འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཤྲདྡྷཱ་བ་ལཱ་དྷཱ་ནཱ་བ་ཏཱ་ར་མུ་དྲཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๒ · หน้า 31a

པའི་བསམ་པ་སྟེ། འཇམ་དཔལ་ཆོས་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྣང་བའི་སྒོའི་ཤེས་རབ་འབྱུང་བར་འགྱུར་ཏེ། ཆོས་སྣང་བའི་སྒོའི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་གཅོད་པར་

འགྱུར་རོ། །བདག་ནི་ཡེ་ཤེས་སྣང་བའི་སྒོའི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་སྣང་བའི་སྒོའི་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། འཇམ་དཔལ་དེ་ལ་ཡེ་ཤེས་སྣང་བའི་སྒོའི་ཤེས་རབ་ནི་ཆོས་བཞིས་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན།

འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། སྟོང་པ་ཉིད་ལ་མོས་པ་དང་། སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་ལ་གཞོག་པ་སྟེ། འཇམ་དཔལ་ཆོས་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་སྣང་བའི་སྒོའི་ཤེས་རབ་འབྱུང་བར་

འགྱུར་ཏེ། ཡེ་ཤེས་སྣང་བའི་སྒོའི་ཤེས་རབ་ཀྱིས་བདུད་ཀྱི་ཞགས་པ་དང་། བདུད་ཀྱི་ལས་ཐམས་ཅད་གཅོད་པར་འགྱུར་རོ། །བདག་ནི་སྦྱིན་པའི་བསམ་པ་མི་ཟད་པར་སྦྱོར་བའི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པའི་བསམ་པ་མི་ཟད་པར་སྦྱོར་བའི་ཤེས་རབ་

ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། འཇམ་དཔལ་དེ་ལ་སྦྱིན་པའི་བསམ་པ་མི་ཟད་པར་སྦྱོར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བའོ། །བདག་ནི་ཚུལ་ཁྲིམས་ཀྱི་བསམ་པ་མི་ཟད་པར་

སྦྱོར་བའི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ཀྱི་བསམ་པ་མི་ཟད་པར་སྦྱོར་བའི་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། འཇམ་དཔལ་དེ་ལ་ཚུལ་ཁྲིམས་ཀྱི་བསམ་པ་མི་ཟད་པར་སྦྱོར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་

เล่ม ๖๒ · หน้า 31b

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ནང་དུ་ཡང་དག་འཇོག་ལ་གནས་ཀྱིས། གཞན་དག་ཀྱང་ནང་དུ་ཡང་དག་འཇོག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ནང་དུ་ཡང་དག་

འཇོག་ནི་ལུས་དང་སེམས་དབེན་ཞིང་དགེ་བའི་རྩ་བ་བརྩམ་པ་ཐམས་ཅད་ལ་ཞུམ་པ་མེད་པ་གང་ཡིན་པའོ། །བདག་ནི་འདུས་བྱས་ཀྱི་ཆོས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་འདུས་བྱས་ཀྱི་ཆོས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་བྱས་ཀྱི་

ཆོས་ཉིད་ནི་ཆོས་ཐམས་ཅད་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། སྒྲོ་བཏགས་པ་མ་ཡིན། སྒྲོ་མ་བཏགས་པ་མ་ཡིན། ལྷག་པར་བྱེད་པ་མ་ཡིན། ལྷག་པར་མི་བྱེད་པ་མ་ཡིན། དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན།

མཚན་ཉིད་མ་ཡིན། མཚན་ཉིད་མེད་པ་མ་ཡིན། གནས་མ་ཡིན། གནས་མེད་པ་མ་ཡིན། གཉིས་མ་ཡིན། གཉིས་སུ་མེད་པ་མ་ཡིན། གདེག་པ་མ་ཡིན། གཞོག་པ་མ་ཡིན། ལེན་པ་མ་ཡིན། གཏོང་བ་མ་ཡིན་པ་སྟེ། དེ་ལྟར་འཇུག་པ་གང་ཡིན་པ་དེ་ནི་འདུས་

བྱས་ཀྱི་ཆོས་ཉིད་ཅེས་བྱའོ། །བདག་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་འདུས་མ་བྱས་ཀྱི་ཆོས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་ཆོས་དེ་དག་ཉིད་ལ་དབྱེར་མེད་པ། རློམ་སེམས་མེད་པ། སྒྲོ་

མི་འདོགས་པ། མི་རྟོག་རྣམ་པར་མི་རྟོག་པ་གང་ཡིན་པ་སྟེ། དེ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱའོ། །བདག་ནི་ཡང་དག་པར་མཐོང་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པར་མཐོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པར་

མཐོང་བ་ནི་གཉིས་དང་གཉིས་སུ་མེད་པ་ལ་མཚན་ཉིད་མེད་པར་འཇུག་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མ་ཡིན་པའི་ཕྱིར་ཏེ། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མེད་པས་གཉིས་ཀྱི་རང་བཞིན་ཉིད་གཉིས་

เล่ม ๖๒ · หน้า 32a

སུ་མེད་པ་སྟེ། དེ་ལྟར་འཇུག་པ་གང་ཡིན་པ་དེ་ནི་ཡང་དག་པར་མཐོང་བ་ཞེས་བྱའོ། །བདག་ནི་ཞེ་སྡང་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཞེ་སྡང་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཞེ་སྡང་མེད་པ་ནི་སེམས་ཅན་ཐམས་

ཅད་ལ་ཕན་པའི་དངོས་པོ་དང་། ལས་ཀྱི་བྱ་བ་ལ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་

འགྱུར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ནི་ཐབས་མཁས་པས་ཡང་དག་པར་ཟིན་པའི་ཤེས་རབ་གང་ཡིན་པའོ། །བདག་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་ཡིན་གྱིས། གཞན་དག་ཀྱང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ལ་དགོད་དོ་ཞེས་དབུགས་འབྱིན་

པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ནི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གང་ཡིན་པའོ། །བདག་ནི་བྱང་ཆུབ་ཀྱི་སེམས་ལ་གནས་ཀྱིས། གཞན་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་

ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཕྱིར་རོ། །བདག་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་

ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པའོ། །བདག་ནི་དོན་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་

เล่ม ๖๒ · หน้า 32b

དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་

དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་ངེས་པའི་ཚིག་སོ་སོ་ཡང་དག་པར་

རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ལ་ཀུན་རྫོབ་ཤེས་པ་དང་དབྱེར་མེད་པ་གང་ཡིན་པའོ། །བདག་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་

སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་མཁས་པའི་ཡེ་ཤེས་གང་ཡིན་པའོ། །བདག་ནི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པ་ལ་དགོད་

དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པ་ནི་མི་བརྗེད་པའི་ཆོས་ཉིད་དོ། །བདག་ནི་བློ་གྲོས་ལ་གནས་ཀྱིས། གཞན་དག་ཀྱང་བློ་གྲོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བློ་གྲོས་ནི་ཤིན་ཏུ་རྣམ་པར་ངེས་པའི་ཡེ་ཤེས་གང་ཡིན་པའོ། །

བདག་ནི་བརྟན་པ་ལ་གནས་ཀྱིས། གཞན་དག་ཀྱང་བརྟན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྟན་པ་ནི་སྡོམ་པ་ལ་སྤྱོད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་

སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་རྟོགས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྟོགས་པ་ལ་དགོད་དོ་ཞེས་

เล่ม ๖๒ · หน้า 33a

དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྟོགས་པ་ནི་མདོ་ལས་འབྱུང་བའི་དགོངས་པ་ཁོང་དུ་ཆུད་པ་གང་ཡིན་པའོ། །བདག་ནི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ནི་

འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་དབྱེར་མེད་པར་མཁས་པ་གང་ཡིན་པའོ། །བདག་ནི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །བདག་ནི་ཡོངས་སུ་

གཅོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོངས་སུ་གཅོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོངས་སུ་གཅོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ནི་ཐབས་མཁས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཐབས་མཁས་པ་ལ་དགོད་

དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཐབས་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་

ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་འདུ་འཛིར་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུ་འཛིར་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་

ལ་འདུ་འཛིར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་གང་ཡིན་པའོ། །བདག་ནི་འདུ་འཛི་མེད་པར་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུ་འཛི་མེད་པར་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། །དེ་ལ་འདུ་འཛི་མེད་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་

ཡིན་པའོ། །བདག་ནི་ཟག་པ་དང་བཅས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཟག་པ་དང་བཅས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཟག་པ་དང་བཅས་པའི་སྤྱོད་པ་ནི་གང་ལ་རློམ་སེམས་འཇུག་པའོ། །བདག་ནི་ཟག་པ་མེད་

เล่ม ๖๒ · หน้า 33b

པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཟག་པ་མེད་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཟག་པ་མེད་པའི་སྤྱོད་པ་ནི་གང་ལ་རློམ་སེམས་ཀྱི་རྒྱུ་བ་མེད་པའོ། །བདག་ནི་ཚད་ཡོད་པར་བྱས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་

དག་ཀྱང་ཚད་ཡོད་པར་བྱས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་ཡོད་པར་བྱས་པའི་སྤྱོད་པ་ནི་མཚན་མའི་གནས་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་

སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཚད་མེད་པར་བྱས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་མེད་

པར་བྱས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་མེད་པར་བྱས་པའི་སྤྱོད་པ་ནི་མཚན་མ་མེད་པའི་གནས་གང་ཡིན་པའོ། །བདག་ནི་ཚད་ཡོད་པར་བྱས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་ཡོད་པར་བྱས་པ་ཤེས་པ་ལ་དགོད་དོ་

ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་ཡོད་པར་བྱས་པ་ཤེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་རྣམ་པར་དཔྱོད་པ་ལ་མཁས་པ་གང་ཡིན་པའོ། །བདག་ནི་ཚད་མེད་པར་

བྱས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་མེད་པར་བྱས་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་མེད་པར་བྱས་པ་ཤེས་པ་ནི་གང་ལ་རློམ་སེམས་ཀྱི་རྒྱུ་བ་མེད་པའོ། །བདག་ནི་ཡོངས་སུ་ཆད་པ་ལ་གནས་ཀྱིས། གཞན་

དག་ཀྱང་ཡོངས་སུ་ཆད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོངས་སུ་ཆད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །བདག་ནི་ཡོངས་སུ་མ་ཆད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོངས་སུ་མ་ཆད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ།

เล่ม ๖๒ · หน้า 34a

དེ་ལ་ཡོངས་སུ་མ་ཆད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་རང་གི་སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་རང་གི་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རང་གི་སེམས་

འདུལ་བ་ནི་བདག་མེད་པའི་ཆོས་ལ་སོ་སོར་རྟོག་པ་གང་ཡིན་པའོ། །བདག་ནི་ལུས་དང་སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་དང་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་དང་སེམས་འདུལ་བ་ནི་སེམས་ཅན་ཐམས་

ཅད་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་གང་ཡིན་པའོ། །བདག་ནི་བསམ་པ་རྣམ་པར་སྦྱོང་བ་ལ་གནས་ཀྱིས། གཞན་དག་ཀྱང་བསམ་པ་རྣམ་པར་སྦྱོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་པ་རྣམ་པར་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ལ་རྣམ་

པར་དཔྱད་པ་གང་ཡིན་པའོ། །བདག་ནི་སེམས་ཅན་ཐམས་ཅད་ལ་རྣམ་པར་དཔྱད་པ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཅན་ཐམས་ཅད་ལ་རྣམ་པར་དཔྱད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་ཅན་ཐམས་ཅད་ལ་རྣམ་པར་དཔྱད་

པ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་གང་ཡིན་པའོ། །བདག་ནི་ཚོགས་དག་ལ་གནས་ཀྱིས། གཞན་དག་ཀྱང་ཚོགས་དག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་

འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ།

เล่ม ๖๒ · หน้า 34b

བདག་ནི་ལུས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་འདུལ་བ་ནི་ལུས་ཀྱི་ལས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་སྤངས་པ་གང་ཡིན་པའོ། །བདག་ནི་ངག་འདུལ་བ་ལ་གནས་ཀྱིས།

གཞན་དག་ཀྱང་ངག་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངག་འདུལ་བ་ནི་ངག་གི་ལས་ཀྱི་ཉེས་པ་རྣམ་པ་བཞི་ཡོངས་སུ་སྤངས་པ་གང་ཡིན་པའོ། །བདག་ནི་ཡིད་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡིད་འདུལ་བ་ལ་དགོད་དོ་ཞེས་

དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡིད་འདུལ་བ་ནི་ཡིད་ཀྱི་ལས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་སྤངས་པ་གང་ཡིན་པའོ། །བདག་ནི་སེར་སྣའི་སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་སེར་སྣའི་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་

པར་འགྱུར་ཏེ། དེ་ལ་སེར་སྣའི་སེམས་འདུལ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་གང་ཡིན་པའོ། །བདག་ནི་གཡོ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་གཡོ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཡོ་མེད་པ་ནི་སེམས་ཅན་

ཐམས་ཅད་ལ་སེམས་མཉམ་པ་ཉིད་གང་ཡིན་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ཆོས་ཐམས་ཅད་ཐ་དད་པ་མེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ།། །།བམ་པོ་བཞི་པ། འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལེ་ལོའི་

སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལེ་ལོའི་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེ་ལོའི་སེམས་འདུལ་བ་ནི་དགེ་བའི་རྩོམ་པ་ཐམས་ཅད་ལ་ཞུམ་པ་མེད་པའོ། །བདག་ནི་སངས་རྒྱས་མཆོད་པ་ལ་གནས་ཀྱིས།

เล่ม ๖๒ · หน้า 35a

གཞན་དག་ཀྱང་སངས་རྒྱས་མཆོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་མཆོད་པ་ནི་གང་བྱིན་གྱིས་བརླབས་བྱས་ནས་སངས་རྒྱས་འབྱུང་བར་འགྱུར་བའི་ཆོས་སྟོན་པ་གང་ཡིན་པ་དེ་དག་ལ་མཆོད་པ་གང་ཡིན་པ་ནི་དེ་བཞིན་གཤེགས་

པ་ལ་མཆོད་པའོ། །བདག་ནི་ཡེ་ཤེས་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡེ་ཤེས་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ཆོས་ལ་རབ་ཏུ་དགོད་པ་གང་ཡིན་པའོ། །བདག་ནི་

ངག་གི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ངག་གི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངག་གི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ངག་གི་ཉེས་པ་ཡོངས་སུ་སྤྱོད་པ་གང་ཡིན་པའོ། །བདག་ནི་སེམས་ཀྱི་སྤྱོད་པ་ལ་གནས་ཀྱིས། གཞན་

དག་ཀྱང་སེམས་ཀྱི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་ཀྱི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉེས་པ་ཡོངས་སུ་སྦྱོང་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་

པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་

ལས་ལ་གནས་ཀྱིས། གཞན་དག་ཀྱང་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ནི་བདུད་ཀྱི་ལས་སྒྲོ་བཏགས་པས་སེམས་

ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པའོ། །བདག་ནི་དེ་བཞིན་གཤེགས་པ་རྟག་པའོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་རྟག་པའོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་

เล่ม ๖๒ · หน้า 35b

གཤེགས་པ་རྟག་པ་ནི་དབྱེར་མེད་པའི་ཕྱིར་རོ། །བདག་ནི་དེ་བཞིན་གཤེགས་པ་ཐེར་ཟུག་གོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་ཐེར་ཟུག་གོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་

དེ་བཞིན་གཤེགས་པ་ཐེར་ཟུག་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིར་རོ། །བདག་ནི་དེ་བཞིན་གཤེགས་པ་ཤིས་པ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་ཤིས་པ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་

འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཤིས་པ་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་། དྲན་པ་རྣམས་དོན་ཡོད་པའི་ཕྱིར་རོ། །བདག་ནི་དེ་བཞིན་གཤེགས་པ་གཡུང་དྲུང་ངོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་

པ་གཡུང་དྲུང་ངོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་གཡུང་དྲུང་ངོ་ཞེས་བྱ་བ་ནི་སྐུའི་མཐའ་མེད་པའི་ཕྱིར་རོ། །སྐུའི་མཐའ་མེད་པའི་རྣམ་པར་གཞག་པ་ལས་འདས་པའི་ཕྱིར་ཏེ། འཇམ་དཔལ་དབུགས་འབྱིན་

པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་

ནི་ཕན་པའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཕན་པའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཕན་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་མི་བདེ་བ་ཡོངས་སུ་བསྐྱབ་པའི་ཕྱིར་དེ་སྡུག་བསྔལ་གྱི་ཡོ་བྱད་

གང་ཅི་ཡང་མི་ལེན་པ་མེད་དེ། བདེ་བའི་ཡོ་བྱད་གང་ཅི་ཡང་ཡོངས་སུ་མི་གཏོང་བ་མེད་པ་གང་ཡིན་པའོ། །བདག་ནི་ཆོས་ཐམས་ཅད་མཚན་མ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་མཚན་མ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་

เล่ม ๖๒ · หน้า 36a

འགྱུར་ཏེ། དེ་ལ་མཚན་མ་མེད་པ་ནི་མཚན་མ་མེད་པའི་རང་བཞིན་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རློམ་སེམས་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བདག་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་གྱིས། གཞན་དག་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལ་

དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སྡིག་པ་ཐམས་ཅད་མི་བྱེད་པ་གང་ཡིན་པའོ། །བདག་ནི་ཆོས་ལ་སྐྱབས་སུ་སོང་བ་ཡིན་གྱིས། གཞན་དག་ཀྱང་ཆོས་ལ་སྐྱབས་སུ་འགྲོ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་

འགྱུར་ཏེ། དེ་ལ་ཆོས་ལ་སྐྱབས་སུ་འགྲོ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་གང་ཡིན་པའོ། །བདག་ནི་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་གྱིས། གཞན་དག་ཀྱང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགེ་

འདུན་ལ་སྐྱབས་སུ་འགྲོ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་

དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་བདག་ནི་ལུས་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་མི་བྱེད་པ་ནི་

ཕ་རོལ་གྱི་གནོད་པ་ཐམས་ཅད་དང་བྲལ་བ་གང་ཡིན་པའོ། །བདག་ནི་དད་པ་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་དད་པ་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པ་མི་ཕྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་གང་

ཡིན་པའོ། །བདག་ནི་སྙོམས་པར་འཇུག་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྙོམས་པར་འཇུག་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྙོམས་པར་འཇུག་པ་ནི་དམིགས་པའི་ངོ་བོ་ཉིད་ལ་འཇུག་པ་གང་ཡིན་པའོ། །བདག་ནི་

เล่ม ๖๒ · หน้า 36b

ཆོས་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་མི་ཕྱེད་པ་ནི་ཆོས་སྒྲུབ་པ་གང་ཡིན་པའོ། །བདག་ནི་དགེ་བའི་བཤེས་གཉེན་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་དགེ་བའི་བཤེས་

གཉེན་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགེ་བའི་བཤེས་གཉེན་མི་ཕྱེད་པ་ནི་དགེ་བའི་བཤེས་གཉེན་མི་སླུ་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་

སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོས་དང་རྗེས་སུ་འཐུན་པའི་ཆོས་ལ་གནས་ཀྱིས། གཞན་དག་ཀྱང་

ཆོས་དང་རྗེས་སུ་འཐུན་པའི་ཆོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་དང་རྗེས་སུ་འཐུན་པའི་ཆོས་ནི་ཆོས་ལ་ཡང་དག་པ་ཉིད་དུ་སྒྲུབ་པ་གང་ཡིན་པའོ། །བདག་ནི་ངོ་ཚ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ངོ་ཚ་ཤེས་པ་ལ་དགོད་དོ་

ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངོ་ཚ་ཤེས་པ་ནི་ལུས་དང་ངག་གིས་ལེགས་པར་སྤྱད་པ་གང་ཡིན་པའོ། །བདག་ནི་ཁྲེལ་ཡོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཁྲེལ་ཡོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཁྲེལ་ཡོད་པ་ནི་

ཡིད་ཀྱི་ལེགས་པ་སྤྱད་པ་གང་ཡིན་པའོ། །བདག་ནི་ཡང་དག་པར་མཐོང་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པར་མཐོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པར་མཐོང་བ་ནི་ཆོས་ཐམས་ཅད་མཐའ་དང་དབུང་མེད་པར་འཇུག་པ་

གང་ཡིན་པའོ། །བདག་ནི་རྗེས་སུ་ཆགས་པ་སྤོང་བ་ལ་གནས་ཀྱིས། གཞན་དག་ཀྱང་རྗེས་སུ་ཆགས་པ་སྤོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྗེས་སུ་ཆགས་པ་སྤོང་བ་ནི་མ་འོངས་པའི་མི་དགེ་བའི་ལས་མི་སྐྱེད་པ་གང་ཡིན་པ་སྟེ། འཇམ་

เล่ม ๖๒ · หน้า 37a

དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་

ཞེ་ན། འདི་ལྟ་སྟེ། བདག་ནི་ཁོང་ཁྲོ་བ་སྤོང་བ་ལ་གནས་ཀྱིས། གཞན་དག་ཀྱང་ཁོང་ཁྲོ་བ་སྤོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཁོང་ཁྲོ་བ་སྤོང་བ་ནི་དགེ་བའི་ལས་སྐྱེས་པ་རྣམས་ཆུད་མི་གཟོན་པ་གང་ཡིན་པའོ། །བདག་ནི་ཆོ་ག་ལ་

གནས་ཀྱིས། གཞན་དག་ཀྱང་ཆོ་ག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོ་ག་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གང་ཡིན་པའོ། །བདག་ནི་བདག་གི་དགེ་བའི་རྩ་བ་ཡང་དག་པར་སྲུང་བ་ལ་གནས་ཀྱིས། གཞན་དག་ཀྱང་རང་གི་དགེ་བའི་རྩ་བ་

ཡང་དག་པར་སྲུང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རང་གི་དགེ་བའི་རྩ་བ་ཡང་དག་པར་སྲུང་བ་ནི་ལས་ཀྱི་བྱ་བ་ལ་འཇུག་པ་གང་ཡིན་པའོ། །བདག་ནི་གཞན་གྱི་དགེ་བའི་རྩ་བ་ཆུད་མི་གཟོན་པ་ལ་གནས་ཀྱིས། གཞན་དག་ཀྱང་གཞན་གྱི་དགེ་བའི་

རྩ་བ་ཆུད་མི་གཟོན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཞན་གྱི་དགེ་བའི་རྩ་བ་ཆུད་མི་གཟོན་པ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་གནས་པ་གང་ཡིན་པའོ། །བདག་ནི་སྟོང་པ་ཉིད་ལ་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྟོང་པ་ཉིད་ལ་

མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་གང་ཡིན་པ་སྟེ། ལྟ་བར་གྱུར་པའི་རང་བཞིན་ལས་སྟོང་པ་ཉིད་གཞན་མ་ཡིན་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་

เล่ม ๖๒ · หน้า 37b

ཡེ་ཤེས་ལ་གནས་ཀྱིས། གཞན་དག་ཀྱང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་གཉིས་དང་གཉིས་སུ་མེད་པ་རྣམ་པར་དག་པ་གང་ཡིན་པའོ། །བདག་ནི་ཆོས་

རྣམས་རྟེན་ཅིང་མི་འབྱུང་ངོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་རྣམས་རྟེན་ཅིང་མི་འབྱུང་ངོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་རྣམས་རྟེན་ཅིང་མི་འབྱུང་བ་ནི་རྐྱེན་རྣམས་མི་སྐྱེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

བདག་ནི་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བ་ནི་ཕྱོགས་ཆ་ཐ་དད་པ་མེད་

པའི་ཕྱིར་རོ། །བདག་ནི་སངས་རྒྱས་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ནམ་མཁའ་

དང་མཚུངས་སོ་ཞེས་བྱ་བ་ནི་ཐ་དད་པ་མེད་པ་དང་རྟེན་པ་མེད་པའི་ཕྱིར་རོ། །བདག་ནི་སངས་རྒྱས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ་

ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་དང་། སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྦྱིན་པ་ལས་བྱུང་བའི་

เล่ม ๖๒ · หน้า 38a

བསྡུ་བའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་བསམ་པ་དང་སྦྱོར་བའོ། །བདག་ནི་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་

བའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་བྱམས་པ་དང་སྙིང་རྗེའོ། །བདག་ནི་བསྒོམས་པ་ལས་བྱུང་བའི་བསྡུ་བའི་

དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་བསྒོམས་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསྒོམས་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་བོ། །བདག་ནི་བསམ་པ་

ལ་གནས་ཀྱིས། གཞན་དག་ཀྱང་བསམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་པ་ནི་དགེ་བའི་ཆོས་རྣམས་ལ་དད་པ་དང་འདུན་པའོ། །བདག་ནི་སྦྱོར་བ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱོར་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་

རྙེད་པར་འགྱུར་ཏེ། དེ་ལ་སྦྱོར་བ་ནི་དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་

ཀྱིས་བརྗོད་པ་མཐར་ཕྱིན་པར་རིག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོན་པ་ཐོགས་པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་པ་ཐོགས་

པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཁྱུ་མཆོག་ཏུ་གྱུར་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཀུན་ནས་མངོན་དུ་གྱུར་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་ཡོངས་སུ་སྦྱོང་བ་

เล่ม ๖๒ · หน้า 38b

ལ་མི་འཇིགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཐའ་ཡས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་

བསམ་གྱིས་མི་ཁྱབ་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཀུན་དུ་གཟིགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གྲགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབྱེར་མེད་ཅིང་མི་གནས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱི་སྐུ་ཐོགས་པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱི་གཙུག་བལྟར་མི་མཐོང་བ་གང་ཡིན། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སྤྱོད་པའི་གནས་རྣམས་གང་ཡིན། སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་མི་འཇིགས་པ་རྣམས་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་

དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་མཐོང་བར་དཀའ་བ་རིག་པར་དཀའ་བ་སྟེ། བརྟག་པར་བྱ་བ་མ་ཡིན་ཞིང་རྟོག་གེའི་སྤྱོད་པ་མ་ཡིན་པ་མོས་པར་དཀའ་བ་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པའི་སེམས་ཅན་དེ་དག་ཆོས་ཀྱི་རྣམ་གྲངས་

འདི་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་མོས་པར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དམུས་ལོང་ལ་མར་མེ་མི་གཟུགས་ཀྱི། མིག་དང་ལྡན་པ་རྣམས་ལ་མར་མེ་གཟུགས་ཏེ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་དེ་དག་གི་ཕྱིར་ཁོ་བོ་འདྲིའོ། །གང་དག་བསྐལ་པ་གྲངས་མེད་པར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེས་གནས་དང་། ཡི་དགས་དང་གཤིན་རྗེའི་འཇིག་རྟེན་དུ་གནས་

เล่ม ๖๒ · หน้า 39a

པར་འགྱུར་བའི་ལས་ཚེ་འདི་ཉིད་ལ་མྱོང་བར་འགྱུར་བ་དེ་དག་གི་ཕྱིར་ཁོ་བོ་འདྲིའོ། །གང་དག་མཐོང་བ་དང་། ཐོས་པ་དང་། བསྙེན་བཀུར་བྱས་པ་དོན་ཡོད་པ་དེ་དག་གི་ཕྱིར་ཁོ་བོ་འདྲི་ཡིས་སྟོན་ཅིག །ཀྱེ་རྒྱལ་བའི་སྲས་ཆོས་ཀྱི་རྣམ་གྲངས་འདི་ལ་མ་མོས་

པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་སྨྲས། ཀྱེ་རྒྱལ་བའི་སྲས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བར་བྱ་བའི་

ཕྱིར་སྟོན་ཅིག །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་ལ་སྟོན་པ་ཐོགས་པ་མེད་པ་ནི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སོ་

སོའི་གླིང་རེ་རེར་ཡང་གསེར་གྱི་ཁ་དོག་གིས་འདུལ་བའི་ལྷ་དང་མི་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྐར་འོད་ཀྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་

པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྐར་འོད་ཀྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་གློག་གི་སྒྲོན་མའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་གློག་གི་སྒྲོན་མའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་

རིན་པོ་ཆེའི་རྒྱལ་པོ་ཉི་ཟླ་མར་མེའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཉི་ཟླ་མར་མེའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྣང་བ་ཐམས་ཅད་བསྡུས་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་

གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྣང་བ་ཐམས་ཅད་བསྡུས་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་

เล่ม ๖๒ · หน้า 39b

དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཟེ་བ་ཅན་གྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཟེ་བ་ཅན་གྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་

བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ཏུ་སྟོན་

པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་བརྒྱ་བྱིན་ཐོགས་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བརྒྱ་བྱིན་ཐོགས་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྷ་ཐམས་ཅད་ཀྱི་འོད་ཀྱི་

ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྷ་ཐམས་ཅད་ཀྱི་འོད་ཀྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆུ་དང་བར་བྱེད་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་

ཆེའི་རྒྱལ་པོ་ཆུ་དང་བར་བྱེད་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྡོ་རྗེའི་འོད་ཀྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྡོ་རྗེའི་འོད་ཀྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་

རྒྱལ་པོ་པད་མ་རལ་གྲི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་པད་མ་རལ་གྲི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་བཻ་དཱུརྱའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་

པོ་ཆེའི་རྒྱལ་པོ་བཻ་དཱུརྱའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཨན་ད་རྙིལ་གྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཨན་ད་རྙིལ་གྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་

เล่ม ๖๒ · หน้า 40a

པོ་ཆེའི་རྒྱལ་པོ་མཐོན་ཀ་ཆེན་པོའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མཐོན་ཀ་ཆེན་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྡོ་རྗེའི་སྙིང་པོའི་ཁ་དོག་གིས་

འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྡོ་རྗེའི་སྙིང་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དཔལ་གྱི་སྙིང་པོའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དཔལ་

གྱི་སྙིང་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དགེ་བ་བཀོད་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དགེ་བ་བཀོད་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་

པོ་མ་ཆགས་པ་བཀོད་པའི་སྙིང་པོའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མ་ཆགས་པ་བཀོད་པའི་སྙིང་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་དཀར་པོའི་ཁ་དོག་གིས་འདུལ་བ་རྣམས་

ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་དཀར་པོའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་མཐོན་ཀའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་མཐོན་ཀའི་ཁ་

དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་གསེར་ལྟ་བུའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་གསེར་ལྟ་བུའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་ནམ་

མཁའི་འོད་ཀྱི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མུ་ཏིག་ནམ་མཁའི་འོད་ཀྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་འོད་ཀྱི་ཁ་དོག་

เล่ม ๖๒ · หน้า 40b

གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་འོད་ཀྱི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་

ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་

དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་

རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་

གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་

པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་

ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་

เล่ม ๖๒ · หน้า 41a

གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སོ་སོ་ཡང་དག་པའི་རིག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་

རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་

བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་

པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་

པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་

གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་

བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་

เล่ม ๖๒ · หน้า 41b

མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་འཇིག་རྟེན་

གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་

ཆེའི་རྒྱལ་པོ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ནོར་བུ་རིན་

པོ་ཆེའི་རྒྱལ་པོ་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །

ནོར་བུ་རིན་པོ་ཆེའི་རྒྱལ་པོ་དུས་གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དུས་གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །

ནོར་བུ་རིན་པོ་ཆེའི་རྒྱལ་པོ་མི་སྐྱོ་བར་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མི་སྐྱོ་བར་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་ཏུ་སྟོན་པ་

ལ་ཐོགས་པ་མེད་དོ། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ཁ་དོག་གིས་འདུལ་བ་རྣམས་ལ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་

เล่ม ๖๒ · หน้า 42a

ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ལ་དངོས་པོའི་དབང་གིས་བྱ་བ་རྣམ་པ་སྣ་ཚོགས་མཐའ་ཡས་པ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་

བཻ་དཱུརྱ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱིས། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་

ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་ཁ་དོག་རྣམ་པ་ཐ་དད་པའི་མཛད་པ་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་སྟེ། འཇམ་དཔལ་འདི་ནི་སངས་རྒྱས་བཅོམ་

ལྡན་འདས་རྣམས་ཀྱི་སྟོན་པ་ཐོགས་པ་མེད་པའོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་མཁྱེན་པ་ཐོགས་པ་མེད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་དང་།

འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོར་འཇུག་པ་རྣམས་ལ་མཁྱེན་པ་ལ་ཐོགས་པ་མེད་དོ། །འཇིག་རྟེན་གྱི་ཁམས་རེ་རེ་དག་གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བསོད་ནམས་ཀྱི་

ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་

མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱ་མཚོ་གྲངས་མེད་པའི་

เล่ม ๖๒ · หน้า 42b

བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་

ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་

ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་མངོན་

པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་

དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དབུགས་འབྱིན་པ་རྙེད་པ་

རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་

པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་

เล่ม ๖๒ · หน้า 43a

ཅད་ཀྱི་རྡུལ་སྙེད་ཀྱི་ཞིང་ཐམས་ཅད་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་

རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་

པ་ལ་ཐོགས་པ་མེད་དོ། །དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པའི་

ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། བྲག་ཕུག་གི་ནང་ནས་བྲག་ཆ་སེམས་ཅན་གྱི་སྒྲ་རྣམ་པ་མང་པོ་འཇུག་པས་སྒྲ་སྐད་གཞན་དང་གཞན་དག་མཐའ་ཡས་པ་འབྱུང་སྟེ་བྲག་ཆ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི་འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་

ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡང་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་དག་གིས་དེ་ལྟ་བུའི་སྐད་དུ་སྟོན་པ་འབྱུང་བར་ཤེས་ཏེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་

མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་མཁྱེན་པ་ཐོགས་པ་མེད་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་

བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཁྱུ་མཆོག་ཏུ་གྱུར་པ་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་

เล่ม ๖๒ · หน้า 43b

རེ་རེ་དང་། གླིང་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའ་ཁྱབ་པར་འགེངས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཁྱུ་མཆོག་ཏུ་གྱུར་པས་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པའོ། །འཇམ་དཔལ་དེ་བཞིན་གཤེགས་

པའི་མཛོད་སྤུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའ་ཁྱབ་པར་འགེངས་པ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་

པས་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པའོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མཚན་རེ་རེར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་

པ། དབྱེར་མེད་པ། ནམ་མཁའ་ཁྱབ་པར་འགེངས་པ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་པས་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་

ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའ་ཁྱབ་པར་འགེངས་པ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་པས་ཕྱི་མའི་མཐའི་མུའི་

བསྐལ་པར་བྱིན་གྱིས་རློབ་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའ་ཁྱབ་པར་འགེངས་པ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་པས་ཕྱི་མའི་

མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོ་བྱད་ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་ཡང་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་

เล่ม ๖๒ · หน้า 44a

མཁའ་ཁྱབ་པར་འགེངས་པ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་པས་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པའོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ཏེ། མ་འདྲེས་པའི་ཆོས་དང་ལྡན་པ་ནི་སྨོན་

ལམ་གྱི་སྟོབས་ཀྱི་བྱིན་གྱིས་བརླབས་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ། ཁྱུ་མཆོག་ཏུ་གྱུར་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །

འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་ཀུན་ནས་མངོན་དུ་གྱུར་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་རེ་རེ་ལ་སྟེ། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཕྱོགས་རེ་རེ་ལ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་

འཁོད་པ་ནི་རབ་ཏུ་མང་གི །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པ་དག་གི་རྡུལ་ཕྲ་རབ་ནི་ཆེས་ཉུང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་དང་། འཇིག་རྟེན་གྱི་ཁམས་དང་། གླིང་དང་། རི་རབ་དང་། རི་རབ་

ཆེན་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། འབབ་ཆུ་དང་། མཚེའུ་དང་། མཚོ་བྲན་དག་གང་ལ་ཡང་གནོད་པ་དང་སྒྲིབ་པ་མེད་དེ། སྔོན་

ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་བྱ་བ་དག་འཇུག་སྟེ། དེ་བཞིན་གཤེགས་པ་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་

ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་འདི་ལྟར་ཀུན་ནས་དེ་བཞིན་གཤེགས་པ་གཉའ་ཤིང་གང་ཙམ་ན་བཞུགས་པར་མངོན་དུ་མཐོང་ངོ་། །

เล่ม ๖๒ · หน้า 44b

དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ཟླ་བ་ཡར་གྱི་ངོ་ཚེས་བཅོ་ལྔའི་ནམ་ཕྱེད་ཀྱི་དུས་ན་འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱིས་ཟླ་བའི་དཀྱིལ་འཁོར་མདུན་ན་འདུག་

པར་མཐོང་ཡང་ཟླ་བའི་དཀྱིལ་འཁོར་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕྱོགས་བཅུའི་འཇིག་རྟེན་

གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སེམས་ཅན་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་དག་གིས་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་མཐོང་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་

རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་ཀུན་ནས་མངོན་དུ་གྱུར་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་

དེ་བཞིན་གཤེགས་པའི་ཞིང་ཡོངས་སུ་སྦྱོང་བ་ལ་མི་འཇིགས་པ་ནི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་

ཁམས་རྒྱ་མཚོ་ལ་འཇུག་གོ། །དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་

བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་

เล่ม ๖๒ · หน้า 45a

ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་

ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་

ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་

རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་

ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ལས་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་

མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་སེམས་ཅན་གྱིས་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་

ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་

เล่ม ๖๒ · หน้า 45b

རྒྱ་མཚོ་ལ་ལ་ནི་དུས་གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་

རྒྱ་མཚོ་ལ་ལ་ནི་མི་སྐྱོ་བར་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་དབྱེར་མེད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་སྟེ། དེ་བཞིན་གཤེགས་པ་ནི་

གནས་གང་ནས་ཀྱང་མི་གཡོའོ། །དེ་ཅིའི་ཕྱིར་ཞེ་ན། མི་གཡོ་བའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་མི་འཇིགས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་

གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་མཐའ་ཡས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་ལ་སྟེ། འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་

འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྒྱ་སྟོང་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་

རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་

རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་

เล่ม ๖๒ · หน้า 46a

ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་

དཔའ་རྒྱ་མཚོ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་

ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོས་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་

པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་གཟུངས་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་

ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་

བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་

རྒྱ་མཚོ་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །

เล่ม ๖๒ · หน้า 46b

བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་

གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པ་གཞན་དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་

མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྨོན་ལམ་གྱི་བྱེ་བྲག་རྒྱ་མཚོ་གྲངས་མེད་པ་གཞན་

དང་གཞན་གྱིས་སངས་རྒྱས་ལ་ལྟ་བ་མངོན་དུ་གྱུར་པ་ཐོབ་པ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་

སེམས་དཔའ་རྒྱ་མཚོ་བསོད་ནམས་ཀྱི་ཚོགས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་བསོད་ནམས་ཀྱི་ཚོགས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་

ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཡེ་ཤེས་ཀྱི་ཚོགས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་ཡེ་ཤེས་

ཀྱི་ཚོགས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་

เล่ม ๖๒ · หน้า 47a

ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་

གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་

སའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་སའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་

རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་གཟུངས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་གཟུངས་ཀྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་

པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཏིང་ངེ་

འཛིན་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་ཏིང་ངེ་འཛིན་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་

ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྣམ་པར་ཐར་པའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་རྣམ་པར་ཐར་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་

เล่ม ๖๒ · หน้า 47b

སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་

འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་

མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་མངོན་པར་ཤེས་པའི་བྱེ་བྲག་གཞན་

དང་གཞན་ཐོབ་པ་དེ་དག་མངོན་པར་ཤེས་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་

རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྨོན་ལམ་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་སྨོན་ལམ་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་

གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །འཇམ་དཔལ་དེ་བཞིན་དུ་སྦྱར་ཏེ། རྟེན་པ་རྣམས་དང་། ངོ་མཚར་གྱི་འདུ་ཤེས་རྣམས་དང་། སྤྱོད་པ་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་དང་། བརྩོན་འགྲུས་རྩོམ་པ་རྣམས་དང་། དབུགས་

འབྱིན་པ་རྙེད་པ་རྣམས་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམས་དང་། ཚུལ་ཁྲིམས་རྣམས་དང་། ལུང་བསྟན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དག་ལ་འཇུག་པ་རྣམས་དང་། དེ་བཞིན་གཤེགས་པ་ལ་འཇུག་པ་རྣམས་དང་། སེམས་ཅན་གྱི་

เล่ม ๖๒ · หน้า 48a

བསམ་པ་དང་སྤྱོད་པ་ལ་འཇུག་པ་རྣམས་དང་། འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྣམས་དང་། བསྐལ་པ་ལ་འཇུག་པ་རྣམས་དང་། དུས་གསུམ་བསྟན་པ་རྣམས་དང་། དུས་གསུམ་ལ་འཇུག་པ་རྣམས་དང་། མི་སྐྱོ་བའི་སེམས་བསྐྱེད་པ་རྣམས་དང་། ཡེ་

ཤེས་དབྱེར་མེད་པ་རྣམས་དང་། གཟུངས་རྣམས་དང་། སངས་རྒྱས་སྟོན་པ་རྣམས་དང་། ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་རྣམས་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་རྣམས་དང་། སྙིང་རྗེ་ཆེན་པོ་ཐོབ་པ་རྣམས་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་རྣམས་དང་།

དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བའི་སེམས་བསྐྱེད་པ་རྣམས་དང་། ཡོངས་སུ་དག་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཡེ་ཤེས་རྗེས་སུ་རྟོགས་པ་རྣམས་དང་། སོ་སོར་རྟོགས་པ་རྣམས་དང་། སྟོབས་བསྐྱེད་པ་རྣམས་དང་། མཉམ་པ་ཉིད་ཀྱི་

ཚུལ་གྱི་ལམ་རྣམས་དང་། སངས་རྒྱས་ཀྱི་ཆོས་འཆད་པ་རྣམས་དང་། ཀུན་ཏུ་བཟུང་བ་རྣམས་དང་། སྤོབས་པ་རྣམས་དང་། ཡེ་ཤེས་ཀྱི་དབང་རྣམས་དང་། གནས་མེད་པ་རྣམས་དང་། སེམས་མཉམ་པ་ཉིད་དང་། ཡེ་ཤེས་མངོན་པར་བསྒྲུབས་པ་རྣམས་དང་།

སྤྲུལ་པ་རྣམས་དང་། བྱིན་གྱིས་བརླབས་པ་རྣམས་དང་། དབུགས་འབྱིན་པ་ཆེན་པོ་རྙེད་པ་རྣམས་དང་། ཟབ་མོ་ལ་འཇུག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ལ་རྟེན་པ་རྣམས་དང་། སེམས་བསྐྱེད་པ་བརྟན་པ་རྣམས་དང་། ཐེ་ཙོམ་ཐམས་ཅད་གཅོད་པ་རྣམས་དང་།

སེམས་བསྐྱེད་པ་རྣམས་དང་། བསམ་གྱིས་མི་ཁྱབ་པ་རྣམས་དང་། ལྟེམ་པོ་ངག་ལ་མཁས་པ་རྣམས་དང་། ཡེ་ཤེས་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་དང་། སྙོམས་པར་འཇུག་པ་རྣམས་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་དང་། རྣམ་པར་ཐར་པ་རྣམས་

དང་། མངོན་པར་ཤེས་པ་རྣམས་དང་། རིག་པ་རྣམས་དང་། རྣམ་པར་གྲོལ་བ་རྣམས་དང་། སྐྱེད་མོས་ཚལ་རྣམས་དང་། རིན་པོ་ཆེ་བཀོད་པ་རྣམས་དང་། མི་བསྐྱོད་པའི་སེམས་བསྐྱེད་པ་རྣམས་དང་། ལྷག་པའི་བསམ་པ་མི་གཏོང་བ་ལ་གནས་པ་རྣམས་དང་།

เล่ม ๖๒ · หน้า 48b

རྒྱ་མཚོ་ལྟ་བུའི་ཡེ་ཤེས་ལ་འཇུག་པ་རྣམས་དང་། རིན་པོ་ཆེ་ལྟ་བུའི་བྱང་ཆུབ་སེམས་དཔའི་གནས་པ་རྣམས་དང་། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་རྣམས་དང་། ཐེག་པ་ཆེན་པོའི་གོ་ཆ་རྣམས་དང་། རྩོམ་པ་ཆེན་པོ་རྣམས་དང་། རྩོམ་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་རྣམས་

དང་། མི་ཕྱེད་པའི་དད་པ་རྣམས་དང་། ལུང་བསྟན་པ་རྣམས་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་རྣམས་དང་། ཡེ་ཤེས་ཁོང་དུ་ཆུད་པ་རྣམས་དང་། སེམས་བསྐྱེད་པ་རྒྱ་ཆེ་བ་མཐའ་དང་དབུང་མེད་པ་རྣམས་དང་། གཏེར་རྣམས་དང་། སྡོམ་པ་རྣམས་དང་། དབང་

རྣམ་པར་སྤྲུལ་པ་རྣམས་དང་། ཞིང་རྣམ་པར་སྤྲུལ་པ་རྣམས་དང་། ཆོས་རྣམ་པར་སྤྲུལ་པ་རྣམས་དང་། སྨོན་ལམ་རྣམ་པར་སྤྲུལ་པ་རྣམས་དང་། སྤྱོད་ཡུལ་རྣམ་པར་སྤྲུལ་པ་རྣམས་དང་། ཡེ་ཤེས་རྣམ་པར་སྤྲུལ་པ་རྣམས་དང་། མངོན་པར་ཤེས་པ་རྣམ་པར་སྤྲུལ་པ་རྣམས་

དང་། རྫུ་འཕྲུལ་རྣམ་པར་སྤྲུལ་པ་རྣམས་དང་། སྟོབས་རྣམ་པར་སྤྲུལ་པ་རྣམས་དང་། རྣམ་པར་རོལ་པ་རྣམས་དང་། ཡུལ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་རྣམས་དང་། ལུས་རྣམས་དང་།

ལུས་ཀྱི་ལས་རྣམས་དང་། གཟུགས་རྣམས་དང་། ངག་གི་ལས་རྣམས་དང་། སེམས་རྣམས་དང་། སེམས་བསྐྱེད་པ་རྣམས་དང་། སེམས་རྒྱས་པར་བྱེད་པ་རྣམས་དང་། དབང་པོ་རྣམས་དང་། བསམ་པ་རྣམས་དང་། ལྷག་པའི་བསམ་པ་རྣམས་དང་། སྦྱོར་བ་རྣམས་

དང་། མོས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་སུ་མོས་པ་ལ་འཇུག་པ་རྣམས་དང་། བག་ཆགས་རྣམས་དང་། ལེན་པ་རྣམས་དང་། ནན་ཏན་རྣམས་དང་། འགྲུབ་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ལ་ངེས་པ་རྣམས་དང་། ཐེག་པ་རྣམས་དང་། མི་

འགྱུར་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ངེས་པའི་ཆོས་རྣམས་དང་། ངེས་པར་འབྱུང་བའི་ལམ་རྣམས་དང་། སྐྱེས་བུ་དམ་པའི་མིང་ཐོབ་པ་རྣམས་དང་། ལམ་རྣམས་དང་། ལམ་གྱི་ཚད་རྣམས་དང་། ལམ་གྱི་ཚོགས་རྣམས་དང་། ལམ་སྒོམ་པ་རྣམས་

เล่ม ๖๒ · หน้า 49a

དང་། ལམ་བཀོད་པ་ཐམས་ཅད་ལའང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་

འཁོར་ནི་འཛམ་བུའི་གླིང་གི་སྣོད་ཆུས་གང་ཞིང་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐམས་ཅད་དུ་སྣང་སྟེ། ཉི་མའི་དཀྱིལ་འཁོར་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་

ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་རེ་རེར་སེམས་ཅན་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་དག་གིས་ཅིག་ཅར་མཐོང་སྟེ། དེ་བཞིན་

གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་སྐུ་ཐོགས་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་མཐའ་ཡས་པ་མདོར་

བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ།། །།བམ་པོ་ལྔ་པ་སྟེ་ཐ་མ། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་ཡུལ་ནི་དཔེས་བསྟན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་མཁས་པ་གང་

དག་དཔེ་བཤད་པས་དོན་ཤེས་པར་འགྱུར་བ་ཡོད་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མཚོ་དཔག་ཚད་འབུམ་ཕྲག་ལྔ་པ་བྱ་རོག་གིས་བཏུང་དུ་རུང་བར་མུ་དང་ཁ་ད་ཆད་དུ་གྱུར་པ། པད་མའི་འདབ་མས་གཡོགས་པ་ཞིག་ཡོད་ལ། དེ་ལ་སྐྱེས་བུ་ལ་ལ་ཞིག་གིས་

ལྕགས་ཀྱི་ཤིང་རྟ་ཕང་ལོ་རྩིབ་མ་སྟོང་ཡོད་པ། ནམ་མཁའ་ལྡིང་གི་མགྱོགས་པ་བས་ཀྱང་ལྷག་པའི་རྟ་དེ་ལྟ་བུར་མགྱོགས་པས་ཤིང་རྟ་དྲངས་ཏེ། དེ་ལྟར་མགྱོགས་པའི་ཤིང་རྟ་དྲངས་ནས་ཕང་ལོ་ལའང་ཆུས་མི་རེག །རྟའི་རྨིག་པས་ཀྱང་པད་མའི་འདབ་མ་མི་རྡོལ་བ་དེ་ལྟ་བུའི་

เล่ม ๖๒ · หน้า 49b

ཤིང་རྟ་དེས་དྲངས་པ་ལས་མཚོ་ཆེན་པོ་དེ་ནས་སྦྲུལ་གདུག་པ་སྟེང་དུ་བྱུང་སྟེ། སྐད་ཅིག་གང་ལ་ཤིང་རྟ་བསྒྱུར་བའི་སྐད་ཅིག་དེ་ལ་སྦྲུལ་གདུག་པ་དེས་ཤིང་རྟ་དེ་ལན་བཅུར་བསྐོར་ཏེ། འཇམ་དཔལ་སྐད་ཅིག་གང་གིས་སྦྲུལ་གདུག་པས་ཤིང་རྟ་དེ་ལན་ཅིག་བསྐོར་བའི་སྐད་ཅིག་དེ་ལ་དགེ་སློང་

ཀུན་དགའ་བོས་ཆོས་རྣམ་པ་བཅུ་བསྟན་པ་བཤད་དེ་དོན་ཀྱང་རིག་པར་བྱེད་དོ། །དགེ་སློང་ཀུན་དགའ་བོས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་རྣམ་པ་སྟོང་བསྟན་པ་བཤད་ནས་དོན་ཀྱང་རིག་པར་བྱེད་དོ། །དགེ་སློང་ཤཱ་རིའི་

བུས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་གནས་བརྟན་མཽད་གལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ། །གནས་བརྟན་མཽད་གལ་གྱི་བུས་སྐད་ཅིག་གང་ལ་འཇིག་རྟེན་གྱི་ཁམས་གཅིག་འདས་པའི་སྐད་ཅིག་དེ་ལ། དེ་བཞིན་གཤེགས་པས་

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་གླིང་རེ་རེར་དགའ་ལྡན་གྱི་གནས་ན་གནས་པ་ལས་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང་། བདུད་འདུལ་བ་དང་། མངོན་

པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་ཆེན་པོ་དང་། ཆོས་གནས་པ་དང་། ཆོས་ནུབ་པ་དུས་གཅིག་ཏུ་སྟོན་ཏོ། །མུ་སྟེགས་ཅན་གྱི་གནས་ཀྱི་སྤྱོད་པ་དང་། སྐྱེས་པའི་རབས་ཐམས་ཅད་དུ་ཡང་དུས་གཅིག་ཏུ་སྣང་

ངོ་། །དེ་ཅིའི་ཕྱིར་ཞེ་ན། མཁྱེན་པ་ཐོགས་པ་མེད་པ་དང་། གཟིགས་པ་ཐོགས་པ་མེད་པ་དབྱེར་མེད་པ་དང་མི་རྟེན་ཅིང་དབྱེར་མེད་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་བཻ་དཱུརྱ་ལས་དངོས་པོའི་དབང་གིས་གཞལ་དུ་མེད་པའི་བྱ་བ་དག་འབྱུང་སྟེ།

བཻ་དཱུརྱ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་འཐུན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་གཞལ་དུ་མེད་པ་དག་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་

เล่ม ๖๒ · หน้า 50a

ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དབང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དུས་གཅིག་ཏུ་སྐད་ཅིག་སྐད་ཅིག་ལ་མཛད་པ་གཞལ་དུ་མེད་པ་དག་འབྱུང་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་སྟེ།

དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་ནི་འཛམ་བུའི་གླིང་དུ་སྣོད་ཆུས་བཀང་བ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐམས་

ཅད་དུ་ཅིག་ཅར་དུ་སྣང་ཡང་གནས་ནས་མི་གཡོའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་སེམས་ཅན་སྒྲིབ་པ་མེད་པའི་རྣམ་པར་དག་པ་དེ་དག་བསམ་པ་ཇི་ལྟ་བ་དང་། ཇི་

ལྟར་འདུལ་བ་བཞིན་དུ་དེ་བཞིན་གཤེགས་པ་མཐོང་སྟེ། དེ་བཞིན་གཤེགས་པ་ནི་དགའ་ལྡན་གནས་ནས་གཡོས་པ་ཡང་མེད་མོད་ཀྱི། འོན་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་མཛད་པ་རྩོམ་པ་ཐམས་ཅད་ཀྱང་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མི་གཡོ་

བའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རབ་དང་། འབྲིང་དང་། ཐ་མའི་དབང་གིས་སེམས་ཅན་རྣམས་ཀྱི་འདུ་བྱེད་རབ་འབྲིང་ཐ་མ་དག་འབྱུང་སྟེ། འདུ་བྱེད་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་

ཀྱང་འདུ་བྱེད་དེ་དག་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་འབྱུང་ངོ་། །དེ་བཞིན་དུ་རྣམ་པར་སྨིན་པ་ཐ་མ་དང་། འབྲིང་དང་། རབ་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐ་མ་དང་། འབྲིང་

དང་། རབ་ཏུ་མཐོང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྤྲིན་ལས་རོ་གཅིག་པའི་ཆར་

เล่ม ๖๒ · หน้า 50b

འབབ་སྟེ། བབ་ནས་སྣོད་ཀྱི་བྱེ་བྲག་གིས་ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་སུ་གྱུར་ཏེ། སྤྲིན་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་

དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་རོ་གཅིག་སྟེ། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་གིས་ཆོས་ཀྱི་དབྱིངས་ཐ་དད་པར་སྣང་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་

རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་གང་དུ་འབྱུང་བ་དེར་ལྕགས་དང་ལྕགས་ཀྱི་ཡོ་བྱད་རྣམས་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །

འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་གང་དུ་བྱུང་བ་དེར་མེའི་འོད་རྣམས་དང་། གློག་གི་འོད་རྣམས་མི་འབྱུང་ངོ་། །དེར་ཉི་མའི་འོད་རྣམས་མི་འབྱུང་ངོ་། །དེར་ནོར་བུའི་འོད་རྣམས་མི་འབྱུང་ངོ་། །དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།

ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་འོད་རྣམས་མི་འབྱུང་ངོ་། །དེར་རྒྱལ་པོ་རྣམས་ཀྱི་བཀའ་མི་འབྱུང་ངོ་། །དེར་རིགས་བཞི་རྣམས་མི་འབྱུང་ངོ་། །དེར་མི་ཁོམ་པར་སྐྱེ་བ་རྣམས་མི་

འབྱུང་ངོ་། །དེར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་རྣམས་མི་འབྱུང་ངོ་། །དེར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མི་འབྱུང་ངོ་། །དེར་ཉོན་མོངས་པ་ཐམས་ཅད་མི་འབྱུང་ངོ་། །དེར་འཁྲུག་པ་ཐམས་ཅད་

མི་འབྱུང་ངོ་། །དེར་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་དང་། འཚོ་བ་པ་རྣམས་མི་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་ཞིང་ཡུལ་ཆགས་པ་མེད་པའི་ཕྱིར་རྣམ་པར་མི་

เล่ม ๖๒ · หน้า 51a

རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་ཡུལ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་

གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི་འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་

པའི་གཟུགས་ཀྱི་སྐུ་ཁ་དོག་དང་། རྣམ་པར་གནས་པ་དང་འཇུག་པ་དུས་གཅིག་ཏུ་འབྱུང་བ་དག་ནི་ཆེས་མང་སྟེ། དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་

པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་སེམས་ཅན་རྣམས་དགེ་བའི་རྩ་བ་གཞན་དང་གཞན་དག་རྩོམ་པར་སྦྱོར་བ་དང་། ལས་དང་བཟོའི་གནས་ཐམས་ཅད་

ལ་སྦྱོར་བ་དག་འབྱུང་བ་ནི་ཆེས་མང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་

རབ་འབྱམ་ཐམས་ཅད་ན་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་བྱ་བ་ཐམས་ཅད་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་

པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ས་ལ་རྟེན། ས་ལ་གནས་ནས་ས་བོན་ཐམས་ཅད་དང་། རྩྭ་དང་ཤིང་གེལ་པ་དང་། རྩི་དང་ནགས་ཚལ་ཐམས་ཅད་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་ཏེ། ས་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི།

เล่ม ๖๒ · หน้า 51b

འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་རྟེན། དེ་བཞིན་གཤེགས་པ་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་མུ་

སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་འཕེལ་ཞིང་རྒྱས་པ་ཡངས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་

ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། གང་དག་ཟུག་རྔུ་འབྱིན་པའི་སྨན་ལ་རེག་པ་དེ་དག་གི་ཟུག་རྔུ་ཐམས་ཅད་འབྱིན་ཏེ།

ཟུག་རྔུ་འབྱིན་པའི་སྨན་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་གང་དག་ཐ་ན་དེ་བཞིན་གཤེགས་པ་རི་མོར་བྲིས་པའམ། གླེགས་

བམ་ལ་བྲིས་པ་ལ་རེག་ཀྱང་རུང་སྟེ། རྒྱུ་དེས་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཟུག་རྔུ་འབྱིན་ཏེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་

ཅིང་ལྷུན་གྱིས་གྲུབ་པར་མཛད་པ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་མི་རྟོག །རྣམ་

པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བྱང་ཆུབ་སེམས་དཔའ་གང་དག་ཆོས་བསྟན་པ་གང་འདོད་

เล่ม ๖๒ · หน้า 52a

པ་དེ་དག་དེ་བཞིན་གཤེགས་པའི་གན་དུ་འགྲོ་ཞིང་ཆོས་བསྟན་པ་དེ་དག་དེ་བཞིན་གཤེགས་པ་ལས་ཉན་ཀྱང་དེ་བཞིན་གཤེགས་པ་ནི་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་

དེ་ལྟ་བུ་དེ་དག་ཀྱང་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ནི་

འཇམ་དཔལ་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འཇིག་རྟེན་གྱི་ཁམས་རེ་རེ་དང་། རྡུལ་ཕྲ་རབ་རེ་རེ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ལ་འཇུག་སྟེ། འཇིག་རྟེན་གྱི་ཁམས་རེ་རེ་

དང་། གླིང་རེ་རེར་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་

པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་ནི་ཆེས་མང་ངོ་། །དེ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་

བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། མ་འདྲེས་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ །དེ་བཞིན་དུ་ཕ་

རོལ་ཏུ་ཕྱིན་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་

เล่ม ๖๒ · หน้า 52b

གྱིས་རློབ་པ་དག་གོ། །དེ་བཞིན་དུ་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་

པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་

མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ །དེ་བཞིན་དུ་ཏིང་ངེ་འཛིན་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་

པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་

ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལས་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་

པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་

པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་

เล่ม ๖๒ · หน้า 53a

ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་

གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པའི་

བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་

དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་

པ་དག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་

མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་

པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་ཅིག་སྐད་ཅིག་ལ་འབྱུང་

เล่ม ๖๒ · หน้า 53b

བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །དེ་བཞིན་དུ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་རྣམ་པར་གཞག་པ་ལས་འདས་པ་སྐད་

ཅིག་སྐད་ཅིག་ལ་འབྱུང་བ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པ་དག་གོ། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འདས་པ་དང་།

མ་འོངས་པ་དང་། ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ཡོད་པ་དེ་དག་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེར་འཇིག་ཅིང་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་དང་དབུང་མེད་པའི་ཆོས་ཉིད་བརྙེས་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་

བསམ་གྱིས་མི་ཁྱབ་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་ཀུན་ཏུ་གཟིགས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སེམས་

ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་རྣམས་དེ་བཞིན་གཤེགས་པས་གཟིགས་ཏེ། དེ་བཞིན་དུ་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་བཞིན་དུ་མཚན་རེ་རེས་ཀྱང་གཟིགས་སོ། །

དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་སྤུའི་ཁུང་བུ་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་

དག་དུས་གཅིག་ཏུ་གཟིགས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཀུན་ཏུ་གཟིགས་པ་མདོར་བཤད་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་གྲགས་པ་ནི་འཇམ་

เล่ม ๖๒ · หน้า 54a

དཔལ་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་འཇུག་ཅིང་སེམས་

ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྣམ་པར་འཕྲུལ་པ་ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ་ཐམས་ཅད་འབྱུང་སྟེ། སེམས་ཅན་

ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ཞིང་རྣམ་པར་འཕྲུལ་པ་དང་། ཆོས་རྣམ་པར་འཕྲུལ་པ་དང་། སྐུ་རྣམ་པར་འཕྲུལ་པ་དང་། སྨོན་ལམ་རྣམ་པར་འཕྲུལ་པ་དང་། སྤྱོད་ཡུལ་

རྣམ་པར་འཕྲུལ་པ་དང་། ཡེ་ཤེས་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་། སྟོབས་རྣམ་པར་འཕྲུལ་པ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྣམ་པར་འཕྲུལ་པ་ཐོགས་པ་མེད་

པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ་དག་སྐད་ཅིག་སྐད་ཅིག་ལ་འབྱུང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་

ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གྲགས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་དབྱེར་མེད་ཅིང་མི་གནས་པ་ནི་འཇམ་དཔལ་དེ་

བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་འདི་ན་ཐ་དད་ལ་འཇིག་རྟེན་གྱི་ཁམས་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་གླིང་འདི་ན་ཐ་དད་ལ་གླིང་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཁྱིམ་འདི་ན་ཐ་དད་ལ་ཁྱིམ་གཞན་དུ་གནས་པ་མ་ཡིན་

เล่ม ๖๒ · หน้า 54b

ནོ། །དེ་བཞིན་གཤེགས་པ་ལྷའི་རིས་འདི་ན་ཐ་དད་ལ་ལྷའི་རིས་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་འདི་ན་ཐ་དད་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡི་དགས་ཀྱི་འགྲོ་བ་

འདི་ན་ཐ་དད་ལ་ཡི་དགས་ཀྱི་འགྲོ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་སེམས་ཅན་དམྱལ་བའི་འགྲོ་བ་འདི་ན་ཐ་དད་ལ་སེམས་ཅན་དམྱལ་བའི་འགྲོ་བ་གཞན་དུ་གནས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ན་ཐ་དད་ལ་གཟུགས་ཀྱི་ཁམས་སུ་

གནས་པ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་དབྱེར་མེད་ཅིང་མི་གནས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སྐུ་ཐོགས་པ་མེད་

པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དག་ན་སངས་རྒྱས་ཀྱི་ཞིང་གང་དག་ཡོད་པ་དེ་དག་གི་ནམ་མཁའ་ཅི་འདྲ་བའི་མཐའ་ནི་ཡོད་སྲིད་ཀྱི། དུས་གསུམ་གྱི་ཕྱོགས་མཐའ་ཡས་པ་དག་ན་རྒྱལ་བའི་གཙུག་ཏོར་འབྱུང་བ་དང་། འཇིག་པར་སྣང་བའི་རྒྱལ་བའི་གཙུག་

ཏོར་གྱི་མཐའ་ནི་ཕྱོགས་རྣམས་ན་མི་རྙེད་དོ། །དེ་དག་གི་ནམ་མཁའ་ཅི་འདྲ་བའི་མཐའ་ནི་ཡོད་སྲིད་ཀྱི། དེ་བཞིན་དུ་རྒྱལ་བའི་མཛོད་སྤུ་དང་། དེ་བཞིན་དུ་མཚན་རེ་རེ་དང་། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང་། དེ་བཞིན་དུ་སྤུའི་ཁུང་བུ་རེ་རེའི་མཐའ་ནི་ཕྱོགས་རྣམས་

ན་མི་རྙེད་དོ། །ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་ཚུལ་བསྟན་པ་ཇི་ལྟ་བུས་འདུལ་བ་དེ་དག་གིས་ཆོས་ཀྱི་ཚུལ་བསྟན་པ་དེ་འདྲ་བ་དག་འབྱུང་བར་ཤེས་ཏེ། དེ་ལ་ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་གཙུག་ཏོར་ལས་

བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་

เล่ม ๖๒ · หน้า 55a

འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་གཟུངས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་

བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་མངོན་པར་ཤེས་

པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སྨོན་ལམ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་

ནི་དབུགས་འབྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་

མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་

བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་དུས་

གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་མི་སྐྱོ་བའི་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་གཙུག་ཏོར་ནས་

เล่ม ๖๒ · หน้า 55b

དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །དེ་བཞིན་དུ་ལྷ་དང་། མི་དང་། བྱང་ཆུབ་སེམས་དཔའ་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དག་གིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དེ་

བཞིན་དུ་མཛོད་སྤུ་དང་། དེ་བཞིན་དུ་མཚན་རེ་རེ་དང་། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཆོས་ཐ་དད་པ་རྒྱ་མཚོའི་བྱེ་བྲག་བསྟན་པ་དག་འབྱུང་བར་ཤེས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་ཐོགས་པ་མེད་པ་མདོར་བསྟན་པ་ཡིན་ཏེ། རྒྱས་

པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་ནི་འཇམ་དཔལ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་

ཡོད་པ་དག་ནི་རབ་ཏུ་ཉུང་གི །དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དག་ནི་ཆེས་མང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་ཙམ་མོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བཅུ་དང་།

ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བརྒྱའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བརྒྱ་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུའོ། །འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་

ཁ་ཅིག་གི་ཁྲུན་ནི་དཔག་ཚད་སྟོང་ངོ་། །འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་སྟོང་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བའོ། །བྱང་ཆུབ་སེམས་

དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་བརྒྱའོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་ཕྲག་སྟོང་ངོ་། །

เล่ม ๖๒ · หน้า 56a

བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ཁྲུན་ནི་དཔག་ཚད་བྱེ་བ་སྟོང་ཕྲག་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་ཡོད་དེ། དེ་དག་ཐམས་ཅད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། གླིང་ཐམས་ཅད་ན་དུས་གཅིག་ཏུ་

དེ་བཞིན་གཤེགས་པ་ཉིས་འགྱུར་དུ་མཐོང་ངོ་། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་གང་ལ་ལ་ཞིག་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ། འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་གོམ་པ་འདོར་བས་སྟེང་གི་ཕྱོགས་

ལོགས་སུ་སོང་སྟེ། གོམ་པ་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོར་སོང་ལ་དེ་བཞིན་གཤེགས་པའི་སྤྱི་གཙུག་ཚོལ་ཞིང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་བསྐལ་པ་རྒྱ་མཚོར་སོང་ཡང་དེར་ཡང་དེ་བཞིན་གཤེགས་པ་

ཉིས་འགྱུར་དུ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་

དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྤྱོད་པའི་གནས་རྣམས་ནི་འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་

རབ་ཀྱི་རྡུལ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྤྱོད་པའི་གནས་རྣམས་ནི་ཆེས་མང་ངོ་། །འཇམ་དཔལ་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་

པ་སྤྱོད་པའི་གནས་ཇི་སྙེད་པ་དེ་བས་ནི། དེ་བཞིན་གཤེགས་པའི་སྐུ་ལས་འོད་ཟེར་གྱི་རྒྱ་མཚོ་འབྱུང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་སྒྲོགས་པ་དག་ཆེས་མང་ངོ་། །སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དེ་བཞིན་དུ་གཙུག་ཏོར་དང་། མཛོད་སྤུ་དང་། མཚན་རེ་རེ་དང་།

เล่ม ๖๒ · หน้า 56b

དཔེ་བྱད་བཟང་པོ་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འོད་ཟེར་རྒྱ་མཚོ་དག་འབྱུང་སྟེ། དེ་ལ་འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་

རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་རྣམ་

པར་ཐར་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སྨོན་ལམ་རྒྱ་མཚོ་

གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དབུགས་འབྱིན་པ་རྙེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་

རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་

ཟེར་རྒྱ་མཚོ་ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དུས་གསུམ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་

སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་དུས་གསུམ་བསྟན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་མི་སྐྱོ་བའི་སེམས་བསྐྱེད་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་གོ། །འོད་ཟེར་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཐ་དད་པ་རྒྱ་མཚོ་གྲངས་མེད་པ་

เล่ม ๖๒ · หน้า 57a

རྗེས་སུ་སྒྲོག་སྟེ། ཐོགས་པ་མེད་པ། སྒྲིབ་པ་མེད་པ། དབྱེར་མེད་པ། ནམ་མཁའི་ཁམས་རྒྱས་པར་འགེངས་པ། ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་པོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་

སྤྱོད་པའི་གནས་རྣམས་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་འཇིགས་པ་ནི། འཇམ་དཔལ་དེ་བཞིན་

གཤེགས་པ་སྐད་ཅིག་སྐད་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྒྱ་མཚོ་དག་དུས་གཅིག་ཏུ་རྡུལ་གཅིག་ལ་ཡོངས་སུ་སྨིན་པར་མཛད་དོ། །དེ་ལ་སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་

མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་ཐ་དད་

པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་གཟུངས་ཐ་དད་པ་རྒྱ་མཚོ་གྲངས་མེད་

པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་ཏིང་ངེ་འཛིན་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་

མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་

เล่ม ๖๒ · หน้า 57b

ཁ་ཅིག་ནི་མངོན་པར་ཤེས་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སྨོན་ལམ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །

སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བརྩོན་འགྲུས་རྩོམ་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་དབུགས་འབྱིན་པ་རྙེད་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་

སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་

པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་

ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྒྱ་མཚོ་ཁ་ཅིག་ནི་བསྐལ་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་

མཛད་དོ། །དེ་བཞིན་དུ་དུས་གསུམ་ལ་འཇུག་པ་དང་། དུས་གསུམ་བསྟན་པ་དང་། མི་སྐྱོ་བའི་སེམས་བསྐྱེད་པ་དབྱེར་མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །དེ་བཞིན་དུ་སེམས་ཅན་རྣམ་པར་སྤྲུལ་པ་དང་། ཞིང་རྣམ་པར་སྤྲུལ་པ་དང་། ཆོས་རྣམ་

པར་སྤྲུལ་པ་དང་། ལུས་རྣམ་པར་སྤྲུལ་པ་དང་། སྨོན་ལམ་རྣམ་པར་སྤྲུལ་པ་དང་། སྤྱོད་ཡུལ་རྣམ་པར་སྤྲུལ་པ་དང་། ཡེ་ཤེས་རྣམ་པར་སྤྲུལ་པ་དང་། མངོན་པར་ཤེས་པ་རྣམ་པར་སྤྲུལ་པ་དང་། རྫུ་འཕྲུལ་རྣམ་པར་སྤྲུལ་པ་དང་། སྟོབས་རྣམ་པར་སྤྲུལ་

เล่ม ๖๒ · หน้า 58a

པས་རྣམ་པར་རོལ་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ། སེམས་ཅན་རྒྱ་མཚོ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དག་རྡུལ་གཅིག་ལ་ཡོངས་སུ་སྨིན་པར་མཛད་དོ། །འཇམ་དཔལ་དེ་བཞིན་གཤེགས་

པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་འཇིགས་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་རྒྱ་མཚོ་

གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དག་ལ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་

བསྙེན་སྟོན་པ་གཞན་ལ་མི་རྟེན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པའོ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་

རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བསྙེན་སྟོན་པ་གཞན་ལ་མི་རྟེན་པ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་

ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་སློང་གཅིག་ལ་ཉིན་གཅིག་ཟན་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་སློང་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་

เล่ม ๖๒ · หน้า 58b

བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དད་པས་རྗེས་སུ་འབྲང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་

དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དད་པས་རྗེས་སུ་འབྲང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་ཆོས་ཀྱི་རྗེས་སུ་འབྲང་

བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཆོས་ཀྱི་

རྗེས་སུ་འབྲང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བརྒྱད་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་

དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བརྒྱད་པ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་

ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་རྒྱུན་དུ་ཞུགས་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །

འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱུན་དུ་ཞུགས་པ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด