ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕ · หน้า 1a

༄༅། །འབུམ་ཁ་པ་བཞུགས་སོ། །

เล่ม ๑๕ · หน้า 1b

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་གཉིས་པ། བམ་པོ་དང་པོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ནང་སྟོང་པ་ཉིད་ལ་གནས་ན། དེ་ནང་སྟོང་

པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཕྱི་སྟོང་པ་ཉིད་ལ་གནས་ན། དེ་ཕྱི་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་

เล่ม ๑๕ · หน้า 2a

བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཕྱི་ནང་སྟོང་པ་ཉིད་ལ་གནས་ན། དེ་ཕྱི་ནང་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་ན། དེ་སྟོང་པ་ཉིད་སྟོང་པ་

ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་

བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆེན་པོ་སྟོང་པ་ཉིད་ལ་གནས་ན། དེ་ཆེན་པོ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དོན་དམ་པ་སྟོང་པ་ཉིད་ལ་གནས་ན། དེ་དོན་དམ་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་

ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་

เล่ม ๑๕ · หน้า 2b

པའི་ཡིད་ཀྱིས། འདུས་བྱས་སྟོང་པ་ཉིད་ལ་གནས་ན། དེ་འདུས་བྱས་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། འདུས་མ་བྱས་སྟོང་པ་ཉིད་ལ་གནས་ན། དེ་འདུས་མ་བྱས་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་

གནས་ན། དེ་མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་ན། དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དོར་བ་མེད་པ་སྟོང་པ་

ཉིད་ལ་གནས་ན། དེ་དོར་བ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๑๕ · หน้า 3a

ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རང་བཞིན་སྟོང་པ་ཉིད་ལ་གནས་ན། དེ་རང་བཞིན་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་ཐམས་ཅད་

སྟོང་པ་ཉིད་ལ་གནས་ན། དེ་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་ན། དེ་རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་

ན། དེ་མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་

བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་ན། དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་

เล่ม ๑๕ · หน้า 3b

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ན། དེ་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་

སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་

ཀྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ན། དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་

ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ན། དེ་དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

เล่ม ๑๕ · หน้า 4a

དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་

ཀྱིས། ཡང་དག་པར་སྤོང་བ་རྣམས་ལ་གནས་ན། དེ་ཡང་དག་པར་སྤོང་བ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་

ཡིད་ཀྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ན། དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་

เล่ม ๑๕ · หน้า 4b

གནས་པའི་ཡིད་ཀྱིས། དབང་པོ་རྣམས་ལ་གནས་ན། དེ་དབང་པོ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས།

སྟོབས་རྣམས་ལ་གནས་ན། དེ་སྟོབས་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་ན། དེ་བྱང་

ཆུབ་ཀྱི་ཡན་ལག་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་

เล่ม ๑๕ · หน้า 5a

སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་

ན་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། འཕགས་པའི་བདེན་པ་རྣམས་ལ་གནས་ན།

དེ་འཕགས་པའི་བདེན་པ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་

เล่ม ๑๕ · หน้า 5b

འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། བསམ་གཏན་རྣམས་ལ་གནས་ན། དེ་བསམ་གཏན་

རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་

འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་

གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཚད་མེད་པ་རྣམས་ལ་གནས་ན། དེ་ཚད་མེད་པ་རྣམས་མངོན་

པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་ན། དེ་གཟུགས་མྱེད་

เล่ม ๑๕ · หน้า 6a

པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་

འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རྣམ་པར་ཐར་པ་བརྒྱད་ལ་

གནས་ན། དེ་རྣམ་པར་ཐར་པ་བརྒྱད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་

འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ལ་གནས་ན། དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་

เล่ม ๑๕ · หน้า 6b

དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་

ཡིད་ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་གནས་ན། དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་

སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མངོན་པར་ཤེས་པ་རྣམས་ལ་གནས་ན། དེ་མངོན་པར་ཤེས་པ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་

เล่ม ๑๕ · หน้า 7a

རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཏིང་ངེ་འཛིན་རྣམས་ལ་གནས་ན། དེ་ཏིང་ངེ་འཛིན་རྣམས་མངོན་པར་འདུ་བགྱི་བ་

ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། གཟུངས་ཀྱི་སྒོ་རྣམས་ལ་གནས་ན། དེ་གཟུངས་ཀྱི་སྒོ་རྣམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་

འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๑๕ · หน้า 7b

ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་ན། དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་

པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མྱི་འཇིགས་པ་བཞི་ལ་གནས་ན། དེ་མྱི་འཇིགས་པ་བཞི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་

མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་ན། དེ་སོ་སོ་ཡང་དག་པར་རིག་པ་བཞི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

เล่ม ๑๕ · หน้า 8a

སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་

པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། སྙིང་རྗེ་ཆེན་པོ་ལ་གནས་ན། དེ་སྙིང་རྗེ་ཆེན་པོ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་

དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་

མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ན། དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་

เล่ม ๑๕ · หน้า 8b

འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་ན། དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་

པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་ན། དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་

པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๑๕ · หน้า 9a

པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཕྱིར་མྱི་འོང་བའི་འབྲས་བུ་ལ་གནས་ན། དེ་ཕྱིར་མྱི་འོང་བའི་འབྲས་བུ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དགྲ་བཅོམ་པ་ཉིད་ལ་གནས་ན། དེ་དགྲ་བཅོམ་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་

འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རང་བྱང་ཆུབ་ལ་གནས་ན། དེ་རང་བྱང་ཆུབ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་

เล่ม ๑๕ · หน้า 9b

ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་

མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཐམས་ཅད་ཤེས་པ་ཉིད་ལ་གནས་ན། དེ་ཐམས་ཅད་ཤེས་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་

ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་

པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་ན། དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན།

མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་

เล่ม ๑๕ · หน้า 10a

ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་

མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་ན། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན།

མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་

བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དེ་བཞིན་ཉིད་ལ་གནས་ན། དེ་དེ་བཞིན་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། མ་

เล่ม ๑๕ · หน้า 10b

ནོར་བ་དེ་བཞིན་ཉིད་ལ་གནས་ན། དེ་མ་ནོར་བ་དེ་བཞིན་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གནས་ན།

དེ་གཞན་མ་ཡིན་པ་དེ་བཞིན་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་

འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་ཉིད་ལ་གནས་ན། དེ་ཆོས་ཉིད་མངོན་པར་འདུ་བགྱི་བ་

ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๑๕ · หน้า 11a

ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་ཀྱི་དབྱིངས་ལ་གནས་ན། དེ་ཆོས་ཀྱི་དབྱིངས་མངོན་པར་འདུ་བགྱི་བ་ལ་

སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་ཀྱི་གནས་ཉིད་ལ་གནས་ན། དེ་ཆོས་ཀྱི་གནས་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་

པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๑๕ · หน้า 11b

པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་སྐྱོན་མེད་པ་ཉིད་ལ་གནས་ན། དེ་ཆོས་སྐྱོན་མེད་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ།

དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་

བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཡང་དག་པའི་མཐའ་ལ་གནས་ན། དེ་ཡང་དག་པའི་མཐའ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་

ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་མ་གྱུར་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་

ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས། ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཚོར་བ་མ་ལགས། །འདུ་ཤེས་ནི་ཡོངས་

เล่ม ๑๕ · หน้า 12a

སུ་བཟུང་བ་མ་མཆིས་པ་སྟེ། འདུ་ཤེས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འདུ་ཤེས་མ་ལགས། །འདུ་བྱེད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འདུ་བྱེད་ཀྱི་ཡོངས་

སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འདུ་བྱེད་མ་ལགས། །རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། །རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་

བཞིན་གྱིས་སྟོང་པའི་སླད་དུ་རྣམ་པར་ཤེས་པ་མ་ལགས། །མྱིག་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱིག་གི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱིག་མ་ལགས། །རྣ་བ་ནི་ཡོངས་སུ་བཟུང་བ་

མ་མཆིས་པ་སྟེ། རྣ་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣ་བ་མ་ལགས། །སྣ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྣའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་

གྱིས་སྟོང་པའི་སླད་དུ་སྣ་མ་ལགས། །ལྕེ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལྕེའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལྕེ་མ་ལགས། །ལུས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལུས་ཀྱི་

ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལུས་མ་ལགས། །ཡིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡིད་

མ་ལགས། །གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས། །སྒྲ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྒྲའི་ཡོངས་སུ་བཟུང་བ་

เล่ม ๑๕ · หน้า 12b

མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྒྲ་མ་ལགས། །དྲི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དྲིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དྲི་མ་ལགས། །རོ་ནི་ཡོངས་སུ་བཟུང་བ་

མ་མཆིས་པ་སྟེ། རོའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རོ་མ་ལགས། །རེག་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རེག་གི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་རེག་མ་ལགས། །ཆོས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་མ་ལགས། །མྱིག་གི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱིག་གི་རྣམ་

པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱིག་གི་རྣམ་པར་ཤེས་པ་མ་ལགས། །རྣ་བའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣ་བའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་

པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣ་བའི་རྣམ་པར་ཤེས་པ་མ་ལགས། །སྣའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྣའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་སྣའི་རྣམ་པར་ཤེས་པ་མ་ལགས། །ལྕེའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལྕེའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལྕེའི་རྣམ་པར་ཤེས་པ་མ་ལགས། །

ལུས་ཀྱི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལུས་ཀྱི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡོངས་སུ་

เล่ม ๑๕ · หน้า 13a

བཟུང་བ་མ་མཆིས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས། །མྱིག་གི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་

མཆིས་པ་སྟེ། མྱིག་གི་འདུས་ཏེ་རེག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱིག་གི་འདུས་ཏེ་རེག་པ་མ་ལགས། །རྣ་བའི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣ་བའི་འདུས་ཏེ་རེག་པའི་

ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། རྣ་བའི་འདུས་ཏེ་རེག་པ་མ་ལགས། །སྣའི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྣའི་འདུས་ཏེ་རེག་པའི་ཡོངས་སུ་བཟུང་

བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྣའི་འདུས་ཏེ་རེག་པ་མ་ལགས། །ལྕེའི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལྕེའི་འདུས་ཏེ་རེག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་

རང་བཞིན་གྱིས་སྟོང་པའི་སླད་དུ་ལྕེའི་འདུས་ཏེ་རེག་པ་མ་ལགས། །ལུས་ཀྱི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལུས་ཀྱི་

འདུས་ཏེ་རེག་པ་མ་ལགས། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས། །མྱིག་

གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

เล่ม ๑๕ · หน้า 13b

ཚོར་བ་མ་ལགས། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣ་བའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་

དུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་

གྱིས་སྟོང་པའི་སླད་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་

ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡོངས་སུ་བཟུང་བ་མ་

མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། སའི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སའི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་

ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སའི་ཁམས་མ་ལགས། །ཆུའི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆུའི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆུའི་ཁམས་མ་ལགས།

เล่ม ๑๕ · หน้า 14a

མྱེའི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱེའི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱེའི་ཁམས་མ་ལགས། །རླུང་གི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་

སྟེ། རླུང་གི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རླུང་གི་ཁམས་མ་ལགས། །ནམ་མཁའི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ནམ་མཁའི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་

མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ནམ་མཁའི་ཁམས་མ་ལགས། །རྣམ་པར་ཤེས་པའི་ཁམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པར་ཤེས་པའི་ཁམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་

ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པར་ཤེས་པའི་ཁམས་མ་ལགས། །མ་རིག་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མ་རིག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མ་རིག་པ་མ་ལགས། །འདུ་

བྱེད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འདུ་བྱེད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འདུ་བྱེད་མ་ལགས། །རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་

མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པར་ཤེས་པ་མ་ལགས། །མྱིང་དང་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱིང་དང་གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་མིང་དང་གཟུགས་མ་ལགས། སྐྱེ་མཆེད་དྲུག་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྐྱེ་མཆེད་དྲུག་གི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྐྱེ་མཆེད་དྲུག་མ་ལགས། །རེག་པ་ནི་ཡོངས་སུ་བཟུང་བ་མ་

เล่ม ๑๕ · หน้า 14b

མཆིས་པ་སྟེ། རེག་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རེག་པ་མ་ལགས། །ཚོར་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཚོར་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་

སྟོང་པའི་སླད་དུ་ཚོར་བ་མ་ལགས། །སྲེད་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྲེད་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྲེད་པ་མ་ལགས། །ལེན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ།

ལེན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལེན་པ་མ་ལགས། །སྲིད་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྲིད་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་སྲིད་པ་མ་ལགས། །སྐྱེ་བ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྐྱེ་བའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྐྱེ་བ་མ་ལགས། །རྒ་ཤི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ།

རྒ་ཤིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྒ་ཤི་མ་ལགས། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་

པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་

གྱིས་སྟོང་པའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བཟོད་

เล่ม ๑๕ · หน้า 15a

པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་

པའི་སླད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་

པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །ནང་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ནང་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ནང་སྟོང་པ་ཉིད་མ་ལགས། །

ཕྱི་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཕྱི་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱི་སྟོང་པ་ཉིད་མ་ལགས། །ཕྱི་ནང་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་

པ་སྟེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱི་ནང་སྟོང་པ་ཉིད་མ་ལགས། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྟོང་པ་ཉིད་སྟོང་པ་

ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས། །ཆེན་པོ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆེན་པོ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་

เล่ม ๑๕ · หน้า 15b

གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆེན་པོ་སྟོང་པ་ཉིད་མ་ལགས། །དོན་དམ་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དོན་དམ་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་དོན་དམ་པ་སྟོང་པ་ཉིད་མ་ལགས། །འདུས་བྱས་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འདུས་བྱས་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འདུས་བྱས་སྟོང་པ་ཉིད་མ་

ལགས། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འདུས་མ་བྱས་སྟོང་པ་ཉིད་མ་ལགས། མཐའ་ལས་

འདས་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ལགས། །ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ལགས། །དོར་བ་མྱེད་པ་

སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས། །རང་བཞིན་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་

མ་མཆིས་པ་སྟེ། རང་བཞིན་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རང་བཞིན་སྟོང་པ་ཉིད་མ་ལགས། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཐམས་

เล่ม ๑๕ · หน้า 16a

ཅད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རང་གི་མཚན་ཉིད་སྟོང་

པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་

མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་

པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དྲན་

པ་ཉེ་བར་གཞག་པ་རྣམས་མ་ལགས། །ཡང་དག་པར་སྤོང་བ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡང་དག་པར་སྤོང་བ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡང་དག་པར་

เล่ม ๑๕ · หน้า 16b

སྤོང་བ་རྣམས་མ་ལགས། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས། །དབང་པོ་

རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དབང་པོ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དབང་པོ་རྣམས་མ་ལགས། །སྟོབས་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྟོབས་རྣམས་ཀྱི་

ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྟོབས་རྣམས་མ་ལགས། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་

ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་

པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས། །འཕགས་པའི་བདེན་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། འཕགས་པའི་བདེན་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་

བཞིན་གྱིས་སྟོང་པའི་སླད་དུ་འཕགས་པའི་བདེན་པ་རྣམས་མ་ལགས། །བསམ་གཏན་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བསམ་གཏན་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བསམ་གཏན་

རྣམས་མ་ལགས། །ཚད་མྱེད་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཚད་མྱེད་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཚད་མྱེད་པ་རྣམས་མ་ལགས། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་

เล่ม ๑๕ · หน้า 17a

རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ལགས། །

རྣམ་པར་ཐར་པ་བརྒྱད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པར་ཐར་པ་བརྒྱད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པར་ཐར་པ་བརྒྱད་མ་ལགས། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

དགུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་ལགས། །རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པར་ཐར་

པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མ་ལགས། །མངོན་པར་ཤེས་པ་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མངོན་པར་ཤེས་པ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མངོན་པར་

ཤེས་པ་རྣམས་མ་ལགས། །ཏིང་ངེ་འཛིན་རྣམས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཏིང་ངེ་འཛིན་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཏིང་ངེ་འཛིན་རྣམས་མ་ལགས། །གཟུངས་ཀྱི་སྒོ་རྣམས་ནི་ཡོངས་

སུ་བཟུང་པ་མ་མཆིས་པ་སྟེ། གཟུངས་ཀྱི་སྒོ་རྣམས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུངས་ཀྱི་སྒོ་རྣམས་མ་ལགས། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དེ་བཞིན་

เล่ม ๑๕ · หน้า 17b

གཤེགས་པའི་སྟོབས་བཅུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ལགས། །མྱི་འཇིགས་པ་བཞི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱི་འཇིགས་པ་བཞིའི་ཡོངས་སུ་བཟུང་བ་མ་

མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱི་འཇིགས་པ་བཞི་མ་ལགས། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་

རང་བཞིན་གྱིས་སྟོང་པའི་སླད་དུ་སོ་སོ་ཡང་དག་པར་རིག་པ་བཞི་མ་ལགས། །སྙིང་རྗེ་ཆེན་པོ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྙིང་རྗེ་ཆེན་པོའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྙིང་རྗེ་ཆེན་པོ་མ་ལགས།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་མ་ལགས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ལགས།

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ལགས། །ཕྱིར་མྱི་

འོང་བའི་འབྲས་བུ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཕྱིར་མྱི་འོང་བའི་འབྲས་བུའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱིར་མྱི་འོང་བའི་འབྲས་བུ་མ་ལགས། །དགྲ་བཅོམ་པ་ཉིད་ནི་ཡོངས་སུ་བཟུང་

เล่ม ๑๕ · หน้า 18a

བ་མ་མཆིས་པ་སྟེ། དགྲ་བཅོམ་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དགྲ་བཅོམ་པ་ཉིད་མ་ལགས། །རང་བྱང་ཆུབ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རང་བྱང་ཆུབ་ཀྱི་

ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རང་བྱང་ཆུབ་མ་ལགས། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་

གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ལགས། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་

ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས། །དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་

སླད་དུ་དེ་བཞིན་ཉིད་མ་ལགས། །མ་ནོར་བ་དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། མ་ནོར་བ་དེ་བཞིན་ཉིད་མ་

ལགས། །གཞན་མ་ཡིན་པའི་དེ་བཞིན་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཞན་མ་ཡིན་པའི་དེ་བཞིན་ཉིད་མ་ལགས།

ཆོས་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཉིད་མ་ལགས། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་དབྱིངས་

เล่ม ๑๕ · หน้า 18b

ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཀྱི་དབྱིངས་མ་ལགས། །ཆོས་ཀྱི་གནས་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་གནས་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་

པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཀྱི་གནས་ཉིད་མ་ལགས། །ཆོས་སྐྱོན་མེད་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་སྐྱོན་མེད་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་

ཆོས་སྐྱོན་མེད་པ་ཉིད་མ་ལགས། །ཡང་དག་པའི་མཐའ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡང་དག་པའི་མཐའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡང་དག་པའི་མཐའ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། །བཅོམ་ལྡན་འདས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོངས་སུ་བརྟག་པར་བགྱི་སྟེ། ཇི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མྱི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །

བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ། རྒྱ་ཆེ་བ་ཕུལ་དུ་བགྱི་བ་ཚད་མ་མཆིས་པ། ཚད་མ་མཆིས་པར་ངེས་པ། ཉན་ཐོས་དང་རང་

སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་དེ་དག་དང་ཐུན་མོང་མ་ལགས་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་

เล่ม ๑๕ · หน้า 19a

དེ་ཡང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་

ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་

པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་མཚན་མས་བརྗོད་པ་མ་ལགས་པ་སྟེ། དེ་ནི་འདི་ལྟར་མཚན་

མ་ལས་ཉོན་མོངས་པ་འབྱུང་སྟེ། མཚན་མ་དེ་དག་གང་ཞེ་ན་གཟུགས་ནི་མཚན་མའོ། །ཚོར་བ་ནི་མཚན་མའོ། །འདུ་ཤེས་ནི་མཚན་མའོ། །འདུ་བྱེད་ནི་མཚན་མའོ། །རྣམ་པར་ཤེས་པ་ནི་མཚན་མའོ། །མྱིག་ནི་མཚན་མའོ། །རྣ་བ་ནི་མཚན་མའོ། །སྣ་ནི་མཚན་མའོ། །

ལྕེ་ནི་མཚན་མའོ། །ལུས་ནི་མཚན་མའོ། །ཡིད་ནི་མཚན་མའོ། །གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །དྲི་ནི་མཚན་མའོ། །རོ་ནི་མཚན་མའོ། །རེག་ནི་མཚན་མའོ། །ཆོས་ནི་མཚན་མའོ། །མྱིག་གི་རྣམ་པར་ཤེས་པ་ནི་མཚན་མའོ། །

རྣ་བའི་རྣམ་པར་ཤེས་པ་ནི་མཚན་མའོ། །སྣའི་རྣམ་པར་ཤེས་པ་ནི་མཚན་མའོ། །ལྕེའི་རྣམ་པར་ཤེས་པ་ནི་མཚན་མའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་མཚན་མའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་མཚན་མའོ། །མྱིག་གི་འདུས་ཏེ་རེག་པ་ནི་མཚན་མའོ། །

རྣ་བའི་འདུས་ཏེ་རེག་པ་ནི་མཚན་མའོ། །སྣའི་འདུས་ཏེ་རེག་པ་ནི་མཚན་མའོ། །ལྕེའི་འདུས་ཏེ་རེག་པ་ནི་མཚན་མའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་མཚན་མའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་མཚན་མའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་

เล่ม ๑๕ · หน้า 19b

མཚན་མའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །

ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །སའི་ཁམས་ནི་མཚན་མའོ། །ཆུའི་ཁམས་ནི་མཚན་མའོ། །མྱེའི་ཁམས་ནི་མཚན་མའོ། །རླུང་གི་ཁམས་ནི་མཚན་མའོ། །ནམ་མཁའི་ཁམས་ནི་མཚན་མའོ། །རྣམ་པར་ཤེས་པའི་

ཁམས་ནི་མཚན་མའོ། །མ་རིག་པ་ནི་མཚན་མའོ། །འདུ་བྱེད་ནི་མཚན་མའོ། །རྣམ་པར་ཤེས་པ་ནི་མཚན་མའོ། །མྱིང་དང་གཟུགས་ནི་མཚན་མའོ། །སྐྱེ་མཆེད་དྲུག་ནི་མཚན་མའོ། །རེག་པ་ནི་མཚན་མའོ། །ཚོར་བ་ནི་མཚན་མའོ། །སྲེད་པ་ནི་

མཚན་མའོ། །ལེན་པ་ནི་མཚན་མའོ། །སྲིད་པ་ནི་མཚན་མའོ། །སྐྱེ་བ་ནི་མཚན་མའོ། །རྒ་ཤི་ནི་མཚན་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་

མཚན་མའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །ནང་སྟོང་པ་ཉིད་ནི་མཚན་མ་འོ། །ཕྱི་སྟོང་པ་ཉིད་ནི་མཚན་མའོ། །ཕྱི་ནང་སྟོང་པ་

ཉིད་ནི་མཚན་མའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་མཚན་མའོ། །ཆེན་པོ་སྟོང་པ་ཉིད་ནི་མཚན་མའོ། །དོན་དམ་པ་སྟོང་པ་ཉིད་ནི་མཚན་མའོ། །འདུས་བྱས་སྟོང་པ་ཉིད་ནི་མཚན་མའོ། །འདུས་མ་བྱས་སྟོང་པ་ཉིད་ནི་མཚན་མའོ། །མཐའ་ལས་

འདས་པ་སྟོང་པ་ཉིད་ནི་མཚན་མའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་མཚན་མའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་མཚན་མའོ། །རང་བཞིན་སྟོང་པ་ཉིད་ནི་མཚན་མའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་མཚན་མའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་

เล่ม ๑๕ · หน้า 20a

མཚན་མའོ། །མི་དམྱིགས་པ་སྟོང་པ་ཉིད་ནི་མཚན་མའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མཚན་མའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མའོ། །

དྲན་པ་ཉེ་བར་གཞག་པ་རྣམས་ནི་མཚན་མའོ། །ཡང་དག་པར་སྤོང་བ་རྣམས་ནི་མཚན་མའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མཚན་མའོ། །དབང་པོ་རྣམས་ནི་མཚན་མའོ། །སྟོབས་རྣམས་ནི་མཚན་མའོ། །བྱང་ཆུབ་ཀྱི་ཡན་ལག་

རྣམས་ནི་མཚན་མའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མཚན་མའོ། །འཕགས་པའི་བདེན་པ་རྣམས་ནི་མཚན་མའོ། །བསམ་གཏན་རྣམས་ནི་མཚན་མའོ། །ཚད་མྱེད་པ་རྣམས་ནི་མཚན་མའོ། །གཟུགས་མེད་པའི་སྙོམས་པར་

འཇུག་པ་རྣམས་ནི་མཚན་མའོ། །རྣམ་པར་ཐར་པ་བརྒྱད་ནི་མཚན་མའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཚན་མའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མཚན་མའོ། །མངོན་

པར་ཤེས་པ་རྣམས་ནི་མཚན་མའོ། །ཏིང་ངེ་འཛིན་རྣམས་ནི་མཚན་མའོ། །གཟུངས་ཀྱི་སྒོ་རྣམས་ནི་མཚན་མའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མཚན་མའོ། །མི་འཇིགས་པ་བཞི་ནི་མཚན་མའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་

མཚན་མའོ། །སྙིང་རྗེ་ཆེན་པོ་ནི་མཚན་མའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མཚན་མའོ། །ཡི་གེ་རྣམས་ནི་མཚན་མའོ། །གཅིག་ཏུ་བརྗོད་པ་ནི་མཚན་མའོ། །གཉིས་སུ་བརྗོད་པ་ནི་མཚན་མའོ། །ཐ་དད་དུ་བརྗོད་པ་ནི་

མཚན་མ་སྟེ། དེ་ནི་ཉོན་མོངས་པ་ཞེས་བགྱིའོ། །གལ་ཏེ་དེ་མཚན་མར་བཟུང་བ་ཞིག་ལགས་ན་ནི། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་དད་པ་ཐོབ་པར་མི་འགྱུར་རོ། །དད་པ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་

เล่ม ๑๕ · หน้า 20b

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་དང་། རྟོག་པ་དང་མོས་པ་དང་། རྟེན་པ་དང་། སེམས་པ་དང་། འཇལ་བ་དང་། དཔྱོད་པ་སྟེ། དེ་ཡང་མཚན་མའི་ཚུལ་དུ་མ་ལགས། །མཚན་མ་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་སོ། །དེ་

ལྟར་ན་དེ་ནི་མཚན་མ་དང་། མཚན་མ་མ་མཆིས་པ་ཡོངས་སུ་བཟུང་བ་མ་མཆིས་པས་བཟུང་བ་ལགས་ཏེ། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་པར་གྱུར་ནས། དད་པའི་རྗེས་སུ་འབྲང་བས་ཉི་ཙེ་བའི་ཡེ་

ཤེས་ཀྱིས་ཞུགས་ཏེ། དེ་ལྟར་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་ཡོངས་སུ་མ་བཟུང་། འདུ་ཤེས་ཡོངས་སུ་མ་བཟུང་། འདུ་བྱེད་ཡོངས་སུ་མ་བཟུང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་། །དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད་

ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མ་དམྱིགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་། ཐོབ་

པར་བགྱི་བའི་ཚུལ་གྱིས་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་གྱིས་དེ་ལས་གཞན་

དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང་། གང་རྟོགས་པར་བགྱིད་པ་དང་། གང་རྟོགས་པར་བགྱི་བ་དེ་ལྟ་བུའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེས་ཡེ་

ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མ་ལགས་པ་གཞན་དུ་ཡང་ཡང་

เล่ม ๑๕ · หน้า 21a

དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འདུ་ཤེས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་ཤེས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་ཤེས་ཀྱི་ཕྱི་ནང་དུ་ཡང་

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་ཤེས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འདུ་བྱེད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་

པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱིག་གི་

ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །དེས་ཡེ་ཤེས་དེ་རྣ་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བ་མ་ལགས་པ་གཞན་

เล่ม ๑๕ · หน้า 21b

དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྣའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣ་མ་ལགས་

པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལྕེའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེ་

མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལུས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་ལུས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཡིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་ཕྱི་ནང་དུ་ཡང་

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་

ཤེས་དེ་གཟུགས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྒྲའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྒྲའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་

སུ་མ་མཐོང་། ཡེ་ཤེས་དེ་སྒྲའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྒྲ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དྲིའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དྲིའི་ཕྱི་རོལ་ཏུ་ཡང་དག་

เล่ม ๑๕ · หน้า 22a

པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དྲིའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དྲི་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རོའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་རོའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རོའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རོ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རེག་གི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་རེག་གི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རེག་གི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རེག་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་ཀྱི་ནང་དུ་ཡང་དག་པར་

རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱིག་

གི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་རྣམ་པར་ཤེས་

པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣ་བའི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་རྣམ་

པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྣའི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་རྣམ་

เล่ม ๑๕ · หน้า 22b

པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལྕེའི་

རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་རྣམ་

པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལུས་ཀྱི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་ལུས་ཀྱི་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཡིད་ཀྱི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་ཡིད་ཀྱི་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་

རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་ཕྱི་ནང་དུ་ཡང་དག་པར་

རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་

เล่ม ๑๕ · หน้า 23a

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྣའི་འདུས་ཏེ་

རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པ་མ་ལགས་པ་

གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་

ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་

འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་

ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་

ཀྱི་འདུས་ཏེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་རོལ་ཏུ་ཡང་དག་

เล่ม ๑๕ · หน้า 23b

པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་

རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་

ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་

སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྣའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་

རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་

เล่ม ๑๕ · หน้า 24a

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཡིད་ཀྱི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་ནང་དུ་ཡང་དག་པར་

རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སའི་ཁམས་ཀྱི་ཕྱི་རོལ་

ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆུའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་ཆུའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆུའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆུའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་

མྱེའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱེའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱེའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱེའི་ཁམས་མ་ལགས་པ་གཞན་དུ་ཡང་

ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རླུང་གི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རླུང་གི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རླུང་གི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

เล่ม ๑๕ · หน้า 24b

ཡེ་ཤེས་དེ་རླུང་གི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ནམ་མཁའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནམ་མཁའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

ནམ་མཁའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནམ་མཁའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །དེས་ཡེ་ཤེས་དེ་མ་རིག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པ་མ་ལགས་

པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འདུ་བྱེད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་

མ་མཐོང་། ཡེ་ཤེས་དེ་འདུ་བྱེད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱིང་དང་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

เล่ม ๑๕ · หน้า 25a

ཡེ་ཤེས་དེ་མྱིང་དང་གཟུགས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིང་དང་གཟུགས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱིང་དང་གཟུགས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །དེས་ཡེ་ཤེས་དེ་སྐྱེ་མཆེད་དྲུག་གི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྐྱེ་མཆེད་དྲུག་གི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྐྱེ་མཆེད་དྲུག་གི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྐྱེ་མཆེད་དྲུག་

མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རེག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རེག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རེག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་རེག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཚོར་བའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བའི་ཕྱི་ནང་དུ་ཡང་

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྲེད་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྲེད་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་སྲེད་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྲེད་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལེན་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལེན་པའི་ཕྱི་རོལ་ཏུ་ཡང་དག་

པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལེན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལེན་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྲིད་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

เล่ม ๑๕ · หน้า 25b

སྲིད་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྲིད་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྲིད་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྐྱེ་བའི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་སྐྱེ་བའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྐྱེ་བའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྐྱེ་བ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྒ་ཤིའི་ནང་དུ་ཡང་དག་

པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒ་ཤིའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒ་ཤིའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒ་ཤི་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་དག་པར་རྗེས་

སུ་མ་མཐོང་། ཡེ་ཤེས་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པ་གཞན་དུ་ཡང་ཡང་

เล่ม ๑๕ · หน้า 26a

དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ནང་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་ནང་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནང་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནང་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་

ཡེ་ཤེས་དེ་ཕྱི་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱི་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱི་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱི་སྟོང་པ་ཉིད་མ་ལགས་

เล่ม ๑๕ · หน้า 26b

པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཕྱི་ནང་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་

མ་མཐོང་། ཡེ་ཤེས་དེ་ཕྱི་ནང་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་

མ་མཐོང་། ཡེ་ཤེས་དེ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆེན་པོ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་

སུ་མ་མཐོང་། ཡེ་ཤེས་དེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆེན་པོ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །

དེས་ཡེ་ཤེས་དེ་དོན་དམ་པ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་དོན་དམ་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འདུས་བྱས་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུས་བྱས་སྟོང་པ་ཉིད་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་འདུས་བྱས་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུས་བྱས་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འདུས་མ་བྱས་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་

เล่ม ๑๕ · หน้า 27a

མཐོང་། ཡེ་ཤེས་དེ་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུས་མ་བྱས་སྟོང་པ་ཉིད་མ་ལགས་པ་

གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ནང་དུ་

ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དོར་བ་མེད་པ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རང་བཞིན་སྟོང་པ་ཉིད་ཀྱི་

ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་བཞིན་སྟོང་པ་ཉིད་མ་ལགས་

เล่ม ๑๕ · หน้า 27b

པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །དེས་ཡེ་ཤེས་དེ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་

སུ་མ་མཐོང་། ཡེ་ཤེས་དེ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་

เล่ม ๑๕ · หน้า 28a

ཡེ་ཤེས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་

ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་

ངོ་། །དེས་ཡེ་ཤེས་དེ་ཡང་དག་པར་སྤོང་བ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པར་སྤོང་བ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པར་སྤོང་བ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

དེ་ཡང་དག་པར་སྤོང་བ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དབང་པོ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་

ཤེས་དེ་དབང་པོ་རྣམས་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དབང་པོ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དབང་པོ་རྣམས་པ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སྟོབས་རྣམས་

เล่ม ๑๕ · หน้า 28b

ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྟོབས་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྟོབས་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྟོབས་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །

དེས་ཡེ་ཤེས་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བྱང་

ཆུབ་ཀྱི་ཡན་ལག་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕྱི་རོལ་ཏུ་ཡང་དག་

པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་འཕགས་

པའི་བདེན་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་པའི་བདེན་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་པའི་བདེན་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འཕགས་

པའི་བདེན་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་བསམ་གཏན་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བསམ་གཏན་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

བསམ་གཏན་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་བསམ་གཏན་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཚད་མྱེད་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

เล่ม ๑๕ · หน้า 29a

དེ་ཚད་མྱེད་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚད་མྱེད་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚད་མྱེད་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །

དེས་ཡེ་ཤེས་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་

རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣམ་པར་ཐར་པ་བརྒྱད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།

ཡེ་ཤེས་དེ་རྣམ་པར་ཐར་པ་བརྒྱད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཐར་པ་བརྒྱད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཐར་པ་བརྒྱད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་

པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་།

སྨོན་པ་མྱེད་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་།

เล่ม ๑๕ · หน้า 29b

སྨོན་པ་མྱེད་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མངོན་པར་ཤེས་པ་རྣམས་ཀྱི་ནང་

དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མངོན་པར་ཤེས་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མངོན་པར་ཤེས་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མངོན་པར་ཤེས་པ་རྣམས་མ་ལགས་པ་གཞན་

དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཏིང་ངེ་འཛིན་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཏིང་ངེ་འཛིན་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཏིང་ངེ་འཛིན་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་

རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཏིང་ངེ་འཛིན་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་གཟུངས་ཀྱི་སྒོ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུངས་ཀྱི་སྒོ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་

མ་མཐོང་། ཡེ་ཤེས་དེ་གཟུངས་ཀྱི་སྒོ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུངས་ཀྱི་སྒོ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དེ་བཞིན་གཤེགས་པའི་སྟོབས་བཅུའི་ནང་དུ་ཡང་དག་པར་

རྗེས་སུ་མ་མཐོང་། ཡེ་ཤེས་དེ་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ལགས་པ་

གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མྱི་འཇིགས་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱི་འཇིགས་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱི་འཇིགས་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་

เล่ม ๑๕ · หน้า 30a

རྗེས་སུ་མ་མཐོང་། ཡེ་ཤེས་དེ་མྱི་འཇིགས་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སོ་

སོ་ཡང་དག་པར་རིག་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །དེས་ཡེ་ཤེས་དེ་སྙིང་རྗེ་ཆེན་པོའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྙིང་རྗེ་ཆེན་པོའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྙིང་རྗེ་ཆེན་པོའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སྙིང་རྗེ་ཆེན་པོ་མ་

ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རྒྱུན་ཏུ་ཞུགས་

པའི་འབྲས་བུའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྒྱུན་ཏུ་ཞུགས་པའི་འབྲས་

བུ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་།

เล่ม ๑๕ · หน้า 30b

ཡེ་ཤེས་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཕྱིར་མྱི་འོང་བའི་འབྲས་བུའི་ནང་དུ་ཡང་

དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱིར་མྱི་འོང་བའི་འབྲས་བུའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱིར་མྱི་འོང་བའི་འབྲས་བུའི་ཕྱི་དང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཕྱིར་མྱི་འོང་བའི་འབྲས་བུ་མ་ལགས་པ་གཞན་དུ་ཡང་ཡང་

དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དགྲ་བཅོམ་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དགྲ་བཅོམ་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དགྲ་བཅོམ་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་དགྲ་བཅོམ་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་རང་བྱང་ཆུབ་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་བྱང་ཆུབ་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

རང་བྱང་ཆུབ་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རང་བྱང་ཆུབ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལམ་གྱི་རྣམ་

པ་ཤེས་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་

དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་

เล่ม ๑๕ · หน้า 31a

ཤེས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་དེ་བཞིན་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དེ་བཞིན་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་

མཐོང་། ཡེ་ཤེས་དེ་དེ་བཞིན་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་དེ་བཞིན་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་མ་ནོར་བ་དེ་བཞིན་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་ནོར་བ་དེ་བཞིན་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་

གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་

གཞན་མ་ཡིན་པ་དེ་བཞིན་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཉིད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཉིད་ཀྱི་ཕྱི་ནང་

དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཉིད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་དབྱིངས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་

མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་དབྱིངས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཆོས་ཀྱི་དབྱིངས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེས་ཡེ་ཤེས་དེ་ཆོས་ཀྱི་གནས་ཉིད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด