ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๕ · หน้า 94b
མྱེད་པའི་ཚུལ་གྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་ཏིང་ངེ་འཛིན་རྣམས་
ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་
མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་སྙིང་
རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས། མཚན་མ་མྱེད་པའི་ཚུལ་གྱིས་གཞན་ཡང་
དགེ་བའི་ཆོས་དེ་དག་ལ་སྦྱོར་ཏེ། རབ་འབྱོར་གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱི་ཁྱོན་ཅིག་མཚན་མ་ཡོད་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་མཚན་མ་མྱེད་
པ་དྲན་པ་མྱེད་པ། ཡིད་ལ་བྱེད་པ་མྱེད་པ་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་འགྱུར་ཏེ། སེམས་ཅན་རྣམས་ཀྱང་དེ་བཞིན་ཉིད་དང་ཟག་པ་མྱེད་པའི་ཆོས་རྣམས་ལ་གཞོག་པར་མྱི་འགྱུར་རོ། །རབ་འབྱོར་ཟག་པ་མྱེད་པའི་ཆོས་
ཐམས་ཅད་ནི་མཚན་མ་མྱེད་པ་དྲན་པ་མྱེད་པ་ཡིད་ལ་བྱེད་པ་མྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་མྱེད་པའི་ཆོས་རྣམས་ཀྱིས་སེམས་
เล่ม ๒๕ · หน้า 95a
ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་དྲན་པ་མ་མཆིས་ཏེ། ཡིད་ལ་བགྱི་བ་མ་མཆིས་ན། བཅོམ་ལྡན་འདས་འདི་ལྟར་འདི་དག་ནི་
དགེ་བའི་ཆོས་སོ། །འདི་དག་ནི་མྱི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ།
འདི་དག་ནི་ཟག་པ་མྱེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་ཐུན་མོང་གི་ཆོས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་
སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ། །ཞེས་བགྱི་བར་ཇི་ལྟར་བགྲང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་མ་མྱེད་པ་འང་
གཞན་ལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་མ་མྱེད་པ་འང་གཞན་ལ་རང་སངས་རྒྱས་ཀྱི་
ཆོས་རྣམས་ཀྱང་གཞན་ནམ། མཚན་མ་མྱེད་པ་ཡང་གཞན་ལ། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན་ནམ། མཚན་མ་མྱེད་པ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མཚན་མ་མྱེད་པ་ཉིད་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མྱི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་བོ།།
เล่ม ๒๕ · หน้า 95b
བྱང་ཆུབ་སེམས་དཔའི་ཆོས་སོ། །སངས་རྒྱས་ཀྱི་ཆོས་སོ། །གསོལད་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་ཆོས་
ཐམས་ཅད་ནི་མཚན་མ་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་ཆོས་ཐམས་ཅད་མཚན་མ་མྱེད་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་ཆོས་མང་པོས་རྣམ་པར་འཕེལ་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་།
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་
དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་
པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་
དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་
ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་
เล่ม ๒๕ · หน้า 96a
འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། དེ་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མྱེད་པ་དག་གིས་རྣམ་པར་འཕེལ་ལོ། །
དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསླབ་པར་བྱ་བ་མ་གཏོགས་པར་གཞན་ལ་བསླབ་པར་བྱ་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པའི་སྒོ་འདི་གསུམ་དུ་དགེ་
བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །མཚན་མ་དང་བྲལ་བ་ནི་མཚན་མ་མྱེད་པ་རྣམ་པར་ཐར་པའི་སྒོའོ། །མངོན་པར་འདུ་བྱ་བ་མྱེད་པ་ནི་སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟེ། རྣམ་པར་
ཐར་པའི་སྒོ་གསུམ་པོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕུང་པོ་ལྔ་ལ་སློབ་པ་ཡིན། སྐྱེ་མཆེད་བཅུ་གཉིས་ལ་སློབ་པ་ཡིན། ཁམས་བཅྭོ་བརྒྱད་ལ་སློབ་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་
སློབ་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་སློབ་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སློབ་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་ལ་སློབ་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སློབ་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་
པ་ལ་སློབ་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། ནང་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། ཆེན་པོ་སྟོང་པ་ཉིད་ལ་སློབ་པ་ཡིན། དོན་
เล่ม ๒๕ · หน้า 96b
དམ་པ་སྟོང་པ་ཉིད་ལ་སློབ་པ་ཡིན། འདུས་བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་
ལ་སློབ་པ་ཡིན། རང་བཞིན་སྟོང་པ་ཉིད་ལ་སློབ་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན།
ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། ཡང་དག་པར་སྤོང་བ་བཞི་ལ་སློབ་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་པ་ཡིན། དབང་པོ་ལྔ་ལ་སློབ་པ་ཡིན། སྟོབས་ལྔ་ལ་
སློབ་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སློབ་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་པ་ཡིན། འཕགས་པའི་བདེན་པ་བཞི་ལ་སློབ་པ་ཡིན། བསམ་གཏན་བཞི་ལ་སློབ་པ་ཡིན།
ཚད་མྱེད་པ་བཞི་ལ་སློབ་པ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སློབ་པ་ཡིན། རྣམ་པར་ཐར་པ་བརྒྱད་ལ་སློབ་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སློབ་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སློབ་པ་ཡིན། མངོན་པར་ཤེས་པ་ལྔ་ལ་སློབ་པ་ཡིན། ཏིང་ངེ་འཛིན་ཐམས་ཅད་ལ་སློབ་པ་ཡིན། གཟུངས་ཀྱི་སྒོ་ཐམས་ཅད་ལ་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན།
མྱི་འཇིགས་པ་བཞི་ལ་སློབ་པ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། བྱམས་པ་ཆེན་པོ་ལ་སློབ་པ་ཡིན། སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་ཡིན། ཐམས་ཅད་ཤེས་པ་
เล่ม ๒๕ · หน้า 97a
ཉིད་ལ་སློབ་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་གི་ཚུལ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་དཔལ་སྤྱོད་པའི་ཚེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་
ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། གཟུགས་རབ་ཏུ་ཤེས་ཏེ། གཟུགས་ཇི་ལྟར་སྐྱེ་བ་དང་། གཟུགས་ཇི་ལྟར་འགག་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་རབ་ཏུ་ཤེས་སོ། །དེ་ལ་ཇི་ལྟར་ན་གཟུགས་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན།
དབུ་བའི་ཕུང་པོ་སྙིང་པོ་མྱེད་པ་ལྟར་ཤིན་ཏུ་གསོང་ལྡོང་དང་། ཤིན་ཏུ་གསེ་ཚགས་དང་། ཤིན་ཏུ་སྙིང་པོ་མྱེད་པར་རབ་ཏུ་ཤེས་ཏེ། དེ་ལྟར་ན་གཟུགས་ཤེས་པ་ཡིན་ནོ། །ཇི་ལྟར་གཟུགས་ཀྱི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ཞེ་ན། གཟུགས་ནི་
གང་ནས་ཀྱང་འོང་བ་མྱེད་ཅིང་། གང་དུ་ཡང་འགྲོ་བ་མྱེད་པས། གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་གཟུགས་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་
ན་གཟུགས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ནི་མྱི་སྐྱེ་མྱི་འགག་འོང་བ་མྱེད། འགྲོ་བ་མྱེད་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན། འབྲི་བ་མ་ཡིན་འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་།
དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བ། ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་ཆུའི་ཆུ་བུར་གསོག་ཏུ་འདུག་པ་སྐྱེ་ཞིང་། འགག་པ་ལྟར་ཤེས་པ་སྟེ་
เล่ม ๒๕ · หน้า 97b
དེ་ལྟར་ན་ཚོར་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བའི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ཞེ་ན། ཚོར་བ་ནི་གང་ནས་ཀྱང་འོང་བ་མྱེད་ཅིང་གང་དུ་ཡང་འགྲོ་བ་མྱེད་པས། གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་
གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་ཚོར་བའི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བའི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། ཚོར་བའི་དེ་བཞིན་ཉིད་ནི་མྱི་སྐྱེ་མྱི་འགག་འོང་བ་མྱེད་འགྲོ་བ་མྱེད། ཀུན་ནས་ཉོན་མོངས་པ་མ་
ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་ཚོར་བའི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་
ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་ལ་ཆུ་ཤིན་ཏུ་མྱི་དམྱིགས་པ་ལྟར་ཤེས་པ་སྟེ། དེ་ལྟར་ན་འདུ་ཤེས་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་ཀྱི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ཞེ་ན། འདུ་ཤེས་ནི་གང་ནས་ཀྱང་འོང་བ་མྱེད་
ཅིང་། གང་དུ་ཡང་འགྲོ་བ་མྱེད་པས་གང་ནས་ཀྱང་མི་འོང་གང་དུ་ཡང་མྱི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་འདུ་ཤེས་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ཉིད་
ཤེས་པ་ཡིན་ཞེ་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་མྱི་སྐྱེ་མྱི་འགག་འོང་བ་མྱེད་འགྲོ་བ་མྱེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་། དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་
དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུ་ཤིང་ཤུན་པ་སོ་སོར་ཕྱེ་ན། སྙིང་པོ་ཤིན་ཏུ་མྱི་དམྱིགས་པ་ལྟར་ཤེས་པ་སྟེ། དེ་ལྟར་ན་འདུ་བྱེད་ཤེས་པ་
เล่ม ๒๕ · หน้า 98a
ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ཞེ་ན། འདུ་བྱེད་ནི་གང་ནས་ཀྱང་འོང་བ་མྱེད་ཅིང་། གང་དུ་ཡང་འགྲོ་བ་མྱེད་པས། གང་ནས་ཀྱང་མྱི་འོང་གང་དུ་ཡང་མྱི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་
དེ། གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་མྱི་སྐྱེ་མྱི་འགག་འོང་བ་མྱེད་འགྲོ་བ་མྱེད། ཀུན་ནས་ཉོན་མོངས་པ་མ་
ཡིན། ནམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་། དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པ་ཤེས་པ་
ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། སྒྱུ་མ་བྱེད་པས་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་བ་ལྟར་ཤེས་པ་སྟེ། དེ་ལྟར་ན་རྣམ་པར་ཤེས་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པའི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པ་ནི་
གང་ནས་ཀྱང་འོང་བ་མྱེད་ཅིང་། གང་དུ་ཡང་འགྲོ་བ་མྱེད་པས། གང་ནས་ཀྱང་མྱི་འོང་། གང་དུ་ཡང་མྱི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་རྣམ་པར་ཤེས་པའི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ནོ། །
ཇི་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་མྱི་སྐྱེ་མྱི་འགག་འོང་བ་མྱེད་འགྲོ་བ་མྱེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བ་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་
མ་ཡིན་ཞིང་། དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ཞེ་ན། ནང་གི་ཆོས་རྣམས་ནི་ནང་གི་ཆོས་རྣམས་ཀྱིས་སྟོང་། ཕྱིའི་ཆོས་
เล่ม ๒๕ · หน้า 98b
རྣམས་ཀྱང་ཕྱིའི་ཆོས་རྣམས་ཀྱིས་སྟོང་པར་ཤེས་པ་སྟེ། དེ་ལྟར་ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཁམས་རྣམས་ཤེས་པ་ཡིན་ཞེ་ན། མྱིག་གི་ཁམས་ཀྱང་མྱིག་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གཟུགས་ཀྱི་ཁམས་ཀྱང་
གཟུགས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མྱིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་མྱིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་ཁམས་ཀྱང་རྣ་བའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །སྒྲའི་ཁམས་ཀྱང་
སྒྲའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱང་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །སྣའི་ཁམས་ཀྱང་སྣའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །དྲིའི་ཁམས་ཀྱང་དྲིའི་ཁམས་ཀྱི་རང་
བཞིན་གྱིས་སྟོང་ངོ་། །སྣའི་རྣམ་པར་ཤེས་པའི་ཁམས་ཀྱང་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་ཁམས་ཀྱང་ལྕེའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རོའི་ཁམས་ཀྱང་རོའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །
ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱང་ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་ཁམས་ཀྱང་ལུས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རེག་གི་ཁམས་ཀྱང་རེག་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་
རྣམ་པར་ཤེས་པའི་ཁམས་ཀྱང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་ཁམས་ཀྱང་ཡིད་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཆོས་ཀྱི་ཁམས་ཀྱང་ཆོས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་
པའི་ཁམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཞེས་བྱ་བར་ཤེས་ཏེ། དེ་ལྟར་ན་ཁམས་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཡིན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མྱེད་པར་ཤེས་
เล่ม ๒๕ · หน้า 99a
པ་དང་། དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མྱེད་པ་དང་། ཚད་པ་མྱེད་པ་དང་། རྟག་པ་མྱེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མྱེད་པ་དང་། འགྲོ་བ་མྱེད་པ་དང་། སྤྲོས་པ་དང་
བྲལ་ཞིང་ཞི་བར་ཤེས་པ་དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་པ་ཡིན་ཞེ་ན་སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན། ཀུན་འབྱུང་བ་དང་། འགོག་པ་དང་། འགོག་པར་འགྲོ་བའི་ལམ་
འཕགས་པའི་བདེན་པ་ཤེས་པ་ཡིན། ཇི་ལྟར་ན་སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་ཤེས་པ་ཡིན། བདེན་པ་ཤེས་པ་ཡིན། འཕགས་པའི་བདེན་པ་ཤེས་པ་ཡིན། གཉིས་ལས་རྣམ་པར་གྲོལ་བ་འཕགས་པའི་བདེན་
པ་སྟེ། གཉིས་སུ་མྱེད་པ་ནི་འཕགས་པའི་བདེན་པ་ཞེས་བྱ་བར་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཤེས་པ་ཡིན་ཏེ། དེ་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་
པ་ཡིན་ནོ། །ཇི་ལྟར་ན་སྡུག་བསྔལ་གྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་གྱི་དེ་བཞིན་ཉིད་ནི་མ་ནོར་བ་ཞེས་བྱ་བར་ཤེས་པ་ཡིན། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དེ་བཞིན་ཉིད་ཀྱང་རབ་ཏུ་ཤེས་པ་
ཡིན་ཏེ། དེ་ལྟར་ན་འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་དེ་ལྟར་འཚལ་ན། དེས་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་
เล่ม ๒๕ · หน้า 99b
སུ་མ་གཏོགས་པའི་ཆོས་ལ་ལ་ཞིག་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་གང་ཡང་མྱི་དམྱིགས་སོ། །གལ་ཏེ་དམྱིགས་ན་ནི་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་འཁྲུག་
པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་འམ། རང་སངས་རྒྱས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མ་དམྱིགས་
སོ། །དེ་ལྟར་མ་དམྱིགས་པས་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་ནོ་ཞེས་བྱ་བར་བཏགས་པ་མྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཀྱི་དབྱིངས་
ལ་བསླབ་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་བསླབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་
དབྱིངས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ཐམས་ཅད་ལ་བསླབས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་
ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། དབྱེར་མྱེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ནི་དེ་བཞིན་དུ་གནས་
པ་སྟེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་ནི་འདི་ལྟ་སྟེ། དགེ་བ་དང་མྱི་དགེ་བའི་ཆོས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་།
เล่ม ๒๕ · หน้า 100a
ཁ་ན་མ་ཐོ་བ་མྱེད་པའི་ཆོས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཀྱི་དབྱིངས་ལ་སློབ་
པས། ཆོས་ཐམས་ཅད་ལ་སློབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པས། ཇི་
ལྟར་གཟུགས་ལ་བསླབ་པར་བགྱི། ཇི་ལྟར་ཚོར་བ་ལ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་ལ་བསླབ་པར་བགྱི། ཇི་ལྟར་འདུ་བྱེད་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ཇི་ལྟར་ཁམས་དང་སྐྱེ་མཆེད་རྣམས་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཕྱི་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་
ལྟར་ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་འདུས་བྱས་སྟོང་པ་ཉིད་ལ་བསླབ་པར་
བགྱི། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི།
เล่ม ๒๕ · หน้า 100b
ཇི་ལྟར་རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དངོས་པོ་མྱེད་པ་
སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་བཞི་ལ་
བསླབ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་དབང་པོ་ལྔ་ལ་བསླབ་པར་བགྱི། ཇི་ལྟར་སྟོབས་ལྔ་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསླབ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་
བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་བཞི་ལ་བསླབ་པར་བགྱི། ཇི་ལྟར་ཚད་མྱེད་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་བསླབ་པར་
བགྱི། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསླབ་པར་བགྱི།
ཇི་ལྟར་མངོན་པར་ཤེས་པ་དྲུག་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བགྱི། ཇི་ལྟར་མྱི་འཇིགས་པ་
བཞི་ལ་བསླབ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་དགའ་བ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་བཏང་སྙོམས་ཆེན་
เล่ม ๒๕ · หน้า 101a
པོ་ལ་བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་གྲུབ་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་
རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་རྒྱལ་
ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་མཚེ་མའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་དགའ་ལྡན་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི།
ཇི་ལྟར་འཕྲུལ་དགའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བར་བགྱི་བ་ལ་
བསླབ་པར་བགྱི། ཇི་ལྟར་ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་ཆེན་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཆུང་སྣང་གི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མྱེད་སྣང་བའི་ལྷར་སྐྱེ་
བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཀུན་སྣང་དང་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཆུང་དགེའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མྱེད་དགེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་དགེ་རྒྱས་ཀྱི་
ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཆུང་ཆེའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མྱེད་ཆེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་འབྲས་བུ་ཆེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་མྱེད་
เล่ม ๒๕ · หน้า 101b
པའི་སེམས་ཅན་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་གནས་གཙང་མའི་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་། དེར་ཡང་མྱི་སྐྱེ་བར་བགྱི། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་
མྱི་སྐྱེ་བར་བགྱི། ཇི་ལྟར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མྱི་སྐྱེ་བར་བགྱི། ཇི་ལྟར་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མྱི་སྐྱེ་བར་བགྱི། ཇི་ལྟར་འདུ་ཤེས་མྱེད་
འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མྱི་སྐྱེ་བར་བགྱི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་གཉིས་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་གསུམ་
པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བཞི་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་ལྔ་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་དྲུག་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བདུན་པ་ལ་བསླབ་པར་བགྱི། ཇི་ལྟར་
སེམས་བསྐྱེད་པ་བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་དགུ་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བཅུ་པ་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱིས་ལ་བསླབ་པར་བགྱི། ཇི་ལྟར་རང་སངས་རྒྱས་ཀྱིས་ལ་བསླབ་
པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྱང་
ཆུབ་ཀྱི་ལམ་ལ་བསླབས་ཤིང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་བགྱི་བའི་བྱང་ཆུབ་ཀྱི་ལམ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས།
เล่ม ๒๕ · หน้า 102a
གཟུགས་ལ་བསླབ་པར་བགྱི། ཚོར་བ་ལ་བསླབ་པར་བགྱི། འདུ་ཤེས་ལ་བསླབ་པར་བགྱི། འདུ་བྱེད་ལ་བསླབ་པར་བགྱི། རྣམ་པར་ཤེས་པ་ལ་བསླབ་པར་བགྱི། མྱིག་ལ་བསླབ་པར་བགྱི། རྣ་བ་ལ་བསླབ་པར་བགྱི། སྣ་
ལ་བསླབ་པར་བགྱི། ལྕེ་ལ་བསླབ་པར་བགྱི། ལུས་ལ་བསླབ་པར་བགྱི། ཡིད་ལ་བསླབ་པར་བགྱི། གཟུགས་ལ་བསླབ་པར་བགྱི། སྒྲ་ལ་བསླབ་པར་བགྱི། དྲི་ལ་བསླབ་པར་བགྱི། རོ་ལ་བསླབ་པར་བགྱི། རེག་ལ་བསླབ་པར་བགྱི།
ཆོས་ལ་བསླབ་པར་བགྱི། མྱིག་གི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། རྣ་བའི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། སྣའི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ལྕེའི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ལུས་ཀྱི་རྣམ་པར་ཤེས་
པ་ལ་བསླབ་པར་བགྱི། ཡིད་ཀྱི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། མྱིག་གི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། རྣ་བའི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། སྣའི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། ལྕེའི་འདུས་ཏེ་རེག་པ་ལ་བསླབ་
པར་བགྱི། ལུས་ཀྱི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། ཡིད་ཀྱི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི། སྣའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པར་བགྱི།
སའི་ཁམས་ལ་བསླབ་པར་བགྱི། ཆུའི་ཁམས་ལ་བསླབ་པར་བགྱི། མྱེའི་ཁམས་ལ་བསླབ་པར་བགྱི། རླུང་གི་ཁམས་ལ་བསླབ་པར་བགྱི། ནམ་མཁའི་ཁམས་ལ་བསླབ་པར་བགྱི། རྣམ་པར་ཤེས་པའི་ཁམས་ལ་བསླབ་པར་བགྱི།
เล่ม ๒๕ · หน้า 102b
མ་རིག་པ་ལ་བསླབ་པར་བགྱི། འདུ་བྱེད་ལ་བསླབ་པར་བགྱི། རྣམ་པར་ཤེས་པ་ལ་བསླབ་པར་བགྱི། མྱིང་དང་གཟུགས་ལ་བསླབ་པར་བགྱི། སྐྱེ་མཆེད་དྲུག་ལ་བསླབ་པར་བགྱི། རེག་པ་ལ་བསླབ་པར་བགྱི། ཚོར་བ་ལ་བསླབ་པར་བགྱི།
སྲེད་པ་ལ་བསླབ་པར་བགྱི། ལེན་པ་ལ་བསླབ་པར་བགྱི། སྲིད་པ་ལ་བསླབ་པར་བགྱི། སྐྱེ་བ་ལ་བསླབ་པར་བགྱི། རྒ་ཤི་ལ་བསླབ་པར་བགྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བགྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ནང་
སྟོང་པ་ཉིད་ལ་བསླབ་པར་བགྱི། ཕྱི་སྟོང་པ་ཉིད་ལ་བསླབ་པར་བགྱི། ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བགྱི། དོན་དམ་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། འདུས་
བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི།
རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བགྱི། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བགྱི། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། མྱི་དམྱིགས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ངོ་
བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་བསླབ་པར་བགྱི། དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བགྱི། ཡང་དག་པར་སྤོང་བ་རྣམས་ལ་བསླབ་པར་བགྱི། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསླབ་
เล่ม ๒๕ · หน้า 103a
པར་བགྱི། དབང་པོ་རྣམས་ལ་བསླབ་པར་བགྱི། སྟོབས་རྣམས་ལ་བསླབ་པར་བགྱི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པར་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བགྱི། འཕགས་པའི་
བདེན་པ་རྣམས་ལ་བསླབ་པར་བགྱི། བསམ་གཏན་རྣམས་ལ་བསླབ་པར་བགྱི། ཚད་མྱེད་པ་རྣམས་ལ་བསླབ་པར་བགྱི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བགྱི། རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བགྱི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསླབ་པར་བགྱི། མངོན་པར་ཤེས་པ་རྣམས་ལ་བསླབ་པར་བགྱི། ཏིང་ངེ་འཛིན་རྣམས་ལ་བསླབ་
པར་བགྱི། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བགྱི། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བསླབ་པར་བགྱི། མྱི་འཇིགས་པ་རྣམས་ལ་བསླབ་པར་བགྱི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསླབ་པར་བགྱི། བྱམས་པ་ཆེན་པོ་ལ་བསླབ་
པར་བགྱི། སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བགྱི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བསླབ་པར་བགྱི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བསླབ་པར་བགྱི། ཕྱིར་མྱི་འོང་བའི་འབྲས་བུ་ལ་
བསླབ་པར་བགྱི། དགྲ་བཅོམ་པ་ཉིད་ལ་བསླབ་པར་བགྱི། རང་བྱང་ཆུབ་ལ་བསླབ་པར་བགྱི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བསླབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བགྱི་ན། བཅོམ་ལྡན་འདས་དེའི་སླད་དུ། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པ་འམ། མྱི་སྤྲོ་བ་སྤྲོས་པར་བགྱིད་པར་མྱི་འགྱུར་ལགས་གྲང་།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་ད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ།།
เล่ม ๒๕ · หน้า 103b
བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་ཏེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་
ཀྱང་གཟུགས་སོ། །ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུ་ཤེས་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུ་བྱེད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
རྣམ་པར་ཤེས་པའོ། །མྱིག་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མྱིག་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱིག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གོ། །རྣ་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣ་བ་ལས་གུད་ན་
ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའོ། །སྣ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྣ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
དབྱིངས་ཉིད་ཀྱང་སྣའོ། །ལྕེ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལྕེ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའོ། །ལུས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ལུས་ལས་གུད་
เล่ม ๒๕ · หน้า 104a
ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་སོ། །ཡིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཉིད་ཀྱང་ཆོས་
ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་དོ། །གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །སྒྲ་ཡང་ཆོས་
ཀྱི་དབྱིངས་མ་ལགས། སྒྲ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྒྲ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྒྲའོ། །དྲི་ཡང་ཆོས་ཀྱི་དབྱིངས་མ་ལགས། དྲི་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དྲི་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲིའོ། །རོ་ཡང་ཆོས་ཀྱི་དབྱིངས་མ་ལགས། རོ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རོའོ། །རེག་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རེག་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རེག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་གོ། །ཆོས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆོས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆོས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་སོ། །མྱིག་གི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། མྱིག་གི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱིག་གི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་
ཉིད་ཀྱང་མྱིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣ་བའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
เล่ม ๒๕ · หน้า 104b
དབྱིངས་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྣའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
ཀྱི་དབྱིངས་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལྕེའི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
ཀྱི་དབྱིངས་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་
ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མྱིག་གི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། མྱིག་གི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱིག་གི་འདུས་ཏེ་རེག་པ་
ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྣའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་
เล่ม ๒๕ · หน้า 105a
ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལྕེའི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེའི་འདུས་ཏེ་རེག་
པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་
རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་
ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
เล่ม ๒๕ · หน้า 105b
བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་
མཆིས་ཏེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལུས་ཀྱི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་
ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སའི་ཁམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སའི་ཁམས་
སོ། །ཆུའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆུའི་ཁམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆུའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆུའི་ཁམས་སོ། །མྱེའི་ཁམས་ཀྱང་ཆོས་ཀྱི་དབྱིངས་
མ་ལགས། མྱེའི་ཁམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱེའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱེའི་ཁམས་སོ། །རླུང་གི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རླུང་གི་ཁམས་ལས་
เล่ม ๒๕ · หน้า 106a
གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རླུང་གི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ནམ་མཁའི་ཁམས་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཤེས་པའི་ཁམས་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། མ་རིག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་
མཆིས་ཏེ། མ་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུ་བྱེད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་
ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིང་དང་གཟུགས་
ཀྱང་ཆོས་ཀྱི་དབྱིངས་མ་ལགས། མྱིང་དང་གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱིང་དང་གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྐྱེ་མཆེད་
དྲུག་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །རེག་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རེག་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རེག་པ་ཉིད་
เล่ม ๒๕ · หน้า 106b
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་པའོ། །ཚོར་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །སྲེད་
པ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྲེད་པ་ལས་གུད་ན་ཡང་ཆོས་ཀྱི་བྱ་དབྱིངས་མ་མཆིས་ཏེ། སྲེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲེད་པའོ། །ལེན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལེན་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་
མ་མཆིས་ཏེ། ལེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལེན་པའོ། །སྲིད་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྲིད་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྲིད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་
ཉིད་ཀྱང་སྲིད་པའོ། །སྐྱེ་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྐྱེ་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྐྱེ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཡང་ཆོས་ཀྱི་དབྱིངས་མ་ལགས། རྒ་
ཤི་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་
ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས།
เล่ม ๒๕ · หน้า 107a
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་
ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ནང་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཕྱི་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཕྱི་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཕྱི་ནང་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཕྱི་ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་
เล่ม ๒๕ · หน้า 107b
དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོང་པ་ཉིད་
སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆེན་པོ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །
དོན་དམ་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དོན་དམ་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དོན་དམ་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་
བྱས་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུས་བྱས་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུས་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་
སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་
འདས་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐའ་ལས་འདས་
པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
เล่ม ๒๕ · หน้า 108a
ཀྱི་དབྱིངས་ཉིད་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དོར་བ་མྱེད་པ་སྟོང་པ་ཉིད་ཉིད་
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རང་བཞིན་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་བཞིན་སྟོང་པ་ཉིད་ཉིད་ཀྱང་
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཉིད་
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་གི་མཚན་ཉིད་སྟོང་པ་
ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱི་དམྱིགས་པ་སྟོང་
པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དངོས་པོ་མྱེད་
པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཉིད་
เล่ม ๒๕ · หน้า 108b
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དངོས་པོ་མྱེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་
དབྱིངས་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ཡང་
ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་
ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དབང་པོ་རྣམས་ལས་གུད་ན་ཡང་ཆོས་ཀྱི་
དབྱིངས་མ་མཆིས་ཏེ། དབང་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྟོབས་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྟོབས་ཉིད་ཀྱང་
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་
เล่ม ๒๕ · หน้า 109a
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ལམ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལམ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལམ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
དབྱིངས་ཉིད་ཀྱང་ལམ་མོ། །འཕགས་པའི་བདེན་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འཕགས་པའི་བདེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་
ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། བསམ་གཏན་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བསམ་གཏན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
བསམ་གཏན་རྣམས་སོ། །ཚད་མྱེད་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚད་མྱེད་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚད་མྱེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚད་མྱེད་པ་རྣམས་
སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཐར་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་
ཏེ། རྣམ་པར་ཐར་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མཐར་ཀྱིས་གནས་པའི་སྙོམས་
เล่ม ๒๕ · หน้า 109b
པར་འཇུག་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་
ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཐར་པའི་
སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ཀྱང་ཆོས་
ཀྱི་དབྱིངས་མ་ལགས། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་རྣམས་ཀྱང་ཆོས་ཀྱི་
དབྱིངས་མ་ལགས། ཏིང་ངེ་འཛིན་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཏིང་ངེ་འཛིན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས།
གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་
ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མྱི་
เล่ม ๒๕ · หน้า 110a
འཇིགས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མྱི་འཇིགས་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མྱི་འཇིགས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱི་འཇིགས་པ་
རྣམས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
དབྱིངས་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ཡང་ཆོས་ཀྱི་དབྱིངས་མ་ལགས། བྱམས་པ་ཆེན་པོ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བྱམས་པ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
ཀྱི་དབྱིངས་ཉིད་ཀྱང་བྱ་མས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྙིང་རྗེ་
ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་
ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ།
เล่ม ๒๕ · หน้า 110b
ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཆོས་ཀྱི་དབྱིངས་མ་ལགས། ཕྱིར་མྱི་འོང་བའི་འབྲས་བུ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་
མཆིས་ཏེ། ཕྱིར་མྱི་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱིར་མི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དགྲ་བཅོམ་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་
ཏེ། དགྲ་བཅོམ་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རང་བྱང་ཆུབ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་བྱང་ཆུབ་ཉིད་ཀྱང་ཆོས་
ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །གཟུགས་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཉིད་ཀྱང་ཆོས་ཀྱི་
เล่ม ๒๕ · หน้า 111a
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མྱིག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གོ། །རྣ་བ་
ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའོ། །སྣ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའོ། །ལྕེ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའོ། །ལུས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
ཀྱི་དབྱིངས་ཉིད་ཀྱང་ལུས་སོ། །ཡིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་དོ། །གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །སྒྲ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
སྒྲའོ། །དྲི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲིའོ། །རོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རོའོ། །རེག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་གོ། །ཆོས་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་སོ། །མྱིག་གི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་
ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་གོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་
རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་རྣམ་
เล่ม ๒๕ · หน้า 111b
པར་ཤེས་པའོ། །མྱིག་གི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་
ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སྣའི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
เล่ม ๒๕ · หน้า 112a
དབྱིངས་ཉིད་ཀྱང་ཆུའི་ཁམས་སོ། །མྱེའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱེའི་ཁམས་སོ། །རླུང་གི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རླུང་གི་ཁམས་སོ། །
ནམ་མཁའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་
པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
རྣམ་པར་ཤེས་པའོ། །མྱིང་དང་གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །རེག་པ་ཉིད་ཀྱང་ཆོས་
ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་པའོ། །ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །སྲེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲེད་པའོ། །ལེན་པ་ཉིད་ཀྱང་ཆོས་ཀྱི་
དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལེན་པའོ། །སྲིད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲིད་པའོ། །སྐྱེ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་
เล่ม ๒๕ · หน้า 112b
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་གོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་
ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། །
ཕྱི་ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་བྱས་
སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐའ་ལས་འདས་པ་སྟོང་
པ་ཉིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོར་བ་མྱེད་པ་སྟོང་
เล่ม ๒๕ · หน้า 113a
པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་ཐམས་ཅད་
སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །།མྱི་དམྱིགས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་མོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དོ། །
དངོས་པོ་མྱེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་ཉིད་ཀྱང་
ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་
ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་
ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་
เล่ม ๒๕ · หน้า 113b
སོ། །བསམ་གཏན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མྱེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚད་མྱེད་པ་རྣམས་སོ། །གཟུགས་མྱེད་པའི་སྙོམས་པར་
འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་ཀྱིས་གནས་
པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་
སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །མངོན་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་ཉིད་
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མྱི་འཇིགས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མྱི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
དབྱིངས་ཉིད་ཀྱང་སོ་ས་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱམས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྙིང་རྗེ་ཆེན་
เล่ม ๒๕ · หน้า 114a
པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་
དབྱིངས་ཉིད་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །
ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱིར་མྱི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་
བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དོ། །རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་
པར་ཡང་མྱི་འགྱུར་ཏེ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ནས། ཆོས་ཐམས་ཅད་
མྱིང་མྱེད་པ་ལ་མྱིང་གི་བརྡས་ཆོས་སྟོན་ཏེ། འདི་ནི་གཟུགས་ཞེས་བྱའོ། །འདི་ནི་ཚོར་བ་ཞེས་བྱའོ། །འདི་ནི་འདུ་ཤེས་ཞེས་བྱའོ། །འདི་ནི་འདུ་བྱེད་ཅེས་བྱའོ། །འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་མྱིག་ཅེས་བྱའོ། །འདི་ནི་རྣ་
เล่ม ๒๕ · หน้า 114b
བ་ཞེས་བྱའོ། །འདི་ནི་སྣ་ཞེས་བྱའོ། །འདི་ནི་ལྕེ་ཞེས་བྱའོ། །འདི་ནི་ལུས་ཞེས་བྱའོ། །འདི་ནི་ཡིད་ཅེས་བྱའོ། །འདི་ནི་གཟུགས་ཤེས་བྱའོ། །འདི་ནི་སྒྲ་ཞེས་བྱའོ། །འདི་ནི་དྲི་ཞེས་བྱའོ། །འདི་ནི་རོ་ཞེས་བྱའོ། །འདི་ནི་རེག་ཅེས་བྱའོ། །
འདི་ནི་ཆོས་ཞེས་བྱའོ། །འདི་ནི་མྱིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་རྣ་བའི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་སྣའི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་ལྕེའི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པ་
ཞེས་བྱའོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་སྣའི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་ལྕེའི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་
ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་སྣའི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱའོ། །འདི་ནི་
སའི་ཁམས་ཞེས་བྱའོ། །འདི་ནི་ཆུའི་ཁམས་ཞེས་བྱའོ། །འདི་ནི་མྱེའི་ཁམས་ཞེས་བྱའོ། །འདི་ནི་རླུང་གི་ཁམས་ཞེས་བྱའོ། །འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །འདི་
ནི་མ་རིག་པ་ཞེས་བྱའོ། །འདི་ནི་འདུ་བྱེད་ཅེས་བྱའོ། །འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི་མྱིང་དང་གཟུགས་ཞེས་བྱའོ། །འདི་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །འདི་ནི་རེག་པ་ཞེས་བྱའོ། །འདི་ནི་ཚོར་བ་ཞེས་བྱའོ། །འདི་ནི་སྲེད་
เล่ม ๒๕ · หน้า 115a
པ་ཞེས་བྱའོ། །འདི་ནི་ལེན་པ་ཞེས་བྱའོ། །འདི་ནི་སྲིད་པ་ཞེས་བྱའོ། །འདི་ནི་སྐྱེ་བ་ཞེས་བྱའོ། །འདི་ནི་རྒ་ཤི་ཞེས་བྱའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་ཕྱི་སྟོང་པ་ཉིད་ཅེས་
བྱའོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་འདུས་མ་བྱས་སྟོང་པ་
ཉིད་ཅེས་བྱའོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་ཆོས་ཐམས་ཅད་
སྟོང་པ་ཉིད་ཅེས་བྱའོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱའོ། །འདི་དག་ནི་ཡང་དག་པར་སྤོང་བ་རྣམས་ཞེས་བྱའོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱའོ། །འདི་དག་ནི་དབང་པོ་རྣམས་ཞེས་བྱའོ། །འདི་དག་ནི་སྟོབས་
རྣམས་ཞེས་བྱའོ། །འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱའོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །འདི་དག་ནི་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །འདི་དག་ནི་བསམ་གཏན་རྣམས་ཞེས་བྱའོ། །
เล่ม ๒๕ · หน้า 115b
འདི་དག་ནི་ཚད་མྱེད་པ་རྣམས་ཞེས་བྱའོ། །འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱའོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །འདི་དག་ནི་
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱའོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་ཞེས་བྱའོ། །འདི་དག་ནི་ཏིང་ངེ་འཛིན་རྣམས་ཞེས་བྱའོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་ཞེས་བྱའོ། །འདི་དག་ནི་དེ་
བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱའོ། །འདི་དག་ནི་མྱི་འཇིགས་པ་རྣམས་ཞེས་བྱའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱའོ། །འདི་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །འདི་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །འདི་དག་ནི་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱའོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཞེས་བྱའོ། །འདི་ནི་དགྲ་བཅོམ་པ་ཉིད་ཅེས་བྱའོ། །འདི་ནི་རང་བྱང་ཆུབ་
ཅེས་བྱའོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །འདི་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་སྟོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མ་བྱེད་པའི་མཆན་བུ་མཁས་པ་ཞིག་གིས་
རྫས་ཀྱི་རྣམ་པ་གྱི་ན་ཞིག་ལ་བརྟེན་ཏེ། གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ། གླང་པོའི་གཟུགས་སམ། རྟའི་གཟུགས་སམ། བ་ལང་གི་གཟུགས་སམ། རྔ་མོ་དང་ལུག་གི་གཟུགས་སམ། སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་། བུ་མོའི་གཟུགས་
སམ། སྐྱེད་མོས་ཚལ་དང་། གཞལ་མྱེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཀུན་དགའི་རབ་མདངས་དགའ་བ་འམ། ཆུ་ཀླུང་ཉམས་དགའ་བ་དག་གམ། རྫིང་བུ་མདངས་དགའ་བ་འམ། ནགས་ཚལ་མདངས་དགའ་བདག་སྤྲུལ་ཅིང་། དེ་
เล่ม ๒๕ · หน้า 116a
དག་ཏུ་སྟན་དང་། འཁོར་གྱི་སྟན་དང་། གཞི་རྣམ་པ་སྣ་ཚོགས་བཏིང་སྟེ། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཁ་ཟས་དང་། སྤྱན་གཟིགས་ཞིམ་པོ་དག་བསྟན་ཏམ། གླུ་དང་སིལ་སྙན་གྱིས་སྐྱེ་བོ་དགའ་བར་
བྱས་སམ། སྦྱིན་པ་ཡོངས་སུ་གཏང་བའམ། །ཚུལ་ཁྲིམས་བསྲུང་བའམ། བཟོད་པ་བསྒྲུབ་པ་འམ། བརྩོན་འགྲུས་བརྩམ་པ་འམ། ཏིང་ངེ་འཛིན་ཀྱིས་རྣམ་པར་རྩེ་བ་འམ། ཤེས་རབ་བསྒོམ་པའམ། རྣམ་པ་དེ་ལྟ་བུ་དག་གིས་སྐྱེ་བོ་
དགའ་བར་བྱས་ཏེ། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། རི་རབ་བསྟན་ཏམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་བསྟན་ཏམ།
སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་བསྟན་ཏམ། མཚེ་མའི་ལྷ་རྣམས་བསྟན་ཏམ། དགའ་ལྡན་གྱི་ལྷ་རྣམས་བསྟན་ཏམ། འཕྲུལ་དགའི་ལྷ་རྣམས་བསྟན་ཏམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་བསྟན་ཏམ། ཚངས་རིས་ཀྱི་ལྷ་རྣམས་བསྟན་
ཏམ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་བསྟན་ཏམ། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་བསྟན་ཏམ། ཚངས་ཆེན་གྱི་ལྷ་རྣམས་བསྟན་ཏམ། སྣང་བའི་ལྷ་རྣམས་བསྟན་ཏམ། ཆུང་སྣང་གི་ལྷ་རྣམས་བསྟན་ཏམ། ཚད་མྱེད་སྣང་བའི་ལྷ་
རྣམས་བསྟན་ཏམ། ཀུན་སྣང་དང་བའི་ལྷ་རྣམས་བསྟན་ཏམ། དགེ་བའི་ལྷ་རྣམས་བསྟན་ཏམ། ཆུང་དགེའི་ལྷ་རྣམས་བསྟན་ཏམ། ཚད་མྱེད་དགེ་བའི་ལྷ་རྣམས་བསྟན་ཏམ། དགེ་རྒྱས་ཀྱི་ལྷ་རྣམས་བསྟན་ཏམ། ཆེ་བའི་ལྷ་རྣམས་བསྟན་
ཏམ། ཆུང་ཆེའི་ལྷ་རྣམས་བསྟན་ཏམ། ཚད་མྱེད་ཆེ་བའི་ལྷ་རྣམས་བསྟན་ཏམ། འབྲས་བུ་ཆེ་བའི་ལྷ་རྣམས་བསྟན་ཏམ། མྱི་ཆེ་བའི་ལྷ་རྣམས་བསྟན་ཏམ། མྱི་གདུང་བའི་ལྷ་རྣམས་བསྟན་ཏམ། ཤིན་ཏུ་མཐོང་བའི་ལྷ་རྣམས་བསྟན་ཏམ། གྱ་ནོམ་སྣང་
เล่ม ๒๕ · หน้า 116b
བའི་ལྷ་རྣམས་བསྟན་ཏམ། འོག་མྱིན་གྱི་ལྷ་རྣམས་བསྟན་ཏམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ།
འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་གཟུགས་མྱེད་པ་རྣམས་བསྟན་ཏམ། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་མང་པོ་བསྟན་ཏམ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་དཔལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་
པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་
པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་
པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་
เล่ม ๒๕ · หน้า 117a
ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། བསམ་གཏན་དང་། རྣམ་
པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྤྱོད་པ་དང་། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་གཉིས་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བཞི་པ་
ཡོངས་སུ་རྫོགས་པར་བྱེད་པ་དང་། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་དྲུག་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་དགུ་པ་
ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང་། མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་། འཇིག་རྟེན་གྱི་ཁམས་རྣམས་
སྣང་བར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཡན་ལག་དང་ཉིང་ལག་ཡོངས་སུ་གཏང་བ་དང་། སྤྱད་པར་དཀའ་བའི་སྤྱད་པ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་
རྣམས་ཡོངས་སུ་སྒྲུབ་པ་དང་། མྱི་འཇིགས་པ་རྣམས་ཡོངས་སུ་སྒྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་སྒྲུབ་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་
པ་དེ་དག་བསྟན་ཏམ། སངས་རྒྱས་ཀྱི་སྐུ་ཡན་ལག་དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མྱི་འདིས་ལེགས་པར་བསླབས་པ་ངོ་མཚར་ཆེའི་
เล่ม ๒๕ · หน้า 117b
རེ་མཛེས་དག་བྱེད། དེ་ལྟར་སྐྱེ་བོ་དགའ་བར་བྱེད་ཅིང་། གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ། གླང་པོའི་གཟུགས་དང་། རྟའི་གཟུགས་དང་། བ་ལང་གི་གཟུགས་དང་། རྔ་མོ་དང་ལུག་གི་གཟུགས་དང་། སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་། བུ་མོའི་གཟུགས་
སྟོན་པ་དང་། སྐྱེད་མོས་ཚལ་དང་། གཞལ་མྱེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཀུན་དགའི་ར་བ་མདངས་དགའ་བ་སྟོན་པ་དང་། རྫིང་བུ་མདངས་དགའ་བ་སྟོན་པ་དང་། ནགས་ཚལ་མདངས་དགའ་བ་སྟོན་པ་དང་། དེ་དག་ཏུ་སྟན་
དང་། འཁོར་གྱི་སྟན་དང་། གཞི་རྣམ་པ་སྣ་ཚོགས་བཏིང་སྟེ། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཁ་ཟས་དང་། སྤྱན་གཟིགས་མང་པོ་དེ་ལྟ་བུ་སྟོན་པ་དང་། གླུ་དང་སིལ་སྙན་གྱིས་སྐྱེ་བོ་དགའ་བར་བྱེད་ཅིང་། སྦྱིན་པ་ཡོངས་
སུ་གཏང་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་བསྒྲུབ་པ་དང་། བརྩོན་འགྲུས་བརྩམ་པ་དང་། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་དང་། ཤེས་རབ་བསྒོམ་པ་དང་། རྣམ་པ་འདི་དག་གིས་སྐྱེ་བོ་དགའ་བར་བྱེད་ཅིང་། རྒྱལ་རིགས་ཆེ་ཞིང་
མཐོ་བའི་རིགས་སྟོན་པ་དང་། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སྟོན་པ་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སྟོན་པ་དང་། རི་རབ་སྟོན་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སྟོན་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སྟོན་པ་དང་། མཚེ་མའི་
ལྷ་རྣམས་སྟོན་པ་དང་། དགའ་ལྡན་གྱི་ལྷ་རྣམས་སྟོན་པ་དང་། འཕྲུལ་དགའི་ལྷ་རྣམས་སྟོན་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སྟོན་པ་དང་། ཚངས་རིས་ཀྱི་ལྷ་རྣམས་སྟོན་པ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སྟོན་པ་དང་། ཚངས་པ་
ཀུན་འཁོར་གྱི་ལྷ་རྣམས་སྟོན་པ་དང་། ཚངས་ཆེན་གྱི་ལྷ་རྣམས་སྟོན་པ་དང་། སྣང་བའི་ལྷ་རྣམས་སྟོན་པ་དང་། ཆུང་སྣང་གི་ལྷ་རྣམས་སྟོན་པ་དང་། ཚད་མྱེད་སྣང་བའི་ལྷ་རྣམས་སྟོན་པ་དང་། ཀུན་སྣང་དང་བའི་ལྷ་རྣམས་སྟོན་པ་དང་། དགེ་བའི་ལྷ་
เล่ม ๒๕ · หน้า 118a
རྣམས་སྟོན་པ་དང་། ཆུང་དགེའི་ལྷ་རྣམས་སྟོན་པ་དང་། ཚད་མྱེད་དགེ་བའི་ལྷ་རྣམས་སྟོན་པ་དང་། དགེ་རྒྱས་ཀྱི་ལྷ་རྣམས་སྟོན་པ་དང་། ཆེ་བའི་ལྷ་རྣམས་སྟོན་པ་དང་། ཆུང་ཆེའི་ལྷ་རྣམས་སྟོན་པ་དང་། ཚད་མྱེད་ཆེ་བའི་ལྷ་
རྣམས་སྟོན་པ་དང་། འབྲས་བུ་ཆེ་བའི་ལྷ་རྣམས་སྟོན་པ་དང་། མྱི་ཆེ་བའི་ལྷ་རྣམས་སྟོན་པ་དང་། མྱི་གདུང་བའི་ལྷ་རྣམས་སྟོན་པ་དང་། ཤིན་ཏུ་མཐོང་བའི་ལྷ་རྣམས་སྟོན་པ་དང་། གྱ་ནོམ་སྣང་བའི་ལྷ་རྣམས་སྟོན་པ་དང་། འོག་མྱིན་གྱི་ལྷ་རྣམས་
སྟོན་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སྟོན་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སྟོན་པ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་སྟོན་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་གཟུགས་མྱེད་པ་རྣམས་
སྟོན་པ་དང་། རྒྱུན་ཏུ་ཞུགས་པ་རྣམས་སྟོན་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་མང་པོ་རྣམས་སྟོན་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་དང་པོ་བསྐྱེད་པ་
ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་
ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་
เล่ม ๒๕ · หน้า 118b
དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་
སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་།
སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། ས་དང་པོ་ཡོངས་
སུ་རྫོགས་པར་བྱེད་པ་དང་། ས་གཉིས་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བཞི་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་དྲུག་པ་ཡོངས་སུ་རྫོགས་པར་
བྱེད་པ་དང་། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་དགུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་
པར་འཇུག་པ་དང་། མངོན་པར་ཤེས་པ་རྣམས་མངོན་པར་སྒྲུབ་པ་དང་། མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་བ་དང་། འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་དང་། དཀའ་བའི་སྤྱད་པ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་སྒྲུབ་པ་དང་། མྱི་འཇིགས་པ་རྣམས་ཡོངས་སུ་སྒྲུབ་པ་དང་། སོ་སོ་
เล่ม ๒๕ · หน้า 119a
ཡང་དག་པར་རིག་པ་རྣམས་ཡོངས་སུ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་སྒྲུབ་པ་དང་། བྱམས་པ་ཆེན་པོ་མངོན་པར་སྒྲུབ་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དེ་དག་ཀྱང་སྟོན་ཅིང་།
སངས་རྒྱས་ཀྱི་སྐུ་ཡན་ལག་དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་སྟོན་པ་ནི་ངོ་མཚར་ཆེའོ་ཞེས་ངོ་མཚར་ཆེར་འཛིན་ཏོ། །དེ་ལ་སྐྱེས་བུ་མཁས་ཤིང་གསལ་ལ། ཡིད་རྣོ་བ་དང་ལྡན་པ། དཔྱོད་པ་དམ་པ་དང་ལྡན་པ་རྣམས་ནི་འདི་སྙམ་
སྟེ། འདི་ལ་ཆོས་གང་ཡང་དམྱིགས་སུ་མྱེད་ན། མྱི་འདི་དེ་ལྟར་མྱེད་པའི་ཆོས་ཀྱིས་སྐྱེ་བོ་མང་པོ་འདི་དག་དགའ་བར་བྱེད་པ་ནི། ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་སྙམ་སྟེ། སེམས་ཅན་འདི་དག་ནི་དངོས་པོ་མྱེད་པ་ལ། །དངོས་པོར་འདུ་ཤེས་
པའོ་ཞེས་བྱ་བར་དེ་དག་གི་ཤེས་པ་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མྱི་མཐོང་སྟེ།
ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་དུ་མྱི་དམིགས། སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་ཏེ། བདག་ཀྱང་སྦྱིན་པ་གཏོང་བ་ཡིན། གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། སྦྱིན་
པའི་ལེགས་བརྗོད་པ་ཡིན། སེམས་ཅན་གཞན་གང་སྦྱིན་པ་གཏོང་བ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཚུལ་ཁྲིམས་སྲུང་བ་ཡིན། གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་སྐུལ་བ་ཡིན། ཚུལ་
ཁྲིམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བཟོད་པ་སྒོམ་པ་ཡིན། གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་བ་ཡིན། བཟོད་
เล่ม ๒๕ · หน้า 119b
པའི་ལེགས་བརྗོད་པ་ཡིན། སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་། མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བརྩོན་འགྲུས་རྩོམ་པ་ཡིན། གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་བ་ཡིན།
བརྩོན་འགྲུས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཏིང་ངེ་འཛིན་ལ་ཡང་
དག་པར་སྐུལ་བ་ཡིན། ཏིང་ངེ་འཛིན་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཤེས་རབ་སྒོམ་པ་ཡིན། གཞན་ཡང་ཤེས་
རབ་ལ་ཡང་དག་པར་སྐུལ་བ་ཡིན། །ཤེས་རབ་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཤེས་རབ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་
པ་ཡིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྐུལ་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་
པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཡང་དག་པར་སྐུལ་བ་ཡིན། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་གྱི་
ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་ཡིན།
เล่ม ๒๕ · หน้า 120a
གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བསླབ་པའི་གནས་ལྔའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་
པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡིན། སེམས་ཅན་གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་གཏན་དང་པོའི་ལེགས་པ་རྗོད་པ་ཡིན། སེམས་ཅན་
གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་
པར་སྐུལ་བ་ཡིན། བསམ་གཏན་གཉིས་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་
གསུམ་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་གཏན་གསུམ་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་
མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་གཏན་བཞི་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་
བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བྱམས་པ་ལ་ཡང་དག་པར་སྐུལ་བ་ཡིན། བྱམས་པའི་ལེགས་པ་རྗོད་
เล่ม ๒๕ · หน้า 120b
པ་ཡིན། སེམས་ཅན་གཞན་གང་བྱམས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྙིང་རྗེ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་སྙིང་རྗེ་ལ་ཡང་དག་པར་སྐུལ་བ་ཡིན། སྙིང་རྗེའི་ལེགས་
པ་རྗོད་པ་ཡིན། སེམས་ཅན་གཞན་གང་སྙིང་རྗེ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དགའ་བ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་དགའ་བ་ལ་ཡང་དག་པར་སྐུལ་བ་ཡིན། དགའ་
བའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དགའ་བ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བཏང་སྙོམས་ལ་ཡང་
དག་པར་སྐུལ་བ་ཡིན། བཏང་སྙོམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་
ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་
པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། རྣམ་ཤེས་
མཐའ་ཡས་སྐྱེ་མཆེད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན།
เล่ม ๒๕ · หน้า 121a
གཞན་ཡང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་
པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། འདུ་ཤེས་མྱེད་
འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དྲན་པ་ཉེ་བར་གཞག་པ་
རྣམས་སྒོམ་པ་ཡིན། གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་
མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཡང་དག་པར་སྤོང་བ་རྣམས་སྒོམ་པ་ཡིན། གཞན་ཡང་ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་
ཡང་དག་པར་སྤོང་བ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་བ་ཡིན། བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་ཡིན། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་
ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དབང་པོ་རྣམས་སྒོམ་པ་ཡིན། གཞན་ཡང་དབང་པོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན།
เล่ม ๒๕ · หน้า 121b
དབང་པོ་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དབང་པོ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྟོབས་རྣམས་སྒོམ་པ་ཡིན། །གཞན་ཡང་སྟོབས་རྣམས་ལ་ཡང་དག་པར་སྐུལ་
བ་ཡིན། སྟོབས་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་སྟོབས་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་ཡིན། གཞན་
ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་
སྤྱོད་པ་ཡིན། བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡིན། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་བ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལེགས་པ་རྗོད་པ་ཡིན།
སེམས་ཅན་གཞན་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པ་ཡིན། གཞན་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་
པར་སྐུལ་བ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་རྣམ་པར་ཐར་པའི་སྒོ་གསུམ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཡིན།
གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། རྣམ་པར་ཐར་པ་བརྒྱད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་རྣམ་པར་ཐར་པ་བརྒྱད་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་
เล่ม ๒๕ · หน้า 122a
ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་ཡིན། གཞན་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་བ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
དགུའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མངོན་པར་ཤེས་པ་ལྔ་སྒོམ་པ་ཡིན། གཞན་ཡང་
མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། མངོན་པར་ཤེས་པ་ལྔའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་མངོན་པར་ཤེས་པ་ལྔ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་
ཀྱང་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཏིང་
ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་གཟུངས་ཀྱི་སྒོ་རྣམས་སྒོམ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། གཟུངས་ཀྱི་སྒོ་
རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་ཡིན། གཞན་ཡང་
དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་
เล่ม ๒๕ · หน้า 122b
པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མྱི་འཇིགས་པ་བཞི་སྒོམ་པ་ཡིན། གཞན་ཡང་མྱི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། མྱི་འཇིགས་པ་བཞིའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་མྱི་འཇིགས་པ་བཞི་སྒོམ་པ་དེ་དག་གི་
ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་ཡིན། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་པ་ཡིན། སོ་སོ་ཡང་དག་པར་རིག་པ་བཞིའི་ལེགས་པ་རྗོད་
པ་ཡིན། སེམས་ཅན་གཞན་གང་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱམས་པ་ཆེན་པོ་སྒོམ་པ་ཡིན། གཞན་ཡང་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་
བ་ཡིན། བྱམས་པ་ཆེན་པོའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྙིང་རྗེ་ཆེན་པོ་སྒོམ་པ་ཡིན། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་
དག་པར་སྐུལ་བ་ཡིན། སྙིང་རྗེ་ཆེན་པོའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་སྙིང་རྗེ་ཆེན་པོ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་ཡིན།
གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་པ་བརྒྱད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་དེ་དག་གི་ལེགས་
པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྒྲུབ་པ་ཡིན། གཞན་ཡང་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ཡང་དག་པར་སྐུལ་བ་ཡིན། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ལེགས་པ་རྗོད་པ་ཡིན།
เล่ม ๒๕ · หน้า 123a
སེམས་ཅན་གཞན་གང་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྒྲུབ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། །བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་ཡིན། གཞན་ཡང་དཔེ་བྱད་
བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། དཔེ་བྱད་བཟང་པོ་བརྒྱད་ཅུའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། རབ་འབྱོར་
གལ་ཏེ་ཆོས་ཀྱི་དབྱིངས་དེ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ནམ། བར་དུ་ཡང་དེ་བཞིན་མ་ཡིན་དུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་
རྣམས་ལ་ཆོས་ཀྱི་དབྱིངས་སྟོན་པར་མྱི་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་མྱི་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བར་དུ་ཡང་དེ་
བཞིན་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་སྟོན་ཏོ། །སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་
སྤྱད་པ་སྤྱོད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། མཉམ་པ་ཉིད་དུ་བསྟན་པའི་ལེའུ་སྟེ།
དྲུག་ཅུ་བཞིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
เล่ม ๒๕ · หน้า 123b
འདས་དེ་ལྟར་གལ་ཏེ་སེམས་ཅན་ཡང་ཤིན་ཏུ་དམྱིགས་སུ་མ་མཆིས་ལ། སེམས་ཅན་དུ་དམྱིགས་པ་ཡང་མ་མཆིས་ན། སུའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས། དེ་སྐད་ཅེས་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པའི་མཐའ་ཚད་མར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་སྟེ། རབ་
འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ། སེམས་ཅན་གྱི་མཐའ་ཡང་གཞན་ཡིན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པར་མྱི་འགྱུར་ཏེ། རབ་འབྱོར་ཡང་དག་པའི་མཐའ་
ཡང་གཞན་མ་ཡིན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་རྣམ་པར་འཁྲུག་པ་མྱེད་པར། སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡང་དག་པའི་མཐའ་ཡང་གཞན་མ་
ལགས། སེམས་ཅན་གྱི་མཐའ་ཡང་གཞན་མ་ལགས་ན། ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་འགྱུར་རམ། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་གྱུར་ན་ནི། དེས་རང་བཞིན་ལ་
རང་བཞིན་གནས་པར་གྱུར་ཏེ། བཅོམ་ལྡན་འདས་རང་བཞིན་ལ་ནི་རང་བཞིན་གནས་པ་མ་མཆིས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་
เล่ม ๒๕ · หน้า 124a
ཡང་དག་པའི་མཐའ་ལ་འགོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་བ་ཡང་མེད། རང་བཞིན་ལ་རང་བཞིན་གནས་པར་འགྱུར་
བ་ཡང་མྱེད་ན། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་དེ། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་
མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ཏེ། དེ་ལྟར་ན་སེམས་ཅན་གྱི་མཐའ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །
གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པ་དང་ལྡན་པས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཀྱང་། ཡང་དག་པའི་མཐའ་རྣམ་པར་
འཁྲུག་པར་མྱི་བགྱིད་པ་དེ་ལྟ་བུའི་ཐབས་ལ་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་
ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་དོ། །སྦྱིན་པ་ལ་རབ་ཏུ་བཀོད་ནས། སྦྱིན་པ་དེ་ཐོག་མའི་མཐའ་དང་། ཐ་མའི་མཐའ་དང་དབུས་སྟོང་སྟེ། ཇི་ལྟར་སྦྱིན་པ་དེའི་ཐོག་མའི་མཐའ་ཡང་སྟོང་། ཐ་མའི་
མཐའ་ཡང་སྟོང་། དབུས་ཀྱང་སྟོང་པ་དེ་ལྟར་སྦྱིན་པའི་འབྲས་བུ་ཡང་སྟོང་། སྦྱིན་བདག་ཀྱང་སྟོང་། །ལེན་པ་ཡང་སྟོང་པར་སྟོན་ཅིང་། རིགས་ཀྱི་བུ་དེ་ལྟར་ཡང་དག་པའི་མཐའ་ལ་དོན་དེ་དག་མྱེད་ཀྱིས། སྦྱིན་པ་ཡང་གཞན་ལ། སྦྱིན་པའི་
เล่ม ๒๕ · หน้า 124b
འབྲས་བུ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག། སྦྱིན་བདག་ཀྱང་གཞན་ལ། ལེན་པ་ཡང་གཞན་ནོ། །སྙམ་དུ་མ་སེམས་ཤིག། རིགས་ཀྱི་བུ་ཁྱོད་ནམ་སྦྱིན་པ་ཡང་གཞན་ལ། སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མྱི་སེམས།
སྦྱིན་བདག་ཀྱང་གཞན་ལ་ལེན་པ་ཡང་གཞན་ནོ་སྙམ་དུ་མྱི་སེམས་པ་དེའི་ཚེ། ཁྱོད་ཀྱི་སྦྱིན་པ་འདི་བདུད་རྩི་དང་། བདུད་རྩིའི་འབྲས་བུ་དང་། མཐར་བདུད་རྩིར་འགྱུར་ཏེ། སྦྱིན་པ་འདིས་གཟུགས་ཡོངས་སུ་མ་འཛིན་ཅིག། ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མ་འཛིན་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་སྦྱིན་པ་འདི་ནི་སྦྱིན་པས་སྟོང་ངོ་། །དེའི་འབྲས་བུ་ཡང་འབྲས་བུས་སྟོང་ངོ་། །སྦྱིན་བདག་ཀྱང་སྦྱིན་བདག་གིས་སྟོང་ངོ་། །
ལེན་པ་ཡང་ལེན་པས་སྟོང་སྟེ། སྟོང་པ་ཉིད་ལ་ནི་སྦྱིན་པ་མྱི་དམྱིགས། སྦྱིན་པའི་འབྲས་བུ་དང་། སྦྱིན་བདག་དང་། ལེན་པ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་ཤིན་ཏུ་སྟོང་ངོ་ཞེས་རྗོད་དོ། །གཞན་
ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོ། ཐབས་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་འགོད་དོ། །ཚུར་རིགས་ཀྱི་བུ་སྲོག་གཅོད་པ་སྤོངས་ལ། སྲོག་གཅོད་པ་
ལས་ཕྱིར་ལྡོག་པར་གྱིས་ཤིག། མ་བྱིན་པར་ལེན་པ་སྤོངས་ལ། མ་བྱིན་པར་ལེན་པ་ལས་ཕྱིར་ལྡོག་པར་གྱིས་ཤིག། འདོད་པས་ལོག་པར་གཡེམ་པ་སྤོངས་ལ། འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པར་གྱིས་ཤིག །རྫུན་དུ་
སྨྲ་བ་སྤོངས་ལ། བརྫུན་དུ་སྨྲ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག། ཕྲ་མ་སྤོངས་ལ། ཕྲ་མ་ལས་ཕྱིར་ལྡོག་པར་གྱིས་ཤིག། ཞེ་གཅོད་པའི་ཚིག་སྤོངས་ལ། ཞེ་གཅོད་པའི་ཚིག་ལས་ཕྱིར་ལྡོག་པར་གྱིས་ཤིག། ཚིག་ཀྱལ་པ་སྤོངས་ལ།
เล่ม ๒๕ · หน้า 125a
ཚིག་ཀྱལ་པ་ལས་ཕྱིར་ལྡོག་པར་གྱིས་ཤིག། ཆགས་སེམས་སྤོངས་ལ། ཆགས་སེམས་ལས་ཕྱིར་ལྡོག་པར་གྱིས་ཤིག །གནོད་སེམས་སྤོངས་ལ། གནོད་སེམས་ལས་ཕྱིར་ལྡོག་པར་གྱིས་ཤིག །ལོག་པར་ལྟ་
བ་སྤོངས་ལ་ལོག་པར་ལྟ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག། རིགས་ཀྱི་བུ་ཆོས་འདི་དག་ལ་ཇི་ལྟར་ཡོངས་སུ་བརྟགས་པ་དེ་ལྟ་བུའི་རང་བཞིན་གང་ཡང་མྱེད་ཀྱིས། རིགས་ཀྱི་བུ་སེམས་དང་གང་ལ་སྲོག་གཅད་པར་བྱ་བའི་སྲོག་ཆགས་དང་།
སྲོག་གཅད་པར་བཏགས་པ་དང་། གང་གིས་སྲོག་གཅད་པར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་མ་བྱིན་པར་བླང་བ་དང་། མ་བྱིན་པར་ལེན་པར་བཏགས་པ་དང་། གང་གིས་བླང་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་འདོད་
པས་ལོག་པར་གཡེམ་པ་དང་། འདོད་པས་ལོག་པར་གཡེམ་པར་བཏགས་པ་དང་། གང་གིས་འདོད་པས་ལོག་པར་གཡེམ་པར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་བརྫུན་དུ་སྨྲ་བ་དང་། རྫུན་དུ་སྨྲ་བར་བཏགས་པ་དང་། གང་
གིས་བརྫུན་དུ་སྨྲ་བར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཕྲ་མ་སྨྲ་བ་དང་། ཕྲ་མ་སྨྲ་བར་བཏགས་པ་དང་། གང་གིས་ཕྲ་མར་སྨྲ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཞེ་གཅོད་པའི་ཚིག་སྨྲ་བ་དང་། ཞེ་གཅོད་པར་བཏགས་པ་དང་།
གང་གིས་ཞེ་གཅད་པའི་ཚིག་ཏུ་སྨྲ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཚིག་ཀྱལ་པ་སྨྲ་བ་དང་། ཚིག་ཀྱལ་པར་བཏགས་པ་དང་། གང་གིས་ཚིག་ཀྱལ་པར་སྨྲ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཆགས་སེམས་སྐྱེད་པ་དང་། །
ཆགས་སེམས་སུ་བཏགས་པ་དང་། གང་གིས་ཆགས་སེམས་སྐྱེད་པ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་གནོད་སེམས་སྐྱེད་པ་དང་། གནོད་སེམས་སུ་བཏགས་པ་དང་། གང་གིས་གནོད་སེམས་སུ་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด