ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘ · หน้า 344b

ལྷའི་དབང་པོའི་སྟན་ལ་མཆིས་པར་གྱུར་པ་དེའི་ཚེ། དེར་ལྷའི་བུ་གང་ཇི་སྙེད་བདག་གི་རིམ་གྲོ་ལ་མཆིས་པ་དེ་དག་ཀུན་ཀྱང་བདག་ལ་མཆོད་པ་བགྱིད་དེ། ནམ་བདག་དེར་མ་མཆིས་ཤིང་སྟན་དེ་ལ་མ་མཆིས་པ་དེའི་ཚེ་ཡང་ལྷའི་

བུ་དེ་དག་འཁོར་དེར་མཆིས་ཤིང་། ལྷའི་དབང་པོ་བརྒྱ་བྱིན་སྟན་འདི་ལ་འདུག་ཅིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྟན་དེ་ལ་གཡས་ཕྱོགས་སུ་བསྐོར་བ་བགྱིས་ཤིང་། ཕྱག་འཚལ་ཏེ་སླར་མཆིའོ། །བཅོམ་ལྡན་འདས་དེ་

བཞིན་དུ་གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཆང་བ་དང་། ཁ་ཏོན་ཏུ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།

ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་བྱུང་ངོ་། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འདི་

ལས་བྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བགྱིས་ཤིང་གདུད་པ་བགྱིས་ནས། སླར་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་

པའི་སྐུ་གདུང་རྣམས་མཆོད་པ་མངའ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པའི་སླད་དུ་མཆོད་པ་མངའ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞིར་གྱུར་ཏོ། །རྒྱུར་གྱུར་ཏོ། །རྐྱེན་དུ་གྱུར་ཏོ། །ཡོངས་སུ་སྒྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་བས་ན། ཆ་དེ་གཉིས་ལས་

เล่ม ๑๘ · หน้า 345a

བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ། ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱི་ཁ་ཏོན་བགྱིད་པ་དེའི་ཚེ།

འཇིགས་པ་འམ། བག་ཚ་བའི་མཚན་མ་ཙམ་ཡང་། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ།

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་

འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་

མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་

མཆིས་པ་སྟེ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་སྨོས་སུ་མ་

เล่ม ๑๘ · หน้า 345b

མཆིས་པའོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ནི་མཚན་མ་མ་མཆིས་

རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་

འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །

བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ནི་མཚན་མ་མ་

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་

སྟེ། བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐའ་ལས་

འདས་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྨོས་

เล่ม ๑๘ · หน้า 346a

སུ་མ་མཆིས་པའོ། །བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །

བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་

མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས།

བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་

འདས་མྱི་དམྱིགས་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་

ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དྲན་པ་

เล่ม ๑๘ · หน้า 346b

ཉེ་བར་གཞག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ནི་མཚན་མ་མ་

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་

མ་མཆིས་པ་སྟེ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དབང་པོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དབང་པོ་རྣམས་

ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་

ལག་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མཚན་མ་མ་

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་

མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་

เล่ม ๑๘ · หน้า 347a

བསམ་གཏན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །

བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་

འདས་རྣམ་པར་ཐར་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་

མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མྱེད་པ་ནི། མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྨོས་སུ་མ་མཆིས་པའོ། །

བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་མཚན་མ་མ་

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ།

เล่ม ๑๘ · หน้า 347b

བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་

སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་

འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་མཚན་མ་མ་

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་

པ་སྟེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་

ཐམས་ཅད་ཤེས་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྨོས་སུ་མ་

མཆིས་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་

เล่ม ๑๘ · หน้า 348a

གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ལ་མཚན་

མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་

མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་མྱི་བསྟན་ཏེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་

མཆིས། སྨོས་སུ་མ་མཆིས་པས་དེའི་སླད་དུ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་བསྟན་ཏོ། །བཅོམ་ལྡན་

འདས་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་།

སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱི་བར་འོས་པའོ། །བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་

เล่ม ๑๘ · หน้า 348b

དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱི་བར་འོས་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པ་དང་།

ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྦོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད། བཀུར་སྟིར་བགྱིད།

ཕུ་དུད་དུ་བགྱིད། མཆོད་པར་བགྱིད་ན། དེ་ནི་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེས་སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་།

གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་མྱི་འབྲལ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་

སྨིན་པར་བགྱི་བ་དང་ཡང་མྱི་འབྲལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམ་པ་ཞིག་ཀྱང་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་དཀོན་མཆོག་དེ་གཉིས་ལས། བདག་ནི་

เล่ม ๑๘ · หน้า 349a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་

གདུང་དེ་དག་ཀྱང་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། ཕུ་དུད་དུ་བགྱི་ཞིང་མཆོད་པར་བགྱི་བ་ལགས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་དེ་དག་ལ་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་

བགྱིས་ན་ལོག་པར་ལྟུང་བ་དང་། ངན་སོང་དུ་མཆི་བར་མྱི་འགྱུར་ཏེ། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ནས། སྨོན་ལམ་གྱི་ཚུལ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་དེ་བཞིན་གཤེགས་པ་མཐོང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་མཐོང་བ་དེ་ནི་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་

ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་གཞན་ཡང་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་

པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་བབ་པ་བསྟན་པ་གསུངས་ཏེ་བཤད་པ་དང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་

เล่ม ๑๘ · หน้า 349b

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་བསྟན་པ་དེ་གཉིས་ཀྱང་མྱི་འདྲ་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

རྣམས་སོ་འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ། །འདི་ལས་བྱུང་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་

ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་བབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

དང་། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

เล่ม ๑๘ · หน้า 350a

པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོས་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་

དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་བབ་པ་བསྟན་པ་གསུངས་ཏེ། བཤད་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་། ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་བསྟན་པ་དེ་གཉིས་ཀྱང་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་སོ། །འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ། །འདི་ལས་བྱུང་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་།

འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་བབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་

གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་གླེགས་བམ་དུ་བྲིས་ཤིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་།

เล่ม ๑๘ · หน้า 350b

བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་ཡང་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་

ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་

ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེས་ནི། སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་

གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། དེ་ནི་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་

རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་ཏོ། །འཆང་ངོ་། །ཀློག་གོ །ཀུན་ཆུབ་པར་བགྱིད་དོ། །ཚུལ་བཞིན་དུ་ཡིད་ལ་བགྱིད་དོ། །བྲིས་པ་དེ་ལ་ཡང་མེ་ཏོག་དང་།

ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད། བཀུར་སྟིར་བགྱིད། ཕུ་དུད་དུ་བགྱིད། མཆོད་པར་བགྱིད།

བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིགས་པ་ཐམས་ཅད་ཞི་བར་བགྱིད་པའོ། །ནད་ཐམས་ཅད་རབ་ཏུ་སེལ་བའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའ་མ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๑๘ · หน้า 351a

ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་

དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱིད་པ་དེས་ནི། གང་ནས་ཀྱང་འཇིགས་པ་འབྱུང་བའི་དོགས་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན།

སྐྱེས་བུ་ནོར་གྱི་བདག་པོ་ཞིག་འཇིགས་ནས་རྒྱལ་པོ་ལ་གནས་ཤིང་། རྒྱལ་པོ་ལ་རྟེན་ན། དེ་རྒྱལ་པོ་ལ་གནས་ཤིང་། རྒྱལ་པོ་ལ་རྟེན་པས། སུས་འཇིགས་པ་དེ་དག་ཉིད་ཀྱང་དེ་ལ་རྟེན་པས། དེ་དག་གིས་འཇིགས་པར་མྱི་འགྱུར་རོ། །

དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཤའ་སྟེ། གང་རྒྱལ་པོ་ལ་རྟེན་པ་ནི་མཐུ་དང་ལྡན་པ་ལ་རྟེན་པའོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་

པས་ཡོངས་སུ་བསྒྲུབས་པས་ན། མཆོད་པ་མང་འོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པར་བལྟའོ། །བཅོམ་ལྡན་འདས་དེ་བས་ན།

བདག་གིས་ཆ་དེ་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བླང་བར་བགྱིའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་སོ། །འདི་ལས་བྱུང་བ་ནི་མྱི་ཆེན་པོའི་མཚན་སུམ་

ཅུ་རྩ་གཉིས་སོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་ལས་བྱུང་བ་ནི་མྱི་འཇིགས་པ་བཞིའོ། །འདི་ལས་བྱུང་བ་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ལས་བྱུང་བ་

เล่ม ๑๘ · หน้า 351b

ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ལས་བྱུང་བ་ནི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལས་བྱུང་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། དེ་དག་ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །འདི་ལས་བྱུང་བ་ནི་

དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། བཅོམ་ལྡན་འདས་གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁམས་སམ། རྒྱལ་པོའི་གནས་སམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། དེ་བྲིས་ཤིང་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་པ་དེ་དག་ཏུ་མྱི་འམ་མྱི་མ་ལགས་པ་གླགས་ལྟ་ཞིང་གླགས་ཚོལ་བ་

རྣམས་ཀྱིས། གླགས་རྙེད་པར་མྱི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བས། མཐར་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོ་དང་ལྡན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། དེ་ལྟར་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་དོན་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་

གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཆིས་པའི་འཇིག་རྟེན་གྱི་ཁམས་དེར་ནི། སངས་རྒྱས་བྱུང་བ་དང་འདྲ་བར་བལྟའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་མྱི་དཔོགས་རིན་ཆེན་ཅེས་བགྱི་བ་མཆིས་ཏེ། དེ་

ནི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཡོན་ཏན་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་དང་གང་དུ་བཞག་པ་དེ་དང་དེར་མྱི་མ་ལགས་པ་རྣམས་ཀྱིས་གླགས་མྱི་རྙེད་དོ། །མྱི་མ་ལགས་པས་ཟིན་པའི་སྐྱེས་པ་འམ་བུད་མྱེད་

เล่ม ๑๘ · หน้า 352a

ཀྱང་ནོར་བུ་རིན་པོ་ཆེ་དེ་བསྟན་ན། མྱི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་མྱི་བཟོད་དེ། མྱུར་དུ་འཕོ་ཞིང་མྱི་གནས་སོ། །མཁྲིས་པས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན།

མཁྲིས་པ་དེ་ཡང་འབྱང་བར་འགྱུར་རོ། །རླུང་གིས་མནར་བའི་ལུས་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། རླུང་དེ་ཡང་འབྱང་བར་འགྱུར་རོ། །བད་ཀན་གྱིས་ནོན་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། བད་ཀན་དེ་ཡང་ཞི་

བར་འགྱུར་རོ། །འདུས་པའི་བྲོས་བཏབ་པའི་ལུས་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། འདུས་པའི་བྲོ་དེ་ཡང་ཞི་བར་འགྱུར་ཞིང་རྣམ་པར་མྱི་འཕེལ་ལོ། །ནུབ་མོ་ནི་སྣང་བར་བགྱིད་དོ། །ཚ་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་

ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་བསིལ་བར་བགྱིད་དོ། །གྲང་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་དྲོ་བར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་ཕྱོགས་

དེ་ཡང་ཧ་ཅང་ཡང་མྱི་དྲོ། །ཧ་ཅང་ཡང་མྱི་གྲང་ཞིང་། རན་པ་ཕུན་སུམ་ཚོགས་པར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་དོག་སའི་ཕྱོགས་དེར་སྦྲུལ་ལམ་དེ་མ་ལགས་པའི་སྡིག་པ་ལ་སྩོགས་

པ་གདུག་པ་གཞན་དག་ཀྱང་རྒྱུ་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་སྐྱེས་པ་འམ། བུད་མྱེད་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པ་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་ན། དེས་དེ་མཐོང་མ་ཐག་ཏུ་དུག་དེ་ཡང་འབྱང་བར་འགྱུར་རོ། །

བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི། ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། སྐྱེས་པ་འམ། བུད་མེད་ལ་ལ་ཞིག་འབྲུམ་བུས་བཏབ་བམ། མྱིག་རབ་རིབ་ཅན་དུ་གྱུར་ཏེ། མྱིག་གི་ནད་དམ། རྣ་བའི་ནད་དམ།

เล่ม ๑๘ · หน้า 352b

སྣའི་ནད་དམ། ལྕེའི་ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་ཅི་བྱུང་བ་ལས་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། དེ་དག་གི་འབྲུམ་བུའམ། རབ་རིབ་བམ། མྱིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་

ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་དེ་དག་ཀྱང་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ཡང་ལྡན་ཏེ། གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། ཆབ་རྙོགས་པ་ཅན་གྱི་ནང་དུ་

སྩལ་ན། དེའི་མོད་ལ་ཆབ་དེ་ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་ཞིང་ཁ་དོག་གཅིག་པར་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་སྔོན་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་

རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་སེར་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་དམར་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན།

ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། གོས་དཀར་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་

ལེབ་རྒན་གྱིས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ། ཤེལ་གྱི་ཁ་དོག་གི་གོས་ཀྱིས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་

བཞིན་ཉིད་དུ་འགྱུར་རོ། །དེ་དག་དང་གོས་གཞན་རྣམ་པ་སྣ་ཚོགས་ཀྱིས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །ཆབ་དེ་ལ་རྙོགས་པ་མཆིས་པ་ཡང་ནོར་བུ་

เล่ม ๑๘ · หน้า 353a

རིན་པོ་ཆེ་ཆེན་པོ་དེས་འདང་སྟེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི། ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་དང་། གཞན་ཡང་རྣམ་པ་མང་པོ་དག་དང་ལྡན་ནོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་ཡང་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དང་འདྲ་བར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། སྡིག་པ་ཐམས་ཅད་སེལ་བའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །

ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལྷ་རྫས་ཤིག་ཡིན་ནམ། འོན་ཏམ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འཛམ་བུའི་གླིང་གི་མྱི་རྣམས་ལ་ཡང་ཡོད། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ། །ནོར་བུ་རིན་པོ་ཆེ་ཆེན་པོ་

དེ་ནི་ལྷ་རྫས་ཏེ། བཙུན་པ་ཀུན་དགའ་བོ། འཛམ་བུའི་གླིང་གི་མི་རྣམས་ལ། ནོར་བུ་རིན་པོ་ཆེ་གང་ཡོད་པ་དེ་དག་ནི་ཆུང་ཞིང་ལྕི། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་ནི་ཆེ་ཞིང་ཡང་སྟེ། འཛམ་བུའི་གླིང་གི་མྱི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་དེ་

དག་ནི་ལྷ་རྫས་ལྟར་ཡན་ལག་དེ་དག་གིས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས་ནི། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་གྲངས་སམ། ཆ་འམ། བགྲང་བ་འམ། དཔེ་འམ། རྒྱུར་ཡང་ཉེ་བར་མྱི་

འགྲོའོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་སྣོད་ལ་ལ་ཞིག་གི་ནང་དུ་སྩལ་སྩལ་པ་ལས། སྣོད་དེ་ནས་ཕྱུང་ཡང་སྣོད་དེ་ནི་ནོར་བུ་རིན་

པོ་ཆེ་དེའི་ཡོན་ཏན་གྱིས་ཡིད་དུ་མཆིས་པར་འགྱུར་ཏེ། གཞན་ཡང་སྣོད་དེ་ལ་མོས་པ་བསྐྱེད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་མཆིས་པ་དེའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ལུས་སམ། སེམས་

เล่ม ๑๘ · หน้า 353b

ཀྱི་སྡུག་བསྔལ་དང་། གནོད་པ་མྱི་ལས་གྱུར་པ་འམ། མྱི་མ་ལགས་པ་ལས་གྱུར་པ་ཐམས་ཅད་ཀྱང་མ་མཆིས་པར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བགྱི་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བླ་དགས་སོ། །

རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཅི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་

གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཅི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་

ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ།

བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་

པར་བགྱི་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་

เล่ม ๑๘ · หน้า 354a

ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་ཚང་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་

ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚང་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ནང་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ཀྱི་ཡོན་ཏན་

ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཕྱི་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཕྱི་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་

པར་བགྱི་སྟེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཕྱི་ནང་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་

སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ།

ཆེན་པོ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཆེན་པོ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དོན་དམ་

པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་དོན་དམ་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཅི་སྙེད་ཅིག་བརྗོད་པར་བགྱི་སྟེ། འདུས་བྱས་སྟོང་

เล่ม ๑๘ · หน้า 354b

པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་འདུས་བྱས་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འདུས་མ་བྱས་སྟོང་

པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མཐའ་ལས་

འདས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་གྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་

བརྗོད་པར་བགྱི་སྟེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་

ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་

ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རང་བཞིན་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་

ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་རང་གི་མཚན་

เล่ม ๑๘ · หน้า 355a

ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་

ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྣོད་དོ། །

བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་

སྣོད་དོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །

བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་།

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་

གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཡང་དག་པར་སྤོང་བ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་

เล่ม ๑๘ · หน้า 355b

མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཡང་དག་པར་སྤོང་བ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡོན་ཏན་ནི་ཚད་

མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་དབང་པོ་ལྔའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དབང་པོ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །

དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དབང་པོ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་སྟོབས་ལྔའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྟོབས་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་

གདུང་དེ་དག་ཀྱང་། སྟོབས་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་

གདུང་དེ་དག་ཀྱང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོན་ཏན་ནི་ཚད་

མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྣོད་དོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། འཕགས་པའི་བདེན་པ་

རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། འཕགས་པའི་བདེན་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་བསམ་གཏན་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་

เล่ม ๑๘ · หน้า 356a

གཏན་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། བསམ་གཏན་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཚད་མྱེད་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ།

ཚད་མྱེད་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཚད་མྱེད་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་ཅིག་

བརྗོད་པར་བགྱི་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་

རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་པར་ཐར་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྣམ་པར་ཐར་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་

ཀྱང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་

པར་ཐར་པའི་སྒོ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྣམ་པར་ཐར་པའི་སྒོ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་

เล่ม ๑๘ · หน้า 356b

པར་བགྱི་སྟེ། མངོན་པར་ཤེས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མངོན་པར་ཤེས་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་

བགྱི་སྟེ། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཏིང་ངེ་འཛིན་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ།

གཟུངས་ཀྱི་སྒོ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། གཟུངས་ཀྱི་སྒོ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་

སྟེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་མྱི་འཇིགས་པ་བཞིའི་ཡོན་ཏན་ལྟ་ཇི་སྙེད་

ཅིག་བརྗོད་པར་བགྱི་སྟེ། མྱི་འཇིགས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མྱི་འཇིགས་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་བཞིའི་ཡོན་ཏན་ལྟ་

ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྣོད་དོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་

པོའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སྙིང་རྗེ་ཆེན་པོའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། སྙིང་རྗེ་ཆེན་པོའི་སྣོད་དོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

เล่ม ๑๘ · หน้า 357a

བརྒྱད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་

ཀྱི་སྣོད་དོ། །བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཐམས་ཅད་ཤེས་པ་ཉིད་ཀྱི་

སྣོད་དོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ལམ་གྱི་

རྣམ་པ་ཤེས་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་

གདུང་དེ་དག་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་

དེ་དག་ཀྱང་། དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མ་ནོར་བ་དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་།

མ་ནོར་བ་དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་

เล่ม ๑๘ · หน้า 357b

དག་ཀྱང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཉིད་

ཀྱི་སྣོད་དོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཀྱི་དབྱིངས་ཀྱི་སྣོད་དོ། །

བཅོམ་ལྡན་འདས་ཆོས་ཀྱི་གནས་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་ཀྱི་གནས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་ཀྱི་གནས་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་

འདས་ཆོས་མྱི་འགྱུར་བ་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཆོས་མྱི་འགྱུར་བ་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཆོས་མྱི་འགྱུར་བ་ཉིད་ཀྱི་སྣོད་དོ། །བཅོམ་ལྡན་

འདས་ཡང་དག་པའི་མཐའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཡང་དག་པའི་མཐའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཡང་དག་པའི་མཐའི་སྣོད་དོ། །བཅོམ་ལྡན་འདས་བསམ་གྱིས་མྱི་

ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱི་སྣོད་

དོ། །བཅོམ་ལྡན་འདས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡོན་ཏན་ནི་ཚད་མ་

เล่ม ๑๘ · หน้า 358a

མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་སྣོད་དོ། །བཅོམ་ལྡན་འདས་རྟག་ཏུ་བཏང་སྙོམས་ལ་གནས་པའི་ཡོན་ཏན་

ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། རྟག་ཏུ་བཏང་སྙོམས་ལ་གནས་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། རྟག་ཏུ་བཏང་སྙོམས་ལ་གནས་པའི་སྣོད་དོ། །བཅོམ་ལྡན་འདས་མྱི་ཉམས་པའི་

ཆོས་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མྱི་ཉམས་པའི་ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། མྱི་ཉམས་པའི་ཆོས་ཉིད་ཀྱི་སྣོད་དོ། །དེ་བས་ན་དེ་བཞིན་

གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའ་འོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལད་ཏུ་ཕྱིནད་པ་རིན་པོ་ཆེའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་མྱི་སྐྱེ་མྱི་འགག་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་

སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་

เล่ม ๑๘ · หน้า 358b

རོལད་ཏུ་ཕྱིནད་པ་དཔྲི་བ་དང་། བསྣན་པ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་འོང་བ་དང་། འགྲོ་

བ་དང་། གནས་པ་མ་མཆིས་པའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་ཀྱི་སྣོད་དེ། དེ་བཞིན་

གཤེགས་པའི་སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་ཀྱིས་ཡོངས་སུ་བསྒོས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །གཞན་ཡང་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་ཡོངས་སུ་བལྟམ་པ་ལྟ་ཞོག་གི །བཅོམ་ལྡན་འདས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དེ་

བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཞིག་སྩལ་ན། བཅོམ་ལྡན་འདས་རྣམ་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་

ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུང་རྣམས་ཏེ་མཆོད་པ་མངའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་བསྒོས་པས་ན། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའ་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་རིམ་གྲོར་བགྱིད་པ་དང་། བཀུར་སྟིར་

เล่ม ๑๘ · หน้า 359a

བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་ཡང་དགེ་བའི་རྩ་བ་དེའི་མཐའ་མྱི་དམིགས་ཤིང་། རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་འམ། ཁྱིམ་བདག་གི་རིགས་

ཆེ་ཞིང་མཐོ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་གྱི་ལྷ་འམ། མཚེ་མའི་ལྷ་འམ། དགའ་ལྡན་གྱི་ལྷ་འམ། འཕྲུལ་དགའི་ལྷ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་མྱི་དང་ལྷའི་ཕུན་སུམ་ཚོགས་པ་དང་།

བདེ་བ་མྱོང་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྡུག་བསྔལ་ཀྱི་མཐར་འབྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་པའི་འབྲས་བུ་ནི་དེ་ཙམ་དུ་བས་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅངས་པ་དང་། བླགས་ཤིང་

ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཐོག་མ་དང་

เล่ม ๑๘ · หน้า 359b

ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ།

རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་

འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་

རྐང་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པའི་ལམ་

ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །

གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་འགྱུར་རོ། །

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུངས་

เล่ม ๑๘ · หน้า 360a

ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་

རྫོགས་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆེད་དུ་བསམས་ཏེ་ལུས་ཡོངས་སུ་འཛིན་པར་འགྱུར་རོ། །ལུས་དེ་དག་གིས་

སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་ལུས་སམ། རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་འམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བར་སྐྱེས་པའི་ལུས་སམ། བརྒྱ་བྱིན་གྱི་གཟུགས་

སམ། ཚངས་པའི་གཟུགས་སམ། ངལ་བསོ་པོའི་གཟུགས་ཀྱང་རུང་སྟེ། ལུས་དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་རོ། །ཉན་ཐོས་ཀྱིས་དང་རང་སངས་རྒྱས་ཀྱིས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་

མྱེད་པར་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐོབ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་

དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བས་ན་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་ལ་རིམ་གྲོ་མ་མཆིས་པ་ཡང་མ་ལགས། གློ་བ་མཆེས་པ་ཡང་མ་མཆིས། མཆོད་པར་མྱི་འཚལ་བ་ཡང་མ་ལགས། གཟུང་བར་མྱི་

འཚལ་བ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱིས། རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིས་ན། སངས་རྒྱས་ཀྱི་ཆོས་

เล่ม ๑๘ · หน้า 360b

ཐམས་ཅད་ཀྱི་རྒྱུ་ཤིན་ཏུ་བསྩགས་པ་ལགས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་། རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱིས་པར་འགྱུར་

བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་

དེ་དག་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུར་མཐོང་བར་འཚལ་ཞིང་། མཆོད་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི།

མཆོད་པར་བགྱི། གཞན་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཚུལ་བཞིན་དུ་ཡིད་ལ་བགྱི་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་། ཚད་མ་མཆིས་པའི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས། ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །

བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བགྱི།

བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཆོས་ཉིད་ཚུལ་བཞིན་དུ་ཡང་ཡིད་ལ་བགྱིའོ། །བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་

เล่ม ๑๘ · หน้า 361a

ཉིད་དེ། གཉིས་གང་ཞེ་ན། འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཆོས་རྣམས་ཀྱིས་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་

ཀྱི་ཡེ་ཤེས་དང་། ཕྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། འདུས་བྱས་སྟོང་པ་ཉིད་

ཀྱི་ཡེ་ཤེས་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རང་བཞིན་སྟོང་པ་ཉིད་

ཀྱི་ཡེ་ཤེས་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་

དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དྲན་པ་ཉེ་བར་གཞག་པ་བཞིའི་ཡེ་ཤེས་དང་། ཡང་དག་པར་སྤོང་བ་བཞིའི་ཡེ་ཤེས་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཡེ་ཤེས་དང་། དབང་པོ་ལྔའི་ཡེ་ཤེས་དང་།

སྟོབས་ལྔའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཡེ་ཤེས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡེ་ཤེས་དང་། འཕགས་པའི་བདེན་པ་བཞིའི་ཡེ་ཤེས་དང་། བསམ་གཏན་བཞིའི་ཡེ་ཤེས་དང་། ཚད་མྱེད་པ་བཞིའི་ཡེ་

ཤེས་དང་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་ཡེ་ཤེས་དང་། རྣམ་པར་ཐར་པ་བརྒྱད་ཀྱི་ཡེ་ཤེས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

เล่ม ๑๘ · หน้า 361b

མ་མྱེད་པ་དང་སྨོན་པ་མྱེད་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་ལྔའི་ཡེ་ཤེས་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡེ་ཤེས་དང་། མྱི་འཇིགས་པ་

བཞིའི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་དང་། སྙིང་རྗེ་ཆེན་པོའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཡེ་ཤེས་དང་། དགེ་བའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། མྱི་དགེ་བའི་ཆོས་རྣམས་ཀྱི་ཡེ་ཤེས་དང་།

ཟག་པ་མྱེད་པའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱི་ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡེ་ཤེས་གང་ལགས་པ་དེ་ནི། འདུས་བྱས་ཀྱི་ཆོས་

རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། དེ་ནི་གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གནས་པ་མ་མཆིས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མ་མཆིས་

པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། འཕེལ་བ་མ་མཆིས་པ་དང་། འགྲིབ་པ་མ་མཆིས་བ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ལགས་ཤེ་ན།

ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དེ། འདི་ནི་འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །

เล่ม ๑๘ · หน้า 362a

མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ད་ལྟར་བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་

བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་བྱུང་བ་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་

བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །

འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །

ཐོབ་པར་འགྱུར་རོ། །འདས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དང་། མ་འོངས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དག་ན། རང་སངས་

เล่ม ๑๘ · หน้า 362b

རྒྱས་གང་ཇི་སྙེད་ཅིག་འཁོད་ཅིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རང་བྱང་ཆུབ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཀྱང་མཚན་མ་མྱེད་པའི་ཚུལ་དང་། དམྱིགས་པ་མྱེད་པའི་ཚུལ་དང་། སྐྱེ་བ་མྱེད་པའི་ཚུལ་དང་། འགག་པ་མྱེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མྱེད་པའི་ཚུལ་དང་། རྣམ་པར་བྱང་བ་

མྱེད་པའི་ཚུལ་དང་། མངོན་པར་འདུ་བྱ་བ་མྱེད་པའི་ཚུལ་དང་། ལེན་པ་མྱེད་པའི་ཚུལ་དང་། འདོར་བ་མྱེད་པའི་ཚུལ་དང་། དབྲི་བ་མྱེད་པའི་ཚུལ་དང་། བསྣན་པ་མྱེད་པའི་ཚུལ་དང་། བླང་བ་མྱེད་པའི་ཚུལ་དང་། སྤང་བ་མྱེད་པའི་ཚུལ་གྱིས་

བསྟན་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིང་དུ་སོང་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་

ཚུལ་རོལ་མ་ཡིན། ཕ་རོལ་མ་ཡིན། ཐང་དུ་འདུག་པ་མ་ཡིན། གཤོང་དུ་འདུག་པ་མ་ཡིན། མཉམ་པ་མ་ཡིན། མྱི་མཉམ་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མྱེད་པ་མ་ཡིན། འཇིག་རྟེན་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་

ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། དགེ་བ་མ་ཡིན། མྱི་དགེ་བ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་

རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཀཽ་ཤི་

เล่ม ๑๘ · หน้า 363a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱིར་མྱི་འོང་བའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགྲ་བཅོམ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ནི། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་དྲུག་པ། །

བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་རྣམས་ནི།

སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་ཡང་འཚལ་ཏེ། སེམས་ཅན་དུ་དམྱིགས་པ་མ་མཆིས་སོ། །སེམས་ཅན་དུ་གདགས་པར་དམྱིགས་པ་མ་མཆིས་སོ། །བདག་ཏུ་དམྱིགས་པ་མ་མཆིས་སོ། །སེམས་ཅན་དུ་དམྱིགས་པ་མ་

མཆིས་སོ། །སྲོག་ཏུ་དམྱིགས་པ་མ་མཆིས་སོ། །འགྲོ་བར་དམྱིགས་པ་མ་མཆིས་སོ། །གསོ་བར་དམྱིགས་པ་མ་མཆིས་སོ། །སྐྱེས་བུར་དམྱིགས་པ་མ་མཆིས་སོ། །གང་ཟག་ཏུ་དམྱིགས་པ་མ་མཆིས་སོ། །ཤེད་ཅན་དུ་དམྱིགས་པ་མ་

མཆིས་སོ། །ཤེད་བདག་ཏུ་དམྱིགས་པ་མ་མཆིས་སོ། །བྱེད་པ་པོར་དམྱིགས་པ་མ་མཆིས་སོ། །ཚོར་བ་པོར་དམྱིགས་པ་མ་མཆིས་སོ། །ཤེས་པ་པོར་དམྱིགས་པ་མ་མཆིས་སོ། །མཐོང་བ་པོར་དམྱིགས་པ་མ་མཆིས་སོ། །གཟུགས་སུ་

དམྱིགས་པ་མ་མཆིས་སོ། །ཚོར་བར་དམྱིགས་པ་མ་མཆིས་སོ། །འདུ་ཤེས་སུ་དམྱིགས་པ་མ་མཆིས་སོ། །འདུ་བྱེད་དུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །མྱིག་དུ་དམྱིགས་པ་མ་མཆིས་སོ། །རྣ་བར་

เล่ม ๑๘ · หน้า 363b

དམྱིགས་པ་མ་མཆིས་སོ། །སྣར་དམྱིགས་པ་མ་མཆིས་སོ། །ལྕེར་དམྱིགས་པ་མ་མཆིས་སོ། །ལུས་སུ་དམྱིགས་པ་མ་མཆིས་སོ། །ཡིད་དུ་དམྱིགས་པ་མ་མཆིས་སོ། །གཟུགས་སུ་དམྱིགས་པ་མ་མཆིས་སོ། །སྒྲར་དམྱིགས་པ་མ་མཆིས་

སོ། །དྲིར་དམྱིགས་པ་མ་མཆིས་སོ། །རོར་དམྱིགས་པ་མ་མཆིས་སོ། །རེག་ཏུ་དམྱིགས་པ་མ་མཆིས་སོ། །ཆོས་སུ་དམྱིགས་པ་མ་མཆིས་སོ། །མྱིག་གི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པར་དམིགས་

པ་མ་མཆིས་སོ། །སྣའི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ལྕེའི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་

སོ། །མྱིག་གི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་

འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པར་དམྱིགས་པ་མ་མཆིས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམིགས་

པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་

སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམྱིགས་པ་མ་མཆིས་སོ། །སའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །ཆུའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །མྱེའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །རླུང་གི་ཁམས་

เล่ม ๑๘ · หน้า 364a

སུ་དམྱིགས་པ་མ་མཆིས་སོ། །ནམ་མཁའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཤེས་པའི་ཁམས་སུ་དམྱིགས་པ་མ་མཆིས་སོ། །མ་རིག་པར་དམྱིགས་པ་མ་མཆིས་སོ། །འདུ་བྱེད་དུ་དམྱིགས་པ་

མ་མཆིས་སོ། །རྣམ་པར་ཤེས་པར་དམྱིགས་པ་མ་མཆིས་སོ། །མྱིང་དང་གཟུགས་སུ་དམྱིགས་པ་མ་མཆིས་སོ། །སྐྱེ་མཆེད་དྲུག་ཏུ་དམྱིགས་པ་མ་མཆིས་སོ། །རེག་པར་དམྱིགས་པ་མ་མཆིས་སོ། །ཚོར་བར་དམྱིགས་པ་མ་མཆིས་སོ། །

སྲེད་པར་དམྱིགས་པ་མ་མཆིས་སོ། །ལེན་པར་དམྱིགས་པ་མ་མཆིས་སོ། །སྲིད་པར་དམྱིགས་པ་མ་མཆིས་སོ། །སྐྱེ་བར་དམྱིགས་པ་མ་མཆིས་སོ། །རྒ་ཤིར་དམྱིགས་པ་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་

སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་

དམྱིགས་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་པ་མ་མཆིས་སོ། །ནང་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །

སྟོང་པ་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །འདུས་བྱས་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །འདུས་མ་

བྱས་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་

เล่ม ๑๘ · หน้า 364b

སོ། །རང་བཞིན་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །

དངོས་པོ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་སུ་དམྱིགས་པ་མ་མཆིས་

སོ། །ཡང་དག་པར་སྤོང་བ་རྣམས་སུ་དམྱིགས་པ་མ་མཆིས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །དབང་པོ་རྣམས་སུ་དམྱིགས་པ་མ་མཆིས་སོ། །སྟོབས་རྣམས་སུ་དམྱིགས་པ་མ་མཆིས་སོ། །བྱང་

ཆུབ་ཀྱི་ཡན་ལག་རྣམས་སུ་དམྱིགས་པ་མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་དམྱིགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །བསམ་གཏན་རྣམས་སུ་དམྱིགས་པ་མ་མཆིས་

སོ། །ཚད་མྱེད་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །རྣམ་པར་ཐར་པ་བརྒྱད་དུ་དམྱིགས་པ་མ་མཆིས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

དགུར་དམྱིགས་པ་མ་མཆིས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པར་དམྱིགས་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་སུ་དམྱིགས་པ་

མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་སུ་དམྱིགས་པ་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་དམྱིགས་པ་མ་མཆིས་སོ། །མྱི་འཇིགས་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །སོ་སོ་ཡང་དག་པར་རིག་པ་

เล่ม ๑๘ · หน้า 365a

རྣམས་སུ་དམྱིགས་པ་མ་མཆིས་སོ། །སྙིང་རྗེ་ཆེན་པོར་དམྱིགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་དམྱིགས་པ་མ་མཆིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །

ལན་ཅིག་ཕྱིར་འོང་བའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །ཕྱིར་མྱི་འོང་བའི་འབྲས་བུར་དམྱིགས་པ་མ་མཆིས་སོ། །དགྲ་བཅོམ་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །རང་བྱང་ཆུབ་ཏུ་དམྱིགས་པ་མ་མཆིས་སོ། །ལམ་གྱི་

རྣམ་པ་ཤེས་པ་ཉིད་དུ་དམྱིགས་པ་མ་མཆིས་སོ། །བྱང་ཆུབ་ཏུ་དམྱིགས་པ་མ་མཆིས་སོ། །སངས་རྒྱས་སུ་དམྱིགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་སུ་དམྱིགས་པ་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་

དམྱིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་གིས་དམིགས་པར་བགྱི་བ་དང་། གང་ལ་དམིགས་པར་བགྱི་བ་དང་། གང་དུ་དམྱིགས་པར་བགྱི་བ་དེ་ལྟ་བུའི་ངོ་བོ་ཉིད་དེ་ལ་མ་མཆིས་

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། མྱི་དམྱིགས་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོར་སྤྱོད་

པས་དེས་བྱང་ཆུབ་ཀྱང་མྱི་དམྱིགས་ན། སངས་རྒྱས་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཆོས་ལྟའང་ཅི་སྨོས། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་ཀྱི། དེ་མ་ལགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་མྱི་སྤྱོད་དམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ལ་འང་། དེ་མྱི་དམྱིགས་པའི་

เล่ม ๑๘ · หน้า 365b

ཚུལ་གྱིས་སྤྱོད་དེ། དེས་སྦྱིན་པའང་མྱི་དམྱིགས། གཏོང་བའང་མྱི་དམྱིགས། ལེན་པའང་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱང་མྱི་དམྱིགས། ཚུལ་ཁྲིམས་དང་ལྡན་པའང་མྱི་དམྱིགས། ཚུལ་ཁྲིམས་ངན་པ་འང་མྱི་དམྱིགས་སོ། །བཟོད་

པའང་མྱི་དམྱིགས། བཟོད་པ་དང་ལྡན་པ་འང་མྱི་དམྱིགས། གནོད་སེམས་ཀྱང་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱང་མྱི་དམྱིགས། བརྩོན་འགྲུས་དང་ལྡན་པ་འང་མྱི་དམྱིགས། ལེ་ལོ་ཡང་མྱི་དམྱིགས་སོ། །བསམ་གཏན་ཡང་མྱི་

དམྱིགས། བསམ་གཏན་པ་ཡང་མྱི་དམྱིགས། འཁྲུག་པ་ཡང་མྱི་དམྱིགས་སོ། །ཤེས་རབ་ཀྱང་མྱི་དམྱིགས། ཤེས་རབ་དང་ལྡན་པ་ཡང་མྱི་དམྱིགས། ཤེས་རབ་འཆལ་པ་ཡང་མྱི་དམྱིགས་སོ། །ཀཽ་ཤི་ཀ་འོན་ཀྱང་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ནི། གཟུགས་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་མྱི་དམྱིགས་པའི་ཚུལ་དང་། འདུ་ཤེས་མྱི་དམྱིགས་པའི་ཚུལ་དང་། འདུ་བྱེད་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། མྱིག་མྱི་

དམྱིགས་པའི་ཚུལ་དང་། རྣ་བ་མྱི་དམྱིགས་པའི་ཚུལ་དང་། སྣ་མྱི་དམྱིགས་པའི་ཚུལ་དང་། ལྕེ་མྱི་དམྱིགས་པའི་ཚུལ་དང་། ལུས་མྱི་དམྱིགས་པའི་ཚུལ་དང་། ཡིད་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱི་དམྱིགས་པའི་ཚུལ་དང་།

སྒྲ་མྱི་དམྱིགས་པའི་ཚུལ་དང་། དྲི་མྱི་དམྱིགས་པའི་ཚུལ་དང་། རོ་མྱི་དམྱིགས་པའི་ཚུལ་དང་། རེག་མྱི་དམྱིགས་པའི་ཚུལ་དང་། ཆོས་མྱི་དམྱིགས་པའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་རྣམ་

པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་པའི་

เล่ม ๑๘ · หน้า 366a

ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་།

ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་

ཚུལ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། ཡིད་ཀྱི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་པའི་ཚུལ་དང་། སའི་ཁམས་མྱི་དམྱིགས་པའི་ཚུལ་དང་། ཆུའི་ཁམས་མྱི་དམྱིགས་པའི་ཚུལ་དང་། མྱེའི་ཁམས་མྱི་དམྱིགས་པའི་ཚུལ་དང་། རླུང་གི་ཁམས་མྱི་དམྱིགས་པའི་ཚུལ་དང་།

ནམ་མཁའི་ཁམས་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་པའི་ཚུལ་དང་། མ་རིག་པ་མྱི་དམྱིགས་པའི་ཚུལ་དང་། འདུ་བྱེད་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཤེས་པ་མྱི་དམྱིགས་པའི་ཚུལ་དང་།

མྱིང་དང་གཟུགས་མྱི་དམྱིགས་པའི་ཚུལ་དང་། སྐྱེ་མཆེད་དྲུག་མྱི་དམྱིགས་པའི་ཚུལ་དང་། རེག་པ་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་མྱི་དམྱིགས་པའི་ཚུལ་དང་། སྲེད་པ་མྱི་དམྱིགས་པའི་ཚུལ་དང་། ལེན་པ་མྱི་དམྱིགས་པའི་ཚུལ་དང་།

སྲིད་པ་མྱི་དམྱིགས་པའི་ཚུལ་དང་། སྐྱེ་བ་མྱི་དམྱིགས་པའི་ཚུལ་དང་། རྒ་ཤི་མྱི་དམྱིགས་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། བཟོད་པའི་

เล่ม ๑๘ · หน้า 366b

ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པའི་ཚུལ་དང་། ནང་སྟོང་

པ་ཉིད་མི་དམྱིགས་པའི་ཚུལ་དང་། ཕྱི་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དོན་དམ་པ་

སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མི་དམྱིགས་པའི་ཚུལ་དང་།

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་གི་མཚན་ཉིད་

སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་བཞི་མྱི་དམྱིགས་པའི་ཚུལ་དང་། ཡང་དག་པར་སྤོང་བ་བཞི་མྱི་དམྱིགས་པའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་དམྱིགས་པའི་ཚུལ་དང་། དབང་པོ་ལྔ་མྱི་དམྱིགས་པའི་ཚུལ་དང་།

སྟོབས་ལྔ་མྱི་དམྱིགས་པའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་དམྱིགས་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་པའི་ཚུལ་དང་། འཕགས་པའི་བདེན་པ་བཞི་མྱི་དམྱིགས་པའི་ཚུལ་དང་། བསམ་

เล่ม ๑๘ · หน้า 367a

གཏན་བཞི་མྱི་དམྱིགས་པའི་ཚུལ་དང་། ཚད་མྱེད་པ་བཞི་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་པའི་ཚུལ་

དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པ་མྱི་དམྱིགས་པའི་ཚུལ་དང་། མངོན་པར་ཤེས་པ་ལྔ་མྱི་དམྱིགས་པའི་ཚུལ་

དང་། ཏིང་ངེ་འཛིན་ཐམས་ཅད་མྱི་དམྱིགས་པའི་ཚུལ་དང་། གཟུངས་ཀྱི་སྒོ་ཐམས་ཅད་མྱི་དམྱིགས་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་པའི་ཚུལ་དང་། མྱི་འཇིགས་པ་བཞི་མྱི་དམྱིགས་པའི་ཚུལ་དང་། སོ་སོ་

ཡང་དག་པར་རིག་པ་བཞི་མྱི་དམྱིགས་པའི་ཚུལ་དང་། སྙིང་རྗེ་ཆེན་པོ་མྱི་དམྱིགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་པའི་ཚུལ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། ལན་ཅིག་

ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས་པའི་ཚུལ་དང་། དགྲ་བཅོམ་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རང་བྱང་ཆུབ་མྱི་དམྱིགས་པའི་ཚུལ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་

དམྱིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ཆོས་ཐམས་ཅད་མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྲུང་བའི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་

เล่ม ๑๘ · หน้า 367b

བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པ་ཡོངས་སུ་བསྒྲུབ་པའི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པའི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

བསམ་གཏན་ལ་སྙོམས་པར་འཇུག་པའི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་རྣམ་པར་ལྟ་བའི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་ཤིང་རྣམས་ལོ་མ་སྣ་ཚོགས་ཅན། མེ་ཏོག་སྣ་ཚོགས་ཅན། འབྲས་བུ་སྣ་ཚོགས་ཅན། དབྱིབས་སྣ་ཚོགས་

ཅན། ཆུ་ཞེང་སྣ་ཚོགས་ཅན་དུ་འཁོད་ཀྱང་། དེ་དག་གི་གྲིབ་མ་ལ་ཁྱད་པར་རམ། བྱེ་བྲག་མྱི་དམྱིགས་ཏེ། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཟད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡོངས་སུ་བསྔོས་པ་རྣམས་ལ་ཡང་ཁྱད་པར་རམ། བྱེ་བྲག་མྱི་དམྱིགས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་

ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པའི་སླད་དུ། ཚད་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ། །

เล่ม ๑๘ · หน้า 368a

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་མུ་མ་མཆིས་པ་དང་ལྡན་པའི་སླད་དུ། ཡོན་ཏན་ཀུན་ཏུ་མཐའ་ཡས་པ་དང་ལྡན་པའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་

ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་། གླེགས་བམ་དུ་བགྱིས་ཏེ། བཅངས་པ་དང་། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་།

བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་ཏེ། དེ་ནས་གོང་དུ་ཇི་སྐད་དུ་བསྟན་པ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་བཞིན་དུ་ཡིད་ལ་བགྱིས་

པ་དང་། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བགྱིས་ཏེ། གཞན་སྩལ་ན། དེ་གཉིས་ལས་གང་གིས་བསོད་ནམས་ཆེར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ།

མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པ་

བྱས་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་ཞིག་གཞན་ལ་བྱིན་ཏེ། བགོ་བཤར་བྱས་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་

เล่ม ๑๘ · หน้า 368b

པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་པོ་དེ་བླངས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་

བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། དེ་དག་ལས་གང་གི་བསོད་ནམས་ཆེར་འཕེལ་བ་ཡིན། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། དེ་ལ་རིགས་ཀྱི་བུ་འམ།

རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བགྱིས་

བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་པ་བས། གང་ལ་ལས་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་གཞན་སྩལ་ན། འདི་ནི་དེ་བས་བསོད་ནམས་ཆེར་འཕེལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་། དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ། སེམས་ཅན་གྱི་རིས་ན། དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས། འདུལ་

བའི་སེམས་ཅན་མཆིས་པ་རྣམས་ཀྱི་སླད་དུ། ཐུགས་རྗེ་ཆེན་པོ་བསྐྱེད་དེ། དེ་བཞིན་གཤེགས་པའི་སྐུ་གདུང་དུ་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་གང་ལ་ལས། ཆུང་ངུ་ན་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་ལ་

མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིས་ན། དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེའི་མཐར་མ་ཐུག་པར་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་

เล่ม ๑๘ · หน้า 369a

ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་བས། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། ཆོས་ཀྱི་དགའ་བས་གཞན་བྱིན་ན། རིགས་

ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེར་འཕེལ་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྐད་དུ་བསྟན་པ་བཞིན་དུ་གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་

བསྟན་པ་དང་། བརྗོད་ཅིང་བཀྲོལ་བ་དང་། རྣམ་པར་ཕྱེ་སྟེ་གསལ་བར་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དག་པས། བསོད་ནམས་ཆེར་འཕེལ་ཏེ། དེ་ནི་སྟོན་པ་ཡིན་པར་བསམ་མོ། །

བླ་མའི་གནས་མཁས་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ཞིག་ཡིན་པར་བསམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ནི་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་

ཞེས་བྱ་བ་མྱེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པ། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་པས། འདས་པ་དང་། མ་བྱོན་པ་དང་། ད་

ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་

เล่ม ๑๘ · หน้า 369b

པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ཀྱང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་གུད་ན་མྱེད་དེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་། བླ་ན་མྱེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་། ཉན་ཐོས་

ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པོ། །འཐོབ་བོ། །

ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། རང་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། བྱང་ཆུབ་

སེམས་དཔའི་སྐྱོན་མྱེད་པར་ཞུགས་སོ་འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་

རོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་

เล่ม ๑๘ · หน้า 370a

བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་མངོན་དུ་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྟིར་བྱ་བར་འདོད་པ་དང་། ཕུ་དུད་དུ་བྱ་བར་འདོད་པ་དང་མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །

མཆོད་པར་བྱའོ། །ཀཽ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྙམ་སྟེ། གང་ཞིག་ལ་བདག་གིས་རིམ་གྲོ་དང་། བཀུར་སྟི་དང་།

ཕུ་དུད་དང་། མཆོད་པ་བྱ་སྟེ། བརྟེན་ཅིང་རྣམ་པར་སྤྱད་པར་བྱ་སྙམ་ན། ཀཽ་ཤི་ཀ་དེ་ལ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། མྱི་དང་ལྷ་དང་ལྷ་

མ་ཡིན་དུ་བཅས་པའི་ནང་ནང་དང་འདྲ་བ་འམ། ལྷག་པ་ཡང་དག་པར་རྗེས་སུ་མ་མཐོང་ནས། དེ་ལ་ངས་འདི་སྙམ་དུ་བསམས་ཏེ། དེ་ལྟར་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས། མངོན་པར་སངས་རྒྱས་པ་དེ་ཉིད་ལ།

རིམ་གྲོ་དང་། བཀུར་བསྟི་དང་། ཕུ་དུད་དང་། མཆོད་པ་བྱ་སྟེ། བརྟེན་ཅིང་རྣམ་པར་སྤྱོད་པར་བྱའོ། །སྙམ་དུ་བསམས་སོ། །ཀཽ་ཤི་ཀ་ཆོས་དེ་འདི་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽ་ཤི་ཀ་

དེ་ལྟར་ང་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་དེ། དེ་ལྟར་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་ཤིང་རྣམ་པར་སྤྱོད་ན། ཀཽ་

เล่ม ๑๘ · หน้า 370b

ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བྱ་

མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། ཉན་ཐོས་ཀྱི་ཐེག་པ་པའི་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་

བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བྱུང་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་འམ། ཉན་ཐོས་ཀྱི་

ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

เล่ม ๑๘ · หน้า 371a

མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་དེ་ལ་སློབ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ནི། བླ་ན་མྱེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། དགྲ་བཅོམ་པ་ཉིད་ཐོབ་པོ། །འཐོབ་བོ། །

ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་

གཉིས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་

ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས། དེའི་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། །གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་འམ། བྲི་བའམ། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་

ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་གང་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སློབ་ཅིང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། རྒྱུན་

เล่ม ๑๘ · หน้า 371b

ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་དང་། འཐོབ་

པ་དང་། ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་

པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་རྒྱ་ཆེར་

བསྟན་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་

ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་

เล่ม ๑๘ · หน้า 372a

པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་

པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་

བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། འདི་དག་ནི་

ཟག་པ་མྱེད་པའི་ཆོས་ཏེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱ་ཆེར་བསྟན་ཏོ། །དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཞག་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་

ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་སེམས་ཅན་རྣམས་ནི། སེམས་ཅན་

เล่ม ๑๘ · หน้า 372b

དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་སེམས་ཅན་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་

འཇིག་རྟེན་ནས་ཡོངས་སུ་གྲོལ་བའི་ཕྱིར་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཅི་སྨོས། ཀཽ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་རྣམས། རྒྱུན་ཏུ་

ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་

ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུ་

འམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་

མྱི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུ་འམ།

རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་

เล่ม ๑๘ · หน้า 373a

པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མྱི་འོང་བའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུ་འམ། རིགས་

ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་

པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་

གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་

ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ཏུ་བཀོད་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་

བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གཅིག་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཞོག་པ་དེ་ནི། སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཅིའི་

ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་

เล่ม ๑๘ · หน้า 373b

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། མཆོད་ཅིང་རིམ་གྲོར་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བཅས་པ།

བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་

ཚོགས་ཀྱིས། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་

ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་

ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་བྲི་བ་འམ། ཀླག་པ་འམ། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན།

བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་

མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་

เล่ม ๑๘ · หน้า 374a

རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་

སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་

སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་

སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་

པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་

པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་

เล่ม ๑๘ · หน้า 374b

ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་

པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་

བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། དེ་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་

ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡང་

དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་དོ། །མཚོ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་

ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །ཆུང་སྣང་གི་ལྷ་རྣམས་ཡོད་དོ། །ཚད་མྱེད་

เล่ม ๑๘ · หน้า 375a

སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །ཆེ་བའི་ལྷ་

རྣམས་ཡོད་དོ། །ཆུང་ཆེའི་ལྷ་རྣམས་ཡོད་དོ། །ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་ཆེ་བའི་ལྷ་རྣམས་ཡོད་དོ། །མྱི་གདུང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་

སྣང་བའི་ལྷ་རྣམས་ཡོད་དོ། །འོག་མྱིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་

ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་དོ། །དོན་

དམ་པ་སྟོང་པ་ཉིད་ཡོད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོད་དོ། །རང་བཞིན་

སྟོང་པ་ཉིད་ཡོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་དོ། །དངོས་པོ་མྱེད་པའི་ངོ་བོ་

เล่ม ๑๘ · หน้า 375b

ཉིད་སྟོང་པ་ཉིད་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་དོ། །དབང་པོ་རྣམས་ཡོད་དོ། །སྟོབས་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་དོ། །

འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་མྱེད་པ་རྣམས་ཡོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་

བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་

ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །མྱི་འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་

ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་མྱི་འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལྟ་ཞོག་གི། ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་

เล่ม ๑๘ · หน้า 376a

སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་

མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་

པ་འདིའི་གླེགས་བམ་ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་

རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །

འཐོབ་བོ། །ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་

ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་

བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด