རབ་ཏུ་ཆར་འབབ་སྤྲིན་འབྱུང་དང་། །ཀྵ་རཱི་ཆར་ལྡན་སྤྲིན་སྐྱེའོ། ༡༠ །སྟོན་ཀ་མདའ་སྦྱིན་དུས་སྔ་བ། ༣ །མགོ་སོགས་གཉིས་

གཉིས་རིམ་པ་ལས། །དུས་ཚིགས་འདི་རྣམས་དྲུག་ཡིན་ནོ། །མཆོད་ལྡན་མ་དང་དབོ་སྲང་ལ། །ལྷོ་རུ་བགྲོད་དབྱར་ལ་མིང་བཅུ། པ་བི་ཤ་ཚིགས། །བརྒྱ་ཀོ་ཛྰ་ག་ར་དང་། །མདའ་སྦྱིན་གསལ་བར་ཉལ་བ་དང་། །ཀུ་མུད་དང་ལྡན་ཕྱི་མའོ། །ནག་པ་ལྡན་དང་སྦྲང་དགའ་སྟོན། །དྲན་

པའི་དགའ་སྟོན་འདོད་མ་དང་། །དཔྱིད་ལྡན་ཆེན་མོ་དཔྱིད་བཟང་ལྡན། །ཀུརད་ནྚི་ཞེས་བྱ་བ་རྣམས། ༦ །ཕྱོགས་ཀྱི་མཚན་མོ། །སཱི་ཡཱ་ལི། །སྟོན་འབྲིང་གི་མིང་། །དྭཱི་ས་ཤྲིངྒ་ལཱ་ཞེས་སོ། ༣ །བརྒྱ་བྱིན་དགའ་སྟོན་རྒྱལ་མཚན་འདོན། ༢ །ཟླ་བ་དང་ནི་དཔྱིད་འབྲིང་གི། ཉིན་ཞག་ཚོགས། །

དབུགས་སྐྱེས་ལོ་ཡི་ཆ་ཤས་ཅན། །ལོ་ཡི་མཛོད་དང་ལོའི་ཡན་ལག །༦ །བགྲང་བྱ་འགྲོ་འོང་། འདོར་བྱེད་ལོ། །དུས་ཀྱི་གནས་དང་ཟླ་བའི་ཕྲེང་། །དུས་གླིང་ག་ག་འཛིན་མ། ཀྱི་ཚིགས་ཕྱོགས་ཀྱི་ཉིན་མོའི་མིང་། དང་ཨུརྦ་ཊ། །བཏྶ་དུས་ཀྱི་ཆ་ཤས་ཅན། །བརླ། སམྦ་ར། ཤཱ་ར།

མི་བཟད་པ་ཞེས་བྱ་བ་རྣམས། ༡༠ །རྫོགས་ལྡན་བྱས་དུས་བདེ་བའི་དུས། ༣ །བི་སལླི་ཀཱ་གསུམ་ལྡན་འགྲིབ། ༣ །ཉིས་ལྡན་དང་ནི་མཆོད་སྦྱིན་ཅན། ༢ །སྡུག་དུས་ལས་དུས་རྩོད་པའི་དུས། ༣ །ཟླ་བ་གཅིག་གི་ཡི་དགས་ལོ། ཀྱིས། །ཉིན་ཞག་ལོ་ཡིས་ལྷ་ཡི་ཞག ། ལོ། ལྷ་ཡི་ལོ། དུས་ནི་ཉིས་ལོ།

Vol. 212 · folio 88a

སྟོང་གིས། །ཚངས་ཞག་མི་ཡི་བསྐལ་བ་གཉིས། །ཚངས་ཉིན་ཤེད་བུའི་ཉིན་བཅུ་བཞི། །ཤེད་བུའི་ཉི་མ་བུ་ལ་ནི། །ལྷ་རྣམས་དུས་ནི་བདུན་ཅུ་གཅིག །དེ་ཚེ་དུས་དེས་འདི་ཡིས་ནི། །ཕྱི་མའི་དུས་སུ་འགྱུར་བའོ། །བསྐལ་པའི་མཐའ་དང་། འཇིག་བསྐལ་དང་། །ཡོངས་

འགྱུར་དང་ནི་དཔྱད་ཟིན་དང་། །འཇིག་དང་དུས་མཐའ་ཆེར་འཇིག་པ། །ཟད་དང་སྡུད་དང་གཉིད་ལོག་དང་། །འགྲོ་བ་ཞིག་པ་ཞེས་བྱ་རྣམས། ༡༡ །འཇིག་པའི་ལྟས་དང་། ཉེ་བའི་རྟགས། །ཉེར་བསྒྱུར་ཉེར་འཚེ་མི་བསྐྱེད་དང་། །ལུགས་མ་ཡིན་དང་རྩ་ནས་འདོན། ༧ །རབ་ཏུ་ཉམས་པ་

ཞིག་པའོ། ༢ །ཞེས་པ་དུས་ཀྱི་རབ་ཏུ་བྱེད་པའོ།། །།འདྲེས་པ་ནག་ངོ་། སྡིག་པ་དང་། །ཉེས་པ། ལྟུང་བ། རྙོག་པ་དང་། །ཉེས་སྤྱོད། ཉེས་བྱས། །ཨ་གྷ་དང་། །ཨཾ་ཧ། དོར་བྱ། པྲ་པྲེ་དང་། །འདམ་དང་། སཱ་ཥྨཱ་ཟུག་རྔུ་དང་། །རུ་སྟཾ། མུན་པ། མི་དགེ་བའོ། ༡༨ །

ཆོས་དང་། བསོད་ནམས། ལེགས་པ་དང་། །ལེགས་སྡིག་པའི་མིང་། བྱས་དང་ནི། ཁྱུ་མཆོག་གོ །རངས་དང་། རབ་མྱོས། དགའ་རབ་དགའ། །ཡང་དག་དགའ་དང་། ཀུན་ཏུ་དགའ། །ཀུན་ཏུ་དགའ་འགྱུར། སྡིག་པ། ཤིན་ཏུ་དགའ། །སྨད་བྱ། །སྐྱིད་དང་བདེ་དང་། ཤཱ་ཏི་

ཀཾ། ༡༢ །དགེ་དང་། བཀྲ་ཤིས། དགེ་ལེགས་བཟང་། །མ་ཏྭཾ། ཤུ་བྷཾ། བསྐལ་པ་དང་། །སྐལ་དགའ་བའི་མིང་། ལྡན། ལེགས་ལྡན་ཀུ་ཤ་ལཾ། །བདེ་བ། མཐོ་རིས་མཐོ་རིས་གནས། །ཞི་བ། བྷྭནྟཾ། ཤཾ། བདེ་ལེགས། ༡༧ །སྡིག་དང་། ཤརྨ། བསོད་ནམས་

བདེ། བདེ་ལེགས་སོགས། །དེ་དང་ལྡན་པ་ཤེས་པར་བྱ། །ཤིན་དགེ་བ། ཏུ་བཟང་དང་། རབ་མཆོག་དང་། །ལྟད་མོ་ཆེ་དང་། ཕུལ་བྱུང་དང་། དགེ་བ། །མཆོག་ཏུ་གྱུར་དང་བསྔགས་འོས་སོ། །བརྩེ་བ། དགེ་བ། བྱེད་འཇུག་པའོ། ༡ །འདོད་དང་། མི་འདོད་འབྲས་

བུ་ནི། །རྣམ་པར་སྨིན་པ་ཞེས་བརྗོད་འདི་མིང་གཞན་ཡང་། དོ། །གནམ་སྐོས། ལྷས་བསྟན། སྐལ་བ་དང་། །དབང་ཐང་བསག་རྒྱབ། སྔོན་བྱས་སོ། ༦ །རྒྱུ་དང་བྱེད་པ་ས་བོན་དང་། ༣ །གཞི་དང་ཐོག་མའི་བྱེད་པའོ། །གཙོ་བོ། བདག་གི་མིང་། སྐྱེས་བུ། ཞིང་ཤེས་དང་། །

Vol. 212 · folio 88b

ནང་དང་དབང་ཕྱུག་འཚོ་བ་བདག །གསོ་བ་གང་ཟག་རང་བཞིན་དང་། །རང་དང་ཡིད་འདྲེན། ཨཱ་བ་ཤ །ཀུན་སྤྱོད་དང་ནི། སེམས་པ་དང་། །ལུས་གནས་དང་ནི། མཆོད་སྦྱིན་སྦྱོར། ༡༧ །ཡོན་ཏན་སྙིང་སྟོབས། །རྡུལ་མུན་པ། །ཁྱད་པར་དུས་ཅན་གནས་

སྐབས་སོ། །བསྐྱེད་བྱ། སྐྱེད་བྱེད། འབྱུང་བ་དང་། །སྐྱེ་བ། ཛནྨ་མ་ཛནྨ་མ་རུ་ཥོ། །ཛ་ན་ནཾ་ཞེས་བྱ་བའོ། ༧ །སྐྱེ་ལྡན། སྲོག་ཆགས། སེམས་པ་ཅན། །འཚོ་བ་ཅན་དང་། སྐྱེ་བོ་དང་། །སྐྱེ་བ་ཅན་དང་། ལུས་ཅན་ནོ། ༧ །སེམས་དང་། སེམས་པ་སྙིང་

པོ། སྙིང་། །ནང་གི་བྱེད་པ་ལི་ཤུ་དང་། །ཡིད་བྱེད་ཡིད་སྐྱེ་བ། སྐྱེ་བ། སྐྱེ་བ། དང་། སྐྱེད་པ། རང་མིང་ངོ་། ༩ །ཤེས་རབ། བློ་དང་། ཉལ་སློང་དང་། །བློ་གྲོས། དཔྱོད་པ། ཡིད་ཚོལ་དང་། །བློ་ཡི་བྱེད་པ། བུདྡྷི། མཁས། །རིག་དང་། རབ་མཐོང་། ཀུན་

ཏུ་རིག །སེམས་བྱེད་ཉེར་དམིགས། ཀུན་ཏུ་སེམས། །གོ་དང་ཛྙ་སྟི། སེམས་པའོ། ༡༨ །ཡང་དག །རིག་བྱེད། ཚོར་བ་དང་། །གསལ་གྱུར། སོ་སོར་སྣང་། །ཉམས་མྱོང་། །རྣམ་པར་རིག་བྱེད་ཉེ་བར་དམིགས། །རབ་ཏུ་གསལ་དང་། ཡང་དག་ཚོར། ༩ །ཐར་

པའི་ལུས་ལ་ཁྱབ་པའི་བློ། །ཡེ་ཤེས་གཞན་ནི་རྣམ་ཤེས་ཏེ། །བཟོ་དང་བསྟན་བཅོས་འཛིན་པའི་བློའོ། །བློ་དང་། གཟུངས་ལྡན། ཡིད་གཞུངས་དང་། །ཀུན་རྟོག་ཡིད་ལ་བྱེད་པའི་ལས། ༥ །སེམས་ཀྱི་རྩོལ་བ་ཡིད་ལ་བྱེད། །རྣམ་དཔྱོད་རྣམ་པར་དཔྱོད་བྱེད་དང་། །བགྲང་

དང་། །དཔྱོད་དང་། རྣམ་རྟོག་དང་། །ཀུན་ཏུ་རྟོག་དང་གཏན་ལ་འབེབས། ༩ །རྗེས་སུ་འཇལ་དང་། རྗེས་སུ་དཔག །དཔྱོད་པ་དང་ནི། རིགས་པ་ཡང་། ༤ །རྟོག་དང་། རྟོག་བྱེད་ལྷག་པར་རྟོག །༣ །ཕྱིན་ཅི་མ་ལོག་པར་ཤེས་པའི། །གཏན་ལ་ཕེབས་དང་། ངེས་པ་

མཚུངས། ༢ །ནེ་མ་ནུར། ཡིད་གཉིས་དོགས་པ་དང་། །ཐེ་ཚོམ། སོམ་ཉི། རྣམ་པར་རྟོག །རྣམ་པར་འཁོར་དང་། གཅིག་མ་ཡིན། །བི་ཙི་ཀཏྶི། བི་ཏརྐ། ༡༠ །ཕྱོགས་སྔ་མ་དང་། སྔ་རྒོལ་ལོ། ༢ །གྲུབ་མཐའ། གཞུང་ལུགས། རྩོད་ལྡན་དང་། །བྱས་མཐའ་

Vol. 212 · folio 89a

ནུས་པ། རཱ་དྷཱ་ནྟ། །ཕྱོགས་ཕྱི་མ་དང་། ཡང་དག་བཟུང་། །ཡང་དག་བཞག་པ་རྣམས་སུ་འགྱུར། ༩ །དམ་བཅའ་སོ་སོར་མཉན་བྱ་དང་། །ཁས་ལེན། ཕྱོགས་བཟུང་། ཡང་དག་འཛིན། །ངེས་པ་མཉན་བྱ། བདག་གིར་བྱས། །ཁས་

ལེན། སོ་སོའི་ཤེས་པ་དང་། ཡང་དག་ཐོས་དང་། མི་བཟད་པའི། །མངྒ་ར་དང་། ཨུ་ར་རཱི། །ཨཱུ་རི། ཨཱུ་ར་རཱི་ཡང་འདོད། ༡༥ །ལོག་པར་ལྟ་དང་མེད་པ་པ། ༢ །གནོད་སེམས་དང་ནི་འཚེ་བའི་སེམས། ༢ །འཚེ་བ་ཨ་བ་བཱ་རའོ། ༢ །ཉེ་བར་བཟློས་དང་འབྱེད་པ་མཚུངས། །

༢ ཐར་པ་གྲོལ་བ་ཞི་བ་དང་། །བསིལ་བར་གྱུར་དང་མྱ་ངན་འདས། །མཐར་གྱུར་ལེགས་པ་ངེས་འབྱུང་དང་། །མ་འདྲེས་པ་དང་ཚངས་པ་དང་། །ངེས་པར་ལེགས་དང་བདུད་རྩི་དང་། །རབ་ཏུ་ཚིམ་དང་བྱང་གྲོལ་དང་། །དགའ་བ་ཆེན་དང་ཡང་སྲིད་མེད། ༡༦ །དོན་དམ་ཕ་རོལ་སུན་

དཔུང་གཉེན། ༣ །ལོག་པའི་བློ་གྲོས་འཁོར་དང་འཁྲུལ། ༣ །མ་རིག་མི་ཤེས་རིག་མིན་དང་། །ང་རྒྱལ་བློ་གྲོས་རྨོངས་བའོ། ༥ །སོ་སོར་སྣང་མིན་ཤཥྱིའོ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདི་དག་ཡུལ་རྣམས་ཏེ། །འདོད་པའི་ཡོན་ཏན་དབང་པོའི་དོན། །དབང་པོའི་

གཟུང་བྱའི་སྤྱོད་ཡུལ་ལོ། །འདིར་ནི་ཡོན་ཏན་མར་གྱུར་པ། །དབང་པོ་ཡུལ་དང་ཡིད་བྱེད་དོ། །ལས་ཀྱི་དབང་པོ་ལག་པ་དང་། །རྐང་པ་བཤང་ལམ་ཉེར་གནས་དག །བློ་ཡི་དབང་པོ་ཡིད་དང་མིག །རྣ་བ་སྣ་ལྕེ་སྤགས་པའོ། །བསྐ་བ་དང་ནི་མཆོག་ཏུ་བསྐ། ༢ །མང་རབ་

ལཉྪ་ཚ་བ་དང་། །ཁ་བ་དང་ནི་སྐྱུར་བ་སྟེ། །འདི་རྣམས་དོན་ནི་དྲུག་རྣམས་སོ། །རྣམ་ཉེད་སྦྱང་སྤོས་སྙིང་འབབ་དྲི། ༣ །བཞོན་པ་ཅན་དང་ཀུན་སྨོས་དང་། །ཤིན་ཏུ་རིང་ནས་འགུགས་པ་དང་། །བརྗོད་བྱའི་རྟགས་ཉིད་ཡོན་ཏན་ལས། ར་དུག་གི་མིང་། ༢ །འགུགས་

བྱེད་རིང་དུ་ཁྱབ་པ་མཚུངས། ༢ དྲི་བཟང་དང་ནི་སྣ་ཚིམ་བྱེད། ༢ །འདོད་པའི་དྲི་དང་དྲི་ཞིམ་མོ། ༢ །ཁ་ལ་བགོས་པའི་ག་པུར་དྲི། །ལེགས་འཐུལ་དང་ནི་ཁ་ལ་ཆགས། ༢ །དྲིང་བ་དང་རུལ་དྲིའོ། ༢ །མི་གཙང་བ་དང་བསུར་དྲིའོ། ༢ །ཁ་དོག་གི་མིང་། དཀར་པོ་དགེ་བྱེད་

Vol. 212 · folio 89b

གཙང་དང་གསལ། །མདོག་དཀར་དང་བ་དཀར་སྣུམ་དང་། །སྐྱང་བ་ཆོས་འཆིང་གཽ་ར་དང་། །སྟོབས་བྱེད་དག་བྱེད་ཨརྫུ་ན། །སྐྱ་སེར་སེར་སྐྱ་དཀར་སྐྱའོ། ༡༧ །ཅུང་ཟད་སྐྱ་དང་འོལ་ཁའོ། །ནག་པོ་དྷྱཱ་མ། ཤི་ཏི་དང་། །སྱཱ་མ་མང་འཛིན་དཀར་མིང་དང་། །ནག་ལྷང་

སྔོན་པོ་དྷྱ་མ་ལ། །ཀཱ་ལ་སྔོ་བསངས་དགའ་བྱེད་དེ། ༡༢ །སེར་པོ་སེར་ཤང་ཡུང་བའི་མདོག །ཨ་རུ་ར་མདོག་སེར་ཅན་ནོ། ༥ །ལྗང་གུ་ལྗང་སེར་པཱ་ལཱ་ཤའི། །མདོག་སྟེ་འདི་དག་ལྗང་གུར་མཚུངས། །ནག། ༣ དམར་པོ་ཨུཏྤལ་དམར་བའི་མདོག །ཁྲག་མདོག། རོ་ཧི་ལོ་ཧེ་ཏ། ༥ །

མི་གསལ་དམར་བ་སྐྱ་རེངས་མདོག །དཀར་དམར་འདྲེས་པ་པཱ་ཏ་ལ། །སེར་ནག་དང་ནི་ནག་སེར་རོ། ༢ །དམར་ནག་དུད་ཁ་མཆིན་ཁའོ། ༡ །སེར་ནག་སེར་སྐྱ་སྐྱེར་ཁ་དང་། ༣ །ཀ་དྲུག་སིངྒི་སིངྒི་ལ། ༣ །སྣ་ཚོགས་འདྲེས་མ་ཟལ་པོ་དང་། །ཁྲ་བོ་སཱ་རི་ཤཱ་རི་ག །ཨ་ཏ་དང་

ནི་ཤ་བ་ལ། ༨ །པིཉྫ་ར་ནི་དམར་སེར་རོ། ༡ །པ་ལ་ཀྵ་ནི་དཀར་སྔོན་ཏེ། །ཆུ་ཤིང་མེ་ཏོག་ལྟ་བུའོ། །ཨརྫུན་ནི་དཀར་པོ་དང་། །ནག་པོའི་ཆ་ཙམ་ལྡན་པ་སྟེ། །ཀུ་མུ་ད་ལྟར་དང་བའོ། །སི་ཏཱ་རྫུ་ན་རྣམ་རྒྱས་པའི། །སྟོན་ཀའི་སྤྲིན་དང་མཚུངས་ཤིང་གསལ། །པཱཎྜ་རཱ་ནི་

དཀར་ལྗང་སྟེ། །མཚན་མོའི་རི་བོང་ཅན་མཚུངས་པའོ། །པཱཎྜ་རི་ནི་དམར་སེར་ཏེ། །རྡུལ་ལྡན་ཐོ་རངས་ཟླ་བ་བཞིན། །པཱཎྜ་སེར་པོའི་ཆ་ལྡན་དཀར། །ཀེ་ཏ་ཀྵི་ཡི་རྡུལ་དང་མཚུངས། །དྷཱུ་ས་ར་ནི་དཀར་པོ་ལ། །སེར་པོའི་བག་དང་ལྡན་པ་སྟེ། །ཨུཏྤལ་ལྟར་དངས་

པའོ། །མ་ཙ་ཀ་ནི་སྔོ་ནག་སྟེ། །ཟར་མའི་མེ་ཏོག་དང་མཚུངས་པའོ། །གཽ་ར་ཁ་དོག་དམར་སེར་ཏེ། །གི་ཧཾ་གསར་པ་ལྟར་གསལ་བའོ། །ཧི་ར་ཏ་ནི་ནག་དཀར་ལྡན། །ཏཱ་ལའི་འབྲས་བུ་ལྟར་གསལ་བའོ། །རོ་ཧི་ཏ་དང་ལོ་ཧི་ཏ། །ཛ་བའི་མེ་ཏོག་དང་མཚུངས་

པའོ། །རཀྟ་ཐུན་མཚམས་ལྟར་གསལ་བའོ། །ཤོ་ཎ་བནྟུའི་མེ་ཏོག་བཞིན། །ཧ་རི་ཏྲ་ནི་དཀར་ངན་སེར། །ཉེ་བའི་ཐུན་མཚམས་སྤྲིན་ལྟར་གསལ། །ཤྱཱ་བ་རང་བཞིན་སེར་ནག་སྟེ། །ཐུན་མཚམས་སྤྲིན་དང་འདྲ་བར་མཛེས། །དྷཱུ་མ་ལ་ནི་ནག་དམར་ཏེ། །དུ་བ་

Vol. 212 · folio 90a

དང་ནི་སྦུར་མེ་བཞིན། །དཀར་སེར་དམར་ལྗང་ཀ་ཌཱ་ར། །རྩྭ་ཡི་མེ་དང་འདྲ་བའོ། །ལྗང་གུའི་ཆ་ཡིས་དམན་གྱུར་པ། །དེ་དང་ལྡན་པ་པད་རྡུལ་འདྲ། ཀ་དྲུ་གསེར་མདོག་ལྟར་གསལ་ལོ། །ཀི་རྨཱི་ར་ནི་དཀར་དམར་རོ། །ཀལྨཱ་ཥ་ནི་དཀར་

ནག་གོ །ཀརྦུ་ར་ནི་དཀར་སྔོན་ནོ། །སིངྒ་ན་ནི་དཀར་ནག་སྟེ། །ཆུ་ཡི་རྣམ་པ་མཚུངས་ཤིང་གསལ། །ཀ་བར་ནི་དུད་ནག་སྟེ། །དུད་ལྡན་མར་མེའི་འོད་མཚུངས་པའོ། །བཱ་ལ་དམར་སྔོན་དཀར་སེར་ཏེ། །ལྕི་བའི་ཐལ་བ་ལྟ་བུའོ། །ཡོན་ཏན་དཀར་པོ་ལ་སོགས་ཕོ། །

ཡོན་ཏན་རྟགས་རྣམས་དེ་བཞིན་ནོ། །རི་ཧི་ཎཱི། རོ་ཧི་ཏཱ། རཀྟ། །ལོ་ཧི་ཎི་དང་། ལོ་ཧི་ཏ། རོ་ཧི་ཏི་ཀཱ། ལོ་ཧི་ཏི་ཀཱ། རཱ་གཱ་ཀོ་ཎཱ་ཞེས་པ་ཡང་། ཤོ་ཎཱི་ཤི་ཎཱ་སི་ཤིངྒཱ། །སིངྒཱ་ལཱ་དང་ཧ་ར་ཎཱི། །ཧ་རི་ཏཱེ་ཞེས་པ་ཡང་ངོ་། ༢ །ཤྱེ་ནཱི་ཤྱ་ཏཱ་སི་ཏཱ་ཡང་། ༣ །ནཱི་ལཱ་གོས་དང་ལྡན་པའི་

མིང་། །ནཱི་ལཱི། སྲོག་ཆགས་སྨན་དག་གོ །ཤྱེ་ནཱི། ཀུ་མུ་དའི་འདབ་མཚུངས། །ནེ་ཙོའི་མདངས་འདྲ་ཧ་རི་ཎཱི། །ཚངས་ལྡན་བྷཱ་ར་ཏཱི་སྐད་ཚིག །ངག་དང་བརྗོད་པ་དབྱངས་ཅན་དང་། །ཚིག་དང་། གསུང་དང་། པཱ་ཙ་དང་། །བྷ་ཎི་ཏི་དང་། པ་ཙ་ནཾ། པ་ཙ་

ཐ་སྙད་སྨྲ་བ་དང་། སྨྲས་དང་། པཱ་ཀྱ། འཆད་དང་། བཤད། ༡༩ །སཾ་སྐྲྀ་ཏ་ནི་ལྷ་ཡི་སྐད། །པི་ཤཱ་ཙི་ནི་འབྱུང་པོའི་སྐད། །ཨ་པ། བྷྲཾ་ཤ །ཟུར་ཆག་སྒྲ། །རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །ཏིང་དང་། སུཔྲ་ཀྱི་མཐའ་ཅན་ཚིག །བྱ་བའམ་ནི། བྱེད་ལྡན་

པའོ། །པ་རི་སཱ་ཊ། གསང་ཚིག་སྟེ། །རཱི་ཏི་ཚིག་གི་ལམ་ཡིན་ནོ། །རབ་ཏུ་བཅིངས་དང་། སྦྱར་བ་དང་། །ཡང་དག་སྤེལ་དང་། རྒྱུས་པ་དང་། །སྡུད་སྦྱོར་འདི་རྣམས་སྦྱར་བ་སྟེ། །སྒྲ་ཡི་མ་ལ་ནི་གུ་མྦྱ་ནེའོ། །ཐོས་དང་རིག་བྱེད་མན་ངག་དང་། །སྡེབ་སྦྱོར་དང་

ནི། ཁ་ཏོན་ལུང་། །རྒྱུད་དང་། ཡལ་ག་ངེས་འགྲོའོ། ༩ །སྙན་ཚིག །ཨཱུ་ཀྵཾ། དབྱངས་འཇེབས་དང་། །དེར་ནི་ཨུ་པ་ནི་ཥཏ་རྣམས། །རིག་བྱེད་དག་ནི་གསང་བའི་འོ། །ཆོས་དང་ངེས་པར་འགྲོ་བ་ཡང་། །ཆོས་དང་ཐོས་དང་སྒྲུབ་པ་གསུམ། །ངེས་བརྗོད་དང་

Vol. 212 · folio 90b

ནི་སྙན་ཚིག་དང་། །མཆོད་སྦྱིན་འདི་གསུམ་རིག་བྱེད་གསུམ། །བསླབ་དང་བརྡ་སྤྲོད་སྡེབ་སྦྱོར་དང་། །དེ་བཞིན་སྐར་རྩིས་ཐོས་པ་དང་། །རྟོག་པ་དང་ནི་ཡན་ལག་གོ །དྲན་པ་དང་ནི་ཆོས་དང་བཅས། ༢ །ཨོཾ་ཞེས་བྱ་བ་རབ་བསྔགས་དང་། །ཚངས་པ་ཡི་ནི་འགྱུར་མེད་

སྔགས། ༣ །ཨུ་དཱ་ཏྦ་དང་། སྭ་རི་ཏ། །ཨ་ནུ་དཱཏྟ་དབྱངས་གསུམ་མོ། །དེ་ལྟ་བུ་བྱུང་སྔོན་གྱི་ཚུལ། ༢ །སྔོན་རབས་མཚན་ཉིད་ལྔ་ཡིན་ཏེ། །རྗེས་ཚོལ་བ་དང་ལུགས་ཀྱི་རྒྱུད། །རྟོག་གེ །ས་བདག་བསྟན་བཅོས་དང་། །ཀུན་ནང་ཉེ་བར་དམིགས་དོན་ནོ། །བསྟན་བཅོས་རྒྱུད་

དང་། ཐོས་པ་མཚུངས། །འབེལ་བའི་གཏམ་དང་། ཕན་ཚུན་བགྲོ། །རབ་སྦྱོར་ཚིག་དང་གཏམ་ཡིན་ནོ། ༢ །གབ་ཚིག་དང་ནི། བརྡ་ཡིས་སྟོན། །དྲི་བའི་ཕོ་ཉ་ཤེས་དཀའོ། ༤ །ཚིག་བསྡུས་པ་དང་བསྡུས་པའི་དོན། ༢ །བསྡུས་དང་། ལེགས་པར་བསྡུས་པའོ། ༢ །

ཁྱིམ་པའི་གཏམ་དང་། སྐྱེ་བོའི་བརྗོད། །ལོག་པའི་གླུ་དང་། སྨྲ་བའོ། ༤ །རབ་ཏུ་བརྗོད་དང་། ཅི་ཞེས་སྨྲ། །རྗོད་པར་བྱེད་དང་། སྐྱེ་བོས་ཐོས། ༤ །སྒེག་ལྡན་སྐད་དང་། ཉམས་ལྡན་ནོ། ༢ །གཏམ་བརྗོད་པ་དང་། དེ་བཞིན་གླུ། །ལོ་རྒྱུས་དང་ནི་ཁ་སྐང་དོ། ༣ །མིང་དང་འབོད་

ཕྱོགས། མཚན་ཉིད་དང་། །མཚོན་པ། རིགས་དང་ཀུན་གསལ་དང་། །ཀུན་གསལ་ནཱ་མ་དྷེ་ཡ་དང་། བྱ་བ་དེ་ཤ་ཚིག་བླ་དགས། །བརྡ་དང་། འཕྲལ་སྦྱར། བྱས་པ་དང་། །ཀུན་ཏུ་འབོད་དང་། མངོན་བརྗོད་དོ། ༢༥ །གསལ་དང་། གྲགས་དང་། རབ་ཏུ་གྲུབ། ༣ །

ཉེ་བར་འཇལ་དང་། དཔེར་བརྗོད་དོ། ༢ །ཉེ་བར་དགོད་དང་། སྨྲ་བའི་སྒོ། ༢ །འདི་དང་། རྗེས་སྦྱོར། ཤེས་འདོད་དང་། །གཏམ་དང་། སྒྲོགས་དང་། རྗེས་སྦྱོར་བྱེད། ༥ །སླར་སྨྲ་བ་དང་། ལན་ལྡོན་མཚུངས། ༢ །ལོག་པར་མངོན་སྦྱོར་ངན་བརྗོད་དང་། །ལོག་སྨྲ། སུན་

འབྱིན་མངོན་སུམ་སྤྱོད། །སྤྱོ་དང་། ཁྲོ་ཚིག །རྣམ་ཁྲོས་ཚིག །༨ །རྣམ་པར་སྨྲ་དང་། ཐ་སྙད་དང་། །མནའ་དང་། ཁྲོ་བོར། ཤཱ་པའོ། ༣ །ལེགས་སྨྲ་དང་ནི། རྗེས་ཆགས་སྐྱེ། ༢ །ཡང་དག་མཁྱེན་ལྡན་སྙན་གྲགས་དང་། །ཚིགས་བཅད་དང་ནི་གྲགས་པའོ། ༤ །

Vol. 212 · folio 91a

བསྟོད་པ་ནུ་ཏི། སྟུ་ཏི་དང་། །ན་བ། སྟ་བ། སྟ་ཏྲཾ་དང་། །བསྔགས་པ་དང་ནི། རྣམ་པར་བརྗོད། ༨།སྨྲ་དང་རབ་ཏུ་བསྔགས་པ་དང་། །མཐོ་བར་གྲགས་དང་། དབྱངས་སུ་བྱེད། ༤ །སྐྱོར་ཚིག་དང་ནི་གཉིས་གསུམ་བརྗོད། ༢ །མྱ་ངན་འཇིགས་དང་

རྩེ་སོགས་ལས། །ཅོང་སྐད་དང་ནི། ཡི་གེ་བྲལ། ༢ །སྐལ་བ་མཆོག་དང་། ཡོན་ཏན་ལྷག །༢ །འགྲན་པར་བྱེད་དང་། ཡང་དག་དགའ། ༢ །སྨོད་པ། ཉེ་བར་སྤྱོད་པ་དང་། ༢ །ནག་གརྒྷཱ་གརྒྷཱ་ཎཾ། །མི་བསྔགས། དོར་བྱ་ངེས་སྨོད་དང་། །ཡོངས་སྨོད་དང་ནི་སྐུར་འདེབས་

དང་། །པི་ཏཾ་བ་དང་། ངན་བྱ་པ། །སྨོད་དང་། སྨོད་པར་བྱེད་པ་དང་། །རྩོད་པ་ནི། གྷྲྀ་ཎཱའོ། ༡༡ །དེ་ལ་གཡོ་བ་གང་ཡིན་པ། །འཁྲིག་པའི་ཕྱིར་དུ་ཕན་ཚུན་སྨོད། །མངོན་པར་སྨྲ་དང་། ཚིག་རྩུབ་པོ། ༢ །སྤྱོ་ཚིག །གནོད་ཚིག །བསྡིག་ཚིག་གོ། །༣ །སྨོད་པ་དང་བཅས་

ཉེར་དམིགས་པ། །ས་རི་བྷཱ་ཥ་ཎ་ཞེས་སོ། །ཨུ་པཱ་ལམྦྷ་རྗེས་སུ་སྦྱོར། །མགྲོན་གཉེར་འབོད་དང་། འགུགས་དང་བོད། ༣ །ཡང་དག་འབོད་པ་མང་པོས་བོས། །ཚོགས་པའི་སྒྲ་ནི། །སཱཾ་རཱ་བི་ཎི། །སྒྲ་ཆེན་ཀོ་ལཱ་ཧཾ་ལའོ། །རྗེས་སུ་སྨྲ་དང་། ཡང་ཡང་སྨྲ། །སྨྱོ་

ཚིག་དང་ནི། དོན་མེད་ཚིག །འགལ་བ་བརྗོད་དང་། འགོག་ཚིག་གོ །མྱ་ངན་ཚིག་དང་སྨྲེ་སྔགས་འདོན། །ཁམས་བདེ་དང་ནི། འདྲི་རྨེད་དོ། །ཤིན་ཏུ་སྨྲ་དང་ལེགས་པར་བརྗོད། །གསང་ཚིག་དང་ནི། གསང་བའི་གཏམ། །ཨ་ས་ཧྣ་བ། ཨ་པདྟྨ་མ། །ཨ་པ་ཛྙཱ་ན།

ཨ་པ་ཧཱ་ཡ། ཕལ་ཆེར་བསྡུས་ནས་ཀུན་བཤད་པ། །རྐང་པ་ལས་སྐྱེས་རྒྱུན་ཆགས་ཡིན། །མཐོ་བར་བརྗོད་དང་ངེས་བཅིངས་སོ། ༢ །ཏུ་མུ་ལ་ནི་འཁྲུགས་པའི་སྒྲ། ༡ །ཚིག་གི་སྐྱེས་དང་། ཚིག་སྤྲིང་དང་། །བསྟན་པ་དང་ནི་ཡང་དག་སྨྲ། ༤ །ཚིག་གི་དབྱེ་བ་ཕྱི་མ་གསུམ། །

ངན་སྨྲ་དང་ནི། ངན་བརྗོད་མཚུངས། ༢ །སྡིག་པའི་ཚིག་དང་། མི་དགེ་ལྡན། ༢༤ །དགེ་བ་དགེ་བའི་བདག་ཉིད་ཅན། །སྙན་དང་། ཤིན་ཏུ་ཞི་བ་དང་། །ལེགས་པར་སྨྲ་དང་སྙིང་ལ་འབབ། ༤ །ཚིག་རྩུབ་དང་ནི། གྱ་ཚོམ་དང་། ༢ །གྲོང་པ་དང་ནི། ཚུལ་མིན་པ། ༢ །མྱུར་བར་བརྗོད་དང་

Vol. 212 · folio 91b

བརྟབས་ཏེ་བརྗོད། ༢ །གྲ་སྟཾ། ངག་ཚིག་ཡི་གེ་ཕྱིས། ༡ །མི་མངོན་པ་དང་། མི་གསལ་བ། ༢ །ཀླ་ཀློར་གྱུར་པ་སྐད་ཉམས་པ། །ཀུན་ཏུ་འཁྲུགས་དང་། ཉོན་མོངས་གྱུར། །ཕན་ཚུན་འཇོམས་པར་བྱེད་པའི་ཚིག ། ༢ །དོན་མེད་པ་དང་འབྲེལ་མེད་པ། ༢ །ཡི་གེ་བྲལ་དང་བརྗོད་བྱ་

མེད། ༢ །ཆུ་འཐོར་གཏམ་དང་། མཆིལ་གཏམ་མོ། །ཟེགས་འཐོར་གཏམ་དང་གཉིས་བརྗོད་དང་། །དོན་སྟོང་ཚིག་དང་བརྫུན་གཏམ་དང་། །དེ་ནས་བདེན་དང་དགའ་བ་དང་། །ཕྱིན་ཅི་མ་ལོག་མི་བསླུ་བའོ། ༤ །བདེན་སོགས་བདེན་པར་སྨྲ་བ་དང་། །བདེན་པ་དེ་བཞིན་མི་བསླུ་བ། །

ཡང་དག་འདི་རྣམས་གསུམ་དེ་ནི། །སྒྲ་དང་ངེས་སྒྲོགས་གྲགས་པ་དང་། །ལྷང་ཚེར། ནི་སྭཱ་ན། ནི་སྟྲ་ན། །དིང་འུར། ངེས་སྨྲ། ངེས་སྒྲོགས་དང་། །སྒྲོགས་པ་ཅ་ཅོ་ཀུ་ཅོ་དང་། །དབྱངས་དང་། གྲག་དང་། སྐད་འདོན་དང་། །ཧཱས། རཱ་བ་བ་ར་སྨོས། །ཀུ་ཧ་རི་ཏཾ། བརྗོད་

པ་དང་། །མངོན་པར་བརྗོད་དང་རྗོད་བྱེད་སྒྲ། །མགྲིན་སྐྱེས། མངོན་བརྗོད། ཉམས་ལྡན་ཡང་། ༢༦ །གཾ་གཱའི་སྒྲ་ནི་མནྨ་ན། །ཅ་ཅོ་ཀོ་ལཱ་ཧ་ལའོ། །ཤྭརྦྷ་ཊི་དང་། ཙརྦ་རཱི། ༢ །སྒྲ་ལྡན་དང་ནི་བྲག་ཅའོ། ༢ །བཱ་སི་ཏཾ་ནི། དུད་འགྲོའི་སྒྲ། །གཞུ་ཡི་སྒྲ་ནི་བིསྥཱ་ར། །རྔ་ཆེན་སྒྲ་ནི་

ཊུ་ཊུ་ར། །གོས་དང་ལ་མའི་མ་རྨ་ར། །རྒྱན་གྱི་སྒྲ་ནི་པཉྫི་ཏཾ། །པི་ཝང་སྒྲ་ནི། ནི་ཀྭཱ་ཎ། །མི་གསལ་ཀྭོ་ཎ། ཀྭོ་ཎ་སྒྲོགས། །ཁོག་པའི་ཀ་ལ་ཀ་ལའོ། །ཕུག་དང་ནི་དབྱངས་སྦེད་དོ། །གླུ་དང་གླུ་དབྱངས་འདི་དག་མཚུངས། །པི་ཝང་སྒྲོགས་པ་ལ་སོགས་ལ། །པྲ་

ཀྭཱཎ་དང་པྲ་ཀྭ་ཎ། །ཀ་ཎ་ཀྭཱ་ཎ། སཾ་ཀྭ་ཎཱ། །སཾ་ཀུ་ཎ་དང་། སཱུ་ཀུ་ཎ། །ཨ་ནུ་ཀྭ་ཎ་ལ་སོགས་སོ། ༨ །འཁོར་ཉན་ཁྱུ་མཆོག་དྲི་འཛིན་དང་། །དྲུག་སྐྱེས་བར་མ་བློ་གསལ་དང་། །ལྔ་པ་ཞེས་པ་འདི་རྣམས་བདུན། །རྒྱུད་དང་མགྲིན་ལས་སྐྱེས་པའི་དབྱངས། །འཁོར་ཉན་གླིང་བུའི་

སྒྲ་ལྟ་བུ། །བློ་གསལ་རྟ་ཡི་སྐད་ལྟ་བུ། །དྲི་འཛིན་ར་ཡི་སྐད་ལྟར་འཚེར། །དྲུག་སྐྱེས་ཟླ་བ་ཅན་སྒྲ་བཞིན། །ཁྱུ་མཆོག་བ་ལང་སྒྲ་ལྟ་བུ། །བར་མ་ཁྲུང་ཁྲུང་སྒྲོགས་པ་བཞིན། །ལྔ་པ་མེ་ཏོག་དུས་ལྡན་༡། །རྨ་བྱ་སྒྲོགས་པ་ལྟ་བུའོ། །འདི་རྣམས་ཐམས་ཅད་མྱོས་པ་ཡིས། །སྒྲོགས་

Vol. 212 · folio 92a

བྱེད་དེ་ཡང་ལྔ་པའོ། །ཀཱ་ཀ་ལི་ནི་ཕྲ་བའི་སྒྲ། །མི་གསལ་སྙན་པ་ཀ་ལའོ། །ཟབ་མོའི་སྒྲ་ནི་སྔགས་ཡིན་ནོ། །ཤིན་ཏུ་མཐོ་བ་ཏཱ་རའོ། །ཆ་ལང་ཕེག་རྡོབ་ས་མནྡྷི། །པི་ཝང་དང་ནི་བརྞ་ཀི །རྣམ་པར་སྤྱོད་དང་དབྱངས་ལྡན་ནོ། ༤ །བི་ཝང་རྒྱུད་ནི་ལཱ་སུ་ཀི །

རྒྱུད་རྣམས་ལྷ་ཡི་གྲངས་རྣམས་ཀྱིས། །པི་ཝང་ཉིད་ནི་ཡོངས་སུ་བསྒྲགས། །པི་ཝང་སྲད་བུ་མ་རུ་ཀཾ །པི་ཝང་བུ་ག་ནཱ་ལི་ཀཱ །པི་ཝང་ཁོག་པ་པྲ་བཱ་ལ། །པྲ་པཱེ་ཀ །རྩེ་ཡི་ཤིང་འཁྱོག །ཀོ་ལམྦ་ནི་ལུས་ཡིན་ནོ། །ཐག་པའི་གནས་དང་འཆིང་བའོ། །འདབ་མའི་རྒྱུད་རྣམས་

དེ་ཡི་དབུས། །པི་ཝང་ལ་སོགས་རོལ་མོ་ཡི། །སྐད་ཐབས་གྷུ་གྷུ་རི་ཀཱའོ། །པི་ཝང་ལ་སོགས་རྒྱུད་ཀྱི་སྒྲ། །རྔ་ལ་སོགས་པ་སྦུབས་ཀྱི་སྒྲ། །གླིང་བུ་ལ་སོགས་བུ་གའི་སྒྲ། །སིལ་སྙན་སྒྲ་ནི་ཆ་ལང་སོགས། །རོལ་མོ་རྣམ་པ་བཞི་པོ་འདི། །བཱ་ཏི། ཏྲ་མཱ་ཏ་ཞེས་བྱ། །སིལ་

སྙན་དང་ནི་སིལ་ཁྲོལ་ལོ། །མཱ་ཧཱ་ཏི་དང་། ཨ་མཱ་ན། པ་ཊ་ཧ་ལ་སོགས་པའོ། །མ་ཧཱ་ན་དང་། མརྡ་ཀ །རྔ་ཟླུམ། རྫ་རྔ་ཨ་ན་ཀ །ཨ་རུ་ར་འདྲའི་རྔ་ཨངྐྱ། །ནས་ཀྱི་དབུས་འདྲ་ཨུརྡྷ་ཀ །ཨ་ལིངྒྱ་ནི་བ་ལང་གི །མཇུག་མའི་དབྱིབས་འདྲ་འདི་དག་གི །བརྨ་མུ་ར་ཛ་ཡིན་

ནོ། །འཁར་རྔ། ཛྷངྒི་པ་དག་མཚུངས། །ཌྷཀྐ། ཆ་ལང་མརྡ་ལ། ༢ །ཀཱ་ཧ་ལ་དང་སྒྲ་ཆེན་དང་། །ཀཱ་ཧའི་སྒྲ་དང་། སྦུབས་ཅན་དང་། །གཏུམ་པོའི་ཀུ་ཅོ་ཞེས་པ་རྣམས། ༥ །སིཉྫ་ལ་དང་། ཀཱ་ཧ་ལ། ༢ །དེ་ནས་ཌྷཀྐ། གུཉྫ་དང་། །ཌྷཀྐ་རྣམ་རྒྱལ་མརྡ་ལ། །རྒྱང་གྲགས་

སྒྲ་ཅན། རྒྱང་གྲགས་ཀྱི། །ཆ་ལང་། སྙན་པའི་པ་ཊ་ཧ། །གོ་བྱེད་པ་ཊ་ཧ་དང་ནི། །ལམྦྷཱ་པ་ཊ་ཧ་མིང་ཅན། །ཨཱ་ན་ཀ་དང་། བ་ཊ་ཧ། །གུཉྫ་པ་ཊ་ཧི་ཀཱ་ཡ། ༤ །ཨ་ན་ཀ་དང་། མྲྀ་དི་ཀ ༢ །འཇིགས་བྱེད་རྔ་དང་རྔ་བོ་ཆེ། ༢ །རོལ་མོའི་རབ་དབྱེ་འདི་རྣམས་ཏེ། །མ་ཧ་

ན་དང་། ཌ་མ་རུ། །མུཌྷུ། ཌིནྜི་མ། རྫ་རྔ། །གླུ་རྔ། འཁར་རྔ། ཀ་ར་ཌུ། ན་པ། རངྒི་ཏེངྒ་རི། །གཡུལ་དུ་སིལ་སྙན་སྒྲ་དང་ནི། །རྔ་ཆུང་གཉིས་ཀ་ཌི་ཎྜི་མ། །གཡུལ་འཐབ་ཉིན་མོའི་སིལ་སྙན་ནོ། །མི་བདག་རྣམས་ཀྱིས་བཟའ་བའི་མཐར། །

Vol. 212 · folio 92b

བཟའ་བའི་སིལ་སྙན་གང་ཡིན་དེ། །འཇིག་བྱེད་ཟས་ཀྱི་སིལ་སྙན་ཏེ། །རླབས་ཀྱི་འགྲོས་ཅན་ཡིན་ཞེས་བྱ། །བྱིས་པའི་སིལ་སྙན་གང་ཡིན་དེ། །རབ་དགའི་མརྡ་ལ་ཞེས་སོ། །འཚོ་བ་བྱུང་བའི་གོ་བྱེད་པའི། །སིལ་སྙན་གཎྜའི་སིལ་སྙན་བརྗོད། །ཐིག་པའི་སིལ་སྙན་དག་

དང་ནི། །ཤིང་རྟ་གླང་པོ་གཉིས་ཀ་ཡི། །ཌིཎྜི་ཀཱ་དང་། ཨུངྒ་ར། །གྲོང་ཁྱེར་དབྱངས་དང་། འཁོར་བའི་རླབས། །མི་བཟད་པ་ཡི་སྒྲ་རྣམས་སོ། །ཆུ་ཚོད་བུམ་པ། དབྱུ་གུའི་རྔ། །མེལ་ཚེ་འཛིན་པ། མེལ་ཚེའི་སྒྲ། །ཐུན་གྱི་དབྱངས་དང་། ཐུན་གྱི་སྐད། །དུས་

ཀྱི་སིལ་སྙན་དུ་ཡང་བཤད། ༧ །ཟངས་མའི་དབྱུ་གུ། ཆུ་ཚོད་དབྱུག །བུ་གའི་ཚད་དང་། དུས་འཛིན་པའོ། ༤ །དེ་ནས་སྦུབས་ཅན་བུམ་པ་དང་། །ཐུན་གྱི་ཐོ་བ། དབྱུ་གུའོ། ༤ །དེ་སྒྲ་ཐུན་གྱི་དབྱངས་དང་ནི། །ཐུན་གྱི་ཏྲཾ་གར་ཞེས་ཀྱང་། ༢ །ཤིད་བྱེད་ཡི་དགས་རྔ་དང་ནི། །ཤི་བའི་

ཨུངྒ་ར་ཡང་ངོ་། ༣ །གླང་པོ་མྱོས་པའི་ཏངྒ་རཱི། །མྱོས་པའི་ཏྲཾ་ག་ར་ཞེས་བརྗོད། །ན་ཀཱ་ཏ་ཏྲཾ་ག་རི་ཀཱ་ནི། །དབུལ་པོའི་པ་ཊ་ཧ་རུ་འདོད། །ཁྱུ་མཆོག་དགའ་སྟོན་སིལ་སྙན་གང་། །བ་ལང་རྔ་ཡི་མིང་ཅན་ནོ། །བུམ་སྟོན་འཁར་བའི་སིལ་སྙན་ནི། །འཁར་བའི་ཆ་ལང་ཞེས་པར་

འགྱུར། །ཀུ་ཊུ་གུཉྫ། ཤིང་རྟའི་སྒྲ། །ལུས་ལྡན་པ་ཊ་ཧ་ཡང་དེའོ། །ཁ་ཡི་སིལ་སྙན། ཁའི་ཆ་ལང་། ༢ །ག་ལྭ་སིལ་སྙན་སྒྲ་ཆེན་པོ། །ཀ་ར་རྡི་དང་། ཕེག་རྡོབ་པོ། ༢ །ཀཱུ་རྫ་ནཾ་ནི། མིག་གསལ་སྒྲ། །ཙ་ཊུ། པ་ཊུ། སྤྱ་བའོ། །གཏམ་པ་དང་ནི། གར ༡་པ། །༢

རེ་མོས་སྨྲ་དང་། རབ་མྱོས་པ། །རིག་བྱེད། སིལ་སྙན། གཱ་ཏ་རི། །གླུ་ལེན་པ་དང་། གླུ་མཁན་ནི། ༢ །གར་པ་དང་ནི། རོལ་རྩེད་པ། ༢ །དལ་དང་། མྱུར་དང་། བར་པ་ལ། །ཏསྟྭམ ཨོ་གྷོ། གྷ་ནཾ་རིམ། །ཆ་ལང་། །མྱུར་རྡེག །དུས་མ་ནི། །ལ་ཡཾ་ཞེས་སོགས་

བྱ་དུས་ཚད། །ལག་པ། རྐང་པ། དག་དང་ནི། །མིག་གིས་སོ་སོར་བལྟ་བ་དང་། །འདྲེན་པར་བལྟ་སོགས་བྱ་བའི་ཚད། ༣ །ལོ་བྱ་བ་གང་གཞན་དེ། །ཕན་ཚུན། ལ་ཡཿལ་ཡཿདང་། །སཱ་མྱ་ཞེས་པ་དེ་འདོད་དོ། །ཏཱཎྜ་བཾ། ན་ཊ་ནི། །ནཱ་ཊ་བྱཾ། ལཱ་སྱཾ། །རངྒ།

Vol. 212 · folio 93a

ན་རྟ་ནི། ནྭི་ཏྲཾ་ཞེས་པ་རྣམས་སུ་འགྱུར། །བུད་མེད་རྣམས་ཀྱི་ཟླུམ་པོའི་གར། །ཧལླཱི་ས་ཀ་ཞེས་པར་འགྱུར། །རྔ་གསུམ་གར་དང་གླུ་དང་ནི། །རོལ་མོ་གར་བྱ་འདི་ནི་གསུམ། །དེ་ནས་བྷ་ཀུམ་བཱ་དང་ནི། །བྷྲུ་ཀུམ་པ་དང་། གྷུ་ཀུམ་བཱ། །བྷྲི་ཀུ་ས་

ནི་འདྲ་བ་སྟེ། །འདི་དག་སྐྱེས་པས་བུད་མེད་ཀྱི། །ཆ་བྱད་བཟུང་བ་ལ་བརྗོད་དོ། །ཟློས་གར་ལ་བཤད་རྒྱལ་མཚན་ནི། །གཞོན་ནུ། ཇོ་བོའི་ཁྱིའུའོ། ༢ །རྒྱལ་པོ་རྗེ་བཙུན་དང་ནི་ལྷ། །བུ་མོ་རྗེའུའི་ཁྱིའུའོ། །ལྷ་མོ་གང་ལ་དབང་བསྐུར་བ། །གཞན་རྣམས་ལ་ནི་རྗེ་

བཙུན་མ། །སྐྱེད་བྱེད་པ་ནི། ཨཱ་བུ་ཀ །བྷཱ་བ་མཁས་པའོ་མཱ་རི་ཥ། །འཕགས་པ་ཨམྦཱ་སྐྱེད་མའོ། །སྲིང་མོ་ཆེ་བ་ཨནྟི་ཀཱ། །སྲིང་མོའི་བདག་པོ་ཨཱ་བརྟི། །རཱ་ཛ་སྭཱ་ལ་ཡུལ་འཁོར་རོ། །ཚོགས་ཅན་མ་ནི་ཨཱརྫུ་ཀཱ །བྱིས་པ་བཱ་སུ་ཞེས་བྱའོ། །ཧཎྜ། ཧ་ཉྫེ། ཧ་

ལས་འབོད། །དམན་པ། གཡོག་མོ། གྲོགས་མོའོ། །འཕགས་པའི་བུ་ཞེས་བོད་བྱ་བ། །བུ་མོ་རྣམས་ཀྱི་ལང་ཚོའི་བདག །གཞན་དུ་ཡང་ནི་འཕགས་པ་མཆོག །རྒྱལ་པོ་ཆེ་དང་མི་བདག་གོ །ཨ་པྲ་ཧྨ་ཎྱ་པ་སང་བྱ་མིན། །ནིཥྛ་ཟིན་པ་ཡིན་ཏེ་མཚུངས། །

ལུས་ཉམས་ལྔ་པ་ཟིན་པའོ། །ཨངྒ་ཧཱ་ར། ཡན་ལག་བསྐྱོད། །གསལ་བྱེད་དང་ནི། ཚུལ་དག་མཚུངས། །གསལ་བྱེད་ལ་སོགས་གར་ལ་ནི། །སྔ་མའི་ཡན་ལག་གནས་དབྱེ་བ། །གར་གྱི་གནས་དང་ཟློས་གར་གནས། ༢ །སྒེག་དང་། དཔའ་དང་།

སྙིང་རྗེ་དང་། །རྨད་བྱུང་རྒོད་དང་འཇིགས་སུ་རུང་། །མི་སྡུག་དྲག་ཤུལ་མཉེས་པ། ཤིན་པ། །ཞི་བ་ཞེས་བྱ་ཉམས་བཅུའོ། །སྒེག་པ། ཉམས་ལྡན། གཙང་དང་འབར། གསལ་བ་ཅན་ཞེས་པ་ཡང་ངོ་། ༤ །སྒེག་པའི་དབྱེ་བ་ལོངས་སྤྱོད་རྫོགས། །པ་པྲཱ་ལམྦྷ།

ཏིང་ངེ་འཛིན། །སྤྲ་པ། འཕེལ་བ་དཔའ་བ་ཡིན། །སྙིང་རྗེ། ཐུགས་རྗེ། བརྩེ་བ་དང་། །ཀྲྀ་པཱ། ད་ཡཱ་རྗེས་སུ་བརྩེ། །རྗེས་སུ་ཆགས་དང་། ཤུ་ཀའོ། །ངོ་མཚར། འཕགས་དང་། རྨད་བྱུང་། མཚར། ༤ །ཧཱ་ས་ཡ་ཧ་ས། ཧཱ་སའོ། ༣ །ཙ་མརྐཱ་

Vol. 212 · folio 93b

ར། འདུལ་བྱེད་དང་། །འདུལ་དུ་འཇུག་པ་ཞེས་པ་ཡང་། ༣ །མི་བཟད། འཇིགས་བྱེད། དངངས་བྱེད། །འཇིགས། །དྲག་པོ་འཇིགས་རུང་། འཇིགས་པར་བྱེད། །སོ་སོར་འཇིགས་དང་། བྷཱ་མུ་རཱ། །བྷཱི་ལ། བྷཻ་ར་བ། བྷ་ཡཱ་བ་ཧ། ༡༢ །དྲག་པོ་དྲག་

ཤུལ། ཞེས་པ་དང་། །མི་སྡུག་པ་དང་། བི་བརྶྷ། །དངངས་སྐྲག །ཉམ་ང་། བག་ཚ་དང་། །ཕམ་པར་བྱས་དང་འཇིགས་པའོ། །ཡིད་ཀྱི་རྣམ་འགྱུར་དགའ་བ་དང་། །ཞུམ་དང་ཁྲོ་སོགས་ཀྱིས་བསྐྱེད་པ། །ཉམས་སུ་མྱོང་དང་རྣམ་འགྱུར་རྟོགས། །དེ་ཡང་ཉམས་

མྱོང་ལོངས་སྤྱོད་རྫོགས། །ཐོབ་པའི་བདག་ཉིད་ཅན་དུ་འགྱུར། །དེར་ནི་མིག་བཞི་ལས་བྱུང་བ། །སྨིན་མ་འདེགས་དང་འཛུམ་རྣམས་འཁོར། །བཀྲ་བར་ཉམས་མྱོང་དག་ལ་སོགས། །ལོངས་སྤྱོད་རྫོགས་པའི་བདག་ཉིད་འདོད། །མངོན་འདོད་དེ་བཞིན་བསམ་པ་དང་། །

རྗེས་སུ་དྲན་པའི་ཚོགས་སུ་འདོད། །དེ་བཞིན་སྐྱོ་དང་རྣམ་པར་སྨྲ། །སྨྱོ་བ་དང་ནི་ནད་ཉིད་དང་། །ཛ་བྷ་འདུལ་བྱེད་ཀྱང་ཞེས་པ། །ཐོབ་པའི་བདག་ཉིད་བཅུ་ཡིན་ནོ། །དགོད་པ་དགའ་བར་བྱེད་པ་སྟེ། །དེ་བཞིན་གཉི་ག་སྤྲོ་བའོ། །སྦེད་དང་ངོ་མཚར་ཞེས་བྱ་བ། །དངོས་

པོ་བཞག་པར་རབ་ཏུ་བསྒྲགས། །དབང་དུ་བྱེད་པ་རྣམ་ཤེས་ཀྱིས། །དངོས་པོའི་ལམ་ལ་སྐྱེས་པའི་ལས། །ཡིད་ཀྱི་མདུད་པ་ངར་སེམས་ཏེ། །ང་རྒྱལ་སེམས་ནི་མཐོ་བའོ། །སྙེམས་དང་མངོན་པའི་ང་རྒྱལ་དང་། །ངར་འཛིན། རྒྱགས་དང་། དྲེགས། མངོན་ཞེན།

བསྒྱིངས་པ་དང་ནི་ཡང་དག་ཤུགས། །ཀུན་རྩོམ། ཀུན་འབེབས། ཡང་དག་བསྐོར། །རང་དབང་འཇུག་དང་། ཀུན་ནས་ལྡང་། ༢ །མངོན་པར་ལྡང་དང་། ཞེ་སར་བྱེད། །གུས་བྱེད། གུས་པར་ཉན་པ་དང་། །ཡོངས་སུ་སྦྱོང་དང་། མཆོག་ཏུ་བྱེད། །སྟེན་

བྱེད། རབ་བསྟེན་དང་བ་དང་། །ཉེ་བར་བྱེད་དང་། ཉེ་བར་གནས། །ཀུན་ཏུ་བསྟེན་དང་། མཉེན་བྱེད་དང་། །ཉེ་བར་སྤྱོད་དང་། ཨུ་པ་སཱ་ནཾ། ༡༣ །མ་གུས། ཡོངས་སྨོད། ཟིལ་གནོན་དང་། །རིང་བྱེད། མི་རྩི་ནཱི་ཀཱ་ར། །བརྙས་དང་། །ཀུན་བརྙས། ཞུམ་བྱེད་

Vol. 212 · folio 94a

དང་། གུས་མེད། བརྙས་བྱེད་སྨོས་པ་དང་། །པ་བ་ནཾ་དང་ཨ་བ་ལི། །ཨ་བྷི་བྷ་བཱ་ཞེས་རྣམས་སོ། ༡༢ །ཞུམ་བྱེད། ངོ་ཚ་འཛེམ། མིག་དམའ། །ཧཱི། ན་ཏི་བི་ཤ་ཁྲེལ་ཡོད། ༢ །བཟོད་པ། ཀྵ་མ། ཏི་ཏིཀྵ། །ས་ཧིཥྵུ་ཏཱ་ཞེས་རྣམས་སོ། །

གསོད་དང་། རྣམ་པར་འཚེ་བའོ། ༢ །མི་བཟོད་པ་དང་། ཕྲག་དོག་གོ། །ཡོན་ཏན་ལ་ནི་སྐྱོན་སྒྲོ་འདོགས། །ཨ་སཱུ་ཡ་ཞེས་བྱ་བའོ། །རབ་སྐྱོན་འགེབས་དང་། འཆབ་བའོ། ༢ །དོ་ཥ་དང་ནི་ཨཱ་དཱི་ན། ༢ །ལེ་ལོ། རྨུགས་པ། སྙོམ་ལས་སོ། ༣ །ཡིད་ལག་ཅགས་

དང་། རྗེས་སུ་གཅགས། །ཕྱི་ནས་གདུང་དང་། རྗེས་སུ་གདུང་། །བགོད་པའོ། །བརྣབ་སེམས་གཞན་ནོར་ཆགས། ༢ །ཉེ་བར་ལོངས་སྤྱོད། །ནི་རྦི་ཤ། ཨ་བྱཱ་དྷཱ་ན། ཉེ་བའི་རིམས། ༢ །འཁོན་དང་། འགྲས་དང་། རྣམ་པར་སྡང་། ༣ །ཁོན་དུ་འཛིན་དང་། དེར་

འཛིན་པ། ༢ །ཡིད་གདུངས། མྱ་ངན་གདུང་བ་དང་། །ནིཿས་མའོ། ༤ །བརྩོན་འགྲུས་དང་། སཽ་ཊཱི་ཪྻ་དང་མ་དང་། །སུ་ཊཱི་ར་ཏཱ་ཞེས་པའོ། །མི་བརྗོད། ཁོང་ཁྲོ། ཁྲོ་བ་ཁྲོ། །རུ་རྟ་ཀྲུཏྟ། བྷཱ་མ་ཀོ་ས། ༣ །ཡོངས་སུ་གདུང་བ་ཨ་བ་ཐ། ༢ །འདུ་བྱེད་དང་ནི། བཱ་ས་ནཱ། ༢ །

ངལ་བ་དང་ནི། ཐང་ཆད་པ། ༢ །ཡ་མཚན་དང་ནི། ངོ་མཚར་དང་། །དགེ་མཚན་དང་ནི་ལྟད་མོ་ཆེ། །སྐྱོ་བ་སངས་པ་ཞེས་བྱའོ། ༥ །འདོད་རྒྱལ། རང་འདོད། རྒྱུ་མཚན་མེད། ༣ །ཡིད་ཆེས་པ་དང་། དད་པའོ། ༢ །རབ་ཏུ་དད་དང་། དད་པ་མཚུངས། ༢ །བུད་མེད་

རྣམས་ཀྱི་འཇོ་སྒེག་དང་། །རྣམ་འགྱུར། རྣམ་གཡོ། རོལ་པ་དང་། །དེ་བཞིན་བསྐུལ་དང་ཟུར་གྱིས་སྟོན། །འདི་རྣམས་སྒེག་པའི་བྱ་བའོ། །བུད་མེད་རྣམས་ཀྱི་སྒེག་པ་ལ། །ཡིད་ཀྱི་རྣམ་འགྱུར་ལས་སྐྱེས་པའོ། །བྱ་བ་སོ་སོ་སོ་སོའོ། །རྩེད་མོའི་དངོས་

སྐྱེས་ཐམས་ཅད་ལ། །བརྩོན་པར་བྱས་དང་སྙིང་ལ་བྲིས། ༢ །བཞད་གད། ཚིག་འདོན་ཅ་ཅོ་དང་། །བདེ་ཕྱིན། ཀུ་རེ། བཀྱལ་ཀ་དང་། །བདེ་བའི་དགའ་སྟོན། ནརྨ་དང་། །རྩོད་དང་། རྩེད་མོ་རོལ་པ་དང་། །སཾ་ས་དང་། རེ་ཎ་ཀཿ ༡༣ །བྱིས་པ་རྣམས་ཀྱིས་རྩེད་

Vol. 212 · folio 94b

མོ་ལ། །བེ་ལཱ། ཀནྤ་ཀ །ཀྲཱྀ་ཌ། །ཏཱུརྡ་ནི་དང་། ལཌ་ནཾ། ༥།ལག་པའི་འཁྲུལ་འཁོར། ཆུ་རྩེད་དང་། །ལག་འཁྲུལ་ཅན་དང་། བྱཱ་རྟཀྵཱི། །རོ་ལྡན་པ་འཇོའི་རྩེད་མོའོ། ༢ །ཤིང་རྟའི་སྒྲ་དང་ཀོ་ཧ་ལཾ། ༢ །ཟོལ་དང་། ཟུར་སྟོན། མཚོན་པའོ། ༣ །རང་བཞིན།

བསམ། བདུན། ཨ་ཤ་ཡ། ༤ །སྐད་སྨྲ། རྣམ་འགྱུར་སྦེད་པའོ། །འཚུབ་པ། སྟབ་སྟོབ། འཚུབ་པའོ། ༣ །སྤྱོད་དང་། སྤྱོད་པ། རྣམ་པ་དང་། །ཨངྒི། ཨངྒི་ཏ་ཡིན་ནོ། །ག་ཆད་དགོད་དང་། ཀུན་ནས་དགའ། །ཡིད་དགོད། འཛུམ་དང་།

བར་མར་དགོད། །ཚང་སྐྱེས། རྡུལ་དང་། ངེས་གདུངས་དང་། །ཉིས་གདུང་། རབ་འབངས། ལུས་ཀྱི་རླན། ༦ །བ་སྤུ་བྱེད་དང་། བ་སྤུ་ལངས། །པགས་པའི་མྱུ་གུ། པགས་མེ་ཏོག །བུ་ལ་ཀཾ་དང་། ཚེར་མ་ཅན། །བ་སུའི་རྣམ་འགྱུར། བ་སུ་དགའ། ཨུརྷྷཪྵ་

ཎཾ་ཞེས་པ་རྣམས། །གཡོ་དང་། ལྡེག་དང་། འགུལ་དང་། བསྐྱོད། ༤ །དུད་མོ། ཆོ་ངེ་། མཆི་མ་འཛག །༣ །གཡལ་བ་དང་ནི། གླལ་བའོ། ༢ །ཡིད་བརྟན་པ་དང་ཡིད་རྟོན་པ། ༧ །འཆིང་བ། འགོག་པ། བིཥྐ་མྦྷ། ༢ །གཏམ་འགལ་བ་དང་། བསླུ་བའོ། ༢ །

རངྒི་ཎ་དང་། འདྲེས་པ་མཚུངས། ༢ །ཤེས་རབ་གསལ་བ། གཉིད་སད་པ། །ཛཱ་ག་ར་ཞེས་པ་རྣམས་སོ། ༤ །གཉིད་དང་། ཉལ་དང་། གཟིམས་པ་དང་། །རྨི་ལམ་ལེགས་ཕབ་ཅེས་ཀྱང་བྱ། །སྙོམ་ལས་དང་ནི་སྒྱིད་སྙོམ་མོ། ༢ །གཉིད་ཡུར་བ་དང་། མིག་འཛུམས་

སོ། ༢ །སྨིན་བསྡུས། བཞིན་བསྡུས། ཁྲོ་གཉེར་རོ། །ཁྲོ་བས་བལྟ་དང་། སྡང་མིག་གོ། །ཕབ་ནས་བལྟ་དང་། ཀུན་ཏུ་བལྟ། །ཨིཀྵ་ཎཾ་དང་། དཪྴ་ནི། །ནིརྦ་རྞ་ན་ནི་བྷཱ་ལ་ནཾ། ༦ །རང་ཚུལ་དང་ནི་ངོ་བོ་ཉིད། །ཡང་དག་གྲུབ་དང་། རང་བཞིན་དང་། །ངེས་ཆགས་བདག་

ཆོས། །ངང་ཚུལ་དང་། །སྐྱེ་བ་ཞེས་ཀྱང་བྱ་བའོ། ༩ །སྡུག་བསྔལ་འཇིག་རྟེན། སྲིད་པ་དང་། །འཁོར་བ་རུལ་གནས་བཙོན་རའོ། ༥ །ཉིན་མཚན་ལོ་དང་། སྐད་ཅིག་དང་། །དགོད་དང་། དགའ་སྟོན་རྣམས་ལ་ནི། །ཞེས་པ་དཔལ་ལྡན་དཔལ་འཛིན་སྡེ་ཡིས་བཀོད་པའི་

Vol. 212 · folio 95a

མངོན་བརྗོད་མུ་ཏིག་གི་ཕྲེང་བ་མིང་གཞན་སྣ་ཚོགས་གསལ་བ་ཞེས་བྱ་བ་ལས་མཐོ་རིས་ཀྱི་སྡེ་རྫོགས་སོ།། །།ས་འོག རྐང་འོག །སྟོབས་ལྡན། གནས། བཅུང་འོག །འོག་གནས། །ཀླུའི་འཇིག་རྟེན། ༦བུ་ག ཁུང་བུ། །པདྨའི་

མིག །ནིརྦྱ་ཐ་ནཾ། །གསལ་མཐོངས་དང་། །བི་རོ་ཀ་དང་། ད་རཾ་དང་། །ཁོང་སྟོང་། ཙྪི་ཏྲཾ་ཀུ་ཧ་རཱཾ། །རནྷྲཾ་བ་པཱ། ཤུ་ཥིའོ། ༡༣ །ས་དོང་། གརྟཱ་པཊ་དང་། ༢ །བུ་ག་དང་བཅས་ཤུ་ཥི་རཾ། །མུན་ནག །སྣང་མེད། མུན་པ་ཅན། །མུན་པ་ཉིན་མོའི་སྒོ་ང་དང་། །ནམ་མཁའ་

འབྱོར་པ་ཉིན་མཐར་བྱེད། །ཕྱོགས་གོས། ཨནྡྷཾ། མཁའི་ལྤགས་པ། །མཚན་མོ་ཀླུ་གནས་སྒྲ་གཅན་གནས། །སྔོན་པོའི་ཕུང་པོ་མཚན་མོའི་ལྤགས། །ཏ་མ་ས་དང་། སྤྱོད་སྐྱོ། གཡོ། །མཁའ་དང་། གན་ཆགས། ས་སྒྲིབ་པོ། ༢༡ །ཀུན་ཁྱབ། མུན་པ། ས་ཐ་མཿ། །

མུན་ཐུག །ཨནྟ། ཏ་མ་སཾ། །མུན་ཟད། ཨ་ག་ཏ་མ་སཾ། །རི་གནས་ཀུ་དྲུའི་བུ་རྣམས་ཏེ། །དེ་ནི་འཇོག་པོ། ནོར་རྒྱས་བུ། །ལྷག་མ་སྟོབས་རྒྱུ་དུང་དང་ནི། ཨ་ཤྭ་ཏ་ར། ཀམྤ་ལ། །སྔོ་ཆེན། པད་ཆེན། ནོར་ལས་རྒྱལ། །བཞིན་ངན། བོང་བུའི་སྤུ་ཅན་

དང་། །ཡུལ་འཁོར་སྐྱོང་དང་སྟོབས་པོ་ཆེ། །ཨེ་ར་བ་ཏ་ལོགས་སུ་གཞན། །ལྷག་མ། མཐའ་ཡས་དེའི་དབང་ཕྱུག། །ནོར་རྒྱས་བུ་དང་སྤྲུལ་གྱི་རྒྱལ། ༢ །ཚངས་སྤྲུལ་ཧཱ་ལ་ཧ་ལ་དང་། །རྟ་མཆིལ་སྤྲུལ་རྒྱལ་བཞིན་གཉིས་པ། །སྤྲུལ་གྱི་སྒྲ་ལྡན་ཞེས་པའོ། ༣ །གཉིད་མི་སད་

དང་ཉལ་བ་དང་། །ཨཱུ་ལཱུ་ཏ་དང་། མྱུར་འགྲོ་དང་། །སྤྲུལ་ནག་དུག་ཆེན། ཆུ་སྤྲུལ་ལོ། །ཏིཏྶེ། གླང་སྣ། བ་ལང་སྣ། །མཱ་ལུ་དྷཱ་ནཱ། མཱ་ཏུ་ལ། །ཁྲི་ཅན་དང་ནི། རྐང་བཞི་དང་། །རྒྱལ་རིགས་དུག་མེད་སྦྲུལ་དག་མཚུངས། །ཁྲ་འཛིན། སྐྲ་ལྡན། ཁྲ་བོ་ཅན། ༣ །

ཤུན་པ་བརྗེས་དང་། གོ་ཆ་གྲོལ། །སྦྲུལ་སྤྱིའི་མིང་། དང་། ས་ལ་འཕྱེ། །ལག་འགྲོ། སྦྲུལ་དང་། ལག་པས་འགྲོ། །མཆེ་བའི་དུག་ཅན། དུག་འཛིན་དང་། །འཁྱོག་འགྲོ། རྣམ་འཛིན། མིག་གིས་ཐོས། །གདེངས་ཅན། འཁྱིལ་ལྡན། རྒྱབ་རིངས་དང་། །

Vol. 212 · folio 95b

ལྟོ་འཕྱེ། ཁུ་ཉལ། བྱ་རོག་ལྟོ། །ཟས་ངན་དང་ནི་འཁོར་ལོ་ཅན། །བ་ལང་རྣ་བ་བྷུ་ཛཾ་ག། །རྐང་སྦས། རླུང་གི་ཟས་ཅན་དང་། །རྐང་བྲལ། ས་ནག །བྷོ་གཱི །སམ་ཀོ་ལཱ། དུག་མཚོན་ཅན། ལྕེ་སྒྲིལ་པ་དང་། ལྕེ་གཉིས་པ། །སྦྲུལ་གདུག་བྱེད་དང་། གདེངས་

ཀ་འཛིན། །ཁ་དུག་ཅན་དང་། སྦལ་པ་ཟ། །ད་པཱི་ཀ་ར། སཱནྣ་ག །མཆེ་བ་ཅན་དང་། བུམ་སྣ་ཅན། དོང་ཉལ། པྲ་བ་ལཱ་ཀཱི་དང་། །ཟླུམ་པོ་ཅན་ཞེས་པ་རྣམས་སོ། ༤༡ །ས་ལ་འཁྱིལ་དང་། འཁུམས་པའོ། ༢ །སོ་སོར་སྒོ་ང་རུལ་བ་འཁྱིལ། ༢ །སྦྲུལ་ལས་བྱུང་བ་

དུག་རུས་སོགས། །འགས་བྱེད། དརྦཱི། པ་ཎ། བྷོ་ག །ནིརྦ་པ་ཎི། པགས་པ་བརྗེས། །རོ་དང་། འུར་སྒྲོགས། གཾ་ར། རྣོ། །ཛངྒུ་ལ། ག་ཏ་ལཾ། བེ་ཥཾ། ༧།ནག་པོ་བརྩེགས་དང་། ཀཱ་ཀོ་ལ། །འཇམ་སྟེར། སྙིང་པོ། བརྒྱད་པ་དང་། །ཤ་གམ་སྐྱེས་དང་།

ཚངས་པའི་བུ། །རབ་གསལ་ཧ་ལཱ་ཧ་ལ་དང་། །བེའུའི་ལྟེ་བུ། རྭ་ཅན་དང་། །མེ་སྟག་ཅན་དེ་འདི་རྣམས་ནི། །དུག་གི་དབྱེ་བར་ཤེས་པར་བྱ། ༡༡ །དུག་གི་རིག་སྔགས་དུག་སེལ་མ། །དུག་དང་། ཧཱ་ལཱ་ཧ་ལམ་དང་། །ཧཱ་ལ་ཧ་ལམ་དང་ཡང་ནི། །ཧ་ལ་ཧ་ལ་ཞེས་པའོ། ༤ །དུག་གི་

སྨན་པ་དུག་སེལ་ལྡན། །སྦྲུལ་འཛིན། །སྦྲུལ་ཁ་སྡིག་པ་དང་། །དུག་གི་བེ་ཅོན། གཏམ་རབ་ཆགས། ༥ །འདི་ཡི་ཟ་མ་ཏོག་ལ་ནི། ༤ །སྦྲུལ་གྱི་འདུན་པའི་སྣོད་དང་ནི། །བྱ་གག་འདབ་ལྟར་རྒྱས་པའོ། ༢ །དམྱལ་བ། དགའ་མེད། འདོད་བྲལ་དང་། །ངན་འགྲོ་དེ་ཡི་དབྱེ་བ་ནི། །

ཚ་བ་རབ་ཏུ་ཚ་བ་དང་། །ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །མནར་མེད་ངུ་འབོད་ངུ་འབོད་ཆེ། ༢ །རབ་ཏུ་གཟིར་བར་བྱེད་པའོ། ༩ །རི་དགས་སེམས་ཅན་དམྱལ་གནས་པའི། །སྲོག་ཆགས་རྣམས་ལ་འབྱུང་བའོ། ༡ །ཆུ་བོ་རབ་མེད་ཞེས་བྱ་སྟེ། །ཕུན་ཚོགས་མེད་དང་བདེན་པ་

བྲལ། ༢ །དབང་པོ། རྣ་བ་ནག་མོའོ། ༢ །བིཥྚི་བཟང་པོ་ཞེས་བྱ་བ། །བྱེད་པའི་རྒྱལ་པོ་འདི་རྣམས་སོ། །གནོད་པ་མི་བཟད་ཚོར་བརྣག་དཀའ། ༣ །ཟུག་གཟེར། གསོད་པ། སྡུག་བསྔལ་དང་། །བྱ་ཐ། ཨཱ་བཱ། དྷ་ཚོར་གཟིར། །བདེ་མེད་རྩོད་དང་དགའ་མེད་རླབས། །

Vol. 212 · folio 96a

བུ་བཙས་སྐྱེས་དང་། ཚེགས་ཆེན་དང་། །དཀའ་བ་དང་ནི་འཇིགས་པ་ལན། ༡༥ །དབྱེ་བ་འདི་དག་གསུམ་དུ་འགྱུར། །རྒྱ་མཚོ་ཆུ་གཏེར་ཆུ་ཀླུང་བདག །པཱ་རི་རི་ཎི་ཨརྣ་པ། །ཀ་ཙི་ག་ལ། སྭ་རསྟ། །བཱརྟི། ཆུ་རྣམས་བདག་པོ་དང་། །ཨ་སཱ་མྭ་

ཏི། དུག་ཅན་གནས། །གངྒཱ་འཛིན་དང་། ཆུ་སྦྱིན་དང་། །ཆུ་ལྡན་དང་ནི་ཟླ་བས་འཕེལ། །ཕ་རོལ་འཁོར་དང་། ཆུ་ཆེན་དང་། །རིན་ཆེན་རྒྱ་མཚོའི་མིང་། འབྱུང་གནས་སཱ་ཐོ་དྷི། །ཆུ་སྲིན་འབྱུང་གནས་བརྒལ་དཀའ་དང་། །ཨནྟི་དང་ནི། དཔའ་ཀློང་

འཁྲུགས། །ཆུ་ཡི་ཕུང་པོ་ཏི་མིའི་མཛོད། །འཇལ་འགྲོ་དང་ནི་རླབས་ཕྲེང་ཅན། །རུས་སྦལ་ཆེ་ལྡན། སིནྡྷུའི་བདག །ཟླ་བ་སྐྱེད་བྱེད། ཆུ་སྲིན་བདག །ས་ལ་འགྲོ་དང་། བསམ་བྱ་དང་། །རི་ཡི་ཐོད་ཅན། ས་མཆོད་མ། །རོ་ལྡན་མ་དང་། དབང་ཆེན་

མཚན། །བྱེ་མ་ཅན་མ། འཁྱོག་འགྲོ་སྐྱེས། །ཏི་མིའི་གྲོང་དང་། ཕ་རོལ་འགྲོ། །འཁྲུག་འབྱེད་མ་དང་། ཆུ་ཀླུང་ཅན། །གླིང་ལྡན་ཆུ་སྲིན། རྒྱལ་མཚན་ཅན། །ཆུ་ཡི་བདག་དང་། ཟླ་བའི་གྲོགས། །སྒྲོན་མེ་ལྡན་དང་། བདེ་བའི་མཆོག །དེ་ཡི་རབ་དབྱེ་

འོ་མ་དང་། །ལཉྪ་མར་གྱི་རྒྱ་མཚོ་དང་། །མངར་བའི་ཆུ་ཡི་རྒྱ་མཚོ་དང་། །ཞོ་དང་བུ་རམ་ཆང་གི་མཚོ། ༥༨ །བསྲུབས་པའི་མཚོ་དང་འོ་མའི་མཚོ། །ཀཱ་ལ་ཤའི་མཚོ། འོ་མའི་ཆུ། །བདུད་རྩི་ནཱི་ར་བཏུང་བྱ་དང་། །འཇུ་བྱེད། གནས་བྱེད། སྤྲིན་གྱི་བཅུད། །སྤྲིན་གྱི་མྱུ་

གུ་རྒྱས་བྱེད་དང་། །འཚོ་བྱེད། འདོད་བྱེད། སྐྱོང་བྱེད་དང་། །ངན་སེལ། འཁྲུ་ཕན། ནོར་ལྡན་དང་། །དུག་བྱེད། ལུས་འཆིང་། མར་དང་གཤེར། །ད་ཀཾ །བ་ནཱ། ཆུའི་མིང་ལ་ཞེ་བཞི། པཱ་རི་དང་། །བཏུང་བྱ། འཛག་པ། སྒོ་ཀུན་འགྲོ། །ཨ་པཿ

སྤྲིན་གྱི་མེ་ཏོག་དང་། །ཀཱི་ལཱ་དང་། བིསྤ་ལཾ། །གཞལ་འགྲོ། ཨརྞ། བདེ་མཆོག་བྱེད། །སྙིང་པོ། བདེ་འཆིང་། འོ་མ་བྱེད། །སྟོབས་བྱེད། ཀྲྀ་བཱི་ཊ། །ཨི་རཱ་དང་ནི་བདེ་བྱེད་དང་། །མི་ཟད་བྱེད་དང་། སྲོག་བསླུ་བའོ། ༤༤ །ཨཱསྱཾ། ཨམྨ་ཡཾ་སོ། ༢ །འབབ་ཆུ། གླིང་ལྡན་

Vol. 212 · folio 96b

རྒྱུ་ལྡན་མ། །ཉ་ལྕིབས་ལྡན་མ། སྐྱོང་ལྡན་མ། །དབའ་རླབས་ལྡན་མ། སིལ་སྒྲ་ཅན། །སྒྲོགས་ལྡན། གཞོལ་འབབ། ལྷ་ལྡན་མ། །འབབ་ལྡན་མ་དང་། བཅུད་འཛིན་མ། །ཆུ་ཡི་ཟེགས་ལྡན། ལྤགས་ལྡན་མ། །འཇིགས་བྱེད་ཤིང་རྟ་མ་དང་

ནི། །ཟླ་བའི་ལག་མ་གསེར་ལྡན་མ། །སྤྲིན་ལྡན་ལྟ་བའི་བརྟུལ་ཞུགས་མ། །སྐྱ་ནར་ལྡན་མ། ཚད་ལྡན་མ། །ས་སྲུང་མ་དང་ཆུ་དྲོན་མ། །དབང་ཆེན། གྲོང་གི་ཕྲེང་ལྡན་མ། ༢༥ །ཆུ་ཀླུང་དབྱེ་བ། ལྷའི་ཆུའོ། །ཛ་ཧཱུའི་བུ་མོ་རྒྱུན་གསུམ་མ། །སྐལ་ལྡན་ཤིང་

རྟ་ལམ་གསུམ་འགྲོ། །ཁྱབ་འཇུག །རྐང་པ་འཇིགས་བྱེད་སྐྱེས། །ཆོས་ཀྱི་ཁུ་མ། ཆུ་སྦྱིན་མ། །དྲག་པོའི་ཐོད་གསེར་ལྡན་མའོ། ༡༡ །གཤིན་རྗེའི་སྲིང་མོ། ཡ་མུ་ནཱ། །ཉི་མའི་བུ་མོ། །གདུང་བྱེད་མ། །གཤིན་རྗེ་མ་དང་ཀཱ་ལིནྡཱི། །རི་བོ་ཀ་ལིནྡི་བུ་མོ། །ཀ་ལིནྡ་ཀ་ནྱ་

ཞེས་སོ། ༨ །ནརྨ་དཱ་དང་། རེ་བཱ་དང་། །མེ་ལ་ཀ་ཡི་བུ་སོ་དང་། ༥ །སྔོན་གྱི་གཾ་གཱ་ཟླ་བ་སྐྱེས། ༥ ། མུ་ཪྡན་ལཱ། མུ་རཱ་ལ། ༢ །ལག་ཆུ་དང་ནི། རྟག་ཏུ་འབབ། ༢ །མང་པོ་སྦྱིན་དང་། དཀར་པོ་འབབ། །སྲིད་སྒྲུབ་མ་ཞེས་བྱ་བའོ། །ཤི་ཏ་དྲུ་དང་ཤ་ཏ་པ། ༢ །གཾ་གཱ་ཕྱེད་དང་ཀཱ་བེེ་རཱི། ༢ །

གནས་འཇོག་མ་དང་། གོ་ཏ་མཱི། ༢ །བ་ཡི་མཆོག་སྦྱིན་གོ་ལཱའོ། ༢ །དབྱངས་ཅན་དང་ནི། ཤཱ་ར་ཏཱ། ༢།ཟླ་ཆ། ཟླ་ཆ་ལས་བྱུང་མ། ༢ །ཞགས་གྲོལ་མ་དང་། བི་བཱ་ཊ། ༢ །ཁྲག་འབབ་དབྱིག་གི་དཔུང་པ་ཡིན། །དྲང་ཆུ། ལུང་ཆུ། བྱིས་པའི་ཆུ། །འདམ་བུ་ཅན་དང་། ཀུ་ཤ་

ཅན། །ཤིང་དུམ་ཅན་དང་། འབུ་ཅན་ནོ། །གཞན་ཡང་དབྱེ་བ་ཆུ་འདྲས་འདྲེས། །ལྷ་ཁང་ནས་འབབ། ཤིང་ཆུ་གཉིས། །རྦ་དང་། དབའ་རླབས། རླབས་དང་ནི། །སྟེང་འབྱུང་། དལ་མེད། ཆུའི་འཁྲི་ཤིང་། ༦ །རླབས་ཆེན། ཆུ་འཁྲུག །རླུང་གི་གསོས། །སྟེང་དུ་འཕར་

བ་ཞེས་པ་རྣམས། །དབའ་རླབས་སྐྱེས་དང་། ཆུ་འཁོར་དང་། །ཥོ་ག་ཏི་ཞེས་བྱ་བའོ། ༣ །དེ་རབ་འཇོམས་པ་ལ་ཧ་རི། ༢ །འཁོར་ལོ་ཁ་ལའི་སྒྲོ། །ཆུ་གཡོ་བ་ནི་མ་ནཱ་ཤྭི། །འཁྱིལ་པ་ཆུ་འཁྱོག་རྣམ་པ་སྟེ། །ཆུ་འཁོར་དང་ནི། འཁོར་ཆུའོ། །ཏཱ་ལུ་ར་དང་རླུང་གིས་བསྐྱེད། །

Vol. 212 · folio 97a

ཀ་ལཾ་ཀུ་ར། ཟེགས་མའི་ལྟེ། །འཁྱོག་པོ་པངྒ་ཞེས་བཤད་དེ། །རྒྱུན་འཁྱོག་དང་ནི། གྱ་གྱུ་འགྲོས། །ཡུར་བ་དང་ནི། རྣང་མའོ། ༢ །རྒྱུན་འབབ་དང་ནི། འབབ་ཆུའོ། །ཆུ་རྒྱུན། པ་ཎཱི། འགྲོ་ཆུ་དང་། །རབ་འབབ་དང་ནི། ཆུ་ཚོགས་

སོ། ༥ །སྒྲོལ་བྱེད་ཀུ་ཊ། ཌུཎྜུ་བྷ། ༢ །ས་རཱི་བ་ཧ། ཆུ་རྔབ་པ། ༢ །ཁྲོན་པ་རིག་པར་ཆུ་གནས་པ། །དེ་ནི་ཤིང་དང་དྲོ་སོགས་རྒྱུན། །ལྷ་ཡིས་བྱས་དང་། ར་ཀའོ། ༢ །པྲ་ཏཱ་ལཱི་ནི་ཆུ་ཡི་གནས། །བྱཱཾ་སཱ་རི་ཎཱི། ཞེས་པ་ཡང་། །ཧིཎྜཱི་ར་དང་མཚོའི་ཀ་བ། །དབུ་བ་ཆུ་ཡི་གད་མོའོ། ༤ །

ཆུ་བུར་དང་ནི། དབུ་བའི་སྤྲིན། ༢ །ཆུ་ཀླུང་རྣམས་ལ་ཆགས་པ་ཡི། །པེ་ནི་དང་ནི་ཆུ་ཡི་མ། ༢ །རབ་དང་འཇུག་ངོགས། ལུགས་དང་། འཁྲུག །འགྲོག་བྱེད། འགྲམ་དང་། རུས་སྦལ་དུས། །དབུས་ནི་འོ་མའི་རྒྱ་མཚོ་དང་། །ས་ཡོ་ལ་ས་ཞེས་པའོ། །ཆུ་འཕེལ་བ་ནི་གང་

བའོ། །ལུགས་ནི་ཆུ་གཏེར་འཁྲུག་པའོ། །ཕ་རོལ་ཚུ་རོལ་ཕན་ཚུན་ངོགས། །དེ་ཡི་བར་ནི་རྒྱུན་ལམ་མོ། །གླིང་དང་། ཛལ་ཀཾ་ཀ་དང་། །སྤྲེའུའི་བརྟུལ་ཞུགས་བར་གྱི་གླིང་། ༤ །མཆུ་ལས་ཐོན་པ་དེ་ནི་སྒང་། །བྱེ་མའི་ངོགས་དང་། བྱེ་མའི་ཐང་། །བཞི་མདོའི་ཕྱག་དར་

ཞེས་པ་ཡང་། ༣ །བཱ་ལུ་ཀཱ། བཱ་ལི་ཀཱ། ༢ །འདབ་མ་དང་ནི། ཆུ་འགེབས་དང་། །རྫས་དང་། ཨཾ་ཀ །ཀརྦ་ཊ། །འདམ་དང་འཇིམ་རྫབ་བཱ་ད་དང་། །ཛམྦྷ་ལ་དང་འབྱིང་འབྱེད་དང་། །ཛརྦྷ་དང་ཆུ་རྙོག་གོ། ༧ །གྲུ་དང་། སྒྲོལ་བྱེད། ནཽ་རྣམས་སོ། །སྒྲོལ་བ་རྟ་རི། ནཽ་

ཀཱ་ནོཿ །ཤིན་ཏུ་རྒྱལ་བྱེད། སྒྲོལ་བ་པོ། །ཏ་རཎྜི་ཀཱ ། ཆུའི་ཤིང་རྟ། །བཱ་ད་ལི་ནི་ཞེས་བྱའོ། ༩ །རྐྱལ་དང་། ཆུ་རྩལ་གཟིངས་དང་ནི། །བྷེ་ལ་ཀ་དང་སྒྲོལ་བའོ། ༥ །སྒྲོལ་བ་ཧེ་ཌ། མདུང་ཅན་དང་། ༣ །བཏུང་སྣོད། བྱེད་པ། གྲུ་སྐྱ་དང་། །གྲུ་ཡི་པརྞ་ཊ་དག་གོ། གྲུའི་མིང་། །

པ། །བཱ་ད་ར་བ། སོ་ལི་ནྡཾ། །དེ་ཉིད་བར་གྱི་སྟན་ཡིན་ནོ། ༣ །གོགས་པཊྚ་ཏི་རཾ་ཏྲཾ་གཱ། །གྲུ་སྐྱ་དང་ནི། གཡོ་བྱེད་དང་། །ཆུ་སྐྱོང་སྣོད་ལ་ཆགས་པ་དང་། །སྒྲོལ་བའི་ཤིང་རྟ་རྣམས་ཡིན་ནོ། ༥ །གྲུ་སྐྱ་དང་ནི། སྐྱོང་བྱེད་དོ། ༢ །སྣོད་སྐྱོང་བ་དང་ལཱ་དྷ་ཊ། ༢ །གྲུ་སྦྱར་ཤིང་

Vol. 212 · folio 97b

གི་ཏོག་ཙིའོ། །ཆུ་འཐོར་སྣོད་དང་། འཐོར་བྱེད་དོ། ༢ །ཤིང་གཞོང་དང་ནི་ཆུ་ཡི་སྣོད། ༢ །རྟིང་འཇུག་ཤིང་དང་བསྒྱུར་བའི་ཤིང་། ༢ །གྲུ་བཙས་དང་ནི། མཉན་པའི་གླ། ༢ །རྣ་བ་འཛིན་དང་། གདོས་པ་འཛིན། ༢ །གླིང་གཞན་རྒྱུ་དང་། གྲུའི་ཚོང་པ། །གྲུ་འདྲེན་པ་ཞེས་

བྱ་རྣམས་སོ། །གཤིན་རྗེའི་གནས་དང་། གཏིང་ཟབ་དང་། །ཚོང་གནས་གཤིན་རྗེའི་འོག་མཐིལ་རེག །༤ །རྒྱལ་ཆེན་ཉལ་འཆིང་དྲ་བ་འཛིན། །ཆུ་ཡི་འབངས་དང་ཉ་བ་དང་། །ཉ་རྒྱ་ལྡན་པ་རྣམས་ཡིན་ནོ། ༦ །ཚོགས་ཀྱི་སྲད་བུ། གཙང་བྱེད་དེ། །དྲ་བ་དང་ནི་

ཉ་ཡི་དོལ། ༢ །འཆིལ་མ་དང་ནི། ཉ་འབིགས་སོ། །རྒྱ་མཚོ་ཅན་དང་། རྒྱ་མཚོ་བ། །གཏིང་ཟབ་དངས་དང་། གསལ་བ་དང་། དྲི་བྲལ། རབ་གསལ་དྲི་མ་མེད། ༥ །རྙོག་པ་འདམ་ཅན་མ་དངས་པའོ། །གཏིང་མེད་གྱུར་དང་། མི་ཟབ་པ། །ཟབ་དང་། གཞོལ་

དང་། གཏིང་རིངས་སོ། །ཉ་རྒྱ་དྷ་མཱ། ཀུ་པ་ཎཱི་དང་། ཀོ་ཊིའོ། ༤ །ས་ལ་ཝ་དང་། པཉྫ་ར། །ཁེ་ཊཿསླ་བ་ཞེས་པ་དང་། ཁེ་ཊ། པཉྫ་རཾ་ཞེས་སོ། །ཕུར་བུ་ཡ། ༤ །སཱ་ཧ་ཙཱི་རཱི། ༢ །མགྲིན་གསུམ་ཀནྚ་ཀ་ཀ་ཊ། ༢ །ཉ་དང་། འགྲོ་ལྡན། གོ་ཆ་ཅན། །རྒྱབ་

རིངས། ཛྙ་ཥ། སྒོང་སྐྱེས་དང་། །མཱུ་ཀ །རྣམ་འཕྱོ། ཤུན་པ་ཅན། །རྣམ་འཕྱོའི་བདག་དང་། མཆོག་བདེ་དང་། །ཀཱ་ཊ་ཀཱི་དང་མིག་མི་འཛུམ། །ཤལྐཱི། ཆུར་ཉལ། བལྐ་བཱ་ན། །ཟ་བྱེད་ཞེས་པ་རྣམས་ཡིན་ནོ། །མཆེ་བ་སྟོང་ལྡན་ཁྲི་ཅན་དང་། །

ཀུན་འཇོམས་བཀྲ་པ་བཱི་ཥཱི་ན་དག། ༢ །ཉ་ཡི་རྒྱལ་པོར་མཚུངས་པའོ། །བྷ་ལཾ་ཀ་དང་རོ་ཧི་ཏ། ༧ །ཨིལླི་ཤ་དང་བྱེ་མའི་རྒྱལ། །གཾ་གཱ་སྐྱེས་དང་གསེག་མའི་བདག །གདེངས་ཀ་ཅན་དང་། ཆུའི་ག་པུར། ཆུ་ཡི་གདུང་བྱེད་དག་ཏུ་བརྗོད། ༧ །བི་ཤ་ཌ་དང་

པགས་ཆེན་ནོ། ༢ །ཨིཉྫ་ཀ་སྐྱེས་ཨིཉྫ་ཀ །ཆུ་ཡི་སྡིག་པ་རྣམས་ཡིན་ནོ། ༣ །དཀར་པོ་མཚན་དང་། ཀཱུ་ལཱ་ཊ། །བྱེ་མའི་བུ་རམ་ཞེས་པའོ། ༣ །གདེངས་ཀ་ཅན་དང་གདེངས་ཀ་བཀྲ། ༢ །ཙམྶཱ་སྐུལ་བྱེད། གོས་ངན་ཅན། །ཀཱ་ཀཱ་ཙི་ཀཱ། ཀ་ཙི་ཀཱ། །བ་ཀ་

Vol. 212 · folio 98a

ཙིཉྩི་ཀཱ་དང་ནི། །བཱ་ཀཱ་ཙི་ཞེས་བྱ་བའོ། ༢ །གོ་ཆ་ཅན་དང་། སོག་གེའི་རྒྱབ། ༢ །རྒྱལ་པོའི་སྒེག་པ་མངྒ་ར། །དེ་ཡི་དགའ་མ་རྭ་ཅན་མ། །གྲོང་ནི་མངྒ་ར་ལྡན་མ། །ཤཱ་ལ། ཤ་ཀུ་ལ་གཎྜ། །ཤ་ཀུ་ལ་ཡི་བྱིས་པ་དང་། །ག་ཌ་ཀ་

ཞེས་བྱ་བའོ། ༧ །དུག་སེལ་རིང་པོ་བངྒཱ་ཎ། ༡ །ཆར་གསུམ་ཡང་པའི་བནྣ་ར། །ཆུ་ཡི་དབེན་པ་ཞེས་པ་རྣམས། ༣ །རྒྱལ་མོ་འདྲ་བ་རྒྱལ་པོའི་མགྲིན། །རྒྱགས་ཆེན་ཞེས་པ་རྣམས་ཡིན་ནོ། ༣ །རྟཾ་དང་ནི་ཤིང་ཚེར་ཅན། ༢ །འོད་ཅན། འོད་མའི་འདབ་མ་ཅན། ༢ །

སྟོབས་ལྡན་དང་ནི་ཟླུམ་པོའི་ཉ། །དྲོ་བའི་ཉ་དང་། ལོགས་རྒྱས་དང་། །དཀར་པོའི་གཟིངས་ཞེས་བྱ་བའོ། ༣ །ཟླ་ཉ་བ་དང་གཡོ་བྱེད་དག །༢།བོང་བུ་བདེ་བྱེད། ཤིང་སྟེང་སྐྱོང་། །བོང་བུའི་མིག་དང་། གྱེན་འབྱུང་ཉ། །གཏོང་བྱེད་ཆེན་པོ་ཞེས་པ་རྣམས། ༥ །ཚངས་

མ་འདམ་གྱི་ག་ཌཱི་དག །༢ །དབྱུག་པའི་ང་རྒྱལ་ཕྱེད་མར་བྱེད། ༢ །གཎྜས་འགྲོ་དང་། སོ་གལ་རླུང་། །གློ་བའི་སྒྲ་ཅན། རླུང་བུག་ཅན། །གོས་ངན་དང་ནི། ཤ་ཟའོ། ༦ །མཁའ་ལ་ཉལ་དང་། མཁའ་ཉལ་སྤྱོད། ༢ །ཀཾ་ཀ་སྐྱོབ་དང་། ཆུས་གཟིར་བས་སྐྱེས། དབང་འཛིན།

ཉ་འབུ་དང་། །མིག་ལྔ་པ་དང་། སྐྲ་སྐྱེད་དོ། ༥ །སྒོ་ངའི་ཉ་བྲན་ཚོགས་པ་ལ། །གྲུ་སྐྱེད་དང་ནི། ཆུའི་སྒོང་ཅན། །འཁོར་ལོ་སྤྱོད་དང་། གྲུ་འཛིན་དང་། །མ་ནུའི་སྦྲུལ་དང་། སྐུམས་པ་ཅན། ༢ །ཨུལཱུ་པཱི་དང་། བྱིས་ཅན་མཚུངས། ༨ །འོད་བརྩེགས་དང་ནི། ག་ཧྭར་དང་། །དམར་པོར་ཟ་

དང་ཤ་ཀུ་མ། །དགའ་བ་འཁྱིལ་དང་ཏི་མི་དང་། །ཏི་མིངྒི་ལ། རཱ་གུའི་བུ། །ཨ་གྷ་རྣམས་ནི་དབྱེ་བར་འགྱུར། །ཡཱ་དཱི་ས་ནི་ཆུའི་སྐྱེ་བོ། །མིང་བཟང་དེ་ཡི་དབྱེ་བ་ནི། །ཤཾ་ཀུ་སྲཾ་དང་ཆུ་སྲིན་སོགས། །ཆུ་ཡི་གཟུགས་བརྙན་ཆུ་སྲིན་དང་། །རལ་གྲིའི་སོ་ཅན་མ་

རོ་ལི། །མཐའ་དག་ཚིམ་དང་ཉ་འདེབས་དང་། །དེ་དབྱེ་ཆུ་སྲིན་ཀ་རའོ། །ཆུ་སྲིན་དཀར་དང་ཕྱོགས་འཛིན་དང་། །འཛིན་ཁྲི་ལུས་ཀྱི་རྒྱུད་ཅན་དང་། །ཆུ་ཡི་སྤྲིན་རིངས་ན་ཀྲའི་རྒྱལ། །ཆུ་སྒོང་ཅན་དང་། ཆུའི་བུ་ཟ། །རན་ཀྲ་ཆུ་ཡི་ཟས་ཅན་དང་། །བཱ་ཏུཎྜ་དང་།

Vol. 212 · folio 98b

ཀུམྦྷཱ་ར། །ཆུ་ཡི་ཕག་པ་ཆུ་མགྲིན་ཅན། །ཨ་པཱ་ད་དང་། ཉ་ཟས་དང་། །འབབ་འཛིན་ཆུ་ཡི་འབུ་ཟན་དང་། །ཆུ་ཡི་ལྕེར་ཡར་ལྟ་བར་བྱ། ༡༡ །གོ་དྷི་ཀཱ་དང་། ནི་ཧཱ་ཀཱ། །ཛ་ལ། གྲ་ཧ། ཞེས་པའོ། ༣ །ཧྲི་དང་ཆུ་ཡི་བྱེ་མ་དང་། །ཆུར་འཛུལ། ཆུ་ལ་རྒྱལ་བ་དང་། །ཉ་

འཛིན་ཆུ་ཡི་སྲེ་མེའོ། ༦ །བྱིས་པ་གསོད་དང་། བྱིས་པ་ཅན། །རལ་གྲིའི་མཇུག་ལྡན་པ་ལའངྒ། །ཆུ་ཡི་རུས་སྦལ། ཆུའི་སྤྲེའུ། །སྐད་ཅིག་དབུགས་དང་། དབྱིད། བདག་པོ་ཅན། །བ་ཤཱ་གྷ་ཞེས་པ་རྣམས་སོ། ༩ །རུས་སྦལ་ཡན་ལག་ལྔ་པ་དང་། །ཀ་མ་ཐ་དང་

ཀཙྪ་བ། །ཡན་ལག་ལྔ་སྦས་ཀོ་ཌའི་རྐང་། ༥ །ས་སྲིན་དང་ནི། གྷཱ་རྒྱུ་རཱི། ༢ །ཀརྐ་ཊ་དང་། ཀུ་ལཱི་ར། །ཁ་གྱེན་ཕྱོགས་དང་། འཕྲོག་བྱེད་མིག །ཏི་པ་ཤ་ན། ལུས་སྤས་དང་། །བ་ཌི་དང་ནི་གྱ་གྱུར་འགྲོ། ༨ །གླང་པོ་ལ་སོགས། ཐང་ལ་གནས། །དེ་རྣམས་

སྔོན་ནི་ཆུ་ལས་སྐྱེས། །ཀིཉྩ་ལུ་ཀ །ས་སྲིན་ཏ་ལ། །ས་ཡི་འཁྲིལ་ཤིང་ཞེས་པའོ། ༣ །ཤཱི་ལི་དང་ནི་ས་སྲིན་མོ། ༢ །སྦལ་པ་མོ་དང་དབྱར་སྐྱེས་མ། ༢ །རུས་སྦལ་མོ་དང་། དུ་ལི་མོ། ༢ །མཎྜུ་ཀ་དང་། དརྡུ་ར། །ལུས་བྲལ་འཕྲོག་བྱེད། བྷེ་ཀ་དང་། །རྨ་ཡི་གནས་

དང་། ཆར་སྐྱེས་དང་། །བེ་ཀ་དགའ་བྱེད། ཤཱ་ལཱུ་ར། འཕར་བར་བྱེད་དང་འཕར་བ་དང་། །ལྕེ་མེད་དང་ནི་བཤང་བ་སྦས། ༡༣ །ཆུ་སྲིན། ཆུང་ངུ་། མ་ཀྵི་ཀཱ། །ཆུའི་བུ་ཆུ་ཡི་མ་ཀྵི་ཀཱ། ༤ །འགྲོན་བུ། པ་ཊ། ཧི་ར་ཎྱ། །ཧི་ར་ཎ་དང་། རིན་ཐང་ཀུན། །ཟ་མ་

ཏོག་ཅན། རུས་པའི་ཟོང་། །ཆོ་ལོའི་ས་བོན། ཞེས་པ་རྣམས། །དུང་གི་ཁྱུ་དང་དུང་ཅན་མ། ༢།དུང་ཕྲན་དུང་གི་སྲིན་མོའོ། ༢ །དུང་དང་ཀམྦུ་ར། ཆུ་སྐྱེ། །ཆུ་ཡི་ཀ་རཾ་ཀ་དང་ནི། །ཁབ་ཀྱི་ཁ་ཞེས་བྱ་བའོ། ༥ །མུ་ཏིག་སྐྱེས་དང་འགས་བྱེད་དང་། །བེ་ཤཱིའི་མཛོད་དང་

ཉ་ཕྱིས་དང་། །ས་ཊཱ་ལུ་ཀ་ཞེས་པའོ། ༥ །ཨུར་ཞེས་བྱ་དང་མཛོད་རིང་མོ། ༥ །ཕུ་ཊ་ཊི་ཀ །འདམ་ཉ་ཕྱིས། ༤ །ཆུ་ཡི་ཉ་ཕྱིས་འབུ་སྐོགས་དང་། །སྤུར་བའི་བུ་དང་། ཤམྦུ་ཀ །ཛ་ལ་ཌིམྦ། ཤི་བུ་ཀ །ཀམྦུ་ར་དང་། བཎྛ་ར། །འདམ་གྱི་སྦལ་པ་ཞེས་པའོ། །

Vol. 212 · folio 99a

སྲིན་བུ་པད་པ་ཛ་ལུ་ཀ །ཆུ་ཁྱིམ། ཛ་ལཱ་ཡུ་ཀཱ་དང་། །ཆུ་ཡི་སྣང་བ་ཁྲག་འཐུང་དང་། །ཆུར་འགྲོ། ཆུ་འཐུང་དེ་བཞིན་དུ། །པེ་ཎི། བོ་དྷི་ནཱི་དང་ནི། །པ་ཊ་ལུ་ཀ་ཞེས་པའོ། ༡༠ །ཆུ་ཉལ་དང་ནི། ཆུ་ཡི་གཞི། །དེ་ལ་གཏིང་མེད་ཆུ་སྒྲ་

སྒྲོགས། །ལྟེང་ཀ་འཁྱིལ་དང་། ཆུ་སྐྱང་སྐྱོང་། །ཉེ་བའི་ཁྲོན་པ་ཆུ་ཉལ་ལོ། ༢།ཁྲོན་ཆུ། བྲུས་ཆུ། ཀཱུ་པ་དང་། །བཏུང་ཆུ། དུས་མཆོག །ཁ་འཆིངས་ཅན། །གཙུག་ཕུད་ཅན་དང་ཆུ་ཡི་མ། ༨ །རྣམ་འཐོར་དང་ནི། ཙཱུ་ཌ་ཀ །ཙུཎྜཱི། འཛག་ཆུ། ཙཎྜའི་

འདབ། །པ་ཊ་ཞེས་པ་རྣམས་ཡིན་ནོ། །ཨ་ར་གྷཊྚ། ཁྲོན་པ་ཆེ། །རྐང་པ་འཇུག་པའི་པཊའོ། ༣ །ཏྲི་ཀཱ། ཁྲོན་པའི་མུ་ཁྱུད་ཏེ། །བཱི་ནཱ་ཧཱ་ནི་ཁ་འཆིངས་སོ། །གྱེན་འདྲེན་བུམ་པའི་འཁྲུལ་འཁོར་དང་། །ཆུ་གྱེན་འབབ་བྱེད་པྲ་ཧིའོ། ༣ །མུན་ནག་ཁྲོན་པ་ཆུ་ཉམས་

པའོ། །མུན་པ་ཅན་དང་འབུ་སྲིན་གནས། ༣ །རྫིང་བུ་དང་ནི་བྲུས་ཆུ་དང་། །མཐིལ་ཅན་དང་ནི་ཁྲོན་ཆུ་ཅན། །འོག་གི་གནས་ཅན་ཞེས་པའོ། ༥ །འོག་དང་། ཏལླཾ། བལླཾ་དང་། །ཏལླཾ་ཀཾ་ཞེས་པ་རྣམས་སོ། ༢ །ཀུཎྜ། ལྷ་ཡི་རྫིང་བུའོ། །ཨཱ་ཁཱ་ཏཾ་ནི། ལྷས་

བསྐོས་པའོ། །རྫིང་བུ། རྫིང་རིངས། ལོགས་ངོས་ཅན། །མཆོད་སྡོང་ཅན་དང་། ཉ་སྦལ་ཅན། ༥ །འོབས་དང་། ཡོངས་སུ་བརྐོས་པའོ། ༢ །གཞི་ཅན་གོང་དུ་ཆུ་འཛིན་པའོ། །བཙུགས་ཤིང་ཆུས་བསྐོར་བཀྲུན་ཤིང་དང་། །ཕྱག་དང་། རྡུལ་སྐྱེས། ཆུ་སྐྱེས་

དང་། །ཀེ་དཱ་རོ་དང་། ཤྲཱི་ཏྲ་ཧ། །བྱ་ཡིས་བསྐྲུན་དང་། བཞིན་ཅན་དང་། །གནས་ཅན། ཤི་རྩ་ཆུ་འཛིན་པའོ། ༡༡ །པདྨའི་འབྱུང་གནས། མཚེའུ་དང་། ཆུ་ཡི་སྙིང་པོ། བཞད་ལྡན་མཚོ། ༥ །མཚོ་ཆུང་། རྫིང་མཚོ། ལྟེང་ཀའོ། ༣ །འདམ་སྐྱེས་པདྨ་ཆུ་སྐྱེས་

དང་། །མཚོ་ལས་སྐྱེས་དང་། མཚོ་ལ་སྐྱེས། །འདབ་སྟོང་། འདབ་བརྒྱ། ཀ་མ་ལ། །འདམ་ལ་སྐྱེ་དང་། ཏཱ་མའི་བཅུད། །རྩིབས་འབིགས་དང་ནི། ཨུཏྤལ་ཆེ། །དཔལ་གྱི་འདབ་མ། ཨམྦུ་ཛ། །བཾ་ཀེ་ཛ་དང་། ཛ་ལ་ཛ། ཨཉྫ་ནི་དང་། བཱཾ་ར་ཛི། །

Vol. 212 · folio 99b

ས་ར་པཱཾ་ཛཾ། མཚོ་ལས་སྐྱེས། །ས་རོ་དུ་ཧ། ས་རོ་ཛཾ། །མི་ཡི་འཚོ་བ། དུག་རབ་འཇོམས། །རྒྱས་བྱེད། ཨམྦོ་རུ་ན་དང་། །གེ་སར་ཅན་དང་། སྡོང་བུ་ཅན། །ཀཉྩི། དཔལ་གོས། ནཱ་ལི་ཀཾ། ༣༡ །པདྨ་དཀར་པོ། ཆུ་སྐྱེས་དཀར། ༢ །ཨུཏྤ་ལ་དང་།

ཀུ་བ་ལ། ཀུ་བཾ། ཀུ་བ་ལ་ཡའོ། ༤ །ཀཾ་སཏྶོ་ལ། ནགས་ཨུཏྤ་ལ། ༢ །ཆུ་སྐྱེས། སྔོན་པོ། དབང་མཆོག་དང་། །འཆི་མེད། དབང་མོ་ཞེས་པའོ། ༣ །ཨུཏྤལ་དཀར་པོ་ཟླ་བའི་དྲི། །ཀཻ་ར་བཾ། ཀུ་མུ་ད། ཀུ་མུ་ཏ། །ཟླ་བ་དགའ་དང་། ཟླ་མཛེས་དང་། །

ཀནྟོཊྚ་དང་། མཚན་མོ་བཞད། ༣ །ཀྲྀཎྞོ་ཀནྡི། དཔལ་གྱི་ལག །ཨུཏྤལ་དམར་པོ་བུང་བ་དགའ། །དཔལ་མོའི་ཁྱིམ་དང་། ཀུ་མུཏ་དང་། །ཀོ་ཀ་ན་དང་། མཚོ་སྐྱེས་དམར། ༨ །ཀ་ཏ་ལཱ་རཾ་དང་། དྲི་བཟང་ཅན། ༢ །ཐུན་མཚམས་ལྟར་དམར་ཧ་ལཱུ་ཀཾ །དུག་

གི་ལྟེ་བ་པད་རྩ་ཅན། ༤ །སྡོང་བུ་ཅན་མ་ནི་ལ་ནཱི། །རྒྱས་ལྡན་མ་དང་པདྨ་ཅན། །པུཊ་ཀི་ནཱི་ཞེས་པའོ། ༧ །ཀུ་མུ་ད་ཡི་ནགས་ཚལ་ནི། །ཀུ་མུ་དི་ནཱིའོ་གཞན་མཐའ་ཡས། །ཀུནྡི་ན་ལ་ནཱི་ལ་སོགས། །སྡོང་བུ་ནཱ་ལཱ་ནཱ་ལཾའོ། །པདྨའི་རྩ་བ་ཏནྟུ་ལཾ། །པི་སི་དང་

ནི་བི་ཥཎྜཾ། །པད་སོགས་ཚལ་ནི། ཀ་དམྦ། །ཀ་ར་ཧཱ་ཊ། ཤི་ཀཱ། ཀནྡ། ༣ །ཟེ་འབྲུ་དང་ནི་གེ་སར་རོ། ༢ །ལྟེ་བ་དང་ནི། ས་བོན་མཛོད། །གདུགས་ཀྱི་ས་བོན་སཀྵཽ་རཾ། ༤ །སམྦ་རྟི་ཀཱ། འདབ་མ་གསར། ༢ །ཤཱ་ལུ་ནི་ཀཾ། འདབ་འཁྲུངས་ལྡན། །ཀ་ཤེ་

རུ་དང་། ཤཱ་ལུའི་རྒྱལ། །འཕགས་པ་དགེ་བ་ཞེས་ཀྱང་ངོ་། ༣ །དེ་ནས་ཤྲིངྒ་ཊ་ཀ་ལ། །ཆུ་ཡི་ཚེར་མ། ཆུའི་སྒུ་ར་འཁྱོག །༢ །པྲ་སྣི་བུམ་པ་ཅན་དང་ནི། །ཆུ་ཡི་རྩ་བ། ཆུའི་བཞི་མདོ། །མཁའ་ཡི་རྩ་བ་ཆུ་ཡི་འདབ། །འདབ་མ་ཆུ་ཡི་ཤུན་པ་དང་། །འདི་ནི་ཀརྟྲི་

ཎི་དུའང་བལྟ། །ཛ་ལ་སཱུ་ཀཾ །སྦུབས་ཅན་ནོ། །ཤེ་བཱ་ལཾ་དང་། ཆུ་བལ་དང་། ཆུ་ཡི་རྔམ། ཆུའི་ལེན་བུ། །ཀཱ་ཙཱ་རཱཾ་དང་། ཆུའི་སྔོན་མོ། །ཆུ་ཡི་ལུས་དང་། ཆུ་ཡི་རྟགས། །ཆུ་ཡི་སྐབས་དང་། ཆུའི་དྲ་བ། །ཆུ་ཡི་འདབ་མ་ཞེས་རྣམས་སོ། ༡༡ །རྒྱ་མཚོ་ལ་སོགས་

Vol. 212 · folio 100a

པའི་རབ་ཏུ་དབྱེ་བའོ། །ས་འོག་གི་སྡེ་རྫོགས་སོ། །སྙན་ངག་མཁན་པོ་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེས་རྣམ་པར་བཀོད་པའི་མངོན་བརྗོད་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་སྐབས་དང་པོ་རྫོགས་སོ།། །།

ས་གཞི་གྲོང་དང་ས་འཛིན་ནགས། །སེང་གེ་མི་དང་གཉིས་སྐྱེས་སོགས། །རྒྱལ་རིགས་དང་ནི་མི་ཟད་པར། །འདི་ནི་སྡེ་ཚན་དྲུག་ཏུ་བྱས། །བརྟན་པ། འཛིན་མ། ནོར་འཛིན་མ། །དབྱིག་འཛིན། བྷ་རཱ། མི་གཡོ་མ། །ཀྵོ་ཎི་རྒྱ་མཚོའི་སྐེ་རགས་ཅན། །

ཨི་ལ། ཀྵ་མྲཱ་དང་ནི། ཀྵྨཱ། །སྲུང་བྱེད། ཞག་ལྡན། མཆོད་འོས་མ། །མཆོད་སྦྱིན་བྱེད་མ། འགྲོ་ལྡན་མ། །ས་གཞི་འཛིན་མ་འཛིན་བྱེད་མ། ས་སྦྱིའི་མིང་དྲུག་ཅུ་རྩ་གཉིས། སྣ་ཚོགས་འགེངས་དང་། ནོར་ལྡན་མ། །ཀྵི་ཏེ། ཀུན་བཟོད། བཟོད་ལྡན་མ། །མཐའ་ཡས་

བཅུད་ལྡན། འཛིན་བྱེད་མ། །ཡངས་ལྡན་རྒྱ་མཚོའི་གོས་ཅན་མ། །ཆུ་སྐྱོབ་ས་དང་། ས་གཞི་སྐུ། །རྒྱལ་བྱེད། འབྱུང་པོ་འཛིན་མ་དང་། །དྷཱི་དཱི། ཆུ་ལྡན། གླིང་འཛིན་མ། །གླིང་ལྡན་མ་དང་འོད་སྲུངས་བྱིན། །བྷཱུ་མེ། ཨུརྣཱི། ཡངས་ཅན་མ། །དྲི་ལྡན་རི་

ཡི་རྣ་ཅན་མ། །རིན་ཆེན་སྙིང་མོ། ཀླུ་ཡི་གཞི། །རི་ཡི་ཕུར་བུ་མ་དང་ནི། །མཛེས་ཆེན་མ་དང་། ལུས་ལྡན་མ། །སྣ་ཚོགས་འཛིན་མ། བཟོད་མ། གཽཿ ཐང་ཆེན་མ་དང་། བ་སྠི་ལཱི། །མིའི་གནས། བར་ཡངས་ལྡན་མ། མའི་འཇིག་རྟེན་དང་། །ས་སྟེང་

རོ་དང་རོ་དང་སཱི། །ཆུ་གཏེར་མུ་ཁྱུད་དྲི་སྐྱེད་མ། །ས་བོན་སྐྱེད་དང་། རང་སྐྱེད་མའོ། ༧༢ །ས་བཟང་དང་ནི་ཡིད་འོང་མ། །རབ་དང་ས། མྲྀཏྶཱ། མྲྀཏྶ་ནཾ་དང་། །མྲྀཏྟ། ཀཱ་ཞེས་བྱ་མཁའ་ཐང་། བའོ། །ས་གཤིན། འབྲུ་ཀུན་སྐྱེ་བ་དང་། །ག་ཎི། ཨཱ་ར་

པུཥྤའོ། །ཚྭ་སྒོ། འགྱུར་བྱེད། ས་ཅན་ནོ། །ཚྭ་སྒོ་ཅན་དང་། བ་ཚྭ་ལྡན། ས་བྱེ་བྲག་བའི་མིང་། །ད་ཤ་དང་ནི། ཨཱི་རི་ཎི། ༤ །ས་བྱེ་བྲག་པའི། ཀ་ཙ་ག་ལཱ། ན་ལིངྒཱ། ༢ །ཐ་དད་ཡིད་འོང་། སྐྱེ་བ། རྗེས་སུ་ཟོས། ༢ །ས་ནག་ཡུལ་ནི་ས་ནག་ཅན། །དེ་བཞིན་ས་སྐྱ་ལ་སོགས་

Vol. 212 · folio 100b

པ། །བརྗོད་བྱའི་རྟགས་ཅན་གཞན་ཤེས་བྱ། །སྠ་ལ་དང་ནི་སྠ་ལཱིའོ། །སྠི་ཎི་ལ་ནི། ཐང་གི་མཚམས། །རིག་པའི་ཐང་མཚམས། བྱེ་མ་ཅན། །མ་རུ་དང་ནི། མྱ་ངམ་ཐང་། ༢ །མ་བརྐོས་པ་དང་། མ་རྨོས་པ། ༢ །སྐྱེ་འགྲོ། འགྲོ་ལྡན་འཇིག་རྟེན་དང་། །ས་རྟེན་

དང་ནི། གནས་རྟེན་ནོ། ༥ །འཇིག་རྟེན་འདི་ནི་བྷ་ར་རྟའི། །ཡུལ་ཏེ། ཧཻ་མ་བ་ཏའོ། །ཐ་ར་ཏ་དང་། མི་ཡི་ས། །ཡི་ལཱ། པྲྀ་ཏཾ། ཏོག་གི་ཕྲེང་། །འཕྲོག་བྱེད། ཁྱུ་མཆོག་སྐྱེས་བུའམ་ཅི། །བཟང་པོ་དང་ནི་དབྱིག་རིང་བཞིན། །བྱང་གི་སྒྲ་མི་སྙན་རྣམས་ཏེ། །

ས་སྟེང་གི་ནི་ཡུལ་རྣམས་དགུ ། ༩ །ཀུ་ཤ། ངམ་སྐབས། ཁྲུང་ཁྲུང་ཛམྦཱུ་ཤིང་། །པདྨ། ཤཀ །ཤལྨ་མིང་དང་། གླིང་རྣམས་སུ་འགྱུར། །ཀླ་ཀློའི་ཡུལ། །བྷཱ་ཏ་ང་ཡི་མཐའ་འཁོབ་པོ། །པྲ་མཱ་ག་དང་། སྒྲ་ངན་ཞིང་། །གངས་རི་དང་ནི། འབིགས་བྱེད་

པར། །འཕགས་འཁྲུངས། བསོད་ནམས་ས་གཞི་དང་། །ཡུལ་དབུས་དང་ནི་དབུས་ཡིན་ནོ། །དེ་ནས་འདིར་ནི་ཨཱདྷཱ་རི། །འབི་དིར་ཡ་ནི་འགའ་ཞིག་འདོད། །འབིགས་བྱེད་གངས་རི་དག་དབུས་སུ། །ཤར་དང་ནུབ་ཀྱི་ཆུ་གཏེར་རོ། །ཤ་རཱ་བ་ཏིའི་མཚམས་གང་

དེར། །འཕགས་པའི་ཡུལ་ལ་སོགས་པ་རྣམས། །ཡུལ་ནི་ཤར་དང་། ལྷོ་དང་ནུབ། །བྱང་དང་། ནུབ་བྱང་རྣམས་ཡིན་ནོ། །ལྷ་ཡི་ཆུ་བོའི་བར་གང་ཡིན། །དབྱངས་ཅན་ཏྲྀ་ས་ཐ་ཏཱི་དག །དེ་ཉིད་སྤྲུལ་པའི་ཡུལ་ཡིན་ནོ། །ཚངས་འཁྲུངས་དེ་དག་པ་ཊའོ། །

གཾ་གཱ་ཡ་མུ་ནཱ་དག་གི། །བར་བར་བཞི་ནི་རི་བོང་ཐང་། །པྲ་ཧཱ་ས་དང་། ཟླ་བའི་འགྲོ། །བཏྶའི་ཚོང་རྡལ། ཀཽ་ཤཱམྦཱི། །གཽཌཱི་མདའ་རིས་སུཎྜ་ཡིན། །པུཎྜས་མཚན་པ་བ་རནྟྲ། །ཀ་ནྱ། ཀུནྫ། གྷཱ་དྷཱིའི་གྲོང་། །བུ་མོ་སྒུར་འཁྱོག །ཀུ་ཤའི་ཐང་། །ཆར་ཆེན་ཞེས་

པ་རྣམས་སུ་འགྱུར། ༥ །ཛི་སྟ་རི་དང་ཉེ་བའི་ཐང་། །འཁོར་མོ་འཇིག་དང་ཞི་བའི་གྲོང་། །གསལ་ལྡན་འགྲམ་དང་རྒྱལ་པོ་ཅན། ༤ །རང་བྱུང་སྐྱེས་དང་ཡུལ་འཁོར་ཆེ། །ཡུལ་གྱི་གནས་མཆོག་སད་མ། ཞེས་བྱ་བའོ། ༣ །མེ་ཏོག་དང་གྲོང་ཁྱེར་དང་། །སྐྱ་སྣར་བུ་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words