ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗ · หน้า 112a
འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོང་པ་
ཉིད་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
འདུས་བྱས་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་
བྲལ་བས་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་འཇིག་རྟེན་ལས་འདས་
པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་
འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དངོས་པོ་མྱེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་
เล่ม ๑๗ · หน้า 112b
ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྫུ་འཕྲུལ་ཀྱི་རྐང་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དབང་པོ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོབས་རྣམས་འཇིག་རྟེན་ལས་འདས་
པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ། འཕགས་པའི་བདེན་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བསམ་གཏན་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚད་མྱེད་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་
ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་
རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་
བས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་ལས་འདས་པ་སྟེ། གང་དང་
ཡང་བྲལ་བས་མ་ཡིན་ནོ། །མྱི་འཇིགས་པ་བཞི་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བྱམས་པ་ཆེན་པོ་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་
เล่ม ๑๗ · หน้า 113a
བྲལ་བས་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ། འདི་ལྟར་གང་འཇིག་རྟེན་ལས་འདས་པ་དེ་ནི་དངོས་པོ་མྱེད་པ་དང་ཟད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
གཞན་ཡང་ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་
འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་ཤེས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་
པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་
ནོ། །ལྕེ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་
ནོ། །སྒྲ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དྲི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རོ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རེག་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་འདུས་མ་བྱས་པ་སྟེ།
เล่ม ๑๗ · หน้า 113b
གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ།
གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
ལྕེའི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་མ་བྱས་པ་སྟེ། གང་དང་
ཡང་བྲལ་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུས་
མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆུའི་ཁམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱེའི་ཁམས་འདུས་མ་བྱས་པ་སྟེ། གང་དང་
เล่ม ๑๗ · หน้า 114a
ཡང་བྲལ་བས་མ་ཡིན་ནོ། །རླུང་གི་ཁམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ནམ་མཁའི་ཁམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་
མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིང་དང་གཟུགས་འདུས་མ་
བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྐྱེ་མཆེད་དྲུག་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རེག་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྲེད་པ་འདུས་མ་
བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལེན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྲིད་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྐྱེ་བ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྒ་ཤི་འདུས་མ་བྱས་པ་སྟེ། གང་དང་
ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་འདུས་
เล่ม ๑๗ · หน้า 114b
མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་
བྲལ་བས་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་
བས་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དོར་བ་མེད་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ།
ཆོས་ཐམས་ཅད་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དངོས་
པོ་མྱེད་པ་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྫུ་འཕྲུལ་ཀྱི་རྐང་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་
ཡིན་ནོ། །དབང་པོ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོབས་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འཕགས་པའི་
เล่ม ๑๗ · หน้า 115a
ལམ་ཡན་ལག་བརྒྱད་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བསམ་གཏན་རྣམས་འདུས་མ་བྱས་པ་སྟེ།
གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚད་མྱེད་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་འདུས་མ་བྱས་པ་སྟེ།
གང་དང་ཡང་བྲལ་བས་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་
བས་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
དེ་བཞིན་གཤེགས་པའི་སྟོབས་བཅུ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱི་འཇིགས་པ་བཞི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་
ཡིན་ནོ། །བྱམས་པ་ཆེན་པོ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གང་འདུས་མ་བྱས་པ་དེ་ནི་དངོས་པོ་མྱེད་པ་དང་ཟད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
เล่ม ๑๗ · หน้า 115b
གཞན་ཡང་ཆོས་ཐམས་ཅད་ནི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། ཆོས་ཐམས་ཅད་རྟག་པ་མ་ཡིན་འཇིག་པ་མ་ཡིན། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་རྟག་པ་མ་ཡིན་འཇིག་
པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུ་ཤེས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུ་བྱེད་
རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་
ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣ་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྣ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལྕེ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་
ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལུས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཡིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་རྟག་པ་མ་ཡིན་འཇིག་
པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྒྲ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དྲི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རོ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་
ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རེག་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་
เล่ม ๑๗ · หน้า 116a
རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་
མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་
ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣ་བའི་འདུས་
ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
དེའི་རང་བཞིན་ནི་དེ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །
སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལུས་ཀྱི་
เล่ม ๑๗ · หน้า 116b
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུ། སའི་ཁམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཆུའི་ཁམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མྱེའི་ཁམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
དེའི་རང་བཞིན་ནི་དེ་ཡིན་ནོ། །རླུང་གི་ཁམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ནམ་མཁའི་ཁམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་རྟག་
པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུ་བྱེད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་
ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣམ་པར་ཤེས་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མྱིང་དང་གཟུགས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྐྱེ་མཆེད་དྲུག་རྟག་པ་མ་
ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རེག་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚོར་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྲིད་པ་རྟག་པ་མ་
ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ལེན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྲིད་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །
เล่ม ๑๗ · หน้า 117a
སྐྱེ་བ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྒ་ཤི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་
པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་
ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
དེའི་རང་བཞིན་ནི་དེ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །
ཕྱི་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་
ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུས་
བྱས་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྟག་པ་མ་ཡིན་
เล่ม ๑๗ · หน้า 117b
འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་
ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རང་གི་མཚན་ཉིད་
སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་
པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་
ནི་དེ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དབང་པོ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྟོབས་རྣམས་རྟག་པ་མ་ཡིན་འཇིག་པ་
མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་
เล่ม ๑๗ · หน้า 118a
ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བསམ་གཏན་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་
ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚད་མྱེད་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་
ནོ། །རྣམ་པར་ཐར་པ་བརྒྱད་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མངོན་པར་ཤེས་པ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཏིང་ངེ་འཛིན་
རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་
ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མྱི་འཇིགས་པ་བཞི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །བྱམས་
པ་ཆེན་པོ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སྙིང་རྗེ་ཆེན་པོ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་པ་མ་ཡིན་འཇིག་པ་མ་
เล่ม ๑๗ · หน้า 118b
ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །མྱི་དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་
ཡིན་ནོ། །འདུས་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུས་མ་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་རྟག་པ་མ་ཡིན་
འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཟག་པ་མྱེད་པའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་
ཉིད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར། གཟུགས་མངོན་པར་མ་གྲུབ། ཅིའི་ཕྱིར་ཚོར་བ་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་ཤེས་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་བྱེད་མངོན་པར་མ་གྲུབ། ཅིའི་ཕྱིར་རྣམ་པར་ཤེས་པ་མངོན་པར་མ་གྲུབ་ཅེས་
སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གཟུགས་ནི་མངོན་པར་འདུ་མ་བྱས་པའོ། །ཚོར་བ་ནི་མངོན་པར་འདུ་མ་བྱས་པའོ། །འདུ་ཤེས་ནི་མངོན་པར་འདུ་མ་བྱས་པའོ། །འདུ་བྱེད་ནི་མངོན་པར་
འདུ་མ་བྱས་པའོ། །རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་མངོན་པར་འདུ་བྱེད་པ་མྱེད། ཚོར་བ་ལ་མངོན་པར་འདུ་བྱེད་པ་མྱེད། འདུ་ཤེས་ལ་མངོན་པར་འདུ་བྱེད་པ་མྱེད། འདུ་བྱེད་ལ་མངོན་པར་འདུ་བྱེད་པ་མྱེད། རྣམ་པར་
ཤེས་པ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རྣ་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་
เล่ม ๑๗ · หน้า 119a
མྱེད་དོ། །སྣ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལྕེ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལུས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཡིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་
མྱེད་དོ། །སྒྲ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །དྲི་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རོ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་
འདུ་བྱེད་པ་མྱེད་དོ། །རེག་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཆོས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་ནི་མངོན་
པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །
ཡིད་ཀྱི་རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མིག་གི་འདུས་ཏེ་རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྣ་བའི་འདུས་ཏེ་
เล่ม ๑๗ · หน้า 119b
རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ནི་མངོན་པར་འདུ་མ་བྱས་པ་
སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་འདུ་མ་
བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་འདུ་མ་
བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མངོན་པར་
འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཆུའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །མྱེའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རླུང་གི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །
เล่ม ๑๗ · หน้า 120a
ནམ་མཁའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རྣམ་པར་ཤེས་པའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ། མ་རིག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །འདུ་བྱེད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། མྱིང་དང་གཟུགས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྐྱེ་མཆེད་དྲུག་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་
འདུ་བྱེད་པ་མྱེད་དོ། །རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚོར་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །སྲེད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ལེན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྲིད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྐྱེ་བ་
ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྒ་ཤི་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་
འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
เล่ม ๑๗ · หน้า 120b
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་
ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །
སྟོང་པ་ཉིད་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་
བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་
མངོན་པར་འདུ་བྱེད་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་
དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་མངོན་པར་འདུ་མ་
เล่ม ๑๗ · หน้า 121a
བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་
བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་
སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །དབང་པོ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྟོབས་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །བྱང་
ཆུབ་ཀྱི་ཡན་ལག་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །བསམ་གཏན་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚད་མྱེད་པ་
เล่ม ๑๗ · หน้า 121b
རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རྣམ་པར་ཐར་པ་རྣམས་ནི་མངོན་པར་
འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་
མྱེད་པ་དང་། སྨོན་པ་མྱེད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ནི་མངོན་པར་
འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མངོན་པར་འདུ་མ་བྱས་པ་སྟེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །མྱི་འཇིགས་པ་བཞི་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་
མངོན་པར་འདུ་བྱེད་པ་མྱེད་དོ། །བྱམས་པ་ཆེན་པོ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སྙིང་རྗེ་ཆེན་པོ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭོ་བརྒྱད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། གཟུགས་མངོན་པར་མ་གྲུབ་བོ། །ཚོར་བ་མངོན་པར་མ་གྲུབ་བོ། །འདུ་ཤེས་མངོན་པར་མ་གྲུབ་བོ། །
เล่ม ๑๗ · หน้า 122a
འདུ་བྱེད་མངོན་པར་མ་གྲུབ་བོ། །རྣམ་པར་ཤེས་པ་མངོན་པར་མ་གྲུབ་བོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་ཚོར་བ་
མ་ཡིན། གང་མངོན་པར་མ་གྲུབ་པ་དེ་འདུ་ཤེས་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་འདུ་བྱེད་མ་ཡིན། གང་མངོན་པར་མ་གྲུབ་པ་དེ་རྣམ་པར་ཤེས་པ་མ་ཡིན། ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཚོར་བ་རང་བཞིན་གྱིས་
སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འདུ་ཤེས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འདུ་བྱེད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་
ལས་གཞན་དུ་འགྱུར་བ་མེད་དོ། །རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱིག་རང་བཞིན་གྱིས་
སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣ་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་
เล่ม ๑๗ · หน้า 122b
ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྣ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་
པ་ལས་གཞན་དུ་འགྱུར་བ་མེད་དོ། །ལྕེ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལུས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་
གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཡིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་
ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །གཟུགས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྒྲ་
རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །དྲི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རོ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་
དུ་འགྱུར་བ་མྱེད་དོ། །རེག་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཆོས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་
เล่ม ๑๗ · หน้า 123a
པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །
གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་
གཞན་དུ་འགྱུར་བ་མྱེད་དོ། །སྣའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་རང་བཞིན་
གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་
དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་
མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །
རྣ་བའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་
เล่ม ๑๗ · หน้า 123b
པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་
ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །
ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་
སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་
མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་
པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་
བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་
เล่ม ๑๗ · หน้า 124a
རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སའི་ཁམས་རང་
བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཆུའི་ཁམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་
སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱེའི་ཁམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་
མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རླུང་གི་ཁམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ནམ་
མཁའི་ཁམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་
གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མ་རིག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་
བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འདུ་བྱེད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་
เล่ม ๑๗ · หน้า 124b
དོ། །རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱིང་དང་གཟུགས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་
སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྐྱེ་མཆེད་དྲུག་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མེད་ཅིང་
འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རེག་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཚོར་བ་རང་བཞིན་
གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྲེད་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །
གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ལེན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་
དོ། །སྲིད་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྐྱེ་བ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་
པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྒ་ཤི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་
เล่ม ๑๗ · หน้า 125a
མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་
གཞན་དུ་འགྱུར་བ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ།
རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་
ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་
ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། །ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་
སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཕྱི་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་
เล่ม ๑๗ · หน้า 125b
དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྟོང་པ་ཉིད་
སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་
སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །
གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་
ལས་གཞན་དུ་འགྱུར་བ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མཐའ་ལས་
འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་
སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་
เล่ม ๑๗ · หน้า 126a
ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་
ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་
བ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ།
རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་
དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་
འགྱུར་བ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་
རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་
เล่ม ๑๗ · หน้า 126b
ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དབང་པོ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྟོབས་རྣམས་
རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་
པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་
ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་
ལས་གཞན་དུ་འགྱུར་བ་མྱེད་དོ། །བསམ་གཏན་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཚད་མྱེད་པ་རྣམས་རང་བཞིན་
གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་
เล่ม ๑๗ · หน้า 127a
སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣམ་པར་ཐར་པ་བརྒྱད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་
སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་
གཞན་དུ་འགྱུར་བ་མྱེད་དོ། །ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་རང་བཞིན་
གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་
གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །མྱི་འཇིགས་པ་བཞི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་
เล่ม ๑๗ · หน้า 127b
འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །
བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་
དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །གང་ལ་སྐྱེ་བ་མྱེད་ཅིང་
འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམས་གྲངས་དེས་ན། གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་འདུ་ཤེས་
མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་འདུ་བྱེད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མྱིག་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣ་བ་མ་ཡིན་ནོ། །གང་མངོན་པར་འདུས་
མ་བྱས་པ་དེ་སྣ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལྕེ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལུས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཡིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །གང་མངོན་པར་
འདུས་མ་བྱས་པ་དེ་སྒྲ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དྲི་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རོ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རེག་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཆོས་མ་ཡིན་ནོ། །གང་མངོན་
เล่ม ๑๗ · หน้า 128a
པར་འདུས་མ་བྱས་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་
མ་བྱས་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མྱིག་གི་འདུས་ཏེ་རེག་པ་
མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྣའི་འདུས་ཏེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་
ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སའི་ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཆུའི་ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མེའི་
ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རླུང་གི་ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ནམ་མཁའི་ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མ་རིག་པ་
เล่ม ๑๗ · หน้า 128b
མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་འདུ་བྱེད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མིང་དང་གཟུགས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། །གང་མངོན་
པར་འདུས་མ་བྱས་པ་དེ་རེག་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཚོར་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྲེད་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ལེན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྲིད་པ་མ་ཡིན་ནོ། །གང་མངོན་པར་འདུས་
མ་བྱས་པ་དེ་སྐྱེ་བ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྒ་ཤི་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་
བྱས་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ནང་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྟོང་པ་
ཉིད་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་
པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །
เล่ม ๑๗ · หน้า 129a
གང་མངོན་པར་འདུས་མ་བྱས་པ་དེ་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་
པ་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་
ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་
མ་བྱས་པ་དེ་དབང་པོ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྟོབས་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །
གང་མངོན་པར་འདུས་མ་བྱས་པ་དེ་འཕགས་པའི་བདེན་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་བསམ་གཏན་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཚད་མྱེད་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཐར་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་གཟུངས་ཀྱི་སྒོ་རྣམས་
เล่ม ๑๗ · หน้า 129b
མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་མྱི་འཇིགས་པ་བཞི་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སོ་སོ་ཡང་དག་པར་རིག་པ་བཞི་མ་ཡིན་ནོ། །གང་མངོན་པར་འདུས་
མ་བྱས་པ་དེ་བྱམས་པ་ཆེན་པོ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་ཐམས་ཅད་ཤེས་པ་ཉིད་མ་ཡིན་ནོ། །གང་
མངོན་པར་འདུས་མ་བྱས་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན། མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ།
དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འདི་སྐད་དུ། མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མྱི་དམྱིགས་སོ། །ཞེས་སྨྲས་ཞེས་ཟེར་བ་ནི།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་མ་གྲུབ་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་
เล่ม ๑๗ · หน้า 130a
གྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། གཟུགས་ཞེས་བྱ་བའི་
ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་
གྲུབ་པ་མ་གཏོགས་པར་འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འདུ་ཤེས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་འདུ་བྱེད་ཡང་དག་པར་རྗེས་
སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འདུ་བྱེད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་
གྲུབ་པ་དང་། རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མྱིག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱིག་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་
མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣ་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྣ་ཡང་དག་པར་
རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྣ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལྕེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལྕེ་ཞེས་བྱ་བའི་ཆོས་དེ་
เล่ม ๑๗ · หน้า 130b
གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལུས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་ལུས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་
ཡིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཡིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་
པ་དང་། གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྒྲ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྒྲ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་
བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དྲི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དྲི་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རོ་ཡང་དག་པར་རྗེས་སུ་མི་
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རོ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རེག་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རེག་ཅེས་བྱ་བའི་ཆོས་དེ་
གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཆོས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་
མ་གཏོགས་པར་མྱིག་གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་རྣམ་པར་ཤེས་
เล่ม ๑๗ · หน้า 131a
པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་
སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྣའི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལྕེའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་
མ་གྲུབ་པ་དང་། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལུས་ཀྱི་
རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་
ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མྱིག་གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་
དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་
པར་མ་གྲུབ་པ་མ་གཏོགས་པར་སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྣའི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལྕེའི་
เล่ม ๑๗ · หน้า 131b
འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་
པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱིག་གི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣ་བའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྣའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལྕེའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་
เล่ม ๑๗ · หน้า 132a
རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སའི་ཁམས་ཞེས་བྱ་བའི་
ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཆུའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཆུའི་ཁམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །
མངོན་པར་མ་གྲུབ་པ་མ་གཏོགས་པར་མྱེའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱེའི་ཁམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རླུང་གི་
ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རླུང་གི་ཁམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་
ན་མངོན་པར་མ་གྲུབ་པ་དང་། ནམ་མཁའི་ཁམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣམ་
པར་ཤེས་པའི་ཁམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མ་རིག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་
เล่ม ๑๗ · หน้า 132b
གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འདུ་བྱེད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་
གཏོགས་པར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མིང་དང་གཟུགས་ཡང་དག་པར་རྗེས་སུ་མི་
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱིང་དང་གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྐྱེ་མཆེད་དྲུག་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
སྐྱེ་མཆེད་དྲུག་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་
མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྲེད་པ་ཡང་དག་པར་རྗེས་སུ་མི་
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྲེད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལེན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལེན་པ་ཞེས་བྱ་བའི་ཆོས་དེ་
གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྲིད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྲིད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་
เล่ม ๑๗ · หน้า 133a
པ་མ་གཏོགས་པར་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྐྱེ་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྒ་ཤི་ཡང་དག་པར་རྗེས་
སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྒ་ཤི་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་
སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་
མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །
མངོན་པར་མ་གྲུབ་པ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་
เล่ม ๑๗ · หน้า 133b
གཏོགས་པར་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ནང་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཕྱི་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་
ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་
པར་མ་གྲུབ་པ་མ་གཏོགས་པར་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་
པར་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་འདུས་མ་བྱས་སྟོང་པ་ཉིད་
ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་
เล่ม ๑๗ · หน้า 134a
མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་
མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ།
དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
རང་བཞིན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་
བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་
སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མྱི་དམྱིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །
མངོན་པར་མ་གྲུབ་པ་མ་གཏོགས་པར་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་
เล่ม ๑๗ · หน้า 134b
གཏོགས་པར་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་
རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཡང་དག་པར་སྤོང་བ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་
ན་མངོན་པར་མ་གྲུབ་པ་དང་། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྫུ་འཕྲུལ་
གྱི་རྐང་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དབང་པོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དབང་པོ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་
གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྟོབས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྟོབས་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བྱང་
ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་འཕགས་པའི་ལམ་ཡན་ལག་བརྒྱད་
เล่ม ๑๗ · หน้า 135a
པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་འཕགས་པའི་བདེན་པ་
རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། འཕགས་པའི་བདེན་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བསམ་གཏན་རྣམས་ཡང་དག་པར་རྗེས་སུ་མི་མཐོང་
སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བསམ་གཏན་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚད་མྱེད་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
ཚད་མྱེད་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པར་ཐར་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣམ་པར་ཐར་པ་རྣམས་ཞེས་བྱ་བའི་ཆོས་
དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་
ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣམ་པར་
เล่ม ๑๗ · หน้า 135b
ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་
དང་། མངོན་པར་ཤེས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཏིང་ངེ་འཛིན་རྣམས་ཞེས་བྱ་བའི་ཆོས་
དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །
མངོན་པར་མ་གྲུབ་པ་མ་གཏོགས་པར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་
མ་གྲུབ་པ་མ་གཏོགས་པར་མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱི་འཇིགས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སོ་སོ་ཡང་དག་པར་
རིག་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བྱམས་པ་ཆེན་པོ་ཡང་དག་པར་རྗེས་སུ་
མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བྱམས་པ་ཆེན་པོ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
เล่ม ๑๗ · หน้า 136a
སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཐམས་ཅད་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཐམས་ཅད་ཤེས་པ་
ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་
ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་
སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་དེ་ལྟར་བསྟན་པའི་ཚེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་མྱི་འཇིགས་མྱི་སྡང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བྱེད་པ་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་སྨྱིག་རྒྱུ་དང་འདྲ་བར་ཡང་དག་པར་
เล่ม ๑๗ · หน้า 136b
རྗེས་སུ་མཐོང་། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་མིག་ཡོར་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྟན་པ་འདི་ཐོས་ན་མི་འཇིགས་མྱི་སྡང་སྐྲག་པར་མྱི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་
བགྱིད་དོ། །དེའི་ཚེ་འདི་ནི་ཚོར་བ་ཞེས་བགྱི་བར་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་འདུ་ཤེས་ཞེས་བགྱི་བར་འདུ་ཤེས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་
ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་འདུ་བྱེད་ཅེས་བགྱི་བར་འདུ་བྱེད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་
ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མྱིག་ཅེས་བགྱི་བར་མྱིག་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣ་བ་ཞེས་བགྱི་བར་རྣ་བ་ལ་མྱི་དམྱིགས་
ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྣ་ཞེས་བགྱི་བར་སྣ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ལྕེ་ཞེས་བགྱི་བར་ལྕེ་ལ་མྱི་
เล่ม ๑๗ · หน้า 137a
དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལུས་ཞེས་བགྱི་བར་ལུས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །
དེའི་ཚེ་འདི་ནི་ཡིད་ཅེས་བགྱི་བར་ཡིད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་
འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྒྲ་ཞེས་བགྱི་བར་སྒྲ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་དྲི་ཞེས་བགྱི་བར་དྲི་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་
ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རོ་ཞེས་བགྱི་བར་རོ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རེག་ཅེས་བགྱི་བར་རེག་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་
ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ཆོས་ཞེས་བགྱི་བར་ཆོས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་མྱིག་གི་རྣམ་པར་ཤེས་པ་ཞེས་བགྱི་བར་མྱིག་གི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་
ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣ་བའི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣ་བའི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྣའི་
རྣམ་པར་ཤེས་པ་ཞེས་བགྱི་བར་སྣའི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལྕེའི་རྣམ་པར་ཤེས་པ་ཞེས་བགྱི་བར་ལྕེའི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ།
เล่ม ๑๗ · หน้า 137b
མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལུས་ཀྱི་རྣམ་པར་ཤེས་པ་ཞེས་བགྱི་བར་ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཡིད་
ཀྱི་རྣམ་པར་ཤེས་པ་ཞེས་བགྱི་བར་ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མྱིག་གི་འདུས་ཏེ་རེག་པ་ཞེས་བགྱི་བར་མྱིག་གི་འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་
གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་རྣ་བའི་འདུས་ཏེ་རེག་པ་ཞེས་བགྱི་བར་རྣ་བའི་འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་སྣའི་
འདུས་ཏེ་རེག་པ་ཞེས་བགྱི་བར་སྣའི་འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལྕེའི་འདུས་ཏེ་རེག་པ་ཞེས་བགྱི་བར་ལྕེའི་འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་
ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་ལུས་ཀྱི་འདུས་ཏེ་རེག་པ་ཞེས་བགྱི་བར་ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བགྱི་བར་ཡིད་ཀྱི་
འདུས་ཏེ་རེག་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་
པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏོ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด