འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་མ་ཧཱ་མེ་གྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๔ · หน้า 140b
ཅན་རྣམ་པ་དུ་མ་ཡིས། །ལས་དྲག་མང་པོའི་སྡིག་སྤངས་ནས། །ཡིད་བདེ་རབ་ཏུ་དུལ་བར་གྱུར། །དེ་རིང་ཁྱོད་ཞི་ཞབས་དྲུང་ལྷགས། །ཕྱག་འཚལ་ནས་ནི་དེ་རིང་དུ། །རྣམ་པ་མང་པོའི་ཚུལ་གྱིས་འཇུག །ཉེ་གནས་ཆོ་ག་མཆོག་ལ་བཟོད། །སེམས་ཅན་ལྷ་མང་བྱེ་བ་རྣམས། །
དམ་པའི་ཆོས་ཀྱི་ཚིག་ཀྱང་སྲུང་། །དམ་པའི་ཆོས་མཆོག་རབ་ཀྱི་ཚུལ། །ངང་ཚུལ་བཟང་བས་ཉན་པར་བགྱིད། །ཤིན་ཏུ་མི་བཟད་བདུད་ཀྱི་འཁོར། །དེ་རིང་རབ་ཏུ་གཡོས་པར་གྱུར། །དམྱལ་བའི་ཚོང་དུས་ཕྱེ་ནས་ཀྱང་། །དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྷགས། །གཞན་ཡང་ལྷ་མང་བྱེ་
བའི་ཚོགས། །གླུ་གར་རྣམ་པ་སྣ་ཚོགས་བགྱིད། །དེ་བཞིན་དུད་འགྲོར་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་ཕན་ཚུན་དུ། །མང་དུ་དགྲ་བགྱིད་ཆགས་པའི་ཚུལ། །འཁོར་བའི་ཚུལ་སྤངས་ཆོས་ཀྱང་ཉན། །དམྱལ་བ་ཡི་ནི་སེམས་ཅན་རྣམས། །སྡུག་བསྔལ་མང་པོ་མྱོང་བ་ཡང་། །
དེ་རིང་མེ་ཞི་ཤས་ཆེར་བསིལ། །ཟས་སྐོམ་དག་གིས་རབ་ཚིམ་ནས། །དེ་རིང་བདེ་བར་གཉིད་ཀྱིས་ལོག །དེ་རིང་ལྷ་དང་མི་རྣམས་ཀྱིས། །དེ་འདྲའི་ལས་རྣམས་ཐོས་པ་དང་། །སེམས་ཅན་རྣམས་ཀྱིས་དམ་ཆོས་ཚུལ། །སྒྲ་བསྒྲགས་ལ་ནི་མངོན་མཆོད་ཅིང་། །འཇུག་པ་འདི་ནི་ངོ་
མཚར་རྨད། །བཅོམ་ལྡན་འདས་ཀྱིས་ཚིག་གཅིག་གསུངས་ན་ནི། །ཇི་ལྟར་བློ་དགའ་བཞིན་དུ་སྣ་ཚོགས་རྟོགས། །ཁྱོད་ནི་སེམས་ཅན་ཀུན་གྱིས་བདེ་མྱོང་བའི། །ཡངས་ཤིང་རྣམ་དག་ཆོས་ནི་སྟོན་པ་མཛད། །སེམས་ཅན་ཐམས་ཅད་ཡིད་བདེ་རབ་དུལ་ཞིང་། །སེམས་ཀྱང་རབ་དགའ་
མཉམ་པར་བྱམས་པར་སེམས། །གཅིག་ལ་གཅིག་ནི་ནོངས་པ་བཤགས་ནས་ཀྱང་། །མ་དང་བུ་བཞིན་ཆོས་ནི་ཉན་པར་བགྱིད། །སེམས་ཅན་ཀུན་ཀྱང་བདག་ཉིད་གཙོར་བགྱིས་ནས། །དེ་རིང་བདག་གི་རང་བཞིན་བསམ་དགོངས་སྙམ། །བདག་ལ་ཐུགས་བརྩེས་བདག་གི་སྟན་བཞུགས་ནས། །
མི་མཆོག་འདུལ་བའི་ཁ་སྒྱུར་ཆོས་སྟོན་སྙམ། །དེ་རིང་ལྷ་ཁྱོད་གདན་གཅིག་སྟེང་བཞུགས་ནས། །དམ་ཆོས་སྤྲིན་གྱི་མདོ་མཆོག་བསྟན་པར་མཛད། །དེ་རིང་ཆོས་ཚོགས་མང་ལ་བྱིན་གྱིས་རློབ། །སྐུ་ཡང་མང་ཞིང་གཟུགས་མང་བའི། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །སྟན་རྣམས་ཀུན་
เล่ม ๖๔ · หน้า 141a
ལ་བཞུགས་ནས་ཀྱང་། །ཁྱོད་ནི་ཆོས་འདི་སྟོན་པར་མཛད། །ལྷ་ཡི་ལྷ་ལ་བདག་དད་ནས། །བདག་ཅག་དེ་རིང་སྐྱབས་སུ་མཆི། །ཁང་པར་གནས་པའི་ལྷ་ཀུན་ནི། །ཀྱེ་མ་མི་རྟག་མི་བརྟན་ནོ། །སྐྱབས་མ་མཆིས་ཤིང་མགོན་མ་མཆིས། །བསོད་ནམས་ཆུང་ཞིང་སྡིག་པར་
བཅས། །ཀླུ་རྣམས་རྒྱ་མཚོར་འདུ་བ་ལྟར། །ལྷ་རྣམས་ཐམས་ཅད་ཁྱོད་ལ་རྟེན། །སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། །དེ་བས་ཐུབ་ཆེན་རྟག་པ་ལགས། །མགོན་མེད་རྣམས་ཀྱི་མགོན་ཡང་ཁྱོད། །གཉེན་མེད་རྣམས་ལ་རབ་གཉེན་པ། །བརྟན་པའི་གནས་ན་བཞུགས་པ་སྟེ། །
དེ་བས་མི་གཡོ་བརྟན་པ་ལགས། །ཀུན་གྱི་རྟེན་ཆེན་གྱུར་པ་སྟེ། །སྨན་པ་ཐེར་ཟུག་བདག་ཉིད་ཆེ། །ནད་ཀྱིས་ཐེབས་པའི་སེམས་ཅན་རྣམས། །ལེགས་སྤྱོད་ཆེ་བའི་བདག་ཉིད་ཅན། །བཅོམ་ལྡན་ལྷ་ཁྱོད་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ། །ལྷ་ཡི་ལྷ་སྟེ་ལྷ་
ཆེན་པོ། །འཇིག་རྟེན་ཀུན་དང་འཐུན་པར་འཇུག །དཔའ་བོ་ཆེན་པོ་གསང་བའི་གསང་། །གསང་བའི་ཆོས་ནི་རབ་སྟོན་བྱ། །ཏིང་འཛིན་གཟུངས་ཀྱི་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་དེད་དཔོན་ལགས། །བྱང་ཆུབ་སེམས་དཔའ་གཟི་ཆེན་གྱིས། །མཚུངས་མེད་དཔག་གིས་མི་
ལང་བ། །རྟག་པའི་ཟླ་བ་ཡོངས་སུ་བསྐོར། །དཔེ་མེད་བསྐལ་པ་བྱེ་མང་མཛེས། །ཁྱོད་ཀྱི་ཡོན་ཏན་བགྲངས་ལས་འདས། །རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །དཔལ་ཆེན་གཟི་བརྗིད་རྟག་པ་སྟེ། །བསམ་ཡས་སྟོབས་ཀྱི་རྒྱ་མཚོ་ལགས། །སེམས་ཅན་ཀུན་ཕན་བསམ་མི་ཁྱབ། །
ཀུན་ལ་བྱམས་ཤིང་ཐུགས་བརྩེ་བ། །ཐུབ་སྲས་སྒྲ་གཅན་ཟིན་བཞིན་དུ། །སེམས་ཅན་ཀུན་སྙོམས་བྱམས་པར་དགོངས། །དེ་རིང་མཉམ་གྱུར་མཉམ་པར་གཟིགས། །མཐུ་ཆེ་སྟོབས་ཀྱང་ཆེ་བ་ལགས། །མི་ཤེས་སྲིད་པའི་མཚོ་ཆེན་ལས། །དེང་ཁྱོད་བདག་ནི་བསྒྲལ་དུ་གསོལ། །
བདག་ཅག་ཀུན་གྱིས་བཟོད་པ་གསོལ། །དེ་བཞིན་གཤེགས་པས་བཟོད་པར་མཛོད། །དམ་ཆོས་འདུ་སྟོན་ཐོས་ནས་ནི། །དེ་བཞིན་གཤེགས་པའི་ཆེ་བ་རྟོགས། །མ་འཚལ་བ་ནི་ཀྱེ་རེ་མཚར། །བདག་གིས་ཡུན་རིང་མི་སྙན་བགྱིས། །དེ་བཞིན་གཤེགས་རྟག་མ་འཚལ་བའི། །སེམས་
เล่ม ๖๔ · หน้า 141b
ཅན་རྣམས་ནི་ངན་འགྲོར་མཆི། །མ་འཚལ་བ་ནི་ཀྱེ་རེ་མཚར། །བདག་གིས་ཡུན་རིང་འཁོར་བར་བགྱིས། །ཡོངས་སུ་མྱ་ངན་འདའ་སྙམ་མཛད། །སེམས་ཅན་མར་མེའི་ནང་དག་ཏུ། །ཕྱེ་མ་ལེབ་ནི་མཆོང་བ་བཞིན། །བཅོམ་ལྡན་དམ་ཆོས་དེ་བཞིན་དུ། །ཡོངས་སུ་མྱ་ངན་འདའ་འགྱུར་
སྙམ། །དེ་ལྟར་སེམས་པར་བགྱིད་པ་ཡི། །ལྷར་བཅས་འཇིག་རྟེན་འཁོར་བར་འགྱུར། །དེང་བདག་ཡང་དག་མཚན་མཐོང་བ། །ཀྱེ་མ་རྙེད་ཆེན་ལེགས་པར་རྙེད། །ཁྱོད་ཀྱི་ཞབས་མཆོག་གཟི་བརྗིད་ཀྱིས། །དམ་ཆོས་ཚིག་སྨོས་རྒྱ་མཚོ་ཐོས། །སྨོན་ལམ་བཏབ་ཅིང་བསྒྲུབས་པ་
དེས། །དེ་རིང་བདག་གིས་བདུད་རྩི་འཚལ། །བགྱི་བ་ཆེན་པོའི་སོ་སོའི་ལས། །དེ་རིང་བདག་གིས་བསྟེན་པར་བགྱིས། །བདག་གི་དེ་རིང་ནད་ཞི་ཞིང་། །ནད་མེད་གནོད་པ་མ་མཆིས་ལ། །དེ་རིང་བདག་གིས་གདུང་བ་བསྲབས། །མཆོག་ཏུ་ཡང་ནི་བདེ་བར་འགྱུར། །འཇིག་
རྟེན་ཀུན་ལ་ཐུགས་བརྩེ་བ། །བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་བདེ་བ་སྒྲུབ་པ། །སངས་རྒྱས་བཅོམ་ལྡན་འདས་པ་ཡིས། །ནད་རྣམས་མ་ལུས་མཛད་པར་གསོལ། །དམ་ཆོས་བརྟན་པའི་ཚུལ་གྱི་གཏེར། །སེམས་ཅན་དབུལ་པོ་རྣམས་ཀྱི་ནི། །མི་ཟད་
པ་ཡི་བདུད་རྩི་གཏེར། །བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ། །རྣམ་པར་སྦྱོང་བའི་ཆོ་ག་ཡི། །ལས་ཀྱི་ཚིག་ནི་སྨོས་པ་རྣམས། །བཅོམ་ལྡན་སངས་རྒྱས་རྒྱས་པར་མཛོད། །རྟག་ཅིང་བརྟན་པའི་འདུ་སྟོན་ལ། །སེམས་ཅན་མང་པོ་དགོད་པར་གསོལ། །སྤྲིན་ཆེན་པོའི་མདོ་ལས་
ལྷ་ཐམས་ཅད་འདུས་པ་ཞེས་བྱ་བ་སྟེ་ཕུང་པོ་དང་པོའི་ལེའུ་རྫོགས་སོ།། །།འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །
དམ་པའི་ཆོས་བརྟན་པ་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི་ཨ་ལ་ལ་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་ཨ་ལ་ལ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་སྟེ། ཆོ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་
เล่ม ๖๔ · หน้า 142a
པ་སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལགས་སོ། །སྤྲིན་ཆེན་པོའི་མདོ་བཤད་པ་ན་སྤྲིན་ཆེན་པོའི་ཚོགས་ཀྱིས་རིན་པོ་ཆེ་ཐམས་ཅད་དང་། བཅུད་ཐམས་ཅད་ཀྱིས་རྒྱས་བའི་ཆར་གྱི་རྒྱུན་གྱི་ཚོགས་བདུད་རྩིའི་སྒྲ་ལས་བྱུང་བ་རྣམས་ཀྱིས་བདུད་རྩིའི་ཆར་ཆེན་པོ་རབ་ཏུ་
ཕབ་བོ། །ཨ་ལ་ལ་དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཡུལ་བསམ་གྱིས་མི་ཁྱབ་པའི་མདོ་ཤིན་ཏུ་ལེགས་པར་གསུངས་སོ། །ཨ་ལ་ལ་སེམས་ཅན་ཐམས་ཅད་ནི་བསོད་ནམས་བགྱིས་པ་ལགས་སོ། །ཨ་ལ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་
སྟེ། སེམས་ཅན་རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ལ་ཡོངས་སུ་སྤྱོད་དོ། །དེ་རིང་སེམས་ཅན་ཐམས་ཅད་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་གྱུར་ཏོ། །སྤྲིན་ཆེན་པོའི་མདོའི་གཏེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པ་བཅོམ་ལྡན་འདས་
ཀྱིས་བཤད་དུ་གསོལ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། མཚན་ཉིད་མ་མཆིས་པའི་ཆར་བཅོམ་ལྡན་འདས་ཀྱིས་དེ་རིང་དབབ་ཏུ་གསོལ་སྤྲིན་ཆེན་པོའི་མདོ་ལས་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཆུས་
རྒྱས་པའི་ཆོས་ཀྱི་སྤྲིན་གྱི་ཚོགས་ཀྱི་འབྲུག་སྒྲ་འཁོར་བའི་ཉོན་མོངས་པའི་ཚོགས་ཀྱི་ནམ་མཁའི་དཀྱིལ་དུ་སྒྲོགས་ཤིང་དེ་བཞིན་གཤེགས་པ་རྟག་པའི་སྒྲའི་ཚིག་རྣམས་འབེབས་ཏེ། འུར་འུར། ཆེམ་ཆེམ་ཞིང་མཆིས་ལ། དམ་པའི་ཆོས་ནུབ་པར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་
བ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་གློག་སྟོན་ཏེ། རྟག་པའི་སྒྲའི་བཅུད་བསིལ་བའི་དེ་ཁོ་ན་དྲག་ཅིང་མི་ཟད་པའི་རྒྱུན་གྱི་ཆར་གྱི་ཚོགས་ཀྱིས་ཉོན་མོངས་པའི་སྦུབས་ཀྱི་ལམ་རབ་ཏུ་སེལ་བའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་དབབ་ཏུ་གསོལ། སེམས་ཅན་ཐམས་ཅད་མངོན་སུམ་དུ་དེ་བཞིན་གཤེགས་པའི་རྟག་
པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་སྒྲའི་ཚིག་གི་བཅུད་ཀྱི་རོ་མངར་བ་བཞི་རོ་ཤིན་ཏུ་བདའ་བ་ཐམས་ཅད་དང་ལྡན་པའི་ཆོས་ལ་སྤྱོད་པར་མཛད་དུ་གསོལ། སྔར་གསུངས་པའི་ཚིག་སྨོས་པ་རྣམ་པར་སྦྱོང་བར་བགྱིད་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་
เล่ม ๖๔ · หน้า 142b
བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །འདི་ལྟ་བུའི་སྤྲིན་ཆེན་པོ་མངར་བ་བཞི་རོ་ཐམས་ཅད་དང་འདྲེས་པའི་ཆར་རྟག་ཏུ་འབེབས་པར་འདོད་པས་ནི་སྤྲིན་ཆེན་པོ་རྡོ་རྗེའི་མདོ་གཟུང་བར་བྱའོ། །གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། །ཤིན་ཏུ་དགའ་བ་ཡང་བསྐྱེད་པར་
བྱའོ། །དེ་ལ་མངོན་པར་བརྩོན་པར་ཡང་བྱའོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས། ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག །སྤྲིན་ཆེན་སྙིང་
པོ་སྤྲིན་ཆེན་པོའི་མདོ་ལ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ། །ཐོས་པའི་རྒྱ་མཚོར་
ཡང་འགྱུར་རོ། །ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་པ་ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །ཚེ་རབས་དྲན་པར་ཡང་འགྱུར་རོ། །འཁོར་བའི་
ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ། །དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཅན་གླགས་ལྟ་བ་དང་སྐབས་ཚོལ་བས་གླགས་རྙེད་པར་ཡང་མི་འགྱུར་རོ། །
ང་རྒྱལ་ཆོམས་པར་ཡང་འགྱུར་རོ། །གཟུངས་ཐོབ་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ལྡེམ་པོ་ངག་དཔྱོད་པ་ལ་མཁས་པར་ཡང་འགྱུར་རོ། །ཆོས་ཐམས་ཅད་ཀྱི་གསང་བའི་སྒོར་འཇུག་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་པར་ཡང་འགྱུར་རོ། །
དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཆུད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་སྲུངས་མར་ཡང་འགྱུར་རོ། །དེ་བཞིན་གཤེགས་
เล่ม ๖๔ · หน้า 143a
པའི་གསུང་བརྗོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་དམིགས་པ་ལ་རྣལ་འབྱོར་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཉི་མའི་འོད་ཟེར་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟིར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་
ཏོག་གི་རྩེ་མོའི་མཆོག་ཏུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མཚམས་འཛིན་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཕྲིན་ལས་ལ་རྩོམ་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྩལ་གྱི་ཤུགས་སུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མུ་སྟེགས་ལ་ངེས་པའི་
པད་མ་དཀར་པོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་དགྱེས་པ་ལ་དགའ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མཛོད་ཀྱི་དཀོར་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་
ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་
འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའོ། །ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་
པའི་རྡོ་རྗེའི་སྐུ་ནི་མི་ཕྱེད་པའི་སྐུ་ཡིན་ནོ་ཞེས་ཡང་དག་པ་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ། རྒྱུས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་འབྲས་བུ་ཡོད་
པ་ཡིན་ནོ། །ཞེས་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མེད་པར་ཡང་འགྱུར་བ་མེད་དོ་ཞེས་མེད་པར་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་ཞེས་གསལ་
เล่ม ๖๔ · หน้า 143b
བར་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཉམས་པ་མེད་དོ་ཞེས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་ནི་ནུབ་པར་འགྱུར་བ་མེད་དོ་ཞེས་ནུབ་པར་མི་འགྱུར་བའི་བསྔགས་པ་
བརྗོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དག་ཅིང་ཡོངས་སུ་དག་ལ་དྲི་མ་མེད་པས་བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ་ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ། །འཁོར་བའི་
བསྔགས་པ་བརྗོད་པར་ཡང་འགྱུར་རོ། །འཁོར་བའི་ཆེད་དུ་ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ལ་དམིགས་པར་འདོད་པར་ཡང་འགྱུར་རོ། །རྟག་ཏུ་ཉོན་མོངས་པ་ལ་སེམས་པར་ཡང་འགྱུར་རོ། །ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ། །ཉོན་
མོངས་པའི་སྒོ་རྣམ་པ་སྣ་ཚོགས་འཐོབ་པ་ལ་དད་པ་ཐོབ་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ། །ལས་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པར་ལྟ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་
རྟག་པ་ཉིད་ལ་ཡང་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་རོ། །འཁོར་བ་ལ་མོས་པར་ཡང་འགྱུར་རོ། །བདག་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་རྟག་ཏུ་དད་པའི་སེམས་སུ་ཡང་འགྱུར་རོ། །བདག་གིས་ཆོས་ཀྱི་འཁོར་
ལོ་བསྐོར་བར་བྱའོ། །བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ། །བདག་གིས་སངས་རྒྱས་ཀྱི་གདུང་མི་གཅད་པར་བྱའོ་ཞེས་དམ་འཆའ་ཞིང་སྨོན་ལམ་འདེབས་ཏེ། བྱང་ཆུབ་སེམས་དཔའ་དེད་དཔོན་དུ་ཡང་འགྱུར་རོ། །བདུད་ཀྱི་སྨན་པར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་
སྟོན་པ་བོར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པའི་ཚོང་རྡལ་འཐོབ་པར་ལྟ་བར་ཡང་འགྱུར་རོ། །འཁོར་བའི་རྒྱ་མཚོ་ཆེན་པོ་འཐོབ་པས་སྐོམ་པར་ཡང་འགྱུར་རོ། །འཁོར་བ་ལ་སྲེད་པར་ཡང་འགྱུར་རོ། །འཁོར་བ་འཐོབ་པ་ལ་རག་ལས་པའི་སེམས་སུ་ཡང་འགྱུར་རོ། །འཁོར་བ་འཐོབ་པ་མི་
เล่ม ๖๔ · หน้า 144a
གཏོང་བར་ཡང་འགྱུར་རོ། །འཁོར་བའི་ཆུ་ལ་པད་མའི་རྒྱལ་པོ་རྒྱས་པར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་གཞིར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བ་ལ་
དགའ་བར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོད་པའི་ངང་ཚུལ་ཅན་དུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བ་ཐོབ་པ་མི་གཏོང་བར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་མེ་ལ་སེམས་
རྒྱས་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཉོན་མོངས་པས་སྙོན་རྨོངས་པར་གྱུར་པ་རྣམས་ལ་བདེ་ཞིང་བསིལ་བའི་རླུང་དུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་ཀུན་ཏུ་འབེབས་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་རོ། །
སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་པ་ཆེན་པོར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་སྨན་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཟས་སུ་ཡང་འགྱུར་རོ། །འཁོར་བའི་སྡུག་བསྔལ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་ཟིན་
པའི་མུན་པ་མུན་གནག་བསལ་བའི་ཕྱིར་སྒྲོན་མ་ལྟ་བུར་ཡང་འགྱུར་རོ། །སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་རོ། །སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར་བར་སྣང་ལྟ་བུར་ཡང་འགྱུར་རོ། །སེམས་ནམ་མཁའ་
དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང་། སྟོབས་དང་ཡེ་ཤེས་དང་ལྡན་པའི་ཕྱིར་ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་རོ། །ལེགས་པར་སྨྲས་པ་ཡང་དག་པར་བླང་བའི་ཕྱིར་
གཞན་གྱི་དྲིང་མི་འཇོག་པར་ཡང་འགྱུར་རོ། །ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར་རྒྱ་མཚོ་དུག་ཅན་ལྟ་བུར་ཡང་འགྱུར་རོ། །དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །གཏི་མུག་གི་མུན་པ་སེལ་བའི་ཕྱིར་ཉི་མ་ལྟ་བུར་ཡང་འགྱུར་རོ། །ཉོན་མོངས་པས་འཁོར་
เล่ม ๖๔ · หน้า 144b
བ་ལ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ་བར་སྣང་ལྟ་བུར་ཡང་འགྱུར་རོ། །དེ་དང་དེ་མངོན་པར་རྟོགས་པས་པད་མ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་རོ། །སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །ཆོས་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར་རྡོ་རྗེ་ལྟ་བུར་
ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་ཐོས་ན་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་བཻ་དཱུརྱ་ལྟ་བུར་ཡང་འགྱུར་རོ། །ཉོན་མོངས་པའི་རྙོག་
པ་སེལ་བའི་ཕྱིར་རྒྱ་མཚོ་དུག་ཅན་པའི་གསེར་གྱི་ཕ་བོང་ལྟ་བུར་ཡང་འགྱུར་རོ། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་རང་བཞིན་མཐོང་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་ལས་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །དེ་
བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་མི་འདའ་ཞིང་ཆོས་ནུབ་པར་མི་འགྱུར་བ་ཐོས་ནས་མི་གཡོ་བའི་ཕྱིར་སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་རོ། །ཡང་དག་པ་མཐོང་བའི་ཕྱིར་སེམས་བརྟན་ཞིང་གནས་པར་ཡང་འགྱུར་རོ། །སེམས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་རོ། །མངོན་སུམ་
དུ་ཡོན་ཏན་མང་པོ་འཐོབ་པ་མང་བར་ཡང་འགྱུར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་ཡང་འགྱུར་རོ། །མཛེས་པར་ཡང་འགྱུར་རོ། །བལྟ་ན་སྡུག་པར་ཡང་འགྱུར་རོ། །བརྐམ་པ་མེད་པར་ཡང་འགྱུར་རོ། །ལུས་ཆུང་ངུར་ཡང་མི་འགྱུར་རོ། །ཁ་དོག་བཟང་པོ་རྒྱས་པ་མཆོག་དང་
ལྡན་པར་ཡང་འགྱུར་རོ། །རིགས་མཐོན་པོར་སྐྱེ་བར་ཡང་འགྱུར་རོ། །རིགས་ཆེན་པོར་སྐྱེ་བར་ཡང་འགྱུར་རོ། །འཁོར་མང་བར་ཡང་འགྱུར་རོ། །འཁོར་མི་ཕྱེད་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །
ཁ་ཟས་ལ་བརྐམ་པར་ཡང་མི་འགྱུར་རོ། །ཤའི་ཁ་ཟས་ཀྱང་རྣམ་པར་སྤོང་བར་ཡང་འགྱུར་རོ། །བློ་གྲོས་དང་ལྡན་པར་ཡང་འགྱུར་རོ། །སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བཀུར་བར་ཡང་འགྱུར་རོ། །དྲན་པ་དང་ལྡན་པར་ཡང་འགྱུར་རོ། །གཟི་བྱིན་དང་ལྡན་པར་ཡང་
เล่ม ๖๔ · หน้า 145a
འགྱུར་རོ། །ཤེས་རབ་དང་ལྡན་པར་ཡང་འགྱུར་རོ། །དགའ་བ་དང་ལྡན་པར་ཡང་འགྱུར་རོ། །འཇིག་རྟེན་དང་འཐུན་པར་འཇུག་པར་ཡང་འགྱུར་རོ། །འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་རོ། །འཇིག་རྟེན་ལ་བདེ་བར་ཡང་འགྱུར་རོ། །འཇིག་རྟེན་གྱི་ཐུ་བོར་ཡང་འགྱུར་རོ། །འཇིག་རྟེན་གྱི་གཙོ་བོར་ཡང་
འགྱུར་རོ། །འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ། །འཇིག་རྟེན་གྱི་རབ་ཏུ་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་སུ་ཡང་འགྱུར་རོ། །སྦྱིན་བདག་ཆེན་
པོར་ཡང་འགྱུར་རོ། །སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །དཔའ་བོ་ཆེན་པོར་ཡང་འགྱུར་རོ། །བརྩོན་འགྲུས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །བྱམས་པའི་སེམས་དང་ལྡན་པར་ཡང་འགྱུར་རོ། །བདེན་པར་སྨྲ་བར་ཡང་འགྱུར་རོ། །བརྟུལ་ཞུགས་བརྟན་པར་ཡང་འགྱུར་རོ། །
བརྩོན་འགྲུས་བརྩམས་པར་ཡང་འགྱུར་རོ། །བྱམས་པ་ལ་གནས་པར་ཡང་འགྱུར་རོ། །སྙིང་རྗེ་ལ་གནས་པར་ཡང་འགྱུར་རོ། །དགའ་བ་ལ་གནས་པར་ཡང་འགྱུར་རོ། །བཏང་སྙོམས་ལ་གནས་པར་ཡང་འགྱུར་རོ། །སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ། །སྟོང་པ་མ་ཡིན་
པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་རོ། །གཙང་བར་ཡང་འགྱུར་རོ། །གཙང་མས་ཕྱུག་པར་ཡང་འགྱུར་རོ། །ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར་
རོ། །ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །དབྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་
རྣམས་སྟོན་པ་ན་མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་རོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དོན་དུ་མི་གཉེར་བར་ཡང་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་རྣམས་བསྡུས་ནས་
เล่ม ๖๔ · หน้า 145b
དམ་པའི་ཆོས་ལ་དགོད་པར་ཡང་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་གཡོ་སྒྱུ་དང་ལྡན་པ་རྣམས་ལ་ཐོག་ཏོག་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་བྱས་པ་མི་གཟོ་བ་རྣམས་བྱས་པ་གཟོ་བ་ལ་ཡང་དག་པར་སྦྱོར་བར་ཡང་འགྱུར་རོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་
འཕྲོགས་པར་ཡང་འགྱུར་ཞིང་སླར་དེ་ལ་ཐབས་དང་ལྡན་པར་ཡང་འགྱུར་རོ། །དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུག་རྡུགས་སུ་མི་ཆུད་ཅིང་སླར་དེ་ལ་ཐབས་ཀྱིས་རྟོན་པར་ཡང་འགྱུར་རོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་
འདུན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་འདུན་པར་བྱེད་པར་ཡང་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་ཡང་དག་པར་རྟེན་པ་ལྟ་བུར་ཡང་འགྱུར་རོ། །ལས་ལ་རྟོན་པར་འགྱུར་གྱི་བཀྲ་ཤིས་དང་། དགེ་མཚན་
ལ་རྟོན་པར་ཡང་མི་འགྱུར་རོ། །སྲོག་གཅོད་པ་བྱེད་ཀྱང་སྲོག་གཅོད་པ་སྤངས་པར་ཡང་འགྱུར་རོ། །མེ་ཏོག་ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མས་གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་ཡོངས་སུ་སྤྱད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱོད་ཀྱང་ཤིན་ཏུ་ཚངས་
པར་སྤྱོད་པར་ཡང་འགྱུར་རོ། །སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། བརྫུན་ཚིག་དང་། ཆང་འཐུང་བ་ལ་སོགས་པ་ལ་རྟེན་ཅིང་ལས་རྣམས་བྱེད་ལ། བུ་དང་ཆུང་མ་རྣམས་སྟོན་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར་
རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་གཟོ་བའི་བགོ་སྐལ་ལ་
སྤྱོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་བ་རྣམ་པ་མང་པོ་ལུང་བསྟན་པའི་
เล่ม ๖๔ · หน้า 146a
ཡུལ་ལ་སྤྱིས་བཙན་པའི་རྒྱལ་པོར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་གནས་པར་མཁས་པར་ཡང་འགྱུར་རོ། །སངས་
རྒྱས་ཐམས་ཅད་ཀྱི་འདོད་ཆགས་མེད་པ་དང་། དྲི་མ་མེད་པ་དང་། བདག་དང་། སེམས་ཅན་མེད་པ། གསོ་བ་མེད་པ་དང་། འཇིགས་པ་མེད་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ་རིན་པོ་ཆེ་ལྟ་བུར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་
བའི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་པ་ཡང་དག་པར་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་
བར་མཛད་པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ་རྒལ་ནས་བསྒྲལ་བར་བྱའོ། །གྲོལ་ནས་དགྲོལ་བར་བྱའོ་སྙམ་ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་
བཞིན་དག་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་
བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང་འགྱུར་རོ། །ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་རོལ་
པའི་གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་ཏེ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་
เล่ม ๖๔ · หน้า 146b
དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་ཞིང་ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ།
དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་
སྨན་རྟོན་པའི་རླུང་ཟབ་མོའི་རྣམ་པར་ཐར་པ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ།
དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་ཏེ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་གཉིས་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་
ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཡེ་ཤེས་ཀྱི་
གནས་ཟབ་མོའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་སྨན་གཤོང་ན་གནས་པའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བོ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་རྣམ་པ་ལ་དམིགས་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་གི་དྲི་ལྟར་བསུང་ཞིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞི་བའི་འོད་ཟེར་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཐའ་ཡས་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་གསང་བ་ཟབ་མོ་ཞེས་བྱ་བའི་སྒོའི་ཏིང་ངེ་འཛིན་དང་། དོན་ལ་དགའ་བ་ཟབ་མོའི་
เล่ม ๖๔ · หน้า 147a
རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་གྱི་སྟོབས་ཀྱི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤིང་སཱ་ལ་ཅན་འཇོམས་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གང་གཱའི་བྱེ་མའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མདུད་པ་ཐམས་ཅད་ལས་གྲོལ་བར་བྱེད་
པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་དང་མཚུངས་པར་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་ཁོ་ན་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་དུས་ཚོད་ལས་འདས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩ་བའི་སྟོབས་ལས་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། བདུད་བྱེ་བ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་བརྟན་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིའི་རྒྱལ་པོ་ལྟར་གནས་པའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་རབ་ཏུ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྡིང་གི་
ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་ལྟར་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཇིགས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྱུ་མ་མཁན་
གྱིས་བུད་མེད་སྤྲུལ་པ་ལྟ་བུའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་མཆེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་འགྱུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཀྱི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བློ་གྲོས་མི་ཟད་པའི་ཕྲེང་ལྡན་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ལྟར་བློ་གྲོས་མི་ཟད་པའི་ཆུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུན་མང་པོའི་འོད་འཕྲོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་བོན་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་གྲོས་རྒྱ་མཚོའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱོང་བའི་ཡན་ལག་ལ་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དད་
པས་རྣམ་པར་གྲོལ་བ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུ་དང་རྐྱེན་དུ་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལས་དང་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་ལ་མཐུ་ཆེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བཻ་དཱུརྱའི་
เล่ม ๖๔ · หน้า 147b
རྩེ་མོའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷུན་པོའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩི་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་འཆར་ཀ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མ་མེ་ལྟར་སྣང་བ་ཞེས་བྱ་བའི་ཏིང་
ངེ་འཛིན་དང་། ཡུལ་གཙོ་བོར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་ཡན་ལག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོ་འཁྲུག་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ལ་ཚོད་རན་པར་འདོད་པ་ཞེས་བྱ་བའི་ཏིང་
ངེ་འཛིན་དང་། བུད་མེད་ཀྱི་གཙུག་གི་ནོར་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བུད་མེད་ཀྱི་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རི་དགས་སྦྲེངས་པའི་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཕྲ་བར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྔའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་
གྲོས་འཕགས་སྐྱེས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤུགས་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འབབ་ཆུའི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོལ་བའི་བློ་གྲོས་མང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲས་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བའི་འོད་ཅེས་བྱ་བའི་
ཏིང་ངེ་འཛིན་དང་། མུན་པ་ལས་རྣམ་པར་གྲོལ་བར་བྱེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་སྙིང་པོའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མར་མེ་རབ་ཏུ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏི་སེའི་གངས་ལྟ་བུའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ད་ལྟར་
བྱུང་བའི་སྣང་བའི་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཉམ་པའི་ཆུའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཀྱིས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་ཁ་མ་བྱེ་བ་མཛེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀ་
ཤའི་མེ་ཏོག་གི་མདོག་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་རྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་དང་བཅས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔེས་རིག་པར་བྱེད་པའི་རྒྱལ་པོ་ཞེས་བྱ་
เล่ม ๖๔ · หน้า 148a
བའི་ཏིང་ངེ་འཛིན་དང་། ཕུང་པོ་ཐམས་ཅད་ཀྱི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀླུའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟག་ལྟར་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་སྟོབས་དང་མཚུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་ཤུགས་
ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁ་དོག་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོས་དྲི་ཞིམ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་མའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁ་དོག་གི་བློ་གྲོས་ཀྱི་མདོག་ཅེས་བྱ་
བའི་ཏིང་ངེ་འཛིན་དང་། ཉེས་པ་འཇོམས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཀྱི་ཕྱོགས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཏི་མུག་སྒྲོལ་བྱེད་གསོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་
ལག་གི་མེ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེའི་ཆུས་རྙིས་པར་བྱེད་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱིས་བཙན་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་
མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་དུས་ཚོད་མཛེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པའི་དྲི་མ་འཇོམས་པའི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསིལ་བའི་ཆར་པའི་དུས་ཚོད་འཛིན་པའི་རྒྱལ་པོ་ཞེས་བྱ་
བའི་ཏིང་ངེ་འཛིན་དང་། ཨ་མྲའི་མེ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཞུང་ལུགས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངང་ཚུལ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུང་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དུས་ཚིགས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
མདངས་ཤིན་ཏུ་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚམས་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རང་གི་ས་ན་གནས་ཤིང་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་དུས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཨུད་པ་ལའི་དྲི་ལྟར་
เล่ม ๖๔ · หน้า 148b
བསུང་ཞིམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེན་པའི་བཅུད་སྦྱིན་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འགུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། རྣམ་པར་དག་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རི་བོ་ཐམས་ཅད་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཀྱི་ནོར་བུའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངན་སྤོང་དང་ཁ་བ་ཅན་རྣམ་པར་ཐར་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་རྣམ་
པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། །སྣང་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐོག་ཏོག་གི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་སྙིང་
པོ་དྲ་བ་ཅན་གྱི་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་གྱི་ནད་འཐོར་བར་བྱེད་པའི་ཆོས་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་གྱི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་བཀྲ་ཤིས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྟོབས་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། ཆོས་ཀྱི་སྟོབས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལེགས་པའི་དོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་སྟོབས་ཆེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀ་ཏ་ཀའི་འབྲས་བུ་ལྟ་བུ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། འགྲམ་དུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་རྒྱལ་བའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་འཕྲོ་མཆོག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་མི་ཟད་པའི་
རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཕགས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་སྲུང་བ་མི་ཟད་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་སྲུང་རྨ་ཤིང་མདོག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁྲི་ཤིང་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་
เล่ม ๖๔ · หน้า 149a
དང་། སྒྲ་སྙན་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགྲོ་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེའི་དཔལ་དུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཙང་ཞིང་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཙང་མའི་སྙིང་པོ་མདངས་དཀར་བ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། གཙང་ཞིང་གཙང་སྦྲའི་རིན་པོ་ཆེའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་ཞིང་དང་བར་གྲགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ནམ་མཁའ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཅོད་པན་རྣམ་པར་འཕྱང་བ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། སྟོབས་བླ་ན་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེས་སུ་སྲུང་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྗེས་སུ་ཆགས་པ་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་ཟློག་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དལ་གྱིས་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། བརྩོན་འགྲུས་ཡིད་དུ་འོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་སྐྱེས་པའི་འོད་ཟེར་ལེན་པ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་གཙང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་ལྟར་མགྱོགས་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔལ་གྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་རླུང་ཆེན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་རླབས་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བའི་སྟོབས་ཀྱི་མིག་འཛུམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིག་མི་འཛུམས་
པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིག་མི་འཛུམས་པར་སྣང་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཉིད་ཐུལ་བའི་མིག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྩེ་མོའི་ཁྱད་པར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འདྲེན་པའི་སྟོབས་ཀྱིས་
འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་ཞིང་མདངས་དཀར་བའི་རྣམ་པར་རྒྱལ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུ་མུ་དའི་ཟླ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུ་མུ་དའི་ཟླ་བ་ལེགས་པར་བསྲུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཙན་དན་ལྟར་བདེ་ཞིང་
เล่ม ๖๔ · หน้า 149b
བསིལ་བའི་རླུང་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀེ་ཏ་ཀའི་མེ་ཏོག་རབ་ཏུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་ཕྲེང་བའི་གནས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ད་ལྟར་བཞུགས་པའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། དུས་ཚོད་བཟང་པོ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་འགྲོ་བརྟེན་པའི་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ཐམས་ཅད་ཀྱི་དུས་ལ་མཁས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ཐམས་ཅད་ལ་ཐེ་ཙོམ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་མོ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་མོའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩི་སྨན་ཆེན་མོའི་ཡན་ལག་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསིལ་བ་ཆེན་པོ་ཞི་བའི་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསིལ་ཞིང་ཞི་བའི་སྟོབས་དང་ལྡན་པ་ཞེས་བྱ་བའི་ཏིང་
ངེ་འཛིན་དང་། ཞི་བའི་སྟོབས་རྒྱས་པར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་འབབ་པའི་ཆར་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོའི་ཏོག་གི་རྒྱལ་མཚན་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏོག་གི་དཔལ་གྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནོར་བུའི་ཆུའི་དྲ་བ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་མཆོག་ཏུ་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསམ་གཏན་གྱི་མེ་ཏོག་གི་ཁུ་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བུང་བའི་སྤོས་ཀྱི་སེར་བུའི་མེ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ནགས་ཀྱི་མཚམས་མཛེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། ནགས་སུ་འགྲོ་བ་ཡིད་དུ་འོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནགས་སུ་དགའ་ཞིང་ཡིད་དུ་འོང་བས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གསེར་ལྟར་སྣང་བ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་དག་པར་བྱེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མའི་ལུས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྙིང་པོ་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་སྙིང་པོ་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་
เล่ม ๖๔ · หน้า 150a
བའི་ཏིང་ངེ་འཛིན་དང་། འོད་ཟེར་ཟླུམ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་ཕྲེང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱིས་བསྲུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་དུས་ཚོད་ཅེས་བྱ་བའི་
ཏིང་ངེ་འཛིན་དང་། འོད་ཟེར་གྱི་བརྩོན་འགྲུས་ཀྱི་གཟི་བརྗིད་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ལྕགས་ཀྱོས་བསྒྱུར་བའི་སྤོས་ཀྱི་གླང་པོ་ཆེའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཅང་ཤེས་ཀྱི་གཙུག་ཕུད་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
རྒྱགས་པས་དཔའ་ཞིང་དྲག་པའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྲང་རྩི་བྱེད་པའི་བུང་བ་སྐད་སྙན་པ་རྒྱགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱའི་སྤྱོད་ཡུལ་གྱི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་ཡུལ་འཁོར་གྱི་སའི་རྣལ་འབྱོར་པ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། རྒྱགས་ཤིང་མྱོས་པའི་སེམས་ཀྱིས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྩ་བའི་སྟོབས་ཀྱི་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གྲགས་པའི་རྒྱལ་མཚན་གྱི་སྙན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁྱད་པར་དུ་འཕགས་པའི་ཆོ་ག་ལ་རབ་ཏུ་སྒྲིམ་པ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། སྟག་གི་མིག་འཛུམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་དང་མེ་ལྟ་བུའི་རྣམ་པར་འཕྲུལ་པ་གཞོན་པའི་ལུས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་རྒྱ་ཆེན་པོའི་ཁྱིམ་གྱི་གནས་ཀྱི་ཡོན་ཏན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་དྲི་མ་མེད་པའི་ལས་ཀྱི་ཆོ་གར་
བྱ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔེར་བྱ་བ་ཀུན་ནས་བསྡུས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྱོར་བ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་མཆོག་ཏུ་དགའ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། དྲ་བ་ཅན་གྱི་ལུས་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲ་བ་ཅན་གྱི་འོད་ཟེར་གྱི་རྒྱལ་པོའི་ལུས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་དུལ་བ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་དང་རབ་ཏུ་དགའ་བའི་སྟོབས་ཀྱིས་འགྲོ་བ་ཞེས་བྱ་བའི་
เล่ม ๖๔ · หน้า 150b
ཏིང་ངེ་འཛིན་དང་། བྱམས་པ་ལ་དམིགས་པའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཟོད་པའི་སྟོབས་ཤིན་ཏུ་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྩོན་པའི་རྣམ་པར་འཕྲུལ་པའི་རླུང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཐའ་མར་གྱུར་པའི་ཆོས་ལ་བརྩོན་པར་བྱ་བ་ཞེས་བྱ་
བའི་ཏིང་ངེ་འཛིན་དང་། ནམ་མཁའི་རང་བཞིན་རྣམ་པར་དག་པའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བོ་ཆེན་པོའི་སྙིང་པོ་ལ་གུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་བོན་ཆེན་པོ་ཞིང་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་མུ་སྟེགས་ཀྱི་འདུ་སྟོན་བྱ་བའི་ཕྱག་རྒྱ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱུང་ན་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་བྱ་བ་བྱུང་ན་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་བདེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། བསོད་ནམས་ཐམས་ཅད་ཀྱི་ལུས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བར་སྣང་གི་གནས་སུ་བྱུང་བའི་སངས་རྒྱས་ཀྱི་སྒྱུ་འཕྲུལ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྲག་ཅའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཉིད་ལས་སད་པའི་སེམས་
ཐོབ་པ་ལ་གནས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདག་ཉིད་ཤི་བ་ལྟ་བུའི་རྣམ་པར་འཕྲུལ་པར་གྱུར་ཅིང་ཁྱད་པར་དུ་འཕགས་པ་ཐམས་ཅད་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་གྱི་རྗེས་སུ་འཐུན་པའི་བྱ་བ་བྱུང་ན་སངས་རྒྱས་མངོན་སུམ་དུ་
བཞུགས་པར་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་དང་རྡུལ་ཕྲན་ཐམས་ཅད་ལ་བརྩམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདག་ཉིད་སྟོན་པའི་མར་མེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རང་གི་སྐྱེ་གནས་ལ་རྨོངས་པ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྐྱེ་གནས་
ཐམས་ཅད་དུ་བསླབ་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་ཆུ་བུར་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་དབུ་བ་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་རྟག་ཏུ་རབ་ཏུ་སྟོན་པའི་རྣམ་པའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
เล่ม ๖๔ · หน้า 151a
བརྩོན་འགྲུས་ཀྱི་ཆོ་ག་ཞར་ལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་མེ་ལོང་གི་དཀྱིལ་འཁོར་དང་རབ་ཏུ་ཕྲད་པར་སྟོན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིགས་དང་ལུས་ཡིད་དུ་འོང་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་
སྨོན་པའི་སེམས་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་མངོན་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་སྐྱེ་གནས་སུ་མངོན་པར་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུད་འགྲོའི་
སྐྱེ་གནས་ཐམས་ཅད་དུ་གོས་པ་མེད་པར་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ་བར་འཇུག་པ་མངོན་པར་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ་བར་མངོན་པར་དགའ་ཞིང་རབ་ཏུ་མོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་
ཅན་དམྱལ་བས་གོས་པ་མེད་པར་བྱ་བ་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བླག་ཏུ་ཞི་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་གནས་ཀྱི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བསོད་ནམས་ཀྱི་ཀླུང་འབབ་པའི་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། དག་བྱེད་ཀྱི་རླུང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱེད་ཀྱི་བསོད་ནམས་བསགས་པར་འགྲོ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱེད་ཀྱི་པད་མ་དཀར་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་བྱེད་ཀྱི་པད་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུ་སྟེགས་ཀྱི་བཀྲ་ཤིས་
ཀྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུ་སྟེགས་ཀྱི་བཀྲ་ཤིས་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུ་སྟེགས་ཀྱི་བཀྲ་ཤིས་ཉན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་བཀྲ་ཤིས་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་བཀྲ་ཤིས་བསྔགས་པ་ཞེས་བྱ་
བའི་ཏིང་ངེ་འཛིན་དང་། རྨི་ལམ་གྱི་བཀྲ་ཤིས་ཐོབ་པ་ལ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྨི་ལམ་བཀྲ་ཤིས་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པའི་བཀྲ་ཤིས་རྒྱས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱས་པར་ཡངས་པ་སྐྱེ་བ་ཤེས་པ་ལ་རབ་ཏུ་དགའ་
เล่ม ๖๔ · หน้า 151b
བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རླུང་གི་མཚམས་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྦྱོར་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་གྲུབ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པའི་ཆོ་གའི་བརྟུལ་ཞུགས་ལ་ངེས་པར་གནས་པ་ཞེས་བྱ་
བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པ་དེ་ཁོ་ནའི་ཆོ་གའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉེ་བར་གནས་པའི་དེ་ཁོ་ནའི་ཐོབ་པས་རབ་ཏུ་ཞི་བར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་
ལ་འཇུག་པའི་གསང་བ་ཤིན་ཏུ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ལ་མངོན་པར་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པའི་དགའ་བ་ལ་དགའ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པའི་ཕྱེ་མས་བཀླུབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པ་ཤིན་ཏུ་བསིལ་བའི་ཏ་མ་ལའི་ལོ་མ་སྤོས་ཀྱིས་བསྒོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་ཏུ་ཉེ་བར་གནས་པའི་བདུག་པས་བདུགས་ཤིང་བྱུག་པའི་ངད་པས་
བྱུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣ་ཚོགས་སུ་མངོན་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རོ་བྲོ་བ་ཐམས་ཅད་དང་ལྡན་པའི་མེ་ཏོག་གིས་རྒྱགས་ཤིང་མྱོས་པའི་བུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩི་ཐམས་ཅད་ཀྱི་བདེ་བའི་ལོངས་སྤྱོད་ཀྱིས་ཁྱིམ་གྱི་གནས་དགའ་
བར་བྱེད་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་ཞིང་ཚེར་མ་རྣམ་པར་བསལ་བ་དང་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱུན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་རྔ་སྒྲའི་རྒྱལ་པོ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གློག་གི་འོད་ཀྱི་བརྩོན་འགྲུས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཤུགས་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གློག་གི་ཕྲེང་བ་ཅན་ཞེས་བྱ་བའི་
เล่ม ๖๔ · หน้า 152a
ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་མཚོའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བློ་གྲོས་ལ་མཁས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་བརྟན་པའི་ཆུ་ཟབ་མོའི་རྒྱ་མཚོའི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་འོད་ཟེར་གྱི་ཆུའི་
རྒྱུན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ས་བོན་གྱི་རྒྱ་མཚོའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་རབ་ཏུ་གཡོ་བའི་ཆུའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་ལུས་ཀྱི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་ཞི་བའི་ཆུའི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་ཤེས་པའི་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། སྤྲིན་ཆེན་པོ་སྡེའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་བསོད་ནམས་ཀྱི་རྒྱུན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསོད་ནམས་ཀྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ངེས་པར་
སྒྲོགས་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་བསོད་ནམས་ཀྱི་ཆུའི་རོས་སྐོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྟོབས་ཀྱིས་ཟློག་པའི་འབྲས་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་
པོའི་ཆུའི་བདེ་བསིལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཀུ་མུ་དའི་ཟླ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ཡིད་དུ་འཐད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འབབ་པའི་ཤུགས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། སྤྲིན་ཆེན་པོ་ནམ་མཁའ་ལས་སྒྲ་སྒྲོགས་པ་ཡིད་དུ་འཐད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོས་རྒྱགས་ཤིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ནོར་བུའི་ལུས་ལ་ཅོད་པན་བཏགས་པས་སྤུངས་སྐྱེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
เล่ม ๖๔ · หน้า 152b
སྤྲིན་ཆེན་པོའི་ཆུ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྐྱབས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་དྲི་མ་མེད་པའི་སྙིང་པོའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་ནོར་བུ་འདྲ་བའི་ཆུ་བསྔགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ནད་མེད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྣོད་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་མི་འཁྲུགས་པའི་རྒྱ་མཚོའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་སྤྲིན་གྱི་ནང་ནས་ཟླ་བ་བྱུང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་གློག་གིས་མཆོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྟོབས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་མཛོད་ཀྱི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་ཆུས་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་བསམ་གཏན་གྱི་མེ་ཏོག་གི་རོས་མྱོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དམིགས་པ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྗེས་སུ་ཆགས་པའི་སྟོབས་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་གནས་ཀྱི་འོད་ཟེར་གྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་དགའ་བས་རབ་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ཤིན་ཏུ་བརྟན་པར་བྱ་བའི་
བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྨན་གྱིས་བརྟན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོས་མྱོས་པའི་སྟག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོས་མྱོས་པའི་སེང་གེའི་སྟབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། སྤྲིན་ཆེན་པོའི་ཆུའི་རོས་མྱོས་པའི་སྤོས་ཀྱི་གླང་པོ་ཆེའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་བདེ་ཞིང་བསིལ་བའི་ཆུ་རྒྱུན་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་འགྲོ་ཞིང་འབབ་པ་མི་འཁྲུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་
เล่ม ๖๔ · หน้า 153a
པོའི་ཆུའི་བསམ་གཏན་རྫོགས་པའི་ས་བོན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་འོད་ཐོབ་པ་མི་ཟད་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རྒྱུན་གྱིས་ཀླུའི་སྟོབས་ཡོངས་སུ་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་
པོའི་ཆུ་ལ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུ་ཡོངས་སུ་བསྒོས་པའི་ཁྱུ་མཆོག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་ཙན་དན་གྱི་ཁུ་བ་བསིལ་ཞིང་བདེ་བའི་སྨན་གྱི་བརྩོན་འགྲུས་ཀྱི་གནས་ཀྱིས་ཞི་བར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་ཆུའི་དུག་སྨན་གྲུབ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུས་ས་གཞི་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་སྙིང་པོའི་དྲ་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཆུའི་རིན་པོ་ཆེའི་ཆར་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སྤྲིན་ཆེན་པོའི་སྙིང་པོའི་སྟོབས་ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཏོག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུས་ས་གཞི་ཞི་བར་བྱས་པའི་དྲི་ཞིམ་སྤོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་སྦྱོར་བ་མཐའ་ཡས་པ་ལ་
དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་ཁོང་པའི་ཆུའི་སྙིང་པོའི་མྱུར་བའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་མདངས་དཀར་བློ་གྲོས་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་འདྲེན་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་
པོའི་སྙིང་པོ་ཁ་དོག་གི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་པད་མའི་འོད་མཐའ་ཡས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུ་འབབ་པའི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་འབྱུང་གནས་
ཀྱི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ངན་སྤོང་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་སྒྲའི་གཟི་བརྗིད་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་
เล่ม ๖๔ · หน้า 153b
སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་བརྟན་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུའི་རྩེད་མོ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཆུ་ཤེས་ཉེན་ཅན་གྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་
ཆེན་པོའི་སྙིང་པོའི་ཆུ་སྲུང་བ་ཐམས་ཅད་དུ་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོའི་ཀུ་ཤ་དང་ར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་མདངས་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་འགྲོ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་
ཆེན་པོའི་སྙིང་པོ་ཆུའི་རྣམ་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཆུའི་རྩ་མོ་བསྒྲེང་ཞིང་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་ཆུ་རྒྱུ་བར་གྱུར་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྲིན་ཆེན་པོའི་སྙིང་པོ་སྤྲིན་གྱི་བདེན་པའི་
མཚོའི་ངང་པའི་རྒྱལ་པོའི་སྟབས་ལེགས་པའི་བློ་གྲོས་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་སྔ་མ་གང་ཡིན་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ། །ཐོས་
པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་གཉིས་མེད་དེ། ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །ཚེ་རབས་དྲན་པར་ཡང་འགྱུར་རོ། །
འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་བར་ཡང་འགྱུར་རོ། །དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཅན་གླགས་ལྟ་བ་དང་། སྐབས་ཚོལ་བས་གླགས་རྙེད་པར་ཡང་མི་
འགྱུར་རོ། །ང་རྒྱལ་ཆོམས་པར་ཡང་འགྱུར་རོ། །གཟུངས་ཐོབ་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ལྡེམ་པོ་ངག་དང་དཔྱོད་པ་ལ་མཁས་པར་ཡང་འགྱུར་རོ། །ཆོས་ཐམས་ཅད་ཀྱི་གསང་བའི་སྒོར་འཇུག་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་
เล่ม ๖๔ · หน้า 154a
པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཆུད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་སྲུངས་
མར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་བརྗོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་དམིགས་པ་ལ་རྣལ་འབྱོར་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཉི་མའི་འོད་ཟེར་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་དུ་ཡང་འགྱུར་རོ། །
དེ་བཞིན་གཤེགས་པའི་ཏོག་གི་རྩེ་མོའི་མཆོག་ཏུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མཚམས་འཛིན་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཕྲིན་ལས་ལ་རྩོམ་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྩལ་གྱི་ཤུགས་སུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མུ་
སྟེགས་ལ་ངེས་པའི་པད་མ་དཀར་པོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་དགྱེས་པ་ལ་དགའ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་མཛོད་ཀྱི་དཀོར་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྟག་པ་དང་།
ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་
ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའོ་ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་
རྡོ་རྗེའི་སྐུ་ནི་མི་ཕྱེད་པའི་སྐུ་ཡིན་ནོ་ཞེས་ཡང་དག་པ་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ་རྒྱུས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་འབྲས་བུ་ཡོད་པ་ཡིན་ནོ་ཞེས་
เล่ม ๖๔ · หน้า 154b
འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མེད་པར་ཡང་འགྱུར་བ་མེད་དོ་ཞེས་མེད་པར་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་ཞེས་གསལ་བར་སྨྲ་བར་ཡང་འགྱུར་རོ། །
དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཉམས་པ་མེད་དོ་ཞེས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་ནི་ནུབ་པར་འགྱུར་བ་མེད་དོ་ཞེས་ནུབ་པར་མི་འགྱུར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ། །དེ་བཞིན་
གཤེགས་པའི་རིགས་དང་རྒྱུད་དག་ཅིང་ཡོངས་སུ་དག་ལ་དྲི་མ་མེད་པས་བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ་ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ། །འཁོར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་རོ། །འཁོར་
བའི་ཆེད་དུ་ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ལ་དམིགས་པར་འདོད་པར་ཡང་འགྱུར་རོ། །རྟག་ཏུ་ཉོན་མོངས་པ་ལ་སེམས་པར་ཡང་འགྱུར་རོ། །ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང་འགྱུར་རོ། །ཉོན་མོངས་པའི་སྒོ་རྣམ་པ་སྣ་ཚོགས་འཐོབ་པ་ལ་དད་པ་ཐོབ་པར་
ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ། །ལས་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པར་ལྟ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་རྟག་པ་ཉིད་ལ་ཡང་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཙོམ་ཟ་བར་
ཡང་མི་འགྱུར་རོ། །འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་རོ། །འཁོར་བ་ལ་མོས་པར་ཡང་འགྱུར་རོ། །བདག་སངས་རྒྱས་སུ་འགྱུར་བར་བྱའོ། །ཞེས་རྟག་ཏུ་དད་པའི་སེམས་སུ་ཡང་འགྱུར་རོ། །བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །བདག་གིས་སེམས་ཅན་
རྣམས་དགྲོལ་བར་བྱའོ། །བདག་གིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱའོ་ཞེས་དམ་འཆའ་ཞིང་སྨོན་ལམ་འདེབས་ཏེ་བྱང་ཆུབ་སེམས་དཔའ་དེད་དཔོན་དུ་ཡང་འགྱུར་རོ། །བདུད་ཀྱི་སྨན་པར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་སྟོན་པ་པོར་ཡང་འགྱུར་རོ། །འཁོར་བའི་ཉོན་
เล่ม ๖๔ · หน้า 155a
མོངས་པའི་ཚོང་རྡལ་འཐོབ་པར་ལྟ་བར་ཡང་འགྱུར་རོ། །འཁོར་བའི་རྒྱ་མཚོ་ཆེན་པོ་འཐོབ་པས་སྐོམ་པར་ཡང་འགྱུར་རོ། །འཁོར་བ་ལ་སྲེད་པར་ཡང་འགྱུར་རོ། །འཁོར་བ་འཐོབ་པ་ལ་རག་ལས་པའི་སེམས་སུ་ཡང་འགྱུར་རོ། །འཁོར་བ་འཐོབ་པ་མི་གཏོང་བར་ཡང་འགྱུར་རོ། །
འཁོར་བའི་ཆུ་ལ་པད་མའི་རྒྱལ་པོ་རྒྱས་པར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་གཞིར་ཡང་འགྱུར་རོ། །འཁོར་བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་རོ། །སེམས་ཅན་དམྱལ་
བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོད་པའི་ངང་ཚུལ་ཅན་དུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བ་ཐོབ་པ་མི་གཏོང་བར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་
བའི་ཉོན་མོངས་པས་སྙོན་རྨོངས་པར་གྱུར་པ་རྣམས་ལ་བདེ་ཞིང་བསིལ་བའི་རླུང་དུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་ཀུན་ཏུ་འབེབས་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་རོ། །
སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་པ་ཆེན་པོར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་སྨན་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་ཟས་སུ་ཡང་འགྱུར་རོ། །འཁོར་བའི་སྡུག་བསྔལ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་ཟིན་པའི་མུན་པ་མུན་ནག་བསལ་བའི་ཕྱིར་སྒྲོན་མ་ལྟ་བུར་ཡང་
འགྱུར་རོ། །སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་རོ། །སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར་བར་སྣང་ལྟ་བུར་ཡང་འགྱུར་རོ། །སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་
པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང་། སྟོབས་དང་། ཡེ་ཤེས་དང་ལྡན་པའི་ཕྱིར་ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་རོ། །ལེགས་པར་སྨྲས་པ་ཡང་དག་པར་བླང་བའི་ཕྱིར་གཞན་གྱི་དྲིང་མི་འཇོག་པར་ཡང་འགྱུར་རོ། །ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར་རྒྱ་
เล่ม ๖๔ · หน้า 155b
མཚོ་དུག་ཅན་ལྟ་བུར་ཡང་འགྱུར་རོ། །དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །གཏི་མུག་གི་མུན་པ་སེལ་བའི་ཕྱིར་ཉི་མ་ལྟ་བུར་ཡང་འགྱུར་རོ། །ཉོན་མོངས་པས་འཁོར་བ་ལ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ་བར་སྣང་ལྟ་བུར་ཡང་འགྱུར་རོ། །དེ་དང་དེ་མངོན་
པར་རྟོགས་པས་པད་མ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་རོ། །སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །ཆོས་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་།
བརྟན་པ་ཐོས་ན་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་བཻ་དཱུརྱ་ལྟ་བུར་ཡང་འགྱུར་རོ། །ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར་རྒྱ་མཚོ་དུག་ཅན་པའི་གསེར་གྱི་ཕ་བོང་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་
པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་རང་བཞིན་མཐོང་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་ལས་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་མི་འདའ་ཞིང་ཆོས་ནུབ་པར་མི་འགྱུར་བ་ཐོས་ན་མི་གཡོ་བའི་ཕྱིར་སྒོའི་
ཐེམ་པ་ལྟ་བུར་ཡང་འགྱུར་རོ། །ཡང་དག་པ་མཐོང་བའི་ཕྱིར་སེམས་བརྟན་ཞིང་གནས་པར་ཡང་འགྱུར་རོ། །སེམས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་རོ། །མངོན་སུམ་དུ་ཡོན་ཏན་མང་པོ་འཐོབ་པ་མང་བར་ཡང་འགྱུར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་ཡང་འགྱུར་རོ། །
མཛེས་པར་ཡང་འགྱུར་རོ། །བལྟ་ན་སྡུག་པར་ཡང་འགྱུར་རོ། །བརྐམ་པ་མེད་པར་ཡང་འགྱུར་རོ། །ལུས་ཆུང་ངུར་ཡང་མི་འགྱུར་རོ། །ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་ཡང་འགྱུར་རོ། །རིགས་མཐོན་པོར་སྐྱེ་བར་ཡང་འགྱུར་རོ། །རིགས་ཆེན་པོར་སྐྱེ་བར་ཡང་འགྱུར་རོ། །
འཁོར་མང་བར་ཡང་འགྱུར་རོ། །འཁོར་མི་ཕྱེད་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །ཁ་ཟས་ལ་བརྐམ་པར་ཡང་མི་འགྱུར་རོ། །ཤའི་ཁ་ཟས་ཀྱང་རྣམ་པར་སྤོང་བར་ཡང་འགྱུར་རོ། །བློ་གྲོས་
เล่ม ๖๔ · หน้า 156a
དང་ལྡན་པར་ཡང་འགྱུར་རོ། །སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བཀུར་བར་ཡང་འགྱུར་རོ། །དྲན་པ་དང་ལྡན་པར་ཡང་འགྱུར་རོ། །གཟི་བྱིན་དང་ལྡན་པར་ཡང་འགྱུར་རོ། །ཤེས་རབ་དང་ལྡན་པར་ཡང་འགྱུར་རོ། །དགའ་བ་དང་ལྡན་པར་ཡང་འགྱུར་རོ། །འཇིག་རྟེན་དང་
འཐུན་པར་འཇུག་པར་ཡང་འགྱུར་རོ། །འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་རོ། །འཇིག་རྟེན་ལ་བདེ་བར་ཡང་འགྱུར་རོ། །འཇིག་རྟེན་གྱི་ཐུ་བོར་ཡང་འགྱུར་རོ། །འཇིག་རྟེན་གྱི་གཙོ་བོར་ཡང་འགྱུར་རོ། །འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ། །འཇིག་རྟེན་གྱི་རབ་ཏུ་ཡང་འགྱུར་རོ། །
འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་སུ་ཡང་འགྱུར་རོ། །སྦྱིན་བདག་ཆེན་པོར་ཡང་འགྱུར་རོ། །སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །དཔའ་བོ་ཆེན་པོར་ཡང་འགྱུར་རོ། །བརྩོན་འགྲུས་ཆེན་པོ་དང་ལྡན་པར་ཡང་འགྱུར་
རོ། །བྱམས་པའི་སེམས་དང་ལྡན་པར་ཡང་འགྱུར་རོ། །བདེན་པར་སྨྲ་བར་ཡང་འགྱུར་རོ། །བརྟུལ་ཞུགས་བརྟན་པར་ཡང་འགྱུར་རོ། །བརྩོན་འགྲུས་བརྩམས་པར་ཡང་འགྱུར་རོ། །བྱམས་པ་ལ་གནས་པར་ཡང་འགྱུར་རོ། །སྙིང་རྗེ་ལ་གནས་པར་ཡང་འགྱུར་རོ། །དགའ་བ་ལ་གནས་པར་ཡང་འགྱུར་རོ། །བཏང་སྙོམས་ལ་
གནས་པར་ཡང་འགྱུར་རོ། །སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ། །སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་རོ། །གཙང་བར་ཡང་འགྱུར་རོ། །
གཙང་མས་ཕྱུག་པར་ཡང་འགྱུར་རོ། །ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར་རོ། །ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །དབྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ། །སྟོང་
པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྟོན་པ་ན་མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་རོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དོན་དུ་མི་གཉེར་བར་
เล่ม ๖๔ · หน้า 156b
ཡང་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་རྣམས་བསྡུས་ནས་དམ་པའི་ཆོས་ལ་དགོད་པར་ཡང་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་གཡོ་སྒྱུ་དང་ལྡན་པ་རྣམས་ལ་ཐོག་ཏོག་ལྟ་བུར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ལ་བྱས་པ་མི་གཟོ་བ་རྣམས་བྱས་པ་གཟོ་བ་ལ་ཡང་དག་པར་སྦྱོར་བར་
ཡང་འགྱུར་རོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་འཕྲོགས་པར་ཡང་འགྱུར་ཞིང་སླར་དེ་ལ་ཐབས་དང་ལྡན་པར་ཡང་འགྱུར་རོ། །དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུག་རྡུགས་སུ་མི་ཆུད་ཅིང་སླར་དེ་ལ་ཐབས་ཀྱིས་སྟོན་པར་ཡང་འགྱུར་རོ། །མུ་
སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་འདུན་པར་བྱེད་པར་ཡང་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་ཡང་དག་པར་རྟེན་པ་ལྟ་བུར་ཡང་འགྱུར་རོ། །
ལས་ལ་རྟོན་པར་འགྱུར་གྱི་བཀྲ་ཤིས་དང་། དགེ་མཚན་ལ་རྟོན་པར་ཡང་མི་འགྱུར་རོ། །སྲོག་གཅོད་པ་བྱེད་ཀྱང་སྲོག་གཅོད་པ་སྤངས་པར་འགྱུར་རོ། །མེ་ཏོག་ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མས་གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་རྣམ་པ་དུ་མ་
དག་དང་། ཆུང་མ་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱོད་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ། །སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། བརྫུན་ཚིག་དང་། ཆང་འཐུང་བ་ལ་སོགས་པ་ལ་སྟེན་ཅིང་ལས་རྣམས་བྱེད་ལ། བུ་དང་། ཆུང་མ་རྣམས་སྟོན་ཀྱང་ཤིན་ཏུ་ཚངས་
པར་སྤྱོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྡུག་པར་
བྱ་བའི་སྲས་སུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་གཟོ་བའི་བགོ་སྐལ་ལ་སྤྱོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་
เล่ม ๖๔ · หน้า 157a
མཚུངས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་བ་རྣམ་པ་མང་པོ་ལུང་བསྟན་པའི་ཡུལ་ལ་སྤྱིས་བཙན་པའི་རྒྱལ་པོར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་
བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་མེད་པ་དང་དྲི་མ་མེད་པ་དང་སེམས་ཅན་མེད་པ་གསོ་བ་མེད་པ་འཇིགས་པ་མེད་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ་རིན་པོ་ཆེ་ལྟ་བུར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་
ཅན་འདུལ་བའི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་པ་ཡང་དག་པར་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་
བར་མཛད་པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ། རྒལ་ནས་བསྒྲལ་བར་བྱའོ། །གྲོལ་ནས་དགྲོལ་བར་བྱའོ་སྙམ་ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་
དག་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་
འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང་འགྱུར་རོ། །ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་
རོལ་པའི་གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །སྤྲིན་ཆེན་སྙིང་པོ་བསམ་གྱིས་
เล่ม ๖๔ · หน้า 157b
མི་ཁྱབ་པར་འགྲོ་བར་འཇུག་པ་ལ་གནས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ། །ཐོས་
པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །ཚེ་རབས་དྲན་པར་ཡང་འགྱུར་
རོ། །འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་མི་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་
པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་བཞི་བརྒྱ་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་
དག་པར་སོགས་པར་ཡང་འགྱུར་རོ། །ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཙོམ་མི་ཟ་བར་ཡང་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་
མི་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་པོ་
དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་མི་ཟད་པའི་གཏེར་རིན་པོ་ཆེའི་ཡན་ལག་གི་སྒོ་གང་ཡིན་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་པར་སོགས་
เล่ม ๖๔ · หน้า 158a
པར་ཡང་འགྱུར་རོ། །ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་གཉིས་མེད་དེ་ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་
མི་འགྱུར་རོ། །སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །འཇིག་རྟེན་དང་འཐུན་པར་འཇུག་པའི་ཡུལ་
ཤེས་པར་ཡང་འགྱུར་རོ། །དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་ཅན་ཞེས་བྱ་བ་ལྷའི་བུ་ས་ཡ་དང་། བརྒྱད་འབུམ་དང་ལྷན་ཅིག་ཏུ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་
ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མས་བསྒོ་བ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་ཁ་འཐུན་པར་
ཚིགས་སུ་བཅད་པ་འདི་སྨྲས་སོ། །ཀྱེ་མ་བཅོམ་ལྡན་སངས་རྒྱས་ནི། །བསམ་ཡས་དཔག་མེད་དེ་བཞིན་གཤེགས། །སེམས་ཅན་རྣམས་ལ་སྨན་སླད་དུ། །ཆར་ཆེན་རྣམ་པ་སྣ་ཚོགས་འབེབས། །ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།
འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཤིན་ཏུ་རྒྱས་པ་ལས་ཕྱི་རོལ་པ་འོན་པ་ལྟ་བུར་གྱུར་པ་རྣམས་ཀྱི་ཐེག་པ་ཆེན་པོའི་རྣ་བའི་ཁམས་ཡོངས་སུ་རྫོགས་པར་
བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ཟློག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་སྒོའི་གཞི་སུམ་ཅུ་རྩ་དྲུག་སྔར་སྨོས་ཏེ་བཞག་པ་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་
เล่ม ๖๔ · หน้า 158b
སྙིང་པོ་ཕྱིར་མི་ཟློག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་སྒོ་སུམ་ཅུ་རྩ་དྲུག་རྒྱ་ཆེར་ཉོན་ཅིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཕྱིར་མི་ཟློག་པའི་འཁོར་ལོ་རིན་པོ་ཆེའི་མཛོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་དྲི་མ་མེད་པའི་སྙིང་པོའི་ཆུ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོ་སྣང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་ཆུའི་བློ་གྲོས་ཞེས་བྱ་བའི་གཟུངས་
དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་ཆུའི་རྒྱུན་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་གློག་གི་འོད་མྱུར་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་གློག་གི་འོད་དང་
ལྡན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་དྲི་མ་མེད་པའི་འོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་ཏོག་གི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོ་གཏེར་གྱི་རྒྱལ་པོའི་འོད་འཕྲོ་བའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་
མི་ཟློག་པའི་སྤྲིན་ཆེན་པོའི་གློག་གི་སྒྲ་སྒྲོགས་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་མྱུར་བའི་དཔལ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་།
ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཆར་འབབ་པའི་མཚོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཏི་སེའི་གངས་ཅན་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ནམ་མཁའི་བློ་གྲོས་ཞེས་
བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ངང་པ་དགའ་བའི་སྐད་འབྱིན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་
เล่ม ๖๔ · หน้า 159a
ཆེན་པོ་ཡེ་ཤེས་ཀྱི་རླུང་གི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཟབ་མོའི་བློ་གྲོས་བརྩོན་འགྲུས་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ས་བོན་གྱི་ཆར་འབེབས་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་
པོ་སའི་ཕྲེང་བ་ཅན་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་དགའ་བར་བྱེད་པའི་རླུང་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་སྣང་བའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་གཡོ་བར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་
ཟློག་པའི་སྤྲིན་ཆེན་པོའི་སྙིང་པོ་ཚུལ་གྱིས་རྣམ་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་མཛོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་ཆུའི་སྟོན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་
ཆུ་སྲུང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་ཆུའི་ཀུ་མུ་དའི་ཟླ་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་གཞི་འཛིན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི་
གཟུངས་ཡོད་དེ། སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ཕྱིར་མི་ཟློག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སྟེ། དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རྩིས་མཁན་གྱི་རྒྱལ་པོར་འགྱུར་རོ། །དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་
ལྷ་མོ་རིན་པོ་ཆེའི་ཕྲེང་བའི་གཟུངས་ལ་དགའ་བ་ཞེས་བྱ་བ་ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འདུག་སྟེ། བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་ཕབ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡེ་ཤེས་དཔའ་བོ་ཆེན་པོ་མི་མཉམ་མཉམ། །དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བའི་སྐུ། །རིག་པའི་རྒྱལ་
པོ་སྒྱུ་འཕྲུལ་ཆེན་པོ་པ། །མི་ཡི་པད་མ་ཁྱོད་ལ་ཕྱག་འཚལ་ལོ། །གཟུངས་སོ་ཅོག་གིས་འབྲུག་གི་སྒྲ་བསྒྲགས་ཏེ། །དེ་བཞིན་གཤེགས་པས་ཆོས་ཆར་རབ་ཏུ་ཕབ། །སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ། །ཆོས་རྣམས་སྣ་ཚོགས་རབ་ཏུ་སྟོན་པ་མཛད། །གཟུངས་ཀྱི་གླེང་
เล่ม ๖๔ · หน้า 159b
གཞིའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། སེམས་ཅན་མི་གསལ་ཞིང་གླེན་ལ། སེམས་རྟུལ་བ། མུན་པ་ཆེན་པོར་ཞུགས་པ་རྣམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པའི་སྒྲོན་མའི་འོད་ཟེར་ཕྲ་མོ་རབ་ཏུ་
དགྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལྡེམ་པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གསུམ་རྒྱས་པ་རབ་ཏུ་འབར་བར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་
བདག་ཏུ་འཛིན་ཅིང་བདག་གིར་འཛིན་ལ། བདག་ཏུ་འཛིན་པ་མེད་ཅིང་བདག་གིར་འཛིན་པ་མེད་པ་ཞེས་བྱ་བའི་ལྡེམ་པོ་ངག་གམ། གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་དང་། འཇིགས་པའི་ཚུལ་དང་། ཕལ་པའི་ཚུལ་དུ་འཇུག་ལ་
འཇིགས་པ་མེད་པ་ཞེས་བྱ་བ་དང་། འདོད་ཆགས་ཀྱི་སྦྱོར་བ་ཡོད་ལ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། སྐྱོན་དང་སྐྱོན་རབ་དང་ལྡན་ལ་སྐྱོན་མེད་པ་ཞེས་བྱ་བ་དང་། གཏི་མུག་ཅིང་རབ་ཏུ་གཏི་མུག་ལ་གཏི་མུག་ཀྱང་མེད་པ་ཞེས་བྱ་བ་དང་། འདོད་ཆགས་ཤིང་རབ་ཏུ་འདོད་ཆགས་
ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། ཆགས་ཤིང་ཤིན་ཏུ་ཆགས་ལ་ཆགས་པ་མེད་པ་ཞེས་བྱ་བ་དང་། ཞེན་ཅིང་ཤིན་ཏུ་ཞེན་ལ་ཞེན་པ་མེད་པ་ཞེས་བྱ་བ་དང་། སྐྱོན་ཆགས་ཤིང་རབ་ཏུ་སྐྱོན་ཆགས་ལ་སྐྱོན་ཆགས་པ་མེད་པ་ཞེས་བྱ་བ་དང་། མུན་གནག་ཅིང་ཤིན་ཏུ་གནག་ལ་རབ་ཏུ་
སྣང་བ་ཞེས་བྱ་བ་དང་། རྟུལ་ཞིང་རབ་ཏུ་རྟུལ་ལ་ཤིན་ཏུ་རྣོ་བ་ཞེས་བྱ་བ་དང་། གཅོད་ཅིང་འབྱེད་ལ་ཤིན་ཏུ་སྙིང་བརྩེ་བ་ཞེས་བྱ་བ་དང་། བརླང་ཞིང་ཤིན་ཏུ་སྡིག་བྱེད་ལ་བྱམས་པ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་དང་། སྦྱིན་པ་ལ་སྨོད་ཅིང་རབ་ཏུ་སྨོད་ལ་སྦྱིན་པ་བསྔགས་པར་བྱེད་པ་
ཞེས་བྱ་བ་དང་། སྨད་ཅིང་ཤིན་ཏུ་སྨད་ལ་སྨད་དུ་མེད་པ་ཞེས་བྱ་བ་དང་། རྟག་ཏུ་བདག་སྟོད་ཅིང་གཞན་སྨོད་ལ་ལས་ཀྱང་རྣམ་པར་དག་པ་ཞེས་བྱ་བ་དང་། ཆགས་ཤིང་རབ་ཏུ་ཆགས་ལ་ཆགས་པ་ཡང་མེད་པ་ཞེས་བྱ་བ་དང་། མི་མཉམ་ཞིང་ཤིན་ཏུ་མི་མཉམ་ལ་མི་མཉམ་པ་ཡང་མ་ཡིན་
เล่ม ๖๔ · หน้า 160a
པ་ཞེས་བྱ་བ་དང་། སྡུག་བསྔལ་ཞིང་མི་བདེ་ལ་བདེ་བ་ཞེས་བྱ་བ་དང་། སྟོང་ཞིང་ཤིན་ཏུ་སྟོང་ལ་སྟོང་པ་མ་ཡིན་པ་ཞེས་བྱ་བ་དང་། མི་རྟག་ཅིང་ཤིན་ཏུ་མི་རྟག་ལ་ཤིན་ཏུ་རྟག་པ་ཞེས་བྱ་བ་དང་། བདག་མེད་པར་གྱུར་ལ་ཤིན་ཏུ་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་དང་། མི་སྡུག་ཅིང་
ཤིན་ཏུ་མི་སྡུག་ལ་ཤིན་ཏུ་སྡུག་པ་ཞེས་བྱ་བ་ཡོད་དེ། ཉི་ཤུ་རྩ་གསུམ་པོ་དེ་དག་ནི་ལྡེམ་པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་སྐྱེ་བོ་ཐམས་ཅད་དགའ་བ་ཞེས་བྱ་བས་བཅོམ་
ལྡན་འདས་ལ་ལྷའི་མཆོད་པ་ཆེན་པོ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཀྱེ་མ་དེང་ནི་ཉན་ཐོས་ཀུན། །མྱོས་པར་བྱེད་པའི་རྒྱུ་ཆེན་བྱུང་། །སེམས་ཅན་རྣམས་ལ་སྨན་སླད་དུ། །ལྷ་ཆེན་མཐའ་ཡས་གཟུགས་མངའ་བ། །དེ་བཞིན་གཤེགས་པའི་ལྡེམ་པོ་ངག །ཐུགས་སུ་ཆུད་ནས་སྟོན་པ་མཛད། །
ལྡེམ་པོ་ངག་གི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ་སྲིད་པར་སྐྱེ་བས་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྲིད་པར་སྐྱེ་བ་ལ་འདོད་ཅིང་བློ་གྲོས་དང་བ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་སྲེད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་བརྩམ་པ་མེད་པ་
ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་རབ་ཏུ་དད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བར་སྨོན་པ་ལ་མཁས་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བའི་བསྔགས་པ་རྗོད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་དམིགས་པའི་རྒྱལ་པོ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་མཁས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་།
སྲིད་པར་སྐྱེ་བ་ན་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མ་གོས་པར་གནས་ཤིང་འཇུག་པ་གསང་བའི་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། བཅུ་པོ་དེ་དག་ནི་སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །
เล่ม ๖๔ · หน้า 160b
དེ་ནས་དེའི་ཚེ་ལྷ་མོ་རྒྱ་ཆེར་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མ་སྐྱེས་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ། །སྲིད་པར་སྐྱེ་བ་སྣ་ཚོགས་པ། །དྲི་མེད་ཐམས་ཅད་ཐུབ་པས་བསྟན། །དཔའ་
བོ་ཆེན་པོ་རྟག་པའི་སྐུ། །སྲིད་སྐྱེའི་དགྱེས་པ་རྒྱ་མཚོ་མངའ། །གོས་པ་མེད་པའི་དེ་བཞིན་གཤེགས། །འཁོར་བ་དག་ནི་དགེ་བར་བཞེད། །སྲིད་པར་སྐྱེ་བའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། འཁོར་བའི་ཉོན་མོངས་པའི་ཞིང་
གི་ལས་ཀྱི་ས་ཐོབ་པར་བགྱི་བའི་སླད་དུ། སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། དེ་བཞིན་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་
བའི་ཉོན་མོངས་པའི་ཞིང་གི་འབྲས་བུ་འཐོབ་པ་ཞེས་བྱ་བ་དང་། འཁོར་བའི་ཉོན་མོངས་པའི་ཞིང་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དང་། འཁོར་བའི་སྦྱོར་བ་ལ་སེམས་གནས་པ་ཞེས་བྱ་བ་དང་། འཁོར་བ་ལ་མཆོག་ཏུ་དགའ་བའི་གཟུངས་ཞེས་བྱ་བ་དང་། འཁོར་བར་འགྲོ་བ་ཞེས་བྱ་བ་དང་།
འཁོར་བར་ཤིན་ཏུ་ཆར་འབེབས་པ་ཞེས་བྱ་བ་དང་། འཁོར་བ་རྒྱུན་མི་གཅོད་པའི་རླུང་གི་རྒྱལ་པོ་ཞེས་བྱ་བ་དང་། འཁོར་བའི་ཆོམ་རྐུན་ཞེས་བྱ་བ་དང་། འཁོར་བའི་རྩ་བའི་སྤྱོད་ཡུལ་དྲི་མ་མེད་པ་ཞེས་བྱ་བ་དང་། འཁོར་བ་ན་ཡུན་རིང་དུ་གནས་པ་རྣམས་ལ་སྣང་བར་བྱེད་པ་ཞེས་བྱ་སྟེ། བཅུ་པོ་
དེ་དག་ནི་འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་དུག་མེད་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་
སོ། །ཉོན་མོངས་འཁོར་བ་རྙེད་པ་ཆེ། །སེམས་ཅན་རྣམས་ལ་སྨན་སླད་དུ། །འཁོར་བའི་དངོས་འདྲ་དེ་བཞིན་གཤེགས། །ཆོས་རྣམས་སྣ་ཚོགས་སྟོན་པར་མཛད། །འཁོར་བ་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་འཐོབ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།
เล่ม ๖๔ · หน้า 161a
སྤྲིན་ཆེན་སྙིང་པོས་གསོལ་བ། ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་གཟུང་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདེ་བར་གཉེན་པོར་བྱ་
བ་མང་བ་ཞེས་བྱ་བ་དང་། མི་མཉམ་པ་དང་མཉམ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་དང་། མཚུངས་པ་མེད་པར་འགྲོ་བའི་སྣང་བའི་སྒོར་འཇུག་པ་ཞེས་བྱ་བ་དང་། གཞུང་ལུགས་གོ་བར་བྱེད་པ་ཞེས་བྱ་བ་དང་། མཐར་བྱེད་པའི་ཏོག་ཅེས་བྱ་བ་དང་། ཡང་དག་པར་བརྗོད་པའི་
འོད་ཅེས་བྱ་བ་དང་། ཆུ་ལས་ཤིན་ཏུ་འཕགས་པར་དམིགས་པ་ཞེས་བྱ་བ་དང་། སྙིང་པོ་དྲི་མ་མེད་པ་ཞེས་བྱ་བ་དང་། ས་འཛིན་འོད་འཕྲོ་ཞེས་བྱ་བ་དང་། མངོན་པར་འཕགས་པའི་སྣང་བའི་སྒོ་ཞེས་བྱ་བ་སྟེ་བཅུ་པོ་དེ་དག་ནི་ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་ལ་གཟུད་
པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་ཕྲེང་མཛེས་ཅན་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ཀྱེ་མ་སེམས་ཅན་ཀུན་ཕན་ཕྱིར། །ཡེ་ཤེས་རྨོངས་པ་སྣ་
ཚོགས་པ། །དེ་བཞིན་གཤེགས་པ་སྟོན་པ་མཛད། །ཡེ་ཤེས་ལ་རྨོངས་པ་གཟུད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་བ། ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་
ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཡངས་པའི་སྙིང་པོ་བཅུ་ལ་གུས་པར་འཇུག་པ་ཞེས་བྱ་བ་དང་། ནམ་མཁས་བསྲུངས་པ་ཞེས་བྱ་བ་དང་། དུས་བཟངས་ཟབ་མོ་ལ་འཇུག་པ་ཞེས་བྱ་བ་དང་། ཕྲ་བ་ལ་དགའ་བ་ཞེས་བྱ་བ་དང་། རྒྱ་མཚོ་མི་བསྐྱོད་པ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་འོད་འཕྲོ་བའི་
འོད་ཅེས་བྱ་བ་དང་། ངག་གི་རང་བཞིན་གཙང་བ་ལ་འཇུག་པ་ཞེས་བྱ་བ་དང་། ཉོན་མོངས་པའི་བུད་ཤིང་ཚིག་པ་དྲི་མ་མེད་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་བརྟན་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་དྲི་མ་མེད་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་
เล่ม ๖๔ · หน้า 161b
ལ་འཇུག་པའི་རྣམ་པའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་གསེར་ལྟར་གསལ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །གསེར་གྱིས་རབ་བརྒྱན་འདྲ་བའི་དེ་བཞིན་གཤེགས། །ཡེ་ཤེས་མངའ་བས་གསེར་གྱི་རི་བོ་བཞིན། །སེམས་
ཅན་རྣམས་ལ་ཕན་པ་མཛད་སླད་དུ། །ཡེ་ཤེས་ཟབ་མོའི་གཏེར་ནི་སྟོན་པར་མཛད། །ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བརྒྱད་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་
ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། སྙིང་རྗེ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། དགའ་བ་ལ་དགའ་བའི་མཛོད་ཅེས་བྱ་བ་དང་།
བཏང་སྙོམས་ལ་དགའ་བའི་མཛོད་ཅེས་བྱ་བ་དང་། བདེན་པས་ཆུ་འབེབས་པའི་ཆུའི་མཛོད་ཅེས་བྱ་བ་དང་། རྒྱ་མཚོ་ཉའི་འགྲོ་བར་རྒྱུ་བའི་མཛོད་ཅེས་བྱ་བ་དང་། ཆོས་ཀྱི་སྒོའི་མིང་དང་ལྡན་པའི་མཛོད་ཅེས་བྱ་བ་དང་། རྒྱུན་གྱི་རྒྱལ་པོའི་ལམ་གྱི་མཛོད་ཅེས་བྱ་བ་དང་། གཞུང་ལུགས་ལ་
འཇུག་པའི་མཛོད་ཅེས་བྱ་བ་དང་། མིང་གི་གསང་ཚིག་གསུམ་གྱི་དཀོན་མཆོག་ལ་འཇུག་པའི་མཛོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་ཡེ་ཤེས་ལ་དགའ་བ་
ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་འགག་པ་མེད། །ཀྱེ་མ་སེམས་ཅན་སྨན་སླད་དུ། །ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །རྣམ་པར་ཐར་པའི་བསོད་ནམས་ཀྱི་མཛོད་ཀྱི་
གླེང་གཞིའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆར་
เล่ม ๖๔ · หน้า 162a
གྱི་དུས་ཞེས་བྱ་བ་དང་། ཆར་གྱི་དྲ་བའི་རྒྱུན་རིན་པོ་ཆེའི་རེང་བུའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲ་བའི་སྙིང་པོའི་ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་དྲི་མ་སེལ་བ་ཞེས་བྱ་བ་དང་། ཆར་གྱི་དྲ་བ་སྣ་ཚོགས་ཀྱི་ཆུའི་གདུག་པ་སེལ་བའི་རྒྱལ་པོ་ཞེས་བྱ་བ་དང་། ཆར་གྱི་
དྲ་བ་བདེ་བསིལ་ངོམས་པར་བྱེད་པ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་དམིགས་པ་ཡང་དག་པའི་སྤྱོད་ཡུལ་གྱི་རྒྱལ་པོ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ལ་ཡང་དག་པར་ལྟ་བ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དང་། ཆར་སྣ་ཚོགས་ཀྱི་བསོད་ནམས་ཀྱི་རྣམ་པའི་ཞིང་ལ་དབང་བྱེད་པ་ཞེས་བྱ་བ་དང་།
ཆར་གྱི་དྲ་བ་བདེ་བསིལ་སྨན་གྱི་ཆར་འབེབས་ཀླུའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་ནམ་མཁའ་ལ་བསྒྲགས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་
པ་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྱོད་ཀྱིས་དེ་རིང་གསང་བ་མང་པོ་རབ་ཏུ་བཤད། །ལྷ་རྣམས་སྟོང་ཕྲག་བྱེ་བ་རབ་ཏུ་གྲོལ་བར་མཛད། །སེམས་ཅན་མང་པོ་དག་ཀྱང་ཁྱོད་ཀྱིས་གྲོལ་བར་མཛད། །རྒ་ནད་བཟློགས་ཕྱིར་མྱ་ངན་འདས་པ་ཡང་དག་རྟོགས། །ཁྱོད་ནི་ལྷ་ཡི་ལྷ་
མཆོག་བླ་ན་མེད་པ་ལགས། །ཁྱོད་ནི་གསང་བའི་གསང་བ་ཁྱོད་ནི་འཇིག་རྟེན་མགོན། །ཆོས་རྣམས་རྣམ་པ་སྣ་ཚོགས་དོན་ཡོད་སྟོན་པ་མཛད། །ཡེ་ཤེས་འོད་འཕྲོ་སྒྲོན་མ་དམ་པ་རྟག་ཏུ་སྣང་། །བསོད་ནམས་ཀྱི་རྣམ་པ་ཡོངས་སུ་བརྗོད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །།
སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་འབྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བ་ནས་སྐྱེ་བའི་རབ་ཏུ་མགུ་བ་ལ་
མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། རྩ་བའི་རང་བཞིན་ལེགས་པར་མཐོང་ནས་རྟག་ཏུ་རྗོད་པ་ཞེས་བྱ་བ་དང་། མཉམ་པ་དང་མི་མཉམ་པའི་ཡེ་ཤེས་ཤིན་ཏུ་མཐོང་བའི་རྒྱལ་པོ་ཞེས་བྱ་བ་དང་། བརྟག་པའི་ཕྱག་རྒྱ་ཞེས་བྱ་བ་དང་། བློ་གྲོས་མི་ཟད་པའི་ཡང་དག་པའི་རྒྱལ་པོ་ཞེས་བྱ་བ་དང་།
เล่ม ๖๔ · หน้า 162b
བསམ་གྱིས་མི་ཁྱབ་པའི་གནས་ཞེས་བྱ་བ་དང་། ཆགས་པ་མེད་པའི་ནན་ཏན་གྱི་རྣམ་པ་ཞེས་བྱ་བ་དང་། རྒྱ་མཚོ་ཟབ་མོའི་དུས་ཤིན་ཏུ་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དུས་ཚིགས་ཡིད་དུ་འོང་བ་ལ་མངོན་པར་རབ་ཏུ་དགའ་བ་ཞེས་བྱ་བ་དང་། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་ཆར་
སྤྲིན་ཆེན་པོའི་ནམ་མཁའི་མཛོད་ཅེས་བྱ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་འབྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་ཚུལ་ལ་མཁས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་ཚིགས་སུ་
བཅད་པ་འདི་སྨྲས་སོ། །གསང་སྲུང་དཔའ་བོ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་གསང་བས་བསྲུངས། །སེམས་ཅན་རྣམས་ལ་སྨན་སླད་དུ། །གསང་བ་སྣ་ཚོགས་སྟོན་པ་མཛད། །སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་འབྱུང་བའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།
སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི་སྒོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མངོན་པར་རབ་ཏུ་འབར་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་
ཆེའི་མཛོད་ཀྱི་འོད་ཟེར་གྱི་གློག་གི་འོད་ཅེས་བྱ་བ་དང་། ནམ་མཁའ་ལ་བརྩོན་འགྲུས་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། ཤིན་ཏུ་བསྲུང་བ་ཞེས་བྱ་བ་དང་། མཚམས་ཀྱི་དུས་ཚོད་རྒྱལ་པོ་ཞེས་བྱ་བ་དང་། དཔལ་གྱིས་བསྲུངས་པའི་བློ་གྲོས་འདོད་པའི་བློའི་རྒྱལ་པོ་ཞེས་བྱ་བ་དང་། དྲི་
མ་མེད་པའི་གསེར་གྱི་གློག་གི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། བཻ་དཱུརྱའི་སྙིང་པོའི་བློ་གྲོས་མི་ཟད་པའི་སྣང་བའི་གློག་གི་འོད་ཅེས་བྱ་བ་དང་། གནས་ལ་མངོན་པར་མོས་པའི་གློག་གི་འོད་ཅེས་བྱ་བ་དང་། ཡོན་ཏན་གྱི་རྒྱ་མཚོ་ཟབ་མོ་བརྟན་པའི་གློག་གི་འོད་ཅེས་བྱ་བ་དང་། ཡུལ་ཆོམ་དུ་
འབེབས་པའི་གློག་གི་འོད་ཅེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་མངོན་པར་འཚོ་བར་བྱེད་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
เล่ม ๖๔ · หน้า 163a
འཚལ་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །གློག་གི་རྒྱལ་པོ་སྐུ་ཆེ་བ། །ནམ་མཁའ་དང་ནི་མཚུངས་འདྲ་སྟེ། །དེ་བཞིན་གཤེགས་པ་ཐབས་ཀྱི་གཟུགས། །བདག་གིས་ཆུང་ཟད་བརྗོད་མི་ནུས། །གློག་གི་འོད་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།། །།
སྤྲིན་ཆེན་སྙིང་པོས་གསོལ་པ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཉི་མའི་འོད་ཟེར་ཆེན་པོ་མཐའ་ཡས་པ་རབ་ཏུ་དགྱེ་བར་གསོལ། སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་
ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་གི་མཐུ་དང་མཉམ་པའི་ཤུགས་ཀྱི་གློག་གི་འོད་འགྱུ་བའི་རྒྱལ་པོ་ཞེས་བྱ་བ་དང་། ཡེ་ཤེས་ཤིན་ཏུ་རྣོ་བ་ཞེས་བྱ་བ་དང་། ཡེ་ཤེས་མངོན་པར་གཏན་ལ་འབེབས་པའི་རྒྱལ་པོ་ཞེས་བྱ་བ་དང་། ལྷན་ཅིག་འཇུག་པའི་ཤུགས་
ཀྱིས་སྒྲ་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་། རྒྱ་མཚོའི་རླབས་གཡོ་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་འདོད་ཅིང་རབ་ཏུ་བསྲུངས་པ་ཞེས་བྱ་བ་དང་། ནོར་གྱིས་རྒྱལ་བའི་མཚམས་སྦྱོར་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་རྔ་བོ་ཆེ་དུག་གནོན་པའི་སྨན་གྱི་རྒྱལ་པོ་ཞེས་
བྱ་བ་དང་། ཤིན་ཏུ་མཛེས་པས་སྟོན་པ་སྟོབས་དང་ལྡན་པར་བྱེད་པ་ཞེས་བྱ་བ་དང་། མུན་པ་དང་ཆབ་རོམ་ལྟ་བུའི་ཉོན་མོངས་པའི་རྩ་བ་རྣམ་པར་སྒྲོགས་པ་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པར་འཕྲུལ་བ་ཞེས་
བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་ཤུགས་ལྡན་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ང་རྒྱལ་མི་མངའ་བསྙེངས་མི་མངའ། །ཐུགས་རྗེར་ལྡན་ཞིང་སྐྱོན་མི་མངའ། །དཔའ་བོ་ཐབས་ལ་མཁས་པ་སྟེ། །འཇིག་རྟེན་ཀུན་དང་འཐུན་པར་
འཇུག །དེ་རིང་ཁྱོད་ཀྱི་གཟི་བརྗིད་ཀྱིས། །འཇིག་རྟེན་འཐུན་པ་བདག་གིས་བསླབས། །བསམ་གྱིས་མི་ཁྱབ་བསམ་ཡས་ལྷ། །དེ་བཞིན་གཤེགས་པ་མཚུངས་མེད་མཚུངས། །སེམས་ཅན་རྣམས་ལ་སྨན་སླད་དུ། །ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །སྤྲིན་ཆེན་པོའི་གློག་འགྱུ་བ་
เล่ม ๖๔ · หน้า 163b
དང་ལྡན་ཞིང་མུན་པ་འཇོམས་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟག་ཏུ་
བརྗོད་པ་ཞེས་བྱ་བ་དང་། སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་རྟག་ཏུ་མངོན་པར་སྲུང་བ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་དགའ་བ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་འདོད་པ་ཞེས་བྱ་བ་དང་། མེ་ལ་མངོན་པར་རྩེ་བ་ཞེས་བྱ་བ་དང་། སྐྱེ་གནས་ཐམས་ཅད་དུ་མངོན་པར་འཇུག་པ་ལ་དགའ་བ་ཞེས་
བྱ་བ་དང་། རྙེད་པ་དང་བཅས་པའི་འགྲོ་བ་ལ་རབ་ཏུ་མགུ་བ་ཞེས་བྱ་བ་དང་། ཆུ་འབྱེད་དཀར་མོ་ཞེས་བྱ་བ་དང་། འོད་འཕྲོ་བའི་རྒྱལ་པོ་མངོན་དུ་བྱེད་པ་ཞེས་བྱ་བ་དང་། རྟག་ཏུ་མངོན་པར་འཕགས་པ་མངོན་པར་རྒྱས་པའི་ཕྲེང་བ་བརྒྱུས་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་
ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་སྤྲིན་གྱི་ཆུང་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ། །ཀྱེ་མ་བཅོམ་ལྡན་སངས་རྒྱས་ཀྱི། །ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། །སྒྱུ་འཕྲུལ་རྒྱལ་པོ་དེ་བཞིན་གཤེགས། །སེམས་ཅན་
རྣམས་ལ་སྨན་སླད་དུ། །སྒྱུ་འཕྲུལ་སྣ་ཚོགས་སྟོན་པ་མཛད། །སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་གྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏེར་མི་ཟད་པ་ལ་འཇུག་པའི་ཆོ་འཕྲུལ་སྟོན་པ་ཞེས་བྱ་བ་དང་། རིན་པོ་ཆེའི་མཛོད་སྡུད་པ་ཞེས་བྱ་བ་དང་། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་མཛོད་ཅེས་བྱ་བ་དང་། རི་མོ་ལ་མཐའ་ཡས་པ་ཞེས་བྱ་བ་དང་། དགེ་བ་འབྱོར་པ་
ཞེས་བྱ་བ་དང་། དགའ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་། ཚུལ་གྱི་རྣམ་པ་ལ་འཇུག་པ་ཞེས་བྱ་བ་དང་། མེ་ལོང་གི་དཀྱིལ་འཁོར་མ་བསྒྲིབས་པ་ཞེས་བྱ་བ་དང་། དྲན་པའི་ཕྱོགས་མི་ཟད་པ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བ་ཡིད་དུ་འོང་བ་ལ་འཇུག་པ་ཞེས་བྱ་བ་
เล่ม ๖๔ · หน้า 164a
སྟེ། བཅུ་པོ་དེ་དག་ནི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཀྱེ་མ་བཅོམ་ལྡན་སངས་རྒྱས་མི་བསྐྱོད་པ། །ཆོ་འཕྲུལ་ཆེན་པོའི་
རྒྱལ་པོ་དེ་བཞིན་གཤེགས། །སེམས་ཅན་རྣམས་ཀྱི་ཤེས་པ་བསྐྱེད་དོན་དུ། །དེ་རིང་ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །ཆོ་འཕྲུལ་ཆེན་པོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་
འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་ཏོག་གི་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་དང་། ཐོག་ཏོག་གི་རྒྱ་མཚོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱོད་པའི་རྒྱལ་པོ་ཞེས་བྱ་བ་
དང་། ཐོག་ཏོག་གི་སྨན་ཆེན་པོའི་མཛོད་བསྟན་པ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱིའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་བློ་གྲོས་མི་ཟད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྙིང་པོ་མཆོག་ཅེས་བྱ་བ་དང་། ཐོག་ཏོག་གི་སྒྲོན་མའི་དེད་དཔོན་ཐོབ་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་
ཕྱོགས་ཀྱི་མཚོན་ཆའི་མཆོག་ཅེས་བྱ་བ་དང་། ཐོག་ཏོག་ཟབ་མོའི་དུས་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་མངོན་པར་སྒེག་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་
ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལྷ་ཆེན་ཆོས་ཀྱི་སྤྲིན་ལགས་ཏེ། །ཐོག་ཏོག་རྒྱལ་པོ་དེ་བཞིན་གཤེགས། །དེ་བཞིན་གཤེགས་པས་ཉོན་མོངས་རྣམས། །སྣ་ཚོགས་པར་ནི་ཚར་ཡང་བཅད། །སེམས་ཅན་རྣམས་ལ་སྨན་སླད་དུ། །ཉོན་མོངས་ཐིབས་པོར་རོལ་པ་མཛད། །ཆོས་ཀྱི་ཐོག་ཏོག་
གི་འབེལ་བའི་གཏམ་གྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་བའི་
เล่ม ๖๔ · หน้า 164b
རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ངང་པ་འཕྱོས་པའི་གནས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་ལེགས་པར་བརྒྱན་པའི་
རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བུམ་པ་ཤིང་གི་མགོ་ཐོགས་ཅན་གྱི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་ཟབ་མོ་མི་འཁྲུགས་པ་ལྟ་བུའི་བློ་གྲོས་ལ་འཇུག་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རབ་ཏུ་དུལ་བའི་གཟི་བརྗིད་སྟོབས་ཅན་གྱི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་
ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་གནས་ཀྱི་མཐའ་ལ་མི་རྟོགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྐལ་པ་ལ་ཁྱབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་ཡེ་ཤེས་ཕྲ་བ་ལ་དགའ་བ་ཞེས་
བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་མཛད་བྲལ་ཆ་དང་བྲལ། །དེ་བཞིན་གཤེགས་པ་མ་སྐྱེས་ཀྱང་། །སྐྱེས་པ་ལྟ་བུར་སྟོན་མཛད་དེ། །ཡེ་ཤེས་རྡོ་རྗེ་རྣམ་མང་མངའ། །ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་
སྟེ་བཅུ་བདུན་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྩིའི་བློ་གྲོས་ལ་འཇུག་པ་
ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བས་ཚིམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་རབ་ཏུ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་སྒོ་དང་། ཟབ་ཅིང་བརྟན་པའི་ཆུའི་རོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་ཀྱི་བློ་
གྲོས་ཀྱི་སྤྱོད་ཡུལ་གྱི་བདེ་བ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བ་མི་ཟད་ཅིང་གདོད་མ་ནས་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐམས་ཅད་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་
เล่ม ๖๔ · หน้า 165a
པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་ལག་ན་སྦྲང་ཆང་ཐོགས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །མཚན་མ་མི་མངའ་དེ་བཞིན་གཤེགས། །གཟུང་དུ་མེད་ཅིང་རེག་ཏུ་མེད། །
སེམས་ཅན་རྣམས་ལ་སྨན་སླད་དུ། །གསང་བ་སྣ་ཚོགས་སྟོན་པ་མཛད། །ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་བའི་རྒྱལ་པོའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ཡང་དག་པའི་ལམ་གྱི་རྣམ་
པ་མངོན་པར་མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲ་བ་རྒྱས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བརྟན་པའི་རྣམ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་།
དཔའ་བའི་སྟོབས་ཀྱིས་རྣམ་པར་རྒྱལ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷ་ཐམས་ཅད་ཀྱི་གནས་ཤར་ཕྱོགས་སུ་བལྟས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་རྫོགས་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ཐམས་ཅད་ཀྱིས་མ་
གོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ཐམས་ཅད་ལ་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལམ་ངན་པར་ཞུགས་པ་ཐམས་ཅད་སྤངས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོའི་རྣམ་པ་རྟག་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོའི་
དུས་ངེས་པ་ལ་མངོན་པར་རྩེ་བའི། རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡང་དག་པའི་ལམ་གྱི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དུལ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས་ཚིགས་
སུ་བཅད་པ་འདི་སྨྲས་སོ། །དམ་པའི་ཡང་དག་ལམ་བསྲུངས་པ། །སེར་སྣ་ལས་འདས་རྣམ་པར་དག །སེམས་ཅན་རྣམས་ལ་སྨན་སླད་དུ། །ཆོས་རྣམས་སྣ་ཚོགས་ཡང་དག་སྟོན། །ཡང་དག་པའི་ལམ་གྱི་རྣམ་པ་མངོན་པར་མཚོན་པ་ལ་འཇུག་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་
เล่ม ๖๔ · หน้า 165b
དགུ་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། ཕྲ་ཞིང་ཟབ་མོ་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཉམ་པ་དང་གྱ་གྱུ་ཅན་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་
ཆོས་ཀྱི་སྒོ་དང་། རོ་བྲོ་བ་ཐམས་ཅད་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ལ་རྣམ་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པར་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་ལ་རབ་ཏུ་
དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་དང་བའི་སྤྱོད་ལམ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། འཕགས་པས་རབ་ཏུ་བརྒྱན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དྲི་མའི་སྙིང་པོ་དྲི་མ་མེད་པར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
དམིགས་པའི་རྣལ་འབྱོར་གྱི་དགེ་བས་མངོན་པར་ཚིམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་མོ་མགྲིན་དབྱངས་སྙན་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་
པ་འདི་སྨྲས་སོ། །དཔའ་ཆེན་སེང་གེའི་སྒྲ་སྒྲོགས་པ། །དེ་བཞིན་གཤེགས་སྒྲ་བསམ་མི་ཁྱབ། །སེམས་ཅན་རྣམས་ལ་སྨན་སླད་དུ། །སེང་གེའི་སྒྲ་ནི་མངོན་པར་སྒྲོགས། །ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།སྤྲིན་ཆེན་
སྙིང་པོས་གསོལ་པ། སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། སེང་གེའི་རྣམ་པར་རྩེ་བ་བསམ་གྱིས་མི་ཁྱབ་པས་རྣམ་པར་རོལ་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་བྱ་བར་དཀའ་བ་དྲི་མ་མེད་
པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྲང་མ་དང་བུང་བའི་མེ་ཏོག་གི་དྲི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་རྣམ་པར་བསྒྱིངས་པའི་བློ་གྲོས་ཀྱིས་རྣམ་པར་རྩེ་ཞིང་གཉིད་ཀྱིས་ནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་ལྷུན་པོ་མངོན་པར་རབ་ཏུ་གཡོ་བའི་མཆོག་ཐོབ་པར་དཀའ་བ་ཞེས་བྱ་བའི་ཆོས་
เล่ม ๖๔ · หน้า 166a
ཀྱི་སྒོ་དང་། ཆུ་འབབ་པ་ལྟ་བུར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ས་ཀུན་ཏུ་རབ་ཏུ་གཡོ་བ་རྒྱ་ཆེར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལག་པ་གཡས་གཡོན་གྱི་མཐིལ་གསལ་བར་གཅོད་པ་ལྟ་བུར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
ཉ་པོ་ཆེ་དག་གི་མཇུག་མ་མངོན་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐོབ་པར་དཀའ་བ་དང་། རྟོགས་པར་དཀའ་བ་རབ་ཏུ་སྟོན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དགའ་ཞིང་མངོན་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་
པོ་དེ་དག་ནི་སེང་གེ་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་སེང་གེ་དཔའ་བོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཀྱེ་མ་བཅོམ་ལྡན་སངས་རྒྱས་དཔེ་མེད་པ། །ཡེ་ཤེས་དཔེ་མེད་དག་ལ་རབ་ཏུ་གནས། །
སེམས་ཅན་རྣམས་ལ་བདེ་མང་མཛད་སླད་དུ། །ཐབས་ཀྱིས་སེང་གེའི་རྣམ་པར་རོལ་པ་མཛད། །སེང་གེ་རྣམ་པར་རྩེ་བ་ལ་དམིགས་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།། །།སྤྲིན་ཆེན་སྙིང་པོས་གསོལ་པ། མཚམས་སྦྱར་བ་ལ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་
འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་མངོན་པར་མཚམས་སྦྱར་བར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་རྟག་པར་བྱ་བའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐབས་ཀྱིས་ཤིན་ཏུ་རབ་ཏུ་ཞི་བར་བྱ་བ་
ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དད་པའི་སྦྲང་རྩི་འཇམ་པ་ཡང་དག་པར་རབ་ཏུ་གཟུང་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེང་གེ་རྣམ་པར་རྩེ་བ་མངོན་པར་འཕགས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིམ་པ་སྟོན་པའི་དུས་དང་ཚོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་
དང་། རིམ་པ་དང་རིམ་པ་མེད་པ་དང་། ཡུལ་དང་ཡུལ་མ་ཡིན་པར་འཇུག་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གདུལ་དཀའ་བ་དང་། དམུ་རྒོད་ཐབས་ཀྱིས་གཟུད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མདའ་ལྟར་མགྱོགས་པར་ལུས་ལ་དབལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด