དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) སརྦྦ་ཏ་ཐཱ་ག་ཏ་ཏཏྟྭ་སཾ་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๔ · หน้า 57b
བདག་ཅག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱོད་ལ་སྐྱབས་སུ་མཆིའོ། །དེ་ནས་ཕྱག་ན་རྡོ་རྗེས་ངན་སོང་ཐམས་ཅད་འཇོམས་པ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ་བྷནྡྷ་ནཱ་ནི་པྲ་མོཀྵ་ཡ་ས་རྦཱ་པཱ་ཡ་ག་ཏེ་བྷྱཿ། སརྦ་སཏྭཾ་སརྦ་
ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཱཊ། དེ་ནས་དེའི་ཕྱག་རྒྱ་བཅིང་བ་བཤད་དོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉི་ག་སྦྱར་ནས་སུ། །ཐ་མ་བཞི་ནི་རྩེ་མོར་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །དེ་ནས་ངན་སོང་གསུམ་གྱི་འཁོར་ལོ་ན་གནས་པའི་སེམས་ཅན་ཐམས་ཅད་
ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དེ་མཐོང་ནས་ངན་སོང་ཐམས་ཅད་ལས་ཤི་འཕོས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་སོ། །ངན་སོང་དེ་རྣམས་ནི་རྒྱ་མཚོ་ཆེན་པོར་བོར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་སྐྱབས་དང་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་ཚོལ་ཅིག་པར་བདག་ལ་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་སྩལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་ན། མི་དེ་རྣམས་ཇི་ལྟར་བགྱི་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩོལ་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཨོཾ་བཛྲ་པཱ་ཎི་མ་ཧཱ་མནྜ་ལཾ་པྲ་བེ་ཤ་ཡ་སརྦ་དུཥྚ་རོ་དྲནྣི་བར་ཡ་པྲ་བེ་བྱ་པྲ་མ་ཤ་ཡ་ཏྲུ་ར་དྲྀཥྚ་པརྱྭ་པཾ་མཾ་བི་ཤོ་དྷ་ཡ་ནཱ་ཤ་ཡ་བི་ནཱ་ཤ་ཡ་ཧ་ཧ་ཧ་ཧ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པའི་ཚིག་དེ་ཐོས་ནས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་བསྐྱབ་པ་དང་ཕན་
པ་དང་བདེ་བ་ཐམས་ཅད་དང་དངོས་གྲུབ་དམ་པ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ལས་བྱུང་བ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་དཀྱིལ་འཁོར་
เล่ม ๘๔ · หน้า 58a
ཆེན་པོ་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ཡི། །དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ། །རྡོ་རྗེ་དམ་ཚིག་ལས་བྱུང་བ། །སངས་རྒྱས་བྱང་ཆུབ་འབྱིན་
བྱེད་པ། །མ་རུངས་ཐམས་ཅད་རྣམ་པར་འཇིག །དེ་ལ་སྔགས་འདིས་སྲད་བུ་བྲི་བར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧོ། །གྲུ་བཞིར་བྱ་ཞིང་སྒོ་བཞི་པ། །རྟ་བབས་བཞེས་ཀྱང་རབ་ཏུ་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། །དར་དང་ཕྲེང་བས་ཤིན་ཏུ་བརྒྱན། །དཀྱིལ་འཁོར་
ཀུན་གྱི་གྲྭ་རྣམས་དང་། །སྒོ་ཡི་མུ་ཁྱུད་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་བརྒྱན་བྱ་བ། །དཀྱིལ་འཁོར་ཕྱི་རིམ་སྲད་བུ་བྲེ། །ཤེས་རབ་ཅན་གྱིས་དེ་ནང་དུ། །གྲུ་བཞི་ལ་ནི་སྒོ་བཞི་པ། །ཀ་བ་བརྒྱད་དང་རྟ་བབས་བཅས། །རྡོ་རྗེ་ཀ་བའི་གནས་མཆོག་ཏུ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་
སྟེ། །དེ་ལྟར་དཀྱིལ་འཁོར་སྲད་བུ་བྲེ། །སྲད་བུ་བྲེས་པར་ཚོན་གྱིས་དགང་། །དེ་ལ་ཚོན་ལ་བཟླས་པ་ནི་འདིའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་བཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །དེ་
ལ་སྒོ་རྣམས་དབྱེ་བའི་སྔགས་ནི་འདིའོ། །ཨོཾ་བཛྲོ་དྒྷཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། གསེར་རམ་དངུལ་ལས་བྱས་པའམ། །ས་ཡང་རུང་སྟེ་ལེགས་བྲིས་པའི། །ཕ་གུ་གྲུ་བཞིར་བྱས་པའི་སྟེང་། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་
བའི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་ཛྭཱ་ལ་ཨགྣི་པྲདྲཱི་པྟ་ཨཱཀརྵ་ཡ་སརྦ་ཏ་ཐཱ་ག་ཏཱ་ནཱ་མ་ཧཱ་བཛྲ་ས་མ་ཡེ་ཧཱུྃ་ཛཿ། །སངས་རྒྱས་སྤྱན་སྔར་རྡོ་རྗེ་ནི། །འབར་བར་བསྐོར་བས་གཞག་པར་བྱ། །དེ་བཞིན་རིན་ཆེན་འོད་སྐོར་བ། །པདྨ་རྡོ་རྗེ་ཀུན་དེ་བཞིན། །དེ་ནས་རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྣམས་དགོད་
པའི་སྙིང་པོ་འདི་ཡིན་ནོ། །ཨོཾ་སཏྭ་བཛྲཱ་ཛྭཱ་ལ་མཱ་ལ་ཧཱུྃ་ཕཌ། ཨོཾ་རཏྣ་བཛྲཱི་ཛྭཱ་ལ་མཱ་ལ་ཧུྃ་ཏྲཱཾ། ཨོཾ་དྷརྨ་བཛྲཱི་ཛྭཱ་ལ་མཱ་ལ་ཧཱུྃ་ཧྲཱིཿ། ཨོཾ་ཀརྨ་བཛྲཱ་ཛྭཱ་ལ་མཱ་ལ་ཧཱུྃ་ཨཿ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །སངས་རྒྱས་སྤྱན་སྔར་དེ་བཞིན་དུ། །ཤེས་པས་ཆོ་ག་བཞིན་བྲི་བ། །རྡོ་རྗེ་ཧཱུྃ་ཞེས་དཀྱིལ་
เล่ม ๘๔ · หน้า 58b
འཁོར་རོ། །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་ཡང་སྲད་བུ་ལ་བརྒལ་ཏེ་ཐམས་ཅད་དུ་འགྲོ་བར་བྱའོ། །དེ་ནས་འདིའི་སྙིང་པོ་བཤད་དོ། །ཡིད་ཀྱིས་རི་མོ་བཏེག་
ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང་། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ཕྱག་ན་རྡོ་རྗེ་བྲི་བ་ནི། །ཨུཏྤལ་ཆེ་སྔོ་འཚེར་བའི་མདོག །རྡོ་རྗེ་ཧཱུྃ་ཞེས་བྱ་བར་འདུས། །མཆེ་བ་ཅུང་ཟད་ཕྱུང་བའི་ཞལ། །ཁྲོ་དང་
བཅས་པར་འཛུམ་པའི་ཞལ། །བརྐྱང་བསྐུམ་ཚུལ་དུ་བཞུགས་པ་སྟེ། །འབར་བའི་ཕྲེང་བས་དཀྲིགས་པའི་འོད། །ཞབས་གཡོན་པ་ཡི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱ། །ཞབས་གཡས་པ་ཡིས་ཨུ་མ་ཡི། །ནུ་མའི་སྟེང་དུ་མནན་པར་བྲི། །དེའི་སྙིང་པོ་ནི་འདི་ཡིན་
ནོ། །ཧཱུྃ། དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་བཞག་པ་ནི། །ཁྲོས་པས་མཆེ་བ་ཕྱུང་བ་ནི། །འབར་བའི་ཕྲེང་བས་དཀྲིགས་པའི་འོད། །དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ནོ། །ཨོཾ་བཛྲ་སཏྭ་ཀྲོདྷ་ཧཱུྃ་ཕཌ། ཨོཾ་བཛྲ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོ་དྷ་རཱ་ག་ཡ་ཧཱུྃ་
ཕཊ། ཨོཾ་བཛྲ་དུཥྚི་ཀྲོ་དྷ་སཱ་དྷུ་སཱ་དྷུ་ཧཱུྃ་ཕཊ། དཀྱིལ་འཁོར་དམ་པ་གཉིས་པར་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །དེར་ནི་རྡོ་རྗེ་དབང་བསྐུར་བ། །རྡོ་རྗེ་ཁྲོ་བོས་བསྐོར་བར་བྲི། །དེ་ནས་དེ་རྣམས་ཀྱི་སྙིང་པོ་འདི་བཤད་དོ། །ཏྲཾ་ཨོཾ་བཛྲ་བྷྲྀ་ཀུ་ཌཱི་ཀྲོ་དྷ་ཧ་ར་ཧ་ར་ཧུྃ་ཕཊ། ཨོཾ་བཛྲ་སཱུརྱ་མ་ཧཱ་ཛྭ་
ལ་མཱ་ལ་ཀྲོ་དྷ་ཛྭ་ལ་ཡ་སརྦཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཀེ་ཏུ་དེ་ཧི་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱ་ས་ཀྲོ་དྷ་ཧ་ཧ་ཧ་ཧ་ཧཱུྃ་ཕཊ། དཀྱིལ་འཁོར་དམ་པ་གསུམ་པར་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །རྡོ་རྗེ་སྡེ་ནི་བྲི་བར་བྱ། །ཁྲོ་བོ་བདག་ཉིད་ཆེན་པོར་བསྐོར། དེ་ནས་དེ་རྣམས་ཀྱི་སྙིང་པོ་བཤད་དོ། །ཧྲཱིཿ
ཨོཾ་བཛྲ་དྷརྨ་ཀྲོདྷ་བི་ནཱ་ཤ་ཡ་བཱི་ཤོ་དྷ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཏཱི་ཀྵྞ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཧེ་ཏུ་ཀྲོ་དྷ་པྲ་བེ་ཤ་ཡ་མཎྜ་ལེ་སརྦཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོདྷ་བྷཱ་ཥ་བ་ཏ་བ་ཏ་ཧཱུྃ་ཕཊ། དཀྱིལ་འཁོར་དམ་པ་བཞི་པར་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །རྡོ་རྗེ་དབབ་པ་བྲི་བྱ་བ། །རྡོ་རྗེ་
เล่ม ๘๔ · หน้า 59a
ཁྲོ་བོའི་ཚོགས་ཀྱིས་བསྐོར། །དེ་ལ་དེ་རྣམས་ཀྱི་སྙིང་པོ་འདི་བཤད་དོ། །ཨཿཧཱུྃ་བཛྲ་ཀརྨ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་བ་ཙ་ཀྲོ་དྷ་རཀྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་དཱ་ཁ་ད་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མུཥྚི་སཱ་དྷ་ཡ་ས་མ་ཡ་ཧཱུྃ་ཕཊ། དཀྱིལ་འཁོར་གྱི་ནི་གྲྭ་རྣམས་སུ། །རྡོ་རྗེ་དབྱིངས་
ཀྱི་ཚུལ་བཞིན་དུ། །ཇི་ལྟར་གོ་རིམས་བཞིན་དུ་ནི། །གསང་བའི་མཆོད་པ་ཀུན་བྲིའོ། །དེ་ནས་དེ་དག་གི་སྙིང་པོའི་ཕྱག་རྒྱ་འདི་ཡིན་ནོ། །ཨོཾ་བཛྲ་རཱ་སྱེ་རཱ་ག་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ། ཨོཾ་བཛྲ་གཱི་ཏེ་ག་ད་ག་ད་ཧཱུྃ་ཕཊ། ཨོཾ་བཛྲི་ནྲྀ་དྱེ་བ་ཤི་ཀུ་རུ་ཧཱུྃ་ཕཊ། དཀྱིལ་འཁོར་
དམ་པའི་ཕྱི་རོལ་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །དེ་ཡི་གྲྭ་རྣམས་ཉིད་དུ་ནི། །མཆོད་པའི་ལྷ་མོ་བཞི་རྣམས་བཞག །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་བཛྲ་དྷུ་པེ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་བུཥྤ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་
པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་གནྡྷེ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། སྒོ་རྣམས་བཞི་ཡི་དབུས་སུ་ནི། །ལྕགས་ཀྱུ་ལ་སོགས་གཞག་པར་བྱ། །དཀྱིལ་འཁོར་ཕྱི་རོལ་གནས་རྣམས་སུ། །ཕྱི་ཡི་རྡོ་རྗེའི་རིགས་རྣམས་སོ། །དེ་ནས་དེ་དག་གི་སྙིང་པོ་རྣམས་བཤད་དོ། །ཨོཾ་བཛྲ་
ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀརྵ་ཡ་སརྦ་ས་མ་ཡཾ་ཧཱུྃ་ཛཿ། ཨོཾ་བཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་པྲ་པེ་ཤ་ཡ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོདྷ་བནྡྷ་བནྡྷ་སརྦ་ས་མ་ཡ་ཧཱུྃ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡེ་ཧཱུྃ་ཨཿ། དེ་ནས་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་
འཁོར་ཆེན་པོའི་ཆོ་ག་རྒྱས་པར་བཤད་དོ། །དེ་ལ་དང་པོ་ཉིད་དུ་རྡོ་རྗེ་སློབ་དཔོན་བདག་ཉིད་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ཏེ་ཞུགས་ཤིག །ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་
བོའི་དབང་དུ་མཆིས་ཏེ། ཚར་གཅད་པའི་རིགས་པ་རྣམས་ནི་ཚར་གཅད་དོ། །བསྡུ་བའི་རིགས་པ་རྣམས་ནི་བསྡུ་བ་ནི་ཇི་ལྟར་བགྱི་བ་བཅོམ་ལྡན་འདས་རྣམས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བྱས་ནས། རྡོ་རྗེ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་རང་གི་སྙིང་གར་ཇི་ལྟ་བ་བཞིན་དུ་བཞག་སྟེ། རྡོ་རྗེ་
เล่ม ๘๔ · หน้า 59b
ལྕགས་ཀྱུ་ལ་སོགས་པས་ལས་བྱས་ནས་ཡང་དམ་ཚིག་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་ཤིག་དང་དེས་ན་ཐམས་ཅད་བྱོན་པར་འགྱུར་རོ། །དེ་ནས་ཡང་གསང་བའི་མཆོད་པ་བཞི་བྱས་ནས་བདུག་པ་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ནས་ཆོ་ག་འདིས་རྡོ་རྗེ་སློབ་མ་ཆུག་ཅིག །རྡོ་རྗེ་སློབ་དཔོན་
རང་གིས་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། སློབ་མ་ཡང་སྙིང་པོ་འདི་དག་འཆིང་དུ་ཆུག་ཅིག །ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུྃ་བཾ། དེ་ནས་གོས་སྔོན་པོ་བགོས་ལ་མགོ་ལ་གཙུག་ཏོར་སྔོན་པོས་བཅིངས་ཏེ། དར་སྔོན་པོས་གདོང་དཀྲིས་ལ་སྔགས་འདིས་ཆུག་ཅིག །ཨོཾ་བཛྲ་སམ་ཡཾ་པྲ་བེ་ཤཱ་མེ། དེ་ནས་
བཅུག་སྟེ་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་དང་སྙིང་པོ་འདིས་དེ་ལ་དབབ་པར་གྱིས་ཤིག །ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ། དེ་ནས་བབས་ནས་དེ་ལྟར་བབས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སོ། །འདས་པ་དང་མ་འོངས་པ་དང་ད་ལྟར་ཐམས་ཅད་ཀྱང་སྐད་ཅིག་གིས་ཤེས་
སོ། །གནོད་པ་ཡང་མེད་པར་གྱུར་ཏོ། །དེ་ཐམས་ཅད་ཀྱིས་མི་ཚུགས་པར་གྱུར་ཏོ། །ཧཱུྃ་ཞེས་བྱ་བས་ཀྱང་སེམས་ཅན་ཐམས་ཅད་ཚར་གཅད་པ་དང་ཕན་གདགས་པར་བྱེད་ནུས་པར་གྱུར་ཏོ། །ཕྱག་ན་རྡོ་རྗེ་ཡང་རྟག་ཏུ་དེའི་དགོས་པ་ཐམས་ཅད་སྒྲུབ་བོ། །དེ་ནས་མནའི་སྙིང་པོ་བྱིན་ཅིག །དེ་ནས་
གདོང་གཡོགས་པ་བཀྲོལ་ཏེ། དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་སྟོན་ཅིག །དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཏོ། །འཇིག་རྟེན་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བར་ནུས་པར་གྱུར་ཏོ། །ཧཱུྃ་ཞེས་བྱ་བས་ལྷ་ཆེན་པོ་ལ་སོགས་པ་
ལྷ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་མནན་པ་ནུས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རྟག་ཏུ་འབྲང་ཞིང་རང་གི་དངོས་གྲུབ་སྦྱིན་པར་མཛད། དེ་ནས་དེ་
ལ་རྡོ་རྗེའི་དབང་བསྐུར་བས་དབང་བསྐུར་ཏེ། རང་གི་མཚན་མ་རྡོ་རྗེ་རྣོན་པོ་ཇི་ལྟ་བ་བཞིན་དུ་སྔགས་འདིས་ལག་པ་གཉིས་སུ་སྦྱིན་ནོ། །ཨོཾ་བཛྲ་པཱ་ཎི་བཛྲ་ཀརྨ་ཀ་རོད་བྷ་བ། དེ་ནས་སྔགས་འདིས་རྡོ་རྗེ་མིང་གི་དབང་བསྐུར་ཏོ། །བཛྲ་ཀྲོ་དྷ་ཏྭཾ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧེ་བཛྲ་ནཱ་མ། དེ་ནས་
เล่ม ๘๔ · หน้า 60a
གང་ལ་མིང་གང་བཏགས་པ་དེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ། །དེ་ནས་ཡེ་ཤེས་རྣམས་བསྐྱེད་དེ། །རྡོ་རྗེ་ཁྲོ་བོར་མཉམ་བཞག་ནས། །འབར་བ་མང་པོའི་འོད་ཅན་གྱི། །རྡོ་རྗེའི་དབྱིབས་ནི་སྟིང་གར་བསམ། །སྐྱེ་བོ་ཀུན་ལ་འབེབས་པར་བྱེད། །རྡོ་རྗེ་ཁྲོ་བོར་མཉམ་
བཞག་ནས། །དཔྲལ་བར་རྡོ་རྗེ་རིན་ཆེན་ཡང་། །དེ་བཞིན་དུ་ནི་བསམ་བྱས་ནས། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །རྡོ་རྗེ་ཁྲོ་བོར་མཉམ་བཞག་ནས། །འབར་བའི་ཕྲེང་བ་མང་པོའི་འོད། །རྡོ་རྗེ་པདྨ་མགུལ་དུ་བསམ། །སེམས་ཅན་ཐམས་ཅད་རླག་པར་བྱེད། །རྡོ་རྗེ་ཁྲོ་བོར་མཉམ་
བཞག་ནས། །འབར་བའི་ཕྲེང་བ་མང་པོའི་འོད། །རྡོ་རྗེ་ཐམས་ཅད་སྤྱི་བོར་བཞག །སྐྱེ་བོ་དེ་དག་ཐམས་ཅད་སྲུང་། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་རྣམས་ཀྱི་སྙིང་པོ་ནི་འདི་དག་ཡིན་ནོ། །ཧུྃ་སརྦ་བཛྲ་ཀྲོ་དྷ་ཨཱ་བེ་ཤ་ཨཿ། ཧོ་རཏྣ་བཛྲ་ཀྲོ་དྷ་བྷཱ་ཥ་མཱ་ན་ཡ་ཏྼཾ་ཧཱུྃ། བཛྲ་དྷརྨ་ཀྲོ་དྷ་ནཱ་ཤ་ཡ་ཕཊ། ཧཱུྃ་
ཀརྨ་བཛྲ་ཀྲོདྷ་རཀྵ། དེ་ནས་ལྷ་རྣམས་དགུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསླབ་པོ། །ཧཱུྃ་ཞེས་བྱ་བ་བཅིངས་ནས་ནི། །ལག་པ་རྡོ་རྗེ་ལྕགས་ཀྱུར་བསམ། །ཁྲོས་ནས་མཛུབ་མོ་བསྐུལ་བ་ནི། །ལྷ་རྣམས་དགུག་པའི་མཆོག་ཏུ་འགྱུར། །རང་གི་རྐང་མཐིལ་དབུས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་
བྲིས་ནས་སུ། །དེ་ཉིད་ཀྱིས་ནི་རྟག་མནན་ན། །ལྷ་རྣམས་ངེས་པ་ཉིད་དུ་དགུག། །རྡོ་རྗེ་ལྕགས་ཀྱུ་ཉིད་ཕྱག་རྒྱ། །ལེགས་པར་ཕྱེ་སྟེ་བཞག་ནས་སུ། །བསྐུལ་ནས་ཨུ་མ་ལ་སོགས་པ། །བུད་མེད་ཐམས་ཅད་འགུགས་པར་བྱེད། །རྡོ་རྗེ་ལྕགས་ཀྱུ་བཞག་པ་ནི། །མཛུབ་མོ་ཉིད་དུ་དེ་བཞིན་དེ། །
དེས་མནན་ལྷ་ཡི་གང་ཡིན་པ། །དེ་ནི་འགུགས་པའི་དམ་པའོ། །དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨཱ་ཀརྵ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྨ་ཨཾ་ཀུ་ཤ་ཀྲོདྷ་ཨཱ་ཀརྵ་ཡཾ་ཧུྃ་ཕཊ། ཨོ་བཛྲ་ཀྲོདྷ་དཎྜ་ཨཱ་གྲ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་སི་གཙྪ་ཨཱ་ཀརྵ་ཡ་མི་ཏེ་བཛྲ་ས་མ་ཡ་མ་ནུ་སྨ་ར་ཧཱུྃ་
ཕཊ། དེ་ནས་ཕྱག་རྒྱ་རྣམ་བཞིའི་ཡེ་ཤེས་བསླབ་བོ། །བརྐྱང་ཞིང་བསྐུམ་པར་གནས་པ་ནི། །རྡོ་རྗེ་དབབ་པའི་ཚུལ་གྱིས་ནི། །ཧཱུྃ་ཙམ་གྱིས་ཀྱང་སྐད་ཅིག་གིས། །སྐྱེ་བོ་ཐམས་ཅད་འབེབས་པར་བྱེད། །རྡོ་རྗེ་དག་ནི་ལེགས་པར་སྨྲས། །ཧཱུྃ་ཞེས་བྱ་བ་བཞི་ལྡན་པས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིས། །
เล่ม ๘๔ · หน้า 60b
ཐམས་ཅད་ཀྱང་ནི་ངེས་པར་འགུགས། །རྡོ་རྗེ་ཁྲོ་བོར་མཉམ་བཞག་ནས། །རྡོ་རྗེ་ཁྲོ་བོའི་ལྷ་མཆོག་གིས། །སྐྱེ་བོ་ཐམས་ཅད་གསོད་བྱེད་ཅིང་། །རྡོ་རྗེ་ཧཱུྃ་གི་རྣལ་འབྱོར་ཏོ། །ཡིད་ཀྱིས་ལུས་ལ་གོ་བགོ་བ། །བདག་གམ་ཕ་རོལ་རྣམས་ལ་སྟེ། །གོ་ཆ་ཆེན་པོའི་སྦྱོར་བས་ནི། །སྐྱེ་བོ་དེ་དག་ཐམས་
ཅད་བསྲུང་། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཀཱ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་བི་དྱོཏྟ་མ་མ་ཧཱ་ཀྲོ་དྷ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏིཥྛ་ཧ་ན་ད་ཧ་པ་ཙ་བི་ནཱ་ཤ་ཡ་ཧཱུྃ་ཀ་རེ་ཎ་པཱ་ཏ་ཡ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་མ་ནོ་དྲྀ་ཌྷ་བཛྲ་ཀ་བ་ཙ་ཀྲོ་དྷ་རཀྵ་ཧཱུྃ་ཕཌ།
དེ་ནས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའི་ཕྱག་རྒྱའི་ཡེ་ཤེས་དང་། རྡོ་རྗེ་ཁྲོ་བོར་མཉམ་བཞག་ནས། །བཛྲ་ཧཱུྃ་ཞེས་བཟླས་པ་ཡིས། །གང་དང་གང་ལ་ཀུན་ཞུགས་པ། །ཕྱག་རྒྱས་བཏབ་པར་དེ་གྱུར་ཏོ། །སྒྲ་ཆེན་དུ་ནི་བརྗོད་པར་བྱ། ཌཀྐི་ཧཱུྃ་ཕཌ། ཁྲོས་ནས་ལན་ཅིག་གང་ལ་སྨྲས། །
རྡོ་རྗེ་འབར་བས་དེ་མངོན་བཀུག །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་ཅིང་། །རྡོ་རྗེའི་ལྟ་བས་བལྟས་པ་ཡིས། །སེམས་ཅན་གང་དང་གང་ཡིན་པ། །དེ་དང་དེ་ནི་འཆི་བར་འགྱུར། །གསོད་སྙོམ་ཡིད་ལ་བསམས་ནས་སུ། །སྙིང་གར་རྡོ་རྗེ་སྒོམ་པར་བྱེད། །ཧཱུྃ་ཞེས་བྱ་བ་ཡིད་ཀྱིས་སུ། །རང་གི་རྒྱས་ནི་
འདེབས་པར་དགོངས། །སེམས་ཅན་གང་ལ་གང་གིས་སུ། །ཡིད་ཀྱི་རྒྱས་ནི་འདེབས་པ་འདི། །ཕྱག་རྒྱ་འདིས་ནི་ཤིན་ཏུ་ཡང་། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་དག་གོ། །ཊཀྐིཨ། ཊཀྐི་ཛ། ཊཀྐི་ཧཱུྃ། ཌཀྐི་ཧྃ། ཕྱག་རྒྱ་རེ་རེས་ཀྱང་ལས་བཞི་རྣམས་ལ་ཕྱག་
རྒྱའི་སྙིང་པོ་བཞིས་སྦྱར་རོ། །དེ་ནས་གསང་བ་ཁྲོ་བོའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཡན་ལག་ཀུན་གྱིས་འཁྱུད་ནས་ནི། །ཧཱུྃ་ཞེས་ཡུལ་ལ་སྦྱར་བྱ་བ། །དབང་པོ་གཉིས་ནི་སྤྲད་བྱས་ནས། །དེ་ཡི་སྲོག་ནི་མ་རུང་འགྱུར། །ཧཱུྃ་ཞེས་བྱ་བར་ལྡན་པ་ཡིས། །མཆུ་སྤྲད་སོས་ནི་མཆུ་བཟུང་ནས། །
དབང་པོ་གཉིས་ནི་རབ་སྤྲད་པ། །གང་ཡིན་དེ་ནི་མངོན་སུམ་འགྱུར། །ཧཱུྃ་ཞེས་སྦྱོར་བ་གང་ཡིན་པ། །དེ་ནི་བདེ་བ་མྱོང་བར་འགྱུར། །དབང་པོ་གཉིས་ནི་སྤྲད་གྱུར་ན། །གང་ཡིན་དེ་ནི་སྡུག་བསྔལ་འཐོབ། །ཧཱུྃ་ཞེས་བྱ་བ་རབ་སྦྱོར་ཞིང་། །དབང་པོ་གཉིས་ནི་སྤྲད་ནས་ཀྱང་། །ཡན་ལག་ཀུན་གྱིས་
เล่ม ๘๔ · หน้า 61a
བཙིར་གྱུར་ན། །དེ་ཡི་ལུས་ནི་བསྲུངས་པར་འགྱུར། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་དག་གོ། །ཧཱུྃ་ཨ། ཧཱུྃ་ཛ། ཧཱུྃ་ཧོ། ཧཱུྃ་ཧཾ། ཧཱུྃ་ཧེ། དེ་ནས་འཇིག་རྟེན་གསུམ་ལས་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་དེ་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །གང་གིས་སེམས་ཅན་ཕན་
པའི་ཕྱིར། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི། །སངས་རྒྱས་རྗེས་སུ་དྲན་བྱས་ན། །དེ་ནི་སངས་རྒྱས་འཐོབ་པར་འགྱུར། །དབང་ཕྱུག་དང་ནི་ཨུ་མ་ཡང་། །ས་ལ་བྲིས་ཏེ་དེ་ལྟར་གནན། །ཇི་ལྟར་བྲིས་པའི་གོ་རིམས་བཞིན། །སེམས་དཔའི་ཕྱག་རྒྱ་བཅིང་བར་བྱ། །དེ་ནི་བཅིངས་པ་ཙམ་གྱིས་
ཀྱང་། །དེ་ནི་འཇིག་རྟེན་གསུམ་རྒྱལ་བ། །རྡོ་རྗེ་ཧཱུྃ་དང་འདྲ་བ་ཡི། །དངོས་གྲུབ་རྫུ་འཕྲུལ་མྱུར་དུ་འགྲུབ། །ཇི་ལྟར་རི་མོར་བྲིས་པ་བཞིན། །འབར་བས་བསྐོར་བའི་དབུས་བཞུགས་པ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །སེམས་དཔའི་ཕྱག་རྒྱ་བཅིང་བར་བྱ། །དེ་ནས་དེ་རྣམས་ལས་བཤད་
དེ། །རྡོ་རྗེ་ལས་ནི་བླ་ན་མེད། །སངས་རྒྱས་རྗེས་སུ་དྲན་གྲུབ་པས། །མྱུར་དུ་སངས་རྒྱས་ཉིད་འཐོབ་བོ། །འཇིག་རྟེན་གསུམ་ལས་རྒྱལ་བཅིངས་ན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་འགྱུར། །རྡོ་རྗེ་ཆེ་དང་ཀུན་དུ་འགྲོ། །རྡོ་རྗེ་ཧཱུྃ་ཞེས་བྱ་བ་འདྲ། །རྡོ་རྗེ་དབང་གིས་རྒྱལ་པོར་འགྱུར། །
ཆོས་བཟང་ལྡན་པས་འཇིག་རྟེན་དབང་། །ལས་ཀྱི་རྡོ་རྗེ་ཁྲོ་བོ་ཆེ། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །སེམས་དཔའ་ཁྲོ་བོར་རབ་ཏུ་བརྟན། །ཁྲོ་བོའི་ལྕགས་ཀྱུས་ཡང་དག་འགུགས། །ཁྲོ་བོ་ཆགས་པས་ཆགས་པར་བྱེད། །ཁྲོ་བོ་ལེགས་པས་དགའ་བ་སྟེར། །ཁྲོ་གཉེར་གྱིས་ཀུན་མ་རུངས་
བྱེད། །ཁྲོ་བོ་ཉི་མས་གཟི་བརྗིད་མཆོག །དཔལ་གྱི་ཁྲོ་བོ་དོན་རྣམས་སྡུད། །ཧ་ཧ་དགོད་པས་བདུད་བྱེད་དོ། །ཆོས་ཀྱི་ཁྲོ་བོས་ཆོས་རྣམས་བདུད། །རྡོ་རྗེ་རལ་གྲིས་གཅོད་པ་སྟེ། །རྒྱུ་ཡི་ཁྲོ་བོ་སྡུག་བསྔལ་འཕྲོག །ཁྲོ་བོ་སྨྲ་བས་ཚིག་འཕྲོག་གོ །ལས་ཀྱི་ཁྲོ་བོ་ལས་རབ་སྟེ། །སྲུང་བ་ཡིས་
ནི་སྲུང་བར་བྱེད། །ཁྲོ་བོ་གནོད་སྦྱིན་དགྲ་ཡང་ཟ། །ཁྲོ་བོའི་ཁུ་ཚུར་དངོས་གྲུབ་སྟེར། །དེ་ནས་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བཤད་དོ། །རྡོ་རྗེ་གཉིས་སུ་གྱུར་བ་སྟེ། །དམ་ཚིག་མཆོག་ཏུ་གྲགས་པ་ཡིན། །དེ་དག་བཅིང་བ་བཤད་པར་བྱ། །ཁྲོ་བོའི་བཅིང་བ་བླ་ན་མེད། །ལག་ངར་རྡོ་རྗེར་བྱས་ནས་
เล่ม ๘๔ · หน้า 61b
ནི། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །མཛུབ་མོ་གཉིས་ཀྱིས་བསྡིགས་པ་ནི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ། །དེ་བཞིན་མཛུབ་མོ་ངོས་སྦྱར་ཏེ། །ནོར་བུ་འདྲ་བར་རབ་ཏུ་དགུག །གུང་མོ་མཉམ་བསྒྲེང་པདྨར་བྱ། །གུང་མོ་མཛུབ་མོ་གཉིས་ཀས་བསྡིགས། །མཛུབ་མོ་གཉིས་
ཀ་རྡོ་རྗེར་བྱ། །གཡས་པ་ལྕགས་ཀྱུར་དགུག་པར་བྱ། །དེ་ཉིད་ཧཱུྃ་ཞེས་བྱ་བར་མདུད། །ལེགས་པ་སྦྱིན་པར་དེ་བཞིན་ཏེ། །མཛུབ་གཉིས་དཔྲལ་བའི་གཉེར་མར་བཞག །སྙིང་གར་མཛུབ་མོས་ཉི་མར་བསྐོར། །ལག་པ་བརྐྱང་སྟེ་སྤྱི་བོར་བཞག །མཛུབ་མོ་ཁ་ནས་དགོད་ལྟར་བྱ། །མཛུབ་
མོའི་སེན་མོ་སྦྱར་བ་སྟེ། །གཡས་པས་རལ་གྲི་བཅིངས་པའོ། །གུང་མཛུབ་མཉམ་བསྒྲེང་འཁོར་ལོ་ཡི། །ཁ་ཡི་ནང་ནས་དབྱུང་བ་དང་། །མཛུབ་མོ་གུང་མོ་རྡོ་རྗེར་བྱ། །མཛུབ་མོ་གཉིས་ནི་མཆེ་བ་ཆེ། །མཛུབ་མོ་བཀུག་པ་རྡོ་རྗེར་བཅིངས། །རྡོ་རྗེ་ལཱ་སྱེ་ལ་སོགས་པ། །སེམས་མའི་
ཕྱག་རྒྱས་དེ་ཉིད་ཧཱུྃ། །ཞེས་དབྱེ་ཆོས་ཀྱི་ཕྱག་རྒྱ་དེ། །ཧཱུྃ་ཞེས་བྱ་བར་ལྷན་ཅིག་གོ། །དེ་ནས་རྡོ་རྗེའི་དམ་ཚིག་གི་ཆོས་ཀྱི་ཕྱག་རྒྱ་རྣམས་བཤད་དོ། །ཧཱུྃ་ནི་སངས་རྒྱས་རྡོ་རྗེ་ཡི། །ཏཱཾ་ནི་རྡོ་རྗེ་སྙིང་པོ་ཡི། །ཧྲཱི་ནི་རྡོ་རྗེ་སྡེ་ཡིའོ། །ཨ་ནི་རྡོ་རྗེ་ཐམས་ཅད་ཀྱི། །ཧཱུྃ་ཧེ། ཏྲཾ། ཏྃ། ཧི་ཧི་དེ་ཧ། བྷིཀ་
དྷི་ཧཱུྃ། གྲཱ། ཀྲིཔཾ། དྲྀ་ཨ། རྡོ་རྗེ་ཁྲོ་བོ་མང་པོ་ཡི། །ཆོས་ཀྱི་ཕྱག་རྒྱ་རབ་འགྲུབ་པའོ། །དེ་ནས་རྡོ་རྗེ་དམ་ཚིག་གི་ལས་ཀྱི་ཕྱག་རྒྱ་རྣམས་བཤད་དོ། །རྡོ་རྗེའི་རིགས་ནི་ཆེན་པོ་ཡི། །ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ན། །རྡོ་རྗེ་འགྱིང་ལ་སོགས་ཚུལ་གྱིས། །ཁྲོ་བོའི་ཁུ་ཚུར་གཉིས་སུ་བཤད། །གང་
དང་གང་གི་ཕྱག་རྒྱ་རྣམས། །ལས་ཀྱི་ཕྱོགས་ནི་གང་དུ་བྱ། །དེ་དང་དེར་ནི་བསྒྱུར་ནས་ཀྱང་། །ཕྱག་རྒྱ་དེ་ནི་སྦྱར་བར་བྱ། །ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་གའོ། །དེ་ནས་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་སྤྱིའི་ཕྱག་རྒྱ་བཅིང་བ་བཤད་དོ། །འཇིག་རྟེན་
གསུམ་རྒྱལ་ཕྱག་རྒྱ་ནི། །རྡོ་རྗེ་མཛུབ་མོ་དམ་ཚིག་གི། །རྡོ་རྗེ་ཧཱུྃ་ཞེས་སྔགས་ཀྱི་སྟེ། །དངོས་གྲུབ་ཐམས་ཅད་ཡུད་ཀྱིས་འཐོབ། །མཐེའུ་ཆུང་གཉི་ག་ལྕགས་ཀྱུར་བཅིང་། །རྡོ་རྗེ་གཉི་གའི་བླ་འོག་ཏུ། །དམ་ཚིག་ལྕགས་ཀྱུའི་ཕྱག་རྒྱ་དེ། །སྐད་ཅིག་གིས་ནི་ཐམས་ཅད་འགུགས།
เล่ม ๘๔ · หน้า 62a
རིག་པ་དམ་པ་ཐམས་ཅད་ཀྱི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཐམས་ཅད་ཀྱང་ནི་གནོད་པ་སྟེ། །དེ་བཞིན་ལས་རྣམས་ཐམས་ཅད་བྱེད། །རྡོ་རྗེ་མཛུབ་སོར་གཉིས་ལེགས་པར། །རབ་མཉམ་བཞག་པས་མཉམ་ནས་ནི། །ཤི་བ་ཐམས་ཅད་སློང་བ་
སྟེ། །རྡོ་རྗེ་སློང་བ་ཞེས་བྱའོ། །རྡོ་རྗེ་གཉིས་ཀ་ལེགས་པར་ནི། །རྡོ་རྗེ་བཅིང་བས་བཅིངས་ནས་སུ། །བཟློག་སྟེ་གཙུག་ཏུ་བཞག་པ་ནི། །ཚེ་དང་ནད་མེད་འཕེལ་བའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཐེ་བོ་བསྙམས་ནས་ནང་དུ་གཞུག །མཛུབ་མོ་དམ་པོར་བཀུག་ནས་སུ། །བཅུག་
པ་རྐང་པར་འགུགས་པའོ། །འཇིག་རྟེན་གསུམ་རྒྱལ་བཅིངས་ནས་སུ། །གང་གི་གཟུགས་ལ་རྐང་གཡོན་པས། །ལེགས་པར་མནན་པའི་སེམས་ཅན་དེ། །ཟླ་བ་ཕྱེད་ཀྱིས་གྲུབ་པར་འགྱུར། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །གཅིག་ལ་གཅིག་ནི་བརྡབས་ན་ནི། །སེམས་ཅན་
གང་གི་ལུས་ལ་ནི། །བབས་ན་དེ་ཡང་རྡོབ་པར་བྱེད། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །བདག་གམ་ཕ་རོལ་གོ་ཆར་བྱ། །མཛུབ་མོ་གཉིས་ཀྱིས་བཅིངས་བྱས་ན། །ངེས་པ་ཉིད་དུ་སྲུང་བར་འགྱུར། །རྡོ་རྗེ་མཐིལ་དུ་བཅིངས་ནས་ཀྱང་། །ཡིད་ཀྱིས་ཁྲོས་ནས་དགབ་བྱ་བ། །མཐེ་བོ་རྡོ་
རྗེ་དམ་པོ་སྟེ། །རྡོ་རྗེ་རིགས་ཆེན་གྲུབ་པར་འགྱུར། །སེམས་དཔའ་རྡོ་རྗེ་སྲར་བྱ་སྟེ། །མཐེ་བོ་གཉིས་ཀས་གུང་མོ་མནན། །མཐེའུ་ཆུང་རྡོ་རྗེ་རྩེ་མོ་ནི། །རྣོན་པོར་དམ་ཚིག་འཛིན་པའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །མཛུབ་མོ་གཉིས་བཀུག་བཅིངས་ནས་སུ། །གཅུ་ཞིང་ཕྱིར་གཅུ་
བྱས་པ་ནི། །ལྷ་དགུག་པ་ཡི་དམ་པ་ཡིན། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཛུབ་མོ་གཉིས་བཀུག་རབ་ཏུ་མནན། །མཐེ་བོ་གཉིས་ཀ་སྦྱར་བ་ཡིས། །དབུས་སུ་བཅིང་བ་བར་སྣང་གིའོ། །རྡོ་རྗེ་ཕྱག་རྒྱ་གཉི་ག་ལས། །མཐེའུ་ཆུང་གཉི་ག་བཅིངས་ནས་སུ། །རྒྱབ་སྦྱོར་མཛུབ་མོ་གཉིས་སྦྲེལ་ཏེ། །
བསྒྱུར་བ་མཁའ་ལ་སྤྱོད་པའིའོ། །རྡོ་རྗེ་བཅིངས་པ་བསྡམས་ནས་སུ། །རྡོ་རྗེ་སྲུང་བས་བཅིང་བར་བྱ། །དེ་ནི་ས་པའི་དམ་ཚིག་སྟེ། །ཐམས་ཅད་བྱེད་པས་འདའ་བར་དཀའ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །མཐེའུ་ཆུང་འཁྱུད་ཅིང་རྟག་ཏུ་གཏོགས། །
เล่ม ๘๔ · หน้า 62b
དེ་ནི་ས་འོག་འགུགས་པའོ། །རྡོ་རྗེ་བཅིངས་པས་སྦྲེལ་བ་ནི། །མཛུབ་མོ་གཉིས་ཀ་དམ་པོ་སྟེའོ། །གུང་མོ་མཐེ་བོ་རྡོ་རྗེར་ནི། །གདུག་པའི་ཕྱག་རྒྱ་འཇོམས་པའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །མཉམ་བཞག་སྟེ་ནི་སྙིང་གར་བཞག །ཁྲོ་བོ་ཁུ་ཚུར་གྱིས་བཙིར་བ། །
ཕྱི་རོལ་དཀྱིལ་འཁོར་འཇིག་པའོ། །གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །གཡས་པའི་མཛུབ་མོ་བཀུག་པས་བཟུང་། །རབ་ཏུ་ཁྲོས་ནས་དྲག་གཏོགས་ན། །རི་རབ་ཀྱང་ནི་ལྷུང་བར་བྱེད། །གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །གཡས་པའི་མཛུབ་མོ་ལྕགས་ཀྱུས་བཟུང་། །རབ་
ཏུ་ཁྲོས་ཤིང་བཀུག་པ་ཡིས། །གདོན་རྣམས་ཀུན་ལ་དབང་དུ་བྱེད། །རྡོ་རྗེ་བཅིང་བ་བྱས་ནས་སུ། །ལག་ངར་སྙིང་གར་ཤིན་ཏུ་བསྡམས། །རྡོ་རྗེ་མཛུབ་མོས་ཉིད་མཆན་ཁུང་། །བྲུད་པ་ཡིས་ནི་སྙིང་སྦྱིན་ནོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་ཡིས། །མཐེ་བོང་གཉིས་ཀྱི་དྲུང་དུ་ནི། །ཡིད་
ཀྱིས་ཁྲོས་ནས་བཙིར་བ་བྱ། །རིམས་ལ་སོགས་དགུག་དམ་པའོ། །རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ། །མཛུབ་མོ་གཉི་ག་བཀུག་ནས་སུ། །མཐེ་བོ་རབ་ཏུ་མཉམ་སྦྱར་བས། །མནན་པ་དེ་ནི་སྡིག་འཕྲོག་པའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་སྦས་ནས་ཀྱང་། །
ལེགས་པར་གྱེན་དུ་འཕངས་པ་ནི། །ལྷུང་བ་སློང་བའི་དམ་པའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉིས་ཀ་ངོས་སྦྱར་ཏེ། །ཐ་མ་བཞི་ཡི་ངོས་སྤྲད་པ། །སྐད་ཅིག་ཏུ་ནི་སྡིག་འདྲལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱག་རྒྱ་
བཅིང་བ་བཤད་དོ། །རྡོ་རྗེའི་ཕྱག་རྒྱས་བཟུང་ནས་ནི། །དཀྱིལ་འཁོར་དང་པོར་སྲད་བུ་བྲེ། །སྲད་བུ་བྲེས་ལ་ཕྱི་ནས་ནི། །སྲད་བུ་ཇི་བཞིན་བྲེ་བ་བཤད། །རྡོ་རྗེ་ཕྱག་རྒྱ་གཉི་ག་ཡིས། །མཛུབ་མོའི་རྩེ་མོར་རབ་སྦྱར་བ། །བྱས་ནས་མཚོན་རྣམས་ཐམས་ཅད་ལ། །འབར་བའི་ལྟ་བས་
དགུག་པར་བྱ། །རྡོ་རྗེའི་མཛུབ་མོས་ལེགས་པར་ནི། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རྡོ་རྗེ་རིགས་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་བཤད་དོ། །གཡོན་བརྐྱང་བ་ཡི་ཚུལ་བྱས་ཏེ། །ཁྲོ་བོ་ཡི་ནི་སྐད་འབྱིན་ཅིང་།།
เล่ม ๘๔ · หน้า 63a
ཁྲོ་བའི་བལྟ་བས་བལྟས་ན་ནི། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།
བམ་པོ་ལྔ་པ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གཟུངས་ཀྱི་དམ་ཚིག་འབྱུང་བའི་རྡོ་རྗེའི་བྱིན་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་དམ་པ་འདི་གསུངས་སོ། །ཨོཾ་སརྦ་བཛྲི་ཎི། བཛྲ་མཱ་ཏེ་ཨཱ་ན་ཡ། སརྦ་བཛྲ་
སཏྱེ་ན་ཧཱུྃ་ཛ། དེ་ནས་དེ་གསུངས་པ་ཙམ་གྱིས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཕྱག་ན་རྡོ་རྗེ་དྲ་བ་བདག་གིས་ལུས་ཐམས་ཅད་འབར་བའི་སྒོ་ནས། རྡོ་རྗེ་ཁྲོ་བོ་གསང་བའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སུ་གྱུར་ནས་བྱུང་སྟེ། འཇིག་རྟེན་
གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་བསྒྲུབས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཙུན་མོ་གསང་བ་སྦ་བའི་ཕྱིར། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱའི་གཟུགས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་ལ་འདུག་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པ་བདེ་བའི་ཕྱིར། །བཙུན་མོ་ཉིད་དུ་གྱུར་པ་ཡིན། ཧྲཱིཿ།
དེ་ནས་ཡང་ཕྱག་ན་རྡོ་རྗེ་རང་གི་རིགས་ཀྱི་དམ་ཚིག་ཕྱག་རྒྱའི་དཀྱིལ་འཁོརརྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བ་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཁྲོ་བོའི་གསང་བ་ཞེས་བཤད་དོ། །དཀྱིལ་འཁོར་
ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ། །གསང་བའི་ཕྱག་རྒྱ་གཞག་པར་བྱ། །རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་སྐུ་རྣམས་གཞག་པར་བྱ། །སངས་རྒྱས་ཁྲོ་བོ་དམ་ཚིག་ཀྱང་། །ཇི་བཞིན་པར་ནི་མཁས་
เล่ม ๘๔ · หน้า 63b
པས་བྲི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དེར། །དབུས་སུ་མདུང་རྩེ་མཆུར་བྲིས་ལ། །རྡོ་རྗེ་རབ་ཏུ་གཞག་བྱ་ཞིང་། །འོད་འབར་དབུས་སུ་བྲི་བར་བྱ། །དེ་ཡི་གོ་རིམས་ཇི་བཞིན་ཏེ། །རྡོ་རྗེ་རྡོ་རྗེ་ལྕགས་ཀྱུ་དང་། །མདའ་དང་དགའ་བ་དེ་བཞིན་
ནོ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གཉིས་པ་ཡང་། །འཁོར་ལོའི་དབུས་ན་གནས་པ་ཡི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། །ཁྲོ་གཉེར་དབུས་སུ་རྡོ་རྗེ་བྲི། །དེ་བཞིན་རྡོ་རྗེ་ཉི་རྒྱལ་མཚན། །དེ་བཞིན་སོ་ཡི་ཕྲེང་བ་དེའི། །དངོས་སུ་རྡོ་རྗེ་བྲི་བར་བྱ། །རྡོ་རྗེ་
ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དམ་པ་གསུམ་པ་ཡང་། །པདྨའི་དབུས་སུ་གནས་པ་ཡི། །རྡོ་རྗེ་པདྨ་ལྷ་རྫས་བྲི། །འབར་བའི་དབུས་སུ་པདྨ་བྲི། །རལ་གྲི་འཁོར་ལོ་དེ་བཞིན་ནོ། །རྡོ་རྗེའི་ལྕེ་ཡང་ཚུལ་བཞིན་དུ། །རྟག་ཏུ་དེ་ཡི་ཕྱོགས་སུ་གཞག །རྡོ་རྗེ་ཤུགས་
ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་པ་དམ་པར་ཡང་། །རྡོ་རྗེ་བསྙལ་ལ་རྡོ་རྗེ་བྲི། །རྡོ་རྗེའི་འོད་ནི་ཆེན་པོས་བསྐོར། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །འབར་བ་ཀུན་གྱིས་དཀྲིགས་པའི་འོད། །རྡོ་རྗེ་ཐམས་ཅད་གོ་ཆ་མཆོག །རྡོ་རྗེ་མཆེ་བ་ཁུ་ཚུར་མཆོག །གྲྭ་དང་ཕྱི་ཡི་
གནས་རྣམས་ལ། །ཚུལ་བཞིན་དུ་ནི་བྲི་བར་བྱ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱ་རིག་པ་མདོར་བསྡུ་ན། ཛྷིཿ། ཨོཾ་བཛྲ་ཀྲོ་དྷེ་ས་མ་ཡེཛྷིཿ། ཨོཾ་བཛྲ་ཀྲོ་དྷེ་རོཥ་ཨཾ་ཀུ་ཤཨྭ་ན་ཡ་སརྦ་ན་ཛྷིཿ། ཨོཾ་བཛྲ་རོ་ཥེ་ཀཱ་མ། བཛྲི་ཎི་བ་ཤམྨེ་ཨཱ་ན་ཡ་ཧི་ཛྷིཿ། ཨོཾ་བཛྲ་དུཥྚ་ཀྲོ་དྷེ་ཏོ་ཥ་ཡ་སརྦ་
ན་ཛྷིཿ། རྡོ་རྗེ་ཛྷིཿཞེས་བྱ་བའི་དཀྱིལ་འཁོར་རོ། །ཛིཿ། ཨོཾ་བཛྲ་བྷྲྀ་ཀུ་ཤཱི་ཀྲོ་དྷེ་ཧ་ར་སརྦ་ཨརྠ་ན་ཛིཿ། ཨོཾ་བཛྲ་ཛྭཱ་ལ་མཱ་ལཱ་པྲ་བེ་ཤ་མ་ཧཱ་ཀྲོ་དྷ་ཨགྣི་ཛྭཱ་ལ་ཡ་སརྦ་ན་ར་བི་རོ་ཥེ་ཛིཿ། ཨོཾ་བཛྲ་དྷྭ་ཛ་ཨ་གྲེ་ཀེ་ཡཱུ་ར་མ་ཧཱ་ཀྲོདྷེ་དེ་ཧི་མེ་སརྦ་ཨ་རྠ་ན་ཛིཿ། ཨོཾ་བཛྲ་ཨཊྚཱ་ཧཱ་ས་ནི་ཧཱ་ས་ཧཱ་ས་ཨ་ཊྚཱ་ཏྚེ་ཧཱ་སེ་ན་མཱ་ར་
ཡ་ཛིཿ། རྡོ་རྗེ་ཛིཿཞེས་བྱ་བའི་དཀྱིལ་འཁོར་རོ། དིཿ། ཨོཾ་བཛྲ་ཤུདྡྷ་ཀྲོ་དྷེ་ཧ་ན་ཧ་ན་མཱ་ར་ཡ་དུཥྚ་ན་དིཿ། ཨོཾ་བཛྲ་ཏཱི་ཀྵྞ་ཀྲོ་དྷེ་ཙྪིནྡ། བཛྲ་ཀོ་ཥེ་ན། སརྦ་ནི་དེཿ། ཨོཾ་བཛྲ་ཧེ་ཏུ་མ་ཧཱ་ཀྲོ་དྷེ་པྲ་བེ་ཤ་ཙ་ཀྲ་པྲ་བེ་ཤ་ཡ་སརྦན་དིཿ། ཨོཾ་བཛྲ་ཛི་ཧཱ་མ་ཧཱ་ཀྲོདྷེ་བ་ཤེ་བ་ཙ་མུཉྩ་དིཿ། རྡོ་རྗེ་དིཿཞེས་བྱ་བའི་དཀྱིལ་འཁོར་
เล่ม ๘๔ · หน้า 64a
རོ། ཧྲཱིཿ། ཨོཾ་བཛྲ་སརྦན་མུ་ཁེ་ཀརྨ་བཛྲ་ཎི་མ་ཧཱ་ཀྲོ་དྷེ་ཀུ་རུ་ཀུ་རུ་སརྦ་ན་ཧྲཱིཿ། ཨོཾ་བཛྲ་ཀ་བཙ་ཀྲོ་དྷེ་ར་ཀྵ་མ་མ་ཧིཿ། ཨོཾ་བཛྲ་ཙཌྞ་ཀྲོ་དྷེ་མ་ཧཱ་ཡ་ཀྵི་ནི་བཛྲ་དཾཥྚ་ཀཱ་རཱ་ལ་བྷཱིཥ་ནེ་པ་ཡ་ཧིཿ། ཨོཾ་བཛྲ་ཀྲོ་དྷེ་མུཥྜི་བནྡྷ་ཧིཿ། རྡོ་རྗེ་ཧིཿཞེས་བྱ་བའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་
འཁོར་གྱི་གྲྭ་རྣམས་སུ། རྡོ་རྗེ་གར་ལ་སོགས་པ་གསང་བའི་མཆོད་པའི་རིག་པའི་སྙིང་པོ་རྣམས་གསུངས་པ། ཨོཾ་བཛྲ་ཧཱུྃ་ཁེ། བཛྲ་ཧཱུྃ་གྷཱཾ། བཛྲ་ཧཱུྃ་ཏེ། བཛྲ་ཧཱུྃ་ཏྭཾ། ཕྱི་རོལ་གྱི་གྲྭ་རྣམས་སུ་སིལ་སྙན་གྱི་མཆོད་པའི་སྙིང་པོ་རྣམས་བརྗོད་པར་བྱའོ། །ཨོཾ་བཛྲ་ཏྲི་ཏེ། བཛྲ་ཌཾ་ཌ། བཛྲ་
དྷཱ་ཏུ། བཛྲ་ཌཽ་མྨུ་དྷ། དེ་ནས་སྒོ་བའི་མཆོད་པའི་སྙིང་པོ་རྣམས་གསུངས་པ། བཛྲ་ཛཿཛཿ། བཛྲ་ཧཱུྃ་ཧཱུྃ། བཛྲ་བཾ་བཾ། བཛྲ་ཨཿཨཿ། དེ་ནས་རྡོ་རྗེའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྒྱས་པ་འདི་བཤད་དོ། །དེ་ནས་དེ་ལ་ཐོག་མ་ཉིད་དུ་རེ་ཞིག་འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚིག་བཞིན་དུ་གཞུག་སྟེ། རྡོ་རྗེ་གསང་བའི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་འདྲ་བའི་ཕྱག་རྒྱ་དང་ཉེ་བའི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རྡོ་རྗེ་འཆང་བ་མཆོད་པའི་ཕྱིར་གར་གྱིས་མཆོད་པར་བྱའོ། །དེ་ལ་གར་དང་
གར་གྱི་ལན་དང་ཉེ་བའི་གར་དང་ཡེ་ཤེས་ཀྱི་གར་རྣམས་ཀྱིས་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ། །དེ་ལ་དང་པོ་ཉིད་དུ་རྡོ་རྗེ་དབྱིངས་སུ་བསྡུས་པའི་སྙིང་པོས་རྡོ་རྗེ་གླུ་ལེན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པས་མཆོད་པ་བྱས་ནས། རྡོ་རྗེ་སློབ་དཔོན་གྱིས་སེམས་
མ་རྡོ་རྗེའི་ཕྱག་རྒྱ་དྲག་ཏུ་གཏོགས་པར་བྱའོ། །དེ་ནས་ཇི་སྙེད་བཞུགས་པ་རྣམས་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་དབབ་པར་བྱའོ། །རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས། །རྡོ་རྗེ་ཧཱུྃ་མཛད་ཕྱག་རྒྱར་ནི། །སྙིང་གར་ཤིན་ཏུ་བཅིང་བར་བྱ། །དེ་ནས་གར་གྱི་ཆོ་ག་
ཡི། །རྡོ་རྗེ་ཁྲོ་བོ་ལྕགས་ཀྱུ་ཡིས། །སངས་རྒྱས་ཐམས་ཅད་སྤྱན་དྲང་ངོ་། །རྡོ་རྗེ་མདའ་ནི་འཕང་བ་བྱ། །རྡོ་རྗེ་མདའ་ནི་འཕངས་ནས་ཀྱང་། །རྡོ་རྗེ་དགའ་བས་བསྒྲུབ་པར་བྱ། །ཕྱག་རྒྱ་ཆོ་ག་བཞིན་བཀྲོལ་ཏེ། །ཐལ་མོ་བརྡབ་ཅིང་བཅིང་བར་བྱ། །མཆོད་པའི་ཆོ་ག་འདི་ཡིས་ནི།།
เล่ม ๘๔ · หน้า 64b
ཕྱག་ན་རྡོ་རྗེ་མཉེས་པར་བྱ། །མཉེས་ནས་དགོས་པ་ཐམས་ཅད་ནི། །འདོད་བཞིན་སྐད་ཅིག་ཉིད་ཀྱིས་འགྲུབ། །དེ་ལ་གར་གྱི་ཕྱག་རྒྱའི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །སིདྷྱ་བཛྲ། །ཨཱ་ན་ཡ་བཛྲ། རཱ་ག་ཡ་བཛྲ། སཱདྷུ་བཛྲ། དེའི་འོག་ཏུ་ལན་གྱི་གར་གྱི་མཆོད་པ་བྱ་སྟེ། དེ་བཞིན་གར་
གྱི་གཡོན་པ་ན་པ་ནི། །ཁུ་ཚུར་གཡས་པས་བཟུང་ནས་ནི། །བསྒྱུར་ཞིང་མཛུབ་མོའི་ངོས་ཀྱིས་ནི། །དཔྲལ་བ་ཉིད་ལ་གཞག་པར་བྱ། །དེ་བཞིན་གར་བྱེད་ཉི་མ་ཡང་། །བསྐོར་ནས་ཡང་དག་དགུག་པར་བྱ། །རྡོ་རྗེ་རྒྱལ་མཚན་བསླང་ནས་ནི། །རྡོ་རྗེ་ཧ་ཧ་ཞེས་དགོད་ཅིང་། །མཆོད་པ་
འདི་ནི་ཆོ་ག་ཡིས། །རྒྱལ་པོ་ལ་སོགས་མི་ཀུན་ཀྱང་། །དབང་དང་རབ་ཀྱི་གཟི་བརྗིད་དང་། །སྦྱིན་དང་དགོས་པས་མཉེས་པར་བྱེད། །དེ་ལ་དེ་རྣམས་ནི་ལན་ཕྱག་རྒྱའི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ཨ་ཧི་བཛྲ་ཛྭཱ་ལ་ཡ་བཛྲ། དེ་ཧི་བཛྲ་ཧཱ་ས་ཧཱ་ས་བཛྲ། དེ་བཞིན་གར་ཀྱང་བཀྲོལ་
ནས་ནི། །པདྨ་ཁ་འབུས་སྦྱར་བ་ཡི། །མཛུབ་མོའི་རྩེ་མོ་སྙིང་གར་གཞག །བསམ་པ་གཡོས་པས་འདུད་པར་བྱ། །དེ་བཞིན་གར་བྱེད་རྡོ་རྗེ་ཡིས། །རལ་གྲིས་བགེགས་ནི་གཅོད་ལྟར་བྱ། །མགལ་མེའི་འཁོར་ལོ་བསྐོར་བ་ཡིས། །འཁོར་ལོའི་དཀྱིལ་འཁོར་ཚུལ་དུ་བསྐོར། །
རྡོ་རྗེ་ཚིག་ཏུ་གླུ་ལེན་ལྟར། །ཕྱག་ན་རྡོ་རྗེ་མཆོད་པར་བྱ། །མཆོད་པ་འདི་ཡི་ཆོ་ག་ཡིས། །ཐམས་ཅད་ངེས་པ་ཉིད་དུ་འགྱུར། །དེ་ལ་འདི་རྣམས་ནི་ཉེ་བའི། །ཕྱག་རྒྱའི་སྙིང་པོ་རྣམས་ཡིན་ནོ། །གཱ་མ་ཡ་བཛྲ། ཙྪིནྡ་ཡ་བཛྲ། བྲཱ་ཧྨི་ཡ་བཛྲ། བྲུ་ཧི་བཛྲ། རྡོ་རྗེ་ཁྲོ་བོའི་མཛུབ་ཡང་
དག །བཀན་ནས་རྩེ་མོ་སྦྱར་ནས་ཀྱང་། །བསྒྱུར་ཏེ་དེ་ནས་གཙུག་ཏོར་དུ། །མཛུབ་མེའི་རྩེ་མོ་གཞག་པར་བྱ། །རྡོ་རྗེ་ལས་ཀྱི་ཚུལ་གྱིས་ནི། །ལུས་ཀུན་མཆོག་གི་དཀྱིལ་འཁོར་དུ། །གར་གྱི་ཆོ་གས་བསྟན་པར་བྱ། །སྙིང་གར་རབ་ཏུ་གཞག་པར་བྱ། །དེ་བཞིན་གར་གྱི་
ཆོ་ག་བཞིན། །རྡོ་རྗེ་བསྲུང་བ་བཅིང་བར་བྱ། །རྡོ་རྗེ་མཆེ་བ་བཅིངས་ནས་ནི། །རྡོ་རྗེའི་བཅིང་བས་མནན་པར་བྱ། །མཆོད་པ་འདི་ཡི་ཆོ་ག་ཡིས། །ལས་རྣམས་ཀུན་ཀྱང་ནུས་པར་འགྱུར། །མཆོད་པ་རྣམ་བཞི་བྱས་ནས་ནི། །ཆོ་ག་བཞིན་དུ་ཕྱག་རྒྱ་བཀྲོལ། །དེ་དག་གི་སྙིང་
เล่ม ๘๔ · หน้า 65a
པོ་ནི་འདི་རྣམས་ཡིན་ནོ། །ནྲྀ་ཏྱ་བཛྲ། རཀྵ་བཛྲ། ཁཱ་ད་བཛྲ། བནྡ་བཛྲ། དེ་ནས་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ། །རྡོ་རྗེ་གསང་བའི་ལག་གཉིས་ཀྱིས། །ཁྲོས་པའི་ཡིད་ཀྱིས་དྲག་གཏོགས་བྱ། །སྐྱེ་བོ་གང་གི་མིང་སྨོས་པ། །དེ་ཡི་སྙིང་ནི་འགས་
པར་འགྱུར། །མ་མཆུ་སོ་ཡིས་བཟུང་ནས་སུ། །གང་གི་མིང་སྨོས་གཟིར་བ་ནི། །དེ་ཡི་མགོ་ཡང་མྱུར་འགས་ཏེ། །གང་གི་བཀའ་ལས་འདས་པའི་འོ། །ཁྲོ་བོ་ཁྲོ་ཆེན་ལྟ་བ་ཡི། །མིག་ཀྱང་འཛུམས་པར་བྱེད་པ་ནི། །གང་གི་མིང་ནི་སྨོས་བལྟས་པ། །དེ་ཡི་མིག་ནི་
རྡོལ་པར་འགྱུར། །རྡོ་རྗེ་ཁྲོ་བོར་མཉམ་བཞག་ལ། །བདག་རང་གི་ཡང་སྙིང་གར་ཡང་། །རྡོ་རྗེ་བཅིངས་པ་བཅིང་ན་ནི། །དེ་ཡི་སེམས་ནི་འཇིག་པར་བྱེད། །དེ་ལ་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ནོ། །ཧཱུྃ་བཛྲ་སྥོ་ཊ་ཐཿ། ཧཱུྃ་བཛྲ་མུ་ཀ་བཛྲ་ཐཿ། ཧཱུྃ་བཛྲ་ནེ་ཏྲཱ་ཐཿ། ཧཱུྃ་བཛྲ་
མ་ནེ་ཐཿ། དེ་ནས་རྡོ་རྗེ་ཆེན་པོའི་རིགས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །དེ་ལ་དང་པོར་རེ་ཞིག་ཕྱག་རྒྱ་ཆེན་པོ་བཅིངས་བ་བཤད་དོ། །མཐེའུ་ཆུང་ལྕགས་ཀྱུ་བཅིངས་ནས་ནི། །རྡོ་རྗེ་ཁྲོ་བོ་གཞག་པར་བྱ། །གཡོན་པར་རྩེ་གསུམ་རྒྱབ་ཏུ་ནི། །འཇིག་རྟེན་གསུམ་
ལས་རྒྱལ་ཞེས་བཤད། །གཡོན་པ་མཛུབ་མོ་ཐད་ཀར་བརྐྱང་། །དེ་བཞིན་བཀན་པ་པདྨ་ནི། །དེ་བཞིན་དུ་ཡང་བསྒྱུར་ནས་ནི། །གཡོན་པའི་རྡོ་རྗེར་གཞག་པར་བྱ། །རྡོ་རྗེ་མཐིལ་དུ་བཅིངས་བྱས་ཏེ། །ཁྲོས་པ་ཡིས་ནི་དགའ་བྱ་ཞིང་། །མཐེ་བོ་རྡོ་རྗེ་དམ་པས་སོ། །ཁྲོ་བོ་
ཏི་རིནྟི་རིར་བཤད། །མཛུབ་མོ་ལྕགས་ཀྱུ་དགུག་པ་ཉིད། །མཛུབ་མོ་ངོས་ནི་སྦྱར་བའོ། །དེ་བཞིན་མཛུབ་གཉིས་ལེགས་སྦྱིན་པ། །མཛུབ་མོ་སྤྲད་དེ་དཔྲལ་བར་གཞག །སྙིང་གར་ཉི་མ་རབ་ཏུ་བརྟན། །མཛུབ་མོ་བསྙམས་ནས་སྤྱི་བོར་གཞག །བསྒྱུར་ནས་དགོད་པར་གཞག་
པར་བྱ། །མཛུབ་བསྙམས་པདྨ་ཁ་འབུས་བཞིན། །གཉིས་ཀ་རལ་གྲི་ཆང་པར་འཛིན། །མཛུབ་གཉིས་འཁོར་ལོར་བཅིངས་པའོ། །མཛུབ་མོ་བསྙམས་ཏེ་ཁ་ནས་དབྱུང་། །མཛུབ་མོ་ལེགས་པར་བརྐྱང་བ་དང་། །མཛུབ་མོས་མགུལ་དུ་བཅིང་བར་བྱ། །དེ་གཉིས་ཁ་འགྲམ་མཆེ་
เล่ม ๘๔ · หน้า 65b
བར་བཞག །ཁུ་ཚུར་དམ་དུ་བཅིངས་པ་ནི། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །དེ་ནས་རྡོ་རྗེ་རིགས་ཀྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བཤད་དོ། །གསང་བའི་ཁུ་ཚུར་ལས་བྱུང་བ། །དམ་ཚིག་མཆོག་ཏུ་རབ་ཏུ་གྲགས། །དེ་རྣམས་བཅིང་བ་བཤད་བྱ་བ། །རྡོ་རྗེ་བཅིང་
བ་བླ་ན་མེད། །སྙིང་གར་བཞག་ནས་རྩིབ་ལོགས་གཅུ། །མདའ་དྲང་བ་ནི་གཡོན་པ་ནས། །སྙིང་ག་ནས་ནི་དབྱུང་བར་བྱ། །ཁྲོ་གཉེར་དུ་ནི་བསྒྱུར་ནས་ནི། །ཉི་མའི་དཀྱིལ་འཁོར་སྟོན་པ་དང་། །སྤྱི་བོར་ལག་པ་བརྐྱང་བ་དང་། །བསྒྱུར་ནས་དགོད་པར་གཞག་པར་བྱ། །ཁ་ཡི་
དབུས་སུ་རབ་བཞག་པ། །མཛུབ་མོར་རལ་གྲི་འདེབས་པ་འདྲ། །འཁོར་ལོ་བསྐོར་བ་སྟོན་པ་དང་། །ཁ་ནས་རབ་ཏུ་འབྱིན་པ་སྟེ། །སྤྱི་བོར་ལུས་མཆོག་དཀྱིལ་འཁོར་རོ། །དཔུང་པ་སྙིང་ག་རྩིབ་ལོགས་རྣམས། །རྡོ་རྗེ་བསྲུང་བ་དེ་བཞིན་བྱ། །མཆེ་བའི་གནས་སུ་གཞག་པ་དང་། །
ཁུ་ཚུར་དམ་དུ་བསྡམས་པའོ། །ཕྱི་རོལ་དཀྱིལ་འཁོར་ཕྱག་རྒྱ་ནི། །མཚན་མའི་གོ་རིམས་བཞིན་དུ་བཅིང་། །དམ་ཚིག་རྡོ་རྗེ་བཅིངས་པ་ལས། །དེ་བཞིན་རྡོ་རྗེ་ཁུ་ཚུར་གཞག །དེ་ནས་རྡོ་རྗེ་རིགས་ཀྱི་གསང་བའི་ཆོས་ཀྱི་ཕྱག་རྒྱ་རྣམས་བཤད་དོ། ཕཊཿཤཊཿམཊཿསཊཿརཊཿཧཊཿདྷིཊཿཧཊཿ
ཕདྚཿཏདྚཿཀདྚཿདྷཌྚཿཀུཊིཿརིཊཿཁཊཿཔཊཿ། དེ་ནས་རྡོ་རྗེ་རིགས་ཀྱི་གསང་བའི་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིང་བ་བཤད་དོ། །མདོར་ན་ལས་ཀྱི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་གཉིས་བྱས་ཏེ། །གནས་གང་ཡིན་པར་གཞག་པར་བྱ། །ཁྲོ་བོའི་ལྟ་བ་ཁྲོ་དང་ལྡན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་
དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཁྲོ་བོ་གསང་བའི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྟོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱིན་གྱིས་བརླབས་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཱུཀྵྨ་བཛྲ་ཀྲོདྷ་ཧཱུྃ་ཕཊ། དེ་ནས་ཕྱག་ན་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་རྡོ་རྗེ་ཕྲ་མོའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སཱུ་ཥྨ་བཛྲ་ཀྲོདྷེ་ཀྲ་མ་ཧཱུྃ་ཕཊ། དེ་ནས་བྱང་ཆུབ་
เล่ม ๘๔ · หน้า 66a
སེམས་དཔའ་རྡོ་རྗེ་སྙིང་པོས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཕྲ་མོའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སཱུཀྵྨ་བཛྲ་རཏྣ་ཀྲོ་དྷ་ཀྲ་མ་ཧཱུྃ་ཕཌ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྤྱན་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཕྲ་མོའི་རིག་པ་
དམ་པ་འདི་གསུངས་སོ། །ཨོཾ་སཱུ་ཀྵྨ་བཛྲ་པདྨ་ཀྲོ་དྷ་ཀྲ་མ་ཧཱུྃ་ཕཌ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཕྲ་མོའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སཱུཀྵྨ་བཛྲ་ཀརྨ་ཀྲོ་དྷ་ཀྲ་མ་ཧཱུྃ་ཕཌ། དེ་ནས་ཡང་
བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རང་གི་རིགས་བསྐྱེད་པའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་འཁོད་དེ། དེ་རྣམས་ཀྱི་སྙིང་པོ་གསུངས་པ། ཨོཾ་བཛྲ་སཏྭ་སཱུཀྵྨ་ཛྙ་ན་ཀྲོ་དྷ་ཀྲ་མ་ཧཱུྃ་ཕཌ། ཨོཾ་སཱུ་ཀྵྨ་བཛྲ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་མ་ཧཱ་ཀྲོ་དྷཱ་ཧཱུྃ་ཕཌ། ཨོཾ་བཛྲ་སཱུཀྵྨ་རཱ་ག་ཀྲོ་
དྷཱ་ཨ་ནུ་རཱ་ག་ཡ་ཏི་བི་ཀྲ་མ་ཧཱུྃ་ཕཊ། ཨོཾ་བཛྲ་སཱུཀྵྨ་བཛྲ་པུཥྚི་ཀྲོ་དྷཱ་ཧཱུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་བྷྲྀ་ཀུ་ཊཱི་ཀྲོ་དྷཱ་ཧ་ར་ཧ་ར་ཧཱུྃ་ཕཌ། ཨོཾ་སཱུཀྵྨ་བཛྲ་ཛྭཱ་ལ་མཎྜ་ལ་ཀྲོ་དྷཱ་སཱུ་རྱཛྭཱ་ལ་ཧཱུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་ཙཀྲ་ཀྲོ་དྷཱ་སརྦ་ཨརྠ་མཱ་མེ་པྲ་ཡ་ཙྪ་ཤྲཱི་ཀྲ་མ་ཧཱུྃ་ཕཌ། ཨོཾ་བཛྲ་སཱུ་ཀྵྨ་ཧཱ་ས་ཀྲོ་དྷཱ་མ་ཧཱ་ཊྚཊྚ་ཧཱ་ས། ཧ་ཧ་ཧ་ཧ་ཧཱུྃ་ཕཌ།
ཨོཾ་སཱུ་ཀྵྨ་བཛྲ་དྷརྨ་བཛྲ་ཀྲོ་དྷཱ་ཡ་ཧཱུྃ་ཕཌ། ཨོཾ་སཱུཀྵྨ་བཛྲ་ཚྩེ་ད་ཀྲོ་དྷ་ཙྪིནྡ་བྷིནྡ་ཧུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་ཀྲོ་དྷ་མ་ཧཱ་ཙཀྲ་ཙྪིནྡ་པ་ཏཱ་ཡ་ཤྲཱི་པྲ་བེ་ཤ་ཡ་ཧྲྀ་ད་ཡཾ་བྷིནྡ་ཧུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་ཧཱུྃ་ཀཱར་ཧ་ན་ཏཱ་ཡ་ལྭཱ་ཀ་མ་ཏྲེནྣ་ཧུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་ཀརྨ་ཀྲོ་དྷ་སརྦ་ཀརྨ་ཀཱ་རོང་བྷ་བ་སརྦ་ཀཱ་ར་ཡ་སཱ་དྷ་ཡ་ཧུྃ་ཕཊ། ཨོཾ་བཛྲ་སཱུཀྵྨ་ཀ་བ་
ཙ་ཀྲོ་དྷཱ་རཀྵ་རཀྵ་ཧུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་ཡཀྵ་ཀྲོ་དྷཱ་ཧ་ན་བྷ་ཡ་སརྦ་དུཥྚི་ཉྩིཏྟ་མཱ་ཏྲེ་བཛྲ་དཾཥྚྲཱ་ཧུྃ་ཕཊ། ཨོཾ་སཱུཀྵྨ་བཛྲ་མུཥྚི་ཀྲོ་དྷ་བནྡྷ་བནྡྷ་ཧཱུྃ་ཕཊ། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་གི་དཀྱིལ་འཁོར་གསུངས་པ། དེ་ནས་རབ་ཏུ་བཤད་བྱ་བ། །ཆོས་ཀྱི་དཀྱིལ་འཁོར་
དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཁྲོ་བོའི་ཡེ་ཤེས་ཞེས་ཀྱང་བཤད། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དེ་ཡི་དབུས་སུ་སངས་རྒྱས་བྲི། །ཡེ་ཤེས་རྡོ་རྗེའི་དབུས་ཆུད་པའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །སངས་
เล่ม ๘๔ · หน้า 66b
རྒྱས་དེ་ཉིད་ཀུན་བྲིས་ཤིག །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་པོ་རྣམས་སུ་ཡང་། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སོགས། །རིམ་པ་བཞིན་དུ་དགོད་པར་བྱ། །དེ་རྣམས་ཀྱི་ནི་ཕྱོགས་ཀུན་དུ། །རྡོ་རྗེ་ཁྲོ་བོའི་ཆོ་ག་བཞིན། །དེ་ནས་འདིར་རྡོ་རྗེ་རིགས་ཀྱི་
ཡེ་ཤེས་ཕྲ་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྒྱས་པ་བཤད་དོ། །དེ་ལ་དང་པོ་ཉིད་དུ་རེ་ཞིག་བཅུག་ནས་བསྒོ་བ་ནི། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དབང་བསྐུར་གྱིས་དེ་ལེགས་པར་ནན་ཏན་གྱིས་ཤིག །སེམས་ཅན་གྱི་
ཁམས་མ་ལུས་ཤིང་ལུས་པ་མེད་པ་ཡོངས་སུ་བསྐྱབ་པའི་ཕྱིར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་དང་དམ་པ་གྲུབ་པ་ཐོབ་པའི་འབྲས་བུའི་ཕྱིར་གྱི་བར་དུ་རྡོ་རྗེ་ཁྲོ་བོས་སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྦྱང་བའི་ཕྱིར་བདུད་བྱེད་ན་མ་རུངས་པ་ཐམས་ཅད་
ལྟ་ཞིག་སྨོས་ཀྱང་ཅི་དགོས། དེ་སྐད་བསྒོ་ནས་གདོང་གཡོགས་བཀྲོལ་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་བསྟན་ནས། རྡོ་རྗེ་ཅི་ལྟ་བ་བཞིན་དུ་ལག་པ་གཉིས་སུ་བྱིན་ནོ། །དེ་ནས་རྡོ་རྗེ་ཁྲོ་བོའི་ཡེ་ཤེས་ཕྲ་མོ་རྣམས་སློབས་ཤིག །རྡོ་རྗེ་ཧཱུྃ་གི་རྣལ་འབྱོར་གྱིས། །རྡོ་རྗེ་ཕྲ་མོ་བསྟན་
བྱས་ལ། །ཧཱུྃ་ཞེས་བྱ་བ་གང་སྦྱར་བ། །དེ་ཡི་སྲོག་ནི་འཇིག་པར་འགྱུར། །རྡོ་རྗེ་ཕྲ་མོ་བསྟན་བྱས་ཏེ། །ཆོ་ག་བཞིན་དུ་མཆེད་པ་ནི། །ཇི་སྲིད་བར་དུ་མཆེད་པ་དེས། །དེ་སྲིད་ཀྱི་ནི་དགྲ་འདི་འཇིག །རྡོ་རྗེ་ཧཱུྃ་གི་རྣལ་འབྱོར་གྱིས། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཁྲོ་བོར་ལྡན་པ་ཇི་སྲིད་
མཆེད། །དེ་སྙེད་ཐམས་ཅད་མ་རུངས་བྱེད། །དེ་བཞིན་དེ་ཡི་བསྡུ་བ་ཡང་། །རྣལ་འབྱོར་ཅན་གྱིས་འདོད་ན་ཡང་། །མ་ལུས་པར་ནི་ཐམས་ཅད་ལ། །སླར་ཡང་འཚོ་བ་སྦྱིན་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཧཱུྃ་ཧཱུྃ་ནཱ་ཤ་ཡ་བཛྲ་ཧཱུྃ་བི་ནཱ་ཤ་ཡ་སརྦ་སཱུ་ཀྵྨ་བཛྲ་པྲ་ཏྱ་ནཱ་ཤ་ཡ་ཤཱི་གྷྲཱཾ་
ཧཱུྃ། སེམས་ཅན་གང་གི་དགྲ་ལ་ནི། །ལྷན་ཅིག་གྱུར་པ་ཆེར་བསྟན་པ། །བྱམས་པ་མཆེད་པའི་ཚུལ་གྱིས་ནི། །རྡོ་རྗེ་སྤྲོ་བས་གཞིག་པར་བྱ། །རྡོ་རྗེ་སྤྲོ་བའི་རྣལ་འབྱོར་གྱིས། །གང་ཡང་རུང་བའི་སྙིང་རྗེ་ཅན། །སྙིང་རྗེ་རྣལ་འབྱོར་དེ་ཡིས་ནི། །གདུག་པ་ཐམས་ཅད་ངེས་འཇིག་གོ། །
เล่ม ๘๔ · หน้า 67a
ཆོས་སམ་ཡང་ན་ཆོས་མིན་པ། །རང་བཞིན་གྱིས་ནི་འོད་གསལ་བ། །དེ་ལྟར་བསྒོམས་ན་སེམས་ཅན་ལ། །ཧཱུྃ་ཞེས་བྱ་བས་འཇིག་པར་བྱེད། །གདུལ་བར་དཀའ་བའི་སེམས་ཅན་གང་། །སངས་རྒྱས་བྱང་ཆུབ་སྣོད་མིན་པ། །དེ་ནས་ཡང་དག་སྦྱང་བའི་ཕྱིར། །
ཧུྃ་ཞེས་བྱ་བས་གཞིག་པར་བྱ། །དེ་ལ་དེ་རྣམས་ཀྱི་སྙིང་པོ་རྣམས་ནི་འདི་དག་ཡིན་ནོ། །བྷཻ་ར་བཛྲེ་ཀྲོ་དྷ་ཧུྃ་ཕཊ། ཧུྃ་བི་ཤུད་དྷ་བཛྲ་ཀྲོ་དྷ་ཧུྃ་ཕཊ། ཨོཾ་བི་ཤོ་དྷ་ན་བཛྲ་ཀྲོ་དྷ་ཧུྃ་ཕཊ། རྡོ་རྗེའི་དབྱིབས་ནི་བྲིས་ནས་ཀྱང་། །ཡིད་ཀྱིས་ཀྱང་ནི་གང་སུ་ཡི། །ཁྱིམ་གྱི་དབུས་སུ་ལྟུང་བསམས་ན། །དེ་ཡི་
རིགས་དེ་འཇིག་པར་འགྱུར། །དེ་བཞིན་ཕྲ་བའི་ཆོ་ག་ཡིས། །སྙིང་གར་རྡོ་རྗེ་བསྒོམས་ནས་ཀྱང་། །བྱང་ཆུབ་སེམས་དཔའ་ཆེན་པོའི་གཟུགས། །ལྟུང་ན་རིགས་ནི་འཇིག་པར་འགྱུར། །ཕྱག་ན་རྡོ་རྗེའི་གཟུགས་ཆེན་པོ། །བསྒོམས་ན་གང་དུ་ལྷུང་བ་དེའི། །སྣང་སྲིད་ཉེས་པ་སྣ་ཚོགས་
ཀྱིས། །བཙུན་མོར་བཅས་པ་འཇིག་པར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་གཟུགས་ནི་བསྒོམས་ནས་ནི། །སྣང་བ་གང་ལ་ལྟུང་བ་ནི། །དེ་ཡི་སྣང་སྲིད་ངེས་པར་འཇིག །དེ་ལ་དེ་དག་གི་སྙིང་བོ་ནི་འདི་རྣམས་ཡིན་ནོ། །ཧཱུྃ་བཛྲ་པྲ་བ་ཏ། །ཧཱུྃ་བོ་དྷི་སཏྭ་པྲ་བ་
ཏ། །ཧཱུྃ་བཛྲ་དྷ་ར་པྲ་བ་ཏ། ཧུྃ་བུདྡྷ་པྲ་བ་ཏ། རྡོ་རྗེ་ཕྲ་མོ་རབ་སྦྱར་བས། །ཟླ་བའི་གཟུགས་ལ་བདག་རང་ཉིད། །བསྒོམས་ནས་སུ་ནི་བདག་ཉིད་ཡང་། །གང་དུ་ལྟུང་བ་དེར་ལྟུང་འགྱུར། །ཟླ་བ་རྡོ་རྗེ་བདག་རང་ཉིད། །བསྒོམས་ནས་སུ་ནི་བདག་རང་ཡང་། །རབ་ཏུ་ཁྲོས་ནས་གར་ལྟུང་
བ། །དེ་ཡི་རིགས་ནི་མོད་ལ་ལྟུང་། །བདག་རང་ཕྱག་ན་རྡོ་རྗེར་ནི། །བསྒོམས་ནས་སུ་ནི་བདག་ཉིད་ཡང་། །གང་དུ་ལྟུང་བ་དེ་ཡི་ཡུལ། །རིང་པོར་མི་ཐོགས་འཇིག་པར་འགྱུར། །བདག་རང་སངས་རྒྱས་གཟུགས་ཉིད་དུ། །བསྒོམས་ནས་སུ་ནི་བདག་ཉིད་ཡང་། །གང་དུ་ལྟུང་བ་དེ་ཡི་
ནི། །སྣང་སྲིད་རིང་པོར་མི་ཐོགས་འཇིག །དེ་ལ་དེ་དག་གི་སྙིང་པོ་རྣམས་ནི་འདི་དག་ཡིན་ནོ། །བོདྷཱ་གྲ་པྲ་ཏུ་ཡ་ཧཱུྃ། སྭསྟྭ་བཛྲ་པྲ་བ་ཏ་ཡ་ཧཱུྃ། བཛྲ་སཏྭ་པྲ་བ་ཏ་ཧུྃ། བུདྡྷ་པྲ་བ་ཏ་ཡ་ཧཱུྃ། དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །རྡོ་རྗེ་ཁྲོ་བོར་སྙོམས་ཞུགས་ལ། །
เล่ม ๘๔ · หน้า 67b
རང་གི་ལུས་ཀྱིས་ཡོངས་བསྐོར་བ། །རྡོ་རྗེ་ཧཱུྃ་ལས་འཁྱུད་ནས་ནི། །གང་གི་མིང་སྨོས་དེ་འཆིའོ། །རྡོ་རྗེ་ཕྲ་མོ་སྙོམས་ཞུགས་ལ། །སྣ་ནས་ཕྲ་བ་ཐང་ཅིག་མིན། །དབུགས་དང་ཧཱུྃ་ཞེས་པྱ་ཚུལ་གྱིས། །འཇིག་རྟེན་གསུམ་ཡང་ལྟུང་བར་འགྱུར། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཁྲོས་
ནས་རྡོ་རྗེ་ལྟ་བ་ཡིས། །བལྟས་པས་སུ་ནི་ལྡོངས་པར་འགྱུར། །ཡང་ན་འཆི་བ་རུ་ནི་འགྱུར། །བུ་གནས་ནི་ཞུགས་ནས་ནི། །ཡིད་ཀྱིས་གང་ཡང་རུང་བ་ཡི། །སྙིང་དྲངས་པས་ནི་དེ་ཡིས་ནི། །རང་ངམ་འདི་ཡི་དབང་དུ་འགྱུར། །དེ་ལ་དེ་དག་གི་སྙིང་པོ་རྣམས་གསུངས་པ། ཧཱུྃ་བཛྲ་བ་ལི་
ཏ་ཀྲོ་དྷ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་སཱུ་ཀྵྨ་བཛྲ་ཤྭ་ས་བི་ཤྲ་པ་ཏཱ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་དྲྀཥྚི་བི་ཤ་བི་ཤ་བི་ནཱ་ཤ་ཡ་ཧཱུྃ་ཕཊ། ཧཱུྃ་ཧྲྀ་ད་ཡ་ཀཱ་ན་ཀྲོ་དྷ་པྲ་བི་ཤ་ཀ་ཡི། ཧྲྀ་ད་ཡ་ཙྪིནྡ་བྷིནྡ་ཀ་ཏ་ཀ་ཏ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །དེ་ལ་རེ་ཞིག་ཕྱག་རྒྱ་ཆེན་པོ་བཅིང་
བ་བཤད་དེ། །རྡོ་རྗེ་ཡེ་ཤེས་སྦྱོར་བ་ཡིས། །འབར་བའི་ཕྲེང་བ་ལ་ཁྲིགས་པའི་འོད། །རྡོ་རྗེ་ཁྲོ་བོར་བདག་ཉིད་ནི། །བསྒོམས་ན་དེ་མ་ཐག་ཏུ་འགྲུབ། །དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཏིང་འཛིན་དམ་ཚིག་ཡེ་ཤེས་ལས། །ཧཱུྃ་ཞེས་བྱ་བ་གཉིས་
དང་ལྡན། །ཅི་རིགས་གནས་སུ་བཞག་ནས་ནི། །བསྒྲུབ་པ་ཐམས་ཅད་སྟེར་བའི་མཆོག །དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཕཊ། ཤཊ། མཊ། སཊ། རཊ། ཏཊ། ཧྲྀཊ། ཧཊ། པྲཊ། ཏྲཊ། དཊ། བྷཊ། ཀྲྀཊ། རིཊ། ཁཊ། བཊ། ཞེས་
བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་མདོར་བསྡུས་བཤད་པའོ། །དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ། །ཆོས་ཀྱི་ཁུ་ཚུར་གཉིས་བྱས་ཏེ། །ཇི་ལྟར་རིགས་པའི་གནས་སུ་སྦྱར། །ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན། །ཆོ་ག་བཞིན་དུ་འགྲུབ་པར་འགྱུར། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཀྱི་དམ་ཚིག་གི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་བཤད་པ་རྫོགས་སྟོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་
เล่ม ๘๔ · หน้า 68a
ཚིག་འབྱུང་བའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨེ་ཤྭ་ར་ཧཱུྃ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་
སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་སྥ་ར་ཎ་མ་ཧཱ་བཱུ་ཛཱ་ཀརྨ་བི་དྷི་བི་སྟཱ་ར་ས་མ་ཡེ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཀི་ར་སརྦ་དུཥྚཾ་ས་མ་ཡ་བཛྲི་ཎི་ཧཱུྃ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཤ་དུ་ས་མ་ཡ་
སྥ་ར་ཎ་མ་ཧཱ་བཱུ་ཛཱ་ཀརྨ་བི་དྷི་སྟཱ་ར་ཡ་ས་མ་ཡེ་ཧཱུྃ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་སྥ་ར་ཎ་མ་ཧཱ་བཱུ་ཛཱ་ཀརྨ་བི་དྷི་བི་སྟཱ་ར་ས་མ་ཡེ་ཧཱུྃ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་
ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨ་བ་ལོ་ཀ་དྷཱ་ཏུ་མ་བི་མ་ཧཱ་པུ་ཛཱ་ཀརྨ་བི་དྷི་བི་སྟཱ་ར་ས་མ་ཡེ་ཧཱུྃ་ཕཌ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ལྷ་མོ་རང་གི་སྙིང་ག་ནས་བསྐྱེད་དེ། འཇིག་
རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་དང་། ལས་ཐམས་ཅད་བསྒྲུབ་པའི་དགོས་པ་བྱེད་པ་ཉིད་དུ་ཡང་དག་པའི་སྦྱོར་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་རྣམ་
པར་འཕྲུལ་པ་བྱས་ཏེ། སླར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཆོ་ག་རྒྱས་པའི་ལས་ཀྱི་དཀྱིལ་འཁོར་འདི་
གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ལས་ཀྱི་རྡོ་རྗེ་ཞེས་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །དཀྱིལ་འཁོར་དབུས་ཀྱི་གནས་སུ་ནི། །སངས་རྒྱས་སྐུ་གཟུགས་
เล่ม ๘๔ · หน้า 68b
གཞག་པར་བྱ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །དམ་ཚིག་མཆོག་རྣམས་གཞག་པར་བྱའོ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་པོ་རྣམས་ལ་ཡང་། །རྡོ་རྗེ་གཙོ་སོགས་བཞི་པོ་རྣམས། །ཇི་ལྟར་རིམ་བཞིན་གཞག་པར་བྱ། །དེ་རྣམས་ཀྱི་ནི་ཕྱོགས་
ཀུན་དུ། །མཆོད་པ་ཆེན་པོ་རྣམས་བཞག་གོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད། །ཨོཾ་བཛྲ་སཏྭ་སིད་དྷི་ཛྙཱ་ན་ཀརྨ་ས་མ་ཡེ་ཧཱུྃ་ཛ། ཨོཾ་བཛྲ་ཨཱ་ཀརྵ་ཎ་ཀརྨ་ཛྙཱ་ན་ས་མ་ཡེ་ཧཱུྃ་ཛ། ཨོཾ་བཛྲ་ར་ཏི་རཱ་ག་ཀརྨ་ཛྙཱ་ན་ས་མ་ཡེ་ཧཱུྃ་ཛ། ཨོཾ་བཛྲ་སཱ་དྷུ་ཀརྨ་ཛྙཱན་ས་
མ་ཡེ་ཧཱུྃ་ཛ། ཨོཾ་བཛྲ་བྷྲྀ་ཀུ་ཊཱི་བ་ཤིཾ་ཀུ་རུ་ཧཱུྃ། ཨོཾ་བཛྲ་སཱུརྱ་མཎྜ་ལེ་བ་ཤིཾ་ཀུ་རུ་ཧཱུྃ། ཨོཾ་བཛྲ་དྷྭ་ཛ་གྲ་ཀེ་ཡཱུ་རེ་བ་ཤིཾ་ཀུ་རུ་ཧཱུྃ། ཨོཾ་བཛྲ་ད་ཏ་ཧཱ་སེ་བ་ཤིཾ་ཀུ་རུ་ཧཱུྃ། ཨོཾ་བཛྲ་པདྨ་རཱ་གེ་རཱ་ག་ཡ་ཧཱུྃ། ཨོཾ་བཛྲ་ཏཱི་ཀྵྞ་རཱ་གེ་རཱ་ག་ཡ་ཧཱུྃ། ཨོཾ་བཛྲ་མཎྜ་ལ་རཱ་གེ་རཱ་ག་ཡ་ཧཱུྃ། ཨོཾ་བཛྲ་བཱ་ཀ་རཱ་གེ་རཱ་ག་ཡ་ཧཱུྃ། ཨོཾ་
བཛྲ་ཀརྨ་ས་མ་ཡ་ཙ་ཡ་ཧཱུྃ། ཨོཾ་བཛྲ་ཀ་བ་ཙ་བཾ་དྷ་རཀྵ་རཀྵ་ཧཱུྃ། ཨོཾ་ཡཀྵི་ཎི་མཱ་ར་ཡ་བཛྲ་དཾཥྚ་ཡ་བྷིནྡ་བྷིནྡ་ཡ་མུ་ག་སྱ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྨ་མུཥྚི་སིད་དྷི་ཧཱུྃ་ཕཊ། དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་སྟེ། རྡོ་རྗེ་རིགས་ཀྱི་ཡེ་ཤེས་རྣམས་བསྐྱེད་དོ། །དེ་ལ་དང་
པོ་ཉིད་དུ་ཞི་བ་ལ་སོགས་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཡམ་ཤིང་མངར་པོ་རྣམས་ཀྱི་མེ། །རབ་སྦར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་པས་སྙོམས་འཇུག་པ། །ཏིལ་བསྲེགས་པས་ནི་སྡིག་བསྲེགས་ཤིང་། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མེ་ནི་རབ་ཏུ་སྦར་ནས་ཀྱང་། །
རྟག་ཏུ་འབྲས་ནི་བསྲེག་བྱས་ན། །གདོན་མི་ཟ་བར་ཁྱིམ་རྒྱས་འགྱུར། །ཡམ་ཤིང་མངར་པོ་རྣམས་ཀྱིས་ཀྱང་། །མཁས་པས་རབ་ཏུ་མེ་སྦར་ཏེ། །དཱུར་བའི་ཡལ་ག་མར་བཅས་པ། །བསྲེག་པ་བྱས་ན་ཚེ་འཕེལ་ལོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མེ་ནི་རབ་ཏུ་སྦར་བྱས་
ལ། །ཀུ་ཤའི་ཡལ་ག་འབྲུ་མར་གྱིས། །བསྲེག་པར་བྱས་ན་ངེས་པར་བསྲུང་། །དེ་ལ་དེ་དག་གི་སྙིང་པོ་འདི་རྣམས་ཡིན་ནོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། །ཨོཾ་བཛྲ་བུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཏེ་བ་རུ་བ་མིཾ་དྷི་དྷུ་ལྱ་ག་ནི་ས་མ་
เล่ม ๘๔ · หน้า 69a
ཧྲི་ས་ཛུ་ཧེ་ཏ་རི་ག་ཏ་ཡ་ལཾ་ཀུ་ཏོ་མ་ཏི་པཱུ་ཏ་པ་ཏ་ཡེ་ཏ། ཡམ་ཤིང་ཚ་བས་དང་པོར་ནི། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །མེ་སྦར་ནས་ཀྱང་སེ་བ་ཡི། །ནེ་ར་མ་ཅན་གྱིས་འགུགས་པར་འགྱུར། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཁྲོ་དང་ལྡན་པས་མེ་སྦར་ན། །མེ་ཏོག་
དམར་མང་འབྲས་བུའང་རུང་། །སྦྱིན་སྲེག་བྱས་ན་སྐྱེ་བོ་རེངས། །རྣལ་འབྱོར་ཅན་གྱིས་ཁྲོས་ནས་ཀྱང་། །ཡམ་ཤིང་དེས་ནི་མེ་སྦར་ལ། །ལྕགས་ཀྱི་ཕྱེ་མ་བསྲེགས་ན་ནི། །རྡོ་རྗེ་བཅིངས་པ་ཉིད་དུ་འགྱུར། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མཉམ་པར་བཞག་སྟེ་མེ་བུས་ལ། །
འབྲས་བུ་ཁ་བ་ཁྲོས་བཞིན་བསྲེག །སྐད་ཅིག་ཏུ་ནི་འཆི་བར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཧཱུྃ་བཛྲ་ཨཱ་ཀཪྵཱ་ཀརྵ་ཡ་སྭཱ་ཧཱ། ཧཱུྃ་བཛྲ་རཱ་གཱ་ཡ་སྭཱ་ཧཱ། ཧཱུྃ་བཛྲ་བན་དྷཱ་ཡ་སྭཱ་ཧཱ། ཧཱུྃ་བཛྲ་མཱ་ར་ཎཱ་ཡ་སྭཱ་ཧཱ། མཁས་པས་ཡམ་ཤིང་སྐྱུར་པོ་ཡིས། །ཁྲོས་ནས་བྱིན་
ཟ་སྤར་ནས་ནི། །འབྲས་བུ་ལོ་མ་སྐྱུར་བསྲེགས་ན། །དབང་དུ་བྱ་བ་དམ་པའོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མཉམ་པར་བཞག་ལ་མེ་སྦར་ལ། །འདོད་པའི་འབྲས་བུ་ཁྲོས་བསྲེགས་ན། །འདོད་པ་བཞིན་དུ་གཟུགས་བསྐྱེད་དོ། །དེ་འདྲ་བ་ཡི་ཡམ་ཤིང་གིས། །མེ་ནི་
རབ་ཏུ་སྦར་བྱས་ཀྱང་། །མི་སྣང་མེ་ཏོག་སྡོང་བུ་ཡིས། །སྦྱིན་སྲེག་འདོད་ན་མི་སྣང་འགྱུར། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མཉམ་པར་བཞག་སྟེ་མེ་སྦར་ལ། །ནམ་མཁའི་ལྕུག་མའི་མེ་ཏོག་གིས། །སྦྱིན་སྲེག་བྱས་ན་མཁའ་ལ་འགྲོ། །དེ་ལ་དེ་དག་གི་སྙིང་པོ་ནི་
འདི་དག་ཡིན་ནོ། །ཨོཾ་བཛྲ་བ་ཤཾ་ཀརཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཀརྨ་རཱུ་པ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ཨ་དྱ་ཤྱ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཁ་བརྩ་རི་ཎི་སྭཱ་ཧཱ། ཁྲོ་བོར་མཉམ་བཞག་ཡམ་ཤིང་ནི། །ཤིན་ཏུ་ཁ་བས་མེ་སྦར་ལ། །བཛྲི་མེ་ཏོག་བསྲེག་བྱས་ན། །རྡོ་རྗེ་བཀའ་བཞིན་བྱེད་པར་འགྱུར། །
ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཁྲོ་དང་ལྡན་ཞིང་མེ་སྦར་ཏེ། །དཔའ་བོ་གང་གིས་ཕྲེང་བ་བསྲེག །དེ་ཡང་བཀའ་ནི་ཉན་པར་འགྱུར། །ཁྲོ་བོ་ཉིད་དུ་མཉམ་བཞག་པ། །ཡམ་ཤིང་དེས་ནི་མེ་སྦར་ཏེ། །ཕྱག་ན་རྡོ་རྗེའི་ཕྲེང་བ་བསྲེག །དེ་ཡང་བཀའ་བཞིན་བྱེད་པར་འགྱུར། །ཡམ་
เล่ม ๘๔ · หน้า 69b
ཤིང་དེ་དག་ཉིད་ཀྱིས་ནི། །རབ་ཏུ་ཁྲོས་ཏེ་མེ་སྦར་ལ། །ཆོས་གོས་བསྲེགས་པས་སངས་རྒྱས་ཀྱང་། །སྐད་ཅིག་ཉིད་དུ་བཀའ་བཞིན་མཛད། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཧཱུྃ་བཛྲ་བ་ཤཾ་ཀ་རཱ་ཡ་སྭཱ་ཧཱ། ཧཱུྃ་སོ་རི་བ་ཤཾ་ཀ་ར་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ་བཛྲ་པཱ་ནི་བ་ཤཾ་ཀ་རཱ་ཡ་
སྭ་ཧཱ། ཧུྃ་བུད་དྷ་བ་ཤཾ་ཀ་རཱ་ཡ་བཛྲཱ་ཡ་སྭཱ་ཧཱ། དེ་ནས་གསང་བའི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཡིད་འོང་བུད་མེད་ལྷན་ཅིག་ཏུ། །གནས་ཤིང་བུ་གར་ཨཉྫ་ན། །བཅུག་ནས་བསྐུལ་བར་བྱས་ནས་ཀྱང་། །དེ་ཡིས་མིག་བསྐུས་དབང་དུ་འགྱུར། །ལྡོང་རོས་བུ་གར་
བཅུག་ནས་ནི། །རྡོ་རྗེ་བསྡམས་པས་དེ་གཡོགས་ཏེ། །མཚན་མ་རྣམ་པ་བཞི་ཡིས་ནི། །དངོས་གྲུབ་རྣམ་པ་བཞིར་འགྱུར་རོ། །གོ་རོ་ཙ་ན་བུ་གར་བཅུག །གསང་བའི་ཁུ་ཚུར་གྱིས་བཙིར་ན། །གཞག་པ་དེ་ནི་འབར་གྱུར་ན། །རྡོ་རྗེ་འཛིན་དང་འདྲ་བར་འགྱུར། །གུར་ཀུམ་བུ་གར་
བཅུག་ནས་ནི། །བུ་གར་སེམས་དཔའི་རྡོ་རྗེ་ཡིས། །བཀའ་ནས་འབར་བར་གྱུར་ན་ནི། །རྡོ་རྗེ་འཛིན་དང་འདྲ་བར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཨོཾ་གུ་ཧྱ་ར་ཏི་བཛྲ་བ་ཤཾ་ཀཱ་རཾ་སིད་དྷྱ་ཧཱུྃ། ཨོཾ་བཛྲ་གུ་ཧྱ་སིད་དྷྱ་ཧཱུྃ། ཨོཾ་གུ་ཧྱ་བཛྲ་སིད་དྷ་ཧཱུྃ། ཨོཾ་བཛྲ་དྷ་ར་ཧྱ་སིད་དྷྱ་
ཧཱུྃ། དེ་ནས་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ། །རྡོ་རྗེ་དགོངས་པའི་ཚུལ་གྱིས་ནི། །ཕྱག་རྒྱ་ཆེན་པོ་མདོར་བསྡུ་ན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །རྡོ་རྗེ་ཁྲོ་བོར་མཉམ་པར་བཞག །ཧཱུྃ་ཞེས་མཛུབ་མོའི་ཚུལ་གྱིས་ནི། །དམ་ཚིག་མཆོག་ནི་འདིར་དེ་བཞིན། །
ཆོས་ཀྱི་ཕྱག་རྒྱ་འདིར་དེ་བཞིན། །ཨོཾ་ཞེས་དང་པོ་ཡི་གེ་ཨས། །ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱས། །ཐམས་ཅད་གྲུབ་བྱེད་དག་པ་སྟེ། །རྡོ་རྗེ་ལས་ཀྱི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་
ལས། རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྟོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པ་དམ་པ་འདི་
เล่ม ๘๔ · หน้า 70a
གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་འདི་གསུངས་སོ། །ཧཱུྃ་བཛྲ་མ་ཐ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་
འདི་གསུངས་སོ། །ཧཱུྃ་བྷྲྀ་ཀུ་ཊཱི་བཛྲ་ར་ཏ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་འདི་གསུངས་སོ། །ཧཱུྃ་མ་ཧཱ་པདྨ་བཛྲ་དྲྀ་ཌྷ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་འདི་གསུངས་
སོ། །ཧཱུྃ་བཛྲ་ཀརྨ་ཨ་གྲ་ཀྲྀ་ཏེ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །
རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །འཇིག་རྟེན་གསུམ་རྒྱལ་ལ་སོགས་བྲི། །དེ་ནས་དཀྱིལ་འཁོར་འདིར་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་
པ་བྱས་ཏེ་བཅུག་ནས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །རང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར། །བྲིས་ནས་ཆོས་ཉིད་དག་བརྗོད་ལ། །བུད་མེད་ལྷན་ཅིག་གནས་ནས་ནི། །གྲུབ་པ་ཡང་ནི་ཐོབ་པར་འགྱུར། །རང་གིས་ཕྱག་རྒྱ་བཞིའི་དཀྱིལ་
འཁོར། །བྲིས་ནས་ཆོས་ཉིད་དག་བརྗོད་ལ། །ཆགས་པས་བུད་མེད་ལ་བལྟས་ནས། །གྲུབ་པ་ཡང་ནི་ཐོབ་པར་འགྱུར། །རང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར། །བྲིས་ནས་ཆོས་ཉིད་དག་བརྗོད་ལ། །བུད་མེད་མཛེས་ལ་སྤྲས་པས་འགྲུབ། །རང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར། །བྲིས་
ནས་ཆོས་ཉིད་དག་བརྗོད་ལ། །ལྷན་ཅིག་འཁྱུད་ན་གྲུབ་ཀུན་ཐོབ། །དེ་ལ་ཆོས་ཉིད་དག་པའི་ཕྱག་རྒྱ་ནི་འདི་དག་ཡིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤུད་དྷ་དྷ་རྨ་ཏེ་ཧོ། །ཨོཾ་བཛྲ་བི་ཤུད་དྷ་དྲྀཥྚི་ཛ། ཨོཾ་སརྦ་བི་ཤུད་དྷ་ཏྲི་ཧཱུྃ། ཨོཾ་སརྦ་བི་ཤུད་དྷ་ཀཱ་ཡ་བཾ་མ་ན་ཀརྨ་བཛྲཱི་ཧཱུྃ། དེ་ནས་ཕྱག་རྒྱ་བཞི་པའི་
เล่ม ๘๔ · หน้า 70b
དཀྱིལ་འཁོར་གསང་ཞིང་སྦ་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །འདོད་པའི་ཡོན་ཏན་ལྔ་ཡིས་ནི། །བུད་མེད་མཆོག་ནི་མགུ་བྱས་ལ། །ཤིན་ཏུ་གྲུབ་པ་ཐོབ་པར་འགྱུར། །དེ་ནས་འདིའི་སྙིང་པོ་བརྗོད་དོ། །ཧོ་བཛྲ་ཀཱ་མ། དེ་ནས་ཇི་ལྟ་བ་
བཞིན་དུ་རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་བཞི་པོ་རྣམས་ཆོ་ག་རྒྱས་པ་དང་ལྡན་པར་བསླབ་སྟེ། ཕྱག་རྒྱ་བཞིའི་ཚུལ་འདིས་རྡོ་རྗེ་སིལ་སྙན་དང་རྔ་དང་བརྡུང་བ་བརྡབས་ནས་རྡོ་རྗེ་སེམས་དཔའ་བསྡུས་པའི་སྙིང་པོ་གླུ་བླངས་ཏེ་ཕུལ་ནས་ཕྱག་རྒྱ་དང་། ལན་
གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། གར་གྱི་མཆོད་པས་མཆོད་པར་བྱའོ། །དེ་ལ་གར་གྱི་མཆོད་པས་མཆོད་པ་ནི་འདི་ཡིན་ནོ། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས། །རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ནི། །སྙིང་ག་ཉིད་དུ་བཅིང་བར་བྱ། །དེ་བཞིན་
གར་བྱ་གཡོན་པ་ནི། །གཡས་པའི་ཆང་པས་གཟུང་བར་བྱ། །བསྒྱུར་ནས་དཔྲལ་བ་ཉིད་དུ་ནི། །མཛུབ་མོའི་ངོས་ནི་གཞག་པར་བྱ། །དེ་བཞིན་གར་ཡང་བཀྲོལ་ནས་ནི། །མཉམ་པར་པདྨ་ཁ་འབུས་སྦྱར། །མཛུབ་མོ་སྙིང་གར་བཞག་ནས་ནི། །བསམ་པ་གཡོས་པས་འདུད་པར་
བྱའོ། །རྡོ་རྗེ་ཁྲོ་བའི་མཛུབ་བསྙམས་ཏེ། །བཀན་ནས་རྩེ་མོ་སྤྲད་བྱ་ཞིང་། །དེ་ལས་བསྒྱུར་ཞིང་གཙུག་ཏོར་དུ། །མཛུབ་མོའི་རྩེ་མོ་བཞག་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རྡོ་རྗེའི་དམ་ཚིག་གི་ཁྲོ་བོའི་དམ་ཚིག་འདི་གསུངས་པ། ཧཱུྃ།
དེ་ནས་འདིའི་དཀྱིལ་འཁོར་བཤད་པ། །དེ་ནས་རབ་ཏུ་བཤད་བྱ་བ། །གསང་བའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་ཧཱུྃ་ཞེས་བྱ་བ་སྟེ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དེ་ཡི་དབུས་སུ་ལེགས་བྲི་བ། །
ཟླ་བའི་དཀྱིལ་འཁོར་རྡོ་རྗེ་འཛིན། །རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ཆེ། །ལག་ན་འཛིན་པ་རྡོ་རྗེར་བཅས། །བརྐྱང་བསྐུམ་ཚུལ་དུ་གནས་པ་དང་། །ཁ་དོག་གཟུགས་ནི་ཇི་བཞིན་བྱ། །དེ་ནས་འདིར་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཐམས་ཅད་བྱས་ཏེ་རྡོ་རྗེ་ཧཱུྃ་ཞེས་བྱ་བ་གསང་
เล่ม ๘๔ · หน้า 71a
བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །འཇིག་རྟེན་གསུམ་རྒྱལ་མཛུབ་མོ་ནི། །བུ་གར་བཅུག་ནས་བསྒྲུབས་ནས་ནི། །ལས་ཀུན་རབ་ཏུ་འགྲུབ་པར་འགྱུར། །དེ་ནས་བསྒྲུབ་པའི་སྙིང་པོ་འདི་བཤད་དོ། །ཧཱུྃ་བཛྲ་ས་
མ་ཡ་ཀྲི་ཏ། དེ་ནས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ། །དཀྱིལ་འཁོར་ལེགས་པར་ཞུགས་ནས་ནི། །ཕྱག་རྒྱ་ཆེན་པོ་མཆོག་གནས་པ། །གནས་ན་རྡོ་རྗེ་ཧཱུྃ་ཞེས་བྱ། །ལས་རྣམས་ཀུན་ནི་བྱེད་པར་འགྱུར། དེ་ལ་འདི་བསྒྲུབ་པའི་སྙིང་པོ་གསུངས་པ། ཧཱུྃ་
བཛྲ་སམ་ཡ་ཧཱུྃ། དེ་ནས་ཕྱག་རྒྱ་བཞི་བཅིང་བ་ཇི་ལྟ་བ་བཞིན་བསླབས་ཏེ་དེ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ། །དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་རས་ལ་སོགས་པ་ལ་བྲི་བ་དང་ལུགས་མ་ལ་སོགས་པའི་གཟུགས་ཐམས་ཅད་ལ་ཡང་དངོས་གྲུབ་ནི་ཐུན་མོང་ངོ་། །ཕྱག་རྒྱ་གཅིག་པའི་
དཀྱིལ་འཁོར་རོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་རིགས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཇི་ལྟར་དགའ་བ་
བཞིན་བགྱིས་ཀྱང་དངོས་གྲུབ་ཐམས་ཅད་ཐོབ་པར་བགྱི་བའི་སླད་དུའོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ལ་བྱིན་གྱིས་བརླབ་པའི་ཕྱིར་འདི་སྐད་བཀའ་སྩལ་ཏོ། །རྡོ་རྗེ་
སེམས་དཔའ་ཁྱོད་ལེགས་སོ། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ནི་ཁྱོད་ཀྱང་ལེགས། །རྡོ་རྗེ་ལས་ཁྱོད་རབ་ཏུ་ལེགས། །མདོ་སྡེ་འདི་ནི་ལེགས་པར་བཤད། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་ཀུན་གསང་བ་སྟེ། །ཐེག་པ་ཆེན་པོ་མངོན་འདུས་པའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པ་ཆེན་པོ་ལས་རྡོ་རྗེ་ཆེན་པོའི་རྟོག་པའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๘๔ · หน้า 71b
ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཉོན་ལ་དབང་ཕྱུག་ཆེན་པོའི་ལུས་འདི་ཁྱོད་ཀྱང་རྐང་པའི་འོག་ནས་བཏང་བར་བྱོས། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་
འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅོམ་ལྡན་འདས་ཀྱིས་མ་རུངས་པ་ཐམས་ཅད་འདུལ་བའི་ཁྲོ་བོར་དབང་བསྐུར་ནས་དེ་བདག་གིས་བསྐུམ་ལགས་ན། ཇི་ལྟར་དེ་བདག་གིས་བཏང་བར་བགྱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཇིག་རྟེན་གསུམ་པོ་མཐའ་དག་
གི་བདག་པོ་དབང་ཕྱུག་ཆེན་པོའི་ལུས་ཀྱི་སྲོག་གསོ་བའི་ཕྱིར་ཤི་བའི་རྣམ་པར་ཤེས་པ་དགུག་པའི་སྙིང་པོ་འདི་ཉིད་ཀྱི་ཐུགས་ལས་ཕྱུང་ངོ་། །ཨོཾ་བཛྲ་སཏྭ་ཧཱུྃ་ཛ། དེ་ནས་དེའི་ཕྱག་རྒྱ་བཅིང་བ་བཤད་དོ། །གསང་བའི་ལྕགས་ཀྱུ་བསྡམ་བྱ་སྟེ། །ཐ་མ་མཉམ་དུ་བརྐྱང་ནས་ཀྱང་། །ཤི་
བའི་མགོ་བོར་བཞག་ན་ནི། །སྲོག་ནི་ཕྱིར་ཡང་ཐོབ་པར་འགྱུར། །དེ་ནས་དེ་ཐོབ་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་དེ། ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་དེ་ནས་སླར་ཕྱིན་ཏེ་དབང་ཕྱུག་གི་ལུས་དེར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་
དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་ཡེ་ཤེས་བླ་ན་མེད། །གང་ཕྱིར་ཤི་བའི་ལུས་འདི་ཡང་། །འཚོ་བའི་ཁམས་སུ་གྱུར་བ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རྐང་པ་འདེགས་པ་ཞེས་བྱ་བའི་སྙིང་པོ་འདི་གསུངས་
སོ། །ཨོཾ་བཛྲ་མུཿ། དེ་ནས་དེའི་ཕྱག་རྒྱ་བཅིང་བ་བཤད་དོ། །རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར། །ཟུར་སྤྲད་བསྡམས་ཏེ་བཞག་པ་ནི། །རྡོ་རྗེ་དེ་དག་བསྒྱུར་བྱས་ཤིང་། །འོག་ནས་དེ་དག་འབྱིན་པར་བྱེད། །དེ་ནས་དེ་དག་གསུངས་མ་ཐག་ཏུ་རྡོ་རྗེ་འཛིན་པ་ཆེན་པོ་ཞབས་ཀྱི་འོག་ནས་ལྷ་
ཆེན་པོ་ཐར་བར་རང་གིས་ཤེས་པར་གྱུར་ཏོ། །དེ་ནས་དབང་ཕྱུག་ཆེན་པོའི་ལུས་དེ། དེ་བཞིན་གཤེགས་པ་དེས་སོས་པར་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད་ཀྱི་དོན་དང་། མ་རུངས་པ་ཐམས་ཅད་འདུལ་བའི་ཕྱིར་ཉིད་ཀྱི་རྒྱལ་ཚབ་ཏུ་བཅུག་གོ། །
เล่ม ๘๔ · หน้า 72a
དེ་ནས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་དེ་ནས་ཟླ་བའི་ཞབས་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་བྱུང་ངོ་། །ཨོཾ་ཙནྡྲོ་ཏྟཱ་རེ་ས་མནྟ་བྷ་དྲ་ཀི་ར་ཎི་མ་ཧཱ་བཛྲི་ཎི་ཧཱུྃ། དེ་ནས་དེའི་ཕྱག་རྒྱ་བཅིང་བ་བཤད་དོ། །རྡོ་རྗེ་བཅིང་བ་དམ་བྱས་
ཏེ། །མཐེ་བོ་མཐེའུ་ཆུང་མཉམ་པར་ནི། །མཉམ་ནས་ལེགས་པར་བརྐྱང་ན་ནི། །རྡོ་རྗེ་རི་མོ་ཞེས་ཀྱང་གྲགས། །དེ་ནས་དེ་བྱུང་མ་ཐག་ཏུ་ཞབས་ཀྱི་མཐིལ་དེ་ལས་ཟླ་བའི་བླ་མ་དེ་བཞིན་གཤེགས་པ་དེ་བྱུང་ནས་དབང་ཕྱུག་ཆེན་པོ་དེའི་མགོ་བོ་ལ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་པའི་
རྗེས་སུ་ཟླ་བ་ཕྱེད་པ་གནས་པར་གྱུར་ཏེ་གཡོན་ལོགས་ན་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེའི་གྲོགས་སུ་ལག་ཏུ་རྡོ་རྗེའི་མདུང་རྩེ་བྱིན་ནས་རྡོ་རྗེའི་རིག་པ་དམ་པ་རྡོ་རྗེའི་རིག་པ་དམ་པ་ཞེས་རྡོ་རྗེའི་མིང་གིས་དབང་བསྐུར་ནས་དབང་བསྐུར་རོ། །དེ་ནས་རྡོ་
རྗེའི་རིག་པ་དམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་མདུང་རྩེ་དེས་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་གར་གྱི་མཆོད་པས་མཆོད་པ་བྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །ཞབས་མཆོག་
གིས་ནི་གར་རེག་པ། །སངས་རྒྱས་ཉིད་དུ་གྲུབ་པ་ཐོབ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དེ་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་སུག་པར་
རྡོ་རྗེ་སྩལ་ཏེ། ཕྱག་ན་རྡོ་རྗེ་ཉིད་དུ་དབང་བསྐུར་བས་ལྷ་ལ་སོགས་ཏེ་ཕྱི་རོལ་གྱི་རྡོ་རྗེའི་རིགས་དེ་རྣམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདི་ལ་གནས་པའི་རིམ་པ་བགྱིས་ནས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཅན་དེ་རྣམས་
ཕྱིར་མི་ལྡོག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་འདི་གསུངས་སོ། །ཨོཾ་བཛྲ་སཏྭ་ཨུཥྞཱི་ཥ་ཧཱུྃ་ཕཊ། དེ་ནས་འདི་བཤད་མ་ཐག་ཏུ་དེ་བཞིན་
เล่ม ๘๔ · หน้า 72b
གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཁ་དོག་དུ་མའི་འོད་ཟེར་དུ་གྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཙུག་གི་མཚམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་གྱི་ཚུལ་
དུ་འཕུངས་ནས་འཁོད་དོ། །དེ་ནས་གཟི་བརྗིད་ཀྱི་ཕུང་པོ་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་འདི་བྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨན་ཨ་ཝ་ལོ་ཀི་ཏེ་མཱུར་དྷ་ནི་ཏེ་ཛོ་རཱ་ཤི། ཨོཾ་ཧཱུྃ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིན་ད་བྷིན་ད། ཧཱུྃ་
ཧཱུྃ་ཕཌ་ཕཌ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་ནི་སུམ་བྷ་བཛྲ་ཧཱུྃ་ཕཌ། དེ་ནས་ཕྱག་ན་རྡོ་རྗེ་དེ་ཉིད་ཀྱི་ཐུགས་ལས་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་ཊཀྐི་ཛཿ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་
རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་ཨུཏྟ་མ་ཛྙཱ་ལ་ཡ་ཧཱུྃ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སྭ་བྷཱ་བ་ཤུད་དྷཱཿ། བཛྲ་པདྨ་ཤོ་དྷ་ཡ་སརྦཾ་བི་དྱོཏྟ་མ་ཧཱུྃ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་
སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཀརྨ་ཨུཏྟ་མ་བཛྲ་དྷ་ར་ས་མ་ཡ་མ་ནུ་སྨ་ར་སུམ་བྷ་ནི་སུམ་བྷ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། ཨཱ་བེ་ཤ་ཡ། བྷ་ན་དྷ་ཡ། ས་མ་ཡཾ། གྲ་ཧ་ཡ་སརྦ་ཀརྨཱ་ཎི་མཻ་ཀུ་རུ་མ་ཧཱ་ས་ཏྭ་ཧཱུྃ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་
རིག་པའི་དམ་པས་རང་གི་སྙིང་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བའི་ཕྱིར་ཕུལ་བ། ཨོཾ་སུམ་བྷ་ནི་སུམ་བྷ་བཛྲ་བི་དྱོཏྟ་མ་ཧཱུྃ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁྲོ་བོའི་རིག་པའི་རྒྱལ་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་འདི་
གསུངས་སོ། །ཨོཾ་བཛྲ་ཤཱུ་ལ། དེ་ནས་རྡོ་རྗེ་སྒྱུ་མའི་རིག་པའི་རྒྱལ་པོས་རང་གི་རིག་པའི་སྙིང་པོ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ས་མ་ཡ་དྷ་རི་ཥ་ཡ་སརྦཾ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དྲིལ་བུའི་རིག་པ་རྒྱལ་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་གྷཎྚ་ར་ཎ་ར་ཎ་ཧཱུྃ་ཕཊ།
เล่ม ๘๔ · หน้า 73a
དེ་ནས་རྡོ་རྗེ་ཐུབ་པས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་མོན་མ་ཧཱ་པྲ་ཛྙཱ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་མཚོན་ཆས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲཱ་སྥུདྷ་དཱ་མ་ཀ་ཧཱུྃ་ཕཊ། རིག་པའི་རྒྱལ་པོ་རྣམས་སོ། །དེ་ནས་རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཁྲོ་བོས་བཅོམ་ལྡན་འདས་ཕྱག་ན་
རྡོ་རྗེ་ལ་རང་གི་སྙིང་པོ་འདི་ཞབས་ལ་ཕྱག་འཚལ་ནས་ཕུལ་ལོ། །ཨོཾ་བཛྲ་ཀུཎྜ་ལི་མ་ཧཱ་བཛྲ་ཀྲོ་དྷ་གྲྀཧྞ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་བི་དྷྭན་ས་ཡ་བཛྲེ་ཎ་མུ་ད་ནཾ་བ་ལ་ཡ་ཏི་བྷྲྀ་ཏ་ས་ཧྲྀ་ད་ཡ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་འོད་རྡོ་རྗེ་ཁྲོ་བོས་རང་གི་སྙིང་པོ་འདི་ཕུལ་བ། ཨོཾ་བཛྲ་
པྲ་བྷ་མཱ་ར་ཡ་སྱོ་མ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དབྱུག་པ་རྡོ་རྗེ་ཁྲོ་བོས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་བཛྲ་དཎྜ་ཡ་སརྦཱ་དུ་ཥྚ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཌ། དེ་ནས་རྡོ་རྗེ་ཁྲོ་བོ་རྡོ་རྗེ་སེར་པོས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་བཛྲ་པིངྒ་ལ་བི་ཤ་ཡ་སརྦ་དུཥྚཾ་ཥྜཾ་བི་མ་ཧཱ་ཀྲོ་དྷ་ཧུྃ་ཕཊ། རྡོ་རྗེ་ཁྲོ་བོ་རྣམས་
སོ། །དེ་ནས་རྡོ་རྗེ་གླང་སྣ་ཚོགས་ཀྱི་བདག་པོས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ལོ། །ཨོཾ་བཛྲ་ཤོ་དྷ་མ་ཧཱ་ག་ཎ་པ་ཏི་རཀྵ་སརྦ་དུཥྚེ་བྷྱོ། བཛྲ་དྷ་ར་ཨཱཛྙཱ་བ་ཡ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཕྲེང་བས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་མཱ་ལ་གཎ་པ་ཏི་མཱ་ལ་ཡ་ཨཱ་ཀརྵ་ཡ།
པྲ་བེ་ཤ་ཡ་བ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཌ། དེ་ནས་རྡོ་རྗེ་དབང་གིས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་བ་ཤི་མཧཱ་ག་ཎ་པ་ཏི་བ་ཤཾ་ཀུ་རུ་ཧཱུྃ་ཕཌ། དེ་ནས་རྣམ་པར་རྒྱལ་བའི་རྡོ་རྗེ་ཚོགས་ཀྱི་བདག་པོས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་བི་ཛ་ཡ་བི་ཛ་ཡ་མཧཱ་ག་ཎ་པ་ཏི་ཧཱུྃ་ཕཌ། ཚོགས་ཀྱི་བདག་པོ་རྣམས་
སོ། །དེ་ནས་རྡོ་རྗེ་ཐོ་བ་རྡོ་རྗེ་ཕོ་ཉས་རང་གི་སྙིང་པོ་འདི་ཕྱག་ན་རྡོ་རྗེ་ལ་ཕུལ་ལོ། །ཨོཾ་བཛྲ་མུ་ས་ལ་ཀུ་རུ་སརྦ་དུཥྚཾ་ཧུྃ་ཕཊ། དེ་ནས་རྡོ་རྗེ་རླུང་གི་ཕོ་ཉས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་ནཱི་ལ་མ་ཧཱ་བེ་ག་ག་ཎ་པ་ཏི་སརྦ་དུཥྚ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་མེའི་ཕོ་ཉས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་
ཨ་ན་ལ་མ་ཧཱ་དུཥྚ་ཛྭཱ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཌ། རྡོ་རྗེ་འཇིགས་པའི་ཕོ་ཉ་ཆེན་པོས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་བྷཻ་ར་བ་བཛྲ་ཧཱུྃ་ད་བ་ཤ་ལ་སརྦ་དུཥྚ་ན་མ་ཧཱ་ཡཀྵ་ཧཱུྃ་ཕཊ། ཕོ་ཉ་རྣམས་སོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་བྲན་གྱིས་རང་གི་སྙིང་པོ་འདི་བཅོམ་ལྡན་འདས་ཕྱག་
เล่ม ๘๔ · หน้า 73b
ན་རྡོ་རྗེ་ལ་ཕུལ་ལོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ། སརྦཾ་མ་ཧཱ་ཙིཏྟ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དུས་ཀྱིས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་ཀཱ་ལ་མ་ཧཱ་མྲྀ་ཏྱུ་མུཏྦཱ་ད་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ངན་ཁྲིད་ཀྱིས་རང་གི་སྙིང་པོ་ཕུལ་བ། ཨོཾ་བཛྲ་བི་ནཱ་ཡ་ཀ་སྱ་བིགྷྣན་ཀུ་རུ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཀླུའི་རྡོ་རྗེས་རང་གི་སྙིང་
པོ་འདི་ཕྱག་ན་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ནས་ཕུལ་ལོ། །ཨོཾ་བཛྲ་ནཱ་ག་བཛྲ་ཨཱ་ན་ཡ་སརྦ་ད་ན་ད་ནེ་ཧིརྱ་གརྣ་ནེ་མུཀྟ་ཨ་ལདྐཱ་ར་བི་ནི་སརྦོ་པ་ཀཱ་ར་ཎ་ནི་བཛྲ་དྷ་ར་ས་མ་ཡ་མ་ནུ་སྨ་ར་ཀ་ཏ། བྷིན་ད་བྷིན་ད་ཧ་ར་ཧ་ར་པྲཱ་ཎཱཾ་མ་ཧཱ་ཙྪེ་ད་ཧཱུྃ་ཕཊ། བྲན་རྣམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རྡོ་རྗེའི་རིགས་ཐམས་ཅད་འགུགས་པའི་དམ་ཚིག་འདི་གསུངས་སོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་ཧཱུྃ་ཕཊ། དེ་ནས་དེ་གཞུག་པའི་དམ་ཚིག་འདི་གསུངས་པ། ཨོཾ་བཛྲ་བཱ་ཤཱ་ཀཌྜྷྱ་ཧཱུྃ། དེ་ནས་ཐམས་ཅད་བཅིང་བ་གསུངས་པ། ཧཱུྃ་བཛྲ་སྥོ་ཊ་བཾ། དེ་ནས་ལས་
ཀྱི་སྙིང་པོ་གསུངས་པ། ཨོཾ་བཛྲ་ཀརྨ་ས་མ་ཡ་ཀྲི་ཏ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཆོས་ཀྱི་འཁོར་ལོ་འདྲ་བར་ནི། །དཀྱིལ་འཁོར་ཐམས་ཅད་
སྲད་བུས་བྲེ། །དེ་ལ་འདི་ནི་སྲད་བུ་བྲེ་བའི་སྙིང་པོ་ཡིན་ནོ། །ཨོཾ་སརྦ་བཛྲ་སཱུ་ཏྲཾ་ཨཱ་ཀརྵ་ཡ་སརྦ་མཎྜ་ལ་ཧཱུྃ། དཀྱིལ་འཁོར་གྱི་ནི་དབུས་སུ་ཡང་། །སེང་ལྡེང་ཕུར་བུ་བཏབ་ནས་ནི། །དེ་ནས་སྲད་བུ་ཉིས་རིམ་དུ། །བྱས་ནས་དེ་ཡིས་སྲད་བུ་བྲེ། །དེ་ལ་འདི་ནི་ཕུར་བུའི་སྙིང་པོ་ཡིན་ནོ། །
ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བིགྷཱཾ་བན་དྷ་ཧཱུྃ་ཕཊ། སྲད་བུ་བཞི་དང་ལྡན་པ་དང་། །དཀྱིལ་འཁོར་ཟླུམ་པོ་སྲད་བུ་བྲེ། །དེ་ཡི་ཕྱི་རོལ་བྱུང་ནས་ནི། །ཉིས་འགྱུར་དུ་ནི་དེ་བཞིན་ནོ། །དེ་ཡི་རིམ་པ་གསུམ་དུ་ནི། །ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །ཕྱོགས་མཚམས་འཁོར་ལོའི་
རྩིབས་ཚུལ་དུ། །གྲྭ་ཡི་རི་མོ་སྲད་བུ་བྲེ། །སྲད་བུ་བྲེ་བའི་ཆོ་གའོ། །དེ་ནས་སྲད་བུ་བྲེས་པ་དེར། །དག་པའི་ཚོན་གྱིས་དགང་བར་བྱ། །གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། །ཆོ་ག་བཞིན་དུ་གཟུང་བར་བྱ། །དང་པོ་བྲིས་ནས་ཕྱིས་ཅི་བདེ། །དེ་ལ་འདི་ནི་ཚོན་གྱི་སྙིང་པོའོ། །ཨོཾ་བཛྲ་
เล่ม ๘๔ · หน้า 74a
རངྒ་ས་མ་ཡ་ཧཱུྃ། དེ་ནས་རྡོ་རྗེ་སློབ་དཔོན་ཡང་། །མཉམ་པར་བཞག་ལ་དབུས་འདུག་ནས། །རྡོ་རྗེ་ཡི་ནི་སྒོ་བཞི་རྣམས། །ཡིད་ཀྱིས་ཀྱང་ནི་དབྱེ་བར་བྱ། །དེ་ལ་སྒོ་དབྱེ་བའི་སྙིང་པོ་ནི་འདིའོ། །ཨོཾ་བཛྲ་ཨུད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཤཱི་གྷཾ་སྨ་ར་བཛྲ་ས་མ་ཡ་ཧཱུྃ་
ཕཊ། གསེར་རམ་ཡང་ན་དངུལ་ཡང་རུང་། །ས་ལ་བར་དུ་བྲིས་པའམ། །ཕ་གུ་གྲུ་བཞིའི་སྟེང་དུ་ནི། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ནི་འདིའོ། །ཨོཾ་སརྦ་བིད། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །སེམས་དཔའ་ཆེན་པོ་བཞི་
བཞག་གོ། །མདུན་དུ་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ། །དེ་ལ་སེམས་དཔའ་ཆེན་པོའི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་བྷྲཱྀ་ཀུ་ཊཱྀ་ཀྲོདྷ་ཨཱ་ན་ཡ་
སརྦཾ་རཏྣ་ཧཱིཿཧཱུྃ་ཕཊ། ཨོཾ་བཛྲ་དྲྀཥྚི་ཀྲོ་དྷ་དྲྀཥྚ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རཱུ་པ་ཏ་ཡ་སིད་དྷ་ཡེ་ཧཱུྃ་ཕཊ། འཇུག་གམ་ཕྱིར་ནི་བྱུང་བ་ན། །སྲད་བུའི་འོག་འཛུལ་ཡིད་བསམས་ནས། །རྡོ་རྗེ་ཤུགས་སུ་བརྗོད་པ་སྟེ། །དེ་ཡིས་རི་མོ་བརྒལ་བར་བྱ། །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་
འདིའོ། །ཨོཾ་བཛྲ་བཻ་གཱ་ཀྲ་མ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་དང་པོར་དེ་བཞིན་དུ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །རྡོ་རྗེ་སྒྱུ་མ་ལ་སོགས་བྲི། །དེ་ལ་དམ་ཚིག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། ཨོཾ་བཛྲ་གྷཎྚ་ཧཱུྃ། ཨོཾ་བཛྲ་དཎྜ་ཀ་ཤ་ཧཱུྃ། ཨོཾ་བཛྲ་ཨཱ་ཡུ་དྷ་ཧཱུྃ།
རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་གཉིས་པ་དེ་བཞིན་ཏེ། །རྡོ་རྗེ་འཁྱིལ་པ་ལ་སོགས་པ། །རྡོ་རྗེ་ཁྲོ་བོ་གཞག་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་པྲ་ཛྭ་ལི་ཏ་དཱིཔྟ་བཛྲ་ཧཱུྃ། ཨོཾ་བཛྲ་སཽ་མེ་ཧཱུཾ། ཨོཾ་བཛྲ་དཎྜ་ཧཱུཾ། ཨོཾ་བཛྲ་བི་ཀྲྀ་ཧ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་
བརྒལ་ནས་ནི། །སྒོ་ནི་བཞི་པོ་རྣམས་སུ་ཡང་། །རྡོ་རྗེ་གླང་སྣ་ལ་སོགས་པ། །ཐམས་ཅད་རིམ་པ་བཞིན་དུ་བྲི། །དེ་དག་གི་དམ་ཚིག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་དྷ་མ་ཧཱུྃ། ཨོཾ་བཛྲ་མཱ་ལ་ཧཱུྃ། ཨོཾ་བཛྲ་ཨརྠ་ཧཱུྃ། ཨོཾ་བཛྲ་ཨ་སི་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །
เล่ม ๘๔ · หน้า 74b
དཀྱིལ་འཁོར་གསུམ་པར་བྲི་བ་ནི། །ལྟག་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་ཐོ་བ་ལ་སོགས་པའོ། །དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་མུ་ས་ལ་ཧཱུྃ། །ཨོཾ་བཛྲ་པཱ་ཏ་ཧཱུྃ། ཨོཾ་བཛྲ་ཛྭཱ་ལ་ཧཱུྃ། ཨོཾ་བཛྲ་གྲ་ཧ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་
པར་བྲི་བ་ནི། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བྲན། །ལྟག་འོག་རིམ་པ་བཞིན་དུའོ། །དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་དཾཥྚྲཱ་ཧུྃ། ཨོཾ་བཛྲ་མཱ་ར་ཎ་ཧཱུྃ། ཨོཾ་བཛྲ་བེ་ག་ཧཱུྃ། ཨོཾ་བཛྲ་ཧ་ར་ཎ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཕྱི་རོལ་དཀྱིལ་འཁོར་གཞག་པ་ནི། །ལྟག་
འོག་རིམ་པ་ཇི་བཞིན་དུ། །མ་མོ་ཐམས་ཅད་བྲི་བར་བྱ། །དེ་ནས་རྡོ་རྗེ་སྒོ་བཞིར་ཡང་། །སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་རབ་ཏུ་བཤད་པ་ནི། །ཆོ་ག་རྒྱས་པ་ཇི་བཞིན་པའོ། །དེ་ནས་འཇིག་རྟེན་གསུམ་པོའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་འདིར་དགུག་པ་ལ་སོགས་པའི་ལས་
ཀུན་བྱས་ཏེ། རྡོ་རྗེ་སློབ་དཔོན་ཉིད་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ཏེ་འདི་སྐད་བསྒོ་ཞིང་། ངས་ཁྱོད་ལ་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱ་སྟེ། དེ་ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག །མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ཏེ་དམྱལ་བར་ལྷུང་ང་རེ་ཞེས་བསྒོ་སྟེ་མནའི་སྙིང་པོ་
འདི་སྦྱིན་ནོ། །རྡོ་རྗེ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་ཡང་སྟོན་ཅིག །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཁྲོ་བོ་ཆེན་པོ་ཡི། །དམ་ཚིག་ཁྱོད་ཀྱི་རིགས་སྲེག་པས། །ཀླད་པ་ནས་ནི་རྩམས་ནས་ཀྱང་། །ལུས་རྣམས་མ་རུངས་པར་ཡང་བྱེད། །དམ་ཚིག་བཅིང་བའོ། །དེ་ནས་རྡོ་རྗེ་འཆང་
བའི་ལས་ཀྱི་ཕྱག་རྒྱ་སྙིང་པོ་འདིས་བཅིང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་ར། གྲྀཧྞ་བན་དྷ་ས་མ་ཡ་ཧཱུྃ། དེ་ནས་འདི་ཕྱག་རྒྱ་བཅིང་བ་བཤད་དོ། །ལག་གཉིས་བླ་འོག་གཉིས་སུ་བཏང་། །མཐེ་བོ་མཐེའུ་ཆུང་སྦྲེལ་བ་དང་། །ལས་ཀྱི་ཕྱག་རྒྱ་དམ་ཚིག་འདི། །རྡོ་རྗེ་བཅིང་བ་ཞེས་ཀྱང་
བཤད། །དེ་ནས་རྡོ་རྗེའི་ཆུས་དབང་བསྐུར་ཏེ། །སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་བཛྲ་ཨ་བྷིཥེ་ཀ་ཨ་བྷི་ཥིཉྩ་བཛྲ་དྷཱ་ར་ཏ་ས་མ་གྲ་གྲཾ། དེ་ནས་གཡོགས་པས་གདོང་གཡོགས་ཏེ། སྙིང་པོ་འདི་གཞུག་གོ། །ཨོཾ་བཛྲ་བྲ་བེ་ཤ་ཡ། བཛྲ་ཨཱ་བེ་ཤ་ཡ་ཨ་དྷི་ཏིཥྛ་བཛྲ་ཧཱུྃ། དེ་ནས་བཅུག་ནས་
เล่ม ๘๔ · หน้า 75a
སྙིང་པོ་འདིས་མེ་ཏོག་གཏོར་རོ། །ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོཿ། དེ་ནས་དེ་དག་གར་ལྟུང་བ་དེ་འདིས་འགྲུབ་པར་འགྱུར་རོ། །དེ་ནས་གདོང་གཡོགས་པ་བཀྲོལ་ནས་དཀྱིལ་འཁོར་གོ་རིམས་བཞིན་དུ་བསྟན་ཏེ། ལྷ་གང་ཡིན་པ་དེ་ནི་དེ་ལ་མི་བསྟན་ཏོ། །དེ་ཅིའི་ཕྱིར་
ཞེ་ན། སེམས་ཅན་ལོག་པར་ལྟ་བདག་ཡོད་དེ། གང་དག་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བ་ཇི་ལྟར་དེ་བཞིན་གཤེགས་པ་རྡོ་རྗེ་རིགས་སུ་ཕྱག་ན་རྡོ་རྗེས་དབང་བསྐུར་བ་དེ་བཞིན་གཤེགས་པ་ཉིད་དམ་ཞེས་དད་པར་མི་འགྱུར་རོ་ཞེས་པ་ནི་དམ་ཚིག་གོ། །
གཞན་དུ་ན་ལྷ་གང་དག་ལ་དད་པ་དེ་དག་ལ་མནའི་སྙིང་པོ་འདི་བྱིན་ནས་བསྟན་པར་བྱའོ། །དེ་ནས་རྡོ་རྗེའི་རིན་པོ་ཆེའི་མཚན་མའི་ཕྲེང་བས་དབང་བསྐུར་ནས་ལས་ཀྱི་རྡོ་རྗེ་ལག་པ་གཉིས་སུ་བྱིན་ལ། རྡོ་རྗེ་མིང་བཏགས་ཏེ་ཇི་ལྟར་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྱའོ། །དེ་ནས་
ཕྱག་རྒྱ་ཆེན་པོ་བཅིང་བ་བསླབ་པོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཐེ་བོང་ནང་དུ་སྦྱར་ནས་ནི། །མཛུབ་མོ་བཀུག་ནས་གཉི་གས་བཀབ། །སེམས་དཔའི་གཙུག་ཏོར་ཞེས་བྱའོ། །རྡོ་རྗེ་བཅིང་བ་བྱས་ནས་ནི། །མཐེ་བོ་གུང་མོ་མཐེའུ་ཆུང་བསྒྲེང་། །གཟི་བརྗིད་ཕུང་པོ་ཞེས་བྱ་སྟེ། །
གཟི་བརྗིད་ཆེན་པོའི་བཙུན་པའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །མཐེ་བོ་མཐེའུ་ཆུང་སྦྲེལ་བ་ནི། །དམ་དུ་ལྕགས་ཀྱུ་བཅིངས་བ་སྟེ། །རིག་པ་ཆེན་པོ་དམ་པའི་འོ། །རིག་པ་ཆེན་པོ་དམ་པ་ཡི། །ཕྱག་རྒྱ་བཅིངས་ནས་རབ་བཅིང་བ། །སྙིང་གར་མཐེ་བོའི་ངོས་ཀྱིས་སོ། །སེམས་
དཔའ་ཡི་ནི་སྙིང་པོར་བཤད། །དེ་ཉིད་ལས་གུང་མོ་སྲིན་ལག །སོར་མོ་རབ་ཏུ་བསྡམས་ནས་ནི། །རྡོ་རྗེ་རིན་ཆེན་ཚུལ་དུ་ནི། །བསྒྱུར་ནས་གདོང་དུ་གཞག་པར་བྱ། །དེ་ཉིད་བསྐྱེད་དེ་བཞག་ནས་ནི། །སྙིང་གར་ཡང་ནི་བསྒྱུར་བར་བྱ། །མེ་ཏོག་བཞི་པ་ཞེས་བྱ་སྟེ། །པདྨའི་རིག་པ་དམ་
པའོ། །དེ་ཉིད་སྤྱི་བོ་ནས་བརྩམས་ཏེ། །ལུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི། །རྡོ་རྗེ་ལས་ནི་རབ་བསྒྲུབ་པའོ། །སེམས་མའི་རྡོ་རྗེ་དམ་བྱས་ཏེ། །མཐེའུ་ཆུང་རྡོ་རྗེ་བསྒྲེང་བ་ནི། །ཐམས་ཅད་རིག་པའི་སྙིང་པོ་འདི། །ཕྱག་རྒྱ་འདི་ནི་ཐམས་ཅད་སྒྲུབ། །མཐེ་
เล่ม ๘๔ · หน้า 75b
བོ་མཐེ་ཆུང་བཅིངས་ནས་ནི། །གཡོན་པའི་སོར་མོ་དབུས་མ་གསུམ། །རྩེ་གསུམ་པ་ནི་དབུས་མའི་རྩེ། །རྡོ་རྗེ་ཕྱག་རྒྱ་གཟུང་བ་སྟེ། །རྡོ་རྗེ་རིག་པ་དམ་པ་འདི། །རྡོ་རྗེ་མདུང་ཞེས་བྱ་བའོ། །དེ་ནས་རབ་ཏུ་བཤད་པ་ནི། །སྒྱུ་མ་རྡོ་རྗེ་ལ་སོགས་བརྟགས། །རྡོ་རྗེ་བཅིང་བ་དམ་བྱས་
ཏེ། །གཡོན་པའི་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ། །རྡོ་རྗེའི་རིགས་ནི་ཀུན་གྱི་འདིའོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། །མཚན་མ་ཀུན་ཀྱང་དེས་བཞག་གོ། །རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམས་ཀྱང་འབྱུང་བ་སྟེ། །སོར་བརྐྱང་སྟེང་དུ་གཞག་པ་དང་། །
མཛུབ་མོས་མཐེ་བསྟན་སྦྱར་བ་དང་། །ཨོཾ་ཞེས་བྱ་བ་སྤྱིར་བཞག་ནས། །རྡོ་རྗེ་སྟེང་དུ་བཞག་པའོ། །རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ཚོགས་རྣམས་སོ། །རབ་ཏུ་བརྐྱང་ནས་ལག་གནས་པ། །ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། །ཁུ་ཚུར་བཅངས་བཞག་ལག་ངར་བསྐུམ། །
ཁ་ཡི་ཕྱོགས་སུ་བསྐོར་བར་བྱ། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོ་སྟེང་དུ་བཞག །ཕྲེང་བའི་བཅིང་བའི་ཐབས་སུ་སྦྱར། །ནོར་སྦྱིན་པར་ནི་གཡས་པ་སྟེ། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་མཆོག །འདུས་པའི་དབང་པོའི་ཕྱག་རྒྱ་ཆེན་པོ་འདུས་པའོ། །གཡས་
པ་མདུན་དུ་གཏུན་རིངས་འཛིན། །ལག་པ་བརྐྱང་བའང་དེ་བཞིན་ཏེ། །གཡས་པས་འོད་ནི་འབར་བར་བསྟན། །རྡོ་རྗེ་ཁུ་ཚུར་བསྐྱོད་པར་བྱ། །ཕོ་ཉའི་ཕྱག་རྒྱ་ཆེན་པོའི་ཚོགས་སོ། །བསྒྱིངས་བཅས་མཛུབ་མོའི་ཁར་མཆེ་བ། །དབྱུག་པ་བསྣུན་ཅིང་གནས་པ་དང་། །དཔུང་པ་བསྐུམ་
ཞིང་དབྱུང་བ་དང་། །གཡས་པ་གཡོན་གྱིས་འདྲེན་པའོ། །བྲན་གྱི་ཕྱག་རྒྱའི་ཚོགས་ཆེན་པོའོ། །དཀྱིལ་འཁོར་ཀུན་དུ་བསྟན་པ་ནི། །གཡོན་པས་རྡོ་རྗེ་གཟུར་ནས་སོ། །དེ་ནས་རབ་ཏུ་བཤད་པ་ནི། །སྒྲུབ་པ་དང་ནི་ལས་ཉིད་དོ། །སེམས་དཔའ་གང་གི་ཕྱག་རྒྱ་གང་། །དེ་ནི་བདག་ཉིད་
ཉིད་ཀྱིས་ཀྱང་། །བདག་ཉིད་གོམས་པར་གྱུར་ན་ནི། །ཕྱག་རྒྱ་དམ་པར་འགྲུབ་པར་འགྱུར། །གཙུག་ཏོར་ཆེན་པོ་བསྲུང་བ་ཆེ། །གཟི་བརྗིད་ཕུང་པོ་རབ་གྲུབ་སྟེར། །རྡོ་རྗེ་ཧཱུྃ་ཞེས་བྱ་ཀུན་བྱེད། །སྙིང་གར་གཞག་པ་ཐམས་ཅད་འགུགས། །སངས་རྒྱས་ཀྱི་ཕྱག་རྒྱ་རྣམས་སོ། །ཐམས་
เล่ม ๘๔ · หน้า 76a
ཅད་རིག་པ་ཐམས་ཅད་འགྲུབ། །རྡོ་རྗེ་རིག་པ་དམ་པའོ། །རྡོ་རྗེ་མདུང་ནི་ཕྱག་རྒྱ་ཆེ། །གྲུབ་པ་ཆེན་པོ་སྦྱིན་པར་བྱེད། །སྒྱུ་མའི་རྡོ་རྗེ་རབ་འགྲུབ་སྟེར། །དྲིལ་བུ་ཡིས་ནི་ཡང་དག་འབེབས། །དབྱུག་པའི་ཤིང་གིས་མྱ་ངན་འདའ། །རྡོ་རྗེའི་རྡོ་རྗེ་གསོད་པར་བྱེད། །
རིག་པའི་རྒྱལ་པོ་རྣམས་སོ། །འབར་བའི་མཆོག་ནི་མ་རུངས་འདུལ། །ཞི་བའི་མཆོག་ནི་ཐམས་ཅད་གསོད། །དབྱུག་པའི་མཆོག་ནི་གསོད་པ་སྟེ། །འཇིགས་པའི་མིག་ནི་སྐྲག་པར་བྱེད། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་རྣམས་སོ། །མྱོས་པས་རབ་ཏུ་མྱོས་པར་བྱེད། །ཕྲེང་བ་ཀུན་ནི་བྱེད་པར་
བཤད། །འདོད་བྱེད་དགའ་བར་བྱེད་པ་སྟེ། །གསོད་པ་ཐམས་ཅད་གསོད་པའོ། །ཚོགས་ཀྱི་ཕྱག་རྒྱ་རྣམས་སོ། །ཐོ་བ་གདུག་པ་འཇོམས་པ་སྟེ། །རས་ཀྱི་རྒྱུ་རས་དེ་བཞིན་ཏེ། །འབར་བའི་མཆོག་ནི་གདུག་པ་སྲེག །གནོད་སྦྱིན་མ་ནི་གདོན་འབོད་དོ། །ཕོ་ཉའི་ཕྱག་རྒྱ་རྣམས་
སོ། །རྡོ་རྗེའི་མཆེ་བ་ཟ་བ་སྟེ། །གསོད་པ་ཐམས་ཅད་གསོད་པའོ། །བགེགས་བྱེད་མ་ནི་རབ་ཏུ་བགེགས། །འཕྲོག་མ་ཡང་ནི་ཐམས་ཅད་འཕྲོག །བྲན་གྱི་ཕྱག་རྒྱ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཆེན་པོའི་རྟོག་པའི་རྒྱལ་པོ་ལས་འཇིག་རྟེན་གསུམ་
གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གཟུངས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པ་དམ་པ་འདི་
གསུངས་སོ། །ཨོཾ་བཛྲ་བ་སི་ཏྲེ་སྭཱ་ཧཱ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་དྷ་རི་ཧཱུྃ། བཛྲ་བི་ཀྲ་མེ་ཧཱུྃ་ཕཊ། ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་གོ་
ཏྲེ་སྭཱ་ཧཱ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་པདྨ་ནཻ་ཏྲེ་སྲཱ་ཧཱ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཀརྨ་ཀ་རེ་སྭཱ་ཧྲཱ། དེ་ནས་ཡང་བྱང་ཆུབ་
เล่ม ๘๔ · หน้า 76b
སེམས་དཔའ་ཆེན་པོ་རྡོ་རྗེ་རིག་པ་དམ་པས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཤཱུ་ལཱ་གྲེ་སྭཱ་ཧཱ། དེ་ནས་རྡོ་རྗེ་སྒྱུ་མ་རིག་པའི་རྒྱལ་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཙ་ཀྲེ་ཧཱུྃ། རྡོ་རྗེ་དྲིལ་བུས་སྨྲས་པ། ཨོཾ་བཛྲ་གྷཎྜ་ཀེ་ཧཱུྃ། ཐུབ་པའི་རྡོ་རྗེས་སྨྲས་པ། ཨོཾ་
བཛྲ་དནྟ་ཀཥྛེ་ཧཱུྃ། རྡོ་རྗེ་མཚོན་ཆས་སྨྲས་པ། ཨོཾ་བཛྲེ་ཧཱུྃ། རིག་པའི་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །དེ་ནས་རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཁྲོ་བོས་རང་གི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་འདི་སྨྲས་སོ། །ཨོཾ་བཛྲ་ཛྭཱ་ལེ་ཧཱུྃ། དེ་ནས་རྡོ་རྗེ་འོད་ཀྱིས་སྨྲས་པ། ཨོཾ་བཛྲ་སཽ་མེ་ཧཱུྃ། དེ་ནས་རྡོ་རྗེ་དབྱིག་པས་
སྨྲས་པ། ཨོཾ་བཛྲ་དཎྜེ་ཧཱུྃ། རྡོ་རྗེ་སེར་སྨུག་གིས་སྨྲས་པ། ཨོཾ་བཛྲ་བིཥཱ་ཎི་ཧཱུྃ། རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །དེ་ནས་རྡོ་རྗེ་གླང་སྣས་རང་གི་དམ་ཚིག་གི་ཕྱག་རྒྱ་སྨྲས་པ། ཨོཾ་བཛྲ་མེ་དེ་ཧཱུྃ། རྡོ་རྗེ་ཕྲེང་བས་སྨྲས་པ། ཨོཾ་བཛྲ་མཱ་ལེ་ཧཱུཾ། རྡོ་རྗེ་དབང་གིས་སྨྲས་པ། ཨོཾ་བཛྲ་ཨ་བྷི་ཥེ་ཧཱུཾ།
རྣམ་པར་རྒྱལ་བའི་རྡོ་རྗེས་སྨྲས་པ། ཨོཾ་བཛྲ་ཨ་པ་རཱ་ཛི་ཏ་ཧཱུྃ། ཚོགས་ཀྱི་བདག་པོའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །དེ་ནས་རྡོ་རྗེ་གཏུན་རིངས་ཀྱིས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་སྨྲས་པ། ཨོཾ་བཛྲ་མུ་ས་ལ་གྲ་ཧེ་ཧཱུྃ། དེ་ནས་རྡོ་རྗེ་རླུང་གིས་སྨྲས་པ། ཨོཾ་བཛྲ་བཱ་ཏེ་ཧཱུྃ། རྡོ་རྗེ་མེས་སྨྲས་
པ། ཨོཾ་བཛྲ་ཛྭཱ་ལེ་ཧཱུྃ། རྡོ་རྗེ་འཇིགས་པས་སྨྲས་པ། ཨོཾ་བཛྲ་གྲ་ཧེ་ཧཱུྃ། རྡོ་རྗེ་ཕོ་ཉའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །དེ་ནས་རྡོ་རྗེ་ལྕགས་ཀྱུས་སྨྲས་པ། ཨོཾ་བཛྲ་དཾཥྚྲེ་ཧཱུྃ། རྡོ་རྗེ་དུས་ཀྱིས་སྨྲས་པ། ཨོཾ་བཛྲ་བ་ཤེ་ཧཱུྃ། རྡོ་རྗེ་ངན་ཁྲིད་ཀྱིས་སྨྲས་པ། ཨོཾ་བཛྲ་བི་གྷྣན་ཧཱུྃ། རྡོ་རྗེ་ཀླུས་སྨྲས་པ། ཨོཾ་
བཛྲ་ཧ་ར་ཎི་ཧཱུྃ། རྡོ་རྗེ་བྲན་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་རྡོ་རྗེའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །རྡོ་རྗེ་དཀྱིལ་འཁོར་དམ་པ་སྟེ། །གྲུབ་ཞི་པ་ལ་བྱང་ཕྱོགས་སྒོ། །ཕྱི་རོལ་དཀྱིལ་འཁོར་སྲད་བུས་བྲེ། །
དེ་ཡི་ནང་དུ་དེར་ཡང་ནི། །དེ་བཞིན་སྒོ་ནི་ཤར་ཕྱོགས་གདོད། །དེ་ཡི་དབུས་སུ་ཅི་རིགས་པར། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །འཇིག་རྟེན་གསུམ་ལས་རྒྱལ་སོགས་པ། །བཞི་པོ་དེ་ཡི་ཕྱོགས་ཀུན་བཞག །དཀྱིལ་འཁོར་དེ་བཞིན་གཙོ་བོར་ཡང་། །རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱ། །དེ་ཡི་
เล่ม ๘๔ · หน้า 77a
ཕྱོགས་རྣམས་ཐམས་ཅད་དུ། །རིགས་ཀྱི་ཕྱག་རྒྱ་བྲི་བར་བྱ། །རྡོ་རྗེ་གླང་སྣ་ལ་སོགས་པ། །བཞི་པོ་དེ་ཡི་ཕྱོགས་ཀུན་བཞག །དཀྱིལ་འཁོར་དེ་བཞིན་གཙོ་བོར་ཡང་། །རྡོ་རྗེ་ཕྱག་རྒྱ་བྲི་བར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིགས་ཀྱི་ཕྱག་རྒྱ་བྲི་བར་བྱ། །རྡོ་
རྗེ་གླང་སྣ་ལ་སོགས་པ། །བཞི་བོ་རྣམས་ནི་སྒོ་སྲུངས་སོ། །འཇིགས་མ་དཔལ་དང་སྒྲ་དབང་དང་། །དུར་ག་གཡོན་པའི་གྲྭ་རྣམས་ནས། །ཕྱི་ཡི་གྲྭ་རྣམས་ཕྱག་རྒྱ་ནི། །དེ་རྣམས་ཉིད་ནི་བྲི་བར་བྱ། །ཕྱི་ཡི་དཀྱིལ་འཁོར་རྣམས་སུ་ནི། །ལྷ་མོ་རྣམས་ནི་བྲི་བར་བྱ། །དེ་ནས་ཆོ་ག་རྒྱས་
པའི་རྣམས། །ཇི་བཞིན་པར་ནི་བཤད་པར་བྱ། །དེ་ནས་རྡོ་རྗེའི་དཀྱིལ་འཁོར་འདིར། །ཇི་ལྟར་འདོད་པ་བཞིན་དུ་བྱས་ཏེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དམ་ཚིག་གི་ལས་བྱས་ནས་རྡོ་རྗེ་འཆང་བའི་ཆོ་ག་བཞིན་དུ་བཅིངས་ལ་ཁྱོད་ཀྱིས་དམ་ཚིག་མ་མཐོང་བ་སུའི་མདུན་དུ་ཡང་དམ་ཚིག་གི་ཕྱག་རྒྱ་
དེ་རྣམས་མ་སྨྲ་ཤིག །གསང་བ་འཕེལ་བར་མ་བྱེད་ཅིག་ཅེས་བསྒོ་ཤིག །དེ་ནས་ལས་ཀྱི་རྡོ་རྗེ་དེ་རྡོ་རྗེ་འཆང་བའི་ཕྱག་རྒྱའི་སྟེང་དུ་བཞག་སྟེ་ཆོ་ག་བཞིན་དུ་ཆུག་ཅིག །ཞུགས་ནས་རྡོ་རྗེ་དེ་དེ་བཞིན་དུ་འོར་ཅིག །གང་ལ་བབ་པ་དེ་དེའི་དམ་ཚིག་གི་ཕྱག་རྒྱའི་དབང་དུ་འགྱུར་ཏེ། དེས་ལས་ཐམས་
ཅད་བྱེད་དོ། །དེ་ནས་གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་རིམ་བཞིན་བསྟན་ཏེ། དམ་ཚིག་གི་ཕྱག་རྒྱ་གསང་བ་སྨྲོས་ཤིག །དམ་ཚིག་ཕྱག་རྒྱ་འདི་ཁྱོད་ཀྱི། །རྟག་ཏུ་ལས་ཀུན་བྱེད་པ་སྟེ། །མ་དང་སྲིང་མོ་རྣམས་དང་ནི། །ཆུང་མ་བུ་མོ་འདྲ་བའོ། །དེ་ལ་དེའི་སྙིང་པོ་ནི་འདི་དག་ཡིན་ནོ། །
ཨོཾ་སརྦ་ག་མ་ནི་སརྦ་བཱ་ཀྟྲེ་སྭ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུྃ་ཕཊ། འདི་ལན་ཅིག་བཟླས་པས་བུད་མེད་ཐམས་ཅད་དབང་དུ་བྱས་ཏེ་སྤྱད་ན་ཆོས་མ་ཡིན་པར་མི་འགྱུར་རོ། །ཅི་དགའ་ཐམས་ཅད་སྤྱད་ནས་བསྒྲུབ་པར་བྱ་སྟེ། དེ་ནས་སེམས་ཅན་ཐམས་ཅད་དག་པར་ཕྱག་རྒྱ་ཐམས་ཅད་ཡིད་ཀྱིས་ཤེས་ནས་ལས་
དམ་པ་ཐམས་ཅད་ཀྱང་བྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་སོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསླབ་པར་བྱའོ། །དམ་ཚིག་ཁྲོ་བོ་མཛུབ་གཙུག་དང་། །སྙིང་གར་ཡང་ནི་བསྡམ་པར་བྱ། །ངོས་ཀྱི་མཛོད་སྤུ་ཁ་ནས་དྲང་། །སྤྱི་བོར་བཞག་ནས་གཉིས་སུ་བྱ། །གཡོན་
เล่ม ๘๔ · หน้า 77b
པའི་རྡོ་རྗེ་མཛུབ་མོ་ཡིས། །མདུང་རྩེ་རྩེ་གསུམ་མནན་པར་བྱའོ། །འདི་བཅིངས་པས་ནི་ཡང་དག་པར། །རིག་པ་དམ་པའང་འགྲུབ་པར་འགྱུར། །རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །གཡོན་པའི་རྡོ་རྗེ་གཙོ་བོར་འདུས། །དམ་ཚིག་ཆོ་ག་ཇི་བཞིན་པར། །ཕྱག་རྒྱ་བཅིང་བ་བཤད་
པར་བྱ། །ཐམས་ཅད་འཁོར་ལོ་མཛུབ་རྩེ་བཅུམ། །དྲིལ་བུ་ཕྱག་རྒྱའང་དེ་བཞིན་ནོ། །དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང་། །སེང་གེའི་རྣ་བར་བྱ་བ་སྟེ། །རིག་པའི་རྒྱལ་པོའི་ཕྱག་རྒྱ་རྣམས་སོ། །འབར་བ་ཀུན་དུ་འཛིན་པ་དང་། །འོད་ནི་ཡང་དག་འདུས་པ་ཉིད། །དབྱུག་པའི་ཁུ་ཚུར་འཛིན་པ་
དང་། །ཁ་འགྲམ་ཕྱག་རྒྱ་བསྐོར་བའོ། །ཁྲོ་བོའི་དམ་ཚིག་རྣམས་སོ། །བཏུང་བའི་ཕྱག་རྒྱ་ཕྲེང་བ་དང་། །རྡོ་རྗེ་མནན་ནས་མདུད་པ་ཡིན། །སྤྱི་བོར་བཞག་པ་ཚོགས་ཀྱི་སྟེ། །དཀྱིལ་འཁོར་གྱི་ནི་བསྲུང་བའོ། །ཚོགས་རྣམས་ཀྱི་ནི་དམ་ཚིག་གོ། །ལག་པ་བསྐུམ་པ་ཁར་གཞག་སྟེ། །
རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །འབར་བ་མེ་སྟག་གཏོང་བ་སྟེ། །ཕྱེ་ནས་ཁར་ཡང་གནས་པར་བྱ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །མཐའ་མ་གཉིས་ནི་ཁར་བཅུག་དང་། །བཙིར་ཅིང་རབ་ཏུ་གནོན་པའོ། །དཔུང་པས་བསྣོལ་བས་བསྣོལ་བ་དང་། །མྱུར་དུ་འཕྲོགས་པའང་དེ་བཞིན་ནོ། །
བྲན་མོ་རྣམས་ཀྱི་དམ་ཚིག་གོ། །རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་རིགས་ཐམས་ཅད་ཀྱི་རྡོ་རྗེ་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཆོས་ཀྱི་དམ་ཚིག་ལས་བྱུང་བ་རྡོ་རྗེ་དབྱིངས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བིད། དེ་ནས་ཡང་ཕྱག་ན་རྡོ་རྗེས་རང་གི་ཆོས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་ཧ་ན་ཧ་ན་བཛྲ་ཧཱུྃ་ཕཊ། དེ་ནས་ཡང་རྡོ་རྗེ་སྙིང་
པོས་རང་གི་ཆོས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་ཧ་ར་ཧ་ར་ཧཱུྃ་ཕཊ། དེ་ནས་ཡང་རྡོ་རྗེ་སྤྱན་གྱིས་རང་གི་ཆོས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་མ་ར་མ་ར་ཧཱུྃ་ཕཊ། དེ་ནས་ཡང་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ཆོས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་རིག་པ་དམ་
เล่ม ๘๔ · หน้า 78a
པས་རང་གི་ཆོས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་ཧཱུྃ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་སྒྱུ་མས་སྨྲས་པ། ཨོཾ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་ཨཱ་བི་ཤ་ཨཱ་བི་ཤ་ཧཱུྃ་ཕཊ། ཨོཾ་བྷཱུར་བུ་བ་སྭཿཧཱུྃ་ཕཊ། ཨོཾ་བྷིན་དྷ་བྷིན་དྷ་ཧཱུྃ་ཕཊ། རིག་པའི་རྒྱལ་པོ་རྣམས་ཀྱིའོ། །ཨོཾ་ད་མ་ད་མ་ཧཱུྃ་ཕཊ། ཨོཾ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་
ཕཊ། ཨོཾ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུྃ་ཕཊ། ཨོཾ་བྷ་ཡ་བྷ་ཡ་ཧཱུཾ་ཕཊ། ཁྲོ་བོ་རྣམས་ཀྱིའོ། །ཨོཾ་ད་མ་ད་མ་ཧཱུྃ་ཕཊ། ཨོཾ་བན་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་བ་ཤཱཾ་བྷ་བ་ཧཱུྃ་ཕཊ། ཨོཾ་ཛ་ཡ་ཛ་ཡ་ཧཱུྃ་ཕཊ། ཚོགས་རྣམས་ཀྱིའོ། །ཨོཾ་བྷྱོ་བྷྱོ་ཧཱུྃ་ཕཊ། ཨོཾ་གྷུ་གྷུ་ཧཱུྃ་ཕཊ། ཨོཾ་ཛྭཱ་ལ་ཛྭཱ་ལ་ཧཱུྃ་ཕཊ། ཨོཾ་ཁཱ་ད་ཁཱ་ད་ཧཱུྃ་ཕཊ། ཕོ་ཉ་རྣམས་ཀྱིའོ།
ཨོཾ་ཁ་ན་ཁ་ན་ཧཱུྃ་ཕཊ། ཨོཾ་མ་ར་མ་ར་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ། ཨོཾ་པི་བྷ་པི་བྷ་ཧཱུྃ་ཕཊ། བྲན་མོ་རྣམས་ཀྱིའོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཏེ། །འཇིག་
རྟེན་གསུམ་གྱི་འཁོར་ལོ་བཞིན། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཐམས་ཅད་སྙོམས་པར་ཞུགས་པའོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་ལྟ་བུ། །སྙིང་གར་མཚན་མ་ཡང་དག་བཞག །དེ་ནས་འདིའི་ཆོས་ཀྱི་དམ་ཚིག་གི་དཀྱིལ་འཁོར་འདིར་ཆོ་ག་
བཞིན་དུ་ལས་བྱས་ནས་རྡོ་རྗེ་འཆང་བའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་བཅིངས་པ་བཅིངས་ཏེ་འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་དམ་ཚིག་མ་མཐོང་བ་དང་། ལྷའི་རིགས་མ་མཐོང་བ་སུ་ལ་ཡང་མ་སྨྲ་ཤིག་ཅེས་བསྒོ་བ་ལ་དྲིལ་བུ་དཀྲོལ་དུ་ཆུག་ཅིག །འདི་སྐད་བསྒོས་ནས་ཀྱང་མནའི་སྙིང་པོ་བྱིན་ལ། ཇི་ལྟར་དྲིལ་
བུ་འདི་དཀྲོལ་བའི། །དེ་ཡི་སྒྲ་དེས་ཇི་ལྟ་བ། །དེ་བཞིན་ལས་ཀྱི་རྡོ་རྗེ་ཁྱོད། །དེ་བཞིན་ངེས་པར་མ་རུངས་བྱེད། །རྡོ་རྗེ་སློབ་དཔོན་བསྟི་སྟང་མེད། །རྡོ་རྗེ་གྲོགས་དང་མི་མཛའ་དང་། །གདུག་ལ་བྱམས་དང་སྐྱོ་བར་ནི། །གལ་ཏེ་ཁྱོད་ཀྱིས་བྱས་ནའོ། །དེ་ནས་གདོང་གཡོགས་པ་བཀྲོལ་ལ་དཀྱིལ་འཁོར་བསྟན་ཏེ། ཆོས་
ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཆོས་ཀྱི་དཀྱིལ་འཁོར་ཇི་བཞིན་ནོ། །ཐམས་ཅད་མཉམ་པ་ཉིད་བསམ་པ། །རྡོ་རྗེ་རིག་པ་དམ་པ་སྐྱེ། །འགྲོ་བ་འདི་དག་སྒྱུ་མ་བཞིན། །དེ་བཞིན་སྡུག་བསྔལ་དྲིལ་བུ་འདྲ། །སྡུག་བསྔལ་ཐམས་ཅད་མྱ་ངན་
เล่ม ๘๔ · หน้า 78b
འདའ། །རྡོ་རྗེ་འཇོམས་པ་བླ་ན་མེད། །རིག་པའི་རྒྱལ་པོ་ཏིང་ངེ་འཛིན་རྣམས་སོ། །སེམས་ཅན་གདུལ་ཕྱིར་ཁྲོ་བོའི་མཆོག །ཞི་བ་ཡིས་ནི་ངེས་པར་གསོད། །དབྱུག་བ་འདྲ་ལ་འཚོག་པར་བྱེད། །ལོག་པར་ལྟ་བ་འཇིགས་པར་བྱེད། །ཁྲོ་བོའི་ཏིང་ངེ་འཛིན་རྣམས་སོ། །ར་རོ་འདྲ་བར་
དཔའ་བ་མེད། །ཕྲེང་བ་འདྲ་བར་འཆིང་བ་མེད། །བུད་མེད་འདོད་པས་འགྲོ་དབང་བྱེད། །བརྟེན་པ་ཙམ་གྱིས་གཞན་ཕམ་མོ། །ཚོགས་ཀྱི་ཏིང་ངེ་འཛིན་རྣམས་སོ། །འཚོག་པའི་ཆད་པའི་མཆོག་ཡིན་ཏེ། །རེག་པ་རྣམས་ནི་རླུང་གིའོ། །གཟི་བརྗིད་ཅན་ནི་བྱིན་ཟ་མཆོག །ཟས་རྣམས་
ཀྱི་ནང་ཁྲག་དམ་པ། །ཕོ་ཉའི་ཏིང་ངེ་འཛིན་རྣམས་སོ། །མཆེ་བདག་པར་ཞུགས་པ་སྟེ། །འཆི་བདག་ཐམས་ཅད་གནས་ན་འདུག །འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཆུ་ལས་ལྷག་པའི་རོ་གཞན་མེད། །བྲན་གྱི་ཏིང་ངེ་འཛིན་རྣམས་སོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ལས་འབྱུང་བ་རྡོ་རྗེའི་
བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཀརྨ་པྲ་བརྟ་ནི་ས་མ་ཡེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བི་ལཱ་སེ་པཱུ་ཛཱ་ཡ་
ཧཱུྃ། །དེ་ནས་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་ཨབྷི་ཥེ་ཀེ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་གཱི་ཏེ་གཱ་ཧི་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ལས་ཀྱི་རིག་པ་འདི་གསུངས་པ། །ཨོཾ་
བཛྲ་ནྲྀ་ཏྱ་ནྲྀ་ཏྱ་ཧཱུྃ། དེ་ནས་རྡོ་རྗེ་རིག་པ་དམ་པས་རང་གི་ལས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་བཛྲ་བ་དྱོཏྟ་མནེ་ཏྲ་བི་ཀུ་རབ་བི་ཀུར་བ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཁྲོ་བོ་རྡོ་རྗེ་མེའི་ལྷ་མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་བཛྲ་ཨ་གྣེ་ཛྭཱ་ལ་ཏྲི་ཤཱུ་ལནྦི་ན་ཧྲྀ་ད་ཡ་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་གསེར་ལྷ་
เล่ม ๘๔ · หน้า 79a
མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཧེ་མ་ཙྪིནྡ་ཙཀྲེ་ཎ་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་གཞོན་ནུ་མས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཀུ་མཱ་རི་ཤཱི་གྷྲཾ་ཨཱ་བེ་ཤ་ཡ་གྷཎྚཱ་ཤཔྡེ་ན་བཛྲ་བཱ་ཎི་པྲི་ཡེ་བཛྲ་ས་མ་ཡེ་མ་ནུ་སྨར་ཎ་ཧཱུྃ་ཕཊ། དེ་ནས་ལྷ་མོ་ཆེན་མོ་རྡོ་
རྗེ་ཞི་བས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཤཱནྟི་ཛ་པ་ཛ་པ་ཨ་གྷ་མཱ་ལ་ཡ་སརྦཱ་ན་མར་ཡ་ཤཱནྟ་ཏྲི་ཧྱ་ཧཱུྃ་ཕཊ། དེ་ནས་ལྷ་མོ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་མུཥྚི་ཧ་ན་ཧ་ན་བཛྲ་བྷིན་དྷ་བྷིན་དྷ་བི་ཌ་ཡ་བི་ཌ་ཡ་སརྦ་དུཥྚ་ཧྲྀ་ད་ཡཱ་ནི་ཨོཾ་སམྦྷ་ནི་སུམྦྷ་
ཧཱུྃ་ཧཱུྃ་ཕཊ། རིག་པའི་རྒྱལ་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་མི་འཆིང་བ་ཁྲོ་བོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཨ་མྲྀ་ཏེ་སརྦ་དུཥྚ་གྲྀ་ཧྞ་བནྡྷ་ཧ་ན་སརྦ་བི་དྷྭཾ་ས་ཡེ། བི་ནཱ་ཤ་ཡ་ཙྪིནྡ་བ་བི་ཀུ་རུ་མུཏྟ་ནི། ཏ་ཡ་བཛྲེ་ཎ་ཡེ་ཀེ་ཙིཏྨ་མ་མུ་ཀ་ར་བིན་ཡཱ་ཀ་ཏནྟ་མ་དཱིཔྟ་ཀྲོ་དྷ་བཛྲི་ཧཱུྃ་ཕཊ། དེ་ནས་
རྡོ་རྗེ་མདངས་ཅན་གྱིས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཀནྟི་མཱ་ར་ཡ་སཽ་མེ་རུ་པེ་པྲ་ཏི་བ་ཏ་རཱ་གེ་ན་ཤཱི་གྷྲཾ་སྥོ་ཊ་ཡ་བཛྲ་དྷ་ར་ཏྱེ་ན་མ་ཧཱ་ཛྱོ་སྣ་ཀཱ་ར་ལེ་ཤི་ཏ་ར་སྨི་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དབྱུག་པའི་མཆོག་མས་རང་གི་ལས་ཀྱི་སྙིང་པོ་འདི་སྨྲས་པ། ཨོཾ་བཛྲ་དཎྜཱ་གྲི་གྷཱ་ཏ་ཡ་ཧཱུྃ་ཕཊ། དེ་ནས་
རྡོ་རྗེ་ཙོང་ཙོང་ཁྲོ་བོ་ཆེན་མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་མཱ་ལེ་མེ་ཁ་ལེ་ཁ་ན་ཁ་ན་ཤ་པ་བ་དེ་ནི་བ་ཤིཾ་ཀུ་རུ་ཏྲཾ་དཾཥྚྲཱ་མཱ་ར་ཡ་བི་ཤ་ནེ་ཧཱུྃ་ཕཊ། ཁྲོ་བོའི་རིག་པ་རྣམས་སོ། །དེ་ནས་རྡོ་རྗེ་འཇུམས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བ་ལ་ཡེ་མེ་ཙྪིནྡ་སི་ནི་བྷིནྡ་བཛྲི་ཎི་མཱ་ར་ཡ་
ཨུ་མ་ད་ཡ་པི་བ་པི་བ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཟས་ཀྱིས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་ཨ་ཤ་ནེ་བ་ཀྲཱ་ཡ་སརྦ་དུཥྚ་བཛྲ་ད་ཤ་ནེ་ཤ་ག་ཏི་དྷ་ར་ཎི་མ་ནུ་ཤ་མ་ན་སེ་ཨཱ་ཧ་རེ་ཎ་ར་རུ་ཏི་ས་ཤུད་ཙི་པྲི་ཡ་མ་ཛ་བ་སཱ་ནུ་ལེ་བ་ན་བི་ལེ་པ་ཏ་གྲ་ཏྲེ། ཨ་ན་ཡ་སརྦ་དནྟྱ་ནྱ་ཡ་ཧི་ར་ཎྱ་སུ་བརྞ་ཨཱ་དི་ནི་གྲ་མ་ཡ་དེ་
བརཀྵ་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་བགོ་བས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བཱ་ས་ནེ་ཨཱ་ན་ཡ་སརྦ་སྲ་ཨནྣ་བ་ཎ་དི་ནྱུ་བ་ཀ་ར་ཎ་ནི་ཤཱི་གྷྲཾ་བ་ཤིཾ་ཀུ་རུ་དཱི་པ་དེ་མེ་པྲ་ཡཙྪ་ཨཱ་བི་ཤ་ས་དྱཾ་ཀ་ཏ་ཡ་བཛྲ་ཀོ་ཥ་དྷ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དབང་གིས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་
เล่ม ๘๔ · หน้า 79b
བ་ཤི་ཨཱ་ན་ཡ་བ་ཤཾ་ཀུ་རུ་སརྦ་བྲི་ཡ་སརྦ་པུ་རུ་ཥ་ན་ད་སི་ཀུ་རུ་ཀྲུ་དྡཾ་པྲ་སེ་ད་ཡ་སརྦ་བྷྱཿབ་ཧ་རེ་བྷྱོ་ཧ་ར་ཡ་བི་ཙ་ར་ཡ་ཀ་རི་བཛྲ་པ་ཏ་ཀ་དྷཱ་ར་ཎཱི་ཧཱུྃ་ཕཊ། རྡོ་རྗེ་ཚོགས་ཀྱིའོ། །དེ་ནས་རྡོ་རྗེ་ཕོ་ཉ་མོས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་དུཥྚེ་ཨཱ་ན་ཡ་སརྦ་མཎྜ་ལཾ་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ་བནྡྷ་ཡ་སརྦ་
ཀརྨ་ཎ་མེ་ཀུ་རུ་ཤཱི་གྷྲཾ་ཤཱི་གྷྲཾ་ལ་གུ་ལ་གུ་ཏྲ་ས་ཡ་མཱ་ར་ཡ། ད་བྱ་བ་རེ་བྷོ་དྷ་ར་ཡ་བི་ཛ་ཡཾ་ཀ་རི་བཛྲ་བ་ཏ་ཀདྷྲ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཤུགས་ཀྱིས་རང་གི་དམ་ཚིག་སྨྲས་པ། ཨོཾ་བེ་གྷ་བཛྲི་ཎ་གྷུ་གྷུ་གྷུ་གྷུ་ཤ་བ་དེ་མཱ་ར་ཡ་བི་གྷི་ར་བི་དྷཾ་ས་ཡ་བཛྲ་བཱ་ཤ་དྷཱ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་འབར་བས་རང་གི་ལས་ཀྱི་
དམ་ཚིག་སྨྲས་པ། ཨོཾ་བཛྲ་ཛྭཱ་ལ་ཛྭཱ་ལ་ཡ་སརྦ་བཛྲ་ཛྭཱ་ལ་ཡ་ཛྭཱ་ལ་ཡ་ད་ཧ་ད་ཧ་བ་སྨིཾ་ཀུ་རུ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་འཇིགས་པས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བི་ག་ཏེ་པྲ་བེ་ཀ་དཾཥྚཱ་ཀརཱ་ལི་ཀ་རཱ་ལ་བི་ཤ་ན་བཱ་ཀ་ཏྲེ་ཤཱི་གྷྲཾ་ཤཱི་གྷྲཾ་ཨཱ་བེ་ཤ་ཡ་བྷ་ཀྵ་ཡ་རུ་དྷི་རཾ་པི་པ་མ་ཧཱ་ཡཀྵི་ཎི་བཛྲ་པཱ་ཤ་དྷཱ་ར་ཎཱི་ཧཱུྃ་
ཕཊ། རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེའི་བཞིན་རྡོ་རྗེ་བྲན་མོས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་མུཥྚི་ཨཱ་ན་ཡ་བཛྲ་དིཥྚི་བ་ཡ་ནི་ཀེ་བ་ཏཱ་ལ་ནི་བསི་ནི་ཁ་ན་ཁ་ན་ཁཱ་ཧི་ཁཱ་ཧི་སརྦ་མུ་ཁེ་པྲ་བེ་ཤ་ཡ་སྥོ་ཊ་ཡ་མཱ་ར་མཱ་ར་ཎི་སརྦ་དུཥྚ་ནཱཾ་བཛྲི་ཎི་ཤི་ཏ་སི་དྷཱ་རི་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དུ་སེམས་རང་
གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་ཀཱ་ལི་མ་ཧཱ་པྲེ་ཏ་རཱུ་པི་ཎི་མ་ནུ་ཥ་མཱཾ་ས་རུ་དྷི་ར་པྲི་ཡེ་ཨི་ཧྱེ་ཧི་གྲྀཧྞ་གྲྀཧྞ། བྷ་ཀྵ་ཡ་བཛྲ་དཱ་ཀི་ནཱི་བཛྲ་ཤྲྀཾ་ཁ་ལེ་སརྦ་དེ་བ་གཎ་མཱ་ཏྲི་བྷུ་ཏེ་ཧ་ར་ཧ་ར་པྲཱ་ཎཱཾ། ཨ་མུ་ཀ་སྱ་ཀ་པཱ་ལ་མཱ་ལཱ་ལཾ་ཀྲྀ་ཏ་སརྦ་ཀ་ཡེ་ཀིཉྩི་རཱ་ཡ་སི་བཛྲ་ཁ་ཊྭཱཾ་གཎྷཱ་རི་ཎཱི་པྲེ་ཏ་མ་ནུཥ་ཤ་རཱི་རེ་ཤཱི་གྷྲཾ་ཨཱ་བེ་
ཤ་ཡ་པྲ་བེ་ཤ་ཡ་བནྡྷ་ཡ་བ་ཤི་ཀུ་རུ་མཱ་ར་ཡ་བཛྲ་རཀྵ་སི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་རལ་མས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་པཱུ་ཏ་མེ་མ་ནུ་ཥ་ཡ་མན་ས་སརྦ་རུ་དྷི་ར་མུ་ཏྲ་པུ་རཱི་ཥ་ཤ་ལེ་སྨྲཱ་ཤཱི་གྷྲཾ་ན་རེ་ཀ་ཏོ་གརྦྟ་ཧིར་ཎྱཡཱ་ཧཱི་ཤྲཱི་གྷྲཾ་ཨི་དམ་མུ་ཀ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀདྷཱ་ར་ཎཱི་སརྦ་ཀརྨ་ཎི་མེ་ཀུ་
རུ་སྭཱ་ཧཱ། ཧཱུྃ། དེ་ནས་རྡོ་རྗེ་མ་ཀ་རས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་མ་ཀ་རེ་གྲ་ས་གྲ་ས་ཤཱི་གྷྲཾ་པྲ་བེ་ཤ་ཡ་པཱ་ཏཱ་ལཾ་བྷ་ཀྵ་ཡ་བཛྲ་མ་ཀ་ར་དྷཱ་ར་ཎཱི་ཧཱུྃ་ཕཊ། རྡོ་རྗེ་བྲན་མོ་རྣམས་ཀྱིའོ། །དེ་ནས་ཕྱག་ན་རྡོ་རྗེས་ཡང་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་
เล่ม ๘๔ · หน้า 80a
ཏུ་བཤད་བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ །རྡོ་རྗེའི་དཀྱིལ་འཁོར་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དཀྱིལ་འཁོར་མཆོག་ནི་ཐམས་ཅད་དུ། །སངས་རྒྱས་དབུས་ན་བཞུགས་པར་བྱ། །དེ་དག་ཕྱོགས་སུ་རིམ་པར་ཡང་། །སེམས་དཔའ་
ཆེན་པོ་རྣམས་བཞག་གོ། །དེ་ཡི་དབུས་སུ་ཆུང་མར་བཅས། །རྡོ་རྗེ་རིག་པ་དམ་པ་ཉིད། །རྡོ་རྗེ་ལཱ་སྱེ་ལ་སོགས་གསང་། །གར་གྱི་མཆོད་ཁ་སོགས་པས་མཆོད། །དེ་ལ་ལྷ་མོའི་གོ་རིམས་བཞིན། །འཁོར་ལོའི་དཀྱིལ་འཁོར་ཚུལ་བཞིན་དུ། །རང་གི་ཕྱག་རྒྱ་ཕྱག་རྒྱ་འདྲ། །གང་
བྱེད་པར་ཡང་བྲི་བར་བྱ། །སངས་རྒྱས་རྡོ་རྗེ་ཅན་མཆོད་ཕྱིར། །རྡོ་རྗེ་གར་གྱི་ཚུལ་གྱིས་སོ། །གྲྭ་དང་སྒོ་ཡི་ཕྱོགས་རྣམས་སུ། །བདུག་པ་ལ་སོགས་རིམ་པ་བཞིན། །དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ལས་བྱས་ནས་རྡོ་རྗེ་འཆང་བའི་ལས་ཀྱི་དམ་ཚིག་གི་ཕྱག་
རྒྱ་ཇི་ལྟ་བ་བཞིན་བཅིངས་ཏེ་འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་ལྷའི་རིམ་པ་མ་མཐོང་བ་དང་ལས་མི་ཤེས་པ་སུ་ལ་ཡང་གསང་བའི་ལས་འདི་མ་སྨྲ་ཤིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་སྨྲོས་ཤིག །རྡོ་རྗེ་སློབ་དཔོན་རང་གི་ལས་ཀྱི་རྡོ་རྗེ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཁྲོ་
བོའི་ལྟ་བས་བལྟ་ཞིང་འདི་སྐད་བརྗོད་དོ། །ཨོཾ་བཛྲ་ཏྭ་རྱ་ཨཱ་བེ་ཤ་ཡ་པྲ་བེ་ཤ་ཡ་ནྲྀ་ཏེ་བ་ཡ་སརྦ་ཀརྨ་སིདྡྷི་མི་པྲ་ཡཙྪ་ཧཱུཾ་ཨཱཿཧཱུཾ་ཨ་ལ་ལ་ལ་ལ་བཛྲི། དེ་ནས་ཡང་བདག་ལ་བབས་ནས་བདག་ཉིད་ཀྱིས་འཇུག་སྟེ་ཕྱག་རྒྱ་དང་འདྲ་བའི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པས་མཆོད་པར་བྱའོ། །ཕྱིན་
ཆད་ལུས་དང་། ངག་དང་། ལྟ་བ་དང་། ཡིད་དང་། རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་ལས་ཐམས་ཅད་འདོད་པ་བཞིན་བྱེད་པའོ། །དེ་ནས་གདོང་གཡོགས་པ་བཀྲོལ་ཏེ། གར་གྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དམ་ཚིག་མཆོག་ནི་གཉིས་བྱས་
ཏེ། །རྡོ་རྗེ་རིག་པ་དམ་པ་ལ། །རྡོ་རྗེ་ལཱ་སྱེ་ལ་སོགས་མཆོད། །རིག་པ་འདི་རྣམས་ཐམས་ཅད་ཀྱང་། །ལྟག་འོག་གོ་རིམས་ཇི་བཞིན་དུ། །གར་གྱི་མཆོད་པའི་ཕྱག་རྒྱ་ཡིས། །ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་
เล่ม ๘๔ · หน้า 80b
སོ། །དམ་ཚིག་མཆོག་ནི་གཉིས་བྱས་ནས། །ལས་ཀྱི་ཕྱག་རྒྱ་བཀྲོལ་བར་བྱ། །གར་གྱི་མཆོད་པ་འདི་ཡིས་ནི། །གཙོ་བོ་ཐམས་ཅད་མཆོད་ན་ནི། །རྡོ་རྗེ་འཛིན་པ་ཆེ་སོགས་ཀྱི། །ལས་གྲུབ་པར་ཡང་ངེས་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་
ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་རྒྱས་པ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རིགས་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐོས་ནས་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་བཞག་སྟེ་མཁྱེན་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གསང་བ་ཐམས་ཅད་འཛིན་པར་དབང་བསྐུར་ན་དེ་བཞིན་གཤེགས་པའི་གསང་བ་དེ་གང་ལགས། བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདི་གསུངས་སོ། །སེམས་ཅན་རྣམས་ཀྱི་རང་བཞིན་ནི། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་གཙང་བས་བྱ། །དེ་ནས་ཕྱག་ན་རྡོ་རྗེས་རང་གི་རྡོ་རྗེ་གསང་བ་འདི་གསུངས་
སོ། །སེམས་ཅན་ཐམས་ཅད་ཕན་ཕྱིར་དང་། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །སེམས་ཅན་ཐམས་ཅད་བསད་ཀྱང་ནི། །སྡིག་གིས་གོས་བར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་རང་གི་ནོར་བུ་གསང་བ་འདི་གསུངས་སོ། །སེམས་ཅན་ཐམས་ཅད་
ཕན་ཕྱིར་དང་། །སངས་རྒྱས་དོན་དུ་སྦྱོར་བ་ཡིས། །ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི། །སྡིག་པས་གོས་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྤྱན་གྱིས་རང་གི་པདྨའི་གསང་བ་འདི་གསུངས་སོ། །འདོད་ཆགས་འདྲ་བའི་བདེ་བ་མེད། །རྒྱལ་བ་ལ་ནི་དེ་ཕུལ་ལ། །གཞན་གྱི་ཆུང་
མ་སེམས་ཅན་ཕྱིར། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ལས་ཀྱི་གསང་བ་འདི་གསུངས་སོ། །སེམས་ཅན་ཐམས་ཅད་ཕན་ཕྱིར་དང་། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །ལས་རྣམས་ཐམས་ཅད་བྱས་པ་ཡིས། །
เล่ม ๘๔ · หน้า 81a
བསོད་ནམས་ཤིན་ཏུ་མང་པོ་རྙེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་བཅོམ་ལྡན་འདས་གསང་བ་འཛིན་པའི་རྡོ་རྗེ་འཆང་བ་ལ་ལེགས་སོ་ཞེས་བསྟོད་པ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་
ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །མདོ་འདི་ལེགས་པར་སྨྲས་པ་སྟེ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སྟོ།། །།བམ་པོ་དྲུག་པ། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་
པོ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པ། པདྨོའི་སེམས་དཔའ་པདྨོ་ཆེ། །འཇིག་རྟེན་དབང་ཕྱུག་དབང་ཕྱུག་ཆེ། །སྤྱན་རས་གཟིགས་དབང་བསྟན་པའི་མཆོག །རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་དག་པ་ཆེ། །སེམས་ཀྱི་རྒྱལ་པོ་བློ་གྲོས་ཆེ། །པདྨའི་
བདག་ཉིད་པདྨ་ཆེ། །པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། །པདྨ་ལས་བྱུང་པད་བཟང་འོད། །པདྨོ་དག་པར་རབ་དག་བྱེད། །རྡོ་རྗེ་པདྨ་པད་མཆོག་ལུས། །པདྨ་པདྨ་ཁྱོད་ཕྱག་འཚལ། །སྣ་ཚོགས་ཆེན་པོ་སྣང་བ་ཆེ། །དོགས་པ་ཆེན་པོ་ཆེ་དང་མཚུངས། །བརྟན་པ་ཆེན་པོ་དཔའ་བ་ཆེ། །
དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་བསམ་པ་ཐེག་པ་ཆེ། །རྣལ་འབྱོར་ཆེན་པོ་མེས་པོ་ཆེ། །བདེ་ཟ་བདེ་བྱེད་དག་པའི་དོན། །སངས་རྒྱས་པདྨ་ཁྱོད་ཕྱག་འཚལ། །ཆོས་དེ་ཉིད་དོན་དམ་པའི་ཆོས། །དག་པའི་ཆོས་ནི་ཆོས་རབ་འཛིན། །ཆོས་ཆེན་པོ་དང་ཆོས་བཟང་མཆོག །
ཆོས་ཀྱི་འཁོར་ལོ་ཁྱོད་ཕྱག་འཚལ། །སངས་རྒྱས་སེམས་དཔའ་སེམས་བཟང་མཆོག །ཆོས་ཀྱི་སེམས་དཔའ་ཆོས་མཆོག་འཛིན། །སེམས་དཔའ་དམ་པ་སེམས་མཆོག་འཛིན། །སེམས་དཔའ་སེམས་དཔའ་ཁྱོད་ཕྱག་འཚལ། །སྤྱན་རས་གཟིགས་དབང་མགོན་པོ་མཆོག །
เล่ม ๘๔ · หน้า 81b
མགོན་པོ་ཆེན་པོ་རྣམ་གཟིགས་པ། །འཇིག་རྟེན་སྣང་བ་འཇིག་རྟེན་དོན། །འཇིག་རྟེན་མགོན་པོ་ཁྱོད་ཕྱག་འཚལ། །འཇིག་རྟེན་ཡི་གེ་ཡི་གེ་ཆེ། །ཡི་གེ་མཆོག་ནི་ཡི་གེ་འདྲ། །ཡི་གེ་ཡི་གེ་ཐམས་ཅད་གཟིགས། །འཁོར་ལོའི་ཡི་གེ་ཁྱོད་ཕྱག་འཚལ། །ཕྱག་ན་པདྨ་ཕྱག་
ཆེན་པོ། །དབུགས་འབྱིན་པ་ནི་སྦྱིན་པ་པོ། །སངས་རྒྱས་ཆོས་ནི་སངས་རྒྱས་ཆེ། །སངས་རྒྱས་བདག་ཉིད་ཁྱོད་ཕྱག་འཚལ། །སངས་རྒྱས་གཟུགས་ནི་གཟུགས་ཆེན་པོ། །རྡོ་རྗེའི་གཟུགས་ནི་གཟུགས་བཟང་འཆང་། །ཆོས་ཀྱི་སྣང་བ་གཟི་བརྗིད་མཆོག །འཇིག་རྟེན་སྣང་ཁྱོད་
ཕྱག་འཚལ་ལོ། །པདྨའི་དཔལ་ནི་མགོན་པོ་མཆོག །ཆོས་དཔལ་མགོན་པོ་མགོན་ལྡན་པ། །ཚངས་པའི་མགོན་པོ་ཚངས་ཆེན་པོ། །ཚངས་སྲས་ཁྱོད་ལ་ཕྱག་འཚལ་ལོ། །སྣང་བའི་སྣང་མཆོག་སྣང་བའི་གཙོ། །སྣང་གསལ་ཤིན་ཏུ་སྣང་བ་བོ། །སྣང་བའི་མགོན་པོ་སྣང་བ་
ཆེ། །སངས་རྒྱས་སྣང་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་དབང་བསྐུར་སངས་རྒྱས་མཆོག །སངས་རྒྱས་སྲས་པོ་མཁས་ཆེན་པོ། །སངས་རྒྱས་དབང་བསྐུར་གཙུག་གི་མཆོག །སངས་རྒྱས་སངས་རྒྱས་ཁྱོད་ཕྱག་འཚལ། །སངས་རྒྱས་སྤྱན་ནི་སྤྱན་ཆེན་པོ། །ཆོས་སྤྱན་གཟིགས་
པ་ཆེན་པོ་ཡི། །ཏིང་འཛིན་ཡེ་ཤེས་ཐམས་ཅད་པ། །རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། །བདག་ཉིད་ཀུན་གྱི་ཡོན་ཏན་འདི། །ཁྱོད་ནི་མཚན་བརྒྱ་རྩ་བརྒྱད་རྣམས། །བསྟོད་ནས་གོམས་པར་བྱེད་པ་ན། །འཇིག་རྟེན་དབང་པོ་ཐོབ་པར་འགྱུར། །དཔའ་བོ་ཁྱོད་ལ་གསོལ་བཏབ་པ། །རང་
གི་རིགས་རྣམས་བསྐྱེད་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་དམ་པ་ནི། །ཐུབ་པ་ཆེན་པོས་བཤད་པར་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། བཅོམ་ལྡན་
འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་མངོན་དུ་ཕྱོགས་ཏེ་འདུག་ནས་རྡོ་རྗེ་པདྨ་དེ་རང་གི་ཐུགས་ཀར་བཞག་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ། །རབ་ཏུ་དག་པ་བདག་གི་རྡོ་རྗེ་པདྨ་འདི། །ཕ་ཡིན་འདི་ནི་བདག་གི་བུ། །རིགས་འདི་བྱིན་གྱིས་བརླབ་པར་མཛོད། །
เล่ม ๘๔ · หน้า 82a
དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱི་བརླབས་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། ཧྲཱིཿ། དེ་ནས་དེ་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་ཁ་དོག་དང་གཟུགས་དང་རྟགས་དང་། སྤྱོད་ལམ་དང་། འོད་རྣམ་པ་དུ་མ་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་
སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བས་རང་གི་རིག་པ་དམ་པ་འདི་གསུངས་
སོ། །ཨོཾ་བཛྲ་པདྨོ་དྟ་མ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བིདྱཱ་ཧཱུཾ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་རཏྣོཏྟ་མ་ཏཱི། དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བི་དྱོཏྟ་མ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བིདྱོཏྟ་མ་ཨཿ། དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འགྲོ་བ་ཐམས་ཅད་འདུལ་བའི་དམ་ཚིག་ཅེས་བྱ་བའི་རང་གི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་ཧཱུཾ་ཧྲཱིཿཧོ། དེ་ནས་སྨྲས་མ་ཐག་ཏུ་
འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་པོའི་གཟུགས་འཛིན་པ་པདྨ་ལ་ཞུགས་ཏེ། །ཕྱག་རྒྱའི་མཚན་མ་པདྨོ་འཛིན་པའི་ཁ་དོག་དང་། །གཟུགས་དང་། ཆ་ལུགས་དང་། །རྒྱན་སྣ་ཚོགས་པ་དེ་བཞིན་
เล่ม ๘๔ · หน้า 82b
དེ་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་འཛིན་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཇི་ལྟར་འདུལ་བ་ར་སོ་སོའི་གཟུགས་སུ་བསྟན་ནས་མ་ལུས་པ་ལུས་པ་མེད་པའི་སེམས་
ཅན་གྱི་ཁམས་གདུལ་བར་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཕྱོགས་ཐམས་ཅད་ཀྱི་ཟླ་བའི་དཀྱིལ་འཁོར་རྣམས་ལ་འཁོད་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་
ཐམས་ཅད་ཀྱི། །ཐབས་ནི་སྙིང་རྗེ་བདག་ཉིད་དེ། །གང་དུ་ཐབས་ཀྱིས་འདུལ་མཛད་ན། །ལྷ་རྣམས་སུ་ཡང་འགྱུར་བ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་རང་གི་རིགས་བསྐྱེད་ནས་དེ་བཞིན་གཤེགས་
པ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། དོན་དང་། གྲུབ་པ་དམ་པ་དང་། རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པའི་འབྲས་བུའི་རྒྱུ་རྙེད་པའི་ཕྱིར་ཕུལ་ནས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ། །དེ་ནས་རབ་
ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །འགྲོ་བ་འདུལ་བ་ཞེས་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་བརྒྱན་པ་དང་། །སྲད་བུ་བཞི་དང་ལྡན་པ་སྟེ། །དར་དང་ཕྲེང་བས་བརྒྱན་པ་དང་། །དཀྱིལ་འཁོར་གྲྭ་ནི་ཐམས་ཅད་
དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པར། །ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །དེ་ཡི་ནང་དུ་སྲད་བུ་ནི། །གྲུ་བཞི་པར་ནི་བྲི་བར་བྱ། །གཉིས་པའི་གྲྭ་ནི་སྒོ་གདོད་ཅིང་། །པདྨ་འདྲ་བར་བྱ་བ་ཡིན། །ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །པདྨ་འདབ་མ་བརྒྱད་པ་
བྲི། །དེ་ཡི་གེ་སར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་སྐུ་གཟུགས་བཞག །དེ་ལ་སངས་རྒྱས་གཞག་པའི་སྙིང་པོ་ནི་འདི་ཡིན་ནོ། །བུདྡྷ་ཧཱུྃ། སངས་རྒྱས་ཕྱོགས་ཀུན་བྲི་བ་ནི། །པདྨའི་དབུས་སུ་གནས་པ་ཡི། །རྡོ་རྗེ་རིན་ཆེན་པདྨ་དང་། །སྣ་ཚོགས་པདྨ་འང་དེ་བཞིན་ནོ། །དེ་ལ་དེ་རྣམས་ཀྱི་
เล่ม ๘๔ · หน้า 83a
སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་ཧཱུཾ་ཧྲཱིཿཀྲྀ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དེར་ནི་སྤྱན་རས་གཟིགས་དབང་བྲི། །གཟུགས་རྣམས་ཐམས་ཅད་འབྱིན་པ་སྟེ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ་འགྱིང་ལ་སོགས་
ཚུལ་དུ། །སངས་རྒྱས་ལ་སོགས་སེམས་དཔའ་ཆེ། །མཚན་མ་པདྨ་འཆང་བ་བྲི། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཨཱཿཨོཾ་ཏ་ཐཱ་ག་ཏ་དྷརྨ་ཧཱུྃ། ཨོཾ་བཛྲ་པདྨ་ཨཾ་ཀུ་ཤ་ཀོ་ཥ་དྷཱ་ར་བཛྲ་སཏྭ་ཧཱུྃ་ཕཊ། ཨོཾ་མཱ་ར་ཡ་མཱ་ར་ཡ་པདྨ་ཀུ་སུ་མ་ཨཱ་ཡུ་དྷ་དྷ་ར་ཨ་མོ་གྷ་ཤ་ར་ཧོ། ཨོཾ་པདྨ་སམྦྷ་པདྨ་
ཧསྟ་སཱ་དྷུ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་གཉིས་པ་དེ་བཞིན་ཏེ། །དེ་ཡི་དབུས་སུ་བྲི་བ་ནི། །ཐོར་ཚུགས་དབུས་ནའང་དེ་བཞིན་གཤེགས། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཁྲོ་གཉེར་ལ་སོགས་ཚུལ་དུ་ནི། །མཚན་མར་པདྨ་འཆང་བྲི་བ། །ལྟག་འོག་གོ་
རིམས་ཇི་བཞིན་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ཧཱུྃ། ཨོཾ་པདྨ་བྷྲྀ་ཀུ་ཊཱི་ཊི་ཊི་ཏྲ། ཨོཾ་པདྨ་སཱུརྱ་ཛྲཱ་ལ་ཧཱུྃ། ཨོཾ་པདྨ་མ་ཎི་ཀེ་ཏུ་དྷ་ར། ཙནྡྲ་པྲ་ཧ་ད་ལ་ཨ་བ་ལོ་ཀི་ཏེ་ཤྭ་ར་དེ་ཧི་མེ་སརྦ་ཨརྟ་ན་ཤྲཱི་གྷྲཾ་ས་མ་ཡ་ཧཱུྃ། ཨོཾ་པདྨ་ཨཊྚ་ཧཱ་ས་ཨེ་ཀ་དརྴ་མུ་ཀ་ཧ་ཧ་ཧ་ཧ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་
བརྒལ་ནས་ནི། །དཀྱིལ་འཁོར་གསུམ་པའང་དེ་བཞིན་ཏེ། །སེམས་དཔའ་ཆེན་པོ་སྙོམས་ཞུགས་པར། །པདྨའི་སྟེང་དུ་བཞུགས་པར་བྲི། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །པདྨ་ལ་སོགས་ཚུལ་དུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་
བཞག །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ཧྲཱིཿ། ཨོཾ་ཏཱ་རཱ་པདྨ་ཨ་བ་ལོ་ཀ་ཡ་མཱ་མ་ས་མ་ཡསཏཱ་ཧཱུྃ། ཨོཾ་པདྨ་ཀུ་མཱ་ར་པདྨ་ཤཀྟི་དྷ་ར་ཁཌ་གེ་ན་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་པདྨ་ནཱི་ལ་ཀཎྠ་ཤ་རཀ་ཙ་ཀྲ་ག་ཏ་པདྨ་པཱ་ཎི་བྱཱ་གྷྲ་ཙརྨྨ་ནི་བ་ས་ནི་ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙོ་བ་བཱ་ཏི་ཨ་ཛི་ན་རྨྨ་པ་ཙ་ཙ་ནྟོཏ། དྷ་
རི་ཡ་ནཱ་རཱ་ཡ་ཎ་རཱུ་པ་དྷ་རེ་ཏྲྀ་ནི་མུ་ཁ་ཨཊྚཱ་ཊྚ་ཧཱ་ས་ན་པྲ་བེ་ཤ་ཡ་ས་མ་ཡ་ན། དེ་ཧི་མེ་སིདྡྷི་ཨ་བ་ལོ་ཀི་ཏེ་ཤྭ་ར་ཧཱུྃ། ཨོཾ་བྲ་ཧྨ་པདྨ་སཾ་བྷ་བ་ཛ་པ་ཛ་བ་པདྨ་པྟ་ཤ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་པའང་དེ་བཞིན་ཏེ། །དེར་ནི་པདྨ་ཞལ་བཞི་པ། །པདྨ་མདུང་རྩེ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด