ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖ · หน้า 1a

༄༅། །འབུམ་ག་པ་བཞུགས་སོ། །

เล่ม ๑๖ · หน้า 1b

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་གསུམ་པ། བམ་པོ་དང་པོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །དེ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་

ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་

དྲུག་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་བ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ།

เล่ม ๑๖ · หน้า 2a

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་

ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་

མཆེད་དྲུག་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་

ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། །སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་

བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་འདུས་མ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་

เล่ม ๑๖ · หน้า 2b

ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་པ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་བའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་

སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་

དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་

เล่ม ๑๖ · หน้า 3a

གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེས་མཆེད་དྲུག་མྱི་དམྱིགས་པ་

སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་བ་སྟོང་པ་ཉིད་ཀྱང་དམྱིགས་ལ། །སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་

པར། སྐྱེ་མཆེད་དྲུག་དངོས་པོའི་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོའི་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམས་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་མཆེད་དྲུག་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། །སྟོང་པ་ཉིད་ཀྱིས་

ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་

བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ཕྱི་སྟོང་པ་

เล่ม ๑๖ · หน้า 3b

ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ཕྱི་

ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་

པར། རེག་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། །རེག་པ་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། །སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་

སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་

ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་འདུས་མ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་

เล่ม ๑๖ · หน้า 4a

ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་མཐའ་ལས་

འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམས་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་

པའི་ཡིད་ལ་བྱ་བ་མྱེད་པར། རེག་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། །རེག་པ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། །དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་

སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་

ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་

เล่ม ๑๖ · หน้า 4b

ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་མྱི་དམྱིགས་པ་སྟོང་པ་ཞེས་བྱ་

བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར།

རེག་པ་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་ངོ་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རེག་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་

ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

เล่ม ๑๖ · หน้า 5a

དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ཕྱི་ནང་

སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ་དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར།

ཚོར་བ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་དོན་དམ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་

དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་

ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ཚོར་བ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་

เล่ม ๑๖ · หน้า 5b

ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་མཐའ་ལས་འདས་པ་སྟོང་

པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་

ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་

ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་

རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་

ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་

เล่ม ๑๖ · หน้า 6a

མྱེད་པར། ཚོར་བ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་མྱི་དམྱིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ་དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་

བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་

ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚོར་བ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

เล่ม ๑๖ · หน้า 6b

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་

སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་བར། སྲེད་པ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ།

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་འདུས་མ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་

เล่ม ๑๖ · หน้า 7a

མ་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་

ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡང་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་

བ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དག་ཐམ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་བ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་ཆོས་ཐམས་ཅད་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་

དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་རྣམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ།

เล่ม ๑๖ · หน้า 7b

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་མྱི་དམྱིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་

པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲེད་པ་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་བར། སྲེད་པ་ངོ་བོ་

ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་

བ་མྱེད་པར། སྲེད་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་

ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་

เล่ม ๑๖ · หน้า 8a

བ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་

ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་

པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་

ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་དོན་དམ་

པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཕྱི་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་

མྱེད་པར། ལེན་པ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དབྱིངས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་འདུས་མ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམིགས། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

เล่ม ๑๖ · หน้า 8b

པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་

ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་

ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་

ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་

གྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་བ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་

ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་བ་མྱི་

เล่ม ๑๖ · หน้า 9a

དམིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་

པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་དངོས་པོ་མེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ལེན་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ནང་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་

དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ཕྱི་

སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ཕྱིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་

เล่ม ๑๖ · หน้า 9b

པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ཆེན་པོ་སྟོང་བ་ཞེས་བྱ་བར་

ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། སྲིད་པ་དོན་

དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

ཡིད་ལ་བྱ་བ་མེད་པར། སྲིད་པ་འདུས་བྱས་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་འདུས་མ་བྱས་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམིགས་ལ།

เล่ม ๑๖ · หน้า 10a

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་

དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དང་ཐམ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ་སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་དོར་བ་

མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

ཡིད་ལ་བྱ་བ་མྱེད་པར་སྲིད་པ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་

སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་མྱི་དམྱིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་

เล่ม ๑๖ · หน้า 10b

དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་

གྱིས་དང་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྲིད་པ་དངོས་པོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །དེ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ཕྱི་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །

เล่ม ๑๖ · หน้า 11a

དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་

པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ།

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་

པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་འདུས་མ་བྱས་

སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་

ལ་བྱ་བ་མྱེད་པར། སྐྱེ་བ་མཐའ་ལས་འདས་པ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་

เล่ม ๑๖ · หน้า 11b

པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ཐོག་མ་དང་ཐ་མ་མྱེད་པ་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དང་ཐམ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་

སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དམྱིགས་ལ།

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་

ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་

བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར།

སྐྱེ་བ་མྱི་དམྱིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

เล่ม ๑๖ · หน้า 12a

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་

སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྐྱེ་བ་དངོས་པོ་མྱེད་པའི་ངོ་བོའི་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་བོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་

མྱེད་པར། རྒ་ཤི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་

པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

เล่ม ๑๖ · หน้า 12b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་འདུས་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་

བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་འདུས་མ་བྱས་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་

ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མཐའ་ལས་

འདས་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་

เล่ม ๑๖ · หน้า 13a

བྱེད་དེ། དམྱིགས་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར།

རྒ་ཤི་དོར་བ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

ཡིད་ལ་བྱ་བ་མྱེད་པར། རྒ་ཤི་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་

ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་མྱི་དམྱིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་མྱི་དམྱིགས་པ་སྟོང་

པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་དངོས་པོ་མྱེད་པ་སྟོང་པ་ཞེས་བྱ་བར་ཡིད་ལ་

เล่ม ๑๖ · หน้า 13b

བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྒ་ཤི་ངོ་བོ་ཉིད་སྟོང་པ་ཞེས་

བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར།

རྒ་ཤི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམྱིགས་པའི་ཚུལ་གྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམྱིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་དམྱིགས་ལ།

དྲན་པ་ཉེ་བར་གཞག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཡང་དག་པར་སྤོང་བ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་

ཡང་དག་པར་སྤོང་བ་དེ་དག་ཀྱང་དམྱིགས་ལ། ཡང་དག་པར་སྤོང་བ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྫུ་འཕྲུལ་གྱི་རྐང་པ་རྣམས་

སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་དམྱིགས་ལ། རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་

เล่ม ๑๖ · หน้า 14a

མྱེད་པར། དབང་པོ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་དབང་པོ་དེ་དག་ཀྱང་དམྱིགས་ལ། དབང་པོ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྟོབས་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སྟོབས་དེ་དག་ཀྱང་དམྱིགས་ལ། སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་དེ་དག་ཀྱང་དམྱིགས་ལ། བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཀྱང་དམྱིགས་ལ། འཕགས་པའི་ལམ་ཡན་ལག་

བརྒྱད་པ་དེ་དག་གིས་རྐྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། འཕགས་པའི་བདེན་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་འཕགས་པའི་བདེན་

པ་དེ་དག་ཀྱང་དམྱིགས་ལ། འཕགས་པའི་བདེན་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། བསམ་གཏན་རྣམས་སྒོམ་སྟེ།

དམྱིགས་པའི་ཚུལ་གྱིས་བསམ་གཏན་དེ་དག་ཀྱང་དམྱིགས་ལ། བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚད་མྱེད་པ་

เล่ม ๑๖ · หน้า 14b

རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་ཚད་མྱེད་པ་དེ་དག་ཀྱང་དམྱིགས་ལ། ཚད་མྱེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། གཟུགས་མྱེད་པའི་སྙོམས་

པར་འཇུག་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ཀྱང་དམྱིགས་ལ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྣམ་པར་ཐར་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པ་དེ་དག་ཀྱང་དམྱིགས་ལ། རྣམ་པར་ཐར་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་སྟེ་དམྱིགས་པའི་ཚུལ་གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ཀྱང་དམྱིགས་ལ། མཐར་གྱིས་གནས་པའི་སྙོམས་པར་

འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་སྟེ།

དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ཀྱང་དམྱིགས་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། མངོན་པར་ཤེས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་མངོན་པར་ཤེས་པ་དེ་དག་ཀྱང་དམྱིགས་ལ། མངོན་པར་ཤེས་པ་དེ་དག་གིས་ཀྱང་

เล่ม ๑๖ · หน้า 15a

རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཏིང་ངེ་འཛིན་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་ཏིང་ངེ་འཛིན་དེ་དག་ཀྱང་དམྱིགས་

ལ། ཏིང་ངེ་འཛིན་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། གཟུངས་ཀྱི་སྒོ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་དེ་དག་

ཀྱང་དམྱིགས་ལ། གཟུངས་ཀྱི་སྒོ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་སྟེ།

དམྱིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་དེ་དག་ཀྱང་དམྱིགས་ལ། དེ་བཞིན་གཤེགས་པའི་སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་

བྱ་བ་མྱེད་པར། མྱི་འཇིགས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་མྱི་འཇིགས་པ་དེ་དག་ཀྱང་དམྱིགས་ལ། མྱི་འཇིགས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིག་པ་དེ་དག་ཀྱང་དམྱིགས་ལ། སོ་སོ་ཡང་དག་པར་རིག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྙིང་རྗེ་ཆེན་པོ་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་དེ་ཡང་དམྱིགས་ལ་སྙིང་རྗེ་ཆེན་པོ་དེས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་

เล่ม ๑๖ · หน้า 15b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཀྱང་དམྱིགས་ལ། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཐབས་མྱི་མཁས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་ལ་སྐྲག་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྔང་ལ་སྐྲག་པར་འགྱུར་ཏེ། སྡིག་པའི་གྲོགས་པོའི་སུག་པར་ལྟུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་

བྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་ཅིང་ཟློག་པར་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་

ཅིང་ཟློག་པར་བྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོས་པ་མྱེད་པར་བྱེད་ཅིང་ཟློག་པར་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན་གྱིས། འདི་ལ་བསླབ་པར་བྱ་བའི་

เล่ม ๑๖ · หน้า 16a

མྱི་ཆའོ། །མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ། འདི་དག་ནི་མཉན་པར་མྱི་བྱའོ། །གཟུང་བར་མྱི་བྱའོ། །བཅང་བར་མྱི་བྱའོ། །ཀླག་པར་མྱི་བྱའོ། །ཀུན་ཆུབ་པར་མྱི་བྱའོ། །ཚུལ་བཞིན་དུ་ཡིད་ལ་མྱི་བྱའོ། །འདི་དག་ནི་གཞན་ལ་

བསྟན་པར་མྱི་བྱའོ་ཞེས་ཟེར་བ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལྟར་བདུད་སྡིག་ཏོ་ཅན།

སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཟློག་ཅིང་མོས་པ་མྱེད་པར་བྱེད་དེ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། ཞེས་ཟེར་བ་འོང་ངོ་ཞེས་བདུད་ཀྱི་ལས་མྱི་སྟོན། བདུད་ཀྱི་ཉེས་པ་མྱི་སྟོན་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་

ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ་ཉན་ཐོས་དང་ལྡན་པའི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་

དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་ཕབ་པ་བསྟན་པ་དག་སྟོན་ཏོ། །འགྲེལ་ཏོ་རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ། །

เล่ม ๑๖ · หน้า 16b

ཡོངས་སུ་སྟོན་ཏོ། །ཞེས་བདུད་ཀྱི་ལས་རྣམ་པ་འདི་ལྟ་བུ་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི། བྱང་ཆུབ་ཀྱི་སེམས་ཀྱང་ཆུང་ཟད་ཀྱང་མྱེད། ཁྱོད་ནི་ཕྱིར་མྱི་ལྡོག་པ་ཡང་མ་ཡིན། ཁྱོད་ཀྱིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་

བར་ཡང་མྱི་ནུས་སོ། །ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ། གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །འདུ་ཤེས་ནི་བདག་གམ་བདག་གིས་

སྟོང་ངོ་། །འདུ་བྱེད་ནི་བདག་གམ་བདག་གིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །མྱིག་ནི་བདག་གམ་བདག་གིས་སྟོང་ངོ་། །རྣ་བ་ནི་བདག་གམ་བདག་གིས་སྟོང་ངོ་། །སྣ་ནི་བདག་གམ་བདག་གིས་སྟོང་ངོ་། །ལྕེ་ནི་བདག་གམ་བདག་གིས་སྟོང་ངོ་། །ལུས་ནི་བདག་གམ་བདག་

གིས་སྟོང་ངོ་། །ཡིད་ནི་བདག་གམ་བདག་གིས་སྟོང་ངོ་། །གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །སྒྲ་ནི་བདག་གམ་བདག་གིས་སྟོང་ངོ་། །དྲི་ནི་བདག་གམ་བདག་གིས་སྟོང་ངོ་། །རོ་ནི་བདག་གམ་བདག་གིས་སྟོང་ངོ་། །རེག་ནི་བདག་གམ་བདག་གིས་སྟོང་

ངོ་། །ཆོས་ནི་བདག་གམ་བདག་གིས་སྟོང་ངོ་། །མྱིག་གི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ལྕེའི་རྣམ་པར་ཤེས་པ་

เล่ม ๑๖ · หน้า 17a

ནི་བདག་གམ་བདག་གིས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །རྣ་བའི་འདུས་

ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ནི་བདག་

གམ་བདག་གིས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །

ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །སའི་ཁམས་ནི་བདག་གམ་

བདག་གིས་སྟོང་ངོ་། །ཆུའི་ཁམས་ནི་བདག་གམ་བདག་གིས་སྟོང་ངོ་། །མེའི་ཁམས་ནི་བདག་གམ་བདག་གིས་སྟོང་ངོ་། །རླུང་གི་ཁམས་ནི་བདག་གམ་བདག་གིས་སྟོང་ངོ་། །ནམ་མཁའི་ཁམས་ནི་བདག་གམ་བདག་གིས་སྟོང་ངོ་། །རྣམ་པར་ཤེས་པའི་

ཁམས་ནི་བདག་གམ་བདག་གིས་སྟོང་ངོ་། །མ་རིག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །འདུ་བྱེད་ནི་བདག་གམ་བདག་གིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །མྱིང་དང་གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །སྐྱེ་

མཆེད་དྲུག་ནི་བདག་གམ་བདག་གིས་སྟོང་ངོ་། །རེག་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །སྲེད་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ལེན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །སྲིད་པ་ནི་བདག་གམ་

เล่ม ๑๖ · หน้า 17b

བདག་གིས་སྟོང་ངོ་། །སྐྱེ་བ་ནི་བདག་གམ་བདག་གིས་སྟོང་ངོ་། །རྒ་ཤི་ནི་བདག་གམ་བདག་གིས་སྟོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་

གིས་སྟོང་ངོ་། །ནང་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ནི་བདག་གམ་

བདག་གིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་བདག་གམ་

བདག་གིས་སྟོང་ངོ་། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་བདག་

གམ་བདག་གིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ནི་བདག་

གམ་བདག་གིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བདག་གམ་བདག་གིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །རྫུ་འཕྲུལ་

เล่ม ๑๖ · หน้า 18a

གྱི་རྐང་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །དབང་པོ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །སྟོབས་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །འཕགས་པའི་

ལམ་ཡན་ལག་བརྒྱད་པ་ནི་བདག་གམ་བདག་གིས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །བསམ་གཏན་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །ཚད་མྱེད་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །གཟུགས་མེད་

པའི་སྙོམས་པར་འཇུག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །རྣམ་པར་ཐར་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བདག་གམ་བདག་གིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པ་ནི་བདག་གམ་བདག་གིས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །གཟུངས་ཀྱི་སྒོ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །དེ་

བཞིན་གཤེགས་པའི་སྟོབས་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །མྱི་འཇིགས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །སྙིང་རྗེ་ཆེན་པོ་ནི་བདག་གམ་བདག་གིས་སྟོང་ངོ་། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །དེ་ལྟར་བདག་གམ་བདག་གིས་སྟོང་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཡང་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་

སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་

เล่ม ๑๖ · หน้า 18b

ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ། ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་དང་། །བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་མྱེད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མྱེད་དོ། །ཉན་ཐོས་ཞེས་བྱ་བ་

ཡང་མྱེད་དོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་དག་ཀྱང་སྟོང་སྟེ། ཕྱོགས་བཅུ་ཀུན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་

དང་། ཉན་ཐོས་རྣམས་ཀྱིས་སྟོང་པས། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་མྱེད། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མྱེད། ཉན་ཐོས་ཞེས་བྱ་བ་ཡང་མྱེད་དོ། །ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་

ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་འདེམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་

སྡིག་ཏོ་ཅན་དག་མཁན་པོ་དང་། སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་སྟེ། དྲན་

པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་བ་དང་། དབང་པོ་རྣམས་ལ་སྦྱོར་བ་དང་། སྟོབས་རྣམས་ལ་སྦྱོར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྦྱོར་བ་དང་། འཕགས་

เล่ม ๑๖ · หน้า 19a

པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང་། འཕགས་པའི་བདེན་པ་རྣམས་ལ་སྦྱོར་བ་དང་། བསམ་གཏན་རྣམས་ལ་སྦྱོར་བ་དང་། ཚད་མྱེད་པ་རྣམས་ལ་སྦྱོར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་།

རྣམ་པར་ཐར་པ་རྣམས་ལ་སྦྱོར་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མྱེད་པའི་ཆོས་རྣམས་ལ་སྦྱོར་ཞིང་། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཆོས་དེ་དག་ཡོངས་སུ་བསྒོམས་ལ།

ཉན་ཐོས་ཀྱིས་མངོན་དུ་གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །

རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས།

ཁྱོད་ལ་ཅི་ཞིག་བྱ་དེའི་དོན་དུ་ནི་བསྐལ་པ་ཚད་མྱེད་གྲངས་མྱེད་པར་འཁོར་བ་ན་འཁོར་ཞིང་རྐང་ལག་དང་མགོ་གཅད་པ་ཚད་མྱེད་པས། ཉོན་མོངས་པར་འགྱུར་གྱིས། གང་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་

བུ་མངོན་དུ་བྱར་ཡོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག །ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། གཟུགས་མྱི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་

เล่ม ๑๖ · หน้า 19b

གྱིས་སྟོན་པ་དང་། གཟུགས་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། །དབེན་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་སྟོན་པ་དང་། ཚོར་བ་མྱི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། །ཚོར་བ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་

དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུ་ཤེས་མྱི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུ་ཤེས་སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་།

སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུ་བྱེད་མི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུ་

བྱེད་སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་

པར་ཤེས་པ་མྱི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་

བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱིག་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་

เล่ม ๑๖ · หน้า 20a

ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣ་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་།

མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྣ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་།

སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལྕེ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་

བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལུས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་

ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཡིད་མྱི་རྟག་ཅེས་

བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་

གྱིས་སྟོན་པ་དང་། གཟུགས་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་

เล่ม ๑๖ · หน้า 20b

དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྒྲ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དྲི་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་

ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རོ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་

མྱེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རེག་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་

བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཆོས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱིག་གི་རྣམ་པར་ཤེས་

པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་

เล่ม ๑๖ · หน้า 21a

དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣ་བའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་

ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྣའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་

བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལྕེའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་

མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་

མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་སྟོན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱིག་གི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་།

เล่ม ๑๖ · หน้า 21b

མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་

བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་ཀྱིས་སྟོན་པ་དང་། སྣའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་

དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་

སྟོན་པ་དང་། ལྕེའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་

ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་

བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་།

ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་

เล่ม ๑๖ · หน้า 22a

ཚོར་བ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་

མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་

དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་རྟག་ཅེས་བྱ་བ་དང་།

སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་

དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་

མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་།

เล่ม ๑๖ · หน้า 22b

མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སའི་ཁམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་

ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཆུའི་ཁམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱེའི་ཁམས་མྱི་རྟག་ཅེས་བྱ་

བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་

གྱིས་སྟོན་པ་དང་། རླུང་གི་ཁམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་

དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། །ནམ་མཁའི་ཁམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་

ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་

เล่ม ๑๖ · หน้า 23a

བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མ་རིག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུ་བྱེད་མྱི་རྟག་ཅེས་བྱ་བ་དང་།

སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་།

རྣམ་པར་ཤེས་པ་མྱི་རྟག་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། །མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་

བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱིང་དང་གཟུགས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བ་དག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་།

མངོན་པར་འདུ་བྱ་བ་མྱེད་ཆེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྐྱེ་ཆེད་དྲུག་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་

ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རེག་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་

เล่ม ๑๖ · หน้า 23b

བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཚོར་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་

བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྲིད་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་

དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ལེན་པ་མྱི་རྟག་ཅེས་བྱ་བ་དང་།

སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་།

སྲིད་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་སྟོན་པ་དང་། སྐྱེ་བ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྒ་ཤི་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་

เล่ม ๑๖ · หน้า 24a

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་།

སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་

ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་

ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་

ཚུལ་གྱིས་སྟོན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་།

མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་

เล่ม ๑๖ · หน้า 24b

མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ནང་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་

བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་བ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཕྱི་སྟོང་པ་ཉིད་མྱི་

རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་

པ་དང་། ཕྱི་ནང་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་བར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་

བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་

འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཆེན་པོ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་།

སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དོན་དམ་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་

เล่ม ๑๖ · หน้า 25a

བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུས་བྱས་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་།

བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འདུས་མ་བྱས་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་

སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མཐའ་

ལས་འདས་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་

བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་

བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་

མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རང་བཞིན་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་།

เล่ม ๑๖ · หน้า 25b

ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་

ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་།

རང་གི་མཚན་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་

ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་

བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་

བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་

เล่ม ๑๖ · หน้า 26a

རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་

ཚུལ་གྱིས་སྟོན་པ་དང་། དྲན་པ་ཉེ་བདག་ཞག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་

བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཡང་དག་པར་སྤོང་བ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་

དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་

མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དབང་པོ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་།

སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྟོབས་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་

ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་རྟག་

เล่ม ๑๖ · หน้า 26b

ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་།

འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འཕགས་པའི་བདེན་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་

དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བསམ་གཏན་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་

མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཚད་མྱེད་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་།

སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་

བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་

เล่ม ๑๖ · หน้า 27a

པར་ཐར་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་།

སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་

མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མངོན་པར་ཞེས་པ་རྣམས་མྱི་

རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་

པའི་ཚུལ་གྱིས་སྟོན་པ་དང་། ཏིང་ངེ་འཛིན་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་

བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུངས་ཀྱི་སྒོ་རྣམས་མྱི་རྟག་ཅེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་

เล่ม ๑๖ · หน้า 27b

པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་

བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱི་འཇིགས་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་

ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སོ་སོ་

ཡང་དག་པར་རིག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་།

དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བྱམས་པ་ཆེན་པོ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྙིང་རྗེ་ཆེན་པོ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་།

སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་

เล่ม ๑๖ · หน้า 28a

དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་ཀྱི་རྣམ་པ་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོ་རྣམས་རིགས་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་

ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཡང་མ་སྐྱེས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་ལ་ཡང་ཚིག་མྱེད། སེམས་ཅན་ལ་ཡང་ཚིག་མྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པའོ ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ལ་ནི་སྐྱེ་བའམ། ཡོད་པ་ཉིད་དམ། ཡོད་པ་ཉེ་བར་མྱི་དམྱིགས་

སོ ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨྱི་ལམ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་

ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྨྱིག་རྒྱུ་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་སྟེ་དཔེར་ན། ཆུ་ཟླ་ལ་གནས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด