ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔ · หน้า 269b
དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྲིད་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་སྲིད་པའི་དེ་བཞིན་ཉིད་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྲིད་པའི་དེ་
བཞིན་ཉིད་མྱེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་བའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་
མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་
ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་སྐྱེ་བའི་དེ་བཞིན་ཉིད་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
སྐྱེ་བའི་དེ་བཞིན་ཉིད་མྱེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་
เล่ม ๑๔ · หน้า 270a
ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་
སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མྱེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་
པོ་བཅྭོ་བརྒྱད་པ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་
མ་ཡིན། གཟུགས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཡོད་པ་མ་ཡིན། གཟུགས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མ་ཡིན་པ་གཞན་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཚོར་བ་ཡོད་པ་མ་ཡིན། ཚོར་བ་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་
เล่ม ๑๔ · หน้า 270b
ཤེས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་ཤེས་ཡོད་པ་མ་ཡིན། འདུ་ཤེས་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱང་བྱང་ཆུབ་
སེམས་དཔའ་མ་ཡིན། འདུ་བྱེད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་བྱེད་ཡོད་པ་མ་ཡིན། འདུ་བྱེད་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། །རྣམ་པར་ཤེས་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པ་ཡོད་པ་མ་
ཡིན། རྣམ་པར་ཤེས་པ་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་
ལ་ཡང་མྱིག་ཡོད་པ་མ་ཡིན། མིག་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
དཔའ་ལ་ཡང་རྣ་བ་ཡོད་པ་མ་ཡིན། རྣ་བ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
དཔའ་ལ་ཡང་སྣ་ཡོད་པ་མ་ཡིན། སྣ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལྕེ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
เล่ม ๑๔ · หน้า 271a
དཔའ་ལ་ཡང་ལྕེ་ཡོད་པ་མ་ཡིན། ལྕེ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ལ་ཡང་བྱང་ཆུབ་སེམས་དཔའ་
ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཡོད་པ་མ་ཡིན། ལུས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཡིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ལ་ཡང་བྱང་ཆུབ་སེམས་
དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཡིད་ཡོད་པ་མ་ཡིན། ཡིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ལ་
ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཡོད་པ་མ་ཡིན། །གཟུགས་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྒྲ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྒྲ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། སྒྲ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྒྲ་ཡོད་པ་མ་ཡིན། སྒྲ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །དྲི་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དྲི་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། དྲི་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་དྲི་ཡོད་པ་མ་ཡིན། དྲི་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རོ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རོ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། རོ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རོ་ཡོད་པ་མ་ཡིན། རོ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རེག་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
เล่ม ๑๔ · หน้า 271b
ཡིན། རེག་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་ཡོད་པ་མ་ཡིན། རེག་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་
མ་ཡིན། ཆོས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆོས་ཡོད་པ་མ་ཡིན། ཆོས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མིག་གི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་ཁམས་མ་ཡིན་
པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མིག་གི་ཁམས་ཡོད་པ་མ་ཡིན། མིག་གི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་
ཀྱི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཀྱི་ཁམས་
ཡོད་པ་མ་ཡིན། གཟུགས་ཀྱི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་
རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བའི་
ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣ་བའི་ཁམས་ཡོད་པ་མ་ཡིན། རྣ་བའི་
เล่ม ๑๔ · หน้า 272a
ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྒྲའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྒྲའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྒྲའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་
ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྒྲའི་ཁམས་ཡོད་པ་མ་ཡིན། སྒྲའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཁམས་མ་
ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་
ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་
སེམས་དཔའ་ལ་ཡང་སྣའི་ཁམས་ཡོད་པ་མ་ཡིན། སྣའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །དྲིའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། དྲིའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དྲིའི་ཁམས་
ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་དྲིའི་ཁམས་ཡོད་པ་མ་ཡིན། དྲིའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣའི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་རྣམ་པར་
ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྣའི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། སྣའི་རྣམ་པར་
เล่ม ๑๔ · หน้า 272b
ཤེས་པའི་ཁམས་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལྕེའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་
ཆུབ་སེམས་དཔའ་ལ་ཡང་ལྕེའི་ཁམས་ཡོད་པ་མ་ཡིན། ལྕེའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རོའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་
ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རོའི་ཁམས་ཡོད་པ་མ་ཡིན། རོའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་རྣམ་
པར་ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། ལྕེའི་
རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་
པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཀྱི་ཁམས་ཡོད་པ་མ་ཡིན། ལུས་ཀྱི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རེག་བྱའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་བྱའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་
དཔའ་མ་ཡིན། རེག་བྱའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་བྱའི་ཁམས་ཡོད་པ་མ་ཡིན། རེག་བྱའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་
เล่ม ๑๔ · หน้า 273a
བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་
ལ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཡིད་ཀྱི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། ཡིད་ཀྱི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཡིད་ཀྱི་ཁམས་ཡོད་པ་མ་ཡིན། ཡིད་ཀྱི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཆོས་ཀྱི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་
ཀྱི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆོས་ཀྱི་ཁམས་ཡོད་པ་མ་ཡིན། ཆོས་ཀྱི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
དཔའ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། སའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སའི་ཁམས་ཡོད་པ་མ་ཡིན། སའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཆུའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆུའི་ཁམས་མ་
เล่ม ๑๔ · หน้า 273b
ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆུའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆུའི་ཁམས་ཡོད་པ་མ་ཡིན། ཆུའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མེའི་ཁམས་ཀྱང་བྱང་ཆུབ་
སེམས་དཔའ་མ་ཡིན། མེའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མེའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མེའི་ཁམས་ཡོད་པ་མ་ཡིན། མེའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་
དཔའ་མ་ཡིན། །རླུང་གི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རླུང་གི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རླུང་གི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རླུང་གི་ཁམས་ཡོད་པ་མ་ཡིན།
རླུང་གི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ནམ་མཁའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ནམ་མཁའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ནམ་མཁའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན།
བྱང་ཆུབ་སེམས་དཔའ་ལ་ཡང་ནམ་མཁའི་ཁམས་ཡོད་པ་མ་ཡིན། ནམ་མཁའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་ཁམས་མ་ཡིན་པ་གཞན་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། །མ་རིག་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མ་རིག་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མ་རིག་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མ་རིག་པ་ཡོད་པ་མ་ཡིན། མ་རིག་པ་མེད་
เล่ม ๑๔ · หน้า 274a
པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་
ལ་ཡང་འདུ་བྱེད་ཡོད་པ་མ་ཡིན། འདུ་བྱེད་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་ལ་ཡང་བྱང་ཆུབ་
སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པ་ཡོད་པ་མ་ཡིན། རྣམ་པར་ཤེས་པ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མིང་དང་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིང་དང་གཟུགས་མ་ཡིན་པ་གཞན་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིང་དང་གཟུགས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མིང་དང་གཟུགས་ཡོད་པ་མ་ཡིན། མིང་དང་གཟུགས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྐྱེ་མཆེད་དྲུག་
ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་མཆེད་དྲུག་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་མཆེད་དྲུག་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྐྱེ་མཆེད་དྲུག་ཡོད་པ་མ་ཡིན། སྐྱེ་མཆེད་དྲུག་མེད་
པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རེག་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་པ་ཡོད་པ་མ་
ཡིན། རེག་པ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་
เล่ม ๑๔ · หน้า 274b
ཚོར་བ་ཡོད་པ་མ་ཡིན། ཚོར་བ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྲེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྲེད་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྲེད་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་
སེམས་དཔའ་ལ་ཡང་སྲེད་པ་ཡོད་པ་མ་ཡིན། སྲེད་པ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལེན་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལེན་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལེན་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་
པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལེན་པ་ཡོད་པ་མ་ཡིན། ལེན་པ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྲིད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྲིད་པ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྲིད་པ་ལ་ཡང་བྱང་
ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྲིད་པ་ཡོད་པ་མ་ཡིན། སྲིད་པ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྐྱེ་བ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་བ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
སྐྱེ་བ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན། སྐྱེ་བ་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྒ་ཤི་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྒ་ཤི་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་
དཔའ་མ་ཡིན། རྒ་ཤི་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྒ་ཤི་ཡོད་པ་མ་ཡིན། རྒ་ཤི་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་
ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་
เล่ม ๑๔ · หน้า 275a
མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་
སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཚོར་བའི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་
ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་མེད་པ་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན།
བྱང་ཆུབ་སེམས་དཔའ་ལ་ཡང་འདུ་བྱེད་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་
སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་
เล่ม ๑๔ · หน้า 275b
ཡང་མིག་གི་དེ་བཞིན་ཉིད་ཡོད་པ་མ་ཡིན། མིག་གི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་དེ་བཞིན་
ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣ་བའི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣ་བའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་དེ་
བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྣའི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྣའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། ལྕེའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་དེ་བཞིན་ཉིད་ཡོད་
པ་མ་ཡིན། ལྕེའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་
དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཡིད་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་མ་ཡིན་པ་
གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཡིད་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་
เล่ม ๑๔ · หน้า 276a
ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
དཔའ་ལ་ཡང་། གཟུགས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྒྲའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྒྲའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་
ཡིན། སྒྲའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྒྲའི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྒྲའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །དྲིའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་
མ་ཡིན། དྲིའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དྲིའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་དྲིའི་དེ་བཞིན་ཉིད་ཡོད་པ་མ་ཡིན། དྲིའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་
སེམས་དཔའ་མ་ཡིན། །རོའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རོའི་
དེ་བཞིན་ཉིད་ཡོད་པ་མ་ཡིན། རོའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་གི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་གི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་གི་དེ་བཞིན་ཉིད་ལ་ཡང་
བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་གི་དེ་བཞིན་ཉིད་ཡོད་པ་མ་ཡིན། རེག་གི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཆོས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱི་དེ་བཞིན་
เล่ม ๑๔ · หน้า 276b
ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆོས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཆོས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་
མ་ཡིན། །མིག་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་
ཆུབ་སེམས་དཔའ་ལ་ཡང་མིག་གི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། མིག་གི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་དེ་
བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། གཟུགས་ཀྱི་ཁམས་
ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་
མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་
เล่ม ๑๔ · หน้า 277a
སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྒྲའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་
བྱང་ཆུབ་སེམས་དཔའ་མ་ཡིན། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྒྲའི་ཁམས་ཀྱི་དེ་
བཞིན་ཉིད་ཡོད་པ་མ་ཡིན། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་
པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན།
རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །
སྣའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྣའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྣའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །དྲིའི་ཁམས་ཀྱི་དེ་
བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། དྲིའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དྲིའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་དྲིའི་ཁམས་
เล่ม ๑๔ · หน้า 277b
ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། དྲིའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་
གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྣའི་རྣམ་
པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལྕེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་ཀྱི་
དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལྕེའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རོའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་
ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རོའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་
ཡིན། རོའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་
སེམས་དཔའ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་
เล่ม ๑๔ · หน้า 278a
ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རེག་བྱའི་
ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་
དཔའ་ལ་ཡང་རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་རྣམ་
པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཀྱི་རྣམ་པར་ཤེས་
པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་
ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མེད་
เล่ม ๑๔ · หน้า 278b
པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་
དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་
སེམས་དཔའ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་
སེམས་དཔའ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་
མ་ཡིན། སའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན།
སའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་
ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་
เล่ม ๑๔ · หน้า 279a
དཔའ་མ་ཡིན། མེའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མེའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མེའི་ཁམས་ཀྱི་
དེ་བཞིན་ཉིད་ཡོད་པ་མ་ཡིན། མྱེའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ནམ་མཁའི་ཁམས་ཀྱི་དེ་
བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ནམ་
མཁའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་
གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་
ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མ་རིག་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མ་རིག་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མ་རིག་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་
เล่ม ๑๔ · หน้า 279b
ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མ་རིག་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། མ་རིག་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་
ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་བྱེད་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན།
རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་
སེམས་དཔའ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིང་དང་གཟུགས་ཀྱི་དེ་
བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། མིང་དང་གཟུགས་ཀྱི་དེ་
བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་
སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རེག་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་པའི་དེ་
เล่ม ๑๔ · หน้า 280a
བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། རེག་པའི་དེ་བཞིན་ཉིད་
མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན།
བྱང་ཆུབ་སེམས་དཔའ་ལ་ཡང་ཚོར་བའི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྲེད་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྲེད་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་
དཔའ་མ་ཡིན། སྲེད་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྲེད་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྲེད་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །ལེན་པའི་དེ་བཞིན་ཉིད་ཀྱང་
བྱང་ཆུབ་སེམས་དཔའ་མ་ཡིན། ལེན་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལེན་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལེན་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། ལེན་
པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྲིད་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྲིད་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། སྲིད་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་
པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྲིད་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྲིད་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །སྐྱེ་བའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་
เล่ม ๑๔ · หน้า 280b
བྱང་ཆུབ་སེམས་དཔའ་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་སྐྱེ་བའི་དེ་བཞིན་ཉིད་ཡོད་པ་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །རྒ་ཤིའི་དེ་
བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྒ་ཤིའི་དེ་བཞིན་
ཉིད་ཡོད་པ་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་ཚིག་བླ་དགས་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟག་ལ་མཆིས། གཟུགས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་
མཆིས་པར་ཡང་ག་ལ་འགྱུར། གཟུགས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཚོར་བ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བ་མཆིས་པར་ཡང་ག་ལ་འགྱུར།
ཚོར་བ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་ཤེས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། །
เล่ม ๑๔ · หน้า 281a
འདུ་ཤེས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་ཤེས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་ཤེས་མཆིས་པར་ཡང་ག་ལ་འགྱུར།
འདུ་ཤེས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། འདུ་
བྱེད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་མཆིས་པར་ཡང་ག་ལ་འགྱུར། འདུ་བྱེད་མ་མཆིས་པ་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་མ་ལགས་
པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པ་མ་མཆིས་པ་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིག་གི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་མ་ལགས་པ་གཞན་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིག་མཆིས་པར་ཡང་ག་ལ་འགྱུར། མིག་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །
เล่ม ๑๔ · หน้า 281b
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བ་
ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བ་མཆིས་པར་ཡང་ག་ལ་འགྱུར། རྣ་བ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། དེ་ལ་སྣའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྣ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་
སེམས་དཔའ་ལ་སྣ་མཆིས་པར་ཡང་ག་ལ་འགྱུར། སྣ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་ཚིག་བླ་དགས་བྱང་ཆུབ་སེམས་
དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེ་མཆིས་པར་ཡང་ག་ལ་འགྱུར། ལྕེ་མ་མཆིས་
པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལུས་མ་ལགས་པ་གཞན་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་མཆིས་པར་ཡང་ག་ལ་འགྱུར། ལུས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།
เล่ม ๑๔ · หน้า 282a
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཡིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཡིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། ཡིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཡིད་མཆིས་པར་ཡང་ག་ལ་འགྱུར། ཡིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ལ་བྱང་ཆུབ་
སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་མཆིས་པར་ཡང་ག་ལ་འགྱུར། གཟུགས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་
མཆིས་ཤིང་མི་དམིགས་ན། དེ་ལ་སྒྲའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྒྲ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྒྲ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར།
བྱང་ཆུབ་སེམས་དཔའ་ལ་སྒྲ་མཆིས་པར་ཡང་ག་ལ་འགྱུར། སྒྲ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་དྲིའི་ཚིག་བླ་དགས་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དྲི་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། དྲི་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་དྲི་མཆིས་པར་ཡང་ག་ལ་འགྱུར། དྲི་
เล่ม ๑๔ · หน้า 282b
མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རོའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རོ་མ་ལགས་པ་གཞན་བྱང་
ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རོ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རོ་མཆིས་པར་ཡང་ག་ལ་འགྱུར། རོ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་གི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་
ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་མཆིས་པར་ཡང་ག་ལ་འགྱུར། རེག་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་
མ་མཆིས་ཤིང་མི་དམྱིགས་ན། དེ་ལ་ཆོས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཆོས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆོས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་
འགྱུར། བྱང་ཆུབ་སེམས་དཔའ་ལ་ཆོས་མཆིས་པར་ཡང་ག་ལ་འགྱུར། ཆོས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིག་གི་
ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་གི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་གི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་
เล่ม ๑๔ · หน้า 283a
སེམས་དཔའ་ལ་མིག་གི་ཁམས་མཆིས་པར་ཡང་ག་ལ་འགྱུར། མིག་གི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་
ན། དེ་ལ་གཟུགས་ཀྱི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ཀྱི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་
འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་ཁམས་མཆིས་པར་ཡང་ག་ལ་འགྱུར། གཟུགས་ཀྱི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་
ན། དེ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་གི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་གི་རྣམ་པར་ཤེས་
པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། མིག་གི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བའི་ཁམས་མཆིས་པར་ཡང་ག་ལ་འགྱུར། རྣ་བའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་
เล่ม ๑๔ · หน้า 283b
མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྒྲའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྒྲའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། སྒྲའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྒྲའི་ཁམས་མཆིས་པར་ཡང་ག་ལ་འགྱུར། སྒྲའི་ཁམས་མ་མཆིས་པར་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། རྣ་བའི་རྣམ་པར་ཤེས་
པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས།
སྣའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་ཁམས་མཆིས་པར་ཡང་ག་ལ་འགྱུར། སྣའི་ཁམས་མ་
མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་དྲིའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དྲིའི་ཁམས་
เล่ม ๑๔ · หน้า 284a
མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། དྲིའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་དྲིའི་ཁམས་མཆིས་པར་ཡང་ག་ལ་འགྱུར།
དྲིའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་
ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་
རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། སྣའི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་
ལྕེའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་
ཆུབ་སེམས་དཔའ་ལ་ལྕེའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ལྕེའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རོའི་ཁམས་
ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རོའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རོའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་
เล่ม ๑๔ · หน้า 284b
དཔའ་ལ་རོའི་ཁམས་མཆིས་པར་ཡང་ག་ལ་འགྱུར། རོའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་རྣམ་པར་ཤེས་པའི་
ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་
པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེའི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ལྕེའི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལུས་ཀྱི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ཀྱི་
ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་ཁམས་མཆིས་པར་ཡང་ག་ལ་འགྱུར། ལུས་ཀྱི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་
ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་བྱའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་བྱའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་བྱའི་
ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་བྱའི་ཁམས་མཆིས་པར་ཡང་ག་ལ་འགྱུར། རེག་བྱའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་
เล่ม ๑๔ · หน้า 285a
ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར།
ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཡིད་ཀྱི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ག་ལ་མཆིས། ཡིད་ཀྱི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཡིད་ཀྱི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱི་ཁམས་མཆིས་པར་
ཡང་ག་ལ་འགྱུར། ཡིད་ཀྱི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཆོས་ཀྱི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ག་ལ་མཆིས། ཆོས་ཀྱི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆོས་ཀྱི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་ཁམས་མཆིས་པར་ཡང་
ག་ལ་འགྱུར། ཆོས་ཀྱི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་
เล่ม ๑๔ · หน้า 285b
སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་
ཆུབ་སེམས་དཔའ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། དེ་ལ་སའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་
པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་མཆིས་པར་ཡང་ག་ལ་འགྱུར། སའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་
དམིགས་ན། དེ་ལ་ཆུའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཆུའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆུའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་
འགྱུར། བྱང་ཆུབ་སེམས་དཔའ་ལ་ཆུའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ཆུའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་
མེའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མེའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མེའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་
เล่ม ๑๔ · หน้า 286a
སེམས་དཔའ་ལ་མེའི་ཁམས་མཆིས་པར་ཡང་ག་ལ་འགྱུར། མེའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་
དམིགས་ན། དེ་ལ་རླུང་གི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རླུང་གི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རླུང་གི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་
པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རླུང་གི་ཁམས་མཆིས་པར་ཡང་ག་ལ་འགྱུར། རླུང་གི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། དེ་ལ་ནམ་མཁའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ནམ་མཁའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ནམ་མཁའི་ཁམས་ལ་བྱང་
ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ནམ་མཁའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ནམ་མཁའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་
མཆིས། རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་
เล่ม ๑๔ · หน้า 286b
དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མ་
རིག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མ་རིག་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མ་རིག་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་
ལ་མ་རིག་པ་མཆིས་པར་ཡང་ག་ལ་འགྱུར། མ་རིག་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། འདུ་བྱེད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་མཆིས་པར་ཡང་ག་ལ་
འགྱུར། འདུ་བྱེད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས།
རྣམ་པར་ཤེས་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་མཆིས་པར་ཡང་ག་ལ་འགྱུར། རྣམ་
པར་ཤེས་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིང་དང་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་
เล่ม ๑๔ · หน้า 287a
མཆིས། མིང་དང་གཟུགས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིང་དང་གཟུགས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིང་
དང་གཟུགས་མཆིས་པར་ཡང་ག་ལ་འགྱུར། མིང་དང་གཟུགས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྐྱེ་མཆེད་དྲུག་གི་ཚིག་
བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་མཆེད་དྲུག་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྐྱེ་མཆེད་དྲུག་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་
དཔའ་ལ་སྐྱེ་མཆེད་དྲུག་མཆིས་པར་ཡང་ག་ལ་འགྱུར། སྐྱེ་མཆེད་དྲུག་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་པའི་ཚིག་
བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་པ་
མཆིས་པར་ཡང་ག་ལ་འགྱུར། རེག་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་
ལྟ་ག་ལ་མཆིས། ཚོར་བ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཚོར་བ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བ་མཆིས་པར་ཡང་ག་ལ་འགྱུར། ཚོར་བ་
เล่ม ๑๔ · หน้า 287b
མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྲེད་པ་མ་
ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྲེད་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྲེད་པ་མཆིས་པར་ཡང་ག་ལ་འགྱུར། སྲེད་པ་མ་མཆིས་པ་བྱང་ཆུབ་སེམས་
དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལེན་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལེན་པ་མ་ལགས་པ་གཞན་བྱང་ཆུབ་སེམས་
དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལེན་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལེན་པ་མཆིས་པར་ཡང་ག་ལ་འགྱུར། ལེན་པ་མ་མཆིས་པར་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་
མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲིད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྲིད་པ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་
ལ་མཆིས། སྲིད་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྲིད་པ་མཆིས་པར་ཡང་ག་ལ་འགྱུར། སྲིད་པ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྐྱེ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་བ་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྐྱེ་བ་ལ་བྱང་
เล่ม ๑๔ · หน้า 288a
ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྐྱེ་བ་མཆིས་པར་ཡང་ག་ལ་འགྱུར། སྐྱེ་བ་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་
ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྒ་ཤིའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྒ་ཤི་ལ་བྱང་ཆུབ་སེམས་
དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་མཆིས་པར་ཡང་ག་ལ་འགྱུར། རྒ་ཤི་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་
མི་དམིགས་ན། དེ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ཀྱི་
དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། གཟུགས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཚོར་བའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་
བ་ལྟ་ཡང་ག་ལ་མཆིས། ཚོར་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཚོར་བའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་
เล่ม ๑๔ · หน้า 288b
འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། འདུ་ཤེས་ཀྱི་དེ་བཞིན་ཉིད་མ་
ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་ཤེས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་ཤེས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར།
འདུ་ཤེས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ག་ལ་མཆིས། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་
བྱེད་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་
པར་ཤེས་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་
ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །
เล่ม ๑๔ · หน้า 289a
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིག་གི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་གི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་གི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིག་གི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མིག་གི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བའི་དེ་བཞིན་ཉིད་མ་ལགས་
པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣ་བའི་དེ་བཞིན་ཉིད་མ་མཆིས་
པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྣའི་དེ་བཞིན་ཉིད་
མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྣའི་དེ་བཞིན་ཉིད་མ་
མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་དེ་བཞིན་ཉིད་
เล่ม ๑๔ · หน้า 289b
མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལྕེའི་དེ་བཞིན་ཉིད་
མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས།
ལུས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་
ག་ལ་འགྱུར། ལུས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཡིད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཡིད་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཡིད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་
ཡིད་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཡིད་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་དེ་
བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་
เล่ม ๑๔ · หน้า 290a
པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། གཟུགས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྒྲའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྒྲའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་
ལ་མཆིས། སྒྲའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྒྲའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྒྲའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་
མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་དྲིའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དྲིའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ཡང་ག་ལ་མཆིས། དྲིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་དྲིའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། དྲིའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རོའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རོའི་དེ་བཞིན་ཉིད་མ་ལགས་པ་
གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རོའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རོའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རོའི་དེ་བཞིན་ཉིད་མ་མཆིས་
เล่ม ๑๔ · หน้า 290b
པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་གི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་གི་དེ་
བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་གི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་གི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར།
རེག་གི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ག་ལ་མཆིས། ཆོས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆོས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་དེ་བཞིན་ཉིད་
མཆིས་པར་ཡང་ག་ལ་འགྱུར། ཆོས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིག་གི་ཁམས་ཀྱི་དེ་བཞིན་ཉིད་
ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་གི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་གི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་
པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིག་གི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མིག་གི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་
เล่ม ๑๔ · หน้า 291a
སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར།
གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་
དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་
སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་
བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་
པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣ་བའི་
เล่ม ๑๔ · หน้า 291b
ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྒྲའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས།
སྒྲའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྒྲའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་
པར་ཡང་ག་ལ་འགྱུར། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་
ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་
བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་
བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྣའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྣའི་ཁམས་ཀྱི་དེ་བཞིན་
เล่ม ๑๔ · หน้า 292a
ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་དྲིའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ག་ལ་མཆིས། དྲིའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། དྲིའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་དྲིའི་ཁམས་
ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། དྲིའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་རྣམ་པར་ཤེས་པའི་
ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་
ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་
འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་
པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལྕེའི་ཁམས་ཀྱི་དེ་
เล่ม ๑๔ · หน้า 292b
བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རོའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་
མཆིས། རོའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རོའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རོའི་ཁམས་ཀྱི་དེ་བཞིན་
ཉིད་མཆིས་པར་ཡང་ག་ལ་འགྱུར། རོའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་རྣམ་པར་ཤེས་པའི་
ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་རྣམ་པར་ཤེས་པའི་ཁམས་
ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་
ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལུས་ཀྱི་
ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་
เล่ม ๑๔ · หน้า 293a
མཆིས་པར་ཡང་ག་ལ་འགྱུར། ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་
ལ་རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་
ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་
དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་རྣམ་པར་ཤེས་
པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་
དམིགས་ན། དེ་ལ་ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཡིད་ཀྱི་ཁམས་
เล่ม ๑๔ · หน้า 293b
ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་
ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་
འགྱུར། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་
ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་
ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པར་བྱང་ཆུབ་སེམས་དཔར་འགྱུར་བ་
ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་
เล่ม ๑๔ · หน้า 294a
གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་
འགྱུར། སའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་
དཔར་འགྱུར་བ་ལྟ་ག་ལ་མཆིས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་
ཆུའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མེའི་
ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མྱེའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མེའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་
མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མྱེའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མྱེའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་ཤིན་ཏུ་མ་མཆིས་ཤིང་མྱི་དམྱིགས་ན། དེ་ལ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།
เล่ม ๑๔ · หน้า 294b
རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་
མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་
ག་ལ་འགྱུར། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་
ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་
སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མ་རིག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མ་རིག་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
เล่ม ๑๔ · หน้า 295a
ཡང་ག་ལ་མཆིས། མ་རིག་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མ་རིག་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མ་རིག་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་
ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། །འདུ་བྱེད་ཀྱི་དེ་བཞིན་ཉིད་མ་
ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། འདུ་བྱེད་ཀྱི་དེ་བཞིན་
ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་
མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་
དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིང་དང་གཟུགས་ཀྱི་
དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་
เล่ม ๑๔ · หน้า 295b
ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས།
སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་
ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རེག་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རེག་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རེག་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རེག་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་
སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ཚོར་བའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བའི་དེ་བཞིན་ཉིད་མ་
ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ཚོར་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཚོར་བའི་དེ་བཞིན་
เล่ม ๑๔ · หน้า 296a
ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲེད་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་
བ་ལྟ་ག་ལ་མཆིས། སྲེད་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྲེད་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྲེད་པའི་དེ་བཞིན་ཉིད་
མཆིས་པར་ཡང་ག་ལ་འགྱུར། སྲེད་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལེན་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལེན་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལེན་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་
དཔའ་ལ་ལེན་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལེན་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲིད་པའི་དེ་བཞིན་
ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྲིད་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྲིད་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར།
བྱང་ཆུབ་སེམས་དཔའ་ལ་སྲིད་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྲིད་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན།
เล่ม ๑๔ · หน้า 296b
དེ་ལ་སྐྱེ་བའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་བའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྐྱེ་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་
ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྐྱེ་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྐྱེ་བའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། དེ་ལ་རྒ་ཤིའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་
དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྒ་ཤིའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་ལ་དེ་ལྟར་བསླབ་པར་བྱའོ། རབ་འབྱོར་གང་ཡང་འདི་
སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་
དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་
เล่ม ๑๔ · หน้า 297a
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་གཟུགས་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་
རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་རྟག་པའི་ཚིག་བླ་དགས་ཡིན་སྙམ་
མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
เล่ม ๑๔ · หน้า 297b
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་
པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདེ་བའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་
เล่ม ๑๔ · หน้า 298a
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་རྣམ་པར་ཤེས་པ་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྡུག་
བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདག་ཡོད་པའི་ཆིག་བླ་དགས་
เล่ม ๑๔ · หน้า 298b
ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ།
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
เล่ม ๑๔ · หน้า 299a
དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་གཟུགས་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མ་ཞི་བའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ།
བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
เล่ม ๑๔ · หน้า 299b
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་འདུ་བྱེད་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་
པར་ཤེས་པ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས་
ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་
ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
เล่ม ๑๔ · หน้า 300a
བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་
ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་
འདི་འདུ་བྱེད་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མི་སྟོང་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་
เล่ม ๑๔ · หน้า 300b
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་
འདི་འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མཚན་མ་མེད་
པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས་
เล่ม ๑๔ · หน้า 301a
ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་ཡོད་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་
སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་
เล่ม ๑๔ · หน้า 301b
སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་
རྣམ་པར་ཤེས་པ་སྨོན་པ་མྱེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཇི་ཞིག་ལ་བརྟེན་ནས། འདི་སྐད་དུ། གཟུགས་ཀྱི་
ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་ཤེས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་
ཡིན་ཞེས་ཟེར། རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ། གཟུགས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན།
ཚོར་བ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་
སེམས་དཔའ་མ་ཡིན། །འདུ་བྱེད་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด