ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๔ · หน้า 179a

རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་

དོན་ཅེས་སྤྱད་པར་མྱི་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཡིད་ཀྱི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །སའི་ཁམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སའི་ཁམས་བདག་

གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཆུའི་ཁམས་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །ཆུའི་ཁམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱེའི་ཁམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱེའི་ཁམས་བདག་གི་དོན་

མ་ཡིན་ཞེས་སྤྱད་པར་མི་བྱའོ། །རླུང་གི་ཁམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རླུང་གི་ཁམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ནམ་མཁའི་ཁམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ནམ་མཁའི་ཁམས་

བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣམ་པར་ཤེས་པའི་ཁམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣམ་པར་ཤེས་པའི་ཁམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མ་རིག་པ་བདག་གི་དོན་ཅེས་སྤྱད་པར་མྱི་

เล่ม ๒๔ · หน้า 179b

བྱའོ། །མ་རིག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འདུ་བྱེད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །འདུ་བྱེད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣམ་པར་

ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱིང་དང་གཟུགས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱིང་དང་གཟུགས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྐྱེ་མཆེད་དྲུག་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྐྱེ་

མཆེད་དྲུག་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རེག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཚོར་བ་བདག་གི་དོན་མ་ཡིན་

ཞེས་སྤྱད་པར་མི་བྱའོ། །སྲེད་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྲེད་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལེན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལེན་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །

སྲིད་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྲིད་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྐྱེ་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྐྱེ་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྒ་ཤི་བདག་གི་དོན་ཅེས་སྤྱད་པར་

མྱི་བྱའོ། །རྒ་ཤི་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལད་

ཏུ་ཕྱིན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་གི་

เล่ม ๒๔ · หน้า 180a

དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ནང་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ནང་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཕྱི་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཕྱི་སྟོང་པ་ཉིད་བདག་གི་

དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཕྱི་ནང་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཕྱི་ནང་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་

ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཆེན་པོ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཆེན་པོ་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དོན་དམ་པ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །

དོན་དམ་པ་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །འདུས་བྱས་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །འདུས་བྱས་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་བདག་གི་

དོན་ཅེས་སྤྱད་པར་མྱི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་

เล่ม ๒๔ · หน้า 180b

བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དོར་བ་མྱེད་པ་

སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རང་བཞིན་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རང་བཞིན་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་

མྱི་བྱའོ། ཆོས་ཐམས་ཅད་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱི་དམྱིགས་པ་སྟོང་

པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བདག་གི་དོན་མ་ཡིན་

ཞེས་སྤྱད་པར་མྱི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཡང་དག་པར་སྤོང་

བ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཡང་དག་པར་སྤོང་བ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་གི་དོན་མ་ཡིན་ཞེས་

เล่ม ๒๔ · หน้า 181a

སྤྱད་པར་མྱི་བྱའོ། །དབང་པོ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དབང་པོ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྟོབས་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྟོབས་རྣམས་བདག་

གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་གི་དོན་ཅེས་སྤྱད་

པར་མྱི་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འཕགས་པའི་བདེན་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །འཕགས་པའི་བདེན་པ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །

བསམ་གཏན་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བསམ་གཏན་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚད་མྱེད་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཚད་མྱེད་པ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་

བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣམ་པར་ཐར་པ་བརྒྱད་བདག་གི་དོན་ཅེས་སྤྱད་པར་

མྱི་བྱའོ། །རྣམ་པར་ཐར་པ་བརྒྱད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདག་གི་དོན་མ་

ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་གི་དོན་མ་

เล่ม ๒๔ · หน้า 181b

ཡིན་ཞེས་སྤྱད་པར་མྱི་བྱའོ། །མངོན་པར་ཤེས་པ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མངོན་པར་ཤེས་པ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཏིང་ངེ་འཛིན་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཏིང་ངེ་འཛིན་

རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །གཟུངས་ཀྱི་སྒོ་རྣམས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །གཟུངས་ཀྱི་སྒོ་རྣམས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་གི་དོན་ཅེས་

སྤྱད་པར་མྱི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱི་འཇིགས་པ་བཞི་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱི་འཇིགས་པ་བཞི་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སོ་སོ་

ཡང་དག་པར་རིག་པ་བཞི་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བྱམས་པ་ཆེན་པོ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །བྱམས་པ་ཆེན་པོ་བདག་གི་དོན་མ་ཡིན་ཞེས་

སྤྱད་པར་མྱི་བྱའོ། །སྙིང་རྗེ་ཆེན་པོ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྙིང་རྗེ་ཆེན་པོ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་

བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་བདག་གི་དོན་མ་ཡིན་ཞེས་སྤྱད་

เล่ม ๒๔ · หน้า 182a

པར་མྱི་བྱའོ། །དགྲ་བཅོམ་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དགྲ་བཅོམ་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རང་བྱང་ཆུབ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རང་བྱང་ཆུབ་བདག་གི་

དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གི་དོན་

ཅེས་སྤྱད་པར་མྱི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་ཏུ་བྱ་བ་འམ། དོན་མྱེད་པར་བྱ་བ་དེ་ལྟ་བུ་གང་ཡང་མ་དམྱིགས་སོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་

རྣམས་སྐྱེས་ཀྱང་རུང་། དེ་བཞིན་གཤེགས་པ་རྣམས་མ་སྐྱེས་ཀྱང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་ནི་གནས་པ། ཆོས་ཀྱི་དབྱིངས་ནི་གནས་པ་སྟེ། དེ་ནི་གང་ལ་ཡང་དོན་ཀྱང་མྱི་བྱེད། དོན་མ་ཡིན་པ་ཡང་

མྱི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དང་དོན་མ་ཡིན་པར་སྤངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇིའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་གང་ལ་ཡང་དོན་ཀྱང་མྱི་བགྱིད། དོན་མ་ལགས་པ་ཡང་མྱི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཉིད་གང་

เล่ม ๒๔ · หน้า 182b

ཡང་མི་བྱེད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་དོན་ཏུ་བྱེད་པ་ཡང་མ་ཡིན། དོན་མ་ཡིན་པ་བྱེད་པ་ཡང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་འདུས་མ་བགྱིས་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་

འཕགས་པ་ཐམས་ཅད་ཀྱི་དོན་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་ཐམས་ཅད་ཀྱི་དོན་ཀྱང་ཡིན་ཏེ། ཕན་པ་འམ་གནོད་པ་ཉེ་བར་གནས་པ་མ་ཡིན་

ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའི་དེ་བཞིན་ཉིད་ནི་གང་ལ་ཡང་ཕན་པ་འམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་

ལ་ཡང་ཕན་པ་འམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བགྱིས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་

པར་མི་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཐོབ་པར་བྱེད་དེ། གཉིས་ཀྱི་ཚུལ་གྱིས་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཉིས་སུ་མ་མཆིས་པའི་ཆོས་གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །

གསོལ་པ། འོ་ན་གཉིས་ཀྱི་ཆོས་ཤིག །གཉིས་ཀྱི་ཆོས་ཐོབ་པར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་

เล่ม ๒๔ · หน้า 183a

གཉིས་ཀྱི་ཆོས་སམ། གཉིས་སུ་མྱེད་པའི་ཆོས་ཀྱང་མྱི་དམྱིགས་པ་ན་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མྱི་དམྱིགས་པ་ནི་ཐོབ་པ་སྟེ། དེ་ནི་དམྱིགས་པས་ཀྱང་ཐོབ་པར་མྱི་འགྱུར། མྱི་དམྱིགས་པས་ཀྱང་

ཐོབ་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་གསུམ་མོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། དེ་ནས་ཚེ་དང་ལྡན་པ་

རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལད་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ཞུགས་པ་ཡང་དཀའ་བ་བགྱིད་པ་སྟེ། སེམས་ཅན་ཞེས་བགྱི། སེམས་ཅན་དུ་གདགས་པ་ནི་གང་ཡང་མྱི་དམིགས་ན། དེ་དག་ནི་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་ཡང་དག་པར་ཞུགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཞི་མ་མཆིས་པ་ལ་ལྗང་བུ་བསྐྱེད་པར་འཚལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་

རྣམས་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཕྱིར།

བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་ནི་དཀའ་བ་བྱེད་

เล่ม ๒๔ · หน้า 183b

པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམྱིགས། ཡལ་ག་མ་དམིགས། སྡོང་བུ་མ་དམྱིགས། ལོ་མ་མ་དམྱིགས། མེ་ཏོག་མ་དམྱིགས། འབྲས་བུ་

མ་དམྱིགས་པར་ལྗང་བུ་དེའི་སྡོང་བུ་བསྐྱེད་དེ། དུས་དུས་སུ་བྲན་ཞིང་དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཕུན་སུམ་ཚོགས་པར་གྱུར། མེ་ཏོག་ཕུན་སུམ་ཚོགས་པར་གྱུར། འབྲས་བུ་ཕུན་སུམ་ཚོགས་

པར་གྱུར་པ་དང་། དེ་ལྗང་བུ་དེའི་འདབ་མ་ལ་སྤྱོད་པ་དང་། མེ་ཏོག་ལ་སྤྱོད་པ་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་དག་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་

འཚོ་བར་འགྱུར་རོ། །རབ་འབྱོར་དེ་ལ་ལོ་མ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཅིང་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འགྲོལ་བའོ། །མེ་ཏོག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་

བརྟན་ཅིང་རྒྱལ་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་དང་། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་དང་། མཚེ་མའི་

ལྷར་སྐྱེ་བ་དང་། དགའ་ལྡན་གྱི་ལྷར་སྐྱེ་བ་དང་། འཕྲུལ་དགའི་ལྷར་སྐྱེ་བ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བ་དང་། ཚངས་རིས་ཀྱི་ལྷར་སྐྱེ་བ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བ་དང་། ཚངས་པ་ཀུན་འཁོར་ཀྱི་ལྷར་སྐྱེ་བ་དང་།

เล่ม ๒๔ · หน้า 184a

ཚངས་ཆེན་གྱི་ལྷར་སྐྱེ་བ་དང་། སྣང་བའི་ལྷར་སྐྱེ་བ་དང་། ཆུང་སྣང་གི་ལྷར་སྐྱེ་བ་དང་། ཚད་མེད་སྣང་བའི་ལྷར་སྐྱེ་བ་དང་། ཀུན་སྣང་དང་བའི་ལྷར་སྐྱེ་བ་དང་། དགེ་བའི་ལྷར་སྐྱེ་བ་དང་། ཆུང་དགེའི་ལྷར་སྐྱེ་བ་དང་། ཚད་མེད་

དགེ་བའི་ལྷར་སྐྱེ་བ་དང་། དགེ་རྒྱས་ཀྱི་ལྷར་སྐྱེ་བ་དང་། ཆེ་བའི་ལྷར་སྐྱེ་བ་དང་། ཆུང་ཆེའི་ལྷར་སྐྱེ་བ་དང་། ཚད་མྱེད་ཆེ་བའི་ལྷར་སྐྱེ་བ་དང་། འབྲས་བུ་ཆེ་བའི་ལྷར་སྐྱེ་བ་དང་། མྱི་ཆེ་བའི་ལྷར་སྐྱེ་བ་དང་། མྱི་གདུང་བའི་ལྷར་སྐྱེ་བ་དང་། ཤིན་ཏུ་

མཐོང་བའི་ལྷར་སྐྱེ་བ་དང་། གྱ་ནོམ་སྣང་བའི་ལྷར་སྐྱེ་བ་དང་། འོག་མྱིན་གྱི་ལྷར་སྐྱེ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་

བ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའོ། །འབྲས་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། སེམས་ཅན་དེ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་

པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་འགོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ཉིད་ལ་བརྟེན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། དེ་དག་ཀྱང་སེམས་ཅན་ཐམས་ཅད་འབྲས་བུ་ལ་ཉེ་བར་འཚོ་བ་བཞིན་ཉེ་བར་འཚོ་བར་འགྱུར་བ་དང་། དེ་ལ་

གང་གིས་ཡོན་ཕུལ་བ་དེ་དག་ཀྱང་རིམ་གྱིས་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས། ཡོངས་སུ་མྱ་ངན་ལས་འདའ་བ་དང་། བླ་ན་མེད་པ་ཡང་དག་པར་

เล่ม ๒๔ · หน้า 184b

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཡང་། དེ་ལ་སེམས་ཅན་དུ་ཡང་མི་འདོགས། སེམས་ཅན་དུ་གདགས་པ་ཡང་མྱེད་པར་སེམས་ཅན་དེ་དག་ཀྱང་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་བ་སྟེ།

རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གང་གི་དོན་ཏུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །ཞེས་བྱ་བའི་སེམས་ཅན་ནམ། སེམས་

ཅན་དུ་གདགས་པ་གང་ཡང་མྱི་དམྱིགས་སོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་

འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ན། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་

ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །མྱི་ཁོམ་པ་དང་ངན་སོང་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །དབུལ་པོ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །ཤུལ་གྱི་རྒྱུད་དམའ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །འདོད་པའི་ཁམས་

ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །གཟུགས་མྱེད་པའི་ཁམས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་

བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱེད་ན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་

เล่ม ๒๔ · หน้า 185a

བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མྱི་འགྱུར། རང་སངས་རྒྱས་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་མྱི་འགྱུར། དགྲ་བཅོམ་པ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་།

ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱང་འཇིག་རྟེན་ཏུ་འབྱུང་བར་མྱི་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཤིན་རྗེའི་

འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། འདོད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཟུགས་ཀྱི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར། གཟུགས་མྱེད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་འཆད་པར་མྱི་འགྱུར་

རོ། །རབ་འབྱོར་དེ་བས་ན་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །ཞེས་ཟེར་བ་དེ་ནི་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་

འཕགས་པ་ཐམས་ཅད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་ཤེས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་བྱེད་དུ་

གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱིག་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣར་གདགས་པ་དང་། དེ་བཞིན་

เล่ม ๒๔ · หน้า 185b

ཉིད་གང་གིས་ལྕེར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྒྲར་གདགས་པ་དང་། དེ་

བཞིན་ཉིད་གང་གིས་དྲིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རོར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རེག་ཏུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆོས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱིག་གི་རྣམ་པར་ཤེས་པར་གདགས་

པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལྕེའི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་

རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་ཀྱི་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱིག་གི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་འདུས་ཏེ་རེག་པར་གདགས་པ་དང་།

དེ་བཞིན་ཉིད་གང་གིས་སྣའི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལྕེའི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་འདུས་ཏེ་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་ཀྱི་འདུས་ཏེ་

རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྣའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡིད་

เล่ม ๒๔ · หน้า 186a

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆུའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱེའི་ཁམས་

སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རླུང་གི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ནམ་མཁའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པའི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་

གང་གིས་མ་རིག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུ་བྱེད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱིང་དང་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་

གིས་སྐྱེ་མཆེད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རེག་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྲེད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལེན་པར་གདགས་

པ་དང་། དེ་བཞིན་ཉིད་གང་གིས་སྲིད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྐྱེ་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྒ་ཤིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པར་གདགས་པ་དང་། དེ་

བཞིན་ཉིད་གང་གིས་ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བཟོད་པའི་ཕ་རོལད་ཏུ་ཕྱིནད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་དང་། དེ་བཞིན་

ཉིད་གང་གིས་བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ནང་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱི་སྟོང་

เล่ม ๒๔ · หน้า 186b

པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱི་ནང་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྟོང་པ་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆེན་པོ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་

གིས་དོན་དམ་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་བྱས་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་མ་བྱས་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མཐའ་ལས་འདས་པ་

སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དོར་བ་མེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་བཞིན་སྟོང་པ་ཉིད་དུ་

གདགས་པ་དང་། དེ་བཞིན་ཉིད་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱི་དམྱིགས་པ་སྟོང་པ་ཉིད་དུ་གདགས་པ་དང་།

དེ་བཞིན་ཉིད་གང་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་

གང་གིས་དྲན་པ་ཉེ་བར་གཞག་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཡང་དག་པར་སྤོང་བ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དབང་པོ་རྣམས་

སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྟོབས་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་གདགས་པ་དང་།

เล่ม ๒๔ · หน้า 187a

དེ་བཞིན་ཉིད་གང་གིས་འཕགས་པའི་བདེན་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་བསམ་གཏན་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚད་མྱེད་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་

གང་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པར་ཐར་པ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་གདགས་པ་དང་།

དེ་བཞིན་ཉིད་གང་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མངོན་པར་ཤེས་པ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཏིང་ངེ་འཛིན་རྣམས་

སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུངས་ཀྱི་སྒོ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་མྱི་འཇིགས་པ་བཞིར་གདགས་པ་དང་།

དེ་བཞིན་ཉིད་གང་གིས་སོ་སོ་ཡང་དག་པར་རིག་པ་བཞིར་གདགས་པ་དང་། དེ་བཞིན་ཉིད་གང་གིས་བྱམས་པ་ཆེན་པོར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྙིང་རྗེ་ཆེན་པོར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་བཅྭོ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕྱིར་མྱི་འོང་བའི་འབྲས་བུར་

གདགས་པ་དང་། དེ་བཞིན་ཉིད་གང་གིས་དགྲ་བཅོམ་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་བྱང་ཆུབ་ཏུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པ་ཐམས་

เล่ม ๒๔ · หน้า 187b

ཅད་མཁྱེན་པ་ཉིད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་བྱས་ཀྱི་ཁམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་གདགས་པ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་དེ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་དེ་བཞིན་ཉིད་ཚད་མར་བྱས་ཏེ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སློབ་བོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱེད་

དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱས་ཤིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་འགྱུར་བ་ཐོབ་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་འགྱུར་བ་ཐོབ་པར་བྱས་ཤིང་། སེམས་ཅན་ཐམས་ཅད་ཀྱི་

དབང་པོ་ལ་མཁས་པར་བྱེད་དོ། །དབང་པོ་ལ་མཁས་པར་བྱས་ཤིང་། དབང་པོ་ཡོངས་སུ་བསྐང་བ་ལ་མཁས་པ་ཐོབ་པར་བྱེད་དོ། །དབང་པོ་ཡོངས་སུ་བསྐང་བ་ལ་མཁས་པ་ཐོབ་པར་བྱས་ཤིང་། སེམས་ཅན་རྣམས་ཀྱི་ལས་རང་གིས་བྱས་པ་ཤེས་

པར་བྱེད་དོ། །སེམས་ཅན་རྣམས་ཀྱི་རང་གི་ལས་ཤེས་པར་བྱས་ཤིང་། སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ཤིང་། དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱེད་དོ། །དུས་གསུམ་དུ་

เล่ม ๒๔ · หน้า 188a

ཡེ་ཤེས་རྣམ་པར་དག་པར་བྱས་ཤིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་

ཞིང་ཡོངས་སུ་དག་པར་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ཤིང་། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སེམས་ཅན་རྣམས་ཐེག་པ་གསུམ་

ལ་རབ་ཏུ་འགོད་དོ། །སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་ནས། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

ཡོན་ཏན་དང་ལེགས་པ་ཐམས་ཅད་མཐོང་ནས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །རབ་འབྱོར་

ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་

བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་

เล่ม ๒๔ · หน้า 188b

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་

སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་གི་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་

པ་མང་ངོ་། །བཅོམ་ལྡན་འདས་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་

ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་བསོད་ནམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ལས། བྱང་ཆུབ་སེམས་དཔའ་སེམས་དང་པོ་

བསྐྱེད་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དེ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་དེ་དག་གི་བསོད་ནམས་དེས་བརྒྱའི་ཆར་

ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་

སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན།

เล่ม ๒๔ · หน้า 189a

བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཏེ། ཉན་ཐོས་དང་སངས་རྒྱས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་ལྟ་ཞོག་གི། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་

དག་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་

སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་

ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མི་བཟོད། དཔེར་ཡང་མི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་

ཏན་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་

པར་གྱུར་པ་འམ། རང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་

เล่ม ๒๔ · หน้า 189b

དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོ་

འོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་

བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་

ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི་གལ་ཏེ་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱིས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་

ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །

བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི།

เล่ม ๒๔ · หน้า 190a

རིགས་ཀྱི་ས་ལ་གནས་པ་རྣམས་ཏེ། རིགས་ཀྱི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རིགས་ཀྱི་ས་ལ་

གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་

ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་

འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བརྒྱད་

པའི་ས་རྣམས་ཏེ། བརྒྱད་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི་

གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་

ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །

เล่ม ๒๔ · หน้า 190b

བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་

ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་མཐོང་བའི་ས་རྣམས་ཏེ། མཐོང་བའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་

མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་

དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་

ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མི་བཟོད། བགྲང་བར་ཡང་མི་བཟོད། དཔེར་ཡང་མི་བཟོད།

རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། བསྲབས་པའི་ས་ལ་གནས་པ་རྣམས་ཏེ། བསྲབས་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་

เล่ม ๒๔ · หน้า 191a

གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །

བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་

ཡང་མྱི་བཟོད། །ཆར་ཡང་མི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། འདོད་ཆགས་དང་བྲལ་བའི་ས་ལ་གནས་པ་རྣམས་ཏེ། འདོད་ཆགས་

དང་བྲལ་བའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་

ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་

ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་

སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་

เล่ม ๒๔ · หน้า 191b

སེམས་དཔའ་ལས་བྱུང་བ་ནི། བྱས་པ་རྟོགས་པའི་ས་ལ་གནས་པ་རྣམས་ཏེ། བྱས་པ་རྟོགས་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་

ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་

དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །

བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་

མྱི་བཟོད། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རང་སངས་རྒྱས་རྣམས་ཏེ། རང་སངས་རྒྱས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་

པར་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་

เล่ม ๒๔ · หน้า 192a

ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་

མི་འགྲོའོ། །གྲངས་སུ་ཡང་མི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མི་བཟོད། རྒྱུར་ཡང་མྱི་བཟོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་

མྱེད་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་

བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་མྱི་བཟོད། ཆར་ཡང་མྱི་བཟོད། བགྲང་བར་ཡང་མྱི་བཟོད། དཔེར་ཡང་མྱི་བཟོད། རྒྱུར་ཡང་མྱི་བཟོད་དོ། །

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པས་ཅི་ཡིད་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས། དམྱིགས་པ་ཇི་ལྟ་བུ་ཞིག་མཆིས། དབང་སྒྱུར་བ་ཅི་ལྟ་བུ་ཞིག་མཆིས། རྣམ་པ་ཇི་ལྟ་བུ་ཞིག་མཆིས། མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

เล่ม ๒๔ · หน้า 192b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། དངོས་པོ་མྱེད་པ། མཚན་ཉིད་མྱེད་པ། མཚན་མ་མྱེད་པ། བྱེད་པ་མྱེད་པ། སྐྱེ་བ་མྱེད་པ། འབྱུང་བ་མྱེད་པ་སྟེ། རབ་འབྱོར་གང་ཡང་འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམྱིགས་པ་ཇི་ལྟ་བུ་

ཞིག་ཡོད་ཅེས་ཟེར་བ་ནི། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམྱིགས་པ་མྱེད་པ་སྟེ། དྲན་པས་དབང་སྒྱུར་བ། ཞི་བའི་རྣམ་པ་མཚན་ཉིད་ནི་མཚན་ཉིད་མྱེད་པ་ཡིན་ཏེ། རབ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམྱིགས་པའོ། །

འདི་ནི་དབང་སྒྱུར་བའོ། །འདི་ནི་རྣམ་པའོ། །འདི་ནི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཤིག་དངོས་པོ་མ་མཆིས་པ་ལགས་སམ། མ་ལགས་ཀྱི་གཟུགས་ཀྱང་དངོས་པོ་མ་མཆིས་པ་

ལགས། ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། འདུ་ཤེས་ཀྱང་དངོས་པོ་མ་མཆིས་པ་ལགས། འདུ་བྱེད་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་ཀྱང་དངོས་པོ་མ་མཆིས་པ་ལགས།

རྣ་བ་ཡང་དངོས་པོ་མ་མཆིས་པ་ལགས། སྣ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱང་དངོས་པོ་མ་མཆིས་པ་ལགས། ཡིད་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས།

སྒྲ་ཡང་དངོས་པོ་མ་མཆིས་པ་ལགས། དྲི་ཡང་དངོས་པོ་མ་མཆིས་པ་ལགས། རོ་ཡང་དངོས་པོ་མ་མཆིས་པ་ལགས། རེག་ཀྱང་དངོས་པོ་མ་མཆིས་པ་ལགས། ཆོས་ཀྱང་དངོས་པོ་མ་མཆིས་པ་ལགས། མྱིག་གི་རྣམ་པར་ཤེས་པ་ཡང་དངོས་པོ་མ་

མཆིས་པ་ལགས། རྣ་བའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེའི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་

เล่ม ๒๔ · หน้า 193a

ལགས། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་གི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། རྣ་བའི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་

ལགས། ལྕེའི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་

མཆིས་པ་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས།

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཆུའི་ཁམས་ཀྱང་དངོས་པོ་མ་

མཆིས་པ་ལགས། མྱེའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། རླུང་གི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། ནམ་མཁའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཤེས་པའི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས།

མ་རིག་པ་ཡང་དངོས་པོ་མ་མཆིས་པ་ལགས། འདུ་བྱེད་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། མྱིང་དང་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། སྐྱེ་མཆེད་དྲུག་ཀྱང་དངོས་པོ་མ་མཆིས་པ་

ལགས། རེག་པ་ཡང་དངོས་པོ་མ་མཆིས་པ་ལགས། ཚོར་བ་ཡང་དངོས་པོ་མ་མཆིས་པ་ལགས། སྲེད་པ་ཡང་དངོས་པོ་མ་མཆིས་པ་ལགས། ལེན་པ་ཡང་དངོས་པོ་མ་མཆིས་པ་ལགས། སྲིད་པ་ཡང་དངོས་པོ་མ་མཆིས་པ་ལགས། སྐྱེ་བ་

เล่ม ๒๔ · หน้า 193b

ཡང་དངོས་པོ་མ་མཆིས་པ་ལགས། རྒ་ཤི་ཡང་དངོས་པོ་མ་མཆིས་པ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་

དངོས་པོ་མ་མཆིས་པ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མ་མཆིས་པ་ལགས། ནང་སྟོང་

པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཕྱི་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཕྱི་ནང་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཆེན་པོ་སྟོང་པ་ཉིད་ཀྱང་དངོས་པོ་མ་

མཆིས་པ་ལགས། དོན་དམ་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་

དངོས་པོ་མ་མཆིས་པ་ལགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། ཆོས་ཐམས་ཅད་

སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས།

ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཡང་དག་པར་སྤོང་བ་རྣམས་ཀྱང་དངོས་པོ་མ་

เล่ม ๒๔ · หน้า 194a

མཆིས་པ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། དབང་པོ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སྟོབས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་

ཀྱང་དངོས་པོ་མ་མཆིས་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དངོས་པོ་མ་མཆིས་པ་ལགས། འཕགས་པའི་བདེན་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བསམ་གཏན་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས།

ཚད་མྱེད་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཐར་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། མཐར་ཀྱིས་གནས་པའི་སྙོམས་

པར་འཇུག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དངོས་པོ་མ་མཆིས་པ་ལགས། མངོན་པར་ཤེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། ཏིང་ངེ་

འཛིན་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། གཟུངས་ཀྱི་སྒོ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། མྱི་འཇིགས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སོ་

སོ་ཡང་དག་པར་རིག་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱམས་པ་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། སྙིང་རྗེ་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས།

དགའ་བ་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། བཏང་སྙོམས་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། འདུས་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། བཅོམ་ལྡན་

เล่ม ๒๔ · หน้า 194b

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །གཟུགས་ཀྱང་དངོས་པོ་མྱེད་པའོ། །ཚོར་བ་ཡང་དངོས་པོ་མྱེད་པའོ། །འདུ་ཤེས་ཀྱང་དངོས་པོ་མྱེད་པའོ། །འདུ་བྱེད་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་

ཡང་དངོས་པོ་མྱེད་པའོ། །མྱིག་ཀྱང་དངོས་པོ་མྱེད་པའོ། །རྣ་བ་ཡང་དངོས་པོ་མྱེད་པའོ། །སྣ་ཡང་དངོས་པོ་མྱེད་པའོ། །ལྕེ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱང་དངོས་པོ་མྱེད་པའོ། །ཡིད་ཀྱང་དངོས་པོ་མྱེད་པའོ། །གཟུགས་ཀྱང་དངོས་པོ་མྱེད་པའོ། །

སྒྲ་ཡང་དངོས་པོ་མྱེད་པའོ། །དྲི་ཡང་དངོས་པོ་མྱེད་པའོ། །རོ་ཡང་དངོས་པོ་མྱེད་པའོ། །རེག་ཀྱང་དངོས་པོ་མྱེད་པའོ། །ཆོས་ཀྱང་དངོས་པོ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་

པའོ། །སྣའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ཡང་དངོས་

པོ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ཡང་དངོས་པོ་མེད་པའོ། །སྣའི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་དངོས་

པོ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་དངོས་པོ་མྱེད་པའོ། །སའི་ཁམས་ཀྱང་དངོས་པོ་མྱེད་པའོ། །ཆུའི་ཁམས་ཀྱང་དངོས་པོ་མྱེད་པའོ། །

เล่ม ๒๔ · หน้า 195a

མྱེའི་ཁམས་ཀྱང་དངོས་པོ་མྱེད་པའོ། །རླུང་གི་ཁམས་ཀྱང་དངོས་པོ་མྱེད་པའོ། །ནམ་མཁའི་ཁམས་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ཀྱང་དངོས་པོ་མྱེད་པའོ། །མ་རིག་པ་ཡང་དངོས་པོ་མྱེད་པའོ། །འདུ་བྱེད་

ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་ཡང་དངོས་པོ་མྱེད་པའོ། །མྱིང་དང་གཟུགས་ཀྱང་དངོས་པོ་མྱེད་པའོ། །སྐྱེ་མཆེད་དྲུག་ཀྱང་དངོས་པོ་མྱེད་པའོ། །རེག་པ་ཡང་དངོས་པོ་མྱེད་པའོ། །ཚོར་བ་ཡང་དངོས་པོ་མྱེད་པའོ། །སྲེད་པ་ཡང་དངོས་པོ་མྱེད་པའོ། །

ལེན་པ་ཡང་དངོས་པོ་མྱེད་པའོ། །སྲིད་པ་ཡང་དངོས་པོ་མྱེད་པའོ། །སྐྱེ་བ་ཡང་དངོས་པོ་མྱེད་པའོ། །རྒ་ཤི་ཡང་དངོས་པོ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མྱེད་པའོ། །ནང་སྟོང་པ་

ཉིད་ཀྱང་དངོས་པོ་མྱེད་པའོ། །ཕྱི་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་དངོས་པོ་

མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་དངོས་པོ་མེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དོར་བ་མྱེད་

པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་

เล่ม ๒๔ · หน้า 195b

པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །ཡང་དག་པར་

སྤོང་བ་རྣམས་ཀྱང་དངོས་པོ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །དབང་པོ་རྣམས་ཀྱང་དངོས་པོ་མྱེད་པའོ། །སྟོབས་རྣམས་ཀྱང་དངོས་པོ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དངོས་པོ་མྱེད་པའོ། །འཕགས་པའི་ལམ་

ཡན་ལག་བརྒྱད་པ་ཡང་དངོས་པོ་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །བསམ་གཏན་རྣམས་ཀྱང་དངོས་པོ་མྱེད་པའོ། །ཚད་མེད་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་

དངོས་པོ་མྱེད་པའོ། །རྣམ་པར་ཐར་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དངོས་པོ་

མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ཀྱང་དངོས་པོ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱང་དངོས་པོ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་དངོས་པོ་མྱེད་པའོ། །མྱི་འཇིགས་པ་རྣམས་

ཀྱང་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མྱེད་པའོ། །བྱམས་པ་ཆེན་པོ་ཡང་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དངོས་པོ་མྱེད་པའོ། །དགའ་བ་ཆེན་

པོ་ཡང་དངོས་པོ་མྱེད་པའོ། །བཏང་སྙོམས་ཆེན་པོ་ཡང་དངོས་པོ་མྱེད་པའོ། །འདུས་བྱས་ཀྱི་ཁམས་ཀྱང་དངོས་པོ་མྱེད་པའོ། །འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

เล่ม ๒๔ · หน้า 196a

ལ་ངོ་བོ་ཉིད་མྱེད་དེ། རབ་འབྱོར་གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་འདུས་པའི་ངོ་བོ་ཉིད་མྱེད་དེ། གང་ལ་འདུས་པའི་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་

ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མྱེད་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མྱེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཡང་དག་པའི་

མཐའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ། ཆོས་ཐམས་ཅད་

དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ཐབས་གང་དང་ལྡན་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་

เล่ม ๒๔ · หน้า 196b

པར་བགྱིད་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་དང་པོ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་གཉིས་པ་

ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བསམ་གཏན་གསུམ་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་

པར་བགྱིད་པ་ལགས། བསམ་གཏན་བཞི་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བྱམས་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྙིང་རྗེ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དགའ་བ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་

པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བཏང་སྙོམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་

སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་

เล่ม ๒๔ · หน้า 197a

པར་བགྱིད་པ་ལགས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྤྱོད་

ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཕྱི་སྟོང་

པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་

ལགས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་

སུ་སྨྱིན་པར་བགྱིད་པ་ལགས། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་།

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པ་བགྱིད་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས།

เล่ม ๒๔ · หน้า 197b

དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་

པར་བགྱིད་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དངོས་པོ་མྱེད་པའི་

ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་

སྨྱིན་པར་བགྱིད་པ་ལགས། ཡང་དག་པར་སྤོང་བ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དབང་པོ་ལྔ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སྟོབས་ལྔ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

เล่ม ๒๔ · หน้า 198a

སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འཕགས་པའི་ལམ་ཡན་ལག་

བརྒྱད་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། འཕགས་པའི་བདེན་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་

ལགས། བསམ་གཏན་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཚད་མྱེད་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་

སྨིན་པར་བགྱིད་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་

ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས།

སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། མངོན་པར་ཤེས་པ་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་

ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། གཟུངས་ཀྱི་སྒོ་རྣམས་ལ་

เล่ม ๒๔ · หน้า 198b

སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་

པ་ལགས། མྱི་འཇིགས་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་

ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བྱམས་པ་ཆེན་པོ་ལ་སྤྱོད་ཅིང་། སངས་

རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱིད་པ་ལགས། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་

ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡོངས་

སུ་འདྲིས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་དེ་དག་དང་། སེམས་ཅན་དེ་དག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

เล่ม ๒๔ · หน้า 199a

ཐབས་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་

ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་

འདྲིས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་

སུ་འདྲིས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་

ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་

เล่ม ๒๔ · หน้า 199b

འདྲིས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་།

བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་

ཡོངས་སུ་འདྲིས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་

ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་

པའི་བདེན་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་

བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་

เล่ม ๒๔ · หน้า 200a

འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་

ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བཞིན་

གཤེགས་པའི་སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་

ཡོངས་སུ་འདྲིས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱམས་པ་ཆེན་པོ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་།

བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ནམ་དེ་

བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་མ་གྱུར་པ་དང་། མྱི་འཇིགས་པ་བཞི་དང་ལྡན་པར་མ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་མ་གྱུར་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ལྡན་པར་མ་གྱུར་པ་དང་། བྱམས་པ་

เล่ม ๒๔ · หน้า 200b

ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་

གནས་ཤིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་

སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་། མྱི་སྐྱེ་བར་སྤང་བས་ཡོངས་སུ་སྤོང་བར་འགྱུར་ཏེ། དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་ལྟ་ན། དངོས་པོ་མྱེད་པར་ཡང་མྱི་དམྱིགས་ན། དངོས་པོ་ཡོད་པ་ལྟ་

སྨོས་ཀྱང་མྱི་སྨོས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ལེན་པ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཏོང་བ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད།

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་སྲུང་སྟེ། དེ་དེ་ལྟར་ཚུལ་ཁྲིམས་སྲུང་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་

เล่ม ๒๔ · หน้า 201a

ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པ་སྒོམ་སྟེ། དེ་དེ་ལྟར་བཟོད་པ་སྒོམ་ཡང་། མྱི་རྟོག་མཚན་མར་

མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་

བརྩོན་འགྲུས་རྩོམ་སྟེ། དེ་དེ་ལྟར་བརྩོན་འགྲུས་རྩོམ་ཡང་མི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མི་བྱེད།

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་རྣམས་ལ་སྙོམས་པར་འཇུག་སྟེ། དེ་དེ་ལྟར་བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཀྱང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་སྒོམ་སྟེ། དེ་དེ་ལྟར་ཤེས་

རབ་སྒོམ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་ཤེས་རབ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་

བྱེད་དོ། །སེམས་ཅན་གང་གི་དོན་དུ་ཤེས་རབ་དེ་ལ་སྒོམ་པ་དེ་དག་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་

เล่ม ๒๔ · หน้า 201b

བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་

དོན་ཏུ་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཕྱི་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་

མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

གང་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་

བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཆེན་པོ་

เล่ม ๒๔ · หน้า 202a

སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་

པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་

སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དོ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་

སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འདུས་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འདུས་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་

ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འདུས་མ་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

เล่ม ๒๔ · หน้า 202b

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འདུས་མ་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་

ཉིད་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་

མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་

ཡང་ཡིད་ལ་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། །དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་

མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་

པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དོར་བ་མྱེད་པ་སྟོང་པ་ཉིད་

เล่ม ๒๔ · หน้า 203a

དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་བཞིན་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རང་

བཞིན་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་

དོན་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་

མི་རྟོག། མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་

བྱེད་དོ། །སེམས་ཅན་གང་གི་དོན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། མྱི་དམྱིགས་

เล่ม ๒๔ · หน้า 203b

པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་

ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ་

དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་

པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ།

ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་

བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་

ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་

เล่ม ๒๔ · หน้า 204a

ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དྲན་པ་ཉེ་

བར་གཞག་པ་རྣམས་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་དེ་དག་ལ་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དྲན་པ་ཉེ་བར་གཞག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་

བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དྲན་པ་ཉེ་བར་གཞག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་

བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་

རྟོག་མཚན་མར་མྱི་བྱེད་དེ། །དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་

པར་ཡང་ཡིད་ལ་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་

པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

เล่ม ๒๔ · หน้า 204b

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་པའི་ཚེ། དབང་པོ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དབང་པོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་

མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དབང་པོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་

བྱེད་དོ། །སྟོབས་རྣམས་ལ་སྤྱོད་པའི་ཚེ། སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་

ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འཕགས་པའི་ལམ་ཡན་ལག་

เล่ม ๒๔ · หน้า 205a

བརྒྱད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་

ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་

གང་གི་དོན་ཏུ་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་པའི་ཚེ། བསམ་གཏན་དེ་དག་ལ་མྱི་རྟོག་

མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བསམ་གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

སེམས་ཅན་གང་གི་དོན་ཏུ་བསམ་གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་པའི་ཚེ། ཚད་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་

བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་

เล่ม ๒๔ · หน้า 205b

ཏུ་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་

དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་

འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

གང་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་

མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

เล่ม ๒๔ · หน้า 206a

སེམས་ཅན་གང་གི་དོན་ཏུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་

ཡང་ཡིད་ལ་མྱི་བྱེད་དོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་

གང་གི་དོན་ཏུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་

སྤྱོད་པའི་ཚེ། མངོན་པར་ཤེས་པ་དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་པའི་ཚེ། ཏིང་ངེ་

འཛིན་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

เล่ม ๒๔ · หน้า 206b

སེམས་ཅན་གང་གི་དོན་ཏུ་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་

དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་

མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་

ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་

མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་

ཡང་ཡིད་ལ་མྱི་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་པའི་ཚེ། མི་འཇིགས་པ་དེ་དག་ལ་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མི་འཇིགས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་

མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མྱི་འཇིགས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་

เล่ม ๒๔ · หน้า 207a

མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་

ལ་མྱི་བྱེད་དོ། །གང་སོ་སོ་ཡང་དག་པར་རིག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སོ་སོ་ཡང་དག་པར་རིག་པ་

དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱམས་པ་ཆེན་པོ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་

ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་

བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་

མྱི་རྟོག་མཚན་མར་མྱི་བྱད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

เล่ม ๒๔ · หน้า 207b

དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།

དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་

ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་

མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་

ཅན་གང་གི་དོན་ཏུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

เล่ม ๒๔ · หน้า 208a

དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མྱི་

རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་དག་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་

དང་། ཉན་ཐོས་རྣམས་ཀྱིས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་ནི་བྱེད་པ་པོ་མྱེད་པ། བྱེད་པ་པོ་དང་བྲལ་བའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་ན།

ཇི་ལྟར་ཆོས་ཀྱིས་ཆོས་ལ་དངོས་པོ་མཆིས་ཤེས་བགྱི་བ་འམ། དངོས་པོ་མ་མཆིས་ཤེས་བགྱི་བར་ཡོངས་སུ་འཚལ་བར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ཀྱིས། དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་

མྱི་རུང་སྟེ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མྱི་རུང་ངོ་། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མྱི་རུང་ངོ་། །དངོས་པོ་མཆིས་པའི་

ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མྱི་རུང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་དངོས་པོ་མཆིས་པ་འམ། དངོས་པོ་མ་མཆིས་པར་སེམས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด