ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๓ · หน้า 180a

ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་འགག་པའི་ཆོས་ཅན་ནོ། །བདེ་བར་གཤེགས་པ་དེ་ནི་འགག་པའི་ཆོས་ཅན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འགག་

པའི་ཆོས་ཅན་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མ་སྐྱེས་པ་གང་ཡིན་པ་དེ་འགག་པའི་ཆོས་ཅན་ཡིན་ནམ། གསོལ་པ།

བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འགག་པའི་ཆོས་ཅན་གང་ཡིན་པ་དེ་སྐྱེ་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མྱི་འགྱུར་རོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་འགག་པའི་ཆོས་ཅན་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མྱི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

དེ་ཇི་སྙམ་དུ་སེམས། ཆོས་རང་བཞིན་གྱིས་ངོ་བོ་ཉིད་མྱེད་ཅིང་། འགག་པ་ཉིད་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མྱི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་

བ་དེ་བཞིན་དུ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་

འགྱུར་ན། རྟག་པར་མྱི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་བམ། གསོལ་པ། བཅོམ་ལྡན་འདས་ཟབ་བོ། །བཅོམ་

เล่ม ๒๓ · หน้า 180b

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་དེ་ཡང་དེ་བཞིན་ཉིད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལས་སེམས་དེ་གུད་ན་

ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དེ་ལ་དེ་བཞིན་ཉིད་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དེ་བཞིན་ཉིད་ལ་སེམས་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མྱི་སྤྱོད་དོ། །དེ་

ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་བཞིན་ཉིད་ལ་གནས་པ་ལ་ཡོངས་སུ་རྒྱུ་བ་དེ་དག་མྱི་འཇུག་མྱི་འབྱུང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་

ལྡན་འདས་དེ་བཞིན་ཉིད་ནི་གང་དུ་ཡང་ཡོངས་སུ་རྒྱུ་བ་མ་མཆིས་ཏེ། དེ་ཉིད་ལ་ཡང་གང་ཡང་རྒྱུ་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๒๓ · หน้า 181a

ཕྱིན་པ་ལ་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། དེ་ནི་གང་ལ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་

གང་དོན་དམ་པ་ལ་སྤྱོད་པ་དེ་ཡོངས་སུ་རྒྱུ་བ་ལ་སྤྱོད་པ་ཡིན་ནམ། དེ་མཚན་མ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་

སེམས། དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་མཚན་མའི་འདུ་ཤེས་རྣམ་པར་བཤིག་པ་ཡིན། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མ་རྣམ་པར་གཞིག་པར་བྱའོ་ཞེ་འམ།

མཚན་མ་མྱེད་པ་རྣམ་པར་གཞིག་པར་བྱའོ་སྙམ་དུ་མྱི་སྦྱོར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མ་བགྱིས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་འཚང་མི་རྒྱ་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་སྟེ། ཐབས་མཁས་པ་དེས་ཆོས་གང་ཡང་དངོས་པོར་ཡང་མྱི་བགྱིད། དངོས་པོ་མ་མཆིས་པར་ཡང་མྱི་བགྱིད་

เล่ม ๒๓ · หน้า 181b

དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས། སེམས་

ཅན་རྣམས་ཀྱི་དོན་དུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ན། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་

ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཏིང་ངེ་འཛིན་གསུམ་པོ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་མྱེད་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་

སྨོན་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མྱེད་པ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཏིང་ངེ་འཛིན་གསུམ་ལ་གནས་ཏེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་

དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གཅིག་གོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །དེ་ནས་ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་

เล่ม ๒๓ · หน้า 182a

འཛིན་གསུམ་ལ་སྙོམས་པར་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་

བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྨྱི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མྱེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྨྱི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡང་ཡོད་པར་འགྱུར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་ལས་ཤིག་བྱས་ན། ལས་དེ་ལ་སོགས་པ་འམ་འབྲི་བར་འགྱུར་བ་ཡོད་དམ། རབ་འབྱོར་ཀྱིས་སྨྲས་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུར་གསུངས་ན། དེ་ལ་སྩོགས་པ་

འམ་འབྲི་བར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་གྱི་ཆོས་གང་ཡང་སྩོགས་པ་འམ་འབྲི་བ་མྱི་དམྱིགས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི། ལས་དེ་ལ་སྩོགས་པ་འམ་འབྲི་

བར་ཡང་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ་ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ་དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་དེ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་སྐད་ཟེར་སྨྲས་པ་ཚེ་དང་

ལྡན་པ་རབ་འབྱོར་དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པ་སེམས་མྱི་འབྱུང་ངོ་། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པར་སེམས་པ་མྱི་འབྱུང་

เล่ม ๒๓ · หน้า 182b

ངོ་། །དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །མཐོང་བ་དང་ཐོས་པ་དང་བསམས་པ་དང་རྣམ་པར་རིག་པའི་ཆོས་རྣམས་ལ་

བློ་འཇུག་སྟེ། མ་མཐོང་མ་ཐོས་མ་བསམས། རྣམ་པར་མ་རིག་པའི་ཆོས་རྣམས་ལ་ནི་བློ་མི་འཇུག་གོ་དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །དེ་བས་ན་ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་བུ་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་། སེམས་

པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། དེ་ཇི་ལྟར་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན། དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན། རབ་

འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མཚན་མར་བྱས་ནས་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ།

ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྒོམས་ཏེ།

དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་

เล่ม ๒๓ · หน้า 183a

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་བཅོམ་ལྡན་འདས་ཀྱིས་ཕྱིར་མྱི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན། འདི་ལ་དྲིས་ཤིག་དང་། འདི་ལན་གློན་པར་འགྱུར་རོ། །དེ་ནས་ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གནས་བརྟན་རབ་འབྱོར་འདི་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་པ་

ནི་སྐྱེ་བ་གཅིག་གིས་ཐོགས་པ་ཕྱིར་མྱི་ལྡོག་པར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་སྟེ། འདི་ལ་དྲིས་ཤིག་དང་། འདི་ལན་གློན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་

པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མྱིང་འདི་ལན་གློན་ནམ། འོན་ཏེ་གཟུགས་ལན་གློན་ནམ། འོན་ཏེ་ཚོར་བ་ལན་གློན་ནམ། འོན་ཏེ་འདུ་ཤེས་

ལན་གློན་ནམ། འོན་ཏེ་འདུ་བྱེད་ལན་གློན་ནམ། འོན་ཏེ་རྣམ་པར་ཤེས་པ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་

རམ། འོན་ཏེ་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ།

འོན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་དེ་བཞིན་

เล่ม ๒๓ · หน้า 183b

ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་

ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་

གློན་པའི་མཐུ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་

དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །བདག་གིས་ནི་གང་ལན་གློན་པ་དང་། གང་གིས་ལན་གློན་པ་དང་། གང་གི་ལན་གློན་

པ་དང་། གང་ལ་ལན་གློན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལ་ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་

དག་པར་རྗེས་སུ་མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་དུ་བྱས་སམ། བྱམས་པས་སྨྲས་པ།

ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་དུ་བྱས་པ་མྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་

เล่ม ๒๓ · หน้า 184a

སྟེ། འདི་ལྟར་འདི་ཡང་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་བསྟན་པ་སྟེ། འདི་ནི་མྱི་དམྱིགས་པར་སྤྱོད་པས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་

འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ལུང་བསྟན་པའི་ཆོས་དེ་ནི་འདིའོ། །ལུང་བསྟན་པར་གྱུར་པའི་ཆོས་དེ་ནི་འདིའོ། །

ལུང་བསྟན་པར་འགྱུར་བའི་ཆོས་དེ་ནི་འདིའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི། ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ལ་ཐེ་ཙོམ་སྐྱེ་བ་མྱེད་ཅིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

เล่ม ๒๓ · หน้า 184b

ནི་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་

སུ་རྫོགས་པར་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་། སེམས་ཅན་སྐོམ་པ་དང་། གོས་ངན་པ་དང་། ཟས་དང་གོས་དང་། མལ་ཆས་ཕོངས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་

བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་།

རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་སྤྱོད་དང་།

སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད།

เล่ม ๒๓ · หน้า 185a

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་སྲོག་གཅོད་པ་

དག་མཐོང་ངམ། སེམས་ཅན་མ་བྱིན་པར་ལེན་པ་དག་མཐོང་ངམ། སེམས་ཅན་འདོད་པས་ལོག་པར་གཡེམ་པ་དག་མཐོང་ངམ། སེམས་ཅན་རྫུན་དུ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཕྲ་མ་ཟེར་བ་དག་མཐོང་ངམ། སེམས་ཅན་ཞེ་གཅོད་པའི་ཚིག་ཅན་

དག་མཐོང་ངམ། སེམས་ཅན་ཚིག་ཀྱལ་པ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཆགས་སེམས་ཅན་དག་མཐོང་ངམ། སེམས་ཅན་གནོད་སེམས་ཅན་དག་མཐོང་ངམ། སེམས་ཅན་ལོག་པར་ལྟ་བ་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་དག་

མཐོང་ངམ། སེམས་ཅན་ནད་མང་བ་དག་མཐོང་ངམ། སེམས་ཅན་མདོག་ངན་པ་དག་མཐོང་ངམ། སེམས་ཅན་མཐུ་ཆུང་བ་དག་མཐོང་ངམ། སེམས་ཅན་ལོངས་སྤྱོད་ཆུང་བ་དག་མཐོང་ངམ། སེམས་ཅན་རིགས་དམའ་བ་དག་མཐོང་ངམ། སེམས་

ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་

ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་

ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་

เล่ม ๒๓ · หน้า 185b

ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཕན་ཚུན་དུ་གནོད་པར་སེམས་པ་རྡོ་དང་དབྱིག་པ་དང་། མཚོན་གྱིས་འདེབས་ཤིང་རྡེག་པ་དང་། གསོད་པ་

དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་

ཐམས་ཅད་མྱི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལམ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕུ་ནུ་ལྟ་བུའི་སེམས་སུ་འགྱུར་བ་དང་། སྲིང་མོ་ལྟ་བུའི་སེམས་སུ་འགྱུར་

བ་དང་། བྱམས་པའི་སེམས་སུ་འགྱུར་བ་དང་། ཕན་པའི་སེམས་སུ་འགྱུར་བ་དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། སེམས་ཅན་བརྩོན་འགྲུས་ཞན་པ་དང་། ལེ་ལོའི་སེམས་དང་ལྡན་པ་དང་། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ་དག་མཐོང་ན། འདི་ལྟར་

ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་

เล่ม ๒๓ · หน้า 186a

མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་འདོད་པའི་སྲེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་དང་། སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ།

བསམ་གཏན་དང་པོ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་གཉིས་པ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་གསུམ་པ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་བཞི་པ་དང་མྱི་ལྡན་པ་མཐོང་ངམ། བྱམས་པ་དང་མྱི་ལྡན་པ་མཐོང་ངམ།

སྙིང་རྗེ་དང་མྱི་ལྡན་པ་མཐོང་ངམ། དགའ་བ་དང་མྱི་ལྡན་པ་མཐོང་ངམ། བཏང་སྙོམས་དང་མྱི་ལྡན་པ་མཐོང་ངམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་

པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་

བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དག་

เล่ม ๒๓ · หน้า 186b

སེམས་ཅན་ཐམས་ཅད་བསམ་གཏན་ཐོབ་པར་འགྱུར་བ་དང་། ཚད་མྱེད་པ་ཐོབ་པར་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་

ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་

རབ་འཆལ་པ་ཅན་གྱི་སེམས་ཅན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་དང་བྲལ་བ། བྱ་བ་མ་ཡིན་པར་སྨྲ་བ། མེད་པར་སྨྲ་བ། ཆད་པར་སྨྲ་བ། རྟག་པར་སྨྲ་བ། སེམས་ཅན་དུ་སྨྲ་བདག་མཐོང་ན། འདི་ལྟར་ཡོངས་

སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་

སྲིད་པ་དང་། སེམས་ཅན་ཐམས་ཅད་ལྟ་བའི་རྣམ་པ་ཐམས་ཅད་སྤངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་

བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་

เล่ม ๒๓ · หน้า 187a

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་

གནས་པ་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་

ཀྱི་ཞིང་དེ་ན། ཆུང་ངུ་ན་སེམས་ཅན་མ་ངེས་པ་དང་། ལོག་པར་ངེས་པའི་སྒྲ་ཡང་མི་གྲག་ཅིང་མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །

ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་

དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་ངན་སོང་གསུམ་གྱི་སྒྲ་ཡང་མྱི་

གྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་

เล่ม ๒๓ · หน้า 187b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་

ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་ལ་སྡོང་དུ་མ་དང་། ཚེར་མ་དང་། སབ་སུབ་དང་། གཅོང་རོང་དང་། གཡང་ས་དང་། ལྗན་ལྗིན་དང་། ལུད་ཁུང་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གྱི་སེམས་ཅན་གྱི་ཉེས་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་བ་

དེ་ལྟར་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་

ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་དང་། གསེར་དངུལ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན།

ས་ཆེན་པོ་འདི་གཞི་བཻ་ཌཱུརྱ་སྡོན་པོའི་རྒྱུ་ལས་གྲུབ་པ། གསེར་གྱི་བྱེ་མ་བདལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་

เล่ม ๒๓ · หน้า 188a

ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་བདག་ཏུ་བྱ་བའི་ཡོངས་སུ་འཛིན་པ་ལ་གནས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་བདག་གིར་བྱ་བ་ལ་ཡོངས་སུ་འཛིན་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་བདག་གི་མྱེད་པ་དང་།

ཡོངས་སུ་འཛིན་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་

པ་དྲུག་ལ་སྤྱོད་པའི་ཚེ། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། རིགས་བཞི་པོ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མྱི་གྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་

เล่ม ๒๓ · หน้า 188b

སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་

གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རབ་དང་འབྲིང་དང་། ཐ་མ་མཐོང་བ་དང་། སེམས་ཅན་རིགས་མཐོ་བ་དང་རིགས་དམའ་བ་མཐོང་ན།

འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་མྱི་འབྱུང་ཞིང་མྱི་སྲིད་པ་དེ་ལྟ་

དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་

པའི་ཚེ། སེམས་ཅན་ཁ་དོག་ཐ་དད་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་

རྣམས་ཁ་དོག་ཐ་དད་པ་མྱི་འབྱུང་ཞིང་མི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་དང་། ཁ་དོག་བཟང་བའི་མཆོག་རྒྱས་པ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་

เล่ม ๒๓ · หน้า 189a

བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་

རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་

དག་ལ་བདག་པོ་ཡོད་པར་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། བདག་པོར་གདགས་པ་

མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་ལམ་ཐ་དད་པ་མཐོང་ན། འདི་ལྟར་ཡོངས་སུ་

བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ལྷ་དང་། མྱི་དང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་

เล่ม ๒๓ · หน้า 189b

རྗེའི་འཇིག་རྟེན་པའི་ལམ་ཐ་དད་པ་མྱེད་ཅིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་ལས་གཅིག་ཏུ་འགྱུར་ཞིང་དྲན་པ་ཉེ་བར་གཞག་པ་བཞི་དང་མ་བྲལ་བ་དང་། ཡང་དག་པར་སྤོང་བ་བཞི་དང་མ་བྲལ་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་

དང་མ་བྲལ་བ་དང་། དབང་པོ་ལྔ་དང་མ་བྲལ་བ་དང་། སྟོབས་ལྔ་དང་མ་བྲལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་མ་བྲལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་དང་། འཕགས་པའི་བདེན་པ་བཞི་དང་མ་བྲལ་བ་དང་།

བསམ་གཏན་བཞི་དང་མ་བྲལ་བ་དང་། ཚད་མེད་པ་བཞི་དང་མ་བྲལ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མ་བྲལ་བ་དང་། རྣམ་པར་ཐར་པ་བརྒྱད་དང་མ་བྲལ་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་མ་

བྲལ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་མ་བྲལ་བ་དང་། མངོན་པར་ཤེས་པ་ལྔ་དང་མ་བྲལ་བ་དང་། ཏིང་ངེ་འཛིན་རྣམས་དང་མ་བྲལ་བ་དང་། གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་པ་དང་།

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་བྲལ་བ་དང་། མི་འཇིགས་པ་བཞི་དང་མ་བྲལ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་མ་བྲལ་བ་དང་། བྱམས་པ་ཆེན་པོ་དང་མ་བྲལ་བ་དང་། སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་དང་མ་བྲལ་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་

เล่ม ๒๓ · หน้า 190a

པ་དྲུག་ལ་སྤྱད་པའི་ཚེ། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞིར་སྐྱེས་པ། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུ་བ་པ་རྣམས་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་

སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་གནས་གསུམ་པོ་

རྣམས་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་རྫུ་བ་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་

དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མངོན་པར་ཤེས་པ་ལྔ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་

ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད།

เล่ม ๒๓ · หน้า 190b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་བཤང་གཅི་མཐོང་ན། འདི་ལྟར་ཡོངས་སུ་

བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཆོས་དང་དགའ་བ་དང་། བསམ་གཏན་གྱི་ཟས་ཟ་བར་འགྱུར་བ་

དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འོད་

དང་མྱི་ལྡན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་

རང་ལས་འོད་འབྱུང་བ་ཤ་སྟག་ཡོད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་

เล่ม ๒๓ · หน้า 191a

ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་ཉིན་མཚན་དང་ཟླ་བ་དང་། ཡུད་དུ་ཡན་མན་དང་། དུས་མཚམས་དང་། ལོ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉིན་མཚན་དང་། ཟླ་བ་དང་། ཡུད་དུ་ཡན་མན་དང་། དུས་མཚམས་དང་། ལོའི་སྒྲ་ཡང་མི་སྒྲག་ཅིང་མི་སྲིད་པ་དེ་

ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ།

སེམས་ཅན་ཚེ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་

ཐམས་ཅད་ཚེ་དཔག་ཏུ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་

འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

เล่ม ๒๓ · หน้า 191b

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མཚན་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཐམས་ཅད་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །

སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དགེ་བའི་རྩ་བ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ།

ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་ལྡན་པར་འགྱུར་བ་དང་། དགེ་བའི་རྩ་བ་གང་དང་ལྡན་པས་སངས་

རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་

སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

เล่ม ๒๓ · หน้า 192a

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ནད་ཀྱིས་བཏབ་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་བཞི་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་

རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པར་

གྱུར་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། འདི་ལྟ་སྟེ་སེམས་ཅན་

རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་གསུམ་མྱི་འབྱུང་ཞིང་། སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་

དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་

เล่ม ๒๓ · หน้า 192b

ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་

མོས་པ་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཉན་ཐོས་ཀྱི་ཐེག་པ་དང་།

རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་གཉིས་ཀྱི་སྒྲ་ཡང་མྱི་གྲག་ཅིང་། སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་ཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་

རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ང་རྒྱལ་ཅན་དག་མཐོང་ན།

འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ང་རྒྱལ་གྱི་སྒྲ་ཡང་མྱི་གྲག་ཅིང་གཞན་དུ་ན། སེམས་ཅན་

ཐམས་ཅད་ཡང་དག་པའི་དོན་ཤེས་ཤིང་ང་རྒྱལ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་

เล่ม ๒๓ · หน้า 193a

བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་

ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེ་ལ་ཚད་དུ་འགྱུར་བ་དང་། འོད་ལ་ཚད་དུ་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ལ་ཚད་དུ་འགྱུར་བ་དེ་ཙམ་གྱིས། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེའི་ཚད་མྱེད་པར་འགྱུར་བ་དང་། འོད་ཀྱི་ཚད་

མྱེད་པར་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ཚད་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་

སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་འགའ་ཞིག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འགྱུར་བ་དེ་ཙམ་གྱིས་

เล่ม ๒๓ · หน้า 193b

བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། གང་གཱའི་ཀླུང་གི་

བྱེ་མ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་

བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་

པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཀྱེ་མ་འཁོར་བ་འདི་ནི་རིང་ངོ་། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་

མཐའ་ཡས་སོ། །དེས་འདི་ལྟར་ཚུལ་བཞིན་ཡིད་ལ་བྱས་ཏེ། ཀྱེ་མ་འཁོར་བ་འདི་ནི་ནམ་མཁའ་ལྟར་མུ་མྱེད་པའོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་ནམ་མཁའ་ལྟར་མུ་མྱེད་པ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མྱེད། མྱ་ངན་

ལས་འདའ་བ་ཡང་མྱེད་དེ། གཞན་དུ་ན་ཆོས་ཀྱི་བརྡར་སེམས་ཅན་ནམ། འཁོར་བ་འམ། མྱ་ངན་ལས་འདའ་བ་ཞེས་ཐ་སྙད་དུ་བཏགས་པར་ཟད་དོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་

เล่ม ๒๓ · หน้า 194a

བརྒྱ་པ་ལས། ལེའུ་བཞི་བཅུ་གཉིས་སོ།། །།དེ་ནས་འཁོར་དེར་གང་གཱའི་ལྷ་མོ་ཞེས་བྱ་བའི་བུད་མྱེད་ཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་

ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་བདེ་བར་

གཤེགས་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱི་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྐད་དུ་བསྟན་པའི་སངས་རྒྱས་

ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་བཟུང་བར་བགྱིའོ། །ཞེས་ནས་བུད་མྱེད་དེས་གསེར་གྱི་མྱེ་ཏོག་དང་། དངུལ་གྱི་མྱེ་ཏོག་དང་། ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པའི་མྱེ་ཏོག་དང་། རྒྱན་ཐམས་ཅད་དང་། གསེར་གྱི་ཁ་དོག་གི་ན་བཟའ་

ཕྲུགས་སུ་སྦྱར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་གཏོར་ཏོ། མྱེ་ཏོག་དང་། རྒྱན་དང་། ན་བཟའ་ཕྲུགས་སུ་སྦྱར་བ་དེ་དག་གཏོར་མ་ཐག་ཏུ། དེ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་སྟེང་གི་ནམ་

མཁའ་ལ་ཁང་པ་བརྩེགས་པ་གྲྭ་བཞི་དང་ལྡན་པ་ཀ་བ་བཞི་ཟུག་པ་ཆ་མཉམ་པ་ཤིན་ཏུ་སྤ་བ། མདངས་དགའ་བ། ཡིད་དུ་འོང་བ་ཞིག་ཏུ་རེད་དེ་ཀུན་ནས་གནས་པར་གྱུར་ཏོ། །དེ་ནས་བུད་མྱེད་དེས་ཁང་པ་བརྩེགས་པ་དེ་ཡང་སེམས་ཅན་

ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུད་མྱེད་དེའི་བསམ་པ་ཐུགས་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་

เล่ม ๒๓ · หน้า 194b

བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་

དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་ཐོན་པར་གྱུར་ནས། དེ་དག་མཐའ་ཡས་མུ་མྱེད་པའི་འཇིག་རྟེན་གྱི་ཁམས་སུ་དོང་སྟེ། ཕྱིར་འོངས་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་

དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཛུམ་པ་མྱི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གཱའི་ལྷ་མོ་ཞེས་བྱ་བའི་སྲིང་མོ་འདི་མ་འོངས་པའི་དུས་ན། དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་བསྐལ་པ་ལ། གསེར་གྱི་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་འདི་ནི་བུད་མྱེད་འདིའི་བུད་མྱེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །ཀུན་དགའ་བོ་སྲིང་མོ་འདི་བུད་མེད་ཀྱི་ལུས་རྗེས་ཏེ། སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་སྒུལ་བའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་སྟེ། དེར་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་

เล่ม ๒๓ · หน้า 195a

དཔའ་ཆེན་པོ་དེའི་མྱིང་ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་

ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མྱི་འབྲལ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁང་པ་ནས་ཁང་པར་འགྲོ་ཡང་དེ་ནམ་འཚོ་བ་དང་། ནམ་འཆི་བའི་དུས་ཀྱི་བར་དུ་རྐང་

པའི་མཐིལ་གཉིས་ཀྱིས་ས་ལ་མྱི་འགྲོའོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་བར་དུ།

སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུས་པར་འགྱུར་བ་དེ་

དག་ནི་དེ་བཞིན་གཤེགས་པའི་ཚོགས་སུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་

སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་ལྟར་ཡོངས་སུ་རྟོག་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་དུ། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཇི་སྙེད་ཅིག་འདུ་བར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པ་འདུས་པར་བལྟ་སྟེ། དེའི་དགེ་སློང་གི་དགེ་འདུན་ཡང་ཚད་ཟིན་པར་མི་འགྱུར་རོ། །དེའི་དགེ་སློང་གི་དགེ་འདུན་ལ་ཉན་ཐོས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །

เล่ม ๒๓ · หน้า 195b

ཉན་ཐོས་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་སྟོང་ཕྲག་ནི་འདི་སྙེད་ཅིག་

ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཞེས་དགེ་སློང་གི་དགེ་འདུན་དེའི་ཚད་བཟུང་བར་མྱི་ནུས་ཏེ། གཞན་དུ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་

གྲངས་མྱེད་གཞལ་དུ་མྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་

རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟན་པའི་སྐྱོན་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མི་སྲིད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་གང་ཞིག་ལ་མཆོད་པ་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་དེ། སླར་མྱི་ལྡོག་པའི་སེམས་བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲིང་མོ་འདིས་ནི་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

ཡོངས་སུ་བསྔོས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མྱེ་མཛད་དེ་ལ་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསེར་གྱི་མྱེ་ཏོག་ཉིད་ཀྱིས་གཏོར་ཏོ། །ཀུན་དགའ་

เล่ม ๒๓ · หน้า 196a

བོ་ངས་གང་གི་ཚེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་ལྔ་གཏོར་བ་དེའི་ཚེ།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ནས། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེའི་ཚེ་སྲིང་མོ་འདིས་ངའི་ལུང་བསྟན་པ་དེ་

ཐོས་ནས། འདི་སྙམ་དུ་བདག་ཀྱང་ཇི་ལྟར་བྲམ་ཟེའི་བུ་འདི་ལུང་བསྟན་པ་དེ་བཞིན་དུ། མ་འོངས་པའི་དུས་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཅིག །ཅེས་སེམས་བསྐྱེད་དེ་ཀུན་དགའ་བོ་དེ་ལྟར་སྲིང་མོ་འདིས་

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་དྲུང་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་ནི་བླ་ན་

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །ཀུན་དགའ་བོ་སྲིང་མོ་འདི་

ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་གསུམ་མོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

เล่ม ๒๓ · หน้า 196b

སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མྱེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་

ལྟར་མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མྱེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་

ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་

རྐང་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་དབང་པོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དབང་པོ་རྣམས་བསྒོམ་པར་བགྱི། ཇི་ལྟར་སྟོབས་རྣམས་ལ་ཡོངས་སུ་འདྲིས་

པར་བགྱི། ཇི་ལྟར་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་

ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་

བསམ་གཏན་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བསམ་གཏན་རྣམས་བསྒོམ་པར་བགྱི། ཇི་ལྟར་ཚད་མྱེད་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཚད་མྱེད་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་གཟུགས་མྱེད་པའི་

เล่ม ๒๓ · หน้า 197a

སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྣམ་

པར་ཐར་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་བསྒོམ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་

འདྲིས་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་བསྒོམ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི།

ཇི་ལྟར་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་མྱི་འཇིགས་པ་རྣམས་ལ་ཡོངས་སུ་འདྲིས་པར་

བགྱི། ཇི་ལྟར་མྱི་འཇིགས་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི།

ཇི་ལྟར་བྱམས་པ་ཆེན་པོ་བསྒོམ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་བསྒོམ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་

เล่ม ๒๓ · หน้า 197b

ཆོས་མ་འདྲེས་པ་རྣམས་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །

ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་ཤེས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བ་སྟོང་ཞེས་བྱ་བར་

བརྟག་པར་བྱའོ། །སྣ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྒྲ་སྟོང་

ཞེས་བྱ་བར་བརྟག་པར་བྱའོ། །དྲི་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རེག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་

བྱ་བར་བརྟག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་

སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་

རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིག་གི་

เล่ม ๒๓ · หน้า 198a

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་

པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་

པར་བྱའོ། །སའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆུའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱེའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རླུང་གི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནམ་མཁའི་ཁམས་སྟོང་

ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མ་རིག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱིང་དང་

གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྲེད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལེན་པ་སྟོང་

ཞེས་བྱ་བར་བརྟག་པར་བྱའོ། །སྲིད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྒ་ཤི་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་

เล่ม ๒๓ · หน้า 198b

བརྟག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་

པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་

པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དོར་བ་

མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་

བརྟག་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བར་

བརྟག་པར་བྱའོ། །དབང་པོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་

เล่ม ๒๓ · หน้า 199a

པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བསམ་གཏན་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚད་མྱེད་པ་རྣམས་སྟོང་ཞེས་བྱ་བར་བརྟག་

པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཐར་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་

བརྟག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་

བར་བརྟག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མྱི་འཇིགས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སོ་སོ་ཡང་

དག་པར་རིག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །

འདོད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་ཡང་ཅི་ནས་ཀྱང་དེ་ལྟར་བརྟགས་ན་སེམས་གཡེང་བར་མྱི་

འགྱུར་བ་དེ་ལྟར་བརྟག་པར་བྱ་སྟེ། དེ་སེམས་མྱི་གཡེང་བ་དང་ལྡན་པས་ཆོས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་དུ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་

เล่ม ๒๓ · หน้า 199b

དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབས་པས། ཆོས་གང་ལ་ཡང་རིས་སུ་ཆད་པར་མྱི་བྱེད་དེ། གང་མངོན་དུ་བྱེད་པ་དང་གང་མངོན་དུ་བྱ་བ་དང་། གང་གིས་མངོན་དུ་བྱ་བའི་ཆོས་དེ་དག་ཐམས་

ཅད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པའི་ཆོས་རྣམས་མངོན་དུ་མྱི་བྱའོ། །ཞེས་བཀའ་སྩལ་པ་དེ་ལ། བཅོམ་

ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ། སྟོང་པ་ཉིད་མངོན་དུ་མྱི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་

པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟོག་སྟེ། མངོན་ཏུ་མྱི་བྱེད་དོ། །མངོན་ཏུ་བྱའོ། །སྙམ་དུ་མི་རྟོག་གོ །མངོན་དུ་བྱ་བ་ཡིན་ནོ་ཞེས་བྱ་བར་མྱི་རྟོག་སྟེ། ཡོངས་སུ་འདྲིས་པར་བྱ་བར་རྟོག་ཅིང་། འདི་ནི་ཡོངས་སུ་འདྲིས་པར་

བྱ་བའི་དུས་ཀྱི། འདི་ནི་མངོན་ཏུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རྟོག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམྱིགས་པ་ལ་འདོགས་ཏེ། དེས་བར་མ་དོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམ་པར་མྱི་འགྱུར་ཏེ། ཟག་པ་ཟད་པ་ཡང་མངོན་ཏུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཡེ་ཤེས་རླབས་པོ་ཆེ་དང་ལྡན་

པ་སྟེ། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང་། འདི་ལྟར་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཏེ། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ། །ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

เล่ม ๒๓ · หน้า 200a

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས། འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་

དུས་སོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་དུས་སོ། །འདི་

ནི་ཡང་དག་པར་སྤོང་བ་བསྒོམ་པའི་དུས་སོ། །འདི་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་དུས་སོ། །འདི་ནི་དབང་པོ་བསྒོམ་པའི་དུས་སོ། །འདི་ནི་སྟོབས་བསྒོམ་པའི་དུས་སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་དུས་སོ། །

འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་དུས་སོ། །འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་བསྒོམ་པའི་དུས་སོ། །འདི་ནི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་དུས་

སོ། །འདི་ནི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་དུས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཐོབ་པར་བྱ་བའི་དུས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་མི་འཇིགས་པ་བཞི་ཐོབ་པར་བྱ་བའི་

དུས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཐོབ་པར་བྱ་བའི་དུས་སོ། །འདི་ནི་བྱམས་པ་ཆེན་པོ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སྙིང་རྗེ་ཆེན་པོ་

ཐོབ་པར་བྱ་བའི་དུས་ཡིན་ཏེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་ཏུ་བྱ་བའི་དུས་མ་ཡིན། འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་

เล่ม ๒๓ · หน้า 200b

ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བའི་དུས་མ་ཡིན་ཏེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ཡོངས་སུ་མྱི་བཏང་བའི་དུས་སོ། །ཞེས་བྱ་བར་བརྟག་

པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་ཡིན། མཚན་མ་མྱེད་པ་ལ་

ཡོངས་སུ་འདྲིས་པར་བྱེད་ཅིང་མཚན་མ་མེད་པས་རྣམ་པར་སྤྱོད་པ་ཡིན། སྨོན་པ་མྱེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྨོན་པ་མེད་པས་རྣམ་པར་སྤྱོད་པ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒོམ་ཞིང་། དྲན་པ་ཉེ་བར་

གཞག་པ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་ལ་སྒོམ་ཞིང་། ཡང་དག་པར་སྤོང་བ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྒོམ་ཞིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམ་པར་

སྤྱོད་པ་ཡིན། དབང་པོ་རྣམས་ལ་སྒོམ་ཞིང་། དབང་པོ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། སྟོབས་རྣམས་ལ་སྒོམ་ཞིང་། སྟོབས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒོམ་ཞིང་། བྱང་ཆུབ་ཀྱི་

ཡན་ལག་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྒོམ་ཡང་། མངོན་དུ་མྱི་བྱེད་པ་ཡིན། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་མྱི་བྱེད་དོ། །

เล่ม ๒๓ · หน้า 201a

ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་མི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་མངོན་དུ་མྱི་བྱེད་དོ། །རང་བྱང་ཆུབ་མངོན་དུ་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

སྐྱེས་བུ་ཞིག་དཔའ་ཞིང་རྩལ་ཆེ་ལ་ཤིན་ཏུ་བརྟན་ཞིང་གཟུགས་མཛེས་ལ་བྱད་བཞིན་བཟང་ཞིང་བལྟ་ན་སྡུག་པ་ཁ་དོག་བཟང་པོ་མཆོག་ཏུ་རྒྱས་པ་དང་ལྡན་པ། འཕོང་རྩལ་མཆོག་ཏུ་བྱང་བ་མཚོན་ཆ་སྲ་བ་ཐོགས་པ། སྒྱུ་རྩལ་དྲུག་ཅུ་རྩ་

བཞི་པོ་ཐམས་ཅད་ཡོངས་སུ་རྫོགས་པ། བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་རྟོགས་པར་རིག་པ། འགྲོ་བ་མང་པོའི་ཡིད་དུ་འོང་ཞིང་སྡུག་པ། བྱ་བ་གང་དང་གང་རྩོམ་ཡང་ཐམས་ཅད་དུ་རྙེད་པ་ཆེན་པོ་དང་ལྡན་ཏེ། རྙེད་པ་

དེས་སྐྱེ་བོ་མང་པོ་ལ་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ལ། དེ་ཤིན་ཏུ་དགའ་ཞིང་སྤྲོ་བ་དང་ཉམས་དགའ་ཞིང་། ཡིད་བདེ་བ་རྒྱ་ཆེན་པོ་དག་སྐྱེས་ནས་དགོས་པ་ཞིག་གི་ཕྱིར། ཕ་མ་དང་བུ་དང་། ཆུང་མ་

དག་ཁྲིད་དེ། འབྲོག་དགོན་པ་བྱིས་པ་རྣམས་འཇིགས་ཤིང་སྐྱི་གཡའ་བར་སོང་སྟེ། སྐྱེས་བུ་དེས་དེར་ཕྱིན་ནས། ཕ་མ་དང་བུ་དང་ཆུང་མ་ལ་མྱི་འཇིགས་པ་བྱིན་ཏེ། འཇིགས་པར་མ་བྱེད་མ་འཇིགས་ཤིག །བདག་གིས་ཁྱེད་འབྲོག་དགོན་

པ་འཇིགས་ཤིང་ཉམས་མྱི་བདེ་བ་འདི་ལས་མྱུར་དུ་གདོན་ཅིང་མྱུར་དུ་ཐར་པར་བྱའོ་ཞེས་མྱི་འཇིགས་པ་བྱིན་ཏེ། འབྲོག་དགོན་པ་དེར་སྐྱེས་བུ་དེ་ལ་གསོད་པའི་དགྲ་ཕྱིར་རྒོལ་བ་མང་པོ་ཉེ་བར་གནས་པར་གྱུར་ནས་སྐྱེས་བུ་དེ་ཡང་ཤེས་རབ་ཀྱི་མཐུ་དམ་པ་དང་

ལྡན་པར་གྱུར་ཏེ། དེས་ཕ་མ་དང་བུ་དང་ཆུང་མ་དག་འབྲོག་དགོན་པ་དེ་ནས་བཏོན་ཏེ། བདེ་ཞིང་ཉོན་མ་མོངས་པར་ཐར་བར་བྱས་ནས། ཕྱིར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ཀྱི་འདབ་དུ་མ་སྣད་མ་ཉམས་པར་ཕྱིན་ནས། དགའ་ཞིང་

เล่ม ๒๓ · หน้า 201b

ཡིད་བདེ་བ་སྐྱེས་ཏེ། དགྲ་ཕྱིར་རྒོལ་བའི་སེམས་ཅན་དེ་དག་ལ་ཡང་སེམས་ཀྱིས་སྡང་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དེས་སྒྱུ་རྩལ་ཐམས་ཅད་ལ་བྱང་བར་བྱས་པས། དེས་འབྲོག་དགོན་པ་དེར་ཕྱིར་རྒོལ་བ་དེ་དག་པས་ཕྱིར་རྒོལ་བ་

གཞན་ཆེས་ཕལ་ཆེ་བ་ཆེས་མང་བ་ཆེས་དཔའ་བ། ཆེས་མཚོན་ཆ་སྲ་བ་དང་ལྡན་པ་དག་སྤྲུལ་ཏེ། ཕྱིར་རྒོལ་བ་དེ་དག་ཐམས་ཅད་འཇིགས་པ་དེས་མྱེད་པར་གྱུར་ནས། སྐྱེས་བུ་དེས་ཕ་མ་དང་། བུ་དང་ཆུང་མ་དེ་དག་ཉོན་མ་མོངས་པར་ཐར་བར་

བྱས་ནས། བདེ་བར་རྣམ་པར་སྤྱོད་པ་ཞིག་ཡོད་ན། རབ་འབྱོར་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱམས་པར་དམྱིགས་པའི་སེམས་དང་། སྙིང་རྗེར་དམྱིགས་པའི་སེམས་དང་།

དགའ་བར་དམྱིགས་པའི་སེམས་དང་། བཏང་སྙོམས་སུ་དམྱིགས་པའི་སེམས་ཀྱིས་ཁྱད་པར་བྱས་ནས་གནས་ཏེ། དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མྱེད་པ་བཞི་ལ་གནས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་

སུ་རྫོགས་པར་བྱེད་དོ། །ཡོངས་སུ་རྫོགས་པར་བྱས་ནས་ཟག་པ་ཟད་པ་མ་ཐོབ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་

གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དེ། དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མ་ཡང་རྣམ་པར་མྱི་སྤྱོད། མཚན་མ་མྱེད་པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་པས། ཉན་

ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་ཏུ་མྱི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཞིང་ས་ལ་མྱི་ལྟུང་སྟེ། ནམ་མཁའ་བར་སྣང་ལ་གནས་ཀྱང་དེ་ལ་

เล่ม ๒๓ · หน้า 202a

གནས་པ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སྟོང་པ་ཉིད་ལ་ཡང་རྣམ་པར་སྤྱོད། མཚན་མ་མྱེད་པ་དང་། སྨོན་པ་མྱེད་

པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་ཡང་རྣམ་པར་སྤྱོད་དེ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་མངོན་དུ་བྱས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་ཡང་

མངོན་ཏུ་མྱི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་ལ་སྤྱོད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཐུ་དང་ལྡན་པ་འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ་འཕོང་རྩལ་བསླབས་

པ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་ལ། དེས་མདའ་ཞིག་གནམ་དུ་འཕངས་ཏེ། མདའ་དེ་གནམ་དུ་འཕངས་ནས་མདའ་གཞན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕངས་པས། མདའ་སྔ་མ་དེ་ས་ལ་ལྟུང་དུ་མ་བཅུག་སྟེ། ཇི་སྲིད་དུ་སྐྱེས་བུ་དེས་དེ་ནི་

མདའ་འདི་ས་ལ་ལྟུང་བར་བྱའོ། །སྙམ་དུ་འདོད་པར་མ་བྱས་པ་དེ་སྲིད་དུ་མདའ་དེ་ས་ལ་མྱི་ལྟུང་སྟེ། ནམ་མདའ་ཕྱི་མ་མ་འཕངས་པ་དེའི་ཚེ། མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ས་ལ་ལྡོག་གོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་མཁས་པས་ཡོངས་སུ་བཟུང་བ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ། དེ་སྲིད་དུ་

เล่ม ๒๓ · หน้า 202b

ཡང་དག་པའི་མཐའ་དམ་པ་མངོན་དུ་མྱི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བ་དེ་ནི། ཡང་དག་པའི་མཐའ་དམ་པ་མངོན་ཏུ་བྱེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་དེ་དག་གི་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་པར་བྱའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་

སློབ་པ། ཡང་དག་པའི་མཐའ་ལ་སློབ་པ། དེ་བཞིན་ཉིད་ལ་སློབ་པ། ཆོས་ཀྱི་དབྱིངས་ལ་སློབ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སློབ་པ། དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་པ།

རང་བཞིན་སྟོང་པ་ཉིད་ལ་སློབ་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང་། བར་མ་དོར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་

ཉམས་པར་མྱི་འགྱུར་བ་ནི་དཀའ་བ་བགྱིད་པ་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟ་བུར་

འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་སྟེ། དམ་པ་མ་ཡིན་པའི་ཆོས་ལ་གནས་པ་འདི་དག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱའོ་ཞེས་དེ་ལྟ་བུའི་

เล่ม ๒๓ · หน้า 203a

སེམས་མངོན་པར་སྒྲུབ་ཅིང་། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང་། རྣམ་པར་ཐར་པའི་སྒོ་མཚན་

མ་མྱེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དེའི་ཚེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་

པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་།

དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་

བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། གནས་

ཟབ་མོ་དེ་དག་ལ་བརྟག་པར་འདོད་པར་གྱུར་ན། དེས་འདི་ལྟར་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། འགྲོ་བར་འདུ་ཤེས་པ་དང་། གསོ་

เล่ม ๒๓ · หน้า 203b

བར་འདུ་ཤེས་པ་དང་། སྐྱེས་བུར་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ཅན་དུ་འདུ་ཤེས་པ་དང་། ཤེད་བདག་ཏུ་འདུ་ཤེས་པ་དང་། བྱེད་པ་པོར་འདུ་ཤེས་པ་དང་། ཚོར་བ་པོར་འདུ་ཤེས་པ་

དང་། ཤེས་པ་པོར་འདུ་ཤེས་པ་དང་། མཐོང་བ་པོར་འདུ་ཤེས་པས་དམྱིགས་པ་ལ་སྤྱོད་ཀྱིས་དེ་དག་གི་དམྱིགས་པ་སྤོང་བའི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་མངོན་པར་བསྒྲུབ་

པར་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་ཡང་དག་པའི་མཐའ་གང་མངོན་དུ་བྱས་པས།

རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་པ་དང་། དགྲ་བཅོམ་པ་ཉིད་འཐོབ་པ་དང་། རང་བྱང་ཆུབ་འཐོབ་པར་འགྱུར་བ་མངོན་དུ་མྱི་བྱེད་དོ། །རབ་

འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དང་། དགེ་བའི་རྩ་བ་དེ་དག་དང་། ཐབས་མཁས་པ་དང་ལྡན་པ་ནི་བར་མ་དོར་ཡང་དག་པའི་མཐའ་ཡང་མངོན་ཏུ་མྱི་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་

ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་

འགྲིབ་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །

เล่ม ๒๓ · หน้า 204a

ཕྱི་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་

པར་མི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མཐའ་ལས་འདས་པ་

སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་

མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དངོས་པོ་མྱེད་

པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ཡང་ཡོངས་སུ་

འགྲིབ་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དབང་པོ་ལྔ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སྟོབས་ལྔ་ཡང་ཡོངས་སུ་

འགྲིབ་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་

เล่ม ๒๓ · หน้า 204b

འགྱུར་རོ། །བསམ་གཏན་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཚད་མྱེད་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རྣམ་པར་

ཐར་པ་བརྒྱད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཡོངས་

སུ་འགྲིབ་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་

ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་འཇིགས་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བྱམས་པ་ཆེན་པོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །

སྙིང་རྗེ་ཆེན་པོ་ཡང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཚེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡོངས་སུ་འགྲིབ་པར་མྱི་འགྱུར་

ཏེ། ཐབས་མཁས་པས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཞིང་དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྟ་བུ་མ་ཡིན་

เล่ม ๒๓ · หน้า 205a

པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ་རྟག་པར་འདུ་ཤེས་པ་དང་།

བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་དག་གི་ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ན་

ཅི་ནས་ཀྱང་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། སྡུག་ཅེས་བྱ་བའི་ཡོངས་སུ་རྒྱུ་བ་མེད་པར་ཆོས་བསྟན་པར་བྱའོ་སྙམ་སྟེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པར། ཐབས་མཁས་པས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་

སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་ཏུ་མི་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམྱིགས་པ་ལ་སྤྱོད་སྤྱོད་པ་སྟེ། བདག་ཅེས་བྱ་བ་འམ། སེམས་ཅན་ཞེས་བྱ་བ་འམ། སྲོག་ཅེས་བྱ་བ་འམ། འགྲོ་བ་ཞེས་བྱ་བ་འམ། གསོ་བ་ཞེས་བྱ་བ་འམ།

เล่ม ๒๓ · หน้า 205b

སྐྱེས་བུ་ཞེས་བྱ་བ་འམ། གང་ཟག་ཅེས་བྱ་བ་འམ། ཤེད་ཅན་ཞེས་བྱ་བ་འམ། ཤེད་བདག་ཅེས་བྱ་བ་འམ། བྱེད་པ་པོ་ཞེས་བྱ་བ་འམ། ཚོར་བ་པོ་ཞེས་བྱ་བ་འམ། ཤེས་པ་པོ་ཞེས་བྱ་བ་འམ། མཐོང་བ་པོ་ཞེས་བྱ་བ་འམ། གཟུགས་ཤེས་བྱ་བ་

འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། འདུ་བྱེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། ཕུང་པོ་ཞེས་བྱ་བ་འམ། ཁམས་ཤེས་བྱ་བ་འམ། སྐྱེ་མཆེད་ཅེས་བྱ་བ་འམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་འམ།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འམ། ནང་སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་སྟོང་པ་ཉིད་ཅེས་བྱ་བ་འམ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་འམ། དོན་དམ་པ་སྟོང་པ་

ཉིད་ཅེས་བྱ་བ་འམ། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་འམ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་

བ་འམ། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འམ། ངོ་བོ་

ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་བྱ་བ་འམ། ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བ་འམ། དབང་པོ་རྣམས་

เล่ม ๒๓ · หน้า 206a

ཤེས་བྱ་བ་འམ། སྟོབས་རྣམས་ཤེས་བྱ་བ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འམ། འཕགས་པའི་བདེན་པ་རྣམས་ཤེས་བྱ་བ་འམ། བསམ་གཏན་རྣམས་

ཤེས་བྱ་བ་འམ། ཚད་མྱེད་པ་རྣམས་ཤེས་བྱ་བ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་པ་རྣམས་ཤེས་བྱ་བ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་

པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱ་བ་འམ། མངོན་པར་ཤེས་པ་རྣམས་ཤེས་བྱ་བ་འམ། ཏིང་ངེ་འཛིན་རྣམས་ཤེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་ཤེས་བྱ་བ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་

ཤེས་བྱ་བ་འམ། མྱི་འཇིགས་པ་རྣམས་ཤེས་བྱ་བ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཤེས་བྱ་བ་འམ། བྱམས་པ་ཆེན་པོ་ཞེས་བྱ་བ་འམ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤེས་བྱ་བར་དམྱིགས་པ་ལ་སྤྱོད་

སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དམྱིགས་པའི་ཉེས་པ་དེ་དག་མྱེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་

པ་དེ་ལྟ་བུ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་

རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

เล่ม ๒๓ · หน้า 206b

པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ། བུད་མྱེད་ཀྱི་མཚན་མ་འམ། སྐྱེས་པའི་མཚན་མ་འམ། གཟུགས་ཀྱི་མཚན་མ་འམ། ཚོར་བའི་མཚན་མ་འམ། འདུ་ཤེས་ཀྱི་མཚན་མའམ།

འདུ་བྱེད་ཀྱི་མཚན་མ་འམ། རྣམ་པར་ཤེས་པའི་མཚན་མ་འམ། མྱིག་གི་མཚན་མ་འམ། རྣ་བའི་མཚན་མ་འམ། སྣའི་མཚན་མ་འམ། ལྕེའི་མཚན་མ་འམ། ལུས་ཀྱི་མཚན་མ་འམ། ཡིད་ཀྱི་མཚན་མ་འམ། གཟུགས་ཀྱི་མཚན་མ་འམ།

སྒྲའི་མཚན་མ་འམ། དྲིའི་མཚན་མ་འམ། རོའི་མཚན་མ་འམ། རེག་གི་མཚན་མ་འམ། ཆོས་ཀྱི་མཚན་མ་འམ། མིག་གི་རྣམ་པར་ཤེས་པའི་མཚན་མ་འམ། རྣ་བའི་རྣམ་པར་ཤེས་པའི་མཚན་མ་འམ། སྣའི་རྣམ་པར་ཤེས་པའི་མཚན་མ་འམ།

ལྕེའི་རྣམ་པར་ཤེས་པའི་མཚན་མའམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་མ་འམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མ་འམ། མྱིག་གི་འདུས་ཏེ་རེག་པའི་མཚན་མ་འམ། རྣ་བའི་འདུས་ཏེ་རེག་

པའི་མཚན་མ་འམ། སྣའི་འདུས་ཏེ་རེག་པའི་མཚན་མ་འམ། ལྕེའི་འདུས་ཏེ་རེག་པའི་མཚན་མ་འམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་མ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། རྣ་བའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ།

เล่ม ๒๓ · หน้า 207a

ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་མ་འམ། སའི་ཁམས་ཀྱི་མཚན་མ་འམ། ཆུའི་ཁམས་ཀྱི་མཚན་མ་འམ། མྱེའི་ཁམས་ཀྱི་མཚན་མ་འམ། རླུང་གི་ཁམས་ཀྱི་མཚན་མ་འམ། ནམ་མཁའི་

ཁམས་ཀྱི་མཚན་མ་འམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་འམ། མ་རིག་པའི་མཚན་མ་འམ། འདུ་བྱེད་ཀྱི་མཚན་མ་འམ། རྣམ་པར་ཤེས་པའི་མཚན་མ་འམ། མྱིང་དང་གཟུགས་ཀྱི་མཚན་མ་འམ། སྐྱེ་མཆེད་དྲུག་གི་མཚན་

མ་འམ། རེག་པའི་མཚན་མ་འམ། ཚོར་བའི་མཚན་མ་འམ། སྲེད་པའི་མཚན་མ་འམ། ལེན་པའི་མཚན་མ་འམ། སྲིད་པའི་མཚན་མ་འམ། སྐྱེ་བའི་མཚན་མ་འམ། རྒ་ཤིའི་མཚན་མ་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་

མ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། ནང་སྟོང་པ་ཉིད་ཀྱི་མཚན་མ་འམ། ཕྱི་སྟོང་པ་ཉིད་ཀྱི་མཚན་མ་འམ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་མ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་མ་འམ།

དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་མ་འམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་མ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མ་

འམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་མ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་མ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། མི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་མ་

เล่ม ๒๓ · หน้า 207b

འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་མ་འམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་འམ། དྲན་པ་ཉེ་བར་གཞག་པའི་མཚན་མ་འམ། ཡང་དག་པར་སྤོང་བའི་མཚན་མ་འམ།

རྫུ་འཕྲུལ་ཀྱི་རྐང་པའི་མཚན་མ་འམ། དབང་པོའི་མཚན་མ་འམ། སྟོབས་ཀྱི་མཚན་མ་འམ། བྱང་ཆུབ་ཀྱི་ཡན་ལག་གི་མཚན་མ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་འམ། འཕགས་པའི་བདེན་པའི་མཚན་མ་

འམ། བསམ་གཏན་གྱི་མཚན་མ་འམ། ཚད་མྱེད་པའི་མཚན་མ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་མཚན་མ་འམ། རྣམ་པར་ཐར་པའི་མཚན་མ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་མ་འམ།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པའི་མཚན་མ་འམ། མངོན་པར་ཤེས་པའི་མཚན་མ་འམ། ཏིང་ངེ་འཛིན་གྱི་མཚན་མ་འམ། གཟུངས་ཀྱི་སྒོའི་མཚན་མ་འམ། དེ་བཞིན་གཤེགས་པའི་

སྟོབས་ཀྱི་མཚན་མ་འམ། མྱི་འཇིགས་པའི་མཚན་མ་འམ། སོ་སོ་ཡང་དག་པར་རིག་པའི་མཚན་མ་འམ། བྱམས་པ་ཆེན་པོའི་མཚན་མ་འམ། སྙིང་རྗེ་ཆེན་པོའི་མཚན་མ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཚན་མ་འམ།

རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་མ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་མ་འམ། ཕྱིར་མྱི་འོང་བའི་འབྲས་བུའི་མཚན་མ་འམ། དགྲ་བཅོམ་པ་ཉིད་ཀྱི་མཚན་མ་འམ། རང་བྱང་ཆུབ་ཀྱི་མཚན་མ་འམ། ལམ་གྱི་རྣམ་

པ་ཤེས་པ་ཉིད་ཀྱི་མཚན་མ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས།

เล่ม ๒๓ · หน้า 208a

སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་མྱེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་

ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་

ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་སྔོན་དུ་མྱི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་

རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་

བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། འཁོར་ལོས་སྒྱུར་བ་ལ་མངོན་པར་དགའོ། །གཟུགས་ལ་མངོན་པར་དགའོ། །ཚོར་བ་ལ་མངོན་པར་དགའོ། །འདུ་ཤེས་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་པར་

དགའོ། །རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མྱིག་ལ་མངོན་པར་དགའོ། །རྣ་བ་ལ་མངོན་པར་དགའོ། །སྣ་ལ་མངོན་པར་དགའོ། །ལྕེ་ལ་མངོན་པར་དགའོ། །ལུས་ལ་མངོན་པར་དགའོ། །ཡིད་ལ་མངོན་པར་

དགའོ། །གཟུགས་ལ་མངོན་པར་དགའོ། །སྒྲ་ལ་མངོན་པར་དགའོ། །དྲི་ལ་མངོན་པར་དགའོ། །རོ་ལ་མངོན་པར་དགའོ། །རེག་ལ་མངོན་པར་དགའོ། །ཆོས་ལ་མངོན་པར་དགའོ། །མྱིག་གི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །

เล่ม ๒๓ · หน้า 208b

རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །སྣའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་

དགའོ། །མྱིག་གི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །སྣའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་

མངོན་པར་དགའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་མངོན་པར་དགའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་དགའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མངོན་པར་

དགའོ། །སའི་ཁམས་ལ་མངོན་པར་དགའོ། །ཆུའི་ཁམས་ལ་མངོན་པར་དགའོ། །མྱེའི་ཁམས་ལ་མངོན་པར་དགའོ། །རླུང་གི་ཁམས་ལ་མངོན་པར་དགའོ། །ནམ་མཁའི་ཁམས་ལ་མངོན་པར་དགའོ། །རྣམ་པར་ཤེས་པའི་ཁམས་ལ་

མངོན་པར་དགའོ། །མ་རིག་པ་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་པར་དགའོ། །རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མྱིང་དང་གཟུགས་ལ་མངོན་པར་དགའོ། །སྐྱེ་མཆེད་དྲུག་ལ་མངོན་པར་དགའོ། །རེག་པ་ལ་

མངོན་པར་དགའོ། །ཚོར་བ་ལ་མངོན་པར་དགའོ། །སྲེད་པ་ལ་མངོན་པར་དགའོ། །ལེན་པ་ལ་མངོན་པར་དགའོ། །སྲིད་པ་ལ་མངོན་པར་དགའོ། །སྐྱེ་བ་ལ་མངོན་པར་དགའོ། །རྒ་ཤི་ལ་མངོན་པར་དགའོ། །སྦྱིན་པའི་ཕ་

เล่ม ๒๓ · หน้า 209a

རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །

སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །ཆེན་པོ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །འདུས་བྱས་སྟོང་པ་ཉིད་ལ་མངོན་པར་དགའོ། །འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་

དགའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །རང་བཞིན་སྟོང་པ་ཉིད་ལ་མངོན་པར་དགའོ། །ཆོས་

ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་དགའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་

པར་དགའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་དགའོ། །ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་དགའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་དགའོ། །

དབང་པོ་རྣམས་ལ་མངོན་པར་དགའོ། །སྟོབས་རྣམས་ལ་མངོན་པར་དགའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་དགའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་དགའོ། །འཕགས་པའི་བདེན་པ་རྣམས་ལ་མངོན་

เล่ม ๒๓ · หน้า 209b

པར་དགའོ། །བསམ་གཏན་རྣམས་ལ་མངོན་པར་དགའོ། །ཚད་མྱེད་པ་རྣམས་ལ་མངོན་པར་དགའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་དགའོ། །རྣམ་པར་ཐར་པ་རྣམས་ལ་མངོན་པར་དགའོ། །

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་དགའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་དགའོ། །མངོན་པར་ཤེས་པ་རྣམས་ལ་མངོན་པར་དགའོ། །

ཏིང་ངེ་འཛིན་རྣམས་ལ་མངོན་པར་དགའོ། །གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་དགའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་དགའོ། །མྱི་འཇིགས་པ་རྣམས་ལ་མངོན་པར་དགའོ། །སོ་སོ་ཡང་དག་པར་རིག་པ་

རྣམས་ལ་མངོན་པར་དགའོ། །བྱམས་པ་ཆེན་པོ་ལ་མངོན་པར་དགའོ། །སྙིང་རྗེ་ཆེན་པོ་ལ་མངོན་པར་དགའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་དགའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མངོན་པར་དགའོ། །ལན་

ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །དགྲ་བཅོམ་པ་ཉིད་ལ་མངོན་པར་དགའོ། །རང་བྱང་ཆུབ་ལ་མངོན་པར་དགའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་

དགའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་དགའོ། །དེ་ལྟ་བས་ན་དེ་དག་གི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་སྨོན་ལམ་གྱི་ཉེས་པ་

དེ་དག་མྱེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས།

เล่ม ๒๓ · หน้า 210a

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་སུ་འགྱུར་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་

བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཤིང་།

བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་ཡང་མངོན་དུ་མྱི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་།

འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་

བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་

เล่ม ๒๓ · หน้า 210b

ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་

སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་

པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་རྣམས་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་

གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། འདྲིས་པར་བྱེད་ཅིང་། དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་འདུ་བྱ་བ་མྱེད་པར་ལྟུང་བ་འམ། ཁམས་གསུམ་པ་དང་ལྷན་ཅིག་གནས་

པའི་གནས་མྱེད། སྐབས་མྱེད་དེ་དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་

เล่ม ๒๓ · หน้า 211a

སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་སྤྱད་དེ། ཡོངས་སུ་འདྲིས་པར་བྱས་ནས་སྟོང་པ་ཉིད་དང་། ཡང་

དག་པའི་མཐའ་གང་རྟོགས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་།

རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མྱི་བྱེད་ཅིང་། ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་པ་ཡིན། ཇི་ལྟར་ན་མཚན་མ་མྱེད་པ་ཡང་མངོན་དུ་མི་བྱེད། སྨོན་པ་མྱེད་པ་ཡང་མངོན་ཏུ་མི་བྱེད། མངོན་པར་འདུ་བྱ་བ་མྱེད་པར་ཡང་

མངོན་ཏུ་མི་བྱེད། སྐྱེ་བ་མྱེད་པར་ཡང་མངོན་ཏུ་མི་བྱེད། དངོས་པོ་མྱེད་པ་ཡང་མངོན་ཏུ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྒོམ་པར་བྱ་ཞེས་དྲི་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་ལ། བྱང་ཆུབ་སེམས་དཔའ་དག་གིས་དེ་སྐད་དུ་དྲིས་ན། འདི་ལ་ལན་གློན་ཞིང་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །དེས་མཚན་མ་མྱེད་པ་ཡིད་ལ་བྱའོ། །དེས་སྨོན་པ་མྱེད་པ་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་མྱེད་པ་ཡིད་ལ་བྱའོ། །

དེས་སྐྱེ་བ་མྱེད་པ་ཡིད་ལ་བྱའོ། །དེས་འགག་པ་མྱེད་པ་ཡིད་ལ་བྱའོ། །དེས་དངོས་པོ་མྱེད་པ་ཡིད་ལ་བྱའོ་ཞེས་ཟེར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

เล่ม ๒๓ · หน้า 211b

ཡོངས་སུ་འདྲིས་པར་བྱ་བ་དེ་རྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་སྐད་དུ་དྲིས་ན་འདི་སྐད་དུ་ལུང་སྟོན་ཅིང་། དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །

དེས་མཚན་མ་མྱེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་མངོན་པར་འདུ་བྱ་བ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །དེས་སྐྱེ་བ་མྱེད་པ་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །

དེས་དངོས་པོ་མྱེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་མྱི་བྱའོ། །ཞེས་ཟེར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཇི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མི་རྗོད་ཅིང་ལུང་མྱི་སྟོན་ལ་རབ་ཏུ་མྱི་འབྱེད་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་མྱི་རྗོད་པ་དང་། ལུང་མི་སྟོན་པ་དང་། རབ་ཏུ་མྱི་

འབྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོངས་སུ་འདྲིས་པར་བྱས་ནས། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མྱི་ལྡོག་པའི་ས་ནོན་

པ་ལྟར། བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གང་གིས་སླར་མྱི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด