No title in the text — opening words: སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་མངོན་བརྗོད་ནོར་བུའི་ཕྲེང་བ་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 212 · folio 221a

ར། །ནེའུ་གསིང་དང་ནི་ཆུ་མདོ་གནས། །ཙི་ལུའི་ཞིང་དང་སྨན་ལྗོངས་ལ། །བ་ཤི་རཾ་ནི་རྒྱ་མཚོའི་ཚ། །བྷ་ག་ཎཾ་དྷ་ཀ་དང་ནི། །ཀི་ཎི་ཧཱིའོ་བ་རཱཾ་རཾ། །ཆུ་དང་གཡས་འཁྱིལ་དུང་ལའོ། །གུཉྫ་དམར་པོའི་ས་བོན་དང་། །འབུ་སྐྱེས་ལ་ཡང་བལྟ་བར་

བྱ། །བས་རུ་ནི་བདུག་པ་དང་། །བྱ་ཡི་གནས་དང་ཁྱིམ་བུམ་པའོ། །བི་ཀཱ་ར་ནི་མི་སྡུག་ནད། །རྣམ་པར་འཇོམས་དང་འཇོམས་བྱེད་སྒྲ། །བི་དུ་ར་ནི་པཎྜི་ཏ། །ཥིལྒ་ཀོ་ར་བཱ་ནའོ། །བི་དྷུ་རི་ནི་སོ་སོར་འགྲོ། །ཕྲལ་བ་དང་ནི་མ་ཚང་བ། །བི་དུ་ར་ནི་བཅུད་ལེན་ལ། །བཱི་བ་ར་ནི་

ཁུང་བུ་ག །འཇུག་པ་རོ་དང་དོང་ལའོ། །པི་ས་ར་ནི་རབ་འབྱམས་འགྲོ། །བསྟི་ར་ནི་རྒྱ་ཆེ་སྤྲོས། །ཡངས་པའི་བི་སྟཱ་ར་ཞེས་པ། །ལོ་འདབ་རྒྱ་ཆེན་ཁེབས་པའོ། །བིཥྚ་ར་ནི་ཀུ་ཤའི་ཁྲེས། །སྟན་དང་ས་ལ་སྐྱེས་པའོ། །བཱི་ཧཱ་ར་ནི་འཁོར་བ་དང་། །ཕུང་པོ་བདེ་གཤེགས་

རོལ་པའི་གནས། །ཤ་ཀཱ་རཱི་ནི་སྡེབ་སྦྱོར་དབྱེ། །ཆུ་བོའི་དབྱེ་བ་སྐ་རགས་ལ། །ཤ་ཤཱ་རཾ་ནི་ཆུ་དབུས་སྒང་། །དུནྡྲ་རཱི་ནི་འགྲམ་ལའོ། །ཤཾ་ཀ་རཾ་ནི་རི་སྲས་མ། །མགོན་མོ་དགེ་བ་བྱེད་པའོ། །ཤརྐ་རཱ་ནི་གསེག་མ་དང་། །ལྡན་པའི་ཡུལ་དང་རས་བལ་ཅན། །བུ་རམ།

དུམ་བུ། རྣམ་འགྱུར་དང་། །རྡོ་བ་མཛེས་པའི་དབྱེ་བ་ལ། །སརྦ་རཱི་ནི་ཐུན་གསུམ་མ། །ཡུང་བ་དང་ནི་བུད་མེད་ལའོ། །ཤ་ཝ་ར་ནི་ཀླ་ཀློའི་དབྱེ། །བདེ་བྱེད་དང་ནི་ཆུ་ལའོ། །ཤ་ཀཱ་ར་ནི་གླང་ལ་སྟེ། །ཤཱ་ཀཱ་རཾ་ནི་སྡེབ་སྦྱོར་དབྱེ། །ཤཱཾ་ཀ་རི་ནི་བགེགས་ཀྱི་བདག །

སྐེམས་བྱེད་ལའོ་ཤཱ་རཱི་ར། །ལུས་སྐྱེས་དང་ནི་གླང་ལའོ། །འོ་མའི་ལྦུ་བ་ཤརྐ་ར། །འཇོམས་བྱེད་མུན་ནག་ཤརྦ་རཾ། །ཤཱ་རཱ་རཾ་ནི་འདོམས་སེན་མོ། །སྐས་དང་འདབ་ཆགས་གཟེབ་ལའོ། །ཤཱ་བ་ར་ནི་རྒྱ་སྐྱེགས་ཤིང་། །སྡིག་པ་དང་ནི་སྒྲུབ་བྲལ་ལ། །ཤཱ་བ་རཱི་ནི་གྲ་

མ་ཡི། །ཤིམྦ་ཞེས་བྱའོ་ཤཱ་བ་རཾ། །དེ་ཡི་ངོ་བོ་ལ་ཡང་ངོ་། །ཤ་ཁ་རཾ་ནི་རི་ཤིང་རྩ། །མཆན་ཁུང་ཐལ་མོ་མཐའ་རྣམས་ལ། །སེ་འབྲུ་སྨིན་པའི་ས་བོན་དང་། །ནོར་བུ་ཅན་དང་མཐའ་དག་ལའང་། །ཤི་ལིནྡ་ནི་ཉའི་དབྱེ་དང་། །ཤིང་གི་དབྱེ་བ་དག་ལའོ། །ཤཱི་

Vol. 212 · folio 221b

ལཱིནྡྲི་ནི་ཀ་ར་ཀེ། །དངོས་པོའི་མེ་ཏོག་གྲོང་གསུམ་པའོ། །ཤཱི་ལཱིནྡྲི་ནི་བྱ་མོའི་དབྱེ། །རྐང་རིངས་དང་ནི་སཱ་ལའོ། །ཤི་ཤི་ར་ནི་དུས་ལས་ཏེ། །བ་མོ་ཅན་དང་འཁྱགས་པ་ལའོ། །ཤཱི་ཀ་ར་ནི་ཁྲ་བོ་དང་། །རླུང་དང་འགྲོ་མེད། ཆུ་ཅན་ལའོ། །ཤུ་ཥི་རཾ་ནི་ཁུང་བུ་

ཅན། །ནཱིགྣ་དང་ནི། བུ་ག་ཅན། །ཤྲཱིཾ་གཱ་ར་ནི་རབ་དགའ་དང་། །གར་གྱི་ཉམས་དང་གླང་པོའི་རྒྱན། །པྲིཾ་གཱ་རཾ་ནི་ཕྱི་མ་དང་། །སིནྡྷཱུ་ར་དང་ལི་ཤི་ཡི། །མེ་ཏོག་ལ་ནི་འཇུག་པར་འདོད། །ཤྭ་ཤུ་ར་ནི་ཁྱོ་ཤུག་གནས། །ཤྭ་ཤུ་རཱ་ནི་ཚངས་ལྡན་སྨན། །སཾ་

ཀ་ར་ནི་མེ་དེ་བྱེས། །ཀུན་ནས་བྱི་དོར་བྱི་དོར་བྲལ། །མི་སུན་འབྲིན་པའི་བུ་མོ་ལ། །ས་ཀཱ་ར་ནི་ཞེས་འགའ་ཞིག་འདོད། །སཾ་ག་ར་ནི་མདངས་དམ་བཅའ། །བྱ་བའི་རྣམ་པ་དུག་དང་ཕོངས། །སཾ་ག་རཾ་ནི། བགྲོད་བྱ་འབྲས། །ས་བྷཱ་ར་ནི་བསགས་དང་ཚོགས། ཨམྦ་

ར་ནི་རི་དགས་དང་། །ས་འཛིན་ལྷ་མིན་ཉ་དང་ནི། །རྒྱལ་བའི་ཁྱད་པར་དག་ལའོ། །སཾ་བཱ་རཾ་ནི་ཆུ་དང་ནི། །སངས་རྒྱས་པ་ཡི་བརྟུལ་ཞུགས་ནོར། །སཾ་བ་རཱི་སྨན་དབྱེ་བ་ལ། །ས་མུ་དྲཾ་ནི་ལུས་མཚན་ཉིད། །ས་མུ་ཊཱི་ཡ་མཛེས་སོགས་ལ། །སཱ་བཾ་ཏྲཱི་ནི་ལྷ་ཡི་དབྱེ། །སཱ་བི་

ཏྲི། སཱ་བནྟཱིའི་བདག །སིནྡྷཱུ་རཾ་ནི་ཤིང་གི་དབྱེ། །སིནྡྷཱུ་རཾ་ནི་བྱེ་མ་དམར། །སིནྡྷཱུ་རི་ནི་དྷཱ་ཧ་ཀཱི། །སླག་པ་དམར་པོ་མཛེས་པ་ལ། །སུནྡ་རི་ནི་གཙོ་མོའི་དབྱེ། །སུ་ནཱ་ར་ནི་ཁྱིའི་ནུ་མ། །སྦྲུལ་གྱི་རྒྱན་དང་བི་ཀའོ། །སེ་རི་ནྟྲཱི་ནི་གཞན་ཁྱིམ་གཞན། །ཤི་བྱ་ཀྲིང་དང་། རང་དབང་

ངོ་། །སཾ་ཀ་རཾ་ནི་ཁ་དོག་བྱེད། །རྒན་པོ་ཆེན་པོའོ། །སཽ་བཱི་རཾ། །ཀཱི་ཛི་ཀཾ་དང་མིག་སྨན་རྒྱུ། །རྒྱ་ཤུག་དག་གི་ཡུལ་ལའོ། །སཾ་སྐ་ར་ནི་ཉམས་མྱོང་དང་། །ཀུན་ཏུ་རྟོགས་དང་སོ་སོར་འབད། །སཾསྟ་ར་ནི་གྲལ་མཆོད་སྦྱིན། །ཏིཎྜཱི་ར་ནི་དབུ་བ་དང་། །བཱ་ན་ཕིཾ་ག་ན་ཞེས་པའོ། །

ཨ་ཀླུ་པཱ་ར་ཆུ་ཡི། །མགོན་དང་རུས་སྦལ་རྒྱལ་པོ་ལ། ཨགྣི་ཧཱོ་ཏྲ་མེ་ལ་ནི། །མེ་ཡི་སྦྱིན་སྲེག་སྦྱིན་པ་ལ། །ཨ་ནུཏྟ་ར་གཙོ་བོ་དང་། །སོ་སོའི་ཚིག་ནི་རྣམས་སངས་ལ། །ཨ་གྲོ་པ་ནི་བྱང་ཕྱོགས་དང་། །གོ་བཟློག་པ་དང་བླ་ན་མེད་པ། ཨ་ཏི་ས་ར་བཅིངས་དང་འཁྲུག །རང་སྟོབས་

Vol. 212 · folio 222a

དང་ནི་འཇིགས་བཅས་ལ། །ཨ་བྷི་ཧཱ་ར་མངོན་སྦྱོར་དང་། །ཆོམ་རྐུན་དང་ནི་བཟོད་པ་ལ། །ཨ་རུ་སྐ་ར། བྷལླཱ་ཏེ། །རྨ་བྱེད་ཤིང་དག་རྗོད་པར་བྱེད། །ཨརྡྷ་ཙནྡྲ་ཟླ་དུམ་དང་། །མགྲིན་པར་ལག་པ་མདའི་བྱེ་བྲག །ཟླ་ཕྱེད་ཟླ། ཁམ་དུར་བྱེད་དབྱེ། །ཨ་ལཾ་ཀཱ་ར་

རྒྱན་དང་ནི། །དཔེ་དང་ཡོན་ཏན་དག་ལའོ། །ཨ་བ་ས་རཾ་སྔགས་ཀྱི་དབྱེ། །རབ་ཏུ་སྟོང་དང་ཆར་དག་ལ། །ཨ་བ་ཏཱ་ར་འཇུག་པ་དང་། །མུ་འགྲི་དང་ནི་འོབས་ལ་སོགས། །ཨ་བྷ་ར་གདོན་ཆོམ་རྐུན། །འཁྲུག་པ་རྒྱན་པོ་སོགས་རྣམས་འཁོར། །ཨ་བ་སྐ་ར་བཤང་ལམ་

དང་། །གསང་བ་ངེས་འབོད་ཉེར་འགྲོ་ལ། །ཨ་ཤ་ཏ་ར་བེའུ་དང་། །གླང་པོ་རྟ་ཡི་ཁྱད་པར་ལ། །ཨ་སི་པ་ཏྲ་དར་གྱིང་བུ། །དམྱལ་བའི་ཁྱད་པར་དག་ལའོ། །ཨ་ཌམྦ་ར་གླང་པོ་ཆེའི། །དབང་པོའི་སྒྲ་དང་སིལ་སྙན་སྒྲ། །པྲ་བཉྩེ་ར་ཙ་ནཱ་དང་། །ཡང་དག་བརྩམས་

པ་དག་ལ་དྲན། །ཨཏྨ་བི་ར་སྲོག་ཆེན་པོ། །ཤྱ་ལའི་བུ་དང་སུན་འབྱིན་ལ། །ཨིནྡཱི་པ་རི་ཨུཏྤལ། །ཨིནྡཱི་པ་རཱ། །བ་བྷྱི་མོ། །ཨུ་དུམྦ་ར་སྐྱེ་བོའི་འབྲས། །ལུས་འཛིན་ཡངས་བའི་གྲོགས་པོ་ལ། །ཨུ་དུམྦ་རི་ཟངས་དང་ནི། །རུ་རྟའི་དབྱེ་བ་དག་ལའོ། །ཨུ་དུམྦ་ར་ཤིན་ཏུ་

མཐོ། །གཅིག་པ་དང་ནི་མི་བཟད་པའོ། །ཨུ་པ་ག་ར་མེ་ཏོག་སོགས། །འཐོར་དང་ཕན་པར་བྱེད་པ་ལ། །ཨུ་པ་ཀ་ར་ཉེ་བ་དང་། །ཡོངས་སུ་བགེགས་དང་ཕན་བྱེད་ལ། །ཨཽ་དུམྦ་ར་ཤིང་ཟན་ལྔ། །ནད་ཀྱི་དབྱེ་བ་ལ་ཡང་ངོ་། །ཀ་ཊཾ་བྷ་ར་རབ་འབབ་དང་། །སྣར་མ་གླང་

པོ་བུད་མེད་དོ། །ཀ་ལིམྦ་ཀ་ཟླུམ་པོ་དང་། །ཆར་སྐྱེས་དང་ནི་མཱུར་བ་ལ། །ཀ་ར་བཱི་ར་རྟ་གསོད་པ། །ལྷ་མིན་དབྱེ་བ་རྟ་དག་ལའོ། །བུ་བཅས་ལྷ་སྐྱེས་གཙོ་བོ་དང་། །བ་ལང་རྣམས་ལའང་དེ་བཞིན་ནོ། །རྒན་ཆེན་མ་དང་མཆོད་པ་ལ། །ཀ་ར་བཱི་རཱི་འགའ་ཞིག་འདོད། །

ཀརྞ་ཀཱ་ར་གི་མཱ་ཀའི། །ཤིང་དང་ཨུ་ཏཱ་ལ་ལའོ། །ཀརྞུ་པཱུ་ར་ཨུཏྤ་ལ། །སྙན་གྱི་གོང་རྒྱན་ཕལ་ཆེར་དང་། །རྒྱན་མཆོག་རྣམས་ལ་བལྟ་བར་བྱ། །ཀརྨ་ཀ་ར་གླ་མི་དང་། །གླས་འཚོ་བ་དང་ལས་པའོ། །མརྦཱ་དང་ནི་གཟུགས་ཅན་ལ། །ཀརྨ་ཀཱ་རཱི་འགའ་ཞིག་འདོད། །ཀ་ལི་ཀཱ་དང་

Vol. 212 · folio 222b

དྷུ་མ་པ་ཊ། སེན་མོ་དང་ནི་ལག་སྐྱེས་སོ། །ཀཱ་དཱམྤ་རཱི་གཞན་གཟུང་མ། །བུར་ཆང་དབྱངས་དང་བྱ་རི་སྐེགས། །ཀཱ་ལི་ཛ་ར་རྣལ་འབྱོར་པའི། །འཁོར་ལོ་འདུ་དང་འཇིགས་བྱེད་དབྱངས། །ཀུམྦྷ་ཀཱ་ར་རྫ་མཁན་རིགས། །ཀྲྀཥྞ་ས་རི་རི་དགས་དང་། །སྣུམ་པ་དང་ནི་ནེ་ཤ་བ། །གི་

ག་དྷ་རཱ་རི་ཡི་བུ་མོ། །མགོན་པོ་དང་ནི་ཆུའི་མགོན་པོ། །གི་རི་སཱ་ར་ལྕགས་སྐྱས་དང་། །མ་ལ་ཡ་ཡི་རི་བོ་ལ། །གྲྀ་ཧཱ་རཱི་ར་ལ་བས་འགེབས། །འདེགས་དང་རུ་རྟའི་ཡན་ལག་ལ། །ག་ན་སཱ་ར་ག་བུར་དང་། །དངུལ་ཆུ་གཡས་སུ་འཁྱིལ་བ་ལ། །ཙ་ཀྲ་དྷ་ར་ཁྱབ་འཇུག་དང་། །ལག་

འགྲོ་གྲོང་གི་དྲ་བ་ལ། །ཙ་རཱ་ཙ་ར་ས་གཞི་དང་། །ཟུར་གྱིས་ཤེས་དང་འགྲོ་བ་ལ། །ཙརྨ་ཀཱ་ར་ལྷྭ་མ་མཁན་དང་། །པགས་པའི་ལས་ཅན་སྨན་ལའོ། །ཙི་ཏྲ་ཊྲི་ར་མཚན་མོའི་བདག །དྲིལ་བུའི་རྣ་བ་དོན་ངེས་འཇོམས། །འགྲོ་བྱེད་ཟུར་གྱི་ཐིག་ལེ་ཅན། །ཛ་ཊ་ཊཱི་ར་རལ་

པ་དང་། །ཀོ་ཀ་ཎ་དང་རི་སྲས་བདག །རྐང་འཐུང་རྣམས་ཀྱི་མདུན་སྐྱེས་དང་། །སྙན་ཚིག་རིགས་བྱེད་ས་སྐྱེས་ལ། །ཏ་ལ་པ་ཏྲཱི་རཎྜ་ལ། ཏཱ་ལ་པ་ཏྲི་རྣ་རྒྱན་ལ། །ཏུངྒ་བྷ་དྲ་ཆུའི་བྱེ་བྲག །ཏུཾ་ག་བྷ་དྲ་མྱོས་ཤིང་གཙིགས། །ཏུཎྚ་ཀི་ཊཱི་རས་བླ་དང་། །གཟུགས་ཅན་

ལའོ། །དེ་ནས་ནི། ཏུ་ལཱ་དྷཱ་ར་མཚུངས་པའི་ཁྱིམ། །ཚོང་པའོ་ཏོ་ཡ་དྷ་ར་ནི། །སྤྲིན་དང་། །གླ་སྒང་གསེར་བཟང་པོའོ། །དཎྜ་དྷ་ར་གཤིན་རྗེ་དང་། །ས་དག་དཎྚ་དྷཱ་ར་ནི། །གཤིན་རྗེ་མི་བདག་དབྱུག་པ་ཡི། །སོལ་ཁང་སོགས་དང་ཕྲེང་བ་དང་། །ཐེམ་སྐས་དང་ནི་ཡོལ་ཁང་

མཆོག །ད་ཤ་པུ་ར་ཡུལ་དང་གྲོང་། །བ་ལང་གི་ནི་སྒྲ་དག་ལའོ། །དི་གམྤ་ར་ཟང་བྱེད་པ། །གཅེར་བུ། །མུན་པ་མདུང་ཅན་ནོ། །དུ་རོ་ད་རཾ་ཐ་སྙད་དང་། །ཆོ་ལོ་རྒྱན་པོ་འགྱེད་པ་ལ། །དེ་ཧ་ཡཱ་ཏྲ། གནམ་ལྕགས་འཆི། །དེ་མ་ཏུ་ར་གླང་པོའི་གདོང་། །སེམས་ཅན་

རྒན་པོའོ་དེ་ནས་ནི། །དྷ་ར་དྷ་ར་རི་ཁྱབ་འཇུག །པཱ་ར་དྷ་ར་ཆུའི་བཞོན་པ། །རལ་གྲིའོ་དྷ་རཾ་ཀུ་རཾ་ནི། །ཀ་ར་ཀཱ་དང་པཱི་ཀ་ར། །ཤཱི་ར་འོ་དྷཱརྟུ་རཥྚ་ན། །མཆུ་རྐང་ནག་པོའི་དང་བ་དང་། །ཀོ་ར་བ་དང་སྤྲུལ་པ་ལ་ཡང་། །དྷུ་རཾ་དྷ་ར་ཞེས་པ་ནི། །དྷ་བའི་ཤིང་དང་དྷྲུ་རྦ་ཧ། །དྷཱུནྡྷུ་

Vol. 212 · folio 223a

མར་བརྒྱ་བྱིན་དང་། །ཚིག་བསྲུང་ཁྱིམ་དང་དུ་བ་དང་། །རྐང་པ་ལྡན་པ་རྣམས་ལའོ། །དྷི་ཏ་རཱཥྚ་མ་ཅན་དང་། །བྱ་ཡི་བྱེ་བྲག་རྒྱལ་པོ་བཟང་། །དྷྲི་ཏ་རཱཥྚི་ངང་པ་དང་། །གནས་རྣམས་དང་ནི་སྨན་ལ་ཡང་། །ན་བྷཥྩ་ར་སྤྲིན་དང་རླུང་། །བྱ་དང་། །རིག་

པ་འཛིན་པ་ལ། །ནི་ཤཱ་ཙ་ར་སྦྲུལ་དང་ནི། །ནོར་དང་ཧེ་ར་རྡོ་རྗེ་མ། །ནི་ཤཱ་ཙ་རཱི་འུག་པ་ལ། ནི་ཥདྡྷ་ར་ཟ་བྱེད་སྦྲུལ། །ནི་ཥདྡྷ་རི་འདམ་མཚན་མོ། །ནཱི་ལཱམྦ་ར་གདུག་པ་ལ། །སྤྱན་ལོག་མཛད་དང་རབ་འཕྱང་གསོད། །རོ་ཟའོ་པ་ཡོ་དྷ་ར་ནི། །ཆུ་འཛིན་དང་ནི་བེ་

ཏའི་ཤིང་། །ཀུ་བ་ཟེགས་མ། རུ་ལི་དང་། །ཀཱ་ཤ་བྱེད་པ་རྣམས་ལའོ། །པ་རེ་བ་ར་ཆེའོ་སོགས། །རི་དགས་དབྱེ་བ་དག་ལའོ། །པ་རི་པ་རཱ་རྒྱུད་དང་ནི། །ཡོངས་སུ་རྒྱུད་དང་གནོད་པ་ལ། །པ་རི་ཀ་ར་བརྟུལ་ཞུགས་དང་། །སྐྱིལ་ཀྲུང་དང་ནི་འཁོར་རྣམས་དང་། །རྩོམ་དང་

ལུས་ལྡན་འཆིང་བ་དང་། །ཡོངས་སུ་འགེབས་དང་དབེན་པ་ལ། །པ་རི་བཱ་ར་འཁོར་དང་ནི། །རལ་གྲིའི་ཤུབས་དང་ཡོངས་འགེབས་ལ། པ་རི་པ་ར་ལྷ་དང་ནི། །བྲིན་པ་འཆི་བ་ཕྱོགས་རེ་བ། །པཀྵ་ཙ་ར་ཟླ་བ་དང་། །ཁྱུ་སྨིན་ཡངས་པ། །རིམས་གླང་པོ། །པཱ་ཊ་ཊཱི་ར་ཆུ་སྣོད་

དང་། །ཤོ་གམ་པ་ཡི་བྱ་བ་དང་། །ལྕགས་ཀྱི་སིལ་ཁྲོལ་ཤ་ཡི་ཟས། །ཛ་ཧུའི་སྣོད་དང་དག་བྱེད་ལ། །བཱ་རཱ་བཱ་ར་ཆུ་ཀླུང་མགོན། །ཕ་རོལ་ཚུ་རོལ་འགྲམ་དག་ལ། །པཱ་རི་བྷ་དྲ་ནི་མྦའི་ཤིང་། །མནྡཱ་ར་ཡི་རྐང་འཐུང་ལ། །བཱི་ཏཱམྦ་ར་ཁྱབ་འཇུག་གར། །པཱི་ཏ་པཱ་ར་བ་ལང་ཚིམ། །

ནོར་བུ་མ་ལ་ཡ་སྐྱེས་ལ། །པཱུརྞ་པཱ་ཏྲཱ་ཡོངས་གང་སྣོད། །འོ་མ་སྐྱེས་པ་ལ་སོགས་དང་། །སྨོད་དང་། །རྔ་དང་། སྤེལ་བྱེད་ལ། །པྲ་ཏཱི་ཧཱ་ར་ཆོ་འཕྲུལ་མཆོད། །སྒོ་དང་སྒོར་གནས་བར་མེད་ལ། །པྲ་ཏི་ས་ར། སྡེ་དང་རྒྱབ། །ཀཾ་ཀརྞ་དང་རྨ་ཁྲུ་དང་། །སྔགས་དབྱེ་ཆེན་པོ་དང་ནི་

རྒྱན། །ལག་པའི་སྲད་བུ་ངས་ཤེས་བསྲུང་། །པྲ་ཏཱི་ཀཱ་ར། ཕྱིར་བཅོས་དཔེའི། །པྲ་བྷཱ་ཀ་ར་ཉི་མ་མ། །བ་ཀྲ་ན་ཀྲ་ནེ་ཙོ་ངན། །པ་ལ་བྷ་དྲཱ་གཞོན་ནུ་མ། །སྐྱོབ་བྱེད་དང་ནི་སྟོབས་ལའོ། །བརྦ་ཊི་ར་ཀ་ཐུབ་པའི། །ཕྱུར་བུའི་གནས་ཀྱི་མྱུ་གུ་དང་། །ཚོགས་ཅན་མ་ཡི་བུ་མོ་ལ། །

Vol. 212 · folio 223b

བཱ་ར་ཀཱི་ར་མཆུ་རྣོན་དང་། །ངེས་པར་རྒྱས་དང་རྟ་ལའོ། །བི་ར་བྷ་དྲ། །རྟ་ཡིད་གཞུངས། །རྟ་དང་དཔའ་བོ་ཆེན་པོ་དང་། །དཔའ་བྱེད་བཱིང་ཏ་ར་ནི། །དཔལ་གཙོ་དཔའ་བྱེད་གུཎྚ་ལ། །མ་ཎིཙྪི་ཏྲ་ཚིལ་བུ་དང་། །ཁྱུ་མཆོག་ཞེས་བྱའི་སྨན་ལ་ཡང་། །མ་ཧཱ་པཱི་ར་མཁའ་ལྡིང་དང་།

དཔའ་བོ་མགྲིན་ལྡན་སྒྲ་དང་ཐོག །སྤྲེའུ་ཉི་མ་མཁའ་ཡི་མེ། །ཛ་རཱ་ཊ་ཀ་རྣམས་ལའོ། །མ་ཧཱ་མཱ་ཏྲ། གླང་པོ་སྐྱེད། །ཡན་ལག་འབྱོར་དང་བློན་པོ་ལ། །ར་ཐ་ཀཱ་ར་མ་ཧེ་དང་། །གླང་མོ་སྐྱེས་དང་དེའི་སྐད་ཅིག །རཱག་སཱུ་ཏྲཾ་རས་བལ་སྐུད། །དར་སྐུད་དཔྱིད་དང་ཆ་ཤས་དང་། །

དུང་དང་ག་ཎི་པ་ཏྲི་ཀའོ། །ལངྒ་ཁ་རུ་མར་མེ་ཚིག །ད་ཤཱཾ་ཤེ་ཥ་དག་ལའོ། །ལམྦོ་ད་ར་འཆིང་བྱེད་དང་། །ཧ་ལ་གནས་དང་ལྟོ་བ་འཆང་། །ལགྨཱི་པུ་ཏྲ་འདོད་རྫོགས་རྟ། །བཱ་ཏ་པུ་ཏྲ་ཁྲམ་ཆེན་དང་། །ཧ་ནཱུ་མན་དང་འཇིགས་སྡེ་ལ། །བནྡུ་ཏནྡྲ་སྙིང་པོ་ཡི། །འབྲས་བུ་ཅན་དང་

ཡན་ལག་བཞི། །བི་བྷཱ་ཀ་ར་འོད་ཆེན་དང་། །རྣམ་པར་སྣང་བྱེད་དག་ལའོ། །བི་བྷཱ་ཀ་རཱི་མུན་སེལ་མ། །ཡུང་བ་དང་ནི་རྣམ་གསལ་བྱེད། །རྒོལ་བའི་གོས་དང་། ལུཎྚཱི་དང་། །ཀཊྚ་ལི་དང་བུད་མེད་འཁྱོག། །བི་ཤྭམྦྷཱ་ར་འཕྲོག་བྱེད་དང་། །བརྒྱ་བྱིན་བི་ཤྭམྦྷཱ་ར་ས། །བི་ཤྭ་

ཀ་དྲུ་ངན་པ་སྒྲ། །ཀུན་ནས་རྐོ་དང་ཁྱི་ལའོ། །བཱི་ཏི་ཧོ་ཏ་ཉི་མ་ཆེ། །བི་ཏྲ་ཧོ་ཏྲི་ཉིན་མོར་བྱེད། །བྱ་ཏི་ཀ་ར་ཕོངས་པ་དང་། རྣམ་པར་ཐོགས་པ་དག་ལའོ། །བྱ་བ་ཧཱ་ར་ཐ་སྙད་དང་། །ཤིང་གི་བྱེ་བྲག་གནས་ལ་ཡང་། །ཤ་ཏ་པ་ཏྲ་གྱེས་པའི་བརྒྱལ། །ཤིང་ལྡན་བུམ་པ་གཙུག་

ཕུད་ཅན། །ཤ་ཏ་པ་ཏྲི་རྒྱལ་འདྲ་བ། །ཤ་ཏཱ་པ་རཱི་ལེགས་སྤྱོད་དབང་། །ཤི་ལུ་མཱ་ར་ཆུའི་སྤྲེའུ། །བདག་སྒྲོལ་བ་དང་འཕྲོག་བྱེད་ལ། །ས་མུ་དྲཱ་རུ་ཟམ་པ་འཆིང་། །འཛིན་བྲི་ཏི་མིཾ་གི་ལའོ། །སཾ་པྲ་ཧཱ་ར་འགྲོ་དང་འཆག །ས་ཧ་ཙ་རཱི་ཛྷི་ཎྚཱའོ། །ས་ཧ་ཙ་ར་ལང་ཙོ་དང་། །སོ་སོར་

བྱེད་པ་དག་ལའོ། །སཱ་ལ་སཱ་ར། ཤིང་ཀུན་ཤིང་། །སུ་ཀུ་མཱ་ར་འཇམ་པ་ལ། །སཱུ་ཏྲ་དྷཱ་ར། ཤིང་མཁན་བཟོ། །ཨ་ནནྟྲར་ཕོ་བ་གར། །སྣོད་ཀྱི་དབྱེ་བ་བརྒྱ་བྱིན་ལ། །སྠི་ར་དཾཥྚྲ་ལག་འགྲོ་དང་། །ཕག་གི་དབྱིབས་འདྲའི་སེང་གེ་ལ། །ཨུཏྤ་ལ་བ་ནི་ཞེས་པ། །ཨུཏྤ་ལའི་ཚོགས་

Vol. 212 · folio 224a

མཉམ་པ། །མཐོ་རིས་གར་མ་སེར་སྐྱ་འཛིན། །མུ་སྟེགས་ཅན་གྱི་ཁྱད་པར་ལ། །ཏཱ་མཱ་ལཱ་བ་ཏྲི་ཞེས་པ། །ཐིག་ལེ་ཏཱ་པཉྩི་འདབ་ཅན། །ཏཱ་ལཱ་ཤི་པ་ཏྲཾ་ཞེས་པ། །ཏཱ་མ་ལ་ཀཱི་ཏཱི་ལཱ་པ། །པཱ་ད་ཅཽ་དྭ་ར་ཞེས་པ། །པི་སྤ་ལ་དང་། ཀ་ར་ཀ །

ར་དང་། །ཤཻཀ་རྟ་ལའོ། །གཞན་སྐྱོན་གཅིག་ཏུ་གསལ་བྱེད་དང་། །དེ་ལ་བརྩོན་དང་མི་ལ་འདོད། །པཱི་ཏ་ཀཱ་པ་རཾ་ཞེས་པ། །མཁྲིས་པ་འཛིན་དང་གུར་ཀུམ་ལ། །པཱ་ཤུ་ཙཱ་མ་ར་ཞེས་པ། །རྡུལ་སེལ་བ་དང་རབ་བསྟོད་ལ། །ར་ས་ཀེ་པ་ར་ཞེས་པ། །བ་ཀུ་ལ་དད་བེ་དྷ་ཀ །ཀླུ་

ཤིང་མེ་ཏོག་རྣམས་ལའོ། །རཱ་ཛ་པ་དཱ་རཾ་ཞེས་པ། །ལ་པ་ལླིའི་འབྲས་སྐྱུ་རུ་དམར། །རོ་མ་ཀེ་ས་ར་ཞེས་པ། །བ་སྤུ་ལངས་པ་ལ་འདོད་དོ། །བ་སྭོ་ཀསྨ་རཱ་ཞེས་པ། །དཔལ་སྦྱིན་གྱི་ནི་པདྨ་ཅན། །ལྕང་ལོ་ཅན་གྱི་གྲོང་ཁྱེར་ལ། །པི་པྲ་ཏཱི་ས་ར་ཞེས་པ། །འགྱོད་དང་།

ཁྲོ་དང་ཕྲ་རྒྱས་ལ། །ས་མ་བྷི་ཧཱ་ར་ཞེས་པ། །ཡང་ནས་ཡང་དུ་ངེས་དོན་ཅན། །སརྦ་ཏོ་བྷ་དྲ་ཞེས་པ། །སྙན་ངག་སྒྲ་དང་ཕུག་བྱེ་བྲག །སརྦོ་ཏོ་བྷ་དྲ་ཞེས་པ། །དམའ་དང་ཟས་དང་བུད་མེད་གར། །ཞེས་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་རེ་

ཕའི་མཐའ་ཅན་གྱི་སྡེའོ།། །།ལ་ནི་དབང་པོ་ལཱ་ཞེས་པ། །སྦྱིན་པ་དང་ནི་འབྱོར་པ་ལ། །ལི་ནི་ཐིཾ་པ་ལ་ཡང་ངོ་། །ལུ་དང་ལཱུ་ནི་གཅོད་པ་ལ། །ཨཱམླ་རོ་ཡི་རབ་དབྱེ་དང་། །ཨཱམྦཱི་ཙཱདྒེ་རི་ཀ་སྨན། །ཨ་ལི་བུང་བ་དང་ནི་ཚང་། །ཨཱ་ལི་བསོད་སྙོམས་ལེན་པ་ལ། །ཨཱམྦཱི་བཏུང་

བ་བསམ་པ་ཡང་། །ཨ་ལུ་ག་ཡ་ནི་ཀའོ། །བྷེ་ལ་ཀ་ཀཾ་ང་ལའོ། །ཨི་ལཱ་བ་ལང་ས་བདུད་རྩི། །དབྱངས་ཅན་ཟླ་བ་བུད་མེད་ལ། །ཌོ་ལ་འདོད་དང་འགྲོ་བ་ལ། །ཀ་ལ་སྙན་དང་གསལ་བའི་སྒྲ། །མ་རྙིངས་ཆ་དང་དཀར་བ་ལ། །ཀི་ལཱ་བཅུ་དྲུག་ཆ་ཕྱི་མོ། །རཱུ་ལ་དོན་དང་རྒན་

པོ་དང་། །བཟོ་བོ་དང་པོའི་ཆ་དང་ནི། །དུས་ཀྱི་ཁྱད་པར་ཅན་ལའོ། །ཀ་ལི་ནང་གི་མཆོད་སྦྱིན་དང་། །འཁྲུག་པ་རྩ་ལྡན་དགེ་སྦྱིན་ལ། །ཀཱ་ལ་དུས་དང་འཆི་བ་དང་། །ནག་པོ་ཆེ་དང་གཤིན་རྗེ་དང་། །ཟ་བྱེད་དང་ནི་ནག་པོ་ལའོ། །ཀཱ་ལཱི་ནག་མོ་མ་མོའི་དབྱེ། །དཀར་

Vol. 212 · folio 224b

མོ་སྤྲིན་སར། ལེགས་འགྱུར་དང་། །ཀཱ་ཊ་དང་ནི་པ་བཱ་དའོ། །ཀཱ་ལ་དུར་བྱིད་ནག་པོ་དང་། །རམས་དང་ལེ་བརྒན་དག་ལའོ། །ཀི་ལཱ་ཀ་ཕ། ངེས་འཇོམས་དང་། །འབར་དང་ཡང་དག་སྐུམ་པ་དང་། །ཀུ་ལི། རང་སྐྱེས་མཆོད་སྦྱིན་དང་། །དུས་ཀྱི་ཡན་ལག་

ཁྱིམ་དང་ཚང་། །ཀཱུ་ལཾ་མཐུན་པ་སྡེ་དང་ནི། །རྒྱབ་བཅས་སྲི་པ་ལྟེང་ཀ་ལ། །ཀོ་ལ་མཚོན་བྱེད་སྐྱོང་བ་དང་། །ཕངས་པ་ཀོ་ཌ་བྷེ་ལ་བྱེད། །གྱོལ་པོའོ་ཀ་ལཾ་ཨུཏྤ་ལ། །ཀོ་ལ་དྲོད་སྨན་དབྱིབས་མོ་དག །ཀ་ལ་གཡོན་ཅན་ཐ་ཤལ་དམན། །ཁ་ལཾ་པ་དང་གནས་

ལ་ཡང་། །རྙོག་པ་དང་ནི་ལོ་ཐོག་ལ་འང་། །ཁ་ལུ་པགས་པ་གཞོལ་བ་དང་། །གོས་དབྱེ་ཁྱེའུ་ཙཱ་ཏ་ཀ །ཁལླཱི་ལག་པ་རྐང་པ་དག །ཉེར་བ་དང་ནི་ནད་ལའོ། །ཁི་ལཾ་མ་ཐོགས་སྙིང་པོ་དང་། །ཀུན་ཏུ་བཅུག་དང་འབིགས་པ་ལ། །ག་ལ་མགྲིན་པ། སྤོས་དཀར་

བཅུ། །སཱ་ལའི་པུང་པོ་ས་སྐྱེས་ལ། །གོ་ལཱ་པོ་དཱ་བ་རཱི་ཡི། །གྲོགས་དང་གོ་ལའི་འདབ་མིག་སྨན། །གོ་ལཾ་རིཾ་པའི་ཚོགས་དང་ནི། །ནོར་བུ་ཅན་དང་དཀྱིལ་འཁོར་ལ། །ཙ་ལཱ་གཡོ་འགུལ་པདྨ། གློག །ཁེབས་ལའོ། །ཀཱིལླ་མ་ཉམས་དང་། །རྒྱལ་བ་དང་ནི་གོས་ལའོ། །

ཙལླཱི་རིགས་དང་གཞི་ཅན་ལ། །ཀཱིལླཱ་གོས་དང་གཡོ་བ་ལ། །ཙ་ལུ། རུལ་ཙུལླཱི་ནི། །བསག་པ་བསམ་གཏན་རོལ་མོ་ལ། །ཙཱོལླ། གོས་དམན། སྨད་པ་ལ། །ཚལླཱི་མེ་ཏོག་དབྱེ་བ་དང་། །བ་ཀུ་ལ། རྒྱུད་རྣམས་སྒྲོགས་སོ། །ཚལླ་འདེགས་དང་། ཟོལ་དང་གཡོ། །ཛ་ལཾ་

ཆུ་མེར། ཆུ། འཁྱིལ། འཁྱོགས། །ཛཱ་ལཾ། ཀོ་ར་ཀཱ། དྲ་མིག །དམྦྷ། པྲིནད་དག་ལའོ། །ཛཱ་ལི་ཁེབས་ཀྱི་དྲ་བ་དང་། །ཉེ་བའི་དྲ་བ་ཤིང་དག་ལ། །ཛྷཱ་ལཱ། ཚད་གདུང་རླབས་ལུ་མོ། །འཇིགས་པའོ་ཛྷལླཱི་ཚད་པའི་ནད། །ཛྷི་རུ་ཀ་དང་། འཇུག་དང་། ཉལ། །ཏ་ལ་རོལ་མོ་ཏ་ལ་ནི། །

རལ་གྲིའི་ཆང་ཟུང་འཇོམས་བྱེད་གླང་། །ནགས་དང་བྱིའུ་དབྱངས་ཆུ་འཛི། །ཏལླཱི་བྱེ་མ་ཏ་ལུ་ཁུང་། །ཏོ་ལཱ་ཤིང་གི་ཁྱད་པར་དང་། །མཐེ་བོང་། གུང་མོ་དག་ལ་འདོད། །ཏཱ་ལ་དབྱངས་ཀྱི་བྱ་དུས་ཆང་། །རལ་གྲི་སོགས་ཀྱི་ཆང་ཟུང་དང་། །ཁར་བ་ལས་བཀོད་རོལ་མོ་ཡི། །སྣོད་ཀྱི་

Vol. 212 · folio 225a

ཁྱད་པར་དག་དང་ནི། །ལག་པའི་འབྲས་བུ་ལག་མཐིལ་དང་། །ཏཱ་སཾ་དང་ནི་བབ་ལའི་ཚོགས། །ཏུ་ལཱ་ཁྱིམ་དང་སྲང་བརྒྱད་དང་། །འཇལ་བྱེད་ཚད་ཀྱི་དབྱེ་བ་དང་། །འཆིང་བ་འཛིན་བྱེད་མི་བཟད་པ། །ཁྲེའུ་དང་ནི་སྣོད་ལའོ། །ཏཱུ་ལ་འཇམ་པོ། རྩ་

དང་ནི། །ནམ་མཁའ་ཚངས་པའི་ཤིང་ལའོ། །ད་ལཾ་རྫས་དང་། གྲིབ་མ་དང་། །མཚོན་ཆ་འདབ་མ་དུམ་བུ་མིན། །ད་ལི་འདབ་ལྡན་དབྱེ་བའོ། །དུ་ལི་ཀ་མ་བཱི་ལའོ། །དོ་ལཱ་ཐེག་པའི་ཁྱད་པར་དང་། །རམས་ལའོ། །དྷཱུ་ལི་རྡུལ་དང་ནི། །ཚད་ཀྱི་ཁྱད་པར་དག་ལའོ། །

ན་ལ། པོ་ཊ་ག་ལ་དང་། །རྒྱལ་པོ་ཅན་དང་། སཱི་ས་དང་། །པི་དཱུ་དི་པ་ཏ་ལའོ། །ན་ལཱི་ལྡོང་རོས་གྲིབ་མ་ལ། །ན་ལཾ་མཚོ་སྐྱེས་པད་སྡོང་ལ། །ནེ་ལཱ་ནཱ་ལཱ་ནཱི་ལཱི་རྣམས། །ཡལ་ག་ཀ་ཊཾ་བ་ཀ །ལ། །ནཱ་ལཱ་བཏུང་བར་བྱེད་སོགས་དོན། །གུར་ལའོ་ནཱི་ལ་མདོག་ནག་དང་། །སྤྲེའུའི་

དབང་ཕྱུག་རི་ཡི་བྱེ་བྲག །ནག་པོའོ། །ནཱ་ལཱི་ཤིང་མཚན་དབྱེ། །པ་ལཾ་མཱི་པ། བདག་ཉིད་ལ། །བ་ལཱུ་སྦོམ་པོ་ཀུ་སུ་མ། །ཁང་ཆུང་འཁོར་ལོའི་གྲོང་ལའོ། །སཱ་ལ། གྲལ་དང་། ཕྱོགས་རེ་དང་། །གཡང་སའོ། །ཀ་ལུཾ་འཁྲི་ཤིང་རྩེ། །ཆ་ཤས་ཤིག་དང་སྨ་ར་ལའོ། །ས་ལཱུ་

སྐྱུར་དང་མཚན་མ་ལ། །ཀཱི་ལུ་འཁྲུས་ལའོ། །པཱི་ལུ་ནི། །ཤིང་དང་། གླང་པོ་མེ་ཏོག་དང་། །མདའ་དང་ཏཱ་ལ་རུས་དུམ་ལ། །བུ་ལ་དོན་ཙམ་ཐལ་མོ་ཡངས། །ཕ་ལཾ་ལོ་ཐོག་རྒྱུས་བསྐྲུན་དང་། །འབྲས་བུ་རྣམ་སྐྱེད་རྙེད་པ་དང་། །ཛཱ་ཏི་ཕ་ལ་བཀྐལ། །ཚོལ་བར་བྱེད་པའི་

ཕུད་ལ་ཡང་། །འབྲས་གསུམ། འབྲས་ལྡན། །འབྲས་བུ་ཅན། །བཱ་ལཾ་སྙིང་པོའི་འཇིག་རྟེན་དང་། །རས་བལ་སོགས་དང་གོས་དང་ནི། །སྟོབས་ལྡན་གཤོལ་ལྡན་ལྷ་མིན་དང་། །ལུས་དང་བྱ་རོག །གཏོར་ལྡན་ལ། །བ་ལཾ། དྲི་རོ་དམག་དང་ནི། །མཐུ་དང་། རགས་པ་

གཟུགས་དགའ་ལ། །པ་ལཱ་བ་ཊྱ་ལ་ཀར་བརྗོད། །བ་ལི་ལྟ་མིན་ཁྱད་པར་དང་། །རྡལ་པ་སོ་དང་། འོད་ཟེར་དང་། །རྣག་དང་། ཕན་པ་རྒྱ་མཚོ་སྐྱེས། །རྒ་བ། བཤང་ལམ་པགས་པ་དང་། །ལྟ་བ་བཅོམ་པ་ཁྱད་པར་དང་། །ཁྱིམ། དང་ཤིང་གི་ཁྱད་པར་ལ། །

Vol. 212 · folio 225b

པལླི། ཛོ་མོ་པཱ་དང་ནི། །ཏ་ཏཱ་མེ་ཏོག་ཁྱད་པར་ལ། །བཱ་ལ་བྱིས་པ་སྐྲ་དང་། རྟ། །གླང་པོ་ཆེ་དང་མགོ་བོ་ལ། །བཱ་ལི། རྨོངས་དང་། བྱིས་པ་ཁྲེལ། །པི་ལམ་ཕུག་དང་བུ་ག་དང་། །ཁུང་དང་། ཚང་དང་། ཁྱིམ་ལའོ། །པཻ་ལཱ། དུས་དང་། མཚམས་དང་ནི། །དབང་ཕྱུག་

རྣམས་ཀྱི་སྟོན་མོ་དང་། །སོ་ཡི་རྙིལ་དང་འོ་མའི་དཀྲིས། །ཆུ་གཏེར་དང་ནི་དེ་ཡི་ཆུ། །ཉོན་མོངས་ཡོད་པར་ཤི་བ་དང་། །ཆགས་དང་ཚིག་དང་། བློ་རྣམས་སོ། །བྷལླ་མདའ་དང་དོམ་ལའོ། །བྷལླཱི་བྷལླཱ་ཏ་དང་མདའ། །བྷཱ་ལཾ་དཔྲལ་བ་ཉིན་མོའོ། །བྷ་ལཾ་འཇིགས་

དག་སྙིང་དང་ནི། །སྨྱུང་བའི་བྱེ་བྲག་རྒྱལ་བྱེད་ལའོ། །བྷེ་ལ་དྲི་མ་བཤང་འབུ་སྡིག །མལླ་ཀུན་ཏུ་སེར་སྣ་དང་། །སྣོད་དང་ཐོད་པ་ཅན་ལའོ། །མཱ་ལུ་ཉའི་དབྱེ་བ་ལ་ཊི། །བུ་དང་། འཁྲི་ཤིང་དག་ལའོ། །མ་ལམ་ཞིང་དང་ཆུ་ལའོ། །མཱ་ལ་མེ་ཏོག་ཆུན་པོ་ཕྲད། །མཱུ་

ལཾ་དང་པོ་རྩ་བ་དང་། །རྒྱུ་སྐར། གླང་པོ་ཆུལ། སོགས་དག་ལ། །མཽ་ལཱི་འདུས་དང་། འདྲེས་པ་དང་། །ཆོས་ལྡན་དང་ནི་གཙུག་ཕུད་དང་། །མྱ་ངན་མེད་པའི་ཤིང་ཅོད་པན། །རོལ་དང་རྩེ་དང་། སྒེག་པ་ལ། །སྒེག་པར་གྱུར་པའི་གཙོ་བོ་དང་། །འཁོར་ལོ་མ་ལུས་པ་

ལ་ཡང་། །ལོ་ལཱ་ལྕེ་རྩེ་གཡོ་བ་ལ། །ལོ་ལ་ཡང་དག་སྲེད་དང་གཡོ། །བྱཱ་ལ། མ་རུངས། ལག་འགྲོ་དང་། །གཅན་གཟན་གདུག་པའི་སོ་ཅན་ལ། །ཤ་ལ། ཤལླ་ཀའི་ལོ་མ། །བུང་བའི་ཚོགས་ཀྱི་བྱ་བ་ལས། །ཤཱ་ལ་ཉ་ཡི་ཁྱད་པར་དང་། །ཤིང་དང་སྤྱི་དང་འབྲས་

དང་ཟ། །ཤཱ་ལཱ་ཁྱིམ་དང་ཁང་པ་དང་། །ཕྱོགས་གཅིག་སྐེམས་བྱེད་ཡལ་ག་ལ། །ཤཱ་ལུ་ག་ཏི་རྫས། ཆོམ་རྐུན་སྨན། །ཤཱ་ལི་དྲི་དང་ཕྱི་ལ་དང་། །འབྲས་བུ་ལ་སོགས་རྣམས་ལའོ། །ཤི་ལཱ། ཆུ་ཀླུང་ཆུང་ངུ་དང་། །རྡོ་བ། མི་བཟད་འཁོར་ལོ་འཛིན། །ཤི་ལཾ་མཐོ་བ། རྡོ་བ་ལ། །

ཤི་ལིའི་སྲོག་ཆགས་མངས་ལ། །ཤཱི་ལཾ་བྷི་དཔྱོད་པ་མཆོག །ཁུ་བ། དཀར་པོ་རྣལ་འབྱོར་ལ། །ཤུཀླཾ་གཟུགས་ཅན་དཀར་པོ་དང་། །ཡོན་ཏན་ལྡན་པ་ཉིད་ལའོ། །ཤུ་ལཾ་ཤི་དང་། རྒྱལ་མཚན་དང་། །རྣལ་འབྱོར་དང་ནི་ནང་ལའོ། །ཤཱུ་ལཱ་ཚོང་ཟོང་ཡོ་ཥ་དང་། །ལྟ་བ་འཇིགས་དང་།

Vol. 212 · folio 226a

ཕུར་བུ་ལ། །ཤེ་ལ་རི་བོ་ཤཻ་ལཾ་ནི། །རི་སྐྱེས་བྱ་ཁྱུང་རི་བོང་ཅན། །ཤཱ་ལ་ས་ཤིང་སྤོས་དཀར་ཤིང་། །སྠཱ་ལ་སྣོད་ཀྱི་དབྱེ་བ་ལ། །སྠཱ་ལཱི། སྐྱ་ནར་ནམ་མཁའ་དང་། །སྠཱ་ལ། །སྦོམ་རྩེགས་ཤེས་རབ་དམན། །ཧཱ་ལཱ་ཆང་དག་མི་ཡི་བདག །

ཧ་ལ་ཀུ་རེ་བརྙས་དང་། སྒེག། །ཨཾ་གུ་ལ་ནི་གླང་པོ་ཆེ། །རྣ་རྒྱན་ལག་པའི་ཡལ་གའོ། །ཨ་ཙ་ལ་ནི་རི་ཕུར་བུ། །གཡོ་མེད་ཨ་ཙ་ལཱ་ནི་ས། །ཨཉྫ་ལི་ནི་ཀུ་ཏ་པ། །ལག་པ་ཁ་སྦྱར་ཐལ་མོ་ལ། །ཨ་ན་ལ་ནི་ནོར་ལྷ་མེ། །ཨ་ནི་ལ་ནི་ནོར་དང་རླུང་། །ཨ་བེ་ལ་ནི་གོ་ལའི་

ཕྱེ། །ཨ་མ་ལཱ་ནི་པདྨ་ལ། །ཨ་མ་ལཾ་ནི་རྣམ་འཇིག་དང་། །སྤྲིན་ལའོ་ཨ་རཱ་ལ་ཞེས་པ། །ཐང་ཆུ། གླང་ཆེན་མྱོས་དང་། འཁྱོག །ཨ་ཀུ་ལཾ་ནཱ། །ཨ་ཀ་ཀའི། །གོས་དང་། དབྱུག་པའི་རྣ་ཅན་ལ། །ཨ་བྷཱི་ལམ་ནི་འཇིགས་རུང་གནས། །སཱུ་ལཱུ་ལཱཾ་རིགས་ཀྱི་མ། །མགོ་

དང་སྤྱི་བོས་སྒྲོལ་བ་ལ། །ཨི་ཏྭ་ལ་ནི་ཉ་དང་ནི། །ལྷ་མིན་རབ་དབྱེ་སྒེག་དང་འབར། །ཨུཛྫ་ལ་ནི་འབར་གསལ་ལ་རྒྱས། །ཨུཏྟཱ་ནི་སྤྲེའུ་དང་། །གཙོ་བོ་རྣམ་འགྱུར་སྟེང་དུ་འགྲོ། །ཨུཏྤའ་ལ་ལཾ་ནི་ཨུཏྤལ་དང་། །རུ་རྟ་དང་ནི་ཤ་མེད་ལ། །ཨུཏྥུལླ་ནི་བུད་མེད་ཀྱི། །བྱེད་པ་ཁ་བྱེ་སྟེང་

འགྲོ་ལ། །ཨུནྣཱ་ལ་ནི་འཕགས་པ་དང་། །གཙོ་བོ་སྟེང་དུ་འགྲོ་བ་ལ། །ཨུ་པ་ལཱ་ནི་གསེག་མ་དང་། །རྡོ་བ། ཤག་མ། རིན་ཆེན་ལ། །ཀ་ཏ་ལཱི་ནི་བ་དན་དང་། །བྷ་པ་ཏཱ་ཀཱ་རི་དགས་དབྱེ། །རྩོམ་བྱེད་ཆུ་ཤིང་། འདྲི་བྱེད་དང་། །ཌཾ་སྤྱཾ་དང་ནི་ཤཱལླ་ལཱིའོ། །ཀནྡ་ལོ་ནི་ཉེར་ཆགས་དང་། །

མྱུ་གུ་སར་དང་ཐོད་པ་ལའོ། །ཀ་དཱ་ལཱི་ནི་སྒྲ་སྙན་དང་། །ལྗོན་ཤིང་དང་ནི་རི་དགས་དབྱེ། །ཀ་པི་ལ་ནི་ཐུབ་པའི་དབྱེ། །མེ་དང་། ཁྱི་དང་། སེར་སྐྱའོ། །ཀ་པི་ལཱ་ནི་མེའི་ཕྱོགས་ཀྱི། །གླང་པོ། གླང་མོ། ཕྱུགས་བྱེ་བྲག །ཀཱ་པཱ་ལ་ནི་མགོ་བོའི་རུས། །ཤིཾ་ཤ་པ་དང་རྡུལ་ཅན་དང་།

བུམ་པ་སོགས་དང་བུ་རཾ་དང་། རུ་རྟ་ནད་དབྱེ་འགྲོ་བ་ལའོ། །ཀ་མ་ལ་ནི་ཆུ་སྐྱེས་དང་། །ཆུ་དང་། ཀློ་མིན། ཟངས་དང་སྨན། །ཀ་མ་ལ་ནི་རི་དགས་དབྱེ། །ཀ་མ་ལཱ་ནི་དཔལ་མོ་ལ། །ཀ་མ་ལ་ནི་ཀླུ་ཡི་རྒྱལ། །སྣ་ཅན། རུལ་དང་། འབུ་ལའོ། །ཀམྦ་ལ་ནི་གྲེགས་མཆོག་ཆུ། །

Vol. 212 · folio 226b

ཀ་པ་ལཱ་དང་དནྟ་ར། །མཐོ་དང་འཇིགས་སུ་རུང་བ་ལ། །ཀ་རཱ་པཾ་ནི། །དགྲ་སྟ་ཅན། །གཙིགས་པ་འབད་པ་ཏིལ་མར་ལ། ཀལློ་ལ་ནི་ཨུལློ་ལ། །རབ་ཏུ་དགའ་དང་ལམ་ལའོ། །ཀཱ་ཀོ་ལ་ནི། ལུང་པ་ཡི། །བྱ་རོག་རྫའི་དབྱེ། །རྫ་མཁན་ལ། །ཀཱ་ཀཱི་ལ་ནི་ཆ་ཤས་འཚོ། །

འདོད་པའི་རྩེན་དང་། པྲ་ཎཱ་ལ། །བརྟན་བྲལ་ཡིད་འཕྲོག་ཤིང་གྲིབ་དོན། །ཀཱ་མཱ་ལཱ་ནི་འདོད་ལྡན་དང་། །འདོད་ཆགས་དབྱེ་བ་མྱ་ངམ་ཅན། །ཀཱརྷ་ལི་ནི་གཞོན་ནུ་མ། །ཀོ་ཧ་ལཱཾ་ནི་ངེས་དང་སྐྲཾ། །ཀཱ་ཧ་ལཱ་ནི་སིལ་སྙན་གྱི། །སྣོད་ཀྱི་ཁྱད་པར་དག་ལའོ། །ཀཱ་ཧ་ལ་ནི་ངན་པ་ལའོ། །ཀིཊྚ་

ལ་ནི་ཟངས་བུམ་དང་། །ལྕགས་ཀྱི་ཚོགས་ལ་ཡང་བརྗོད་དོ། །ཀཱི་ལཱ་ལཾ་ནི་ཁྲག་དང་ཆུ། །ཀུ་དྷཱུ་ལཾ་ནི་ཕུར་བུ་འདྲིས། །གཡང་ས་དང་ནི་ཕུར་མའི་མེ། །ཀུ་ཙི་ལཱ་ནི་རྣམ་མ་ཕུག །གོས་ངན་དྲི་མ་ལྡན་གོས་ལ། །ཀུ་ཊཱི་ལེ་མིན་གསེར་ལྡན་འཁྱོག། །ཀུ་ཊི་ལཱ་ནི་འབབ་ཆུའི་དབྱེ། །ཀུཎྜ་

ལཾ་ནི་རྣ་རྒྱན་དང་། །དེ་བཞིན་གདུ་བུ་སྲ་ཡབ་དག །གསེར་ཤིང་དང་ནི་གུ། །ཌཱུ་ཙཱི། །རིགས་ལ་ཡང་ནི་ངེས་པར་འཇུག། །ཀུདྡཱ་ལ་ནི་ཏོག་ཙེ་དང་། །ས་འཇོམས་དང་ནི་ས་འབྱེད་ལ། །ཀུནྟ་ལའི་ནི་ཡུལ་ལྗོངས་དང་། །ཡུལ་གྱི་སྒྲ་དང་ལན་བུ་ལྷས། །ཀུནྡ་ལ་ནི་ཤོག་ཤིང་དང་། །ནས་

དང་བྷཱ་ལ་ལ་ཡང་ངོ་། །ཀུམྦྷི་ལ་ནི་ཚིགས་བཅད་དང་། །གྲིབ་མ་འཕྲོག་བྱེད་ཆོམ་རྐུན་དང་། །གྲལ་དང་ཉ་དག་ལ་ཡང་ངོ་། །ཀུ་ལཱ་ལ་ནི་རྫ་མཁན་དང་། །ཀུཀྐུ་བྷ་དང་ཀོ་ཤི་ཀའོ། །ཀུ་བ་ལཾ་ནི་ཨུཏྤ་ལ། །མུ་ཏིག་འབྲས་བུ་རྒྱ་ཤུག་འབྲས། །ཀུ་ཤ་ལ་ནི་ཡོངས་འཐོབ་དག །

བསོད་ནམས་དང་ནི་བསླབ་པ་ལ། ཀེ་བ་ལ་ནི་གཅིག་བྱས་དང་། །འབའ་ཞིག་པ་དང་ཀུ་ཧ་ན། །ཀེ་བ་ལཾ་ནི་གཏན་ཕན་དང་། །ཡེ་ཤེས་དབྱེ་བ་དག་ལའོ། །ཀེ་པི་ལ་ནི་ཤིང་དང་སྐྱེ། །ཀོ་ར་རི་ཀ་ཀེ་མའོ། །ཀོ་མ་ལ་ནི་འཇམ་དང་ཆུ། །ཀོ་ཧ་ལ་ནི་ཐུབ་པ་ཆང་། །གནྡྷོ་ལཱི་ནི་བ་ར་ཊཱ། །

བཟང་པོའི་གནས་སོ་ག་ར་ལཾ། །དུག་དང་ང་རྒྱལ་རྩྭ་དང་ནི། །པུ་ལ་ཀའོ་གོ་ཀི་ལ། །ཁ་འཛིན་སྙིང་པོ་བ་ལང་སྐྱོང་། །ཉེ་བའི་ས་སྐྱོང་དག་ལའོ། །གཽ་རི་ལ་ནི་ལྕགས་ཕྱེ་དང་། །གཻ་ར་ལ་དང་ཡུངས་ཀར་དཀར། །གྲནྠི་ལ་ནི་སྨྱུག་མ་དང་། །བི་ཀངྐ་ཏ། ས་དྱ་ནྠི། །ཙཉྩ་ལ་ནི།

Vol. 212 · folio 227a

གློག་དཔལ་མོ། །ཙཉྩ་ལ་གཡོ་འདོད་ལྡན་ལ། །ཙ་ཏྭཱ་ལ་རླུང་། སྙིང་པོ་ལ། །རྨོངས་དང་སྦྱིན་སྲེག་ཐབ་ལའོ། །ཙནྡི་ལ་ནི། ཟླ་བ་མིན། །ཙ་པ་ལ་ནི་སྐད་ཅིག་དང་། །མྱུར་བ་དང་ནི་གཡོ་བ་ལ། །དངུལ་ཆུ་ཉ་དང་ཆོམ་རྐུན་དང་། །རྡོ་ཡི་བྱེ་བྲག་

ལ་ཡང་ངོ་། །ཚ་བ་ལཱ་ནི་པདྨ་དང་། །གློག་དང་། བིསྦ་ལི་རྣམས་ལ། །ཙཱུ་ཌཱུ་ལ་ནི་འཁོར་ལོ་འཛིན། །གཙུག་ཕུད་འཛིན་དང་། གཙུག་ཕུད་ལྡན། །ཙག་ལ་ནི་ད་ཡོ་ཥཱ། །རྒན་པོ་དང་ནི་བྱིས་པ་ལ། །ཙྪ་ག་ལ་ནི་ཏ་མ་ཏ། །ར་དང་སྔོན་པོའི་གོས་ལའོ། །ཛག་ལ་ནི་ད་ད་

ཀ། ཆང་དང་། དང་བྱེད་མྱོས་བྱེད་ཤིང་། །ཛ་ག་ལ་ནི་ཆུ་མེད་པའི། །ཡུལ་དང་། དགོན་དུང་ས་ལའོ། །ཛ་ཊི་ལ་ནི་རལ་པ་ལྡན། །རལ་པ་འཛིན་དང་སྤང་སྤོས་སྨན། །ཛམྦྷ་ལ་ནི་ཛམྦྷིར། །ལྷ་ཡི་ཁྱད་པར་ལ་ཡང་ངོ་། །ཛམྦུ་ལཱ་ནི་ཤིང་ཛམྦཱུའི། །ཡལ་

འདབ་དང་ནི་འདབ་མས་ཁེབས། །ཛམྦྷ་ལ་ནི་ཆུབ་ལ་དང་། །འདམ་ལའོ། །དེ་ནས་ཛཱ་ག་ལ། །ཀ་པིཉྫ་ལའོ་ཛི་གུ་རཱི། །ཛངྒ་ལ་ལས་སྐྱེས་པ་དང་། །རྩེ་མོ་དང་ནི་ཤམྦྷི་དང་། །དུག་གི་སྨན་པའོ་ཛཾ་ག་ལཾ། །དྲ་བ་ཅན་དང་འབྲས་བུའོ། །ཏཎྜུ་ལ་ནི་འབྲས་སོ་བ། །ལ་

སོགས་ཚོགས་དང་པིངྒ་ཀ །ཏུ་མུ་ལ་ནི་བྱེད་པ་དང་། །རྩོད་པའི་ཤིང་ངོ་ཏཻ་ཏི་ལ། །གཎྜ་ཀ་དང་བྱེད་པའི་དབྱེ། །དུ་ཀཱུ་ལཾ་ནི་ཕྱེད་པ་དང་། །ཟར་མའི་རས་དང་གོས་ཕྲ་མོ། །དྷ་བ་ལ་ནི་མཛེས་དང་དཀར། །མ་ཧཱ་བྲི་ཥ་དག་ལའོ། །དྷ་བ་ལཱི་ནི་བཟང་སྐྱེས། །ན་ཀུ་ལ་ནི་

སྐྱ་བསེང་བུའི། །བྱེ་བྲག་དང་ནི་བསེ་མོའོ། །ན་ཀུ་ལཱི་ནི་བྱ་གག་དང་། །སྤང་སྤོས་དང་ནི་སྨན་ལའོ། །ནུ་ཀུ་ལི་ནི་བྱ་གག་མི། །རྩ་བ། རྩ་བྱ་ར་སྭ་ལོ། །ནཱ་བྷཱི་ལཾ་ནི་ལྟེ་བ་ཡི། །སྙིང་པོའི་གནས་དང་ཙཀྵི་ན། །ཙ་མཾ་ལའོ་ནི་ཙུ་ལ། །གོས་མེད་དང་ནི་ཆུ་ཤིང་ལ། །ནིརྨ་ལམ་ནི་དྲི་མེད་

དང་། །སྤྲིན་དཀར་དང་ནི་དྲི་མ་བྲལ། །ནིཥྐ་ལ་ནི་ཆས་སྟོང་དང་། །ས་བོན་ཉམས་དང་ཆ་མེད་དོ། །ནི་སྟ་ལཾ་ནི་ནི་ཟླུམ་པོ་ལ། །དེ་བཱ་ལཱི་ནི་ཕྲེང་བ་གསར། །ས་ཡི་ག་རམ་ལེགས་བྱེད་མ། །པཉྩཱ་ལཱི་ནི་གླུ། །བུམ། །པཉྩཱ་ལཱ་ནི་ཡུལ་སྐྱེ་བོ། །པ་ཊི་ལཾ་ནི་ལོས་མིན་ནད། །ནག་

Vol. 212 · folio 227b

ནོག་དང་ནི་ཡོངས་ཁེབས་ལ། །པ་ཊི་ལ་ནི་དོན་མེད་དང་། །ཀརྐ་ཤ་ཡི་གོས་ལའོ། །པ་ཊོ་ལ་ནི་གོས་དབྱེ་དང་། །འོད་ལྡན་མ་དང་བགོ་བ་ལ། །བ་ལ་ལམ་ནི་ཏིལ་གྱི་དབྱེ། །ཤ་དང་འདམ་དང་སྲིན་པོ་ལ། །པཱ་ག་ལོ་ནི་རུ་རྟ་སྨན། །སཱ་མ་ལཾ་ནི། ཆུ་ངན་རིག །བརྩེགས་

པ་སྔོན་མ་ཡང་དེ་ཉིད། །པཱ་ག་ལི་ནི་ས་རྩི་སར། །པཱ་ལཱ་ནི་གནོད་བྱེད་རྫས། །སྲིད་བྱེད་ལའོ་དེ་ནས་ནི། །བཱ་ཊ་ལཱ་དང་བཱ་ཊ་ལཱི། །ཤིང་དང་མེ་ཏོག་དག་ལའོ། །བཱ་ཊ་ལཾ་ནི་སྐྱ་ནར་ལ། །པཱ་ཊ་ལ་ནི་འབྲུ་མར་དང་། །བཀྲ་ཞིང་དམར་བ་ལ་འགྱུར་རོ། །བཱ་ཏི་ལཱི་ནི་ཤི་བ་དང་། །

སྣོད་དབྱེ་གཡོན་དང་ཉ་དོལ་ལ། །སྔོན་དུས་ས་འོག་པཱ་ཏ་ལཾ། །པཱ་དང་འཆིང་བྱེད་བཱ་ཤུ་ལ། །པཱི་ཤུ་ལཾ་ནི་ཁྲི་རྐང་མདུང་། །བི་ག་ལ་ནི་ཐུབ་པའི་དབྱེ། །མེ་དང་འོད་གཏུམ་འོད་ཀོར་དང་། །གཏེར་གྱི་དབྱེ་བ་སྤྲེའུ་ལའོ་སྐ། །སིངྒ་ལ་ནི་འོད་ཟེར་དང་། །གནོད་པ་འཇུག་གི་བྱ་

མིའུ་ཐུང་། །པི་ཙུ་ལ་ནི་ཛྷ་བུ་ཀ །ནི་ཙུ་ལ་དང་ཚུལ་བྱ་རོག །པི་ཙྪ་ལཱི་ནི་ཤཱཏྨ་ལི། །རྒྱ་མཚོའི་དབྱེ་བ་ཤིང་ཤ་པའོ། །རྐང་སྟེང་། ཆུ་མེད། པིཙྪ་ལ། །ཀུཉྫ་ལཾ་ནི་ཤ་ཡི་བུ། །པིཉྫ་ལཾ་ནི་གནོད་པ་ལ། །པིཏྟཱ་ལཾ་ནི་གཟི་བརྗིད་སྐྱེས། །རྫས་དང་འཁྲིས་པ་ལྡན་པ་ལ། །པིཏྟ་ལཱི་

ཆུ་པིཔྤ་ལཱི། །པཔྤི་ལཾ་ནི། བྱང་ཆུབ་ཤིང་། །བྱའི་དབྱེ་ནི་རི་ཤུ་བྷའོ། །པིཔྤ་ལཾ་ནི་ཆུ་ལའོ། །པིབྤི་ལི་ནི་གནས་དང་གཅོད། །དབྱེ་བ་དང་ནི་ཟེག་མ་ལ། །པུད་ག་ལ་ནི་གང་ཟག་བདག །ལུས་དང་རྣམ་པ་མཛེས་པ་ལ། །བི་ཤ་ལ་ནི་མཛེས་དང་མཁས། །བཟང་བ་དང་ནི་ཚུལ་ཁྲིམས་

ལ། །བྲ་ཁ་ལ་ནི་རྟ་གོ་ཆ། །མྱོས་པ། །ངན་དང་ཐ་ཆད་ལ། །ཏཱ་བཱ་ལ་ནི་འཇིག་རྟེན་འོག །བསྟོད་པ། སོར་མོ་ལག་པ་ལ། །བྲ་པཱ་ལ་ནི་བྱུ་རུ་དང་། །བི་ལྡང་དབྱུག་གུ། ལྕུག་མ་གསར།།ཕེ་ནི་ལ་ནི་ལུང་ཏཻ་ཤིང་། །ཕེ་ནི་ལཾ་ནི་རྒྱ་ཤུག་འབྲས། །མྱོས་བྱེད་ཤིང་འབྲས་ཕེ་ནི་ལཱ། །བྷནྡྷ་

ལ་ནི་སྐྱུར་བ་དང་། །མགོ་ལྡུམ་དང་ནི་བ་ལྭ་ར། །གླང་པོ་གྲོལ་བ་རྣམས་ལའོ། །བ་ཧུ་ལཾ་ནི་ནམ་མཁའ་ལ། །བཱ་ཧུ་ལཱ་ནི་ཨེ་ལཱ་དང་། །ནཱི་ལཱཾ་ཀཱ་དང་ས་ལའོ། །བྱེད་པ་ཅན་དང་ནག་ཕྱོགས་དང་། །མེ་ལ་ཡ་ནི་བྷ་ཧུ་མ། །པྲཱ་ཧྱ་མདོག་ནག་བ་ཧུ་ལ། །བདྷཱི་ལ་ནི་ཉོན་མོངས་ན། །

Vol. 212 · folio 228a

མ་སཱི་བསམ་གཏན་བརྒཱ་ལ། །མཾ་ག་ལཱ་ནི་དུརྦཱ་དཀར། །མེ་ག་ལ་ནི་ས་ཡི་བུ། །མངྒ་ལཾ་ནི་ལེགས་བཀྲ་ཤིས། །དེ་བཞིན་ནོར་གསར་བསྲུང་བ་ལ། །མཉྫ་ལ་ནི་ཛ་ལ་རདྐུ་། །མཉྫུ་ལ་ནི་འཇམ་པ་ལ། །མཉྫི་ལྂ་ནི་ཆུ་བལ་ལ། །མཎྜ་ལི་ནི་གླང་པོའི་

གཟུགས། །ནི་ཀུ་རུསྦ་རྒྱལ་ཁམས་དང་། །རྒྱལ་པོ་གཟའ་མིག་དམར། བཅུ་གཉིས་ཅན་དང་ནི། །རུ་རྟ་སྦྲུལ་དང་། དབྱེ་བ་དང་། །ཡོངས་སུ་ཁྱམས་དང་འཁོར་ཡུག་ལ། །མཎྜ་ལ་ནི་དཀྱིལ་འཁོར་ཞེས། །སྙིང་པོ་གཞལ་བྱ་ལ་ཡང་ངོ་། །མ་ཧི་ལཱ་ནི་ས་ཆེན་མས། །

མཆོད་ལྡན་འཇིགས་བྱེད། ཤུནྡྲའོ། །མཱ་ཙ་ལ་ནི་ཐིགས་པ་དང་། །ཆོམ་རྐུན་ཨཱ་མ་ཡ་དང་ནི། །འཛིན་པ་དང་ནི་ཡཱ་ད་སའོ། །མཱ་ཏུ་ལ་ནི་ངན་པ་དང་། །ཞང་པོ་འབྲུ་དང་མྱོས་བྱེད་ཤིང་། །མུ་ཁ་ལཱི་ནི་ཏཱ་ལ་དང་། །རིན་ཆེན་བྱི་བའི་རྣ་བ་ལའོ། །མུ་ཤཱ་ལཱི་ནི་ཁྱེམ་ལའོ། །

ད་བྱིད་ལའོ་མུ་ཁ་ལེ། །གཏུན་ཤིང་ལྕགས་ཀྱི་རྩེ་མོ་ཅན། །མེ་ཥ་ལ་ནི་གསེར་གྱི་རི། །རི་སྟོད་དང་ནི་རལ་གྲི་འཆིང་། །མེ། ཁ་ལཱ་ནི་རྐེད་པའི་ཕྱོགས། །རོ་ལྡན་དང་ནི་སྐ་རགས་ལ། །ར་ས་ལཱ་ནི་བུར་ཤིང་དང་། །གཙུག་ཕུད་ཐང་ཤིང་སཱ་ལའི་བཅུད། །ར་ཤ་ལཱ་ནི་བྱི་དོར་དང་། །

ལྕེ་དང་། དུརྦཱ་སོགས་དང་ཤིང་། །རཱ་མི་ལ་ནི་དགའ་བྱེད་དང་། །འདོད་པ། རྔ་མ་བ་ལང་མཇུག །ལཱདྐུ་ལཱི་ཆུའི་ཡི་སྦ་ལཱི། །ཤོག་ཤིང་མེ་ཏོག་ཁྱད་པར་ལ། །ལཱ་ངྒ་ལཾ་ནི་ཁྱེམ་ཤིང་གི། །བྱེ་བྲག་ཤཱ་ར། རྟ་ལའོ། །ལོ་ཧ་ལ་ནི་ལྕགས་སྒྲོག་དང་། །ད་རིགས་མི་གསལ་སྨྲ་བ་ལ། །

མཉྫུ་ལ་ནི་ཤིང་ཀེ་ལ། །ལྕང་མ་དང་ནི་ཏཻ་ཏི་ས། །བཎྜ་ལ་ནི་དཔའ་བོ་དང་། །གཡུལ་འཁྲུག་དང་ནི་འཇིག་རྟེན་དང་། །ཨ་པ་ནི་ཏྲ་ཀ་ཞེས་པའོ། །བཱ་ཏུ་ལ་ནི། རླུང་ཅན་དང་། །རླུང་ཚོགས་དང་ནི་རླུང་བཅས་ལའོ། །བཱ་ཏ་ལཾ་ནི་རྒྱལ་པོ་དང་། །ཀུཥྛཎྜ་ཡི་ས་བོན་དང་། །ཀོ་ལཱ་སྠ་ཡི་

ས་བོན་ལ། །བཱ་མི་ལ་ནི་ངན་གཡོ་དང་། །གཡོ་ལའོ། བི་ཌཱ་ལ་བྱི་ལ། །མཁའ་ལ་འགྲོ་བའི་ཁྱད་པར་ལའོ། །བེེ་བུ་ལ་ནི་ཡངས་པ་ལ། །གཏིང་ཟབ་རི་བོ་ནུབ་རི་ལ། །སི་མ་ལཱ་ནི་དྲི་མེད་བསེལ། །ས་ཡི་དབྱེ་བ་དག་ལ་ཡང་། །བི་ཤུ་ལ་ནི་ཤིང་དབྱེ་དང་། །ཡངས་པ་དང་ནི་རྒྱ་ཆེ་ལ། །

Vol. 212 · folio 228b

བི་ཤཱ་ལ་ནི་དབང་མཆོག་སྐྱེས། །འཕགས་རྒྱལ་ལ་ཡང་བལྟ་བར་བྱ། །བྲི་ཥ་ལ་ནི་དམངས་རིགས་དང་། །རྟ་དང་། ཟླ་བ་སྲས་པ་ལ། །ཤ་ཀ་ལ་ནི་ཤིང་ཤུན་དང་། །དུམ་བུ་ཆགས་པའི་དངོས་པོ་ལ། །ལི་རིགས་སེར་སྣ། ཤ་མཱ་ལཾ། །ས་ཡ་ལུ་ནི་གཉིད་མི་སད། །སྦྲུལ་དང་ཁྱི་ལ་བརྗོད་བྱ་

ལྡན། །ཤ་ཡ་ལུ་ནི་ཚུལ་ཁྲིམས་གཉིད། །ཤཱརྡཱུ་ལ་ནི་སྲིན་པོའི་དབྱེས། །སེང་གེ་རྐང་པ་བརྒྱད་པ་དང་།།སྟག་དང་གཙོ་བོ་མཆོག་ལའང་། །གནས། ཤཱ་ལྨ་ལཱི་ནི་ཤིང་དབྱེ་དང་། །གཉིས་འཐུང་གི་ནི་ཁྱད་པར་ལའང་། །ཤཱི་ཏ་ལི་ནི་རི་སྐྱེས་དང་། །མེ་ཏོག་ཆུང་དང་རི་ལས་

བྱུང་། །བསིལ་བ་དང་ནི་ལོ་མའི་སྲན། །ནཱི་བྷ་ར་ཞེས་རྣམས་ལའོ། །ཆུ་བལ། རི་སྐྱེས། ཤཱི་བ་ལ། །ཅེ་སྤྱང་འཇིགས་མ། ཤྲི་གཱ་ལི། །ཝ་དང་ལྷ་མིན་ཤྲི་གཱ་ལ། །ཤཾ་ཀ་ལ་ནི་ལྕགས་སྒོག་དང་། །སྐེད་པའི་གོས་ཀྱི་འཆིང་བ་ལ། །ཤཻ་བ་ལམ་ནི་ཆུ་བལ་དང་། །པདྨའི་

ཤིང་དང་མཆོད་པ་ལ། །ཤོཥྐ་ལ་ནི་ཤའི་ཟོང་དང་། །བསིལ་བའི་ཟས་ལའོ། ཤྱཱ་མ་ལ། །དཀར་མིན་དང་ནི་ཨ་ཤྭཏྠ། །སྔོ་སངས་དང་ནི་ནག་ལྷང་ངོ་། །ཤདྡྷཱ་རུ་ནི་དང་ལྡན་དང་། །མི་ཟད་པཱ་ལ་གཞོལ་བ་ལ། །ཤྲཱི་ཕ་ལ་ནི་དཔལ་འབྲས་དང་། །སྔོན་པོ། སྐྱུ་རུ། མཱ་ལཱུ་

ར། །ཥཎྜཱ་ལི་ནི་མཚོ་སྐྱེས་དང་། །འདོད་ལྡན་ཏིལ་མར་ང་རྒྱལ་ལ། །སཾ་ཀུ་ལོ་ནི་བརྗོད་བྱ་བཞིན། །ཁྱབ་དང་འདི་དོན་བརྗོད་བྱེད་ལ། །སནྡྷྲི་ལ་ནི་སུ་རུཾ་གཱ། །དགའ་དང་མྱོས་པ་དག་ལའོ། །ནི་པཱ་ལཱི་ནི་སྐྱ་ནར་དང་། །པགས་ལས་ས་བྷ་ལཱ་གུཉྫ། །ས་ར་ལ་ནི་ཤིང་རུལ་དང་། །

རྒྱ་ཆེ་བ་དང་འཁྱོག་པ་ལ། །སེ་དྷྱ་ལཱ་ནི་ཉ་ཕྱེ་མ། །ཀི་ལཱ་སི་ནཾ་རྣམས་ལའོ། །སུ་ཏ་ལ། ཨུཊྭཱ། སེ་ཀཱ། །འཆིང་བ་ས་འོག་གནས་བྱེ་བྲག །སུ་རེ་ལ་ནི། རིའི་དབྱེ་བ། །ཞི་དང་རབ་ཏུ་འདུད་པ་ལ། །ཏེ་མ་ལ་ནི་གསེར་མཁན་དང་། །རྩངས་བ་དང་ནི་རྡོའི་བྱེ་བྲག །ཨངྐ་པཱ་ལི་ཡོངས་

སུ་རྩོམ། །མཐའ་དང་འཇིགས་བྱེད་དག་ལའོ། །ཨ་ཏི་པ་ལཱ་སྟོབས་ཀྱི་དབྱེ། །རབ་སྟོབས་དང་ནི། ཤིན་ཏུ་སྟོབས། །ཨཀྵ་མཱ་ལཾ་རྣམ་སྐྱེད་བྱ། །ད་རུནྡྷ་ནི་བགྲང་ཕྲེང་ལ། །ཨུ་ལཱུ། ཁ་ལ། གུ་གུལ་དང་། །ཨུ་དཱུ་ཁ་ལ་དག་ལའོ། །ཨེ་ཀཱཥྛི་ལ་སྡིག་པའི་གོས། །ཙུ་ཀ་ལ་

Vol. 212 · folio 229a

ནི་རིམ་པས་སོ། །ཀ་ཙ་མཱ་ལ། མྱ་ངམ་བྱེད། །ཀླུའི་དབྱེ། རལ་པའི་ཁྱད་པར་ལ། །ཀཾ་དཱི་ལ་ནི་བོང་བུ་དང་། །སྒོ་ང་ཅན་དང་། བླཾ་ཀྵའི་ཤིང་། །ཀ་མཎྜ་ལུ་སྤྱི་བླུགས་དང་། །བརྐ་ཊཱིའི་རྐང་འཐུང་ལའོ། །ཀརྨ་ཕ་ལཾ་ལས་ཀྱི་བསྒྱུར། །ལས་

ཀྱི་རྣམ་པར་སྨིན་པ་ལ། །ཀ་ལ་ཀ་ལུ་ཀོ་ལཱ་ཧ་ལ། །དེ་བཞིན་སརྫ་ན་ས་ལའོ། །ཀུ་རཱུ་ཧ་ལཾ་མཚན་མཁན་མཚོན། །ཁ་ཏ་མཱ་ལ། དུ་བ་སྤྲིན། །གཎྜ་ཤི་མ་ར་སྨིན་པ། །སྠུ་ལོ་པ་ལ། ཐོད་པ་ལ། །གན་ཕ་ལཱི་འབྲས་ཅན་དང་། །ཙམྭ་ཀའི་ཀོ་ར་ཀའོ། །རཀྟ་པཱ་ལ་

རིའི་དབྱེ་བ། །ཙ་ཀྲ་བ་ལཾ་འཁོར་ཡུག་བའོ། །ཛ་ལཱཾ་ཙ་ལཾ་ཆུ་བལ་དང་། །ཆུ་ལ་ངེས་པར་འགྲོ་བ་ལ། །ད་མཱ་མ་ལཾ་མ་རུ་ཀ །འདུལ་བར་བྱེད་པ་ལ་ཡང་ངོ་། །དྷྭ་ནི་ནཱ་ལཱ་པི་ཝང་དང་། །གླིང་བུ་ཀོ་ཧ་ལ་དག་གོ། །པ་རི་མ་ལ་རྣམ་ཉིད་དྲི། །འཕྲོག་བྱེད་བཀྲ་བ་དག་ལའོ། །

ས་མུ་ནྨཱིལ་དག་འཇོམས་དང་། །ཡན་ལག་ཆགས་སོགས་དྲི་ཞིམ་ལ། །སཱི་ཐ་ཀེ་ལི་ཁྲིའུ་ཉིད། །བྱེད་པ་ཅན་དང་མིག་ཟུར་ལ། །དཀའ་བས་བགོད་ཀེ་དང་ཆུ་འབབ་དང་། །རྐང་པས་མངོན་པར་རྒྱུག་པའང་། །ཥོ་ཌ་ག་ལ་གསལ་བ་དང་། །སྦུབས་དང་ཉ་ཡི་ཁྱད་པར་

ལ། །བ་ཧུ་ཕ་ལཱ་དྲི་མ་དང་། །བདག་བྱེད་དང་ནི་འོ་མ་ལ། །བྲྀ་ཧནྣ་ལ་སྐྲ་ཆས་དང་། །མ་ཧཱ་པོ་ཊ་ཀ་ལའང་། །བྷ་ཊ་ཀཱ་ལིའི། རི་སྲས་ལ། །གནྡྷོ་ལཱི་དང་སྨན་དབྱེ་ལ། །བྷསྨ་ཏཱུ་ལཾ་ཁ་བའི་རྡུལ། །ཆར་དང་གྲོང་གི་ཀུནཱ་ལ། །མ་ཎི་ལཱ་ལཱ་བཙུན་མོ་དང་། །རྒྱུ་སྐར་བཅུ་པ། འཕྲོག་

བྱེད་ལ། །མ་ད་ཀ་ལ་གླང་པོ་མྱོས། །དྲེགས་དང་མི་གསལ་བརྗོད་པ་ལ། །མ་ཧཱ་ཀཱ་ལ་ལྷ་ཆེན་པོ། །ཀིམྶ་ཀ་དང་རབ་འཇོམས་བྱེད། །མ་ཧཱ་དཱི་ལ། ཀླུའི་བྱེ་བྲག །བ་མཱ་ཀཱ་ར་ནོར་བུའི་དབྱེ། །མ་ཧཱ་བ་ལ་སཱི་ཤ་ཀ །དར་མའི་སྟོབས་ལ་བརྗོད་པར་བྱ། །མ་ཧཱ་བ་ལཱ་བ་ལང་རྗི། །

འབྲས་ལའོ། །མཀྟཱ་ཕ་ལཾ་མི་ནི། །མུ་ཏིག་ག་པུར། བ་ལིའི་འབྲས །མྲྀ་ཏྱུ་ཕ་ལིའི་ཨཱརྐའི་འདབ། །དུས་ཆེན་པོ་ཡི་ཤིང་ལའོ། །བ་ཧུ་ཕ་ལ། བེེ་ཎཱི་དང་། །དུག་མོ་ཉུངས་དང་སྤང་སྤོས་དང་། །ར་ཛ་སྭ་ལ་བུད་མེད་ལ། །ར་ཛ་སྭ་ལཱ་རྡུལ་ལྡན་མ། །བ་ཏ་ཀི་ལི། ཀ་ལཱ་ལཱ་ས། །གྱོལ་

Vol. 212 · folio 229b

པོ་རྣམས་ཀྱི་དབྱུག་དུམ་ལ། །པ་ཏ་ཕ་ལཾ་བརྒྱ་བྱིན་གཞུ། །དྲོ་བའི་ཆགས་པ་ལ་ཡང་ངོ་། མ་ཙི་ཀི་ལ། མལླི་དབྱེ། །འདུལ་བར་བྱེད་པ་ལ་ཡང་ངོ་། །ས་དཱ་པ་ལ་བེེ་ཏའི་ཤིང་། །ཨུ་དུ་མཱ་ར་འབྲས་བུའི་ཕུང་། །ཧ་རི་ཏཱ་ལཱི་ན་ཁའི་རི་མོ། །རལ་གྲི་དུ་རྡཱ་རྣམས་ལའོ། །ཧ་

ཁཱ་ཧ་ལའི་ཚངས་པའི་སྦྲུལ། །ཐུ་བོ་དང་ནི་དུག་གི་དབྱེ་། །ཧ་སྟེ་མ་ལ་ས་བསྲུངས་བུ། །ཀི་ནི་ཡ་ཀ་ཞེས་པ་ལའོ། །ཨ་སུ་ཏཱི་བ་ལ་ཡི་སྒྲ། །མཆོད་སྦྱིན་དང་ནི་ཆང་འཚོང་ལ། །དུ་རྡཎྜ་པཱ་ལ་ཞེས་ང་།། །ཉ་དང་སྦྲུལ་གྱི་རབ་དབྱེ་དང་། །རྒྱལ་པོའི་རྒྱལ་པོ་ལ་ཡང་ངོ་། །ཨེ་

ཀ་ཀུཎྜ་ལ་ཞེས་པ། །ཀཱ་ལི་ནྡཱི་འཇོམས་བྱེད་པ་ལ། །ཀླུ་ཊཱ་པ་ཀ་ལ་ཞེས་པ། །གླང་པོའི་མཁྲིས་པའི་རིམས་དང་ནི། །སྨིན་དང་དག་པར་བྱེད་པ་ལ། །ཀྲྀ་བཱི་ཊ་པཱ་ལ་ཞེས་པ། །ཆུ་ཕྲད་པ་དང་རྒྱ་མཚོ་ལ། །པཉྩ་ཀསྦ་ལ་ཞེས་པ། །ལ་བ་དཀར་དང་རྡོའི་ཁྱད་པར། །མནྡྲ་

ཙཱུ་རྣ་ལ་ཞེས་པ། །དབང་བྱེད་རིག་སྔགས་ལ་འདོད་དེ། །མཁའ་འགྲོ་མ་ཡི་དོན་མེད་སྔགས། །ཤེས་དང་ཀུ་ཤའི་ཆུ་སྐད་ཅིག །སུ་ར་ཏ་ཏཱ་ལི་ཞེས་པ། །ཕོ་ཉ་མ་ཡི་མགོ་ཕྲེང་དང་། །བག་མའི་ཉིན་མོ་དང་འབྲེལ་བའི། །མགོ་བོའི་མྲེ་ཏོག་ཕྲེང་ལ་འདོད། །ཞེས་པ་སྣ་

ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་དུ་མུ་ཏིག་ཕྲེང་བ་ལས་ལ་ཡིག་མཐའི་སྡེ་རྫོགས་སོ།། །།ཝ་ནི་བུམ་པ། ཆུ་ལྷ་དང་། །ཉིན་མོ་དང་ནི་རང་དབང་ལ། །བཱ་ནི་རླུང་དང་། མདའ་དང་མདུང་། །བི་ནི་བྱ་དང་ནམ་མཁའ་ལ། །སྭ་ནི། ཤེས་དང་། བདག་ལེགས་

གཅོད། །བདག་གི་བ་ཡི་ནོར་ལའོ། །ཨ་བི་ལུག་དང་ཉི་མ་རི། །བྱི་བ་དང་ནི་བལ་ལའོ། །ཨ་བཱི་མེ་ཏོག་ལྡན་མ་དང་། །རྟ་དང་ལྕགས་དང་སྐྱེས་བུའི་དབྱེ། །ཨཱུ་རྡྷྭཾ་སྟེང་དང་ཨནྡྷྱ་དང་། །ཀ་ཎྭཾ་སྡིག་དང་། ཐུབ་པ་ལ། །ཀ་ཎ་ངན་པ་ལྡན་པ་ལ། །ཀ་བི་སྙན་དང་གས་

མཁན་པོ་དང་། །པ་བ་སངས་དང་གྲོག་མཁར་དང་། །ཁྱི་དང་སྙན་དངགས་བྱེད་པ་ལ། །ཀི་ཎྭཾ་སྡིག་པ་རྒྱལ་པོ་སྐྱེས། །སྐྱེ་བོ་དང་ནི་རྣམ་གནོན་ལ། །ཁརྦ་ཐུང་ངུ་དང་ནི་དྲི། །གྲི་བ་མགྲིན་པ། མགུལ་པ་ལ། །ཙྪ་བི་བཟང་དང་མཛེས་པ་ལ། །ཛ་བཱ་ཌོ་དྡྷཱའི་མེ་ཏོག་

Vol. 212 · folio 230a

ཤུགས། །ཛ་བ་ཤུགས་ཅན་ལ་ཡང་ངོ་། །ཛཱི་བ་ཚིག་བདག་ཤིང་གི་དབྱེ། །སྲོག་ཆགས་ཙམ་ལའང་ལྟ་བར་བྱ། །ཛཱི་བཱ་འཚོ་བར་བྱེད་པ་ལ། །མཽ་རྦཱི་ས་དང་སྤྱོད་པ་དང་། །པིཉྫི་ཏ་དང་འདོད་པ་ལ། །ཛཱི་བིཾ་འཚོ་བ་ལ་ཡང་ངོ་། །ཏ་ཏྭཾ་རང་བཞིན་

རྟག་པའི་དབྱེ། །མཆོག་བདག་ལའོ་ང་བ་ནི། ནགས་དང་ནགས་ཚལ། །ནགས་ཀླུང་ལ། །དི་པཾ་མཐོ་རིས་བར་སྣང་དང་། །འོད་འགྲོ། གནམ་དང་། མཁའ་ལའོ། །དེ་བ། རྒྱལ་པོ་ལྷ་དང་སྤྲིན། །དེ་བཾ་དབང་པོ་ལ་འདོད་དོ། །དེ་བཱི་རྗེ་བཙུན་མ་དང་ནི། །གཟི་

བརྗིད་ཅན་མ་བྲྀཀྐ་དང་། གར་མར་ཚངས་པས་དབང་བསྐུར་དང་། །མི་ཡི་བདག་པོའི་བུད་མེད་ལ། །དྲ་བ། བཅུད་དང་པྲ་དཱ་བ། །རྣམ་པར་ཞུ་བར་གྱུར་པ་ལ། །དྭ་ནྡཱཾ་ལོག་པར་སྤྱོད་པ་ལ། །དྭནྡྲ་ཟུང་དང་འཐབ་དང་གསད། །དྷ་བ་བདག་པོ་ཤིང་དབྱེ་དང་། །ཁྲམ་

པ་དང་ནི་མི་ལའོ། །བྷཱུ་པ་ཆ་ཤས་འཇུག་པ་དང་། །ཐུབ་པ་རྣལ་འབྱོར། བ་ཊ། ནོར། །བྷུ་པཾ་ངེས་པ་རྟོག་པ་དང་། །རྟག་པ་དང་ནི་གཡོ་མེད་ལ། །བྷྲུ་བཱ། མཱུརྤཱ་ར། བ་དང་། །འདབ་མ་གཡེངས་དང་ཕྲེང་བའི་དབྱེ། །ན་བ་བྱ་རོག་བསྟོད་པ་དང་། །གསར་དུ་བསྟོད་

པར་བྱ་བ་ལ། །ནཱི་བཱི། སྐེད་པའི་གོས་མདུད་པ། །རྩ་བ་དང་ནི་ཐ་མ་ལ། །པཾ་ཀྭ་ཡོངས་སུ་འདུད་པ་དང་། །རྣམ་པར་འཇིག་དང་མངོན་ཕྱོགས་ལ། །མརྴྭ་མཆན་ཁུང་གཞི་དང་ནི། །འཁོར་ལོ། མཐའ་ཉེ་ཕྱུགས་ཚོགས་ལ། །པྲྀ་ཐྭཱི་ས་གཞི་ས་དང་ནི། །

ཤིང་ཀུན་བུ་མོ་ཟི་ར་ནག །པྲཱ་དྷྭཾ་འཆིང་དང་བསྡམ་པ་དང་། །གཟིར་དང་རིང་དུ་གདོན་བྱོས་ལ། །བླ་བ། ཀཱ་རཎྜ་བ་དང་། །སྦལ་པ་དང་ནི། བྷེ་ལ་ཀ །ཆུ་ཡི་བྱ་རོག་པཱ་ཀྵའི་ཤིང་། །རིང་དུ་འགྲོ་དང་། སྒྲ་གདིང་བ། །རིགས་ཅན་དང་ནི་སྤྲེའུ་ལའོ། །བླ་བཾ། དམག་དང་

མཐོ་བ་དང་། །དྲི་དང་། རྩ་དང་། བ་ལང་འཚེ། །བྷ་བ། དཔལ་མགྲིན་འཁོར་བ་དང་། །དཔལ་དང་། ལེགས་འཐོབ་སྐྱེ་བ་ལ། །བྷཱ་བ་རང་བཞིན་བྱེད་པ་དང་། །བསམ་པ་སེམས་ཅན་བདག་སྐྱེ་དང་། །བྱ་བ་རོལ་པ་དངོས་པོ་དང་། །ཚིག་དོན་གནས་ཀྱི་ཁྱད་པར་

Vol. 212 · folio 230b

ལ། །སྐྱེ་བོ། རྟོགས་པ་འབྱོར་པ་དང་། །གར་དང་། ཁྲུས་དང་མཁས་པ་ལའང་། །རེ་བཱ་ཛ་མྦཱ་ལི་ནིའི་དབྱེ། །རཾས་དང་། དྲན་པ་ཡངས་པ་དང་། །ཐུང་ངུ་རབ་བྱེད་རྟ་དང་ནི། །གར་དང་སན་མོའི་དབྱེ་བ་དང་། །འབྲས་བུ་ཁ་ན་མ་ཐོ་དང་། །བྱའི་ཁྱད་པར་

དག་ལའོ། །ལ་བ། །ཆ་ཤས་སྒེག་པ་དང་། །གཅོད་དང་སྦྱིན་དང་དགའ་བྱེད་དགའ། །དཔལ་འབྲས་དང་ནི་པི་བ་ལི། །བི་ལླྦཾ་སྣ་ཚོགས། ལྷ་གྲོང་ཁྱེར། །བིཾ་ཤྭ། སྣ་ཚོགས་ཐམས་ཅད་དུག །ཕྱེ་མའི་བཏུང་བ་ལ་ཡང་ངོ་།ཤ་བ་རོ་དང་བཏུང་བ་ལ། །ཤི་བི།

གྲོ་ག་མི་བདག་དབྱེ། །ཤི་བ་འཕྲོག་བྱེད། རྣལ་འབྱོར་དབྱེ། །ལྷ་དང་ཕུར་བུ་ཕྱེ་མ་དང་། །གུ་གུལ་དང་ནི་བང་ཀར་ཤིང་། །སི་བ། ཐར་པ། སྒོ་དང་ཆུ། །དགེ་བའོ་ཤི་བཱ། དཀར་མོ་དང་། །དྲི་མ་མེད་དང་ཀ་ཀེ་རུ། །ཛྷཱ་ཊཱ་མ་ལཱ་ལཾ་དང་ནི། །རྔ་མོ་དང་ནི་ཤ་ཀྴུའི་འབྲས། །

ས་ཏཱི། སྐྱེ་བོ། སེམས་ཅན་དང་། །སྲིད་པ། སྲོག་ཆགས་བདག་དང་དངོས། །རྫས་དང་སྟོབས་དང་ཤ་ཟ་སོགས། །ཡོད་དང་ཡོན་ཏན་འབྱོར་པ་དང་། །རང་བཞིན་དང་ནི་མཐའ་ལའོ། །ས་བ། ཀུན་འཛིན་མཆོད་སྦྱིན་དང་། །ཁྲུས་དང་ཞི་བ་ཡོན་གནས་མཚུངས།

ཤྲུ་བཱ། ཤྲུ་གཱ་དབྱེ་བ་དང་། །ཤལླེ་ཀི་དང་མུརྦཱ་ལ། །ཧ་བ་ལཾ་དང་། འབོད་པ་དང་། །ངེས་པར་བསྟན་པ་རྣམས་ལའོ། །ཧྲ་སྲ། ཐུང་ངུ་དམའ་བའི་དོན། །ཀྵ་བ། སྐེ་ཚེ། ཀྵུ་ཌཱའོ། །ཨ་བྷཱ་བ་ནི་ཡོད་མིན་དང་། །དངོས་མེད་དང་ནི་ཤི་བ་ལ། །ཨ་ཀླི་བ་ནི་ཡོད་མིན་

གནས། །ཨརྟ་བཾ་ནི་མེ་ཏོག་དང་། །རྡུལ་དང་དུས་དང་འབྱུང་པོ་ལ། །ཨཱ་པྲ་བ་ནི་དམ་བཅའ་དང་། །ཉོན་མོངས་ཚིག་དང་གནས་པ་ལ། །ཨཱ་ཧི་བ་ནི་མཆོད་སྦྱིན་དང་། །ཡང་དག་གནོན་པ་ལ་ཡང་ངོ་། །ཨུཏྤ་བ་ནི་དགའ་སྟོན་དང་། །འདོད་དང་། རབ་འབྱམས་ཁྲོ་བ་

ལ། །ཨུདྡྷ་པ་ནི་དགའ་སྟོན་དང་།།ཁྱབ་འཇུག་ཞང་པོ་མཆོད་སྦྱིན་དང་། །དག་བྱེད་བྱེད་པ་གསལ་བ་དང་། །པགས་པ་ཟི་ར་ནག་པོ་ལའོ། །ཀི་ཏ་པ་ནི་ངན་པ་དང་། །མྱོས་དང་སླུ་བྱེད་དག་ལ་ཡང་། །ཀེ་ཤ་བ་ནི་ཀླུ་ཤིང་དང་། །སྤང་སྐྱེས་དང་ནི་སྐྲ་ཅན་ལ། །ཀཻ་ཏ་བཾ་ནི། ཙྪ་

Vol. 212 · folio 231a

ལ་དང་། །སྣང་བ་དང་ནི། ཀུ་མུ་ད། །དགྲ་བོ་དང་ནི་ངན་པའོ། །ཀཻ་ར་པཾ་ནི། ཀུ་མུ་ད། །ཟླ་བ་ཅན་དང་ཀཻ་ར་བཱི། །གཎྜྭི་དང་ནི་གཱ་ཌི་དང་། །གཞུ་དང་སྲིད་སྒྲུབ་གཞུ་ལའོ། །གཱ་ལ་བ་ནི་རྒྱ་སྐྱེགས་ཐུབ། །ཏཱཎྜ་བཾ་ནི་གར་དང་རྩ། །མཐོ་རིས། བར་

སྣང་སུམ་རྩེན་དང་། །སུམ་རྩེན་མ་དང་རིག་བྱེད་དབྱེ། །དཱི་དི་བི་ནི་བློ་ལྡན་དང་། །བསམ་པ་དང་ནི་བདག་ལ་ཡང་། །དཱི་ཛེཾ་ཧྭ་ནི་སྦྲུལ་དག་དང་། །ཕྲ་མ་ཅན་ལ་མངོན་པར་བརྗོད། །ནཾ་ཥྤཱཔ་ནི་ཉི་མ་རླུང་། །ཀ་ཌ་མྤངྒ་ར་དང་ནི། །རྣམ་པར་རྟོག་པ་མད་པ་དང་། །སིམྦི་

ཀཱ་ར་ཛ་མཱ་ཥཱ། །ནིཏྣ་བ་ནི་ངན་སྨྲས་དང་། །མི་མཁས་པ་དང་ཡིད་བརྟན་མིན། །པཉྩ་ཏྭཾ་ནི་ལྔ་ལན་དང་། །དངོས་པོ་དང་ནི་གཏེར་ལའོ། །བལླ་བ་ནི། རྒྱ་ཆེན་གྱོལ། །སྐག་དང་། རྒྱ་སྐྱེགས་ཚོན་དག་ལ། །བཱིརྠ་བཱི་ནི་གཡོ་བ་དང་། །ཀི་ཤ་ལ་དང་ཡལ་འདབ་

མ། །པཱི་རྠ་བ་ནི་མ་ཟབ་དང་། །ས་དག་ས་ཡི་རྣམ་འགྱུར་ལ། །པུངྒ་བ་ནི་ཁྱུ་མཆོག་དང་། །གཙོ་སྐྱེ་ས་མཆོག་སྨན་བྱེ་བྲག །པྲ་བྷ་བ་ནི། སྐྱེ་བ་པ། །ཆུ་ཡི་རྩ་བ་ཕ་རོལ་གནོན། །རྒོལ་བ་ནད་རུང་ཐམས་ཅད་ཀྱི། །ཀུན་སྤྱོད་རྟོགས་པར་བྱེད་པ་ལ། །པྲ་བྷཱ་བ་ནི།

ནུས་གཟི་བརྗིད། །དང་པོ། དམིགས་དང་གནས་ལའོ། །པྲ་བྷ་ཝ་ནི་མངལ་ནས་མཐར། །བྲམ་ཟེ་རྣམས་ཀྱི་མེ་ཏོག་འབྲས། །ཕན་ཚུན་གྲོགས་དང་། འཇིག་རྟེན་སྐྱེས། །པྲ་ས་བ་ནི། ལྕུག་མ་ཅན། །རྡོ་རྗེའི་ཤིང་དང་སྱཱུ་ཏའོ། །པེ་ར་བི་ནི་སྲིན་མོ་དང་། །ཅེ་

སྤྱང་ལའོ་བལླ་བ། །འཇོམས་པ་དང་ནི་བ་ལང་སྐྱོང་། །འཇིགས་སྡེ་ལའོ། །བནྡྷ་པ། །གཉེན་དང་མཛའ་བཤེས་དག་ལའོ། །བརྒ་བ་ནི་པ་སངས་དང་། །གླང་པོ་དགའ་བྱེད་དགྲ་སྟ་ཅན། །གཞུ་བཟང་ལའོ། །བྷཱརྒ། བཱི། །རི་སྲས། དཔལ་མོ། དུརྤཱ་དཀར། །བྷཻ་ར་

བ་ནི་ངན་སྤོང་བུ། །བཻ་ར་བཾ་ནི་འཇིགས་པར་བྱེད། །མཱ་དྷ་བ་ནི་སྐྲ་ཅན་དང་། །སྒྲུབ་བྱེད་དང་ནི་དཔྱིད་ལའོ། །མཱ་དྷ་བཱི་ན། སྦྲང་རྩི་ལའང་། །ཀ་ར་ཆང་དང་རྡུང་བྱེད་མ། །ཤིན་ཏུ་གྲོལ་བ་རྣམས་ལའོ། །རཱ་གྷ་བ་ན་ཉ་ཆེན་གྱེ། །རབ་དབྱེ་རགྷུ་ཡི་རིགས་ལ། །རཱ་ཛཱི་

Vol. 212 · folio 231b

བ་ནི་ཉ་རི་དྭགས། །རྒྱལ་པོ་ཉེ་བར་འཚོ་བ་ལ། །སཱུ་བ་བ་ནི། བུམ་པ་འབངས་སོ། །བུད་མེད་ཁྱད་པར་བྲམ་ཟེ་ལ། །བཱ་ཌ་བཾ་ནི་རྒོད་མའི་ཚོགས། །བུད་མེད་བྱེད་པའི་ཁྱད་པར་དང་། །ས་འོག་ཨཽརྦ་བྲམ་ཟེ་ལ། །བེེ་ཏྲ་བ་ནི་འབྲོས་སུ་འཇུག །བློ་ལའོ་དེ་ནས་བི་བྷ་བ། །

ནོར་དང་མྱ་ངན་འདས་པ་ལ། །པི་བྷཱ་པ་ནི། ཡོངས་བསགས་དང་། །འདོད་པ་དང་ནི་གསལ་བྱེད་དང་། །དགྲ་རྣམས་ཀྱི་དངོས་འཇོམས་པ་ལ། །ཤཱ་ཏྲཱ་བཾ་ནི་ཞེ་སྡང་དང་། །དགྲ་ལས་སྐྱེས་པ་ཉིད་ལའོ། །ཤུ་ཥ་བཱི་ནི་རལ་གྲི་དང་། །ཟི་ར་དང་ནི་ཟི་ར་ནག །ཥཱ་ཌ་བ་ནི་རོ་

བཅུད་གླུ། །མྱུར་བའི་འབུ་དང་རབ་སྐྱེ་དང་། །གྲུ་དང་ཁ་དོག་དག་ལའོ། །སརྩི་བ་ནི་གཡོ་བ་དང་འབོད། །སམྦྷ་བ་ནི་འབྱུང་བ་དང་། །དྲན་པ་རྒྱུ་དང་། སློང་བ་དང་། །འདུས་དང་ཤིནྟུ་ཐ་དད་དང་། །རྟེན་དང་བརྟེན་པ་དག་ལའོ། །སུ་གྲཱི་བ་ནི་བདུད་ཀྱི་བདག །

མགྲིན་པ་མཛེས་པ་རྗོད་པར་བྱེད། །སཻནྡྷཱ་བ་ནི་ནོར་བུ་བསྲུབ། །རྟ་དང་། སིནྡྷཱའི་ཡུལ་བྱུང་ལའོ། །ཨ་ནུ་བྷཱ་བ་མཐུ་དང་ནི། །རྟེན་དང་དངོས་པོ་མཚོན་པ་ལ། །ཨ་བཏྣ་བ། ངན་སྨྲས་དང་། །སྨོད་དང་སྐུར་པ་འདེབས་པ་ལ། །ཨ་བྷེ་ཥ་བ་གནས་དང་ནི། །ཚང་

དང་། མཆོད་སྦྱིན་ཡང་དག་འཇོག །ཨཱ་དཱི་ན་པ་ཉེས་དམིགས་སྐྱོན། །ཡོངས་སུ་ཉོན་མོངས་མཐའ་ངན་ནོ། །ཨུ་བ་བླ་པ་སྐྱེད་པ་དང་། །རྣམ་འཕྱོ་ཆོམ་རྐུན་སེང་གེ་ལ། །ཀུ་ཤཱི་ཙེ་བ་གྲོག་མཁར་སྐྱེས། །གར་དང་སློང་བ་རྣམས་ལའོ། །ཀུ་ཤཱི་ལ་བ་གཅིག་འཐོབ་དང་། །

བཟོད་ལྡན་དགའ་བྱེད་བུ་ལའོ། །ཛ་ལྭ་བི་ལྭ་འདོད་པ་དང་། །རུས་སྦལ། སྦལ་པ་ཆུའི་བཞི་མདོ། །ཛི་བཾ་ཛ་བ་ཙ་ཀོ་ར། །བྱའི་དབྱེ་ཤིང་གི་ཁྱད་པར་ལ། །དོ་ལཱ་ཛྲེ་པ་བུན་སྐྱེད་དང་། །ལོག་ཤེས་དང་ནི་རབ་དགའ་ལའོ། །དྷ་མཱརྒ་པ་ཞེས་པ་ནི། །ཨ་པཱ་མརྒའི་ཤིང་དང་

ནི། །དེ་བ་དཱ་ལཱི་ལ་ཡང་བརྗོད། །པ་རི་སླ་བ་གཡོ་བ་དང་། །འཁྲུག་པ་དང་ནི་བརྗོད་བྱའི་རྟགས། །བ་རཱ་བྷ་བ་མི་སྣང་དང་། །རྣམ་པར་ཉམས་དང་གཞན་དུ་གྱུར། །བ་ར་བ་ས་གཞན་སྐྱོབ་དང་། །དམངས་རིགས་བུ་དང་གཉིས་སྐྱེས་ལ། །པུ་ཊ་གྲཱི་བ་མཚོན་ཆ་ལཾ། །གརྒ་

Vol. 212 · folio 232a

རཱི་དང་། །ཟངས་བུམ་ལ། །བ་ལ་དེ་བཱ། ཆར་ཅན་དང་། །སྟོབས་ལྷ་སྟོབས་དང་། རླུང་དང་ནི། །རྟ་དམར་དང་ནི་འཕྲོག་བྱེད་རྟ། །མཐིལ་སྐྱེས་དང་ནི་རིག་བྱེད་ལའོ། །ཤཱི་ཏ་ཤི་བ་བྲག་སྤོས་ལམ། །རྒྱམ་ཚ་དང་ནི་མི་སཱི་ལ། །ས་ཏེ་དེ་བ་

སྟོབས་དང་ནི། །ཨུཏྤལ་ཡུ་བ། སཱ་རི་བ། །བུམ་སྨན་དང་ནི་ལྷར་བཅས་ལ། །སྦྲུལ་མིག་དང་ནི་སྐྱ་བོ་ལ། །སྲེད་ལྡན་ཨ་སི་ཏི་བྷ་བ། །ཆུ་ཀླུང་ཨཱ་སི་ཏཾ་བྷ་བི། །ཝ་མཐའི་སྡེའོ།། །།ཤ་ནི་མཚོན་ཆ་བརྒྱ་དང་འཚེ། །ཤཾ་ནི་ཆོས་དང་ཤཱ་སྟོན་པ། །ཤཱི་ནི་གཉིད་ལོག་པ་

དང་ནི། །རྟག་ཏུ་གཉིད་ལོག་པ་ལའོ། །ཨཱ་ཤ་འདོད་དང་སྲེད་པ་ལ། །ཨཱ་ཤུ་འབྲུ་དང་མྱུར་བ་ལ། །ཨི་ཤ །ཀུ་ཤ །ག་ལའི་དབྱུག །དབང་ཕྱུག་དང་ནི་གཙོ་བོ་ལ། །ཨཾ་ཤུ་འོད་དང་ཉི་མ་ཚ། །ཀཱ་ཤ་ཀློ་སྒྲ་རྩ་ལའོ། །ཀཱ་ཤཱི་ཝཱ་རཱ་ཎ་སཱི་དང་། །གླང་ཕྲུག་སྤྲེའུ་གཅེར་བུ་

ལ། །ཀུ་ཤ་དགའ་བྱེད་བུ་དང་གླིང་། །སྦྱོར་བའི་དབྱེ་བ་དག་ལའོ། །ཀུ་ཤ་མྱོས་དང་སྡིག་ཅན་དང་། །གླང་པོ་ལའོ་ཀུ་ཤཱ་ནི། །ཡི་གེའོ་ཀུ་ཤཱི་དུས་རབ་བསྒྲགས། །ཀེ་ཤ་སྐྲ་དང་ངོ་ཚ་ཅན། །ལྷ་མིན་དབྱེ་བ་ཆུ་ལྷ་ལ། །ཀླེ་ཤ་སྡུག་བསྔལ་ཆགས་སོགས་དང་། །བྱ་བ་སཱ་ཡ་

ལ་ཡང་བལྟ། །དཪྴ་མཐོང་བ་ཉི་ཟླ་འགྲོགས། །ཕྱོགས་མཐའ་ཁ་ཁྱེར་ཟླ་བ་ལ། །ད་ཤཱ་དབང་བྱེད། ཆ་ཤས་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། །སྟོབས་མེད་པ་ཡི་གནས་སྐབས་ལ། །དྲྀ་ཤ་བློ་དང་མཐོང་བ་མིག །ཤེས་དང་མཐོང་བ་སྤོ་དག་ལ། །དཾ་ཤ་གོ་ཆ་

སྦྲུལ་གྱི་རྨ། །རྩེད་མོ་དུམ་བུ་སྐྱོན་ལའོ། །ནཱ་ཤ །བྲོས་དང་བྱེར་བ་དང་། །ཐིམ་དང་། མི་དམིགས་པ་ལའོ། །ནི་ཤཱ་མཚན་མོ་ཡུང་བ་དང་། །ཤིང་དང་སེར་པོ་དག་ལའོ། །བ་ཤུ་རབ་འཇོམས་རི་དྭགས་སོགས། །རབ་དང་། སྣོད་དང་བསྲེག་བྱའི་དོན། །སཱཾ་ཤུ་རྡུལ་

དང་ལོ་ཐོག་དང་། །ནོར་དང་རིང་བསག་པ་བྱུང་ལའོ། །པཱ་ཤཱ་ཕྱོགས་ལ་སོགས་པ་དང་། །འཆི་བ་གཡོ་བའི་དོན་དང་སྐྲ། །དབང་སོགས་མཐའ་དང་སྨོད་དོན་དང་། །རྣ་བའི་མཐའ་དང་མཛེས་དོན་ཅན། །བེེ་ཤཱི་ཤ་དང་གོང་བུ་དང་། །ཤ་ལྡན་རལ་གྲིའི་ཤུབས་དང་ནི། །ཁྱེ་

Vol. 212 · folio 232b

འཚོང་བག་ཕྱེ་ཐུག་པའི་དབྱེ། །རཱ་ཤི་ཕུང་པོ་ལུག་དང་སྐྱོན། །མཚོན་ཆ་དང་ནི་དབང་བྲལ་ལའོ། །པ་ཤཱ། སྒྱུ་མ། དཏྟ་དང་། །འདོད་པ་དང་ནི་གཙོ་བོ་ལ། །བ་ཤཱ། ཡོ་ཥའི་བུ་མོ་གཤམ། །བ་དང་གླང་མོ་རྣམས་ལའོ། །བེེ་ཤ་རྗེ་རིགས་ཡིད་སྐྱེས་དང་། །རབ་ཏུ་འཇུག་ལ་ཡང་དག་

འདོད། །བེ་ཤ་ཚོང་ཁང་འཇུག་པ་དང་། །འཇུག་བྱའི་ཁྱེམ་དང་ཁང་པ་ལ། །བཾ་ཤིང་འོད་མ་རིགས་དང་སྲེ། །རྒྱབ་ཀྱི་ཆ་ཤས་རུས་པ་ལ། །བ་ཤུ་ཕྱུགས་དང་དྲི་ཡི་བཅུད། །སྐྱེས་བུའི་ཁྱད་པར་ལོ་དྷྲ་ལ། །པཪྒ་རིག་བྱེད་སྦྱིན་པ་དང་། །ནད་དང་། རེག་པ་པོ་ལ་

ཡང་། །གཡུལ་དང་སྨོན་ལམ་ལ་ཡང་འདོད། །ཨཱ་དཪྴ་ནི་མེ་ལོང་དང་། །རྒྱས་བཤད་སོ་སོའི་གླེགས་བཾ་ལ། །ཨུདྷཱི་ཤ་ནི་རིའི་བུ་མོ། །མཛེས་དང་གཞུང་གི་ཁྱད་པར་ལ། །ཨུ་པཱཾ་ཤུ་ནི་སྐྱེས་བྱེ་བྲག །རྡུལ་དང་སྐྱེ་བོས་དབེན་པ་ལ། །ཀ་པི་ཤཱི་ནི་མ་དྷྭ་

ལྦི། །སྔོ་སངས་དང་ནི་སེ་ཧླ། །ཀརྐ་ཤ་ནི། ཀ་མྭི་ལ། །ཀཱ་ཤཱ་འཇོམས་དང་། བུར་ཤིང་རྟ། །བརྩེ་མེད་སྐྱེས་བུ་འཁྲུག་པ་དང་། །བརྟན་དང་། བབ་ཆོལ་ཅན་ལའོ། །ཀཱ་ནཱ་ཤ་ནི་ཞི་བྱེད་དང་། །འཁྲུག་དང་། རྩུབ་པོ། རྡུལ་འཇོམས་ལ། །ཀུ་ལི་ཤ་ཉའི་དབྱེ་བ་

དང་། །ཨཱ་ལི་དང་ནི་རྡོ་རྗེར་འདོད། །གོ་རི་ཤ་ནི་དབང་ཕྱུག་དང་། །ཚིག་བདག་དང་ནི་རི་ཡི་བདག །ཏཱདྒཱི་ཤ་ནི་སེང་གེ་ཟླ། །དུཿདུཪྴ་ནི་ནད་ཀྱི་གནས། །ཚེར་མ་དང་ནི་རེག་རྩུབ་པོ། །ནི་རེ་ཤ་ནི་མཐའ་ཉེ་དང་། །སྟོན་པ་དང་ནི་འཆད་པ་ལ། །ནིརྦེ་ཤ་ནི་འཇུག་པ་

དང་། །ལོངས་སྤྱོད་དང་ནི་རྨོངས་པ་ལ། །ནི་པེ་ཤ་ནི་ཞི་བ་དང་། །དེ་བཞིན་བྱེད་དང་རྣམ་སེལ་ལ། །ནི་སྟེ་ཤ་ནི་བརྩེ་མེད་དང་། །རལ་གྲི་གསལ་བ་དེས་དང་མཉམ། །བ་ལཱ་ཤ་ནི་ཀི་ཤུ་ཀ །ཤ་ཊཱི་དང་ནི་ལྗང་སེར་དང་། །ནི་ཀ་ཤ་ལས་སྐྱེས་པའོ། །པ་ལཱ་ཤཾ་

ནི་གོས་ལ་ཡང་། །བཀྵི་ཤཱ་ནི་མཁའ་ལྡིང་དང་། །ནག་པོ། དམར་སེར། ལེགས་སྐྱེར། སེར། །ཉ་དང་། ལྕུག་མའི་བདག་པོ་ལ། །པིངྒཱ་ཤཱི་ནི་རམས་དང་། སྨན། །པྲ་ཀཱ་ཤ་ནི་རབ་གྲགས་པ། །རབ་ཏུ་བཞད་དང་དཀའ་ཐུབ་གསལ། །པྲ་དེ་ཤ་ནི། ཡུལ་

Vol. 212 · folio 233a

འཛིན་བྱེད། །མཛུབ་མོ་མཐེ་བོང་། ཡང་དག་འདོད། །བྷཱུ་ཀེ་ཤཱི་ནི་བལ་བ་ཛ། །བནྡཱུ་ཤ་ནི་ཚུ་བལ་གར། །འོ་མ་ཤ་ནི་ལུག་བལ་ལ། །ཤྲི་གཱ་ལཱི་ནི་སྤྲེའུ་དང་། །སྤང་སྤོས། གྲ་མ། ཤིལྡ་ལའོ། །ལོ་མ་ཤཱ་ནི་བྱ་རོག་བྱིན། །ཀཱ་ཤཱི་ཤ་དང་

ཀཱ་ཤཱིའི་དབྱེ། །ཚིལ་ཆེན་དང་ནི་ཤིན་ཏུ་སྟོབས། །རྣམ་པར་རྒྱས་དང་ངེས་སྐྱེ་ལ། །བི་ཀེ་ཤཱི་ནི་གསལ་བ་དང་། །རྣམ་པར་དབྱེ་དང་རྣམ་རྒྱས་སྐྲ། །བི་བཱ་ཤཱ་ནི་གོས་ལྡན་དང་། །ཆུ་རླུང་ཞག་གྲོལ་བ་ལའོ། །བེེ་བ་ཤ་ནི་མང་འཛིན་བདག །བཱི་ཀཱ་ཤ་ནི་རྣམ་གསལ་དང་། །

གསལ་དང་རྣམ་པར་བརྗོད་པ་ལ། །སཾ་ཀཱ་ཤ་ནི། ཀུན་ཏུ་འཛིན། །མཚུངས་དང་འདྲ་དང་འགྲོ་དང་མཉམ། །པ་དེ་ཤ་ནི་ཡང་དག་འཛིན། །ཡུལ་ལའོ་སུ། ཁཱ་ཤ་ཞེས་པ། །མཛེས་པ་དང་ནི་འཇིག་པ་ལ། །ས་བ་ཤ་ནི་མལ་སྟན་དང་། །ཆུ་ལྷ་རྒྱལ་པོ་ཏི་མི་ས། །ཧ་ཏཱ་ཤ་ནི་

འཁྲུག་པ་དང་། །བརྩེ་མེད་འཇིག་དང་འདོད་པ་ལ། །ཨ་བ་དེ་ཤ །ཚིག་མཚོན་ཆ། །ཟོལ་དང་མཚན་མ་དག་ལའོ། །ཨ་བ་བྷྲཾ་ཤ་སྐད་ཀྱི་དབྱེ། །ཟུར་ཆག་སྒྲ་དང་གོ་དཀའ་བ། །ཨཱ་ཤྲ་ཡཱ་ཤ་སྣང་བ་ཆེ། །ལུས་དང་འཇིག་པར་བྱེད་པ་ལ། །ཨུ་པ་རཾ་ཤ་མེ་ད་དང་། །

གནོད་པ་དང་ནི་ཟ་བྱེད་ལ། །ཨུ་པ་སྦཪྴ་ཉེ་རེག་དང་། །ཀུན་ཏུ་རེག །ཁྲུས། ཁ་བཤལ་བའོ། །པཎྜ་པརྴུ། པཱི་ནཱ་ཀི། །མ་རུངས་མིག་དང་ངན་དང་འཁྱོག །སྒྲ་གཅན་དུམ་བུ་མ་ལ་ཀ །བྱུག་བྱེད་དགའ་བྱེད། སྒྲ་སྟ་ཅན། །ཛཱི་བེི་ཏ་ཤ་དཔེ། མཐའ་གཅིག །འཚོ་བའི་

མཐའ་དང་མཚོ་དབང་ཕྱུག །ནཱ་བ། བཱ་ཤ་དྲན་པ་དང་། །བུད་མེད་རྣམས་ཀྱི་བྱེད་པ་དང་། །ཆུ་ལྷའི་ཞགས་པ་དབང་ཕྱུག་གི་དགྲ་སྟའི་མིང་། རྣམས་ལའོ། །པཉྩ་ད་ཤི་ཟླ་ཉ་དང་། །གནམ་སྟོང་དག་ལ་འདོད་པ་ཡིན། །པ་རི་བི་ཤ་ཟླུམ་དཀྱིལ་འཁོར། །པཱ་ད་ཡཱ་ཤི། བ་ཌཱུ་ཀ །

ལྕགས་སྒྲོག་དང་ནི་གདུ་བུའོ། །པུ་རོ་ཌ་ཤ་ནམ་མཁའི་དབྱེ། །ཟླ་བ་ཁྲི་ཤིང་བཅུད་དང་ནི། །ཕྱེ་མ་དང་ནི་མ་སཱི་དང་། །ཁྲུས་ཀྱི་རྣམ་པ་ལ་ཡང་འདོད། །ལོ་རྒྱུས་མཆོད་པ་གྲོང་སོན་དང་། །གྲོགས་དང་རབ་ཏུ་གནས་པ་དང་། །རྗེ་རིགས་ས་རེག་རྗེས་སྐྱེས་ལའང་། །ཤ་

Vol. 212 · folio 233b

མཐའི་སྡེའོ།། །།ཥ་ནི། གཙོ་བོ་ལ་འདོད་དེ། །ཥི་ནི་མངལ་ནས་གྲོལ་བ་ལའོ། །ཨུ་ཥཱི་མདའ་དང་བུ་དག་དང་། །མཚན་མོ་དང་ནི་ཐོ་རངས་ལའོ། །ཨུ་ཥ་འདོད་ལྡན་གུ་གུལ་ལའོ། །རྀ་ཥི་འོད་འབར་རིག་བྱེད་དང་། །དྲང་སྲོང་གནས་འཇོག་ལ་སོགས་ལའོ། །ཀརྵ་ཀོ་

དང་བ་རྒྱལ་ལ། །ཀརླཱུ་ལྕི་བ་མེ་དག་དང་། །ཁྱིམ་དག་མངོན་པར་རྗོད་བྱེད་ལའོ། །ཀོ་ཥ་ལྷ་རྫས། ནོར། དོན་མཐུན། །སྒྲ་སྒྲོགས་ཡང་དག་འཛིན་པ་དང་། །སྦུབས་སྐྱེ་བ་དང་ཁ་མ་བྱེ། །སྣོད་དང་རལ་གྲི་ཁ་ཆོད་ལ། །གྷོ་ཥ་མེ་ཏོག་བརྒྱ་པ་དང་། །དབྱངས་ལྡན་དང་

ནི་འབྲུག་སྒྲ་ལ། །གྷོ་ཥ། སྒྲ་ལྡན་འཇིགས་པ་དང་། །སུ་ནཱ་བྷཱི་ར། ལྕུག་མ་ལ། །ཛྷ་ཥཱ་ཀླུ་ཡི་སྟོབས་མ་ལ། །ཛྷ་ཥཱ་རྣམ་པར་འཕྱོ་བར་བརྗོད། །ཏརྵ་འདོད་པ་སྐོམ་པ་ལ། །ཏུ་ཥ། སོ་བ། པགས་པ་མིག །ཏཱི་ཥ་འདོད་དང་སྐོམ་པ་ལ། །ཏཱི་ཥ། འོད་མཛེས་

དབྱངས་ཅན་དང་། །མཐའ་དང་། ཛི་གཱི་ཥ་ལའོ། །དོ་ཥ་སུན་འབྱིན་སྡིག་པ་སྐྱོན། །མཚན་མོ་དང་ནི་ལག་པ་ལ། །པོ་ཥ་ཟླ་བའི་བྱེ་བྲག་དང་། །རྒྱལ་དང་གྲུབ་པ་ཟླ་བྲལ་ལ། །པཽ་ཥཱི་རྒྱལ་དང་རྒྱས་པ་ལ། །པྲེ་ཥ་མདག་པ་བྱེད་པ་དང་། །འཇོམས་པར་བྱེད་དང་ཉོན་

མོངས་ལ། །བྷ་ཥཱ་སྐད་དང་ཚིག་དག་ལ། །མཱ་ཥ་འབྲུ་ཡི་ཁྱད་པར་དང་། ང་རྒྱལ། རྨོངས། ལྤགས། སུན་འབྱིན་དབྱེ། །མ་ཥི་འགྲན་པར་བྱེད་དང་ཟོལ། །མེ་ཥ་འཛིན་པར་བྱེད་པ་ལ། །བ་རྵ་ཁྱིམ་དང་སྨན་བྱེ་བྲག །དབྱར་གྱི་དུས་སོ་བརྵཾ་ནི། །ཆར་འབེེབས་ཆུ་

སྐྱེས་འཛམ་གླིང་སྤྲིན། །བི་ཥཾ་བོང་ང་དཀར་པོ་ལ། །བི་ཥ་ག་ར་ལ་དང་ཆུ། །བི་ཥ་ཁྱབ་བྱེད་བཤད་པ་ལ། །བྲྀ་ཥ་ཆོས་དང་། བྱི་བ་ལ། །བྷྲི་ཥ་འཛིན་གནས་གཙོ་བོ་ཁྱིམ། །ལྕགས་སྒྲོག་དང་ནི་ཁུ་བ་འཛིན། །དྲྀ་ཥཱ་སྤྲེའུ་ཁྱི་རྔོ་ལ། །བྲྀ་ཥཱི་བརྟུལ་ཞུགས་མིང་དང་

གདན། །ཤུ་ཥི་སྐེམས་དང་ཁུང་བུ་ལ། །ཤེ་ཥ་སྤྱི་བླུགས་ལྷག་མ་ལ། །ཤེ་ཥ་མཐའ་ཡས་ཁྱད་པར་དང་། །དྲི་མེད་དབྱེར་མེད་ལ་ཡང་ངོ་། །ཨ་བྷེ་ཥུ་ནི་སྣང་བ་ལ། །ཨུ་བྷི་ཥཱུ་ནི་རང་སོ་བཟུང་། །ཨཱ་ཀརྵ་ན་རང་དབང་བཤད། །རྒྱན་པོ་འགྱེད་པར་བྱེད་པ་ལའང་། །

Vol. 212 · folio 234a

ཞགས་པ་དང་ནི་མདའ་གཞུ་ལ། །གོམས་པའི་དངོས་པོ་ལ་ཡང་ངོ་། །ཨཱ་མི་ཥ་ནི་སྐྲ་བརྫེས་དང་། །ཤ་དང་ལོངས་སྤྱོད་འདོད་པ་དང་། །ཨཱ་མི་ཥི་ནི་མཛེས་པ་ཡི། །རྣམ་པའི་གཟུགས་སོགས་ཡུལ་ལ་ཡང་། །ཨུཥྚཱི་ཥ་ནི་མགོ་དཀྲིས་དང་། །

ཅོད་པན་མཚན་ཉིད་ཁྱད་པར་ལ། །ཀལྨཥ་ནི་སྲིན་པོ་དང་། །ནག་པོ་སྐྱ་བོ་དག་ལ་ཡང་། །ཀལྤ་ཥཾ་ནི་རྙོག་སྡིག་པ། །ཀིལྤི་ཥེ་ནི་སྤོང་བྱེད་ནད། །སྒྲུབ་ཏུ་མེད་པའོ་ཀུསྨཱ་ཥཾ། །ཀཱཉྫི་ཀ་དང་ནས་ཅན་ནོ། །གནྜཱུ་ཥ་ནི་ཥ་སྐོང་དང་། །རབ་འབྱམས་དང་ནི་དཀར་མིན་

དང་། །གླང་པོ་དང་ནི་ལག་སོར་ལ། །ཛི་གཱི་ཥ་ནི་རྒྱལ་འདོད་དང་། །ཅུང་ཟད་རྒོད་པ་དག་དང་ནི། །ཕུལ་དུ་བྱུང་དང་མཐའ་ལའོ། །ཏ་རཱི་ཥ་ནི་དབྱིབས་མཛེས་དང་། བྷེ་ལ་ཆུ་གཏེར་མཐའ་ལའོ །ཏཱི་བི་ཥ་ནི་གསེར་དང་སྤྲིན། །ན་གྟུ་ཥ་ནི་རྒྱལ་དབྱེ་

དང་། །སྦྲུལ་གྱི་བྱེ་བྲག་དག་ལའང་། །ནི་ཥ་ཀ །ཀརྵ་པཱ་ཎ། །ནི་ཀ་ཥཱ་ནི་རྒྱ་སྐྱེགས་མ། །ནི་མེ་ཥ་ནི་མིག་འཛུམས་དང་། །དུས་དབྱེ་དང་ནི་མིག་འདྲེས་ལ། །བ་རུ་ཥི་ནི་བཀྲ་བ་རྩུབ། །བབ་ཆོལ་རྗོད་པར་བྱེད་པའོ། །པུ་རུ་ཥ་ནི་ཀླུ་ཤིང་དང་། །སྦྲང་རྩི་སྐྱེས་དང་

མཆོག་དག་ལ། །སཽ་རུ་ཥཾ་ནི་གཟི་བརྗིད་དང་། །བསམ་པ་དང་ནི་ལས་ལ་ཡང་། །སྟེང་དང་། རྒྱ་ཆེན་དཔུང་པ་དང་། །ལག་པ་མི་དང་བཏུང་བ་ལ། །པྲ་ཏྱུ་ཥ་ནི་ཉིན་མོའི་སྒོ། །ཐོ་རངས་དང་ནི་ནོར་ལྷའོ། །པྲ་དོ་ཥ་ནཾ་སྐྱོན་ལྡན་མ། །སྲོད་དང་མཚན་མོའི་སྒོ་

ལའོ། །མ་ཧི་ཥཱི་ནི་ས་སྐྱོང་གི། །བཙུན་མོར་དབང་བསྐུར་བྱིན་ལའོ། །མཱ་རི་ཥཱ་ནི་དྲི་ཞིམ་དང་། །སྨན་དབྱེ་གསལ་བའི་མ་མའོ། །མཱ་རི་ཥ་ནི་སྡོའི་དབྱེ་བ། །གར་མ་དང་ནི་འགྱུར་བྱེད་མའོ། །རོ་ཧི་ཥཾ་ནི་གཙང་བྱེད་ཉ། །རོ་ཧི་ཥ་ནི་རི་དྭགས་དབྱེ། །བི་ཥེ་ཥ་ནི་དབྱེ་བ་

ཙམ། །བི་ཥེ་ཥ་ནི་ཐིག་ལེ་ལ། །བེཤཱེཥ་ནི་མ་འབྱེར་དང་། །ཁ་བྲལ་བ་དང་རིང་དུ་གྱུར། །བྱཱ་ཀརྵ་ནི་སྙིང་པོ་ཅན། །ས་ལ་ཀ་དང་རྒྱན་འགྱེད་འགུགས། །ཤུ་ཤྲུ་ཥ་ནི་ཉན་འདོད་དང་། །བསྙེན་བཀུར་དང་ནི་གཏམ་དག་ལ། །ཤཻ་ལུ་ཥ་ནི་བིལ་བའི་ཤིང་། །ཀུ་ཤཱི་

Vol. 212 · folio 234b

གཅོད་པ་ལ་ཡང་ངོ་། །སཾ་ཧརྵ་ནི་འགྲན་པ་དང་། །ཨ་ནུ་ཀཪྵ་ཤིང་རྟ་ཡི། །འོག་ཤིང་དང་ནི་རྗེས་སུ་འགུགས། །ལྷ་ཡི་བཏུང་བ་སྲེད་པ་དང་། །མངོན་པར་འདོད་པ་དག་ལའོ། །ཨ་རྫི་མི་ཥ་ལྷ་དང་ཉ། །ཨལྦ་རི་ཥ་རིའི་བྱེ་བྲག །ཉི་མ་དགྲ་སྟ་དུམ་བུ་ཅན། །པཱི་ཏ་ན་

དང་། ཀི་ཤོ་ར། །ཨམྦུ་རཱི་ཥཾ་སྒྲ་ཡུལ་འཁོར། །ཨ་ལམྦུ་ཥ། སྒྱུག་བྱེད་ལ།།ཨ་ལམྦུ་ཥཱ་གཎྜི་རཱི། །མཐོ་རིས་དང་ནི་རྗེ་རིགས་དང་། །ཀིམྦུ་རུ་ཥ་ལྟ་གདོང་ཅན། །འཇིག་རྟེན་དབྱེ་བ་ལ་ཡང་ངོ་། །ནནྡི་གྷོཥ་ཕ་རོལ་གནས། །བསྟོད་པ་འདོན་པ་དབྱངས་བྱེད་པ། །

པ་རི་གྷོ་ཥ་བརྗོད་བྱ་དང་། །ངེས་པར་སྒོགས་དང་འབྲུག་སྒྲ་ལ། །པ་ལཾ་བཟང་བ་ཟ་མ་དང་། །རྒྱ་སྐྱེགས་གུ་གུལ་ཀིཾ་ཤུ་ཀ །བ་ལཾ་ཀ་ཥ་མགོ་ཟླུམ་དང་། །སྨན་དང་སྲིན་པོ་ཉིད་ལའོ། །མ་ཧཱ་གྷོ་ཥཱ་རྭ་ཡི་དབྱེ་། །ཚོང་དུས་ཀྱིས་ནི་གླག་གཅོར་ལ། །བཱ་ཏ་ར་རཱུ་ཥ། རླུང་ཚུབ་དང་། །

སྐྲ་འགྲེང་པ་དང་བརྒྱ་བྱིན་གཞུ། །ཥ་མཐའི་སྡེའོ།། །།སཱ་ན་དོན་དང་དཔལ་ལའོ། །སཱི་ནི་ཁ་ལོ་སྒྱུར་བ་ལ། །སེ་ནི་དཔལ་མོའི་བུ་དང་དགའ། །སོ་ནི་སྐེམས་བྱེད་མ་མ་ལ། །ཨཾ་ས་ཆ་དང་འཆིང་བ་ལ། །ཀཱ་སུ་ནུས་པ་དང་མཚོན་ཆ། །མ་ཚང་གོས་དང་འཁར་བ་དང་། །ལྷ་མི་

འཁར་བ་དག་ལའོ། །འཁར་བའི་སྣོད་དང་། ཚད་དང་ཡང་། །གུདྦ་ཏ་པ་ཀཱ་ཧཱ་ར། །སྡོང་བུ། གྲནྦྲི་པརྞ་ལ། །གོ་ས་ཐོ་རངས་པོ་ལ་དག །ཙཱ་ས། གསེར་དང་གཙུག་ཕུད་དང་། རབ་དབྱེ་ཁྲུ་དང་ཚིག་རྣམས་ལའོ། །དཱ་ས་ནོར་བུ་སྐྱོན་འཇིགས་པ། །དཱ་ས་གླ་མི་ཉ་པ་

དང་། །དད་དང་སྦྱིན་པ་ཙམ་དང་ནི། །བྲན་དང་བུད་པ་རྣམས་ལའོ། །ནཱ་ས། སྣ་དང་། སྣ་ཡི་སྒོ། །སྟེང་གི་ཤིང་དག་ལ་ཡང་ངོ་། །པྲ་སཱུ་མ་མ་གཞལ་བ་དང་། །རྟ་དང་འགལ་བ་རྣམས་ལའོ། །བ་སཱུ་དཔལ་སྦྱིན་བུ་ག་མེ། །རིགས་དང་འོད་དང་ལྷའི་ཁྱད་པར། །ཤིང་

དང་སྨན་དང་རིན་ཆེན་དང་། །སྟེང་དང་ཚོང་དུས་ནོར་དང་ནི། །སྙན་ངག་ཁུར་དང་མཐུ་དང་མཛེས། །བྷ་སེ་ས་ཡི་བྱ་རྒོད་དང་། །གོཥྚོ་དང་ནི་བྱ་གག་ལ། །མཾ་སཾ་ཤ་དང་སྤང་སྤོས་དང་། །ཀཀྐོ་ལི་དང་རལ་པ་ལ། །མཱ་ས། ཟླ་བ་མཇལ་བྱེད་དང་། །མཱ་སཱི། སྦྲང་རྩི་འོ་མི་སེ་

Vol. 212 · folio 235a

ནི། །མེ་ཏོག་བརྒྱ་པ་ཛཱ་མཱ་ནི། །མྲི་དྭཱ་གནས་ཅན་ས་མཆོག་དང་། །ར་ས། རོ་བཅུད། ཏིཀྟཱ་སོགས། །སྒོག་པ་སོགས་དང་ཁུ་བ་དུག །དངུལ་ཆུ་ཁམས་དང་ཆང་། །བོ་ལ་མར་དང་ལུས་ལའོ། །ར་སཱ། ལྕེ་དང་། རྟ་ཕོ་དང་། །འདོན་དང་ཤལླ་

ཀཱི་ཀཾ་གུ། །རཱ་ས་གླ་རྩི་རྩེ་བ་དང་། །སྐད་དང་ལྕགས་སྒྲོག་ལ་ཡང་ངོ་། །ཕཏྶ། བུ་སོགས་ཏལླ་ཀ །ཚར་བ་དང་ནི་ཟ་བ་ལ། །བཱ་སཱ། ཁྱིམ་དང་གནས་སྐབས་དང་། །ཨ་ཊི། རཱུལ་ཀ་ཞེས་ལའོ། །བྱ་ས་ཐུབ་པ་རྒྱ་ཆེ་ལ། །ཤཾ་ས་བརྗོད་དང་འདོད་པ་ལ། །ཧིཾ་ས་ཆོམ་

རྐུན་སོགས་དང་གནོད། །ཧཾ་ས་ཉི་མ། མ་དཱ་ལ། །ནག་པོ་ལུས་ཀྱི་རླུང་དང་ནི། །ཆགས་མེད་མི་བདག་མཆོག་གི་བདག །རྣལ་འབྱོར་སྔགས་སོགས་དབྱེ་བ་དང་། །སེར་སྣ་རྟ་ཡི་ཁྱད་པར་ལ། །ཨ་བྷྱཱེ་ས་ནི། དེང་འདི་གཞན། །ཡང་དག་བཞག་དང་ཡོན་ཏན་དང་། །

ཕོངས་དང་འོད་དང་མ་ལུས་ལ། །ཨ་ལི་ས་ནི་བྱ་བ་དལ། །རྐང་ནང་ཤིང་གི་ཁྱད་པར་ལ། །ཨ་ལ་སཱ་ནི་དད་པའི་བདག །རྟག་འགྲོ་སྡིག་པ་གཞན་ལ་གནོད།།ཨཱ་ཤིས་སྦྲུལ་བྱི་མཆེ་བ་དང་། །གནོད་པ་བྱེད་དང་མཚུངས་པ་ལ། །ཨཱ་ཤྦཱ་ས་ནི་ཀུན་བཤད་དང་། །ཡོངས་

སུ་གཅོད་དང་ངེས་འཇུག །ཉི། །ཙྨ་ཤྭཱ་ས་ནི་འཆིང་བ་ཙམ། །གཡོ་བ་དང་ནི་གཞུ་ལའོ། །ཨུཙྪ་ས་ནི་དབུགས་རྔུབ་དང་། །དབུགས་འབྱིན་རྐྱང་བ་འཆིང་བ་དང་། །ཡོན་ཏན་གྱི་ནི་ཁྱད་པར་ལ། །ཨུཏྟཾ་ས་ནི། རྣ་རྒྱན་དང་། །རྣ་བ་གང་དང་ཐོད་དཀྲིས་ལ། །ཨུ་རས་བོང་

དང་སྒྲིབ་པ་ལ། །རུ་ཤས། དགོངས་མཐུན། ཐོ་རངས་དག །ཨེ་ནས་གཞན་དབང་སྡིག་པ་དང་། །ལུས་དང་ཁང་པ་དག་ལའོ། །ཨོ་རྫས་གཟི་བརྗིད་ཁམས་རྣམས་ནི། །ཀུན་ནས་བརྡས་དང་། རབ་གསལ་ལ། །ཉེ་བར་འཛིན་དང་གཅོད་པའང་། །ཀཱི་ཀ་སཾ་ནི་

རུས་པ་ལ། །ཀཱིཀ་ས་ནི་འབུ་ཕྲན་ལ། །ཙྪནྡས་ཚིགས་བཅད་ཐོས་པ་འདོད། །རང་དབང་དང་ནི་ཀུན་སྤྱོད་ལ། །ཙ་མ་ས་ནི་ཀུན་འགྲོ། གསེར། །རྒྱགས་དང་ཕྱི་མའི་དབྱེ་བ་ལ། །ཛྱཱ་ཡས། ཐུ་བོ། ཕུལ་བྱུང་ལ། །ཛྱོ་ཏིས། སྒྲ་དང་མེ་རབ་གསལ། །མཐོང་བ་དང་ནི་

Vol. 212 · folio 235b

མིག་གི་འབྲས། །དཀའ་ཐུབ་འཇིག་རྟེན་ཁྱད་པར་དང་། །བརྟུལ་ཞུགས། ཙནྡྲཱ་ཡཱ་ན་སོགས། །དཀའ་ཐུབ་དྲེགས་དང་བགྲང་བ་ལ། །ཏ་མས་མཐོ་རིས་སྣང་དང་ཁྲོ་། །ཡོན་ཏན་ཁྱད་པར་དོན་བྱེད་ལ། །ཏ་རས་སྟོབས་དང་ཤུགས་དག་ལ། །ཏ་མ་ས་ནི་མུན་ཅན་

དང་། །གཏུམ་མོ་ངན་དང་ཡང་འགྲོ་ལ། །ཏེ་ཛས་ཕ་རོལ་གནོན་པ་དང་། །གསལ་དང་མཐུ་དང་སྟོབས་ཁུ་བ། །དྷ་ནུས་མདའ་སྟེན་ཁྱེམ་དང་གཞུ། །གཞུ་ཅན་དང་ནི་པི་ཡཱ་ལཾ། །གཞུ་མཆོག །གཞུ་རྒྱུད་ས་སྐྱེས་ལ། །ན་བྷྱེས་ནམ་མཁའ། ན་བྷཱས་སྤྲིན། །པད་རྩའི་

འབྲས་བུ་འགྲོ་བ་འཛིན། །པ་ན་ས་ནི། ཆར། རྡོ་བ། །སྣ་དང་སྤྲེའུ་ནད་ཀྱི་དབྱེ། །ཆར་ལྡན། ཚེར་ལྡན་འབྲས་བུ་ལ། །བ་ཡས་འོ་མ་ཆུ་དག་ལ། །པཱ་ཡ་ས་ནི་དཔལ་གནས་ལ། །པཱ་ཡ་སཾ་ནི་ཟས་ཀྱི་མཆོག །པུཥྐ་སཱི་ནི་ནག་མོ་སྔོ། །ཁྱི་འཚེད། ཐ་ཤལ།

པུཥྐ་ས། །བྷཱུ་ཡས་སླར་དོན་མང་པོ་ལ། །མ་ནས། སེམས་དང་ཉེ་བ་ལ། །མ་ནིས། དགའ་སྟོན་གཟི་བརྗིད་དག །མཱ་ན་ས་ནི་རང་ནད་འཚོ། །ར་ཛས་མཚོ་དང་། ཡོན་ཏན་དང་། །རི་དང་མཆོག་དང་སྐྱེས་པ་ལ། །ར་བྷ་ར་ནི་དེ་ཉིད་དང་། །དགའ་བ་དང་ནི་

ཤུགས་ལ་ཡང་། །ར་ཧ་ས། གསང་དང་དགའ་བ་ལ། །སྲིན་པོ་མཆེ་ལྡན་རཱཀྵ་ས། །རེ་ཏ་ས་ཁུ་བ་རོ་བཅུད་དང་། །འཁྲུག་དང་སེར་སྣ་ཐ་མའོ། །རོ་ང་ས་དང་། རོ་དི་པཱི། །མཁའ་དང་ས་གཞི་དག་ལའོ། །ལཱ་ལ་ས་ནི་ལྷན་ཅིག་བརྗོད། །སྤྲོ་བ་དང་ནི་སློང་

བ་དང་། །སྲེད་པ་དང་ནི་ལྷག་པ་ལ། །བ་སྤུ་ལུས་དང་སྨིན་བྱས་ལ། །བ་ཡས་ལང་ཚོ་དང་བྱིས་པ། །སོགས་དང་མཁའ་ལ་འགྲོ་བ་ལ། །བི་རྡིས་མེ་དང་རྨ་བྱ་དང་། །ཀུ་ཤའོ་བརྩས་བཤང་འདོར་དང་། །འབར་བ། བཤད་པ་གཟུགས་ལ་འོ། །བཱ་ཡས་ནི་

ཤྲཱི་བཱ་ས། །གཏོར་མས་རྒྱས་དང་བྱ་རོག་དང་། །ཨུ་དུསྦ་རི་ཀཱ་དང་ནི། །ཀཱ་ཀ་མཱ་ཙཱི་ན་ཚོད་གནས། །མ་ཧ་ས་ནི་གཉིད་ཅན་སྦྲུལ། །ཆུ་ལས་ངེས་འབྱུང་རིམ་ལ་ལེགས། །བི་དྭདྨ་ནི་བརྟན་བདག་ཉིད། །ཤེས་རབ་ཅན་དང་རྣམ་རོལ་དང་། །བསམ་པ་རོལ་

Vol. 212 · folio 236a

པ་རྣམས་ལའོ། །བཱ་ཏས་བྱ་དང་རི་དྭགས་རྣམས། །འཆིང་བར་བྱེད་པའི་ཐབས་ལའོ། །བི་ཤཱ་ས་ནི་གོས་འབྲལ་ལ། །བི་བྷཱཏྶཱ་ནི། སྲིད་སྒྲུབ་དང་། །མི་སྡུག །བཙོག་དང་འཚེ་བ་ལ། །བེེ་དྷས་ཁྱབ་འཇུག །གཟའ་ལྷ་དུ་

རྟོགས། །རི་རས་མགོ་བོ་སྡེའི་མཆོག་ཆ། །མཆོག་དང་གཙོ་བོ་དག་ལའོ། །ཤྲོ་ཏས། ཆུ་ཤུགས། རྣ་བ་ལ། །ཤྲེ་ཡནྶ་ནི་ཤིས་དང་ཞི། །ཤྲེ་ཡ་སྦི་ནི། བླང་མོ་དང་། །པི་སྤ་ལཱི་དང་ཁྲུས་ལ་ཡང་། །ཤེ་ཡས་ཆོས་དང་། བཀྲ་ཤིས་དང་། །དཔལ་དང་གནས་

ཁྱབ་འཇུག་པདྨ་དག །ས་མ་ས་ནི་མདོར་བསྡུས་དང་། །སྙིང་དང་བདུག་སྤོས་ནུས་པ་ལ། །ས་རས་ཆུ་དང་། ལྷན་ཅིག་དགུན་དང་། །ལམ་དག་ལ། །ས་ཧ་ས་རྣམ་པ། རྣམ་གཡོ་ལ། །སཱ་ཧ་ས་ནི་དུལ་བར་འདོད། །སྟོབས་ལས་བྱ་བ་བྱེད་པ་ལའོ། །སཱ་རི་པ་ནི་ཟླ་བ་

བྱ། །སཱེའ་སཾ་ནི་འདི་མ་སྐྱེས་ལ། །ཧ་བིས་མར་དང་བསྲེག་བྱ་ལ། །ཨ་གཽ་ཀླས་དང་ན་གཽ་ཀཱས། །ས་ར་བྷ་དང་སེང་གེ་བྱ། །ཨ་དྷི་བ་ས་གནས་འདུ་བྱེད། །བདུག་སྤོས་ལ་སོགས་རྣམས་ལའོ། །ཨ་བ་དྷྭདྨ་སྨོད་པ་དང་། །ཡོངས་གཏོང་། ཀུན་ཏུ་ཕྱེ་བ་ལ། །ཨུ་ད་རྩིས་

ནི་མི་དང་ནི། །སྟེང་དུ་མེ་ལྕེ་གྱེན་འོད་ཅན། །ཀི་ནི་ཡདྨ། རྗེས་སྐྱེས་དང་། །ཤིན་ཏུ་ཆུང་དང་ནུ་བོ་ལ། །ཀ་ལ་ཧཾ་ས། ཚོགས་ཅན་དང་། །ངང་པའི་རྒྱལ་པོ་མི་དག་མཆོག །ཀུམྦྷཱི་ན་ས། དུག་འབར་དང་། །རིགས་ལྟ་བ་དང་ལག་འགྲོ་ལ། །ཀུམྦྷཱི་ན་སཱི་ལན་ཚྭའི་མ། །

གྷ་ནི་ར་ས་ཆུ་དང་ནི། །དངུལ་ཆུ་གཡས་སུ་འཁྱེལ་བ་ལ། །སཾ་ཏྲ་ནིཪྻཱ། ས། ག་པུར། །སུ་མོ་ར་ཊ་སྦོ་ལུའི་འདབ། །ཙནྡྲ་ཧཱ་ས་མགྲིན་བཅུ་པའི། །རལ་གྲི་རལ་གྲི་གཞན་ལ་ཡང་། །བྷཱ་ས་ར་ས་ཟངས་དང་ནི། །གསེར་དང་ཆུ་སྐྱེས་ལ་ཡང་ངོ་། །ཏྲི་ཤྲོ་ཏ་ས་ནཾ། ལྷའི་ཆུ་ཀླུང་། །

ཛ་ཧྣུའི་བུ་མོ་མཐོ་རིས་འདབ། །དཱིརྒྷ་ཡུས་ནི་མདའ་ཅན་དང་། །ཀ་ཤཱསྨ་ཡི་འཚོ་བྱེད་ལ། །ནིཿགྲེ་ཡ་སཾ་དགེ་བ་དང་། །གྲོལ་བ་ངེས་ལེགས་འཕྲོག་བྱེད་ལ། །ནཱི་ལཉྫ་ས་ལྷ་མོའི་དབྱེ། །ཆུ་ཀླུང་། བྱེ་བྲག་གློག་ལ་ཡང་། །པུ་ནརྦ་སུ་སྐར་མ་དང་། །ནག་པོ། ཀཱ་ཏྱཱ་ཡ་ན་

Vol. 212 · folio 236b

ལའོ། །བཽརྞ་མཱ་སཱི། ཉ་གང་དང་། །ཟླ་བ་ཉ་དང་མཆོད་སྦྱིན་ལ། །པྲ་ཆེ་ཏས་ནི། ཐུབ་པ་དང་། །ཆུ་ལྷ་དང་ནི། ནག་པོ་ལ། །ཡོ་བ་རཱི་ཡནྶ། གཙོ་བོ་དང་། །མཆོག་གནས་དང་ནི་ཆེས་གཞོན་ལ། །མ་དྷུ་ར་སཱ། མཱུརྦཱི་དང་། །རྒུན་འབྲུམ་འོ་མ་ཅན་དག་ལ། །མ་ལཱི་

མ་ས། སླུ་མ་དང་། །ལྕགས་དང་མེ་ཏོག་ཚུར་དག་ལ། །མ་ཧཱ་ར་ས་འབྲ་གོ་དང་། །མཛོད་བྱེད་དང་ནི། གོ་མ་ལ། །ར་སེ་ར་ས་བཅུད་སྐྱེས་དང་། །བཅུད་གྲུབ་པ་དང་སྟོབས་ལའོ། །པི་བྷཱ་བ་སུ། འོད་ཆེན་དང་། །ཉི་མ་འཕྲོག་བྱེད་ཁྱད་པར་ལ། །བི་ཤོ་པ་སུ་

དྲི་ཟ་ཡི། །བྱེ་བྲག་དང་མི་མཚན་མོ་ལ། །བི་ཧཱ་ཡས་ནི་མཁའ་འགྲོ་དང་། །མཁའ་དང་ལྷ་ཡི་ལམ་ལའོ། །ཤྭ་ཤྲེ་ཡ་སཾ་དགེ་བ་དང་། །གཞན་དགའ་བ་དང་སྐྱིད་པ་ལ། །སསྟྟཱ་རྩིས་ནི་སྲེག་བྱེད་དང་། །གདུང་བའི་འོད་དང་སར་མིག་ལ། །ས་མཉྫ་ས་རི་མོ་གོམས། །

བརྫ་ར་ས་པི་ཝང་གི །རབ་དབྱེ་དང་ནི་དྷཱུ་ན་ཀ །ས་དྷཱི་ཡནྶ་ཤིན་ཏུ་ལེགས། །ཤིན་ཏུ་བྷཌྚ་ལ་ཡང་ངོ་། །སེདྡྷ་རཱ་ས་རོ་བཅུད་དང་། །སྦྲུལ་གདུག་སོགས་སོ་སུམ་ནཱ་ས། །མེ་ཏོག་ཕྲེང་དང་བརྟན་དང་དབྱངས། །སུ་མེ་དྷཱས་ནི་གསལ་ལྡན་དང་། །བློ་གྲོས་བཟང་པོ་དབང་ལའོ། །

དི་བྱ་ཙཀྵུས་དོན་དང་ནི། །དྲི་བཟང་དང་ནི་མིག་མཛེས་ལ། །ན་བྷ། ཤྲ་མོས་རི་མོ་དང་། །སཱུ་པ་ཟླ་བ་དྲ་བ་ལ། །ཧཾ་གུ་ནི་རླཱ་སཾའི་སྒྲ་འདི། །ནིལྦ་དང་ནི་ཤིང་ཀུན་རོ། །ཧི་ར་ཎྚྱ་ར་ཧས་ཞེས་པ། །མེ་ལྕེ་བདུན་དང་དེ་ནས་ཡང་། །རེས་གཟའ་སྤེན་པ་ནས་བཟློག་སྟེ་ཕྲི་བའི། །བདུན་གྱི་བདུན་པ་དག་ལའོ། །ས་

མཐའི་སྡེའོ།། །།ཧ་ནི་ཁྲོ་མདངས་བཅས་པ་ཡི། །གླང་པོ་དང་ནི་རྡོ་རྗེ་ལ། །ཧི་ནི་དབང་པོ་བུ་ལའོ། །ཨ་ཧི་ལྷ་མིན། བྲྀ་ཧ། སྤྲུལ། །ཡཱི་ཧཱ་གྲིབ་མ་ཨུ་དྻ་མ། །ཨུ་ཧུ་ཟླ་བ་ཆ་ཉམས་དང་། །མཐོང་བ་དང་ནི། ཚོགས་པ་ལ། །གུ་ཧ། ཚང་

ཚིང་། སེང་གེའི། མཇུག །ཕུག་དང་ཕུང་པོ་རྣམས་ལའོ། །གྲྀ་ཧ་ཁྱེམ་དང་། བལླཱི་དང་། །འཛིན་ཁྲི་འཛིན་པ་དོ་ཤལ་ལ། །གྲ་ཧ་ཉི་མ་ལ་སོགས་དང་། །འཆིང་བ་ཉེ་བར་ཆགས་པ་དང་། །སྐྲ་དང་ཨཏྻ་མ་དང་ནི། །འཛིན་བྱེད་དགའ་བྱེད་ལ་སོགས་དང་། །སེང་

Vol. 212 · folio 237a

གེ་མའི་བུ་མུན་པ་འཛིན། །ན་ཧཱ་འཆིང་བ་བརྩེགས་པ་དང་། །ཡངས་པ་གླང་པོ་རྐང་པ་ཚིགས། །སྤྲོ་ཧ་ཏོ། གེ་བྱང་བ་དང་། །སྡེ་ཚན་དང་ནི་ཡངས་པ་ལ། །གསུམ་སོགས་གྲངས་ལ་དེ་བཞིན་ནོ། །པཱ་ཏ་ཁྱུ་མཆོག་ང་རྒྱལ་དང་། །

རྟ་ལའོ། །བཱ་ཧ་བཞོན་པ་ལའོ། །མ་ཧ་དགའ་སྟོན་གཟི་བརྗིད་ལ། །མ་ཏཱི་ས་དང་ཆུ་ཀླུང་དང་། །རྨོངས་དང་དགའ་བ་དག་ལའོ། །ཨ་ཧཾ་བློ་གྲོས་རྨོངས་པ་ལ། །ལོ་ཧེ་མཚོན་ཆ་ཛོངྒ་ཀ །མེ་ལས་སྐྱེས་པ་ཐམས་ཅད་ལ། །བརྷཾ་རྨ་བྱའི་མཇུག་འདྦ་བ་གཤོག །

ཡ་ཧཱ་དྲི་བཞོན་ཕུང་པོ་ཡུལ། །ཁྱུ་མཆོག་རྣམས་སོ་བྻུ་ཧ་ནི། །དཔུང་གི་བཀོད་པ་ཚོགས་དང་ནི། །སྤྲུལ་པ་དང་ནི་རྟོགས་པ་ལ། །ས་ཧ་སྟོབས་དང་བཟོད་པ་ས། །མུངྒ་པརྞི་ན་ཥ་སྨན། །ས་ཧ་ལྷ་མོ་གཞོན་ནུ་མ། །བཟོད་པ་དང་ནི་ལྡན་པའོ། །སིཾཧ་

མགྲིན་པའི་སྒྲ་ཅན་དང་། །ཁྱེམ་གྱི་དབྱེ་བ་གཙོ་བོ་གནས། །མོ་ཏཱི་ཆེན་པོ་ལོ་རྒྱུས་དང་། །ཀཽ་རངྒ་དང་མ་མ་བེ་ལུ། །སྣ་ཧ་མར་དང་ཏིལ་ལ་སོགས། །ཁུ་བའི་རྫས་དང་མཛའ་བཤེས་ལ། །ཨ་ཏྱཱུ་ཧཱ་ནི་རྨ་བྱ་དང་། །ཧ་དྱཱུ་ཧོ་དང་རམས་དང་སྨན། །ཨཱ་གྲ་ཧ་ནི་རྗེས་

འཛིན་ནུས། །འཛིན་བྱེད་དང་ནི་རིམ་པ་ལ། །ཨཱ་རོ་ཧ་ནི་རི་ངོས་དང་། །རིང་པོ་ཉིད་དང་ཀུན་ནས་བསྒྲེང་། །མཆུ་ཞེང་དང་ནི་གླང་པོ་འདུལ། །ང་རྒྱལ་དབྱེ་བ་ལ་ཡང་འགྱུར། །ཨུ་ཧ་ནི་སྤྲོ་བ་དང་། །སྲད་བུ་དང་ནི་རྒྱུད་ལ་ཡང་། །ཀ་ཌ་ཧཱ་མ་ར་ཏི་ལ་སོགས། །

སྣོད་དང་ག་པུར་རྣམས་དང་ནི། །མཆོད་རྟེན་དང་ནི་རུས་སྦལ་རྒྱབ། །མ་ཧེའི་ཕྲུག་གུ་རྣམས་ལའོ། །ཀ་ལ་ཧ་ནི། འཚོང་འབུ། འཐག །རལ་གྲིའི་ཤུབས་དང་ཟེ་འབྲུ་ལ། །དཱ་ཏྱཱ་ཧ་ནི། སྦྲུལ་ནག་དང་། །ཕྱག་འཚལ་དང་ནི་མཁའ་འགྲོ་ལ། །ན་པཱ་ཧ་ནི་དང་

པོ་དང་། །ཉིན་མོ་ལཾ་དང་ཆ་ས་ལའོ། །ན་གྲ་ཧ་ནི་བརྒྱད་བཀག་དང་། །བཅིང་བ་དང་ནི་ཁྲིམས་ལུགས་ལ། །ནིཪྻུ་ཧ་ནི། སྒོ་ཁྱུད་དང་། །ཐོད་དང་གླང་པོའི་མཆེ་བ་ལ། །ནིརྵུ་ཧ་ནི་འདོམས་ཀྱི་དབྱེ། །རྟོག་དང་ངེས་པ་དག་ལ་ཡང་། །པ་ཊ་ཧ་ནི་ཡང་དག་

Vol. 212 · folio 237b

རྩོམ། །དམག་གི་རྔ་ཆེན་དག་ལའོ། །པྲ་གྲ་ཏ་ནི་སྲང་ཐག་དང་། །ཛྱཱ་བཱནྡྷ་དང་། ངེས་དང་ལག །རཤྨི་རྟ་སོགས་སྲབ་དང་ནི། །མོ་གཤམ་གསེར་ལྡན་ནི་བ་ལ། །པྲ་ག་ཧ་ནི་སྲད་བུ་དང་། །ཆར་ལ་སོགས་པའི་ཚད་ལ་ཡང་། །བྲ་བཱ་ཧ་ནི་ཐ་སྙད་

དང་། །འོ་མ་དང་ནི་ཆུ་རྒྱུན་ལ། །པ་རཱ་ཧ་ནི། ཕག་མུསྟཱ། །དྲི་བི་སླུ་སྤྲིན། རྔ་ཆེན་ལ། །པཱ་ར་ཧི་ནི་མ་མོ་དང་། །སངས་རྒྱས་ལྷ་མོར་བལྟ་བར་བཤད། །སྨན་ལ་ཡང་ངོ་། །བི་གྲ་ཧ། །ལུས་དང་གཡལ་དང་རྒྱ་ཆེ་ལ། །རབ་ཏུ་རྣམ་པར་ཆར་དབྱེ་དང་། །

བསྡུས་དང་ལུས་འཕགས་མི་ཐི་ལའོ། །བི་དེ་ཧ་ནི་མི་ཐཱི་ལཱ། །ལུས་ཀྱི་ས་སྟོང་པ་ལ་ཡང་། །བརྗོད་པའི་དེ་ཧཱི་ནི་གསལ་བ་དང་། །དཀར་མོ་ཚངས་པའི་བུད་མེད་དང་། །པིསྤ་ལཱིའོ་སཾ་གྲ་ཧ། །རྒྱ་ཆེ་མཚོན་དང་ཁུ་ཚུར་བསྡུས། །མདོར་བསྡུས་རྣམས་སོ་སུ་བ་ཧ། །

ཡ་དག་འབབ་པ་ལ་འདོད་དོ། །སུ་བ་ཧཱ་ནི། ཨེ་ལེའི་འདབ། །ཤལླཱུ་ཀཱི་དང་སྨན་དག་ལ། །ལྕུག་མ་དང་ནི་དང་རྐང་དང་། །སེ་ཕ་ལི་ཀཱ་རྣམས་ལའོ། །ཨ་བྷེ་གྲ་ཧ་མངོན་པར་འཛིན། །མངོན་པར་སྦྱོར་དང་ཞེ་ས་ལ། །ཨ་བ་གྲ་ཧ་ཆར་འགོག་དང་། །སོ་སོར་འཆིང་

དང་གླང་པོའི་གྲལ། །ཨ་བ་རོ་བ་རང་དབང་མིན། །རྩ་བ། ལཱུ་ཏ་སྟེང་འགྲོ་དང་། །ཡལ་ག་དང་ནི་ཤི་པ་ལཱ། །སུམ་རྩེན་དེ་བཞིན་འབབ་པའོ། །ཨ་ཤྭ་རོ་ཧཱ་དྲི་ལ་སྟེ། །ཨ་ཤྭ་རོ་ཧ་རྟ་རེས་པ། །ཨུ་པ་ག་ཧ་མོ་གཤམ་དང་། །ཉེ་བར་སྦྱོར་དང་རྗེས་མཐུན་ལ། །ཨུ་པཱ་ནཱ་

ཧ་པི་ཝཾ་དང་། །འཆིང་བྱེད་རྨ་དང་བྱུག་པ་ལ། །གནྡྷ་བ་ཧཱ་སྣ་ཅན་མ། །གནྡྷ་བ་ཧ་རླུང་ལའོ། །ཏ་ནཱུ་རུ་ཧཾ་མཁའ་ལྡིང་དང་། །སྤུ་ཅན་ཏ་མོ་ཕ་ཧ་ན། །རྒྱལ་གཉི་མ། མི་དང་ནི། །རི་དྭགས་མཚན་མ་རྣམས་ལའོ། །དེ་བ་ས་ཧ་སྲུ་ཏ་དང་། །ཨུཏྤལ་སྡོང་བུ་སྨན་ལའོ། །པ་རི་གྲ་ཧ་ཡོངས་སྐྱེ་དང་། །

ས་ལཾ་རང་བྱེད་མནའ་ལའོ། །པ་རི་བཱ་ཧེ་རིན་དང་ནི། །རྒྱལ་པོ། རུང་བ། ཡོངས་བགེབས་ལ། །བ་རཱི་བཱ་ཧ། ཆུ་དབུགས་འབྱུང་། །ས་སྐྱོང་དངོས་པོ་ཐུག་པ་ལའོ། །པི་ཏཱ་མ་ཧ་ཕ་ཇོ་བོ། །ཚངས་པ་དང་ནི་མེས་པོ་ལ། །པ་ཏི་གྲ་ཧ་རང་གིར་བྱེད། །དམག་དང་རྒྱབ་དང་

Vol. 212 · folio 238a

གཟའི་བྱེ་བྲག །ཆེན་པོ་རྣམས་དང་བི་པ་དང་། །རླུང་དང་དེ་འཛིན་གནས་འཛིན་ལ། །མ་ཧཱ་རོ་ཧཱ་སྐེད་པ་དང་། །བུད་མེད་དབྱེ་བ་ཉིན་དང་མཚན། །ཀུན་འབབ་མ་ཧཱ་ས་ཧཱ་ནི། །ན་བ་སྲན་མའི་ལོ་མ་ལའོ། །པྲ་བིཏྵ་མ་ཧཾ་ཞེས་པ། །མེས་པོ། ཚངས་

པ། ཕ་ཡི་ཕ །ཧ་མཐའི་སྡེའོ།། །།ཀྵ་ནི། སྲིན་པོ། ཞིང་ཙམ་ལ། །ཨཀྵ་འཁོར་ལོ་ཞགས་པ་ཅན། །ཤིང་རྟ་བ་རུ་ར་དང་ནི། །ཀུན་སྤྱོད་ཐ་སྙད་བསམ་པ་དང་། །དཱདྨཱངྒཪྴ་དག་ལའོ། །ཨཀྵྀ་ར་དབང་པོ་སྤངས་མ་དང་། །སཽ་བརྩེ་ལ་ལ་ཡང་ངོ་། །རི་ཀྵཾ་བྷ་ལླུ་དོམ་

དང་དམར་པོ་དང་། །བྱས་པ་དང་ནི་ནོར་ལའོ། །རྀ་ཀྴཾ་དྲང་སྲོང་བྱེ་བྲག་དང་། །སྐར་མ་དང་ནི་འགྲོ་བའི་དབྱེ། །ཀཀྵ་སེ་ར་བྷ་དང་ནི། །ལག་པའི་རྩ་བ་གློ་དང་ནི། །ནགས་ཚལ་སྐམ་དང་རྩྭ་དང་ནི། །གེལ་པ་ལའོ་ཀ་ཀྵུ་ནི།།ཁྱེམ་དང་གསེར་ལྡན་བང་མཛོད་དང་། །ཡོངས་

འགེབས་ལྕུག་མ་གཡོ་བ་དང་། །འདྲེན་དང་འཛིན་དང་སྣོད་དང་ནི། །ཤིང་རྟའི་ཡན་ལག་གླང་པོ་རྡུལ། །ཙཽཀྵྀ། བསིལ། ཟླུམ་པོ་དང་། །སྣོད་དང་། གཙང་དང་ཡིད་འོང་ལ། །དཀྵཽ་ཐུབ་པ་འཕྲོག་བྱེད་དང་། །ཤིང་དང་བྱ་གག །མེ་འཛིན་བྱེད། །དཀྵོ་སྤོབས་

པ་ཅན་དང་མེ། །དཀྵ་ས་གཞིའོ། དྡྷཾ་ཀྵ་ནི། །བྱ་རོག་དང་ནི་ཀཾ་ཀ་དང་། །སློང་བ་པོ་དང་རྟོག་གེ་ཁྱིམ། །དྷཱུཀྵཱཀྐ་ཨི་ཀ་དང་། །ནྱ་ཀྵ་མཐའ་དག་ནག་པོ་དང་། །དགྲ་སྟ་རཱ་མ་ལ་ཡང་ངོ་། །བཀྵ་ཕྱོགས་དང་ངོས་གཅིག་དང་། །ཁྱིམ་དང་། རྩིག་པ་ཟླ་བླ་མི། །གྲོགས་པོ་

རྒྱལ་པོ། གླང་པོ་སྟོབས། །བསྒྲུབ་བྱ། མཁའ་ལྡིང་ལུས་ཡན་ལག །སྒྱེད་པུ། བུ་ག་འགལ་བ་དང་། །སྐྲ་སོགས་མཆོག་དང་ཚོགས་ལའོ། །པྲེཀྵ། བློ་གྲོས་གར་སྐད་ཅིག །པཀྵ་བིསྤ་ལ་རལ་པ། །ཁྱེམ་གྱི་ལོགས་ལ་ཡང་། །མར་མེའི་བྱེ་བྲག་ད་རྡའི་སྣོད། །བྷཾཀྵཱ་

འཛིན་དང་མུན་པ་འཇིག །ཉལ་དང་། སློང་བའི་དངོས་པོ་ལ། །མོ་ཀཱ་བྱད་གྲོལ། གྲོལ་བ་ཐར། །མུཥྐ་ཀ་ཡི་རྐང་འཐུང་ལའོ། །ཡཀྵ། ལུས་ངན། གསང་བ་པ། །སྲུང་བ་སྲུང་བྱེད་མཚོན་པ་ལ། །རཱུ་ཀྵ་ཤིང་གི་ཁྱད་པར་དང་། །རྩུབ་པ་དགའ་བ་སྟོང་པའོ། །

Vol. 212 · folio 238b

ལཀྵེ། གྲངས་དང་། །ཁང་པ་མདའ། །ངོ་མཚར་བྱེད་དང་ངོ་མཚར་ལ། །ཨ་དྷྱཀྵ་ནི་དབང་བྱེད་པ། །པ་དྱུཀྵ་ནི་མངོན་སུམ་དང་ནི། །མི་འགྱུར་བ་དང་སྐད་ཅིག་པ། །མགོ་བོ་གནད་དང་སོ་རྣམས་ལ། །ཨུསྦྲེཀྵ་ནི་སྙན་དངགས་རྒྱན། །ཨ་ན་དྷཱ་དག་ལའོ། །ག་

བཱཀྵུ་ནི་དབང་པོ་དང་། །ཆུ་ལྷ། དཱ་བཱ། ཀཱིཀཱི་ཤ །གོ་རཀྵ་ནི་ཞ་ཉེའི་མཚན། །བ་ལང་རྣམས་ནི་ཡོངས་བསྲུང་ལ། །མྲྀ་གཱ་ཀྵི་ནི་རི་དྭགས་མིག །དབང་པོ། ཆུ་ལྷ་འདོད་ལྡན་ལ། །རཀྟཱ་ཀླ་ནི། སཻ་རི་ཐ། །འཁྲུག་དང་ཕུག་རོན་ཙ་གོ་ར། །ས་མཱིཀྵ་ནི་དེ་ཉིད་དང་། །

བློ་དང་གཞུང་གི་དབྱེ་བ་དང་། །ནི་བྷ་ལ་ན་རྣམས་ལའོ། །དེ་བི་བྲྀཀྵ་ལོ་མ་བདུན། །གུ་གུལ་མནྡཱ་ར་སོགས་ལ། །བཱི་ར་བྲྀཀྵ་བྷ་ལླཱ་ཏའི། །རྐང་འཐུང་ཀ་ཀུ་བྷ་ཡི་ཤིང་། །བྱུ་ཏ་བྲྀཀྵ། ཤཱ། བོ་ཊའི། །ཤིང་དང་རྐང་འཐུང་དམར་པོའོ། །ཛ་རཱ་བྲྀཀྵ་རྨ་མེད་དང་། །

གསེར་ཅན་དང་ནི་སཾ་ཐ་ལ། །བི་ཤཱ་ལཀྵ་འཕྲོག་བྱེད་མིག །ཡངས་པའི་མིག་མཆོག་ཅེས་བྱའོ། །ཤ་ཀ་ཊཱཀྵ་ཤིང་དྷ་བ། །ཟུར་མིག་དང་བཅས་ཞེས་བྱའོ། །ཨ་ཎ་སོགས་དང་ཏ་བྱ་ཡོན་ཏན་སོགས་སྦྱོར་ལས། །འཁྱོག་པོའི་ཚིག་གི་འབྲས་བུར་གྱུར་རྣམས་

བལྟ་བྱ་སྟེ། །མ་བརྗོད་རྟགས་ཀྱི་ཚོགས་རྣམས་ཀྱང་ནི་དྲང་སྟེ། །གལ་ཏེ་འགའ་ཞིག་ཡངས་པས་འཇིགས་ལ་འདིར་བྱས་མིན། །སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་ཀྵ་ཡིག་མཐའ་ཡི་སྡེ་རྣམས་རྫོགས་སོ།། །།ད་ནི་ཨ་

ཡིག་ལ་སོགས་པའང་། །དེ་ལྟའི་ཡང་དག་རིམ་པ་ལ །སྣ་ཚོགས་དོན་གྱི་སྐབས་འདིར་ནི། །བདག་གིས་མི་ཟད་རྣམས་ཀྱང་བརྗོད། །ཨ་ནི་དཔལ་མགྲིན། ཨཱམ་སཾ་པོ། །དྲན་པ་དག་དང་མངོན་ཁྱབ་དང་། །ཉེ་བ་ཁམས་དང་ལྷག་མའི་དོན། །ཀུན་ཏུ་

གདུང་དང་ཁྲོ་བ་ལ། །དེ་དག་མཚམས་སྦྱོར་མི་བྱའོ། །ཨི་ནི་འདོད་པ་སྐྱོ་བ་དང་། །དཔལ་དང་སྡུག་བསྔལ། དངོས་ཁྲོ་བ། །ཞི་བ་རྫོགས་སངས་རྒྱས་དང་། སྐད། །ཨཱ་ནི་སྲུང་བ་སྲུང་བྱེད་དང་། །གཙང་བ་བྱ་བ། རྩོམ་གྲངས་མེད། །རྀ་ནི་ལྷ་ཡི་ཚིག་སྨད་

Vol. 212 · folio 239a

པ། །རྀ་ནི་ལྷ་མིན་མ་ཚིག་སྨད། །འྀ་ཡང་ལྷ་ཡི་མ་ལའོ། །ཨེ་ནི་ལག་པ་བཞི་པོ་དང་། །དྲན་པ་བོད་པ་གླུ་དག་ལ། །ཨི་ནི་ཞི་བ་ལ་བཤད་དེ། །དྲན་པ། བོད་པ་འགྲན་པ་ལའང་། །ཨཾ་ནི་ཚངས་པ་འོད་དང་འགྲན། །ཨཽ་ནི་ནམ་

མཁའ་བོད་པ་འགྲན། །ཆོས་མཆོག་རྗེས་སུ་འདོད་པ་ལ། །ཨཿནི་ཕྱག་དར་ལ་བཤད་དོ། །ཀུ་ནི་སྨོད་དང་། ཅུང་ཟད་དོན། །ཀིཾ་ནི། བྱེ་བྲག་སྒྲིབ་པ་དང་། །སྤྱོ་དང་སྨོད་པ་ལ་ཡང་ངོ་། །ཀི་ནི་མ་འོངས་པ་དང་ངལ། །ཨངྒ་ཀུན་ཏུ་བོད་པ་དང་། །དགའ་དང་། སླར་དོན་

ལ་ཡང་བལྟ། །ཀིཉྫ་རྩོམ་དང་། མཐའ་དག་ལ། །ཙ་ནི་རྒྱུད་དང་། རྣམ་ངེས་དང་། །རྐང་པ་ཁ་སྐོང་མཆན་པར་དང་། །ཀུན་ལས་བཏུས་དང་ཞར་བྱུང་བསྡུ། །ཕན་ཚུན་དོན་དང་དམིགས་འཛིན་དང་། །ཐད་ཀ་དང་ནི་མི་སྣང་དོན། །འཁྱོག་དང་མཁའ་འགྲོ་ལ་སོགས་

ལ། །ན་ནུ་ཙ་ནི་དྲི་བ་དང་། །ལྷ་དང་རྟོག་དང་ཡང་དག་བརྟན། །རབ་ཏུ་བསྔགས་པ་དག་ལའོ། །པྲཉྩ་མཆོག་དང་། འདས་པ་སྔོན། །ཐོ་རངས་དང་ནི་བར་སྐབས་ལའོ། །ཕྱོགས་དང་། ཡུལ་དུས་ཧེ་རུ་ཀ །དབུས་དང་། བི་ནརྠ་དག་ལའོ། །ན་ཉ་མེད་དང་དགག་

པ་དང་། །དེ་དང་འགལ་དང་དེ་ལས་གཞན། །འདྲ་བ་དང་ནི་ཅུང་ཟད་དོན། །རང་བཞིན་དོན་དང་རིམ་པ་ལའོ། །པུཥྦཱུ་རབ་ཏུ་བསྔགས་པ་དང་། །ཤིན་ཏུ་དོན་དང་ལེགས་པ་དང་། །བཟང་དང་ཁ་ན་མ་ཐོ་མེད། །ཨ་ཏི་བར་དང་མེད་པ་དང་། །དབུས་ཀྱི་དོན་དང་བསྟོས་པ་

དང་། །འདྲ་བ་ཉིད་དང་ད་ལྟར་འདོར། །ཕུལ་དུ་བྱུང་དང་གོང་བ་ལའོ། །ཨ་ཏས་དམིགས་ཀྱིས་སྟོན་པ་དང་། །ངེས་བསྟན་ལྔ་པའི་དོན་དང་བྱེད། །ཨནྟ་ཏས་ནི་བསྟན་པ་དང་། །ལྔ་པའི་དོན་དང་སྒོམ་ཡན་ལག །རྗེས་ཤེས་ཕྲ་མ་གནོད་པ་ལའང་། །ཨ་ཧོ། ངོ་མཚར་

འདོད་པ་དང་། །སྐྱོ་དང་རྫོགས་པའི་སངས་རྒྱས་དང་། །རྗེས་སུ་བརྩེ་བ་དག་ལའོ། །ཨཱ་རང་རིང་དང་ཉེ་བ་ལ། །ཨི་ཏས་ངེས་པ་ཆ་དག་དང་། །ལྔ་པའི་དོན་ལ་ཡང་བཤད་དོ། །ཨ་ཏི་རྒྱུ་དང་རྫོགས་པ་དང་། །གླེང་གཞི་རབ་དབྱེ་གསལ་བྱེད་སོགས། །རྗེས་སུ་འགུགས་པ་

Vol. 212 · folio 239b

རྣམས་དང་ནི། །རྣམ་པ་འོན་ཏེའི་དོན་རྣམ་རྟོག །ཨུ་ནི། འདྲི་དང་རྣམ་རྟོག་དོན། །ཀི་ནི་དྲི་དང་འདོད་པ་དག །ཀི་མུ་ཏ་ནི། ཕུལ་བྱུང་དང་། །དྲི་དང་རྣམ་རྟོག་དོན་ལའང་གྲགས། །ཀུ་ཏས་རྟོགས་དང་འདྲི་བ་དང་། །ལྔ་པའི་དོན་ལ་ཡང་དྲན་ནོ། །ཧེ་ནི་ཁྱོད་དོན་སྦྱིན་

བྱིན་དོན། །མེ་ནི་བདག་དོན་བདག་གི་བ། །ཏུ་ནི་རྐང་པ་ཁ་སྐོང་དང་། །དབྱེ་བ་དམིགས་འཛིན་ཀུན་སྡུད་པ། །ཏ་ཏས་དང་པོ་ཡོངས་སུ་འདྲི། །ལྔ་པའི་དོན་དང་གཏམ་བཞིན་ནོ། །ཏ་པས་བས་མེ་ཆད་དང་ཆད། །མིག་འཛིན་པ་དང་ཅུང་ཟད་ཡོད། །ཡོངས་

འབེབས་ལའོ། །པབྩ་ཏ་ནི། །ནུབ་དང་ཕྱི་མ་ལ་ཡང་ངོ་། །པུ་ར་སྟང་ནི་ཤར་དང་། སྔར། །སྔ་མའི་དོན་དང་དང་པོ་ལ། །པྲ་ཏི་སླར་སྦྱིན་དང་པོ་དང་། །སོ་སོར་ངེས་པར་འཛིན་པ་དང་། །གཙོ་བོ་འབྱུང་དང་ཐོབ་འདོད་དང་། །མཚན་ཉིད་སོགས་དང་རབ་སྦྱོར་དང་། །

ཙམ་གྱི་དོན་དང་མངོན་ཕྱོགས་དང་། །རབ་ཏུ་གསལ་དང་བརྗོད་པ་ལའང་། །བ་ཏ་སྐྱོ་དང་རྩེ་དང་། སྨོད། །མགུ་དང་འབོད་དང་རྨད་བྱུང་ལ། །ཡ་ཏས་སྒྲ་ནི་ངེས་པ་དང་། །ལྔ་མའི་དོན་དང་རྣམ་འབྱེད་ལ། །ཡདྦ་ཏ་ཏྲི་དང་རྣམ་རྟོག་ལ། །ཡ་ཏ་བདག་དང་ངེས་བཟུང་

ལ། །སཱི་མན། ལེའུ་ཀ་ཏ་སྟེ། །ཤྭ་ཏྭཏ་ཡང་དང་རྟག་ཏུའི་དོན། །ཤི་ཏི་ནི། དྲི་དང་རྣམ་རྟོག་ལ། །ས་ཀྲྀཏ་ལྷན་ཅིག་ལན་ཅིག་ལ། །སཱ་ཀྵཏ་མངོན་སུམ་མཚུངས་པ་དག །སྭསྟེ་སྨོན་དགེ་བསོད་ནམས་དང་། །བདེ་ལེགས་བདེ་བ་ལ་སོགས་ལ། །ཧནྟ་དགའ་

དང་རྗེས་སུ་བརྩེ་། །དག་དང་རྩོམ་པ་དུག་ལ་སོགས། །དུག་སོགས་བཟང་བའི་དོན་ལ་ཡང་། །ཧནྟའི་སྒྲ་ནི་རབ་ཏུ་སྦྱོར། །ཨ་ཐ། ཨ་ཐོ་དགེ་བ་དང་། །དྲི་དང་རྩོམ་དང་ཐེ་ཚོམ་དང་། །བར་མ་ཆད་ལའོ་ཨ་ནྱ་ཐཱ། །དེ་བཞིན་མིན་དང་རྣམ་གཞན་དོན། །ཏ་ཐཱ། དེ་འདྲ་

ངེས་བསྟན་དང་། །ངེས་དང་ཀུན་སྡུད་པ་དང་ནི། །རྒྱུད་དང་། སྐྱེད་པར་བྱེད་པ་དང་། །མདོར་བསྟན་དང་ནི་སོ་སོའི་དག །ཡ་ཐཱ་རྗེས་དཔག་དེ་འདྲ་དང་། །ངེས་བསྟན་མདོར་བསྟན་དག་དང་ནི། །རྒྱུ་དང་སྐྱེད་བྱེད་དག་ལ་ཡང་། །དྲྀ་ཐཱ་ནད་དང་བོར་བ་དང་། །རྒྱུ་མེད་

Vol. 212 · folio 240a

མོ་གཤམ་ཐམས་ཅད་དུ། །རྒྱུ་དེས་དག་ལ་བལྟ་བར་བྱ། །ཨུད་གཙོ་བོ་རབ་གསལ་དང་། །ཐར་པ་འཆིང་བ་སྟེང་གི་ལས། །བྱུ་རུ་ཐོབ་པ་དངོས་པོ་དང་། །བྲལ་བ་རང་རུས་ནུས་མེད་ལ། །ཨ་ནུ་རིམ་པ་དམན་པ་དང་། །རྗེས་ཀྱི་དོན་དང་

ལྷན་ཅིག་དོན། །ཞེང་ཆེ་བ་དང་ཉེ་བའི་དོན། །འདྲ་བ་མཚན་ཉིད་ལ་སོགས་ལ། །ཀི་ནུ་དྲི་དང་རྣམ་རྟོག་ལ། །ན་ནུ་དྲི་དང་དམིགས་འཛིན་དང་། །འབོད་པ་རྗེས་ཁྲིད་རྗེས་གནང་དང་། །ནཱ་ནཱ། དུ་མ་བོར་དོན་དང་། །གཉི་གའི་དོན་རྣམས་ལ་ཡང་ངོ་། །ནི་ན། རྟག་དང་

ངེས་པ་དང་། །ངོ་མཚར་རྣམ་བཀོད་མདོར་ཕུང་པོ། །ནང་གི་དངོས་དང་དངོས་པོ་དང་། །མཐོང་བ་དང་ནི་སྦྱིན་པ་པོ། །འཆིང་དང་མཆོག་ཏུ་ཞི་བ་དང་། །ཐར་དང་དགེ་བ། ཐེ་ཚོམ་དང་། །གནས་ལའོ་ནུ་ནི། རྗེས་ཁྲིད་དོན། །གནས་དང་རིགས་དང་འདྲ་བ་དང་། །

རྒྱུ་ཡི་དོན་ལ་བལྟ་བར་བྱ། །ཨ་པ་ནག་པོ་བྲལ་དོན་དང་། །བོར་བའི་དོན་དང་ཀློག་པ་དང་། །བྲལ་དང་མི་སྙུག་ཆོམ་རྐུན་དགའ། །ངེས་པར་བསྟན་པ་དག་ལའོ། །ཨ་བེེ་སྲིད་པ། དགོས་པ་དང་། །དྲི་དང་། སྨོད་དང་ཀུན་སྡུད་དང་། །རིགས་པ་ཚིག་དོན་

འདོད་སྤྱོད་དང་། །བྱ་བ་རྣམས་ལའོ་ཨུ་པ་ནི། །དམན་དང་ངན་དང་ཁྱབ་པ་དང་། །རྩོམ་དང་། མཆོད་པ་དག་དང་ནི། །སྤྱོད་མེད་བྱེད་པ་སྦྱིན་པ་དང་། །སྦྱིན་གནས་དང་ནི་འདས་པ་དང་། །ཨུད་ནི་བརྩོན་པ་སྐྱོན་དང་གཏམ། །འཆི་མེད་དོན་དང་བརྩོན་པའི་དོན། །

བསྡུ་བ་དང་ནི་བྱུག་འདོད་དང་། །མུ་བའི་དོན་སྒྲ་ནི་རབ་ཏུ་གྲགས། །བ་ཡི་སྒྲ་ནི་དཔེ་ལ་འགྱུར། །ཆུ་ལྷ་ལ་ཡང་འདི་ཉིད་དོ། །བཱ་ནི་རྣམ་རྟོག་དཔེ་དང་ནི། །ཁོ་ནའི་དོན་དང་ཀུན་སྡུ་པའོ། །བཻ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་རྗེས་འཁྲིད་ངེས་པ་ལའོ། །ཨ་བྷི་

འདི་ལྟར་གྱུར་དང་གཏམ། །མངོན་པར་འདོད་དང་མངོན་དུ་ཕྱོགས། །ཨ་བྷཱིཀྵྣཾ་ཡང་ཡང་། མྱུར། །ཕུལ་བྱུང་དང་ནི་རྒྱུད་ལའོ། །ཨཱ་བྷི་ཀྵྜྱཾ་ཡང་དེ་བཞིན་ཏེ། །ཡང་ཡང་དང་ནི་རྒྱུད་ལ་འདོད། །ཨ་མཱ་ལྷན་ཅིག་དོན་དང་། ཉེ། །གནམ་སྟོང་དང་ནི་ལྷན་ཅིག་གོ། །

Vol. 212 · folio 240b

ཨ་པ་བྱེ་ནི་འབད་དང་། རྟག །ཨ་ལཾ་རྒྱན་དང་། ཆོག་ཚིག་དང་། །འབྲས་མེད་ནུས་ལྡན་ཐོབ་དམིགས་འཛིན། །ཨི་དཱ་དཱི་ནི། ཚིག་རྒྱན་ལ། །སཾ་ནི་སྔར་དོན་ལ་ཡང་འདོད། །ཨི་ནི་སྡུག་བསྔལ་སྒོམ་པ་དང་། །ཁྲོ་དང་མངོན་སུམ་ཀུན་ཏུ་འཛིན། །ཨུཾ་ནི་དྲི་དང་ཁབ་ལེན་ཁྲོ། །ཨུཾ་ནི་

དྲི་དང་ཁབ་ལེན་ཁྲོ་དང་སྯོ། །ཨེ་ཝཾ་རྣམ་པ་དཔེ་དང་ནི། །ཁས་ལེན་དང་ནི་ངེས་གཟུང་དང་། །ཨོཾ་ནི་རྗེས་སུ་འདོད་པ་དང་། །བརྗོད་དང་རབ་བསྔགས་རིམ་པ་ལ། །ཀ་ནི་མགོ་དང་བདེ་དང་ཆུ། །ཀ་ཐི་དྲི་བ་རྣམ་པ་ལ། །པཾ་ནི་གཡོ་དང་འབྱུང་བ་ལ། །མ་མི་རྗེས་

སུ་འདོད་པ་ལ། །པྲ་ན་འདོད་དང་རྗེས་བགྲོད་ཉི། །ཀཾ་ནི་དྲི་དང་སྨད་པ་ལ། །ཛོ་ཥ་ཚི་སྨྲ་བདེ་བ་དང་། །རབ་ཏུ་བསྟོད་དང་གཡོ་བ་ལ། །ཨུདྡི་ནཾ་ནི་ཉིན་ཆུད་དང་། །ཉི་མ་སོ་སོར་གནས་པ་ལ། །ཏུཥྞཱི་ཀཱ་ནི་མ་སྨ་ཙམ། །ཏཱུ་ཥྞཱི་ཀཾ་ནི་ཐུབ་པ་ཅན། །ནཱ་མ་རབ་གསལ་

འབྱུང་བ་དང་། །ངན་དང་ཁས་ལེན་ཁྲོ་བ་ལ། །ནུ་ནམ་རྣམ་པར་རྟོག་པ་དང་། །དོན་ངེས་པ་ལ་རྣམ་པར་བཤད། །པྲཱ་དྷ་གུག་པ་རྗེས་སུ་མཐུན། །ཕུལ་བྱུང་ངེས་དང་ཤིན་ཏུའི་དོན། །ཤཾ་ནི་དགེ་དང་བདེ་བ་ལ། །སཾ་ནི་ཆགས་དོན་མཉམ་པའི་དོན། །མཛེས་

པའི་དོན་དང་ཕུལ་བྱུང་དོན། །སྨ་ནི་འདས་དང་རྐང་པ་སྐོང་། །ས་མཱ་སྨོད་དང་གཉིས་ལྡན་ལ། །སཾ་པྲ་ཏཾ་ནི་ད་ལྟར་བ། །ཧཾ་ནི་ཁྲོ་ཚིག་རྗེས་ཁྲིད་ལུས། །པྲ་གུ་ང་ནི་རྣམ་རྟོག་ལ། །ཧཱུཾ་ནི་རྣམ་གནོན་རྗེས་སུ་འདོད། །སྡིག་པ་ལ་ཡང་འགའ་ཞིག་འདོད། །ཨ་ཡི་ཀཱ་

ནི་ཆ། ཤས་ངན། །སྨྲ་བ་རྟོགས་དང་དགའ་ཚིག་དང་། །གཡུལ་ངོར་སོན་དང་རྗེས་ཁྲིད་དང་། །འགྲོ་དང་ཀུན་འཁོར་ཁྲོ་བ་ལ། །ཨཱ་ཡ་དྲན་དང་དུག་སོགས་དང་། །དུས་མཐའ་དང་ནི་དབུས་དག་ལ། །ཨནྟ་རཱ་ནི་བྲལ་དོན་དང་། །དབུས་ཀྱི་དོན་དང་ཉེ་བའི་དོན། །

ཨནྟར་རབ་མཐའི་དོན་དབུས་དོན། །རང་གི་བྱེད་དོན་རྣམས་ལ་བལྟ། །ཨུ་ར་རཱི་དང་ཨཱུ་ར་རཱི། །ཨཱུ་རཱི། རྒྱ་ཆེ་རང་གིར་བྱས། །དུར་ནི་དགག་པ། དཀའ་ཚེགས་དང་། །འགྲོ་སོགས་དོན་དང་བུལ་བྱུང་མིན། །ནིར་ནི་མ་ལུས་དགག་པ་དང་། །བྷྲྀ་ཤ་སོགས་དོན་ངེས་

Vol. 212 · folio 241a

པ་ལ། །པ་རཱ་རྟོགས་པ་གནོད་པ་དང་། །སོ་སོར་སྨྲ་དང་གཙོ་བོ་མཆོག །མངོན་ཕྱོགས་རྣམ་པར་ཐར་པ་དང་། །ངེས་པའི་དོན་དང་རྣམ་གནོན་ལ། །པ་རི་ཀུན་ནས་དངོས་པོ་དང་། །ཐོབ་འདོད་མཚན་ཉིད་ལ་སོགས་དང་། །འཁྱུད་

དང་གོས་དང་ཁྱབ་པ་དང་། །ནད་དང་མྱ་ངན་མཆོད་པ་མཆོག །ས་སྐྱོང་སྐྱོན་བཤད་བོར་བ་ལ། །ཕུ་ནར་དབྱེ་བ་དང་པོ་དང་། །སྔ་མར་གྱུར་པ་སྔོན་རབས་དང་། །རབ་བཅིངས་ཉིད་དང་འདས་པ་དང་། །ས་བླ་མཐོ་རིས་འཇིག་རྟེན་གཞན། །ཀེ་ལ་མཛེས་དང་

ལོ་རྒྱུས་དང་། །སྲིད་པ་དང་ནི་རྗེས་ཁྲིད་དོན། །ཁ་ལུ་ཚིག་རྒྱན་ཐོབ་འདོད་དགག །ངེས་དང་རྒྱུན་དང་མི་སྨྲ་དང་། །ཤེས་འདོད་ལ་སོགས་རྣམས་ལ་དྲན། །ཨ་བ་ཁྱབ་དང་ཡོངས་བསྒོམ་དང་། །བྲལ་བ་དམིགས་པ་དགག་པ་དང་། །ཆུང་ཟད་དོན་དང་རྣམ་

ཤེས་དང་། །དཔེ་དང་ངེས་པར་གཟུང་བ་ལ། །བས་ནི་ཁྱེད་རྣམས་ཤེས་དོན་དང་། །དབྱེ་བ་དང་ནི་རྣམ་པ་དང་། །འདས་དང་ཐ་དད་དོན་གཙོ་དང་། །དངོས་པོ་དང་ནི་མཁའ་འགྲོ་ལའོ། །ཨུ་ཥཱ་གྲངས་དང་། གྲངས་བཅས་དང་། །མཚན་མོའི་མཐའ་དང་ངེས་

ཉལ་འདོད། །དོ་ཥཱ། མཚན་མོའི་སྒོ་དང་ནི། །མཚན་མོ་དང་ནི་སྤྲིན་ལ་ཡང་། །ནི་ཥ་ཥཱ་ནི་མཐའ་དང་དབུས། །བསྲུང་བ་དང་ནི་གཞན་ལ་ཡང་། །ཨ་གྲ་ཧས་ནི་དང་པོ་དང་། །རྩེ་མོ་མཆོག་དང་དེ་ཉིད་དང་། །མི་སྨྲ་རྣམས་སོ། །ཨ་བྷི་ཏ། །མཐའ་དང་

མཐའ་དག་མངོན་ཕྱོགས་དང་། །གཉི་ག་དང་ནི་མྱུར་བ་ལ། །ཏི་རས་བདུད་འགྲོ་མི་སྣང་དང་། །ངལ་བ་དང་ནི་དགག་པ་དང་། །མཐའ་དག་པ་དང་ནི་འདས་པ་དག །ནཱི་ཙི་རང་དབང་ཆུང་བར་འདོད། །པུ་རས་མཆོག་དང་དང་པོ་ལ། །གུ་རང་ས་ན་དང་པོ་

མཆོག །པྲ་ཏས་སྔ་ཉིན་སྔ་དྲོ་ལ། །པུ་རྦེཪྻུས་ནི་ཆོས་ཀྱི་གནས། །སྔ་མའི་དོན་དང་ཁ་ཉིན་དང་། །ཕྱི་ཕྱིར་དང་ནི་ཡང་དང་ཡང་། །མང་བའི་དོན་ལ་མི་ཐ་སྟེ། །ཕན་ཚུན་དང་ནི་འཕྲོག་པའོ། །པྲཱ་དུས་རབ་གསལ་སྤྱོད་པ་དང་། །སྲིད་པ་ཙམ་ལའང་བལྟ་བའོ། །

Vol. 212 · folio 241b

ས་ནཻས། དལ་བུས་རྒྱུ་བར་བཤད། །རང་དབང་དང་ནི་ལེགས་མཆོད་དང་། །ངེས་པའི་དོན་དང་རྗེས་སུ་བགྲོད། །དཀའ་ཚེགས་དང་ནི་ཡང་དག་འབྱོར། །དེ་དུས་ཙམ་དང་བབ་ཆོལ་དང་། །གློ་བུར་བྱུང་བ་ལ་ཡང་ངོ་། །མ་ཧཱ་མྱ་ངན་ལས་སྐྱེས་དང་། །ངན་

དང་དུག་དང་སྙིང་རྗེའི་དོན། །ཨ་ཧོ། འདྲི་དང་རྣམ་དཔྱོད་དང་། །རྨད་བྱུང་སྐྱོང་བ་རྣམས་ལ་འདོད། །ཨ་ཧཱ་ཧཱ་ནི་ངོ་མཚར་སྐྱེ། །ཨ་ཧ་ཧ་ནི་ཕྲ་རྒྱས་དང་། །ཡོངས་སུ་ཉོན་མོངས་རབ་དགའ་ལ། །ཨཱ་ཧ། སྐྱོད་དང་ངེས་སྦྱོར་དོན། །ཨུ་ཏཱ་ཧོ་ནི་འདི་དག་

རྟོག །ས་ཧའི་སྒྲ་ནི་མཐའ་དག་དང་། །ཅིག་ཅར་དང་ནི་ཡང་དག་སྤྱོར། །འདྲ་དང་ཡོད་དང་འབྲེལ་པ་ལ། །ཧ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་དང་ནི་དམན་པའོ། །ཧཱ་ནི་དུག་ལ་སོགས་པ་ལ། །ཧཱ་ཧཱ་སྐྱོ་བ་ལ་རབ་གྲགས། །དྲི་ཟ་ལ་ཡང་། ཧཱ་ཧཱའོ། །ཧེ་ནི་

བྱེ་བྲག་ངེས་གཟུང་དང་། །རྐང་པ་ཁ་སྐོང་དག་ལའོ། །ཧཱི་ནི་ངོ་མཚར་དུག་སོགས་དང་། །དགའ་དང་སྡུག་བསྔལ་རྒྱུ་རྣམས་ལའོ། །ཧཱི་ཏཱི་ངོ་མཚར་དགོད་པ་ལ། །ཧཱུ་ཏཱུ་དགའ་དང་དྲི་ཟ་ལ། །ཧེ་ཧཻ་ཡོང་མིན་དྲན་པ་དང་། །བོད་པ་དང་ནི་རྒྱུ་རྣམས་ལ། །ཧོ་དང་

ཧོ་ནི་མཐའ་དག་དང་། །བོད་པ་དང་ནི་འགྲན་པར་འདོད། །མིཀྵ། མྱུར་དང་ངེས་པའི་དོན། །དེ་ཉིད་ལ་ཡང་འགའ་ཞིག་འདོད། །མི་ཟད་པ་དོན་དུ་མ་ཅན་རྣམས་སོ། །བལ་པོའི་ལོ་སུམ་བརྒྱ་བརྒྱད་ཅུ་རྩ་གཅིག་པ་ལས། དབོའི་ཟླ་བའི་ནག་པའི་ཚེས་བརྒྱད་གཟའ་

ཕུར་བུའི་ཉིན། དཔལ་རོལ་པའི་གྲོང་། གཽ་ཏ་མ་ལྷག་པར་གནས་པའི་གཙུག་ལག་ཁང་ཆེན་པོར། པཎྜི་ཏ་གནས་བརྟན་དཔལ་རིགས་མཆོག་དཔལ་ཡེ་ཤེས་ཀྱིས་འདྲིར་བཅུག་པའི་སྡེ་ཚན་རྫོགས་སོ།། །།འདི་ནི་ལྷ་དང་མི་ཡི་ཡོན་

གནས་དམ་པ་མཚུངས་མེད་སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ། དཔལ་ཕག་མོ་གྲུ་པའི་གདན་ས་རིན་པོ་ཆེ་ཐེལ་གྱི་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་བཞིན། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས། སྔ་འགྱུར་གྱི་འཆི་

Vol. 212 · folio 242a

མེད་མཛོད་ལ་སོགས་པ་ལ་བརྟེན་ནས་བོད་སྐད་ལ་མི་མཁོ་བའི་རྟགས་ངོས་འཛིན་པའི་ཚིག་ལ་སོགས་པ་བོར། བཤད་གཞིར་རྒྱ་སྐད་སོར་འཇོག་དགོས་པ་དང་། སྐད་དོད་མ་རྙེད་པ་རྣམས་སོར་བཞག་སྟེ་བསྒྱུར་ཅིང་ཞུས་ཏེ་དག་པར་

བགྱིས་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words