ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑ · หน้า 293b

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །གང་ཡང་བསྐལ་པ་བཟང་པོ་འདི་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་འབྱུང་བ་དེ་དག་ཀྱང་། སའི་ཕྱོགས་འདི་ཉིད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་

འདས་རྣམ་པ་གང་དང་། རྟགས་གང་དང་མཚན་མ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་

སྟོན་ཅིང་འཆད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ལ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱམས་པ་བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། གཟུགས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

གཟུགས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་ད་ལྟར་བྱུང་

เล่ม ๒๑ · หน้า 294a

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་

བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །འདུ་ཤེས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་

བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་བཅིངས་ཤེས་བྱ་བ་འམ་གྲོལ་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་ཤེས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

འདུ་བྱེད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་

เล่ม ๒๑ · หน้า 294b

མྱི་འགྱུར་རོ། །འདུ་བྱེད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །འདུ་བྱེད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་རྟག་ཅེས་

བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བའམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཤེས་བྱ་བ་འམ་

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་དེ་ལྟར་བྱུང་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །མྱིག་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་

เล่ม ๒๑ · หน้า 295a

པར་མྱི་འགྱུར་རོ། །མྱིག་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་རྟག་

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་སྡུག་

ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་འདས་ཞེས་བྱ་

བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

སྣ་བདེ་ཞེས་བྱ་བའམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་ཞི་

ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སྣ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་བདག་ཅེས་

เล่ม ๒๑ · หน้า 295b

བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་བཅིངས་ཤེས་བྱ་བ་འམ་གྲོལ་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་རྟག་ཅེས་བྱ་བ་

འམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་སྡུག་ཅེས་བྱ་བ་

འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་འདས་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །ལུས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་བདེ་

ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཞི་

ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་མ་འོངས་ཞེས་བྱ་བར་ཆོས་

เล่ม ๒๑ · หน้า 296a

སྟོན་པར་མྱི་འགྱུར་རོ། །ཡིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བ་འམ་མ་

ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མ་འོངས་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །གཟུགས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །སྒྲ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་

བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྒྲ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །དྲི་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 296b

དྲི་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་འདས་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲི་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་བདེ་

ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་ཞི་ཞེས་བྱ་

བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རོ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

རོ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་བདག་ཅེས་བྱ་བ་

འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་བཅིངས་ཞེས་བྱ་བ་འམ་

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་རྟག་

เล่ม ๒๑ · หน้า 297a

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །ཆོས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །ཆོས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་

པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱིག་གི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་

เล่ม ๒๑ · หน้า 297b

བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་

པ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་

པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་

རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སྣའི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་

เล่ม ๒๑ · หน้า 298a

སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་

པར་ཤེས་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་

རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་

པར་ཤེས་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ལུས་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་

เล่ม ๒๑ · หน้า 298b

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཡིད་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བའམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་འདས་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱིག་གི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་

เล่ม ๒๑ · หน้า 299a

ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་

མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་

མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་

བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་འདས་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 299b

ལྕེའི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ལུས་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་

བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མ་འོངས་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་

པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྡུག་ཅེས་བྱ་བ་འམ་མི་སྡུག་ཅེས་

เล่ม ๒๑ · หน้า 300a

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །ཡིད་ཀྱི་འདུས་ཏེ་རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་

གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་

เล่ม ๒๑ · หน้า 300b

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་

བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་མ་

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་

เล่ม ๒๑ · หน้า 301a

མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་

བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་

བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་

ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་

རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་

เล่ม ๒๑ · หน้า 301b

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་

བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་

བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་ཅེས་བྱ་བ་

འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བཅིངས་ཞེས་བྱ་བ་

འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་བདེ་ཞེས་བྱ་བ་འམ་

เล่ม ๒๑ · หน้า 302a

སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཆུའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་འདས་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །ཆུའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆུའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱེའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་

เล่ม ๒๑ · หน้า 302b

ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་འདས་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱེའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །རླུང་གི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་སྡུག་ཅེས་བྱ་བ་འམ་

མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་

འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རླུང་གི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་རྟག་ཅེས་བྱ་བ་འམ་མྱི་

རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ནམ་མཁའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་བཅིངས་ཤེས་བྱ་བ་འམ།

เล่ม ๒๑ · หน้า 303a

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནམ་མཁའི་

ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་འདས་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་རྟག་ཅེས་བྱ་བ་

འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་

སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 303b

མ་རིག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མ་རིག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་སྡུག་ཅེས་བྱ་བ་འམ་མྱི་སྡུག་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་འདས་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །འདུ་བྱེད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུ་བྱེད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ་མ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

རྣམ་པར་ཤེས་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་འདས་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་རྟག་ཅེས་བྱ་བ་འམ་མྱི་

เล่ม ๒๑ · หน้า 304a

རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །མྱིང་དང་གཟུགས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱིང་དང་གཟུགས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །སྐྱེ་མཆེད་དྲུག་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་བཅིངས་ཞེས་བྱ་བ་འམ་གྲོལ་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །རེག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

เล่ม ๒๑ · หน้า 304b

འགྱུར་རོ། །རེག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །རེག་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རེག་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཚོར་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཚོར་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་མ་འོངས་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚོར་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །སྲེད་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །སྲེད་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲེད་པ་ད་ལྟར་བྱུང་

เล่ม ๒๑ · หน้า 305a

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་བདག་ཅེས་བྱ་

བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་བཅིངས་ཞེས་བྱ་བ་འམ་

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལེན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་

རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་

པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་འདས་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྲིད་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

སྐྱེ་བ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 305b

སྐྱེ་བ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྐྱེ་བ་མ་འོངས་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །སྐྱེ་བ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་

ཤི་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་

བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྒ་ཤི་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་

เล่ม ๒๑ · หน้า 306a

པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་

ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་

ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བའམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་

རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་

เล่ม ๒๑ · หน้า 306b

པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ་

མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་

རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཞེས་བྱ་བ་

เล่ม ๒๑ · หน้า 307a

འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉེར་གཅིག་པ། །ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་བདེ་ཞེས་བྱ་བ་

འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་

เล่ม ๒๑ · หน้า 307b

སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་

པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་བདེ་ཞེས་

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །ཕྱི་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །ཕྱི་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཕྱི་ནང་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འདས་

เล่ม ๒๑ · หน้า 308a

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་རྟག་

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་

གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་བདག་

ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཆེན་པོ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆེན་པོ་སྟོང་

เล่ม ๒๑ · หน้า 308b

པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

དོན་དམ་པ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་

བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་མ་འོངས་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་བདེ་ཞེས་

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འདས་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་

เล่ม ๒๑ · หน้า 309a

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་བཅིངས་ཤེས་

བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ད་

ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་

ལས་འདས་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདས་ཞེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་

เล่ม ๒๑ · หน้า 309b

ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་

ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་འོངས་ཤེས་བྱ་

བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་

ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་

ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་རྟག་ཅེས་

เล่ม ๒๑ · หน้า 310a

བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་བཅིངས་

ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ད་ལྟར་

བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཆོས་ཐམས་ཅད་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་

མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་

སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 310b

རང་གི་མཚན་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་ཅེས་

བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བའམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བདེ་ཞེས་

เล่ม ๒๑ · หน้า 311a

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་

སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་

བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ངོ་བོ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

เล่ม ๒๑ · หน้า 311b

བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་

རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་

རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

དྲན་པ་ཉེ་བར་གཞག་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་

เล่ม ๒๑ · หน้า 312a

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་

རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་

རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་

རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྫུ་

འཕྲུལ་གྱི་རྐང་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

เล่ม ๒๑ · หน้า 312b

རོ། །དབང་པོ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །དབང་པོ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་པོ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དབང་

པོ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་

རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

སྟོབས་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྟོབས་རྣམས་ད་

ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་

เล่ม ๒๑ · หน้า 313a

ཀྱི་ཡན་ལག་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདས་

ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་

བརྒྱད་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་ཅེས་

བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་

པའི་ལམ་ཡན་ལག་བརྒྱད་པ་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་

བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 313b

འཕགས་པའི་བདེན་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་བཅིངས་ཤེས་

བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་

རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །བསམ་གཏན་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་

ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་མ་འོངས་ཤེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །བསམ་གཏན་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་བདེ་ཞེས་བྱ་བའམ་སྡུག་

བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་

เล่ม ๒๑ · หน้า 314a

མྱེད་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །ཚད་མྱེད་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་

ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་

เล่ม ๒๑ · หน้า 314b

པ་བརྒྱད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་

མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

དགུ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

เล่ม ๒๑ · หน้า 315a

དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་ཅེས་བྱ་བ་འམ་

བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་འོངས་ཤེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་

རོ། །མངོན་པར་ཤེས་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་སྡུག་

ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་

เล่ม ๒๑ · หน้า 315b

ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་བདག་ཅེས་བྱ་བ་འམ་

བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་

བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ད་ལྟར་

བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་

རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་

เล่ม ๒๑ · หน้า 316a

འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་

བཅུ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྡུག་ཅེས་བྱ་བ་

འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ད་

ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

མྱི་འཇིགས་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་

པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་

เล่ม ๒๑ · หน้า 316b

མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་

བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་

རིག་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་

རྗེ་ཆེན་པོ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་

འགྱུར་རོ། །སྙིང་རྗེ་ཆེན་པོ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་

སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

เล่ม ๒๑ · หน้า 317a

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་

འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཐམས་ཅད་ཤེས་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་བདག་ཅེས་བྱ་བ་འམ་

བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ཐམས་ཅད་ཤེས་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་

เล่ม ๒๑ · หน้า 317b

མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདེ་ཞེས་བྱ་བ་འམ་

སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་ཅེས་བྱ་བ་འམ་མ་མྱི་སྡུ་ག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

ལམ་གྱི་རྣམ་པ་ཤེས་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འདས་ཤེས་

བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་

ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བ་འམ་བདག་

མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་འོངས་ཤེས་བྱ་བར་

เล่ม ๒๑ · หน้า 318a

ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ནི་ཇི་ལྟར་སྟོན་པར་འགྱུར། སྟོན་ནི་ཅི་ཞིག་སྟོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་

པའི་ཆོས་སྟོན་པར་འགྱུར་རོ། །ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འདུ་ཤེས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འདུ་བྱེད་ཤིན་ཏུ་རྣམ་པར་

དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱིག་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་

འགྱུར་རོ། །རྣ་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྣ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལྕེ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་

ཆོས་སྟོན་པར་འགྱུར་རོ། །ལུས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཡིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་

ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྒྲ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དྲི་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རོ་ཤིན་ཏུ་རྣམ་པར་

เล่ม ๒๑ · หน้า 318b

དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རེག་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱིག་

གི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་ཤིན་

ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་

རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་

སྟོན་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལྕེའི་

འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་

པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

เล่ม ๒๑ · หน้า 319a

ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལྕེའི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཡིད་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སའི་ཁམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཆུའི་ཁམས་ཤིན་ཏུ་

རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱེའི་ཁམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རླུང་གི་ཁམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་

ཆོས་སྟོན་པར་འགྱུར་རོ། །ནམ་མཁའི་ཁམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །

མ་རིག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འདུ་བྱེད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་

རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱིང་དང་གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྐྱེ་མཆེད་དྲུག་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ།

เล่ม ๒๑ · หน้า 319b

རེག་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཚོར་བ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྲིད་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་

ཆོས་སྟོན་པར་འགྱུར་རོ། །ལེན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྲིད་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྐྱེ་བ་ཤིན་ཏུ་རྣམ་པར་དག་གོ་

ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྒ་ཤི་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་

འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཤིན་ཏུ་རྣམ་

པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་

เล่ม ๒๑ · หน้า 320a

པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་

སྟོན་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མཐའ་ལས་

འདས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཤིན་

ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་

ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་

སྟོན་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཡང་དག་པར་

เล่ม ๒๑ · หน้า 320b

སྤོང་བ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དབང་པོ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་

ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྟོབས་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་

པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་

རོ། །བསམ་གཏན་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཚད་མྱེད་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་

པར་འཇུག་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་

སྟོན་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ།

เล่ม ๒๑ · หน้า 321a

གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །

མྱི་འཇིགས་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཤིན་

ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤིན་ཏུ་རྣམ་

པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤིན་ཏུ་རྣམ་

པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རང་བྱང་ཆུབ་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་

པར་དག་པའི་ཆོས་སྟོན་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་

པའི་ཆོས་སྟོན་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉེར་གཉིས་པ། །གསོལད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ནི་ཡོངས་སུ་དག་པའོ།

เล่ม ๒๑ · หน้า 321b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཚོར་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །འདུ་ཤེས་ཡོངས་

སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །འདུ་བྱེད་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

དག་པའོ། །རབ་འབྱོར་མྱིག་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རྣ་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །སྣ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལྕེ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལུས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཡིད་ཡོངས་སུ་དག་པའི་ཕྱིར། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །སྒྲ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དྲི་ཡོངས་

སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རོ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རེག་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །

ཆོས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་

เล่ม ๒๑ · หน้า 322a

དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ཏུ་

ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

དག་པའོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལུས་ཀྱི་འདུས་ཏེ་

རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด