ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗ · หน้า 193a
མཚན་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་ཅེས་
བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
རང་གི་མཚན་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རང་གི་མཚན་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་
ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་
བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་
ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་དམྱིགས་པ་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་
གོ །མྱི་དམྱིགས་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་
เล่ม ๑๗ · หน้า 193b
བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་།
མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དངོས་པོ་མྱེད་པ་སྟོང་
པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་
སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་
ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་
ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་
ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
เล่ม ๑๗ · หน้า 194a
སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་།
མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་
བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་
གཞག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་
མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་རྟག་
ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་
เล่ม ๑๗ · หน้า 194b
དག་པར་སྤོང་བ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་
ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་དབེན་ཞེས་བྱ་བ་དང་། མི་
དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་བདག་
ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་
རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་
བར་ཡོངས་སུ་མྱི་རྟོག་གོ །རྫུ་འཕྲུལ་ཀྱི་རྐང་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་
བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་
เล่ม ๑๗ · หน้า 195a
བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་མཚན་མ་ཡོད་
ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དབང་པོ་རྣམས་
དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་
བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་མཚན་
མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྟོབས་རྣམས་
དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་
རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བ་དང་། མྱི་
เล่ม ๑๗ · หน้า 195b
སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་
ལག་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱང་ཆུབ་ཀྱི་ཡན་ལག་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་
རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་
བརྒྱད་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་
ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་
ལམ་ཡན་ལག་བརྒྱད་པ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་
བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་སྟོང་
เล่ม ๑๗ · หน้า 196a
ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་།
སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །འཕགས་པའི་བདེན་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་རྟག་
ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་
སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་
གཏན་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བསམ་གཏན་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
ཚད་མྱེད་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
ཚད་མྱེད་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་
เล่ม ๑๗ · หน้า 196b
རྟོག་གོ །ཚད་མྱེད་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཚད་མྱེད་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །
གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་
རྣམས་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་
བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་
སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་
པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་
རྟོག་གོ །རྣམ་པར་ཐར་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་
เล่ม ๑๗ · หน้า 197a
མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་
པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་
བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྡུག་ཅེས་བྱ་
བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་།
མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བ་དང་།
མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྟག་ཅེས་བྱ་
བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
เล่ม ๑๗ · หน้า 197b
མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་
གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཚན་མ་ཡོད་
ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་
ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་
སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་།
མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་ཤེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མངོན་པར་
เล่ม ๑๗ · หน้า 198a
ཤེས་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་
བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་
ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་ཞི་ཞེས་བྱ་བ་
དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཏིང་ངེ་འཛིན་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བྱ་བ་དང་།
སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་
བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་
སྒོ་རྣམས་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །གཟུངས་ཀྱི་སྒོ་རྣམས་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་
เล่ม ๑๗ · หน้า 198b
པའི་སྟོབས་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་
ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་
གཤེགས་པའི་སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་བཞིན་གཤེགས་པའི་སྟོབས་རྣམས་དབེན་ཞེས་བྱ་བ་དང་།
མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་བདག་ཅེས་བྱ་བ་
དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟག་གོ །མྱི་འཇིགས་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟག་གོ །མྱི་འཇིགས་པ་རྣམས་
མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །མྱི་འཇིགས་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
མྱི་འཇིགས་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་
เล่ม ๑๗ · หน้า 199a
བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་
དག་པར་རིག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་།
སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སོ་སོ་ཡང་དག་པར་རིག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་
པོ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་སྡུག་
ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་སྨོན་པ་
ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །བྱམས་པ་ཆེན་པོ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་རྟག་ཅེས་བྱ་བ་དང་།
མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་སྡུག་ཅེས་བྱ་བ་དང་། མྱི་སྡུག་
เล่ม ๑๗ · หน้า 199b
ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་
ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སྙིང་རྗེ་ཆེན་པོ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་
བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་།
མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་
ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་
เล่ม ๑๗ · หน้า 200a
བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
ཐམས་ཅད་ཤེས་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ཐམས་ཅད་ཤེས་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་
རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་ཅེས་བྱ་བ་
དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
ལམ་གྱི་རྣམ་པ་ཤེས་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་
བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །
เล่ม ๑๗ · หน้า 200b
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བ་
དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དེ་ལྟ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ཆོས་འདི་དག་ལ། ཡོངས་སུ་རྟོག་པ་མྱེད་པའི་ཚུལ་གྱིས། དེ་ལྟར་ཡོངས་སུ་རྟོག་གོ། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་
ཕྱིར། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། འདུ་ཤེས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་
ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མྱིག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིག་མ་ཡིན། རྣ་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བ་མ་ཡིན། སྣའི་མ་སྐྱེས་པ་གང་ཡིན་པ་
དེ་ནི། སྣ་མ་ཡིན། ལྕེའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེ་མ་ཡིན། ལུས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལུས་མ་ཡིན། ཡིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་
གང་ཡིན་པ་དེ་ནི། གཟུགས་མ་ཡིན། སྒྲའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྒྲ་མ་ཡིན། དྲིའི་མ་སྐྱེས་པ་གང་ཡིན་པ་དེ་ནི། དྲི་མ་ཡིན། རོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རོ་མ་ཡིན། རེག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། རེག་མ་ཡིན། ཆོས་ཀྱི་མ་སྐྱེས་པ་གང་ཡིན་པ་
เล่ม ๑๗ · หน้า 201a
དེ་ནི། ཆོས་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་
མ་ཡིན། སྣའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་
མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མྱིག་གི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མ་ཡིན། རྣ་བའི་འདུས་
ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་
རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་
པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་
เล่ม ๑๗ · หน้า 201b
ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། སའི་ཁམས་
ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སའི་ཁམས་མ་ཡིན། ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན། མྱེའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མེའི་ཁམས་མ་ཡིན། རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་མ་ཡིན།
ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མ་རིག་པའི་མ་
སྐྱེས་པ་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་
མ་ཡིན། སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་མ་ཡིན། རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རེག་པ་མ་ཡིན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། སྲེད་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྲེད་པ་མ་
ཡིན། ལེན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལེན་པ་མ་ཡིན། སྲིད་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྲིད་པ་མ་ཡིན། སྐྱེ་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྐྱེ་བ་མ་ཡིན། རྒ་ཤིའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྒ་ཤི་མ་ཡིན་ཞེས་ཟེར།
ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།
เล่ม ๑๗ · หน้า 202a
བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། ནང་སྟོང་པ་ཉིད་ཀྱི་མ་
སྐྱེས་པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི།
སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན། འདུས་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི།
འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་
པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་མ་ཡིན།
ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱི་དམྱིགས་
เล่ม ๑๗ · หน้า 202b
པ་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་
པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན།
ཡང་དག་པར་སྤོང་བ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དབང་པོ་
རྣམས་མ་ཡིན། སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྟོབས་རྣམས་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ཡིན་པ་
དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་རྣམས་མ་ཡིན། བསམ་གཏན་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། བསམ་གཏན་རྣམས་མ་ཡིན། ཚད་མྱེད་
པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚད་མྱེད་པ་རྣམས་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་
ནི། རྣམ་པར་ཐར་པ་རྣམས་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་
เล่ม ๑๗ · หน้า 203a
སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་
མ་སྐྱེས་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། །
མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་རྣམས་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོ་མ་
ཡིན། སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ།
ཐམས་ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཐམས་ཅད་ཤེས་པ་ཉིད་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན། ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། གཟུགས་ཀྱི་མ་
སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ཚོར་བ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །ཚེ་དང་
เล่ม ๑๗ · หน้า 203b
ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུ་ཤེས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདུ་ཤེས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་ཤེས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་འདུ་བྱེད་
ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུ་བྱེད་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་
དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་མྱིག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིག་མ་ཡིན་ཏེ།
སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བ་ནི་རྣ་བས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
རྣ་བའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣ་ནི་སྣས་སྟོང་སྟེ། གང་སྟོང་པ་དེ་ནི་སྣ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྣའི་མ་སྐྱེས་པ་གང་ཡིན་པ་དེ་སྣ་མ་ཡིན་ནོ། །ཚེ་དང་ལྡན་པ་ས་ར་དྭ་ཏིའི་
བུ། ལྕེ་ནི་ལྕེས་སྟོང་སྟེ། གང་སྟོང་པ་དེ་ནི་ལྕེ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལྕེའི་མ་སྐྱེས་པ་གང་ཡིན་པ་དེ་ལྕེ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ནི་ལུས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ལུས་མ་ཡིན་ཏེ།
སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལུས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ལུས་མ་ཡིན་ནོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ནི་ཡིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཡིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་
เล่ม ๑๗ · หน้า 204a
ཡིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཡིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་
དེ་གཟུགས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྒྲ་ནི་སྒྲས་སྟོང་སྟེ། གང་སྟོང་པ་དེ་ནི་སྒྲ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྒྲའི་མ་སྐྱེས་པ་གང་ཡིན་པ་དེ་སྒྲ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲི་ནི་དྲིས་སྟོང་སྟེ།
གང་སྟོང་པ་དེ་ནི་དྲི་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། དྲིའི་མ་སྐྱེས་པ་གང་ཡིན་པ་དེ་དྲི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རོ་ནི་རོས་སྟོང་སྟེ། གང་སྟོང་པ་དེ་ནི་རོམ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ་རྣམ་གྲངས་དེས་ན། རོའི་མ་སྐྱེས་པ་གང་ཡིན་པ་དེ་རོམ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་ནི་རེག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་རིག་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རེག་གི་མ་སྐྱེས་པ་གང་ཡིན་པ་དེ་རེག་མ་
ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ནི་ཆོས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཆོས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཆོས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཆོས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་
རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣ་བའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་
เล่ม ๑๗ · หน้า 204b
པའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྣའི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྣའི་རྣམ་པར་ཤེས་
པའི་མ་སྐྱེས་པ་གང་ཡིན་པ་དེ་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
ལྕེའི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལུས་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་
པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཡིད་ཀྱི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་ནི་མྱིག་གི་འདུས་ཏེ་རེག་པས་སྟོང་སྟེ། གང་སྟོང་
པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་
ཏེ་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣ་བའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་
เล่ม ๑๗ · หน้า 205a
འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྣའི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྣའི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་སྣའི་འདུས་ཏེ་
རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལྕེའི་འདུས་ཏེ་རེག་པའི་མ་སྐྱེས་པ་
གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
ལུས་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཡིད་ཀྱི་འདུས་ཏེ་རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ།
གང་སྟོང་པ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
เล่ม ๑๗ · หน้า 205b
རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་སྣའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་
སྐྱེས་པ་གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་
གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་སའི་ཁམས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སའི་ཁམས་
เล่ม ๑๗ · หน้า 206a
ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སའི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཆུའི་ཁམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཆུའི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱེའི་ཁམས་ནི་མྱེའི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱེའི་ཁམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱེའི་ཁམས་
ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མྱེའི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རླུང་གི་ཁམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རླུང་གི་ཁམས་ཀྱི་མ་སྐྱེས་
པ་གང་ཡིན་པ་དེ་རླུང་གི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ནམ་མཁའི་ཁམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ནམ་མཁའི་ཁམས་
ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནམ་མཁའི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་
རྣམ་གྲངས་དེས་ན། རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་ནི་མ་རིག་པས་སྟོང་སྟེ། གང་སྟོང་པ་དེ་ནི་མ་རིག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མ་རིག་པའི་མ་སྐྱེས་པ་གང་ཡིན་པ་དེ་མ་རིག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུ་བྱེད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
เล่ม ๑๗ · หน้า 206b
འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན།
རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིང་དང་གཟུགས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་
གྲངས་དེས་ན། མིང་དང་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མྱིང་དང་གཟུགས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་སྐྱེ་མཆེད་དྲུག་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
རྣམ་གྲངས་དེས་ན། སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ཡིན་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་པ་ནི་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རེག་པའི་མ་
སྐྱེས་པ་གང་ཡིན་པ་དེ་རེག་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ཚོར་བ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲེད་པ་ནི་སྲེད་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྲེད་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྲེད་པའི་མ་སྐྱེས་པ་གང་ཡིན་པ་དེ་སྲེད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལེན་པ་ནི་
ལེན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལེན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལེན་པའི་མ་སྐྱེས་པ་གང་ཡིན་པ་དེ་ལེན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲིད་པ་ནི་སྲིད་པས་སྟོང་སྟེ། གང་སྟོང་པ་དེ་ནི་
เล่ม ๑๗ · หน้า 207a
སྲིད་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྲིད་པའི་མ་སྐྱེས་པ་གང་ཡིན་པ་དེ་སྲིད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་བ་ནི་སྐྱེ་བས་སྟོང་སྟེ། གང་སྟོང་པ་དེ་ནི་སྐྱེ་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྐྱེ་བའི་མ་སྐྱེས་པ་གང་ཡིན་པ་དེ་སྐྱེ་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒ་ཤི་ནི་རྒ་ཤིས་སྟོང་སྟེ། གང་སྟོང་པ་དེ་ནི་རྒ་ཤི་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྒ་ཤིའི་མ་
སྐྱེས་པ་གང་ཡིན་པ་དེ་རྒ་ཤི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་
སྟོང་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་བརྩོན་འགྲུས་ཀྱི་
เล่ม ๑๗ · หน้า 207b
ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་
གྲངས་དེས་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་
ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ནང་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནང་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་
ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཕྱི་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཕྱི་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་
སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཕྱི་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོང་པ་ཉིད་
སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་
เล่ม ๑๗ · หน้า 208a
ལྡན་པ་ཤ་ར་དྭ་ཏིའི་བུ། ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཆེན་པོ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆེན་པོ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཆེན་པོ་
སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དོན་དམ་པ་སྟོང་པ་
ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུས་བྱས་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་
རྣམ་གྲངས་དེས་ན། འདུས་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ཏེ།
སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་
ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཐོག་མ་དང་ཐ་མ་
เล่ม ๑๗ · หน้า 208b
མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རང་བཞིན་སྟོང་པ་ཉིད་མ་ཡིན་
ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་སྟེ།
གང་སྟོང་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་གི་མཚན་
ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རང་གི་མཚན་ཉིད་སྟོང་པ་
ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མྱི་དམྱིགས་
པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་
เล่ม ๑๗ · หน้า 209a
ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ།
གང་སྟོང་པ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མྱེད་པའི་ངོ་བོ་ཉིད་
སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་
ཡིན་པ་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་
ཡང་དག་པར་སྤོང་བ་རྣམས་མ་ཡིན་ཏེ་སྐྱེ་པ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཡང་དག་པར་སྤོང་བ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་
འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་
เล่ม ๑๗ · หน้า 209b
པ་ཤ་ར་དྭ་ཏིའི་བུ། དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དབང་པོ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དབང་པོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དབང་པོ་རྣམས་མ་ཡིན་ནོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ། སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་སྟོབས་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སྟོབས་རྣམས་མ་ཡིན་ནོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་
སྐྱེས་པ་གང་ཡིན་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། གང་སྟོང་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ཏེ་སྐྱེ་
བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ཡིན་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་ནི་འཕགས་
པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འཕགས་པའི་བདེན་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འཕགས་པའི་བདེན་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འཕགས་པའི་བདེན་པ་རྣམས་མ་
ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་བསམ་གཏན་རྣམས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བསམ་གཏན་རྣམས་ཀྱི་མ་སྐྱེས་པ་
เล่ม ๑๗ · หน้า 210a
གང་ཡིན་པ་དེ་བསམ་གཏན་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚད་མྱེད་པ་རྣམས་ནི་ཚད་མྱེད་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཚད་མྱེད་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་
ན། ཚད་མྱེད་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཚད་མྱེད་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ། རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཐར་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པར་ཐར་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཐར་པ་
རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །
เล่ม ๑๗ · หน้า 210b
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ། མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མངོན་པར་ཤེས་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་
མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཏིང་ངེ་འཛིན་རྣམས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཏིང་ངེ་འཛིན་
རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུངས་ཀྱི་སྒོ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་
གྲངས་དེས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུངས་ཀྱི་སྒོ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དེ་བཞིན་
གཤེགས་པའི་སྟོབས་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱི་འཇིགས་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མྱི་འཇིགས་པ་རྣམས་མ་ཡིན་ནོ། །
เล่ม ๑๗ · หน้า 211a
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་
དེས་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོས་སྟོང་སྟེ། གང་སྟོང་པ་དེ་ནི་བྱམས་པ་ཆེན་པོ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་བྱམས་པ་ཆེན་པོ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་སྟེ། གང་སྟོང་པ་དེ་ནི་སྙིང་རྗེ་ཆེན་པོ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་
ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ། ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཐམས་ཅད་ཤེས་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཐམས་ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཐམས་ཅད་
ཤེས་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན།
เล่ม ๑๗ · หน้า 211b
ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ། གཟུགས་ཀྱི་
འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་
པར་ཤེས་པ་མ་ཡིན། མྱིག་གི་འགྲིབ་པ་གང་ཡིན་པ་དེ་ནི་མྱིག་མ་ཡིན། རྣ་བའི་འགྲིབ་པ་གང་ཡིན་པ་དེ་ནི་རྣ་བ་མ་ཡིན། སྣའི་འགྲིབ་པ་གང་ཡིན་པ་དེ་ནི་སྣ་མ་ཡིན། ལྕེའི་འགྲིབ་པ་གང་ཡིན་པ་དེ་ནི་ལྕེ་མ་ཡིན། ལུས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ལུས་མ་ཡིན།
ཡིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ཡིད་མ་ཡིན། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། སྒྲའི་འགྲིབ་པ་གང་ཡིན་པ་དེ་ནི་སྒྲ་མ་ཡིན། དྲིའི་འགྲིབ་པ་གང་ཡིན་པ་དེ་ནི་དྲི་མ་ཡིན། རོའི་འགྲིབ་པ་གང་ཡིན་པ་དེ་ནི་རོ་མ་ཡིན། རེག་གི་འགྲིབ་པ་
གང་ཡིན་པ་དེ་ནི་རེག་མ་ཡིན། ཆོས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ཆོས་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན།
སྣའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན།
เล่ม ๑๗ · หน้า 212a
ཡིད་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི།
རྣ་བའི་འདུས་ཏེ་རེག་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལུས་ཀྱི་
འདུས་ཏེ་རེག་པ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་
འགྲིབ་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། སའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་སའི་ཁམས་མ་ཡིན། ཆུའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ཆུའི་ཁམས་མ་ཡིན། མྱེའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་མྱེའི་ཁམས་
མ་ཡིན། རླུང་གི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན། མ་རིག་པའི་འགྲིབ་
เล่ม ๑๗ · หน้า 212b
པ་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་
དྲུག་གི་འགྲིབ་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་མ་ཡིན། རེག་པའི་འགྲིབ་པ་གང་ཡིན་པ་དེ་ནི། རེག་པ་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། སྲེད་པའི་འགྲིབ་པ་གང་ཡིན་པ་དེ་ནི། སྲེད་པ་མ་ཡིན། ལེན་པའི་འགྲིབ་པ་གང་ཡིན་པ་དེ་
ནི་ལེན་པ་མ་ཡིན། སྲིད་པའི་འགྲིབ་པ་གང་ཡིན་པ་དེ་ནི་སྲིད་པ་མ་ཡིན། སྐྱེ་བའི་འགྲིབ་པ་གང་ཡིན་པ་དེ་ནི་སྐྱེ་བ་མ་ཡིན། རྒ་ཤིའི་འགྲིབ་པ་གང་ཡིན་པ་དེ་ནི་རྒ་ཤི་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་
པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་
ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན། འདུས་བྱས་སྟོང་པ་ཉིད་
เล่ม ๑๗ · หน้า 213a
ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མཐའ་ལས་
འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་
འགྲིབ་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན།
མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་
ཉིད་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། ཡང་དག་པར་སྤོང་
བ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་མ་ཡིན། སྟོབས་
རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། སྟོབས་རྣམས་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་
เล่ม ๑๗ · หน้า 213b
ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་རྣམས་མ་ཡིན། བསམ་གཏན་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། བསམ་གཏན་རྣམས་མ་ཡིན། ཚད་མྱེད་པ་རྣམས་ཀྱི་འགྲིབ་པ་གང་
ཡིན་པ་དེ་ནི། ཚད་མྱེད་པ་རྣམས་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་
རྣམས་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འགྲིབ་པ་
གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི།
ཏིང་ངེ་འཛིན་རྣམས་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། མྱི་འཇིགས་པ་རྣམས་
ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་རྣམས་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོའི་འགྲིབ་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོ་མ་ཡིན། སྙིང་རྗེ་
ཆེན་པོའི་འགྲིབ་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ཐམས་ཅད་
เล่ม ๑๗ · หน้า 214a
ཤེས་པ་ཉིད་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་
ཟེར།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་འགྲིབ་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། གཉིས་
སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་།
འདུ་བྱེད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་
བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། མྱིག་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་
ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། གཉིས་སུ་
བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་
เล่ม ๑๗ · หน้า 214b
ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་།
དྲི་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རོ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་
ཡིན་པ་དང་། ཆོས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །
འགྲིབ་པ་གང་ཡིན་པ་དང་། མྱིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྣའི་
རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་
དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་
པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་།
เล่ม ๑๗ · หน้า 215a
གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། གཉིས་
སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་
པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། སའི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་
เล่ม ๑๗ · หน้า 215b
དང་། ཆུའི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མྱེའི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་
གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་
པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། མ་རིག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་
གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མྱིང་དང་གཟུགས་གང་ཡིན་པ་དང་།
གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་
ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལེན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་
གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྒ་ཤི་གང་
เล่ม ๑๗ · หน้า 216a
ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །
འགྲིབ་པ་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་
ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་
པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་
པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་
ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་
เล่ม ๑๗ · หน้า 216b
པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་
ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་།
གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་
པ་དང་། འགྲིབ་པ་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་
ཡིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་
གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་།
เล่ม ๑๗ · หน้า 217a
འགྲིབ་པ་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། དབང་པོ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་།
སྟོབས་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་
ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། བསམ་གཏན་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་
མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཚད་མྱེད་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་།
འགྲིབ་པ་གང་ཡིན་པ་དང་། རྣམ་པར་ཐར་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་
གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མངོན་པར་ཤེས་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་
ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་
เล่ม ๑๗ · หน้า 217b
ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་
གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། མྱི་འཇིགས་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་
པ་གང་ཡིན་པ་དང་། བྱམས་པ་ཆེན་པོ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །
འགྲིབ་པ་གང་ཡིན་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་
གང་ཡིན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། དགྲ་བཅོམ་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རང་བྱང་ཆུབ་
གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །འགྲིབ་པ་གང་ཡིན་
เล่ม ๑๗ · หน้า 218a
པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་
ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་
གཟུགས་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་ཚོར་བ་མ་ཡིན། འདུ་ཤེས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་
མ་ཡིན། མྱིག་གི་འགྲིབ་པ་གང་ཡིན་པ་དེ་ཡང་མྱིག་མ་ཡིན། རྣ་བའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣ་བ་མ་ཡིན། སྣའི་འགྲིབ་པ་གང་ཡིན་པ་དེ་ཡང་སྣ་མ་ཡིན། ལྕེའི་འགྲིབ་པ་གང་ཡིན་པ་དེ་ཡང་ལྕེ་མ་ཡིན། ལུས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ལུས་མ་
ཡིན། ཡིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཡིད་མ་ཡིན། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། སྒྲའི་འགྲིབ་པ་གང་ཡིན་པ་དེ་ཡང་སྒྲ་མ་ཡིན། དྲིའི་འགྲིབ་པ་གང་ཡིན་པ་དེ་ཡང་དྲི་མ་ཡིན། རོའི་འགྲིབ་པ་གང་ཡིན་པ་དེ་ཡང་རོ་མ་ཡིན། རེག་
གི་འགྲིབ་པ་གང་ཡིན་པ་དེ་ཡང་རེག་མ་ཡིན། ཆོས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཆོས་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་མྱིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣ་བའི་རྣམ་པར་ཤེས་
པ་མ་ཡིན། སྣའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལྕེའི་རྣམ་པར་ཤེས་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལུས་ཀྱི་རྣམ་པར་
เล่ม ๑๗ · หน้า 218b
ཤེས་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་མྱིག་གི་འདུས་ཏེ་རེག་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣ་བའི་འདུས་
ཏེ་རེག་པ་མ་ཡིན། སྣའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྣའི་འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལུས་ཀྱི་འདུས་ཏེ་རེག་པ་
མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་
ཡིན་པ་དེ་ཡང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། སའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་སའི་ཁམས་མ་ཡིན། ཆུའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཆུའི་ཁམས་མ་ཡིན། མྱེའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་མྱེའི་ཁམས་མ་ཡིན། རླུང་གི་
ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པའི་ཁམས་མ་ཡིན། མ་རིག་པའི་
เล่ม ๑๗ · หน้า 219a
འགྲིབ་པ་གང་ཡིན་པ་དེ་ཡང་མ་རིག་པ་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་
མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་གི་འགྲིབ་པ་གང་ཡིན་པ་དེ་ཡང་སྐྱེ་མཆེད་དྲུག་མ་ཡིན། རེག་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རེགས་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ཡང་ཚོར་བ་མ་ཡིན། སྲེད་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྲེད་པ་མ་ཡིན།
ལེན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ལེན་པ་མ་ཡིན། སྲིད་པའི་འགྲིབ་པ་གང་ཡིན་པ་དེ་ཡང་སྲིད་པ་མ་ཡིན། སྐྱེ་བའི་འགྲིབ་པ་གང་ཡིན་པ་དེ་ཡང་སྐྱེ་བ་མ་ཡིན། རྒ་ཤིའི་འགྲིབ་པ་གང་ཡིན་པ་དེ་ཡང་རྒ་ཤི་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་
འགྲིབ་པ་གང་ཡིན་པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འགྲིབ་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་
གང་ཡིན་པ་དེ་ཡང་ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཀྱི་འགྲིབ་པ་
เล่ม ๑๗ · หน้า 219b
གང་ཡིན་པ་དེ་ཡང་དོན་དམ་པ་སྟོང་པ་ཉིད་མ་ཡིན། འདུས་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་འདུས་མ་བྱས་སྟོང་པ་ཉིད་མ་ཡིན། མཐའ་ལས་འདས་པ་
སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་དོར་བ་
མྱེད་པ་སྟོང་པ་ཉིད་མ་ཡིན། རང་བཞིན་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རང་བཞིན་སྟོང་པ་ཉིད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་
པ་དེ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་
ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་
མ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་དབང་པོ་རྣམས་མ་ཡིན།
སྟོབས་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་སྟོབས་རྣམས་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ཡིན་པ་དེ་ཡང་འཕགས་པའི་ལམ་ཡན་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด