ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙ · หน้า 32b

ལྡན་ལ་ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི། བསོད་ནམས་ཀྱི་ཕུང་པོ་ཚད་མྱེད་གྲངས་མྱེད་པ་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མེད་པ་དག་ལ་ནམ་འཚོའི་བར་དུ་མྱེ་ཏོག་དང་། ཕྲེང་བ་དང་སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་བ་དན་དང་། སིལ་སྙན་རྣམ་པ་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་བ་དང་བཀུར་སྟིར་

བྱས་པ་དང་། ཕུ་དུད་དུ་བྱས་པ་དང་མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན་ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་།

ཡང་དག་པར་བསྟན་པ་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ་ནམ་འཚོའི་བར་དུ་མྱེ་ཏོག་དང་། ཕྲེང་བ་དང་སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་བ་དན་དང་། སིལ་སྙན་སྣ་ཚོགས་དང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས། རིམ་གྲོར་བྱས་

པ་དང་། བཀུར་སྟིར་བྱས་པ་དང་ཕུ་དུད་དུ་བྱས་པ་དང་མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན་ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་

เล่ม ๑๙ · หน้า 33a

ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ། །

རིགས་ཀྱི་བུ་མོ་ལ་ལས། ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་

དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་

ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་

བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། བྱང་

เล่ม ๑๙ · หน้า 33b

ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་

དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས། རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་

དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ། གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་

འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་

ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས། རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་

ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་ཅིང་། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ། གསལ་བ་དང་། ཡང་དག་པར་བསྟན་པ་

เล่ม ๑๙ · หน้า 34a

བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། ཤར་

ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་

དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ། གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་

ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

เล่ม ๑๙ · หน้า 34b

ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས། རིམ་གྲོར་བྱས་པ་

དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ།

བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེགས་ལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་

དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་

པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་

བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས།

ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་

เล่ม ๑๙ · หน้า 35a

པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་ལ་ལས། འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་།

རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་། བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེགས་ལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་

འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

เล่ม ๑๙ · หน้า 35b

པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་།

བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་།

བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ། གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་།

མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་

པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་

པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མེད་པར་དམིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་མྱེད་གྲངས་མྱེད་པར་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བས་ནི། གང་ལ་

เล่ม ๑๙ · หน้า 36a

ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་མི་དམྱིགས་པའི་ཚུལ་གྱིས། གཞན་ལ་རྒྱ་ཆེར་རྗོད་ཅིང་། སྟོན་ལ་འཆད་ཅིང་། རྣམ་པར་འགོད་པ་དང་། རབ་ཏུ་འགོད་ཅིང་། རྣམ་པར་འབྱེད་ལ། གསལ་བར་

བྱེད་ཅིང་། ཡང་དག་པར་སྟོན་པ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ལ་དམྱིགས་པ་ནི་འདི་ཡིན་ཏེ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པའི་ཚུལ་གྱིས་སྦྱིན་པ་གཏོང་ཞིང་། འདི་སྙམ་དུ་བདག་ནི་སྦྱིན་པ་གཏོང་ངོ་། །

སྦྱིན་པ་ནི་འདི་གཏོང་ངོ་། །འདི་ལ་ནི་སྦྱིན་པ་བྱའོ་སྙམ་ན། དེས་སྦྱིན་པ་དེ་ལྟར་བཏང་བས། སྦྱིན་པ་ཉིད་དུ་འགྱུར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་སྲུང་ཞིང་། འདི་སྙམ་དུ་བདག་ནི་ཚུལ་ཁྲིམས་སྲུང་ངོ་། །

ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་ན། དེས་ཚུལ་ཁྲིམས་དེ་ལྟར་བསྲུངས་པས། ཚུལ་ཁྲིམས་ཉིད་དུ་འགྱུར་གྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས་བཟོད་པ་སྒོམ་ཞིང་། འདི་སྙམ་དུ་བདག་ནི་བཟོད་པ་སྒོམ་མོ། །བཟོད་

པ་ནི་འདི་སྒོམ་མོ་སྙམ་ན། དེས་བཟོད་པ་དེ་ལྟར་བསྒོམས་པས། བཟོད་པ་ཉིད་དུ་འགྱུར་གྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་ཞིང་། འདི་སྙམ་དུ་བདག་ནི་བརྩོན་འགྲུས་རྩོམ་མོ། །འདིའི་དོན་དུ་བརྩོན་འགྲུས་རྩོམ་

མོ་སྙམ་ན། དེས་བརྩོན་འགྲུས་དེ་ལྟར་བརྩམས་པས། བརྩོན་འགྲུས་ཉིད་དུ་འགྱུར་གྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཅིང་། འདི་སྙམ་དུ་བདག་ནི་བསམ་གཏན་རྣམས་ལ་སྙོམས་པར་

འཇུག་གོ། །བསམ་གཏན་ནི་འདི་དག་ལ་མཉམ་པར་གཞག་གོ་སྙམ་ན། དེས་བསམ་གཏན་ལ་དེ་ལྟར་མཉམ་པར་བཞག་པས། བསམ་གཏན་ཉིད་དུ་འགྱུར་གྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་སྒོམ་ཞིང་། འདི་

เล่ม ๑๙ · หน้า 36b

སྙམ་དུ་བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ་སྙམ་ན། དེས་ཤེས་རབ་དེ་ལྟར་བསྒོམས་པས། ཤེས་རབ་ཉིད་དུ་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་དམྱིགས་པ་ལ་སྤྱོད་པས་ན། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་གཏོང་བའི་ཚེ། ཡོངས་སུ་གཏོང་བ་མྱི་དམྱིགས།

སྦྱིན་པ་དང་། ལེན་པ་མྱི་དམྱིགས་སོ། །ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་མྱི་དམྱིགས་སོ། །བཟོད་པ་སྒོམ་པའི་ཚེ། བཟོད་པ་དང་། བཟོད་པ་སྒོམ་པ་མྱི་དམྱིགས་སོ། །བརྩོན་འགྲུས་རྩོམ་པའི་ཚེ། བརྩོན་འགྲུས་དང་། བརྩོན་

เล่ม ๑๙ · หน้า 37a

འགྲུས་རྩོམ་པ་མྱི་དམྱིགས་སོ། །བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ། བསམ་གཏན་དང་། བསམ་གཏན་སྒོམ་པ་མྱི་དམྱིགས་སོ། །ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དང་། ཤེས་རབ་སྒོམ་པ་དང་། ཤེས་རབ་དང་ལྡན་པ་མྱི་དམྱིགས་

སོ། །ཀཽ་ཤི་ཀ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་

འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་

ཁོང་དུ་ཆུད་པ་མྱེད་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན།

ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་མྱེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་

ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ། དེར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་ཀྱང་། གཟུགས་བརྙན་དེ་ཐོས་ནས། ལམ་སྟོར་བར་འགྱུར་ཏེ། དེ་དག་ལ་ཤེས་རབ་ཀྱི་

เล่ม ๑๙ · หน้า 37b

ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་

ཀྱི་བུ་མོ་དག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་ཞིང་། དེ་དག་གཟུགས་བརྙན་སྟོན་པ་བྱེད་པའོ། །བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ལགས། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཏེ། འདི་ལྟར་

གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་

བསྟན་པ་དེ་དག་ཀྱང་། གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་གཟུགས་མྱི་རྟག་

གོ་ཞེས་བྱ་བར་རྟོག་པ་དང་། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཚོར་བ་མྱི་རྟག་གོ་

ཞེས་བྱ་བར་སྟོན། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་

เล่ม ๑๙ · หน้า 38a

ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་བདག་མེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཚོར་བ་མྱི་རྟག་གོ་ཞེས་

བྱ་བར་རྟོག་པ་དང་། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུ་ཤེས་མྱི་རྟག་གོ་ཞེས་

བྱ་བར་སྟོན། འདུ་ཤེས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུ་ཤེས་བདག་མྱེད་དོ་ཞེས་བྱ་བར་སྟོན། འདུ་ཤེས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་

དག་ཀྱང་། འདུ་ཤེས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུ་ཤེས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་ཤེས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུ་ཤེས་མྱི་

རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུ་ཤེས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་ཤེས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་ཤེས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུ་

བྱེད་མྱི་རྟག་གོ་ཞེས་བྱ་བར་སྟོན། འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་སྟོན། འདུ་བྱེད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ་སུ་ལ་

བསྟན་པ་དེ་དག་ཀྱང་། འདུ་བྱེད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་

เล่ม ๑๙ · หน้า 38b

འདུ་བྱེད་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་

འགྱུར་རོ། །རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་བདག་མེད་དོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་

པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་བདག་མྱེད་

ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་བདག་མྱེད་དོ་

ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་བདག་མྱེད་དོ་ཞེས་བྱ་བར་

སྟོན། མྱིག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །

མིག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་མྱི་སྡུག་གོ་ཞེས་བྱ་བར་

เล่ม ๑๙ · หน้า 39a

རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་

ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བ་མྱི་སྡུག་ཅེས་བྱ་བར་

རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །

སྣ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྣ་མྱི་

རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣ་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣ་སྡུག་བསྔལ་ལོ་ཞེས་བྱ་བར་

རྟོག་པ་དང་། སྣ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེ་བདག་མྱེད་དོ་ཞེས་བྱ་བར་སྟོན།

ལྕེ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལྕེ་བདག་མྱེད་ཅེས་བྱ་

เล่ม ๑๙ · หน้า 39b

བར་རྟོག་པར་འགྱུར་རོ། །ལྕེ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་མྱི་རྟག་གོ་ཞེས་བྱ་

བར་རྟོག་པ་དང་། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་སྡུག་

བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་

སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་བདག་མྱེད་དོ་ཞེས་

བྱ་བར་རྟོག་པ་དང་། ཡིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་

เล่ม ๑๙ · หน้า 40a

མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་

རོ། །གཟུགས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་གཟུགས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་

པ་དང་། གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྒྲ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྒྲ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྒྲ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྒྲ་མྱི་སྡུག་གོ་ཞེས་བྱ་

བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྒྲ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྒྲ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྒྲ་བདག་མྱེད་ཅེས་བྱ་བར་

རྟོག་པར་འགྱུར་རོ། །སྒྲ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྒྲ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྒྲ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྒྲ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྒྲ་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་གཟུགས་བརྙན་ལ་སྤྱད་པར་འགྱུར་རོ། །དྲི་མྱི་རྟག་གོ་ཞེས་བྱ་བར་སྟོན། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དྲི་བདག་མྱེད་དོ་ཞེས་བྱ་བར་སྟོན། དྲི་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ་ཞེས་རྗོད་དེ་སུ་ལ་བསྟན་པ་དེ་དག་ཀྱང་། དྲི་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲི་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དྲི་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲི་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དྲི་མྱི་རྟག་གོ་

เล่ม ๑๙ · หน้า 40b

ཞེས་བྱ་བར་རྟོག་པ་དང་། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲི་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དྲི་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རོ་མྱི་རྟག་གོ་ཞེས་བྱ་བར་སྟོན། རོ་སྡུག་

བསྔལ་ལོ་ཞེས་བྱ་བར་སྟོན། རོ་བདག་མྱེད་དོ་ཞེས་བྱ་བར་སྟོན། རོ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། །སུ་ལ་བསྟན་པ་དེ་དག་ཀྱང་། རོ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར།

རོ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རོ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རོ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རོ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རོ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རོ་བདག་མྱེད་དོ་ཞེས་བྱ་བར་རྟག་

པ་དང་། རོ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རེག་མྱི་རྟག་གོ་ཞེས་བྱ་བར་སྟོན། རེག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རེག་བདག་མྱེད་དོ་ཞེས་བྱ་བར་སྟོན། རེག་མྱི་སྡུག་གོ་ཞེས་བྱ་བར་སྟོན་

ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རེག་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རེག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རེག་བདག་མྱེད་ཅེས་བྱ་བར་

རྟོག་པར་འགྱུར་རོ། །རེག་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རེག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རེག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རེག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རེག་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཆོས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆོས་བདག་མྱེད་དོ་ཞེས་བྱ་བར་སྟོན། ཆོས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་

เล่ม ๑๙ · หน้า 41a

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཆོས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་མྱི་སྡུག་ཅེས་བྱ་བར་

རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཆོས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆོས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཆོས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་

སྤྱོད་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་གི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་།

འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་རྣམ་

པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་

དང་། མྱིག་གི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་

བའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ་

เล่ม ๑๙ · หน้า 41b

སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་མྱི་

སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་རྣམ་པར་ཤེས་

པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་པ་བདག་མྱེད་དོ་

ཞེས་བྱ་བར་སྟོན། སྣའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །

སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་

པ་དང་། སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྣའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །

ལྕེའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་

เล่ม ๑๙ · หน้า 42a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་

རྟོག་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ཤེས་པ་བདག་མྱེད་དོ་

ཞེས་བྱ་བར་རྟོག་པ་དང་། ལྕེའི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་

ལོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། །སུ་ལ་བསྟན་པ་དེ་དག་ཀྱང་། ལུས་

ཀྱི་རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །

དེ་ལྟར་དེ་དག་ལུས་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། །ཡིད་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་རྣམ་པར་

เล่ม ๑๙ · หน้า 42b

ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྡུག་

བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་རྣམ་པར་

ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་མི་རྟག་གོ་

ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། །མྱིག་གི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་

གི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་

འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་བདག་མྱེད་

เล่ม ๑๙ · หน้า 43a

དོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་

བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་འདུས་ཏེ་

རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་

བརྙན་ལ་སྤྱོད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་

སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ་སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་བདག་མྱེད་ཅེས་

བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་བདག་མྱེད་

དོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན།

เล่ม ๑๙ · หน้า 43b

ལྕེའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ་སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་

འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་

བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་

རོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་

སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་

བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་

འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་

เล่ม ๑๙ · หน้า 44a

ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་

ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་

ཀྱི་འདུས་ཏེ་རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་འདུས་ཏེ་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་

ཀྱི་འདུས་ཏེ་རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་

ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ།

སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་

བྱ་བར་རྟོག་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་

เล่ม ๑๙ · หน้า 44b

ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣ་བའི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལ་ལོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣ་བའི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣ་བའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་

ལོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ་

เล่ม ๑๙ · หน้า 45a

སུ་ལ་བསྟན་པ་དེ་དག་ཀྱང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་

བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་

བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་

ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་

རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་

དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་

เล่ม ๑๙ · หน้า 45b

ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་

བར་སྟོན། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་

བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་

རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་

བྱ་བར་རྟོག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་

เล่ม ๑๙ · หน้า 46a

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་

བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །སའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོནད། སའི་ཁམས་སྡུག་

བསྔལ་ལོ་ཞེས་བྱ་བར་སྟོནད། སའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོནད། སའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོནད་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སའི་

ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སའི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སའི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སའི་ཁམས་མྱི་

རྟག་གོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་

འགྱུར་རོ། །ཆུའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཆུའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོནད། ཆུའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོནད། ཆུའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོནད་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་

เล่ม ๑๙ · หน้า 46b

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཆུའི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། ཆུའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆུའི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆུའི་ཁམས་མི་སྡུག་ཅེས་བྱ་

བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཆུའི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱེའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱེའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱེའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱེའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་

དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱེའི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱེའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱེའི་ཁམས་བདག་

མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱེའི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱེའི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱེའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱེའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་

པ་དང་། མྱེའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རླུང་གི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། རླུང་གི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོནད། རླུང་གི་ཁམས་བདག་མྱེད་དོ་

ཞེས་བྱ་བར་སྟོན། རླུང་གི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རླུང་གི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རླུང་གི་ཁམས་

เล่ม ๑๙ · หน้า 47a

སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རླུང་གི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རླུང་གི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རླུང་གི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རླུང་གི་ཁམས་སྡུག་བསྔལ་

ལོ་ཞེས་བྱ་བར་རྟོག་པ་དང་། རླུང་གི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རླུང་གི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ནམ་མཁའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། ནམ་

མཁའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ནམ་མཁའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོན། ནམ་མཁའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་

ཀྱང་། ནམ་མཁའི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ནམ་མཁའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ནམ་མཁའི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ནམ་མཁའི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་

ལྟར་དེ་དག་ནམ་མཁའི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ནམ་མཁའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ནམ་མཁའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ནམ་མཁའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པའི་ཁམས་མྱི་

སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣམ་པར་ཤེས་པའི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་

เล่ม ๑๙ · หน้า 47b

བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣམ་པར་ཤེས་པའི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པའི་

ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མ་རིག་པ་མྱི་རྟག་གོ་

ཞེས་བྱ་བར་སྟོན། མ་རིག་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མ་རིག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། མ་རིག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་

ཀྱང་། མ་རིག་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མ་རིག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མ་རིག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མ་རིག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མ་རིག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་

པ་དང་། མ་རིག་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མ་རིག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མ་རིག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུ་བྱེད་མྱི་རྟག་གོ་ཞེས་བྱ་བར་སྟོན། །

འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་སྟོན། འདུ་བྱེད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འདུ་བྱེད་མྱི་རྟག་

ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུ་བྱེད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུ་བྱེད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་སྡུག་

เล่ม ๑๙ · หน้า 48a

བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རྣམ་

པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་།

རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣམ་པར་

ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་

པར་འགྱུར་རོ། །མྱིང་དང་གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིང་དང་གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིང་དང་གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིང་དང་གཟུགས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིང་དང་གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱིང་དང་གཟུགས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱིང་དང་གཟུགས་བདག་མྱེད་ཅེས་བྱ་བར་རྟོག་པར་

འགྱུར་རོ། །མྱིང་དང་གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱིང་དང་གཟུགས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིང་དང་གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིང་དང་གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་།

เล่ม ๑๙ · หน้า 48b

མྱིང་དང་གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྐྱེ་མཆེད་དྲུག་མྱི་རྟག་གོ་ཞེས་བྱ་བར་སྟོན། སྐྱེ་མཆེད་དྲུག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྐྱེ་མཆེད་དྲུག་བདག་མྱེད་དོ་ཞེས་བྱ་བར་

སྟོན། སྐྱེ་མཆེད་དྲུག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྐྱེ་མཆེད་དྲུག་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་མཆེད་དྲུག་

སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་མཆེད་དྲུག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་མཆེད་དྲུག་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྐྱེ་མཆེད་དྲུག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་མཆེད་དྲུག་སྡུག་བསྔལ་

ལོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་མཆེད་དྲུག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་མཆེད་དྲུག་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རེག་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། རེག་པ་

སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རེག་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། རེག་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རེག་པ་མྱི་རྟག་ཅེས་བྱ་བར་རྟོག་

པར་འགྱུར་རོ། །རེག་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རེག་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རེག་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རེག་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རེག་པ་སྡུག་བསྔལ་ལོ་

ཞེས་བྱ་བར་རྟོག་པ་དང་། རེག་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རེག་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་

เล่ม ๑๙ · หน้า 49a

སྟོན། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཚོར་བ་མྱི་རྟག་ཅེས་བྱ་བར་རྟོག་པར་

འགྱུར་རོ། །ཚོར་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་

དང་། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྲེད་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྲེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྲེད་པ་བདག་མྱེད་དོ་ཞེས་

བྱ་བར་སྟོན། སྲེད་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྲེད་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྲེད་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །

སྲེད་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྲེད་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྲེད་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྲེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྲེད་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྲེད་པ་མྱི་སྡུག་

གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལེན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ལེན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལེན་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ལེན་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་

སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལེན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། ལེན་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལེན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །

เล่ม ๑๙ · หน้า 49b

ལེན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལེན་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལེན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལེན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལེན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྲིད་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྲིད་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྲིད་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྲིད་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྲིད་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྲིད་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྲིད་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྲིད་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་

ལྟར་དེ་དག་སྲིད་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྲིད་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྲིད་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྲིད་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྐྱེ་

བ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྐྱེ་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྐྱེ་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྐྱེ་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་།

སྐྱེ་བ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་བ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྐྱེ་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྐྱེ་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་བ་སྡུག་

བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྐྱེ་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྒ་ཤི་མྱི་རྟག་གོ་ཞེས་བྱ་བར་སྟོན། རྒ་ཤི་སྡུག་བསྔལ་ལོ་ཞེས་

เล่ม ๑๙ · หน้า 50a

བྱ་བར་སྟོན། རྒ་ཤི་བདག་མྱེད་དོ་ཞེས་བྱ་བར་སྟོན། རྒ་ཤི་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྒ་ཤི་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །

རྒ་ཤི་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རྒ་ཤི་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྒ་ཤི་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྒ་ཤི་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྒ་ཤི་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྒ་ཤི་བདག་མྱེད་

དོ་ཞེས་བྱ་བར་རྟོག་པ་དང་། རྒ་ཤི་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ་སུ་ལ་བསྟན་པ་དེ་དག་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་

རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་

བྱ་བར་རྟོག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་

སྤྱོད་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་

เล่ม ๑๙ · หน้า 50b

གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་

བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་

བྱ་བར་རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་

བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་

རྟོག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

เล่ม ๑๙ · หน้า 51a

གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་

སྟོན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་

རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་

རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་

བར་སྟོན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་བསམ་གཏན་གྱི་ཕ་

เล่ม ๑๙ · หน้า 51b

རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་དོ་ཞེས་བྱ་བར་རྟོག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟོག་གོ་ཞེས་བྱ་བར་སྟོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་

བྱ་བར་སྟོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་

རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ནང་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ནང་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ནང་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་

ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ནང་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ནང་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ནང་སྟོང་

เล่ม ๑๙ · หน้า 52a

པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ནང་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ནང་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ནང་སྟོང་པ་ཉིད་

བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ནང་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཕྱི་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན།

ཕྱི་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཕྱི་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཕྱི་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་

འགྱུར་རོ། །ཕྱི་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཕྱི་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཕྱི་

སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཕྱི་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཕྱི་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་

བར་སྟོན། ཕྱི་ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཕྱི་ནང་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཕྱི་ནང་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་

ལ་བསྟན་པ་དེ་དག་ཀྱང་། ཕྱི་ནང་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་

เล่ม ๑๙ · หน้า 52b

རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཕྱི་ནང་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཕྱི་ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཕྱི་ནང་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཕྱི་ནང་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། སྟོང་པ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྟོང་པ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། སྟོང་པ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་

བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །

སྟོང་པ་ཉིད་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྟོང་པ་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་

དང་། སྟོང་པ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཆེན་པོ་སྟོང་པ་

ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆེན་པོ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཆེན་པོ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་

ཀྱང་། ཆེན་པོ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །

เล่ม ๑๙ · หน้า 53a

དེ་ལྟར་དེ་དག་ཆེན་པོ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆེན་པོ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆེན་པོ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཆེན་པོ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། དོན་དམ་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དོན་དམ་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། དོན་དམ་པ་སྟོང་པ་

ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དོན་དམ་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་

བྱ་བར་རྟོག་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དོན་དམ་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དོན་དམ་པ་སྟོང་པ་ཉིད་

སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དོན་དམ་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དོན་དམ་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་མི་

རྟག་གོ་ཞེས་བྱ་བར་སྟོན། འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུས་བྱས་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། འདུས་བྱས་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་

ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འདུས་བྱས་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུས་བྱས་སྟོང་པ་

เล่ม ๑๙ · หน้า 53b

ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུས་བྱས་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུས་བྱས་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུས་བྱས་སྟོང་པ་ཉིད་མྱི་སྡུག་གོ་

ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། འདུས་མ་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འདུས་མ་བྱས་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན།

འདུས་མ་བྱས་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འདུས་མ་བྱས་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་

སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འདུས་མ་བྱས་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུས་

མ་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུས་མ་བྱས་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུས་མ་བྱས་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མཐའ་ལས་

འདས་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མཐའ་ལས་འདས་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་

གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དོ། སུ་ལ་བསྟན་པ་དེ་དག་ཀྱང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མཐའ་

เล่ม ๑๙ · หน้า 54a

ལས་འདས་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མཐའ་ལས་འདས་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མཐའ་ལས་འདས་པ་

སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཐོག་མ་

དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་

གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཐོག་མ་

དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་

ལོ་ཞེས་བྱ་བར་རྟོག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་

བྱ་བར་སྟོན། དོར་བ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དོར་བ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། དོར་བ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་

เล่ม ๑๙ · หน้า 54b

རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་

བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དོར་བ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། རང་བཞིན་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རང་བཞིན་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། རང་བཞིན་སྟོང་པ་ཉིད་མྱི་སྡུག་

གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རང་བཞིན་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་

རྟོག་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རང་བཞིན་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རང་བཞིན་སྟོང་པ་ཉིད་སྡུག་

བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རང་བཞིན་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རང་བཞིན་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་

མྱི་རྟག་གོ་ཞེས་བྱ་བར་སྟོན། ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆོས་ཐམས་ཅད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๑๙ · หน้า 55a

པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདག་མྱེད་ཅེས་བྱ་

བར་རྟོག་པར་འགྱུར་རོ། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཆོས་ཐམས་ཅད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆོས་ཐམས་ཅད་སྟོང་

པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། རང་གི་མཚན་ཉིད་

སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རང་གི་མཚན་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་

བསྟན་པ་དེ་དག་ཀྱང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་

པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རང་གི་མཚན་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་།

རང་གི་མཚན་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱི་དམྱིགས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན།

เล่ม ๑๙ · หน้า 55b

མྱི་དམྱིགས་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱི་དམྱིགས་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་རྟག་ཅེས་

བྱ་བར་རྟོག་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མྱི་དམྱིགས་པ་

སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་

ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དངོས་

པོ་མྱེད་པ་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་།

དངོས་པོ་མྱེད་པ་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ངོ་བོ་ཉིད་སྟོང་

เล่ม ๑๙ · หน้า 56a

པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་

ཀྱང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་

ལྟར་དེ་དག་ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་གོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་སྟོན། དངོས་པོ་མྱེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་

เล่ม ๑๙ · หน้า 56b

པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་བདག་མྱེད་དོ་ཞེས་བྱ་

བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དྲན་པ་ཉེ་བར་གཞག་པ་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་

རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དྲན་པ་ཉེ་བར་

གཞག་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡང་དག་

པར་སྤོང་བ་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡང་དག་པར་སྤོང་བ་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡང་

དག་པར་སྤོང་བ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཡང་དག་པར་སྤོང་བ་

เล่ม ๑๙ · หน้า 57a

རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡང་དག་པར་སྤོང་བ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡང་དག་པར་སྤོང་བ་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡང་དག་པར་སྤོང་བ་རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་སྡུག་གོ་

ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་

རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་བསྔལ་

ལོ་ཞེས་བྱ་བར་རྟོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །དབང་པོ་

རྣམས་མི་རྟག་གོ་ཞེས་བྱ་བར་སྟོན། དབང་པོ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། དབང་པོ་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། དབང་པོ་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། དབང་པོ་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དབང་པོ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དབང་པོ་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །དབང་པོ་རྣམས་མྱི་སྡུག་

เล่ม ๑๙ · หน้า 57b

ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་དབང་པོ་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དབང་པོ་རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །སྟོབས་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། སྟོབས་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། སྟོབས་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། སྟོབས་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་

སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སྟོབས་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་བདག་མྱེད་ཅེས་

བྱ་བར་རྟོག་པར་འགྱུར་རོ། །སྟོབས་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་སྟོབས་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སྟོབས་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སྟོབས་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སྟོབས་

རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་

ལག་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་རྟག་ཅེས་

བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་

เล่ม ๑๙ · หน้า 58a

དག་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་སྡུག་

གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་རྟག་གོ་ཞེས་བྱ་བར་སྟོན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འཕགས་པའི་

ལམ་ཡན་ལག་བརྒྱད་པ་བདག་མྱེད་དོ་ཞེས་བྱ་བར་སྟོན། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། འཕགས་

པའི་ལམ་ཡན་ལག་བརྒྱད་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །འཕགས་པའི་ལམ་

ཡན་ལག་བརྒྱད་པ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་

པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། འཕགས་

པའི་བདེན་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། འཕགས་པའི་བདེན་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། འཕགས་པའི་བདེན་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด