ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗ · หน้า 1a

༄༅། །འབུམ་ང་པ་བཞུགས་སོ། །

เล่ม ๑๗ · หน้า 1b

༄༅། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་བཞི་པ། བམ་པོ་དང་པོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། དྲན་པ་ཉེ་བར་གཞག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྡོན་གྱི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །

དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་

เล่ม ๑๗ · หน้า 2a

སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མྱེད་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དྲན་པ་ཉེ་བར་

གཞག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་

སོ། །དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་

གཞག་པ་མྱེད་པ་དང་། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་དབེན་པ་དང་། དྲན་པ་ཉེ་པར་གཞག་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས་

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། དྲན་པ་ཉེ་བར་གཞག་པ་མྱེད་པ་ཡང་གཞན་མ་ཡིན། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། དྲན་པ་ཉེ་བར་

เล่ม ๑๗ · หน้า 2b

གཞག་པ་དབེན་པ་ཡང་གཞན་མ་ཡིན། དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་

མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་མྱེད་པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་

སྟོང་པ་ཉིད་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་དབེན་པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་

དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་

ཤ་ར་དྭ་ཏིའི་བུ། ཡང་དག་པར་སྤོང་བ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་ངོ་བོ་

เล่ม ๑๗ · หน้า 3a

ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་

མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་དབེན་པའི་ཕྱིར། བྱང་ཆུབ་སེམས་

དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་དབེན་

པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་

ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡང་དག་པར་སྤོང་བ་མྱེད་པ་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་དང་། ཡང་དག་པར་སྤོང་བ་དབེན་པ་དང་། ཡང་དག་པར་སྤོང་བ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་

མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། ཡང་དག་པར་སྤོང་བ་མྱེད་པ་ཡང་གཞན་མ་ཡིན། ཡང་དག་པར་སྤོང་བ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཡང་དག་

เล่ม ๑๗ · หน้า 3b

པར་སྤོང་བ་དབེན་པ་ཡང་གཞན་མ་ཡིན། ཡང་དག་པར་སྤོང་བ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་

ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། ཡང་དག་པར་སྤོང་བ་མྱེད་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་གང་ཡིན་པ་དང་། ཡང་དག་པར་སྤོང་བ་དབེན་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་།

བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྫུ་འཕྲུལ་གྱི་རྐང་པ་

མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་

སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་

ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་

เล่ม ๑๗ · หน้า 4a

དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྫུ་འཕྲུལ་གྱི་རྐང་པ་མྱེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་དང་། རྫུ་འཕྲུལ་གྱི་རྐང་པ་དབེན་པ་དང་། རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས།

དབུས་མྱི་དམྱིགས་ཏེ། རྫུ་འཕྲུལ་གྱི་རྐང་པ་མྱེད་པ་ཡང་གཞན་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་དབེན་པ་ཡང་གཞན་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན།

བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་མྱེད་པ་གང་ཡིན་

པ་དང་། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་དབེན་པ་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་

ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་དུ་གཉིས་སུ་བྱང་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དབང་པོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་

དམྱིགས་སོ། །དབང་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དབང་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དབང་པོ་ངོ་བོ་ཉིད་མྱེད་པའི་ཕྱིར།

เล่ม ๑๗ · หน้า 4b

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དབང་པོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱིར་མའི་མཐར་མྱི་དམྱིགས་སོ། །དབང་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

དབང་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དབང་པོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དབང་པོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

དབུས་སུ་མྱི་དམྱིགས་སོ། །དབང་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དབང་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དབང་པོ་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དབང་པོ་མྱེད་པ་དང་། དབང་པོ་སྟོང་པ་ཉིད་དང་། དབང་པོ་དབེན་པ་དང་། དབང་པོ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་

མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། དབང་པོ་མྱེད་པ་ཡང་གཞན་མ་ཡིན། དབང་པོ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། དབང་པོ་དབེན་པ་ཡང་གཞན་མ་ཡིན། དབང་པོ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་

ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་དབང་པོ་མྱེད་པ་གང་ཡིན་པ་དང་། དབང་པོ་སྟོང་པ་ཉིད་གང་

ཡིན་པ་དང་། དབང་པོ་དབེན་པ་གང་ཡིན་པ་དང་། དབང་པོ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་

เล่ม ๑๗ · หน้า 5a

ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤྭ་ར་དྭ་ཏིའི་བུ། སྟོབས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་

གྱི་མཐར་མྱི་དམྱིགས་སོ། །སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྟོབས་མྱེད་པའི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྟོབས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་

དབུས་སུ་མྱི་དམྱིགས་སོ། །སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོབས་མྱེད་པ་དང་། སྟོབས་སྟོང་པ་ཉིད་དང་། སྟོབས་དབེན་པ་དང་། སྟོབས་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོབས་

མྱེད་པ་ཡང་གཞན་མ་ཡིན། སྟོབས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོབས་དབེན་པ་ཡང་གཞན་མ་ཡིན། སྟོབས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་

เล่ม ๑๗ · หน้า 5b

ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་སྟོབས་མྱེད་པ་གང་ཡིན་པ་དང་། སྟོབས་སྟོང་པ་ཉིད་གང་ཡིན་པ་དང་། སྟོབས་དབེན་པ་

གང་ཡིན་པ་དང་། སྟོབས་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་

གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་ཡན་ལག་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་

གྱི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །

བྱང་ཆུབ་ཀྱི་ཡན་ལག་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་དབེན་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བྱང་

เล่ม ๑๗ · หน้า 6a

ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་ཡན་ལག་མྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་དང་།

བྱང་ཆུབ་ཀྱི་ཡན་ལག་དབེན་པ་དང་། བྱང་ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་བ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་ཀྱི་ཡན་

ལག་སྟོང་པ་ཉིད་ཀྱང་གཞན་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་དབེན་པ་ཡང་གཞན་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན།

ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་

ལག་དབེན་པ་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་

གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་

པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་

เล่ม ๑๗ · หน้า 6b

ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་ཀྱི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་ཉིད་མྱེད་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་ཀྱི་ཕྱིར།

བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དང་། འཕགས་པའི་ལམ་ཡན་ལག་

བརྒྱད་པ་དབེན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་ཡང་གཞན་མ་

ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པ་ཡང་གཞན་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་

เล่ม ๑๗ · หน้า 7a

ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་འཕགས་པའི་ལམ་

ཡན་ལག་བརྒྱད་པ་མྱེད་པ་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པ་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ངོ་བོ་ཉིད་

མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །

འཕགས་པའི་བདེན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་

པའི་བདེན་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་དབེན་

པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །འཕགས་པའི་བདེན་པ་མྱེད་པའི་ཕྱིར། བྱང་ཆུབ་

เล่ม ๑๗ · หน้า 7b

སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །འཕགས་པའི་བདེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །འཕགས་པའི་བདེན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །

འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་མྱེད་པ་དང་། འཕགས་པའི་བདེན་པ་སྟོང་པ་ཉིད་དང་།

འཕགས་པའི་བདེན་པ་དབེན་པ་དང་། འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མི་དམྱིགས། དབུས་མི་དམྱིགས་ཏེ། འཕགས་པའི་བདེན་པ་མེད་པ་ཡང་གཞན་མ་ཡིན།

འཕགས་པའི་བདེན་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། འཕགས་པའི་བདེན་པ་དབེན་པ་ཡང་གཞན་མ་ཡིན། འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན།

སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་འཕགས་པའི་བདེན་པ་མེད་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་སྟོང་

པ་ཉིད་གང་ཡིན་པ་དང་། འཕགས་པའི་བདེན་པ་དབེན་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་

ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །བསམ་

เล่ม ๑๗ · หน้า 8a

གཏན་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གཏན་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གཏན་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གཏན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གཏན་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་

སོ། །བསམ་གཏན་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གཏན་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གཏན་མྱེད་པའི་ཕྱིར། བྱང་

ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བསམ་གཏན་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བསམ་གཏན་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བསམ་

གཏན་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་མྱེད་པ་དང་། བསམ་གཏན་སྟོང་པ་ཉིད་དང་། བསམ་གཏན་དབེན་པ་དང་།

བསམ་གཏན་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། བསམ་གཏན་མྱེད་པ་ཡང་གཞན་མ་ཡིན། བསམ་གཏན་སྟོང་པ་ཉིད་ཀྱང་གཞན་མ་ཡིན། བསམ་གཏན་

དབེན་པ་ཡང་གཞན་མ་ཡིན། བསམ་གཏན་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་

เล่ม ๑๗ · หน้า 8b

གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བསམ་གཏན་མྱེད་པ་གང་ཡིན་པ་དང་། བསམ་གཏན་སྟོང་པ་ཉིད་གང་ཡིན་པ་དང་། བསམ་གཏན་དབེན་པ་གང་ཡིན་པ་དང་། བསམ་གཏན་ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། བྱང་

ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚད་མྱེད་པ་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཚད་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཚད་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །

ཚད་མྱེད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཚད་མྱེད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚད་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་

དཔའ་ཕྱི་མའི་མཐའ་མི་དམྱིགས་སོ། །ཚད་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚད་མྱེད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚད་

མྱེད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཚད་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཚད་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་

སུ་མྱི་དམྱིགས་སོ། །ཚད་མྱེད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚད་མྱེད་པ་མྱེད་པ་དང་། ཚད་མྱེད་པ་སྟོང་པ་ཉིད་དང་། ཚད་

เล่ม ๑๗ · หน้า 9a

མྱེད་པ་དབེན་པ་དང་། ཚད་མྱེད་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམིགས། ཕྱི་མའི་མཐའ་མི་དམྱིགས། དབུས་མྱི་དམྱིགས་ཏེ། ཚད་མྱེད་པ་མྱེད་བ་ཡང་གཞན་མ་ཡིན། ཚད་མྱེད་པ་སྟོང་པ་ཉིད་ཀྱང་གཞན་

མ་ཡིན། ཚད་མྱེད་པ་དབེན་པ་ཡང་གཞན་མ་ཡིན། ཚད་མྱེད་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་

ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་ཚད་མྱེད་པ་མྱེད་པ་གང་ཡིན་པ་དང་། ཚད་མེད་པ་སྟོང་པ་ཉིད་གང་ཡིན་པ་དང་། ཚད་མྱེད་པ་དབེན་པ་གང་ཡིན་པ་དང་། ཚད་མྱེད་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་

དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་

ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་

པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

เล่ม ๑๗ · หน้า 9b

གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

གཟུགས་མྱེད་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་མྱེད་

པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་

པར་འཇུག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

སྟོང་པ་ཉིད་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་མྱེད་པ་ཡང་གཞན་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པ་ཡང་གཞན་མ་ཡིན། གཟུགས་མེད་པའི་སྙོམས་པར་

འཇུག་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་

เล่ม ๑๗ · หน้า 10a

ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པ་གང་ཡིན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་གང་ཡིན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དབེན་པ་གང་ཡིན་པ་དང་། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་

དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་

མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་

ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །རྣམ་པར་ཐར་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རྣམ་པར་ཐར་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །

เล่ม ๑๗ · หน้า 10b

དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པ་མྱེད་པ་དང་། རྣམ་པར་ཐར་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པ་དབེན་པ་དང་། རྣམ་པར་ཐར་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་

མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། རྣམ་པར་ཐར་པ་མྱེད་པ་ཡང་གཞན་མ་ཡིན། རྣམ་པར་ཐར་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པར་ཐར་པ་དབེན་པ་ཡང་གཞན་མ་ཡིན། རྣམ་པར་ཐར་པ་ངོ་བོ་ཉིད་

མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་ལྟར་ན། རྣམ་པར་ཐར་པ་མྱེད་པ་གང་ཡིན་པ་དང་། རྣམ་པར་ཐར་པ་སྟོང་པ་ཉིད་གང་ཡིན་པ་དང་། རྣམ་པར་ཐར་པ་དབེན་པ་གང་ཡིན་པ་དང་། རྣམ་པར་ཐར་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་

སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པའི་

เล่ม ๑๗ · หน้า 11a

ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་

མྱི་དམྱིགས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། བྱང་ཆུབ་

སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དབེན་

པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དབེན་པ་དང་།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པ་ཡང་གཞན་མ་ཡིན།

เล่ม ๑๗ · หน้า 11b

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དབེན་པ་ཡང་གཞན་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་

མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་ལྟར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པ་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དབེན་པ་

གང་ཡིན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་

པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །རྣམ་

པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་

เล่ม ๑๗ · หน้า 12a

པ་དང་། སྨོན་པ་མྱེད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་བ་མྱེད་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་

སྨོན་པ་མྱེད་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་

ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་

เล่ม ๑๗ · หน้า 12b

མྱེད་པ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་པ་དང་། རྣམ་པར་

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མི་དམྱིགས། དབུས་མྱི་དམྱིགས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་

བ་དང་། སྨོན་པ་མྱེད་པ་མྱེད་པ་ཡང་གཞན་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་

པ་དང་། སྨོན་པ་མྱེད་པ་དབེན་པ་ཡང་གཞན་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན།

སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་

མྱེད་པ་མྱེད་པ་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་

མྱེད་པ་དབེན་པ་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་

เล่ม ๑๗ · หน้า 13a

དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མངོན་པར་ཤེས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

སྔོན་གྱི་མཐར་མྱི་དམྱིགས་སོ། །མངོན་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མངོན་པར་ཤེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་

སོ། །མངོན་པར་ཤེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །མངོན་པར་ཤེས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །མངོན་པར་ཤེས་པ་

སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མངོན་པར་ཤེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །མངོན་པར་ཤེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མངོན་པར་ཤེས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མངོན་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་

མྱི་དམྱིགས་སོ། །མངོན་པར་ཤེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མངོན་པར་ཤེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་

ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མངོན་པར་ཤེས་པ་མྱེད་པ་དང་། མངོན་པར་ཤེས་པ་སྟོང་པ་ཉིད་དང་། མངོན་པར་ཤེས་པ་དབེན་པ་དང་། མངོན་པར་ཤེས་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས།

เล่ม ๑๗ · หน้า 13b

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མངོན་པར་ཤེས་པ་མྱེད་པ་ཡང་གཞན་མ་ཡིན། མངོན་པར་ཤེས་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། མངོན་པར་ཤེས་པ་དབེན་པ་ཡང་གཞན་མ་ཡིན། མངོན་པར་ཤེས་པ་ངོ་

བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། དེ་ལྟར་ན་མངོན་པར་ཤེས་པ་མྱེད་པ་གང་ཡིན་པ་དང་། མངོན་པར་ཤེས་པ་སྟོང་པ་ཉིད་གང་ཡིན་པ་དང་། མངོན་པར་ཤེས་པ་དབེན་པ་གང་ཡིན་པ་དང་། མངོན་པར་ཤེས་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་

ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། ཏིང་ངེ་འཛིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་དབེན་པའི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

ཕྱི་མའི་མཐར་མི་དམྱིགས་སོ། །ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །ཏིང་

เล่ม ๑๗ · หน้า 14a

ངེ་འཛིན་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཏིང་ངེ་འཛིན་སྟོང་པ་ཉིད་

ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཏིང་ངེ་འཛིན་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཏིང་ངེ་འཛིན་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་

དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་མྱེད་པ་དང་། ཏིང་ངེ་འཛིན་སྟོང་པ་ཉིད་དང་། ཏིང་ངེ་འཛིན་དབེན་པ་དང་། ཏིང་ངེ་འཛིན་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མི་དམྱིགས། དབུས་མྱི་དམྱིགས་ཏེ། ཏིང་ངེ་འཛིན་མྱེད་པ་ཡང་གཞན་མ་ཡིན། ཏིང་ངེ་འཛིན་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཏིང་ངེ་འཛིན་དབེན་པ་ཡང་གཞན་མ་ཡིན། ཏིང་ངེ་འཛིན་ངོ་བོ་ཉིད་མྱེད་

བ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་ལྟར་ན་ཏིང་ངེ་འཛིན་མྱེད་པ་གང་ཡིན་པ་དང་། ཏིང་ངེ་འཛིན་སྟོང་པ་ཉིད་གང་ཡིན་པ་དང་། ཏིང་ངེ་འཛིན་དབེན་པ་གང་ཡིན་པ་དང་། ཏིང་ངེ་འཛིན་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་

པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུངས་ཀྱི་སྒོ་

เล่ม ๑๗ · หน้า 14b

མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་

སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །གཟུངས་ཀྱི་སྒོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །

གཟུངས་ཀྱི་སྒོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་བུ། གཟུངས་ཀྱི་སྒོ་མྱེད་པ་དང་། གཟུངས་ཀྱི་སྒོ་སྟོང་པ་ཉིད་དང་། གཟུངས་ཀྱི་སྒོ་དབེན་པ་དང་། གཟུངས་ཀྱི་སྒོ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ།

གཟུངས་ཀྱི་སྒོ་མྱེད་པ་ཡང་གཞན་མ་ཡིན། གཟུངས་ཀྱི་སྒོ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། གཟུངས་ཀྱི་སྒོ་དབེན་པ་ཡང་གཞན་མ་ཡིན། གཟུངས་ཀྱི་སྒོ་ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་

เล่ม ๑๗ · หน้า 15a

གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་གཟུངས་ཀྱི་སྒོ་མྱེད་པ་གང་ཡིན་པ་དང་།

གཟུངས་ཀྱི་སྒོ་སྟོང་པ་ཉིད་གང་ཡིན་པ་དང་། གཟུངས་ཀྱི་སྒོ་དབེན་པ་གང་ཡིན་པ་དང་། གཟུངས་ཀྱི་སྒོ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་

མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་

དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་མྱེད་པའི་ཕྱིར། བྱང་ཆུབ་

เล่ม ๑๗ · หน้า 15b

སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་

དབུས་སུ་མི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་མྱེད་

བ་དང་། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་དབེན་པ་དང་། དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་

མྱི་དམྱིགས་ཏེ། དེ་བཞིན་གཤེགས་པའི་སྟོབས་མྱེད་པ་ཡང་གཞན་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་དབེན་པ་ཡང་གཞན་མ་ཡིན། དེ་བཞིན་གཤེགས་

པའི་སྟོབས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་བུ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་མྱེད་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་དབེན་པ་གང་ཡིན་པ་དང་། དེ་བཞིན་གཤེགས་

པའི་སྟོབས་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་

เล่ม ๑๗ · หน้า 16a

བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་འཇིགས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །མྱི་འཇིགས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་

སྔོན་གྱི་མཐར་མྱི་དམྱིགས་སོ། །མྱི་འཇིགས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱི་འཇིགས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །མི་

འཇིགས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱི་འཇིགས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱི་འཇིགས་པ་དབེན་པའི་ཕྱིར།

བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །མྱི་འཇིགས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །མྱི་འཇིགས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་

སུ་མི་དམྱིགས་སོ། །མྱི་འཇིགས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །མི་འཇིགས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །མི་འཇིགས་པ་

ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་འཇིགས་པ་མྱེད་པ་དང་། མྱི་འཇིགས་པ་སྟོང་པ་ཉིད་དང་། མི་འཇིགས་པ་

དབེན་པ་དང་། མི་འཇིགས་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མྱི་འཇིགས་པ་མྱེད་པ་ཡང་གཞན་མ་ཡིན། མྱི་འཇིགས་པ་སྟོང་པ་ཉིད་ཀྱང་

เล่ม ๑๗ · หน้า 16b

གཞན་མ་ཡིན། མི་འཇིགས་པ་དབེན་པ་ཡང་གཞན་མ་ཡིན། མི་འཇིགས་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་

ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་མྱི་འཇིགས་པ་མྱེད་པ་གང་ཡིན་པ་དང་། མྱི་འཇིགས་པ་སྟོང་པ་ཉིད་གང་ཡིན་པ་དང་། མྱི་འཇིགས་པ་དབེན་པ་གང་ཡིན་པ་དང་། མྱི་

འཇིགས་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་

སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སོ་སོ་ཡང་དག་པར་རིག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་

เล่ม ๑๗ · หน้า 17a

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་

ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སོ་སོ་ཡང་དག་པར་རིག་པ་མྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་དབེན་པ་དང་།

སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མི་དམྱིགས་ཏེ། སོ་སོ་ཡང་དག་པར་རིག་པ་མྱེད་པ་ཡང་གཞན་མ་ཡིན། སོ་སོ་ཡང་དག་པར་རིག་པ་

སྟོང་པ་ཉིད་ཀྱང་གཞན་མ་ཡིན། སོ་སོ་ཡང་དག་པར་རིག་པ་དབེན་པ་ཡང་གཞན་མ་ཡིན། སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་

ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་མྱེད་པ་གང་ཡིན་པ་དང་། སོ་སོ་ཡང་དག་

པར་རིག་པ་སྟོང་པ་ཉིད་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་དབེན་པ་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་།

เล่ม ๑๗ · หน้า 17b

སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

སྔོན་གྱི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྙིང་

རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །སྙིང་རྗེ་ཆེན་པོ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་

སོ། །སྙིང་རྗེ་ཆེན་པོ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་

དབུས་སུ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་མྱེད་པ་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དང་།

སྙིང་རྗེ་ཆེན་པོ་དབེན་པ་དང་། སྙིང་རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མི་དམྱིགས་ཏེ། སྙིང་རྗེ་ཆེན་པོ་མྱེད་པ་ཡང་གཞན་མ་ཡིན། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཀྱང་གཞན་མ་ཡིན།

เล่ม ๑๗ · หน้า 18a

སྙིང་རྗེ་ཆེན་པོ་དབེན་པ་ཡང་གཞན་མ་ཡིན། སྙིང་རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་

གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་སྙིང་རྗེ་ཆེན་པོ་མྱེད་པ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་དབེན་པ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་།

བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་

པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར།

བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་

เล่ม ๑๗ · หน้า 18b

དཔའ་དབུས་སུ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་དབུས་སུ་མྱི་དམྱིགས་སོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པ་ཡང་

གཞན་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པ་ཡང་གཞན་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་

གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མྱེད་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་སྟོང་པ་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་

དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཆོས་ཀྱི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་

เล่ม ๑๗ · หน้า 19a

སོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །ཆོས་ཀྱི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །

ཆོས་ཀྱི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ཀྱི་དབྱིངས་མྱེད་པ་དང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དབེན་པ་དང་། ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མི་

དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། ཆོས་ཀྱི་དབྱིངས་མྱེད་པ་ཡང་གཞན་མ་ཡིན། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཆོས་ཀྱི་དབྱིངས་དབེན་པ་ཡང་གཞན་མ་ཡིན། ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་

ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་ཆོས་ཀྱི་དབྱིངས་མྱེད་པ་གང་ཡིན་པ་དང་། ཆོས་ཀྱི་

เล่ม ๑๗ · หน้า 19b

དབྱིངས་སྟོང་པ་ཉིད་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་དབེན་པ་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་

གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་དེ་བཞིན་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་

ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་

མྱི་དམྱིགས་སོ། །དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །དེ་བཞིན་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་

སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་བཞིན་ཉིད་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་ཉིད་མྱེད་པ་དང་། དེ་བཞིན་ཉིད་སྟོང་པ་ཉིད་དང་། དེ་བཞིན་ཉིད་དབེན་པ་དང་། དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ་

เล่ม ๑๗ · หน้า 20a

དེ་བཞིན་ཉིད་མྱེད་པ་ཡང་གཞན་མ་ཡིན། དེ་བཞིན་ཉིད་སྟོང་པ་ཉིད་ཀྱང་གཞན་མ་ཡིན། དེ་བཞིན་ཉིད་དབེན་པ་ཡང་གཞན་མ་ཡིན། དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། །

སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་དེ་བཞིན་ཉིད་མེད་པ་གང་ཡིན་པ་དང་། དེ་བཞིན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། དེ་བཞིན་

ཉིད་དབེན་པ་གང་ཡིན་པ་དང་། དེ་བཞིན་ཉིད་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་

གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཡང་དག་པའི་མཐའ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་

མི་དམྱིགས་སོ། །ཡང་དག་པའི་མཐའ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །ཡང་དག་པའི་མཐའ་

མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་དབེན་པའི་ཕྱིར། བྱང་ཆུབ་སེམས་

དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པའི་མཐའ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །

เล่ม ๑๗ · หน้า 20b

ཡང་དག་པའི་མཐའ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །ཡང་དག་པའི་མཐའ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་

དཔའ་དབུས་སུ་མི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡང་དག་པའི་མཐའ་མྱེད་པ་དང་། ཡང་དག་པའི་མཐའ་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དབེན་པ་དང་། ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པ་ལ་སྔོན་

གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། ཡང་དག་པའི་མཐའ་མྱེད་པ་ཡང་གཞན་མ་ཡིན། ཡང་དག་པའི་མཐའ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཡང་དག་པའི་མཐའ་དབེན་པ་ཡང་གཞན་མ་ཡིན།

ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་ཡང་དག་པའི་མཐའ་མྱེད་པ་གང་ཡིན་པ་དང་། ཡང་དག་པའི་མཐའ་སྟོང་པ་ཉིད་གང་ཡིན་པ་དང་། ཡང་དག་པའི་མཐའ་དབེན་པ་གང་ཡིན་པ་དང་། ཡང་དག་པའི་མཐའ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་

དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ། གཞན་ཡང་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་

เล่ม ๑๗ · หน้า 21a

དམྱིགས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་

མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་

སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བསམ་གྱིས་མི་

ཁྱབ་པའི་དབྱིངས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམིགས་སོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་སྟོང་པ་ཉིད་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དབེན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པ་ལ་

སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པ་ཡང་གཞན་མ་ཡིན། བསམ་གྱིས་མི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། བསམ་གྱིས་མྱི་

เล่ม ๑๗ · หน้า 21b

ཁྱབ་པའི་དབྱིངས་དབེན་པ་ཡང་གཞན་མ་ཡིན། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་

ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་སྟོང་པ་ཉིད་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་

དབྱིངས་དབེན་པ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་

ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཉན་ཐོས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཉན་ཐོས་སྟོང་པ་ཉིད་ཀྱི་ཕྱིར།

བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཉན་ཐོས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །ཉན་ཐོས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་

མྱི་དམྱིགས་སོ། །ཉན་ཐོས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཉན་ཐོས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཉན་ཐོས་དབེན་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཉན་ཐོས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཉན་ཐོས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་

เล่ม ๑๗ · หน้า 22a

དམྱིགས་སོ། །ཉན་ཐོས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཉན་ཐོས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཉན་ཐོས་ངོ་བོ་ཉིད་མྱེད་པའི་ཕྱིར།

བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཉན་ཐོས་མྱེད་པ་དང་། ཉན་ཐོས་སྟོང་པ་ཉིད་དང་། ཉན་ཐོས་དབེན་པ་དང་། ཉན་ཐོས་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མི་དམྱིགས། ཕྱི་མའི་མཐའ་མྱི་

དམྱིགས། དབུས་མྱི་དམྱིགས་ཏེ། ཉན་ཐོས་མྱེད་པ་ཡང་གཞན་མ་ཡིན། ཉན་ཐོས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཉན་ཐོས་དབེན་པ་ཡང་གཞན་མ་ཡིན། ཉན་ཐོས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་

ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་ཉན་ཐོས་མྱེད་པ་གང་ཡིན་པ་དང་། ཉན་ཐོས་སྟོང་པ་ཉིད་གང་ཡིན་པ་དང་། ཉན་ཐོས་དབེན་པ་གང་ཡིན་པ་དང་། ཉན་ཐོས་ངོ་བོ་ཉིད་མྱེད་པ་

གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་

རང་སངས་རྒྱས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་དབེན་པའི་ཕྱིར། བྱང་ཆུབ་སེམས་

དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རང་

เล่ม ๑๗ · หน้า 22b

སངས་རྒྱས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་

ཕྱི་མའི་མཐར་མྱི་དམྱིགས་སོ། །རང་སངས་རྒྱས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རང་སངས་རྒྱས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རང་སངས་རྒྱས་དབེན་པའི་

ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །རང་སངས་རྒྱས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་སངས་རྒྱས་མྱེད་པ་

དང་། རང་སངས་རྒྱས་སྟོང་པ་ཉིད་དང་། རང་སངས་རྒྱས་དབེན་པ་དང་། རང་སངས་རྒྱས་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། རང་སངས་རྒྱས་མྱེད་པ་ཡང་

གཞན་མ་ཡིན། རང་སངས་རྒྱས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རང་སངས་རྒྱས་དབེན་པ་ཡང་གཞན་མ་ཡིན། རང་སངས་རྒྱས་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་

མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་རང་སངས་རྒྱས་མྱེད་པ་གང་ཡིན་པ་དང་། རང་སངས་རྒྱས་སྟོང་པ་ཉིད་གང་ཡིན་པ་དང་།

རང་སངས་རྒྱས་དབེན་པ་གང་ཡིན་པ་དང་། རང་སངས་རྒྱས་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་

เล่ม ๑๗ · หน้า 23a

ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་

ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་

དཔའ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་

སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །བྱང་ཆུབ་

སེམས་དཔའ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་མྱེད་པ་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་

དཔའ་དབེན་པ་དང་། བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། བྱང་ཆུབ་སེམས་དཔའ་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱང་

เล่ม ๑๗ · หน้า 23b

གཞན་མ་ཡིན། བྱང་ཆུབ་སེམས་དཔའ་དབེན་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན།

དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དབེན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་།

བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་ཐམས་ཅད་མཁྱེན་པ་

མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་

གྱི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམིགས་སོ། །ཐམས་ཅད་མཁྱེན་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐམས་ཅད་

མཁྱེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་ངོ་བོ་ཉིད་མྱེད་

པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་

เล่ม ๑๗ · หน้า 24a

དཔའ་དབུས་སུ་མི་དམྱིགས་སོ། །ཐམས་ཅད་མཁྱེན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །ཐམས་ཅད་མཁྱེན་པ་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །

དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཐམས་ཅད་མཁྱེན་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་སྟོང་པ་ཉིད་དང་། ཐམས་ཅད་མཁྱེན་པ་དབེན་པ་དང་། ཐམས་ཅད་མཁྱེན་པ་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་

མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། ཐམས་ཅད་མཁྱེན་པ་མྱེད་པ་ཡང་གཞན་མ་ཡིན། ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། ཐམས་ཅད་མཁྱེན་པ་དབེན་པ་ཡང་གཞན་མ་ཡིན། ཐམས་ཅད་མཁྱེན་པ་ངོ་བོ་ཉིད་

མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་ཐམས་

ཅད་མཁྱེན་པ་མྱེད་པ་གང་ཡིན་པ་དང་། ཐམས་ཅད་མཁྱེན་པ་སྟོང་པ་ཉིད་གང་ཡིན་པ་དང་། ཐམས་ཅད་མཁྱེན་པ་དབེན་པ་གང་ཡིན་པ་དང་། ཐམས་ཅད་མཁྱེན་པ་ངོ་བོ་ཉིད་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་

ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་བྱང་ཆུབ་སེམས་

དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་

เล่ม ๑๗ · หน้า 24b

བརྒྱ་པ། བམ་པོ་གཉིས་པ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་

པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི། སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་

ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ། དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་གཟུགས་ཀུན་ཏུ་མཐའ་ཡས་

པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། ཚོར་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་

ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་

ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ཚོར་བ་སྟོང་པ་ཉིད་ཀྱི་ཕྱིར། ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས།

เล่ม ๑๗ · หน้า 25a

དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཚོར་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་

དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། འདུ་ཤེས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་

ཤ་ར་དྭ་ཏིའི་བུ། འདུ་ཤེས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་

ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་འདུ་ཤེས་སྟོང་པ་ཉིད་ཀྱི་ཕྱིར། འདུ་ཤེས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་

ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འདུ་ཤེས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་

འདི་སྐད་དུ། ཅིའི་ཕྱིར་ན། འདུ་བྱེད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་

ཕྱིར་ཞེ་ན། འདི་ལྟར་དཔེར་ན། ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །

เล่ม ๑๗ · หน้า 25b

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་འདུ་བྱེད་སྟོང་པ་ཉིད་ཀྱི་ཕྱིར། འདུ་བྱེད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མི་དམྱིགས་སོ། །ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འདུ་བྱེད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། རྣམ་པར་ཤེས་པ་ཀུན་ཏུ་

མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དཔེར་ན། ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་བཞིན་དུ་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། རྣམ་པར་ཤེས་པའི་སྔོན་གྱི་མཐའ་མི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། མྱིག་ཀུན་ཏུ་མཐའ་ཡས་

པའི་ཕྱིར། བྱང་ཆུབ་སེམས་དཔའ། ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན། ནམ་

เล่ม ๑๗ · หน้า 26a

མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་བུ། དེ་བཞིན་དུ་མིག་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

རྣམ་གྲངས་དེས་ན། མྱིག་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། རྣ་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་

ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན། ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་

མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་རྣ་བ་སྟོང་པ་ཉིད་ཀྱི་ཕྱིར། རྣ་བའི་

སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ། དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣ་བ་ཀུན་

ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། སྣ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་

เล่ม ๑๗ · หน้า 26b

བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་

ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སྣ་སྟོང་པ་ཉིད་ཀྱི་ཕྱིར། སྣའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྣ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ལྕེ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་

ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་

དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལྕེ་སྟོང་པ་ཉིད་ཀྱི་ཕྱིར། ལྕེའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་

མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལྕེ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་

ཕྱིར་ན། ལུས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་

เล่ม ๑๗ · หน้า 27a

སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལུས་སྟོང་པ་ཉིད་ཀྱི་ཕྱིར། ལུས་

ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལུས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་

སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ཡིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ནི་ནམ་

མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ཡིད་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་

ན། ཡིད་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་

เล่ม ๑๗ · หน้า 27b

ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་

ཏིའི་བུ། རྣམ་གྲངས་དེས་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། སྒྲ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་

པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྒྲ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་

པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སྒྲ་སྟོང་པ་ཉིད་ཀྱི་ཕྱིར། སྒྲའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྒྲ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། དྲི་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་

མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲི་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ།

མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་དྲི་སྟོང་པ་ཉིད་ཀྱི་ཕྱིར། དྲིའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་

เล่ม ๑๗ · หน้า 28a

འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དྲི་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། རོ་ཀུན་ཏུ་མཐའ་ཡས་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རོ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་

མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་རོ་སྟོང་པ་ཉིད་ཀྱི་ཕྱིར། རོའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་

ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རོ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། རེག་ཀུན་ཏུ་མཐའ་ཡས་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་

མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་རེག་སྟོང་པ་ཉིད་ཀྱི་ཕྱིར། རེག་གི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་

མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རེག་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་

เล่ม ๑๗ · หน้า 28b

ཕྱིར་ན། ཆོས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་

དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ཆོས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་

བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མྱིག་གི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་

པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་བཞིན་དུ་མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

རྣམ་གྲངས་དེས་ན། མྱིག་གི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། རྣ་བའི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་

เล่ม ๑๗ · หน้า 29a

སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་

མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། རྣ་བའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣ་བའི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་

ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། སྣའི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་རྣམ་པར་ཤེས་

པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་

བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། སྣའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་

དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྣའི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ལྕེའི་རྣམ་པར་

เล่ม ๑๗ · หน้า 29b

ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་

གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ལྕེའི་

རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལྕེའི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར།

བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ལུས་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་

ཀྱི་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་

དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ལུས་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལུས་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར།

เล่ม ๑๗ · หน้า 30a

བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་

མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་

ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མྱིག་གི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་ནི་ནམ་

མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་

ཏིའི་བུ། རྣམ་གྲངས་དེས་ན། མྱིག་གི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། རྣ་བའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་

เล่ม ๑๗ · หน้า 30b

དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་འདུས་ཏེ་རེག་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་

མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། རྣ་བའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས།

དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣ་བའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་

ཅིའི་ཕྱིར་ན། སྣའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་འདུས་ཏེ་རེག་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་

ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་

ཕྱིར། སྣའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྣའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་

ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ལྕེའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

เล่ม ๑๗ · หน้า 31a

ལྕེའི་འདུས་ཏེ་རེག་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་

བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ལྕེའི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལྕེའི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ལུས་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་

ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་འདུས་ཏེ་རེག་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་

དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས།

ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལུས་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་

པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་འདུས་ཏེ་རེག་པ་ནི་ནམ་མཁའ་དང་

เล่ม ๑๗ · หน้า 31b

མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།

དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན།

ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་

ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས།

དབུས་མྱི་དམྱིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མྱིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱི་ཕྱིར། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་

མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་

དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด