ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๕ · หน้า 184b

མྱི་འོང་བའི་འབྲས་བུ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་དགྲ་

བཅོམ་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བྱང་ཆུབ་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རང་བྱང་ཆུབ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྟོང་པ་ཉིད་རྣམ་

པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདི་ལྟར་འདི་ནི་གཟུགས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །

འདི་ནི་འདུ་ཤེས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་འདུ་བྱེད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱིག་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣ་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྣ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལྕེ་

འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལུས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཡིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་གཟུགས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྒྲ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དྲི་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རོ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་

རེག་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཆོས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱིག་གི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣ་བའི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྣའི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལྕེའི་རྣམ་པར་ཤེས་

པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱིག་གི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣ་བའི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་

เล่ม ๒๕ · หน้า 185a

སྣའི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལྕེའི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་འདི་ནི་སྟོང་པ་ཉིད་དོ། །

འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་

ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སའི་ཁམས་འདི་ནི་

སྟོང་པ་ཉིད་དོ། །འདི་ནི་ཆུའི་ཁམས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱེའི་ཁམས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རླུང་གི་ཁམས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ནམ་མཁའི་ཁམས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྣམ་པར་ཤེས་པའི་ཁམས་

འདི་ནི་སྟོང་པ་ཉིད་དོ། །འདི་ནི་མ་རིག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་འདུ་བྱེད་འདི་ནི་སྟོང་པོ་ཉིད་དོ། །འདི་ནི་རྣམ་པར་ཤེས་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱིང་དང་གཟུགས་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྐྱེ་མཆེད་དྲུག་འདི་ནི་སྟོང་པ་ཉིད་དོ། །

འདི་ནི་རེག་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཚོར་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྲེད་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལེན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྲིད་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྐྱེ་བ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རྒ་ཤི་

འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๒๕ · หน้า 185b

འདི་ནི་སྟོང་པ་ཉིད་དོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ནང་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཕྱི་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་

ནི་ཕྱི་ནང་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་འདི་ནི་སྟོང་པ་

ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་འདི་ནི་སྟོང་པ་

ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་

ནི་དངོས་པོ་མྱེད་པ་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་

དག་ནི་ཡང་དག་པར་སྤོང་བ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་དབང་པོ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་སྟོབས་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་བྱང་ཆུབ་ཀྱི་

ཡན་ལག་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་འཕགས་པའི་བདེན་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་བསམ་གཏན་རྣམས་འདི་ནི་སྟོང་པ་ཉིད་དོ། །

เล่ม ๒๕ · หน้า 186a

འདི་དག་ནི་ཚད་མྱེད་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་མཐར་ཀྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་

ནི་ཏིང་ངེ་འཛིན་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་མྱི་འཇིགས་པ་བཞི་འདི་ནི་སྟོང་པ་ཉིད་དོ། །འདི་

དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བྱམས་པ་ཆེན་པོ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྙིང་རྗེ་ཆེན་པོ་འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདི་ནི་སྟོང་པ་ཉིད་དོ། །འདི་

ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་དགྲ་བཅོམ་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་

རང་བྱང་ཆུབ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་འཁྲུག་པ་དེ་ལྟ་བུའི་རང་བཞིན་མྱེད་དོ། །རབ་འབྱོར་

གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། མངོན་པར་

เล่ม ๒๕ · หน้า 186b

རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བགྱི་བར་སེམས་དཔར་གྱུར། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་སུ་དབྱེར་མ་མཆིས་པ་སྟེ། གཉིས་སུ་འབྱེད་པས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་

བར་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་ནི་གཉིས་སུ་དབྱེར་མེད་པ་སྟེ། གཉིས་ལ་སྤྱོད་པ་ལ་བྱང་ཆུབ་མྱེད་དོ། །རབ་འབྱོར་བྱང་ཆུབ་ནི་གཉིས་སུ་མྱེད་དེ་

གཉིས་སུ་དབྱེར་མྱེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔའོ་ཞེས་བྱ་བར་གཉིས་སུ་བྱ་བ་ལ་མྱི་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་དེ་ནི་

གཟུགས་ལ་མྱི་སྤྱོད་དོ། །ཚོར་བ་ལ་མྱི་སྤྱོད་དོ། །འདུ་ཤེས་ལ་མྱི་སྤྱོད་དོ། །འདུ་བྱེད་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །མྱིག་ལ་མྱི་སྤྱོད་དོ། །རྣ་བ་ལ་མྱི་སྤྱོད་དོ། །སྣ་ལ་མྱི་སྤྱོད་དོ། །ལྕེ་ལ་མྱི་སྤྱོད་དོ། །ལུས་ལ་མྱི་སྤྱོད་དོ། །

ཡིད་ལ་མྱི་སྤྱོད་དོ། །གཟུགས་ལ་མྱི་སྤྱོད་དོ། །སྒྲ་ལ་མི་སྤྱོད་དོ། །དྲི་ལ་མྱི་སྤྱོད་དོ། །རོ་ལ་མྱི་སྤྱོད་དོ། །རེག་ལ་མྱི་སྤྱོད་དོ། །ཆོས་ལ་མྱི་སྤྱོད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །སྣའི་རྣམ་

པར་ཤེས་པ་ལ་མྱི་སྤྱོད་དོ། །ལྕེའི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །སྣའི་འདུས་

ཏེ་རེག་པ་ལ་མྱི་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

เล่ม ๒๕ · หน้า 187a

ཚོར་བ་ལ་མྱི་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །སའི་ཁམས་ལ་མྱི་སྤྱོད་དོ། །ཆུའི་ཁམས་ལ་མྱི་སྤྱོད་དོ། །མྱེའི་ཁམས་ལ་མི་སྤྱོད་དོ། །

རླུང་གི་ཁམས་ལ་མྱི་སྤྱོད་དོ། །ནམ་མཁའི་ཁམས་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པའི་ཁམས་ལ་མྱི་སྤྱོད་དོ། །མ་རིག་པ་ལ་མྱི་སྤྱོད་དོ། །འདུ་བྱེད་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པ་ལ་མྱི་སྤྱོད་དོ། །མྱིང་དང་གཟུགས་ལ་མྱི་སྤྱོད་དོ། །

སྐྱེ་མཆེད་དྲུག་ལ་མྱི་སྤྱོད་དོ། །རེག་པ་ལ་མྱི་སྤྱོད་དོ། །ཚོར་བ་ལ་མྱི་སྤྱོད་དོ། །སྲེད་པ་ལ་མྱི་སྤྱོད་དོ། །ལེན་པ་ལ་མྱི་སྤྱོད་དོ། །སྲིད་པ་ལ་མྱི་སྤྱོད་དོ། །སྐྱེ་བ་ལ་མྱི་སྤྱད་དོ། །རྒ་ཤི་ལ་མྱི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་མྱི་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །ནང་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །འདུས་

བྱས་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །རང་བཞིན་སྟོང་པ་

ཉིད་ལ་མྱི་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །

เล่ม ๒๕ · หน้า 187b

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་ལ་མྱི་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་སྤྱོད་དོ། །དབང་པོ་རྣམས་ལ་མྱི་སྤྱོད་དོ། །སྟོབས་

རྣམས་ལ་མྱི་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མྱི་སྤྱོད་དོ། །བསམ་གཏན་རྣམས་ལ་མྱི་སྤྱོད་དོ། །ཚད་མྱེད་པ་

རྣམས་ལ་མྱི་སྤྱོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་ལ་མྱི་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སྤྱོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སྤྱོད་དོ། །མངོན་པར་ཤེས་པ་རྣམས་ལ་མྱི་སྤྱོད་དོ། །ཏིང་ངེ་འཛིན་རྣམས་ལ་མྱི་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་མྱི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སྤྱོད་དོ། །མྱི་འཇིགས་

པ་བཞི་ལ་མྱི་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་སྤྱོད་དོ། །བྱམས་པ་ཆེན་པོ་ལ་མྱི་སྤྱོད་དོ། །སྙིང་རྗེ་ཆེན་པོ་ལ་མྱི་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་སྤྱོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མྱི་སྤྱོད་དོ། །ལན་

ཅིག་ཕྱིར་འོང་བའི་འབྲས་བུ་ལ་མྱི་སྤྱོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མྱི་སྤྱོད་དོ། །དགྲ་བཅོམ་པ་ཉིད་ལ་མྱི་སྤྱོད་དོ། །རང་བྱང་ཆུབ་ལ་མྱི་སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སྤྱོད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ལ་མྱི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདག་དང་བདག་གིར་བྱ་བ་མྱེད་པ་སྟེ། བདག་གིས་གཟུགས་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་གཟུགས་སོ་ཞེ་འམ། བདག་གིས་ཚོར་བ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་ཚོར་བའོ་ཞེའམ།

เล่ม ๒๕ · หน้า 188a

བདག་གིས་འདུ་ཤེས་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་འདུ་ཤེས་སོ་ཞེ་འམ། བདག་གིས་འདུ་བྱེད་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་འདུ་བྱེད་དོ་ཞེ་འམ། བདག་གིས་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་

གི་རྣམ་པར་ཤེས་པའོ་ཞེ་འམ། བདག་གིས་མྱིག་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་མྱིག་གོ་ཞེའམ། བདག་གིས་རྣ་བ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་རྣ་བའོ་ཞེའམ། བདག་གིས་སྣ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་སྣའོ་ཞེས་འམ།

བདག་གིས་ལྕེ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་ལྕེའོ་ཞེ་འམ། བདག་གིས་ལུས་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་ལུས་སོ་ཞེ་འམ། བདག་གིས་ཡིད་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་ཡིད་དོ་ཞེ་འམ། བདག་གིས་གཟུགས་ལ་སྤྱད་

པར་བྱའོ་ཞེ་འམ། བདག་གི་གཟུགས་སོ་ཞེ་འམ། བདག་གིས་སྒྲ་ལ་སྤྱད་པར་བྱའོ་ཞེའམ། བདག་གིས་སྒྲའོ་ཞེའམ། བདག་གིས་དྲི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དྲིའོ་ཞེའམ། བདག་གིས་རོ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རོའོ་

ཞེའམ། བདག་གིས་རེག་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རེག་གོ་ཞེའམ། བདག་གིས་ཆོས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆོས་སོ་ཞེའམ། བདག་གིས་མྱིག་གི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱིག་གི་རྣམ་

པར་ཤེས་པའོ་ཞེའམ། བདག་གིས་རྣ་བའི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣ་བའི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་སྣའི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གིས་སྣའི་རྣམ་པར་ཤེས་པའོ་ཞེའམ།

བདག་གིས་ལྕེའི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་ལུས་ཀྱི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་ཀྱི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་ཡིད་ཀྱི་

เล่ม ๒๕ · หน้า 188b

རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་མྱིག་གི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱིག་གི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་རྣ་བའི་འདུས་ཏེ་རེག་པ་ལ་སྤྱད་པར་

བྱའོ་ཞེའམ། བདག་གི་རྣ་བའི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་སྣའི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྣའི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་ལྕེའི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་

འདུས་ཏེ་རེག་པའོ་ཞེའམ། བདག་གིས་ལུས་ཀྱི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་ཀྱི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་ཡིད་ཀྱི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡིད་ཀྱི་འདུས་ཏེ་རེག་

པའོ་ཞེའམ། བདག་གིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེ་

འམ། བདག་གི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་ལྕེའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་ཀྱི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ་ཞེའམ། བདག་གིས་སའི་ཁམས་ལ་སྤྱད་པར་བྱའོ་ཞེ་འམ། བདག་

เล่ม ๒๕ · หน้า 189a

གི་སའི་ཁམས་སོ་ཞེའམ། བདག་གིས་ཆུའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆུའི་ཁམས་ས་ཞེའམ། བདག་གིས་མྱེའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱེའི་ཁམས་སོ་ཞེའམ། བདག་གིས་

རླུང་གི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རླུང་གི་ཁམས་སོ་ཞེའམ། བདག་གིས་ནམ་མཁའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ནམ་མཁའི་ཁམས་སོ་ཞེའམ། བདག་གིས་རྣམ་པར་ཤེས་པའི་ཁམས་ལ་སྤྱད་པར་བྱའོ་ཞེ་འམ།

བདག་གི་རྣམ་པར་ཤེས་པའི་ཁམས་སོ་ཞེ་འམ། བདག་གིས་མ་རིག་པ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་མ་རིག་པའོ་ཞེ་འམ། བདག་གིས་འདུ་བྱེད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུ་བྱེད་དོ་ཞེའམ། བདག་གིས་རྣམ་པར་ཤེས་པ་ལ་

སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་མྱིང་དང་གཟུགས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱིང་དང་གཟུགས་ས་ཞེའམ། བདག་གིས་སྐྱེ་མཆེད་དྲུག་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྐྱེ་མཆེད་དྲུག་གོ་ཞེ་

འམ། བདག་གིས་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རེག་པའོ་ཞེའམ། བདག་གིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཚོར་བའོ་ཞེའམ། བདག་གིས་སྲེད་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྲེད་པའོ་ཞེའམ། བདག་

གིས་ལེན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལེན་པའོ་ཞེའམ། བདག་གིས་སྲིད་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྲིད་པའོ་ཞེའམ། བདག་གིས་སྐྱེ་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྐྱེ་བའོ་ཞེའམ། བདག་གིས་རྒ་ཤི་ལ་

སྤྱད་པར་བྱའོ་ཞེའམ། བདག་གི་རྒ་ཤིའོ་ཞེའམ། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་

เล่ม ๒๕ · หน้า 189b

གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ།

བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་

བྱའོ་ཞེའམ། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་ནང་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ནང་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཕྱི་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཕྱི་སྟོང་པ་ཉིད་དོ་

ཞེའམ། བདག་གིས་ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཕྱི་ནང་སྟོང་པ་ཉིད་དོ་ཞེའམ། བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྟོང་པ་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཆེན་པོ་སྟོང་

པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆེན་པོ་སྟོང་པ་ཉིད་དོ་ཞེའམ། བདག་གིས་དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དོན་དམ་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་འདུས་བྱས་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ།

བདག་གི་འདུས་བྱས་སྟོང་པ་ཉིད་དོ་ཞེའམ། བདག་གིས་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུས་མ་བྱས་སྟོང་པ་ཉིད་དོ་ཞེའམ། བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ།

བདག་གི་མཐའ་ལས་འདས་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པར་

เล่ม ๒๕ · หน้า 190a

བྱའོ་ཞེའམ། བདག་གི་དོར་བ་མྱེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་རང་བཞིན་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རང་བཞིན་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་

པར་བྱའོ་ཞེའམ། བདག་གི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེའམ། བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རང་གི་མཚན་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་ལ་

སྤྱད་པར་བྱའོ་ཞེའམ། བདག་གི་མྱི་དམྱིགས་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་

ཞེའམ། བདག་གི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་

པར་བྱའོ་ཞེའམ། བདག་གི་དྲན་པ་ཉེ་བར་གཞག་པ་བཞིའོ་ཞེའམ། བདག་གིས་ཡང་དག་པར་སྤོང་བ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡང་དག་པར་སྤོང་བ་བཞིའོ་ཞེའམ། བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པར་བྱའོ་ཞེའམ།

བདག་གི་རྫུ་འཕྲུལ་གྱི་རྐང་པ་བཞིའོ་ཞེའམ། བདག་གིས་དབང་པོ་ལྔ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དབང་པོ་ལྔའོ་ཞེ་འམ། བདག་གིས་སྟོབས་ལྔ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་སྟོབས་ལྔའོ་ཞེའམ། བདག་གིས་བྱང་ཆུབ་

ཀྱི་ཡན་ལག་བདུན་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ་ཞེ་འམ། བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེ་འམ།

เล่ม ๒๕ · หน้า 190b

བདག་གིས་འཕགས་པའི་བདེན་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འཕགས་པའི་བདེན་པ་བཞིའོ་ཞེ་འམ། བདག་གིས་བསམ་གཏན་བཞི་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་བསམ་གཏན་བཞིའོ་ཞེའམ། བདག་གིས་ཚད་མྱེད་པ་

བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཚད་མྱེད་པ་བཞིའོ་ཞེའམ། བདག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའོ་ཞེ་འམ། བདག་གིས་

རྣམ་པར་ཐར་པ་བརྒྱད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པར་ཐར་པ་བརྒྱད་དོ་ཞེའམ། བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པར་བྱའོ་ཞེ་འམ། བདག་གི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

དགུའོ་ཞེའམ། བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ་ཞེའམ། བདག་

གིས་མངོན་པར་ཤེས་པ་རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མངོན་པར་ཤེས་པ་རྣམས་སོ་ཞེའམ། བདག་གིས་ཏིང་ངེ་འཛིན་རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཏིང་ངེ་འཛིན་རྣམས་སོ་ཞེའམ། བདག་གིས་གཟུངས་ཀྱི་སྒོ་

རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་གཟུངས་ཀྱི་སྒོ་རྣམས་སོ་ཞེའམ། བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དེ་བཞིན་གཤེགས་པའི་སྟོབས་བཅུའོ་ཞེའམ། བདག་གིས་མྱི་འཇིགས་

པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མྱི་འཇིགས་པ་བཞིའོ་ཞེའམ། བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སོ་སོ་ཡང་དག་པར་རིག་པ་བཞིའོ་ཞེའམ། བདག་གིས་བྱམས་པ་ཆེན་པོ་ལ་

เล่ม ๒๕ · หน้า 191a

སྤྱད་པར་བྱའོ་ཞེའམ། བདག་གི་བྱམས་པ་ཆེན་པོའོ་ཞེའམ། བདག་གིས་སྙིང་རྗེ་ཆེན་པོ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྙིང་རྗེ་ཆེན་པོའོ་ཞེའམ། བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱད་

པར་བྱའོ་ཞེའམ། བདག་གི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ་ཞེའམ། བདག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ་ཞེའམ། བདག་གིས་ལན་ཅིག་ཕྱིར་འོང་བའི་

འབྲས་བུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ་ཞེའམ། བདག་གིས་ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཕྱིར་མྱི་འོང་བའི་འབྲས་བུའོ་ཞེའམ། བདག་གིས་དགྲ་བཅོམ་པ་ཉིད་ལ་སྤྱད་པར་

བྱའོ་ཞེའམ། བདག་གི་དགྲ་བཅོམ་པ་ཉིད་དོ་ཞེའམ། བདག་གིས་རང་བྱང་ཆུབ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རང་བྱང་ཆུབ་བོ་ཞེའམ། བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལམ་གྱི་རྣམ་པ་ཤེས་

པ་ཉིད་དོ་ཞེའམ། བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེའམ། བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་

བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བར་བདག་དང་བདག་གིར་བྱ་བ་མྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་འཛིན་པ་ལ་མྱི་སྤྱད། མྱི་འཛིན་པ་ལ་མྱི་སྤྱོད་དོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་

ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མྱི་སྤྱོད། མྱི་འཛིན་པ་ལ་ཡང་མྱི་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཅི་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་

เล่ม ๒๕ · หน้า 191b

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པའི་བྱང་ཆུབ་འཛིན་པའམ། མྱི་འཛིན་པའམ། ཅི་ལ་ཡང་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་རྨྱི་ལམ་གྱི། བློ་འཛིན་པའམ། མྱི་འཛིན་པ་གང་ལ་ཡང་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དགྲ་བཅོམ་པ་ལ་ཡོང་ཡང་

ཉལ་བ་མ་མཆིས་ན། དེའི་རྨི་ལམ་གྱི་བློ་འཛིན་པའམ། མྱི་འཛིན་པ་ལ། སྤྱོད་པར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱང་

འཛིན་པའམ། མྱི་འཛིན་པ་ལ་སྤྱོད་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མྱི་སྤྱོད། མྱི་འཛིན་པ་ལ་ཡང་མྱི་སྤྱོད། གཟུགས་ལ་ཡང་མྱི་སྤྱོད། ཚོར་བ་

ལ་ཡང་མྱི་སྤྱོད། འདུ་ཤེས་ལ་ཡང་མྱི་སྤྱོད། འདུ་བྱེད་ལ་ཡང་མྱི་སྤྱོད། རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། མྱིག་ལ་ཡང་མྱི་སྤྱོད། རྣ་བ་ལ་ཡང་མྱི་སྤྱོད། སྣ་ལ་ཡང་མྱི་སྤྱོད། ལྕེ་ལ་ཡང་མྱི་སྤྱོད། ལུས་ལ་ཡང་མྱི་སྤྱོད། ཡིད་ལ་ཡང་མྱི་སྤྱོད།

གཟུགས་ལ་ཡང་མྱི་སྤྱོད། སྒྲ་ལ་ཡང་མྱི་སྤྱོད། དྲི་ལ་ཡང་མྱི་སྤྱོད། རོ་ལ་ཡང་མྱི་སྤྱོད། རེག་ལ་ཡང་མྱི་སྤྱོད། ཆོས་ལ་ཡང་མྱི་སྤྱོད། མྱིག་གི་རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། རྣ་བའི་རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། སྣའི་རྣམ་པར་ཤེས་པ་

ལ་ཡང་མྱི་སྤྱོད། ལྕེའི་རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། མྱིག་གི་འདུས་ཏེ་རེག་པ་ལ་ཡང་མྱི་སྤྱོད། རྣ་བའི་འདུས་ཏེ་རེག་པ་ལ་ཡང་མི་སྤྱོད། སྣའི་འདུས་ཏེ་

เล่ม ๒๕ · หน้า 192a

རེག་པ་ལ་ཡང་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པ་ལ་ཡང་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པ་ལ་ཡང་མྱི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡང་མྱི་སྤྱོད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། རྣ་བའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་ཡང་མྱི་སྤྱོད། སའི་ཁམས་ལ་ཡང་མྱི་སྤྱོད། ཆུའི་ཁམས་ལ་ཡང་མྱི་སྤྱོད། མྱེའི་ཁམས་ལ་ཡང་མྱི་སྤྱོད། རླུང་གི་ཁམས་ལ་ཡང་མྱི་སྤྱོད། ནམ་མཁའི་ཁམས་ལ་ཡང་མྱི་སྤྱོད། རྣམ་པར་ཤེས་པའི་ཁམས་ལ་ཡང་མྱི་སྤྱོད།

མ་རིག་པ་ལ་ཡང་མྱི་སྤྱོད། འདུ་བྱེད་ལ་ཡང་མྱི་སྤྱོད། རྣམ་པར་ཤེས་པ་ལ་ཡང་མྱི་སྤྱོད། མྱིང་དང་གཟུགས་ལ་ཡང་མྱི་སྤྱོད། སྐྱེ་མཆེད་དྲུག་ལ་ཡང་མྱི་སྤྱོད། རེག་པ་ལ་ཡང་མྱི་སྤྱོད། ཚོར་བ་ལ་ཡང་མྱི་སྤྱོད། སྲེད་པ་ལ་ཡང་མྱི་སྤྱོད། ལེན་

པ་ལ་ཡང་མྱི་སྤྱོད། སྲིད་པ་ལ་ཡང་མྱི་སྤྱོད། སྐྱེ་བ་ལ་ཡང་མྱི་སྤྱོད། རྒ་ཤི་ལ་ཡང་མྱི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱི་སྤྱོད། ནང་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། ཕྱི་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་ཡང་མྱི་སྤྱོད།

སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་

เล่ม ๒๕ · หน้า 192b

ལ་ཡང་མྱི་སྤྱོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། རང་བཞིན་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་

མྱི་སྤྱོད། མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་མྱི་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་མྱི་སྤྱོད།

ཡང་དག་པར་སྤོང་བ་བཞི་ལ་ཡང་མྱི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་མྱི་སྤྱོད། དབང་པོ་ལྔ་ལ་ཡང་མྱི་སྤྱོད། སྟོབས་ལྔ་ལ་ཡང་མྱི་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་

ལ་ཡང་མྱི་སྤྱོད། འཕགས་པའི་བདེན་པ་བཞི་ལ་ཡང་མྱི་སྤྱོད། བསམ་གཏན་བཞི་ལ་ཡང་མྱི་སྤྱོད། ཚད་མྱེད་པ་བཞི་ལ་ཡང་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་མྱི་སྤྱོད། རྣམ་པར་ཐར་པ་བརྒྱད་ལ་ཡང་མྱི་སྤྱོད།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་མྱི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡང་མྱི་སྤྱོད། མངོན་པར་ཤེས་པ་རྣམས་ལ་ཡང་མྱི་སྤྱོད། ཏིང་ངེ་འཛིན་རྣམས་ལ་ཡང་

མྱི་སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་ཡང་མྱི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་མྱི་སྤྱོད། མྱི་འཇིགས་པ་བཞི་ལ་ཡང་མྱི་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་མྱི་སྤྱོད། བྱམས་པ་ཆེན་པོ་ལ་ཡང་མྱི་སྤྱོད། སྙིང་

རྗེ་ཆེན་པོ་ལ་ཡང་མྱི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་མྱི་སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་མྱི་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་མྱི་སྤྱོད། ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་མྱི་སྤྱོད། དགྲ་བཅོམ་

เล่ม ๒๕ · หน้า 193a

པ་ཉིད་ལ་ཡང་མྱི་སྤྱོད། རང་བྱང་ཆུབ་ལ་ཡང་མྱི་སྤྱོད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་མྱི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མྱི་སྤྱོད་ན། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་

ཕྱིན་པ་དྲུག་ལ་སྤྱད། སྟོང་པ་ཉིད་བཅུ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་།

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱད། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བགྱིས།

མངོན་པར་ཤེས་པ་ལྔ་ལ་གནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་

བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད། སྟོང་པ་ཉིད་བཅུ་བཞི་ལ་མ་སྤྱད། བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་སུམ་ཅུ་རྩ་བདུན་ལ་མ་སྤྱད། རྣམ་པར་ཐར་པའི་སྒོ་གསུམ་ལ་མ་སྤྱད། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མ་སྤྱད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མ་སྤྱད། མྱི་

འཇིགས་པ་བཞི་ལ་མ་སྤྱད། སོ་སོ་ཡང་དག་པར་རིག་པ་བཞི་ལ་མ་སྤྱད། བྱམས་པ་ཆེན་པོ་ལ་མ་སྤྱད། སྙིང་རྗེ་ཆེན་པོ་ལ་མ་སྤྱད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མ་སྤྱད། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་མ་

เล่ม ๒๕ · หน้า 193b

བགྱིས། མངོན་པར་ཤེས་པ་ལྔ་ལ་མ་གནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བགྱིས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བགྱིས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་།

དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་མ་བསྒྲུབས་པར་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།

ཇི་སྐད་དུ་སྨྲས་པ་བཞིན་ཏེ། ཕ་རོལད་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས། སྟོང་པ་ཉིད་བཅུ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་།

ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མ་བྱས། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་མ་རྫོགས། མངོན་པར་ཤེས་པ་ལྔ་ལ་མ་གནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་

ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་མ་བསྒྲུབས་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་

เล่ม ๒๕ · หน้า 194a

ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་

པར་འཇུག་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།

བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱས། མངོན་པར་ཤེས་པ་ལྔ་ལ་གནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། མྱི་ཆེན་

པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབས། མྱི་ཉམ་པའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་རྣམ་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་

རོ། །རབ་འབྱོར་དེའང་གཟུགས་ཀྱི་རང་བཞིན་ལ་གནས། ཚོར་བའི་རང་བཞིན་ལ་གནས། འདུ་ཤེས་ཀྱི་རང་བཞིན་ལ་གནས། འདུ་བྱེད་ཀྱི་རང་བཞིན་ལ་གནས། རྣམ་པར་ཤེས་པའི་རང་བཞིན་ལ་གནས། མྱིག་གི་རང་བཞིན་ལ་གནས།

རྣ་བའི་རང་བཞིན་ལ་གནས། སྣའི་རང་བཞིན་ལ་གནས། ལྕེའི་བྱ་རང་བཞིན་ལ་གནས། ལུས་ཀྱི་རང་བཞིན་ལ་གནས། ཡིད་ཀྱི་རང་བཞིན་ལ་གནས། གཟུགས་ཀྱི་རང་བཞིན་ལ་གནས། སྒྲའི་རང་བཞིན་ལ་གནས། དྲིའི་རང་བཞིན་

ལ་གནས། རོའི་རང་བཞིན་ལ་གནས། རེག་གི་རང་བཞིན་ལ་གནས། ཆོས་ཀྱི་རང་བཞིན་ལ་གནས། མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། སྣའི་རྣམ་པར་ཤེས་

เล่ม ๒๕ · หน้า 194b

པའི་རང་བཞིན་ལ་གནས། ལྕེའི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། མྱིག་གི་འདུས་ཏེ་རེག་པའི་རང་བཞིན་ལ་གནས།

རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། སྣའི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། ལྕེའི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་

ལ་གནས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། ལྕེའི་འདུས་ཏེ་

རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་ལ་གནས། སའི་ཁམས་ཀྱི་རང་བཞིན་ལ་གནས། ཆུའི་

ཁམས་ཀྱི་རང་བཞིན་ལ་གནས། མྱེའི་ཁམས་ཀྱི་རང་བཞིན་ལ་གནས། རླུང་གི་ཁམས་ཀྱི་རང་བཞིན་ལ་གནས། ནམ་མཁའི་ཁམས་ཀྱི་རང་བཞིན་ལ་གནས། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ལ་གནས། མ་རིག་པའི་རང་བཞིན་ལ་

གནས། འདུ་བྱེད་ཀྱི་རང་བཞིན་ལ་གནས། རྣམ་པར་ཤེས་པའི་རང་བཞིན་ལ་གནས། མྱིང་དང་གཟུགས་ཀྱི་རང་བཞིན་ལ་གནས། སྐྱེ་མཆེད་དྲུག་གི་རང་བཞིན་ལ་གནས། རེག་པའི་རང་བཞིན་ལ་གནས། ཚོར་བའི་རང་བཞིན་ལ་གནས།

སྲེད་པའི་རང་བཞིན་ལ་གནས། ལེན་པའི་རང་བཞིན་ལ་གནས། སྲིད་པའི་རང་བཞིན་ལ་གནས། སྐྱེ་བའི་རང་བཞིན་ལ་གནས། རྒ་ཤིའི་རང་བཞིན་ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

เล่ม ๒๕ · หน้า 195a

ཕྱིན་པའི་རང་བཞིན་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། ནང་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཆེན་པོ་སྟོང་པ་ཉིད་ཀྱི་རང་

བཞིན་ལ་གནས། དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཐོག་མ་དང་

ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་

བཞིན་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དྲན་པ་ཉེ་

བར་གཞག་པ་བཞིའི་རང་བཞིན་ལ་གནས། ཡང་དག་པར་སྤོང་བ་བཞིའི་རང་བཞིན་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ལ་གནས། དབང་པོ་ལྔའི་རང་བཞིན་ལ་གནས་སྟོབས་ལྔའི་རང་བཞིན་ལ་གནས། བྱང་ཆུབ་ཀྱི་ཡན་

ལག་བདུན་གྱི་རང་བཞིན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ལ་གནས། འཕགས་པའི་བདེན་པ་བཞིའི་རང་བཞིན་ལ་གནས། བསམ་གཏན་བཞིའི་རང་བཞིན་ལ་གནས། ཚད་མྱེད་པ་བཞིའི་རང་བཞིན་ལ་གནས།

เล่ม ๒๕ · หน้า 195b

གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་རང་བཞིན་ལ་གནས། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རང་བཞིན་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ལ་གནས། མངོན་པར་ཤེས་པའི་རང་བཞིན་ལ་གནས། ཏིང་ངེ་འཛིན་གྱི་རང་བཞིན་ལ་གནས། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུའི་རང་བཞིན་

ལ་གནས། མྱི་འཇིགས་པ་བཞིའི་རང་བཞིན་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་ལ་གནས། བྱམས་པ་ཆེན་པོའི་རང་བཞིན་ལ་གནས། སྙིང་རྗེ་ཆེན་པོའི་རང་བཞིན་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་ཀྱི་རང་བཞིན་ལ་གནས། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ལ་གནས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ལ་གནས། ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ལ་གནས། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ལ་གནས།

རང་བྱང་ཆུབ་ཀྱི་རང་བཞིན་ལ་གནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ལ་གནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། ཆོས་གང་ཡང་འཕེལ་བར་བྱེད་པའམ། འབྲི་བར་བྱེད་པའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་

བྱང་བའམ། ཐོབ་པའམ། མངོན་པར་རྟོགས་པར་བྱེད་པ་མྱེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

เล่ม ๒๕ · หน้า 196a

པར་རྫོགས་པར་འཚང་རྒྱའོ། དོན་དམ་པར་ནི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མྱིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་དམ། གཟུགས་

སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་

པར་ཤེས་པའམ། མྱིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བའམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བའམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མྱིང་དང་

གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པའམ། ཚོར་བའམ། སྲེད་པའམ། ལེན་པའམ། སྲིད་པའམ། སྐྱེ་བའམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་

ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་

เล่ม ๒๕ · หน้า 196b

ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་

པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་

པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་

པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་

པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་

སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ།

ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། གང་བྱང་ཆུབ་ཏུ་སྤྱོད་

เล่ม ๒๕ · หน้า 197a

པའི་ཆོས་དེ་ལྟ་བུ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཏགས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་

པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཏུ་སྤྱོད་ཀྱང་སེམས་དེ་དག་མྱི་དམྱིགས་ཏེ། སེམས་ཅན་རྣམས་ཀྱང་མྱི་དམྱིགས། བྱང་ཆུབ་ཀྱང་མྱི་དམྱིགས། སངས་རྒྱས་ཀྱང་མྱི་དམྱིགས་བྱང་ཆུབ་སེམས་དཔའ་ཡང་མྱི་དམྱིགས་སོ། །རབ་འབྱོར་

དེ་ཇི་སྙམ་དུ་སེམས། གང་གི་ཚེ་རབ་འབྱོར་ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་པར་གྱུར་པ་དང་། བར་ཆད་མྱེད་པའི་ཏིང་ངེ་འཛིན་ཏམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པའམ། ལན་ཅིག་ཕྱིར་འོང་བའི་

འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ། རྨྱི་ལམ་མམ། སེམས་སམ། ལམ་མམ། འབྲས་བུ་དམྱིགས་པར་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ཇི་ལྟར་ཁྱོད་རབ་འབྱོར་ཀྱིས་དགྲ་བཅོམ་པ་འཐོབ་བོ་ཞེས་བྱ་བར་བཀའ་སྩལ་ཏེ། ལུང་བསྟན་པར་གྱུར། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ། བཀས་ལུང་བསྟན་ཏོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་

པའོ། །འདུ་ཤེས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུ་བྱེད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱིག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །

เล่ม ๒๕ · หน้า 197b

རྣ་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་

བཏགས་པའོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྒྲ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དྲི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རོ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །

རེག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆོས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱིག་གི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་

པའོ། །སྣའི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་

ཀྱི་རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱིག་གི་འདུས་ཏེ་རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའི་འདུས་ཏེ་རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣའི་འདུས་ཏེ་རེག་པ་ཡང་

འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་འདུས་ཏེ་རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་

བཏགས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་

เล่ม ๒๕ · หน้า 198a

བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་

བཏགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆུའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །

མྱེའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རླུང་གི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ནམ་མཁའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཤེས་པའི་ཁམས་ཀྱང་འཇིག་རྟེན་

གྱི་ཐ་སྙད་དུ་བཏགས་པའོ། །མ་རིག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུ་བྱེད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱིང་དང་གཟུགས་

ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྐྱེ་མཆེད་དྲུག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རེག་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚོར་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྲེད་པ་ཡང་འཇིག་རྟེན་གྱི་ཐ་སྙད་

དུ་བཏགས་པའོ། །ལེན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྲིད་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྐྱེ་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྒ་ཤི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་

เล่ม ๒๕ · หน้า 198b

ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ནང་སྟོང་པ་ཉིད་

ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱི་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །

ཆེན་པོ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུས་བྱས་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུས་མ་བྱས་སྟོང་པ་ཉིད་

ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་

ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རང་བཞིན་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་

ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཇིག་

རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱང་འཇིག་

เล่ม ๒๕ · หน้า 199a

རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དབང་པོ་ལྔ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྟོབས་ལྔ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་

བཏགས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འཕགས་པའི་བདེན་པ་བཞི་ཡང་འཇིག་རྟེན་གྱི་ཐ་སྙད་

དུ་བཏགས་པའོ། །བསམ་གཏན་བཞི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚད་མྱེད་པ་བཞི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་

པའོ། །རྣམ་པར་ཐར་པ་བརྒྱད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཐར་པའི་སྒ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།

སྨོན་པ་མྱེད་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མངོན་པར་ཤེས་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཏིང་ངེ་འཛིན་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱང་འཇིག་

རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མྱི་འཇིགས་པ་བཞི་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་འཇིག་རྟེན་

གྱི་ཐ་སྙད་དུ་བཏགས་པའོ། །བྱམས་པ་ཆེན་པོ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྙིང་རྗེ་ཆེན་པོ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །

เล่ม ๒๕ · หน้า 199b

རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དགྲ་བཅོམ་

པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རང་བྱང་ཆུབ་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཇིག་རྟེན་

གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་གང་ལ་ཡང་འཕེལ་བར་བྱེད་པ་འམ། འགྲིབ་པར་བྱེད་པ་འམ། ཕན་འདོགས་པ་འམ། གནོད་པར་བྱེད་པ་དེ་ལྟ་བུ་གང་ཡང་མ་དམྱིགས་ཏེ། ཆོས་ཀྱི་རང་

བཞིན་ཉེ་བར་བཟུང་ན་ཆོས་རྣམས་ཆོས་ཀྱི་རང་བཞིན་དེ་ཡང་མ་དམྱིགས་ན། སེམས་དང་པོ་བསྐྱེད་པ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ས་བཅུའི་བར་དུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ནང་སྟོང་པ་ཉིད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་།

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་

เล่ม ๒๕ · หน้า 200a

སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ཡང་དག་པར་སྤོང་བ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །རྫུ་འཕྲུལ་

གྱི་རྐང་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །དབང་པོ་ལྔ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །སྟོབས་ལྔ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་

དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །འཕགས་པའི་བདེན་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་

མྱེད་དོ། །བསམ་གཏན་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །ཚད་མྱེད་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་པར་འགྱུར་

བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །རྣམ་པར་ཐར་པ་བརྒྱད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །རྣམ་པར་

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །མངོན་པར་ཤེས་པ་རྣམས་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །ཏིང་ངེ་འཛིན་

เล่ม ๒๕ · หน้า 200b

རྣམས་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ།

དེ་ནི་གནས་མྱེད་དོ། །མྱི་འཇིགས་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །བྱམས་པ་ཆེན་པོ་

དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །སྙིང་རྗེ་ཆེན་པོ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་

ཏེ། དེ་ནི་གནས་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །

ཕྱིར་མྱི་འོང་བའི་འབྲས་བུ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །དགྲ་བཅོམ་པ་ཉིད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །རང་བྱང་ཆུབ་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ།

དེ་ནི་གནས་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམྱིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །རབ་འབྱོར་

དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱེད་དོ།

เล่ม ๒๕ · หน้า 201a

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་ལྔའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །དེ་ནས་

ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིནད་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་ལ་སྤྱོད་པ་

དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པར་ཐམས་ཅད་ལ་སྤྱོད་

པ་དང་། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་

སྤྱོད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པར་བཞི་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་

པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱིས་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མ་མཆིས་ན། བཅོམ་ལྡན་འདས་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

เล่ม ๒๕ · หน้า 201b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། སྦྱིན་པ་དང་། སྦྱིན་པའི་བདག་པོ་དང་། ལེན་པ་ཡང་མྱི་དམྱིགས། ཆོས་དེ་དག་ལས་གཞན་དུ་འང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། ཚུལ་ཁྲིམས་

དང་ཚུལ་ཁྲིམས་དང་ལྡན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་འང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བཟོད་པ་དང་། བཟོད་པ་དང་ལྡན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

เล่ม ๒๕ · หน้า 202a

པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བརྩོན་འགྲུས་དང་། བརྩོན་

འགྲུས་རྩོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བསམ་གཏན་དང་བསམ་གཏན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡང་། ཤེས་རབ་དང་ཤེས་རབ་དང་ལྡན་པ་ཡང་མྱི་

དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๒๕ · หน้า 202b

ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་སྒོམ་ཡང་ནང་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་

ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་

རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་སྒོམ་ཡང་། ཕྱི་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་

གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་

སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཕྱི་ནང་སྟོང་པ་ཉིད་སྒོམ་ཡང་། ཕྱི་ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ།

เล่ม ๒๕ · หน้า 203a

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་

གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་ཡང་། སྟོང་པ་ཉིད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་

ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་

མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆེན་པོ་

སྟོང་པ་ཉིད་སྒོམ་ཡང་། ཆེན་པོ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ།

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་

གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་སྒོམ་ཡང་། དོན་དམ་པ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་

เล่ม ๒๕ · หน้า 203b

གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་

ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

འདུས་བྱས་སྟོང་པ་ཉིད་སྒོམ་ཡང་། འདུས་བྱས་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་

ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་

འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་སྒོམ་ཡང་། འདུས་མ་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས་ཆོས་དེ་

གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་

པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་

เล่ม ๒๕ · หน้า 204a

ཡང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་

ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་

འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་

སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

เล่ม ๒๕ · หน้า 204b

པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་སྒོམ་ཡང་། རང་བཞིན་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་

དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་

མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་

པ་ཉིད་སྒོམ་ཡང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་

འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་

གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་ཡང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་

དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๒๕ · หน้า 205a

ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་ཡང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་

གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན།

ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡང་མི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་། ངོ་བོ་ཉིད་སྟོང་

เล่ม ๒๕ · หน้า 205b

པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་

མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ཡང་། དྲན་པ་ཉེ་

བར་གཞག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་

เล่ม ๒๕ · หน้า 206a

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་བཞི་སྒོམ་ཡང་། ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་སྤོང་བ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་

གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་ཡང་། རྫུ་འཕྲུལ་གྱི་

རྐང་པ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་ལྔ་སྒོམ་ཡང་། དབང་པོ་རྣམས་དང་། དབང་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་

འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་

เล่ม ๒๕ · หน้า 206b

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་ལྔ་སྒོམ་ཡང་། སྟོབས་རྣམས་དང་། སྟོབས་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ཡང་། བྱང་ཆུབ་ཀྱི་ཡན་

ལག་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ཡང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་

གཉིས་ལས་གཞན་དུ་འང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་

เล่ม ๒๕ · หน้า 207a

ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། འཕགས་པའི་བདེན་པ་བཞི་སྒོམ་ཡང་། འཕགས་པའི་བདེན་པ་རྣམས་དང་། འཕགས་པའི་བདེན་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་བཞི་སྒོམ་ཡང་། བསམ་གཏན་རྣམས་དང་། བསམ་

གཏན་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མྱེད་པ་བཞི་སྒོམ་ཡང་། ཚད་མྱེད་པ་བཞི་དང་། ཚད་མྱེད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ།

เล่ม ๒๕ · หน้า 207b

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་པ་ཡང་མྱི་

དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་

སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། རྣམ་པར་ཐར་པ་བརྒྱད་སྒོམ་ཡང་། རྣམ་པར་ཐར་པ་རྣམས་དང་། རྣམ་པར་ཐར་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་

པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་

ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་ཡང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། མཐར་ཀྱིས་གནས་

เล่ม ๒๕ · หน้า 208a

པའི་སྙོམས་པར་འཇུག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།

སྨོན་པ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་སྒོམ་ཡང་། མངོན་པར་ཤེས་པ་རྣམས་དང་། མངོན་

པར་ཤེས་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๒๕ · หน้า 208b

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་རྣམས་སྒོམ་ཡང་། ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་འཛིན་སྒོམ་པ་ཡང་མྱི་དམྱིགས་ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་རྣམས་སྒོམ་ཡང་། གཟུངས་ཀྱི་སྒོ་རྣམས་དང་། གཟུངས་

ཀྱི་སྒོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་ཡང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་

เล่ม ๒๕ · หน้า 209a

སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་འཇིགས་པ་བཞི་སྒོམ་ཡང་། མྱི་འཇིགས་པ་རྣམས་དང་།

མྱི་འཇིགས་པ་སྒོམ་པ་ཡང་མི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་ཡང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་།

མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་

ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་སྒོམ་ཡང་།

เล่ม ๒๕ · หน้า 209b

བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་སྒོམ་ཡང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་ཡང་། སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

เล่ม ๒๕ · หน้า 210a

བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་

པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། གཟུགས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་

ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །འདུ་ཤེས་མྱི་སྦྱོར་མྱི་འབྱེད་

དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་ཤེས་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་

པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་

ལ་ངོ་བོ་ཉིད་མྱེད་དོ། །རྣ་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བ་ལ་ངོ་བོ་ཉིད་མྱེད་དོ། །སྣ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་

བའི་སྣ་ལ་ངོ་བོ་ཉིད་མྱེད་དོ། །ལྕེ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེ་ལ་ངོ་བོ་ཉིད་མྱེད་དོ། །ལུས་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

เล่ม ๒๕ · หน้า 210b

དབྱེ་བར་བྱ་བའི་ལུས་ལ་ངོ་བོ་ཉིད་མྱེད་དོ། །ཡིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་

འམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྒྲ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྒྲ་ལ་ངོ་བོ་ཉིད་མེད་དོ། །དྲི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་

འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲི་ལ་ངོ་བོ་ཉིད་མྱེད་དོ། །རོ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རོ་ལ་ངོ་བོ་ཉིད་མེད་དོ། །རེག་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རེག་ལ་ངོ་བོ་ཉིད་མྱེད་དོ། །ཆོས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱི་

སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་གི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་

འམ། དབྱེ་བར་བྱ་བའི་རྣ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །

ལྕེའི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

เล่ม ๒๕ · หน้า 211a

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་

ཡིད་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་མྱིག་གི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱི་

སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ།

དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ལྕེའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་

ཀྱི་འདུས་ཏེ་རེག་པ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་

ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་མྱིག་གི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་

เล่ม ๒๕ · หน้า 211b

ཉིད་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ།

དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་

འམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སའི་ཁམས་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་

མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆུའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མྱེའི་ཁམས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་མྱེའི་

ཁམས་ལ་ངོ་བོ་ཉིད་མྱེད་དོ། །རླུང་གི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ངེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རླུང་གི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ནམ་མཁའི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ནམ་མཁའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པའི་

เล่ม ๒๕ · หน้า 212a

ཁམས་ལ་ངོ་བོ་ཉིད་མྱེད་དོ། །མ་རིག་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་མ་རིག་པ་ལ་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་

ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིང་དང་གཟུགས་མྱི་སྦྱོར་

མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིང་དང་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྐྱེ་མཆེད་དྲུག་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྐྱེ་མཆེད་དྲུག་ལ་

ངོ་བོ་ཉིད་མེད་དོ། །རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་

ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྲེད་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྲེད་པ་ལ་ངོ་བོ་ཉིད་མྱེད་དོ། །ལེན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ།

དབྱེ་བར་བྱ་བའི་ལེན་པ་ལ་ངོ་བོ་ཉིད་མྱེད་དོ། །སྲིད་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྲིད་པ་ལ་ངོ་བོ་ཉིད་མེད་དོ། །སྐྱེ་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་

སྦྱར་བ་འམ། དབྱེ་བར་བྱ་བའི་སྐྱེ་བ་ལ་ངོ་བོ་ཉིད་མྱེད་དོ། །རྒ་ཤི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྒ་ཤི་ལ་ངོ་བོ་ཉིད་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་

เล่ม ๒๕ · หน้า 212b

ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་

ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་

བར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ནང་སྟོང་པ་ཉིད་མི་སྦྱར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་མྱི་སྦྱོར་མྱི་

འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་

ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱི་སྦྱོར་མྱི་

เล่ม ๒๕ · หน้า 213a

འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

དབྱེ་བར་བྱ་བའི་དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་མ་

བྱས་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་

ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོར་བ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བཞིན་

སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་

གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རང་གི་མཚན་ཉིད་

เล่ม ๒๕ · หน้า 213b

སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མི་དམྱིགས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་

མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

དབྱེ་བར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་

ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲན་པ་ཉེ་བར་གཞག་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་

ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡང་དག་པར་སྤོང་བ་བཞི་ལ་ངོ་བོ་ཉིད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྫུ་

འཕྲུལ་གྱི་རྐང་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །དབང་པོ་ལྔ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དབང་པོ་ལྔ་ལ་ངོ་བོ་ཉིད་མྱེད་དོ། །སྟོབས་ལྔ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོབས་ལྔ་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ངོ་

เล่ม ๒๕ · หน้า 214a

བོ་ཉིད་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་

བདེན་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་བདེན་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་བཞི་མྱི་སྦྱོར་མྱི་འབྱེད་དེ། །ངོ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་

བའམ། དབྱེ་བར་བྱ་བའི་བསམ་གཏན་བཞི་ལ་ངོ་བོ་ཉིད་མྱེད་དོ། །ཚད་མེད་པ་བཞི་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚད་མྱེད་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་མྱེད་པའི་སྙོམས་

པར་འཇུག་པ་བཞི་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པ་བརྒྱད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཐར་པ་བརྒྱད་ལ་ངོ་བོ་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །མངོན་པར་ཤེས་པ་རྣམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མངོན་པར་ཤེས་

เล่ม ๒๕ · หน้า 214b

པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཏིང་ངེ་འཛིན་རྣམས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཏིང་ངེ་འཛིན་རྣམས་ལ་ངོ་བོ་ཉིད་མེད་དོ། །གཟུངས་ཀྱི་སྒོ་རྣམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དེ་བཞིན་གཤེགས་

པའི་སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མི་འཇིགས་པ་བཞི་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱི་འཇིགས་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱི་སྦྱོར་

མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །སྙིང་རྗེ་ཆེན་པོ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།

དབྱེ་བར་བྱ་བའི་སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་

མྱེད་དོ། གསོལ་པ། བཅོམ་ལྡན་འདས་ཆོས་གང་ལ་ཡང་གང་སྦྱོར་བ་འམ། དབྱེ་བར་བགྱི་བའི་ངོ་བོ་ཉིད་མ་མཆིས་ན། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་

མངོན་པར་འགྲུབ་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด