དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗ · หน้า 228b
ཇི་ལྟར་ནུས་པ་ལྟར་སྔར་བཤད་པའི་ཕྱོགས་བཞི་ལས་གང་ཡང་རུང་བའི་ཕྱོགས་ལ་དམིགས་ནས། རྣལ་འབྱོར་མའི་འཁོར་ལོ་མཐའ་དག་གི་རང་བཞིན་ཕྱག་རྒྱ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་མ་བདག་མེད་མ་གཏུམ་མོའི་ངོ་བོ་ཉིད་འབར་དུ་འཇུག་གོ། །དེ་འབར་བ་ཡང་འོད་ཕྲ་མོ་དཔག་
ཏུ་མེད་པ་འཕྲོས་པ་རྣམས་ཀྱིས། བ་སྤུའི་བུ་ག་དང་རྩེ་མོ་དང་མཚམས་རྣམས་ཁྱབ་པར་བྱས་ནས་དེ་རྣམས་ལས་འབྱུང་ངོ་། །ཨ་ཝ་དྷཱུ་ཏཱིའི་ལམ་གྱིས་ཀྱང་སྟེང་དུ་འགྲོ་ཞིང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང་ཕུང་པོ་ལྔ་ལ་སོགས་པ་རྣམས་གདུངས་
ནས། སྣ་བུག་གཡས་པ་ལས་དང་མཛོད་སྤུའི་ཁུང་བུ་ལས་འབྱུང་ངོ་། །རྣམ་པ་གསུམ་པོ་ཕྱིར་བྱུང་བ་ཡང་གློག་གི་འོད་བཞིན་དུ་ཕྱོགས་རྣམས་སུ་ཁྱབ་ནས། འཁོར་བ་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐའ་དག་ལ་རེག་ཅིང་རྫོགས་པའི་སངས་
རྒྱས་ཀྱི་གཟུགས་སུ་བསྐྱེད་དེ། དེ་རྣམས་ཀྱི་དང་རང་ཉིད་གྲུབ་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་བཞུགས་ནས་བདེ་བ་ཆེན་པོའི་འཁོར་ལོ་གདུངས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་འདོད་ཆགས་ཆེན་པོའི་མེའི་འོད་ཀྱིས་བསྐུལ་ཅིང་འདོད་ཆགས་ཆེན་པོའི་
རྗེས་སུ་ཆགས་པ་རྣམས་སྒོམ་པ་པོའི་སྨིན་མཚམས་ཀྱི་མཛོད་སྤུའི་བུ་ག་ནས་ཞུགས་ཏེ། བདེ་བ་ཆེན་པོའི་འཁོར་ལོར་གནས་པ་ན་ཟླ་བ་དང་ལྷན་ཅིག་ཞུ་བར་བྱས་ནས་དེ་ཞུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པ། ཕུང་པོ་ལ་སོགས་པ་སྒྲོ་འདོགས་པ་ཟིལ་གྱིས་གནོན་པ་ཤེས་རབ་དང་ཐབས་
རོ་གཅིག་པའི་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་ངོ་བོ་ལྟེ་བར་གནས་པར་འགྱུར་རོ། །དེ་ལྟར་འདི་སངས་རྒྱས་ཀྱིས་བྱིན་གྱི་རླབས་ཕུན་སུམ་ཚོགས་པར་འགྱུར་རོ། །ཡི་གེ་བསྒོམ་པ་ལ་ལྷག་པར་མོས་པ་བསྡུས་པ་ལ་དགའ་བས། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོའི་
མཚོ་སྐྱེས་ཀྱི་ལྟེ་བ་རྣམས་ལ་རིམ་པ་ཇི་ལྟ་བར་དམར་པོ་དང་ནག་པོ་དང་དཀར་པོ་སྟེང་དང་འོག་ཏུ་མགོ་བསྟན་པའི་ཨཾ་ཧཱུྃ་ཨོ་ཧ་ཡིག་རྣམས་བསྒོམས་ཏེ། ཨཾ་གི་ངོ་བོ་བཅོམ་ལྡན་འདས་མ་གཏུམ་མོ་འབར་དུ་གཞུག་གོ། །དེས་ཀྱང་ཧཱུྃ་དང་ཨོཾ་གྱི་ཡི་གེ་དག་གདུངས་ནས་ཧཾ་ཞུ་བར་བྱས་ཏེ་འོག་
เล่ม ๗ · หน้า 229a
ཏུ་འཛག་ཅིང་། དེ་ཞུ་བ་དང་ཨོཾ་ཧཱུྃ་དག་དང་རོ་མཉམ་པ་སྔོན་བཞིན་དུ་ལྟེ་བར་གནས་པར་བྱའོ། །རྒྱས་པ་ལ་དགའ་བས་ནི། ཡང་ལྟེ་བར་སྟེང་དུ་ཁ་ཕྱོགས་པའི་ཆུ་སྐྱེས་དམར་པོའི་ལྟེ་བར་ཟླ་བའི་སྟེང་དུ་ཨཾ་ངོ་། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་གཡས་
སྐོར་དུ་རིམ་པ་ཇི་ལྟ་བར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་བརྒྱད་རྣམས་སོ། །སྙིང་གར་འོག་ཏུ་ཁ་ཕྱོགས་པའི་པདྨ་དཀར་པོའི་ལྟེ་བ་ལ་ཟླ་བར་ཧཱུྃ་སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཨི་ཨུ་ཨེ་ཡིག་རྣམས་དང་། དབང་ལྡན་ལ་སོགས་པ་རྣམས་ལ་ཡ་ར་ལ་ཝ་རྣམས་སོ། །མགྲིན་པར་གྱེན་དུ་ཁ་
ཕྱོགས་པའི་ཆུ་སྐྱེས་དམར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨཱ་ཨཱི་ཨཱུ་ཨཻ་ཡིག་རྣམས་དང་། དབང་ལྡན་ལ་སོགས་པ་རྣམས་སུ་ཡཱ་རཱ་ལཱ་ཝཱ་རྣམས་སོ། །མགོ་བོར་འོག་ཏུ་ཁ་ཕྱོགས་པ་འདབ་མ་སུམ་ཅུ་རྩ་གཉིས་པའི་སྣ་ཚོགས་པདྨ་ལ་ལྟེ་བའི་ཟླ་བར་ཧཾ་
སྟེ། ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེས་བར་དུ་ཆོད་པ་རྣམས་ལ་རིམ་པ་ཇི་ལྟ་བར་དབྱངས་བཅུ་དྲུག་རྣམས་སོ། །ཨ་དང་ཀ་ལ་སོགས་པའི་ཡི་གེ་འདི་རྣམས་ཐམས་ཅད་ཀྱང་ཟླ་ཕྱེད་དང་ཐིག་ལེ་དང་ནཱ་ད་དང་བཅས་པ་བ་མོ་འཛག་པ་རྣམས་སུ་བསྒོམ་ཞིང་། ཨཾ་གི་ངོ་བོའི་གཏུམ་མོ་
འབར་དུ་འཇུག་གོ། །དེ་ཡང་གྱེན་དུ་འགྲོ་ཞིང་ཡི་གེ་རྣམས་ཐམས་ཅད་གདུངས་པར་བྱེད་ཞུ་བར་བྱེད་དོ། །དེ་ཞུ་བ་དང་རོ་གཅིག་པ་འོག་ཏུ་ས་བོན་པ་ནི་ལྟེ་བར་སྔར་བཞིན་དུ་ངལ་སོའོ། །དཔྱིད་ཀྱི་ཐིག་ལེ་དེ་ཁོ་ན་བརྟག་པའི་རྒྱལ་པོ་རྡོ་རྗེ་འཛིན་པ་སྟེ། སྔར་བཞིན་དུ་དེ་རྗོད་པར་བྱེད་པའི་
གཞུང་གི་ཚོགས་ཀྱང་དེ་སྐད་དོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་བཞི་པའོ།། །།བཅུ་གསུམ་པར་མདོར་བསྟན་པའི་བརྡ་རྣམས་རྒྱས་པར་བཤད་པའི་དོན་དང་། དགོངས་པའི་སྐད་གཞན་རྟོགས་པར་བྱེད་པའི་དོན་
དུ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །ངག་དང་ཡན་ལག་གི་ཕྱག་རྒྱ་ནི་ངག་དང་ཕྱག་རྒྱའོ། །དམ་ཚིག་ཆེ་ནི་སྦས་པའི་བརྡའོ། །མ་ཕུག་པ་ནི་མ་མཚོན་པའོ། །འདིས་ནི་གསང་བ་ཉིད་དུ་གསུངས་སོ། །ཤིན་ཏུ་གསང་བ་ཉིད་གསུངས་པ། དགོད་ཅེས་པ་ལ་སོགས་
เล่ม ๗ · หน้า 229b
པ་སྟེ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མ་བཞི་རྣམས་ཀྱི་རྒྱུད་གང་ཡིན་པ་ནི་དགོད་པ་དང་བལྟས་པ་དག་དང་འཁྱུད་པ་དང་གཉིས་གཉིས་དང་ལག་བཅང་རྣམས་ཀྱིས་མཚོན་པའོ། །དེ་ལྟར་ནི་བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ལྷ་རྣམས་ཤེས་རབ་དང་ཐབས་དག་གིས་རྗེས་
སུ་ཆགས་པ་གསལ་བར་བྱེད་པ་ལྟ་བའོ། །ཁ་ཅིག་ཏུ་འཛུམ་པའོ། །ཁ་ཅིག་ཏུ་ལག་པ་འཛིན་པའོ། །ཁ་ཅིག་ཏུ་འཁྱུད་པའོ། །ཁ་ཅིག་ཏུ་གཉིས་གཉིས་སོ། །འདི་ལྟར་གྱུར་པ་ལྟ་བ་ལ་སོགས་པའི་ཤིན་ཏུ་དགའ་བ་ཅན་བྱ་བ་ལ་སོགས་པའི་རྒྱུད་ཀྱིས་ཀྱང་མ་བཤད་པ་ནི་མ་བསྒྲགས་
པའོ། །དགོངས་པའི་སྐད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཁོ་ནས་བསྒྲགས་པ་འབའ་ཞིག་སྟེ། དེའི་ཕྱིར་མཆོག་ཏུ་གསང་བའོ་ཞེས་པ་དགོངས་པའོ། །དམིགས་པ་གཅིག་པའི་སེམས་ནི་རྩེ་གཅིག་སེམས་སོ། །འདིར་ཚིག་ཤེས་པ་རྣམས་ཕན་ཚུན་དུ་གལ་ཏེ་དགོངས་
པའི་སྐད་ཀྱིས་ནི་སྨྲ་བར་སྐད་གཞན་གྱིས་ཐ་སྙད་བྱེད་དམ། དམ་ཚིག་མི་ཤེས་པའི་མདུན་དུ་སྨྲ་བར་བྱེད་ན་དེའི་ཚེ་དམ་ཚིག་དྲལ་བའི་ཕྱིར་ཡམས་ནད་དང་ཉེ་བར་འཚེ་བ་ལ་སོགས་པ་རྣམས་ཀྱིས་གནོད་དོ་ཞེས་གཞན་དུ་གསུངས་སོ། །དཔའ་བོ་སྲིང་མོའི་ཞེས་པ་རྣལ་འབྱོར་པ་དང་རྣལ་
འབྱོར་མ་དག་གིའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་པོའི་རྣལ་འབྱོར་པས་བསྟན་པ་ལ་སེམས་ཅན་གཞུག་པའི་ཆེད་དུ་ལྟུང་བར་བྱེད་པ་དང་དབང་དུ་བྱ་བ་དང་དགུག་པ་དང་རེངས་པ་ཞེས་པ་ལྟ་སྟངས་བཞི་གསུངས་པ། མཉམ་པ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ནི་མི་ཡོ་བའོ། །
གདུག་པ་ནི་ཁྲོ་བོའི་ཉམས་ཏེ། དེ་ལྟར་གཞན་ལ་ཡང་ལྟ་སྟངས་དང་རྗེས་སུ་མཐུན་པ་ལས་སེམས་ཀྱི་ཉམས་ཤེས་པར་བྱའོ། །དེ་ལ་གང་ཡང་དག་པར་ཕྱོགས་པར་བལྟ་ཞིང་ཁྲོ་བོའི་ཉམས་ཅན་མིག་འབྲས་དག་གིས་དཔྲལ་བ་ལ་བརྟེན་པ་དེ་ནི་ལྟུང་བྱེད་ཀྱི་ལྟ་སྟངས་སོ། །གཡོན་པ་ལ་
བརྟེན་པའི་མིག་འབྲས་གཉིས་ཅན་གཡོན་དུ་བལྟ་བ་ནི་དབང་དུ་བྱ་བའོ། །མིག་འབྲས་གཉིས་སྟེང་དུ་བརྟེན་ཞིང་གཡས་སུ་བལྟ་བ་ནི་དགུག་པའོ། །སྣ་གོང་ལ་བརྟེན་པའི་མིག་འབྲས་གཉིས་ཅན་མངོན་དུ་ཕྱོགས་པར་བལྟ་བ་ནི་རེངས་པའོ། །མིག་འབྲས་གཉིས་སྣའི་རྩེ་མོར་བརྟེན་
เล่ม ๗ · หน้า 230a
ཅིང་འཕྲེད་དུ་བལྟ་བ་ཡང་ལྟུང་བའི་ལྟ་སྟངས་སོ། །སྲོག་གཅོད་པ་ཡང་ནི་ལྟུང་བའོ། །དེ་ལྟར་ཡང་གསོད་པ་ནི་སླར་འཚོ་བར་བྱ་ནུས་པ་ཁོ་ནས་བྱ་སྟེ། གཞན་དུ་ན་སེམས་ཅན་རྣམས་གཞུག་པའི་དོན་དུ་ཇི་ལྟར་འགྱུར། འཚོ་བར་བྱ་མི་ནུས་པས་སེམས་ཅན་གསོད་པར་
བྱས་པ་ལས། བདེ་འགྲོར་འགྲོ་བར་ཡང་མི་འགྱུར་ན་སྐྱེས་བུའི་དོན་གྱི་མཆོག་འགྲུབ་པའི་དོན་ཅི་ཞིག །དེ་སྐད་དུ་ཡང་བརྟག་པ་གཉིས་པར་བཀའ་སྩལ་པ། གསད་པ་འདི་ནི་བྱ་བ་མིན། །དམ་ཚིག་ཆེས་ཆེར་ཉམས་པར་འགྱུར། །སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་
བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་སོ། །དབུགས་ཕྱིར་འབྱུང་བ་ནི་འབྱུང་བའོ། །རབ་ཏུ་གཞུག་པ་ནི་དགང་བའོ། །ནང་གང་བ་ནི་བུམ་པ་ཅན་ནོ། །ཞུགས་ནས་གཡོ་མེད་གྱུར་པ་ནི་ཞི་བ་ཅན་ནོ། །འདི་རྣམས་གོམས་པར་
བྱ་བའི་ཆེད་དུ་རིམ་པ་ཇི་ལྟ་བར་ཁུ་བ་དང་བཅས་པའི་ཤིང་དང་མེ་ཏོག་དང་རྡོ་རྗེའི་ཤིང་དང་གཡོ་བ་རྩ་ཞེས་པ་མཚོན་པ་བཞི་རྣམས་གསུངས་པ། ལྟུང་བ་ཞེས་པ་ལ་སོགས་པའོ། །འཁྲུལ་པ་ནི་ཕྱིན་ཅི་ལོག་གོ། །ངལ་སོ་བ་མེད་པར་གོམས་པར་བྱེད་པ་ནི་ལྟ་ཅི་སྨོས། དངོས་གྲུབ་
གསལ་བར་བྱེད་པའི་བརྡའི་བྱེ་བྲག་རྒྱས་པར་སྟོན་པ་གསུངས་པ། གཉིས་ཞེས་པ་ལ་སོགས་པའོ། །ཀུན་དུ་སྤྱོད་པ་ལ་དགེ་བ་ནི་སློབ་དཔོན་དང་ཀུན་དུ་སྤྱོད་པ་ཡོད་ན་ལེགས་པ་ཅན་སློབ་དཔོན་ནི་སློབ་དཔོན་དག་སྟེ། །གཅིག་ལྷག་ལས་སོ། །ཇི་སྐད་བཤད་པའི་དམ་ཚིག་དང་
ཀུན་དུ་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདོད་པའི་ལྷའི་བདག་ཉིད་ཀྱི་རྣལ་འབྱོར་མ་ལ་ཕྱག་འཚལ་ཅིང་། རང་གི་འདོད་པའི་ལྷའི་གཟུགས་ཅན་མ་དེ་ཀུན་དུ་སྤྱོད་པས་ཡིད་འཕྲོག་པ་མོ་དེ་ཡང་དེ་ལ་སླར་ཕྱག་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་
ཡང་རྣལ་འབྱོར་མ་གཡས་པས་སྟེང་དུ་ལྟ་ཞིང་སྨིན་མ་གཡས་བསྒུལ་བས། ནམ་མཁའ་ལ་སེམས་ཅན་གྱི་བྱ་བ་འགྲུབ་པའི་ཆེད་དུ་འགྲོ་བའི་ཆེད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་རྣལ་འབྱོར་པ་ལ་གྱེན་གནས་ཀྱི་དངོས་གྲུབ་རྫུ་འཕྲུལ་དང་མངོན་ཤེས་འབྱུང་བར་འགྱུར་
เล่ม ๗ · หน้า 230b
རོ་ཞེས་གསལ་བར་བྱེད་དོ། །འགྱུར་རོ་ཞེས་པ་ནི་ད་ལྟར་བ་དང་ཉེ་བའི་ཕྱིར་རོ། །དེ་ལྟར་ཕྱི་མ་ལའོ། །གཡོན་པ་སྟེང་དུ་ལྟ་བ་ནི། གཡོན་པ་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་གྱི་དཔུང་ནི་བསམ་གཏན་གྱི་བར་ཆད་བྱེད་པའི་ཕ་རོལ་གྱི་འཁོར་ལོ་སྟེ། དེ་འཇོམས་པ་ནི་བདུད་རྣམས་
ཟིལ་གྱིས་གནོན་པའོ། །རྣལ་འབྱོར་དེ་ཉིད་ཀྱི་ཤེས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་གྱིས་སོ། །འདུ་ཤེས་ནི་བརྡ་བྱ་བར་འདིས་འདུ་ཤེས་པར་བྱའོ་ཞེས་བྱས་ནས་སོ། །དེར་ཞེས་པ་གཽ་རཱི་ལ་སོགས་པའི་གཟུགས་དེའི་རྫོགས་པའི་ངོ་བོའི་དངོས་གྲུབ་བོ། །
གཡོན་ལས་ཅིག་ཤོས་ཀྱི་འགུལ་ན་ཡང་ལྟ་སྟངས་ཀྱི་བྱེ་བྲག་གིས་སོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་ཐ་སྙད་འགྲུབ་ཅིང་འཇིག་རྟེན་པའི་སྒྲུབ་པ་དགག་པ་ལ་སོགས་པ་ཡང་བརྡ་ཆད་ལ་སོགས་པ་ཁ་ཅིག་ལའོ། །རྣལ་འབྱོར་པ་ཞེས་པ་རྣལ་འབྱོར་པའིའོ། །ཡང་
དག་པར་བརྗོད་པ་འདིའིའོ་ཞེས་པ་སྡུད་པ་སྟེ། གསུང་རབ་ཀྱི་བརྗོད་བྱའི་དོན་ནོ། །དེའི་དངོས་གྲུབ་ནི་རང་གི་དོན་རྫོགས་པའོ། །དེ་ཡོད་ན་གཞན་གྱི་དོན་ནི་ལེགས་པ་གསུངས་པ་ནི་བསྟན་པ་སྟེ་དེ་འགྲུབ་པའོ། །ལྟ་སྟངས་ལྟ་བ་དང་ཕྱག་རྒྱ་སྨིན་མ་བསྐྱོད་པ་ལ་སོགས་པ་སྟེ།
དེ་དག་གིས་མངོན་པར་འདོད་པ་ཤེས་པ་ནི་ལྟ་སྟངས་དང་ཕྱག་རྒྱའི་ཤེས་པ་སྟེ་བཤད་དོ་ཞེས་པ་ལྷག་མའོ། །ལས་རབ་འབྱམ་བརྗོད་པའི་ཆེད་དུ་གསུངས་པ། དཔལ་ཞེས་པ་ལ་སོགས་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོའོ། །
དེའི་ཇི་ལྟའི་དབྱིབས་ནི་སྐུ་སྟེ། དེ་དང་ལྡན་པ་ནི་དེའི་བདག་ཉིད་ཀྱིས་སོ། །ཐོད་པ་ནི་འདིར་རམ་གཞན་དུ་གཉིས་སྐྱེས་ལ་སོགས་པའི་ཁྱད་པར་ཅན་མ་བྱུང་བ་ན་རྨ་མེད་པ་གཟུགས་མཛེས་པ་བསྔགས་སོ། །དེ་ཡང་བུད་མེད་རྣམས་ཀྱི་དང་སྔགས་པ་རྣམས་ཀྱིའོ། །དེ་གསུངས་པ།
གསེར་གྱི་སྒོ་དང་ཡང་དག་ལྡན། །མི་ཡི་ཐོད་པར་ཤེས་པར་བྱ། །བྲམ་ཟེ་ལ་སོགས་ཐོད་པ་ནི། །རྣ་བ་རེ་རེ་འཕེལ་བའོ། །རིགས་དམན་པ་ཡི་ཐོད་པ་ནི། །རྣ་བའི་སྟེང་དུ་བུག་པར་འགྱུར། །རྒྱབ་ཏུ་བུག་ཅན་མ་ནིང་གིའོ། །བུད་མེད་ཀྱི་རྟག་ཏུ་རྨ་མེད། །མཁས་པའི་ཐོད་
เล่ม ๗ · หน้า 231a
པར་ཤེས་ལྡན་གྱིས། །ཤེས་བྱ་དེ་བཞིན་སྔགས་པ་ཡིས། །མུ་ཏིག་ཕྲེང་འདྲའི་རི་མོ་ནི། །དཔྲལ་བར་རྣ་བའི་དུང་དག་ལའོ། །ཞེས་སོ། །གཟུགས་བཟང་བ་ནི་རི་བོང་ཅན་ལ་སོགས་པ་རྣམས་གང་ཡང་རུང་བའོ། །གཅིག་གཉིས་གསུམ་བཞིའི་དུམ་བུ་
ཅན། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་ཁ་ནི་དཀར་དམར་འགྱུར། །ཅུང་ཟད་རིང་ཞིང་ཤིན་ཏུ་མཛེས། །པདྨ་པདྨའི་རྣམ་པ་འདྲ། །སེར་དང་དམར་དང་དེ་བཞིན་དཀར། །རབ་ཏུ་བསྔགས་པའི་ཐོད་པ་རྣམས། །ལྷག་མ་རྣམས་ནི་རྣམ་པར་སྤང་། །ཞེས་སོ། །ལྷག་མ་
རྣམས་ནི་རུལ་བ་དང་གས་པ་ལ་སོགས་རྣམས་སོ། །ཡུངས་ཀར་བསྐྱེད་ནས་ཞེས་པ་ཡུངས་ཀར་བཏབ་ནས་སོ། །ཆོ་ག་བཞིན་ཞེས་པ་དང་པོར་གཉིས་སྐྱེས་ཀྱི་ཐོད་པར་བསྐྱེད་ཅིང་། དེའི་རྗེས་སུ་མི་གཞན་གྱི་རུའོ་ཞེས་པ་ལ་སོགས་པ་ཆོ་གའོ། །ཡི་དགས་ལ་སོགས་པ་རྣམས་
ཐམས་ཅད་ལས་བསྲུང་བ་ནི་ཐམས་ཅད་བསྲུང་བའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་མདོར་བསྟན་པ་རྒྱས་པར་བསྟན་པའི་ཆེད་དུ་གསུངས་པ། དཔལ་ཞེས་པ་ལ་སོགས་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བས་སྟེང་གི་མཆེ་བ་རྣམས་ཀྱིས་མ་མཆུ་མནན་པ་སྟེ།
དེ་ཉིད་ཀྱི་ཕྱིར་ཡང་དག་པར་སྦྱར་བ་གང་གི་ཡིན་པ་དེ་དེ་སྐད་དོ། །མ་མཆུ་མནན་ཞིང་སྦྱར་དང་བཅས། །ཞེས་འདོན་པ་ལ་ནི་མ་མཆུ་མནན་ཞིང་སྦྱར་བ་དང་ལྷན་ཅིག་འཇུག་པའོ་ཞེས་སྦྱར་བར་བྱའོ། །གཡོན་པ་རྡོ་རྗེ་དྲིལ་བུ་དང་ཐོད་པ་དང་ཞགས་པ་རྣམས་འགྱིང་བས་འཛིན་ནོ་ཞེས་
པ་གཡོན་པ་འགྱིང་འཛིན་ནོ། །དཔལ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་སྙེམས་མ་སྟེ་དེ་དང་ལྡན་པའོ། །གཡས་པས་རྡོ་རྗེ་དང་རལ་གྲི་དང་ལྕགས་ཀྱུས་ཕྱོགས་ཀྱི་འཁོར་ལོར་བགེགས་འཇོམས་པའི་ཚུལ་རྣམས་ཀྱིས་གསལ་ཅིང་གསལ་བར་སོ་སོར་སྣང་བར་ཇི་ལྟར་འགྱུར་བ་དེ་ལྟར་
ཕྱག་རྒྱར་མཛད་བྱིན་གྱིས་རློབ་པར་མཛད་ཅེས་འབྲེལ་ལོ། །སྟེང་འོག་ཅེས་པ་ཐད་ཀར་ཡང་ཞེས་པ་ལྷག་མའོ། །ས་དང་ས་སྟེང་ཞེས་པ་ནི་མཐོ་རིས་ཞེས་པ་ལྷག་མ་སྟེ། དེ་ནི་ས་འོག་དང་མཐོ་རིས་དང་མི་ཡུལ་རྣམས་ཞེས་པའི་དོན་ཏོ། །རང་ཉིད་ཅེས་པ་རྡོ་རྗེ་སེམས་དཔའི་
เล่ม ๗ · หน้า 231b
བདག་ཉིད་ཀྱིས་སོ། །རྒྱས་འདེབས་པ་ཡང་འདི་རྣམས་ལ་བགེགས་མི་འཇུག་པའི་དོན་ནོ། །དེ་ལྟར་བསྒོམས་བཞིན་པ་ནི་སངས་རྒྱས་ཀུན་དངོས་རྡོ་རྗེ་སེམས་དཔའི་གཟུགས་ཅན་ལས་རབ་འབྱམ་ལ་སོགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །འདི་སྐད་གསུངས་ཏེ། ཡུད་ཀྱིས་
ཐ་མལ་པའི་ལུས་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཇི་སྐད་བཤད་པའི་ཕྱག་དང་སྐུ་མདོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི། འོག་ཏུ་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལས་སྐྱེས་པའི་རྡོ་རྗེ་འབར་བ་རྣམས་ཀྱིས་མཚམས་མེད་ཅིང་དུམ་
བུ་ལས་གཅིག་ཏུ་གྱུར་པའི་སྟེང་དུ་རྡོ་རྗེ་གུར་དང་། མདའི་དྲ་བ་དང་བླ་རེ་དང་། ལོགས་སུ་རྡོ་རྗེ་ར་བ་དང་། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསམ་པར་བྱའོ་ཞེས་པ་མཐོ་རིས་དང་མི་ཡུལ་དང་ས་འོག་རྒྱས་གདབ་པ་བསྒྲུབས་ནས། དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་
མར་བྷྲཱུྃ་ལས་སྐྱེས་པའི་འཁོར་ལོ་སེར་པོ་གཡས་སུ་འཁོར་བ་རྩིབས་བཅུ་པའི་ལྟེ་བའི་དབུས་ཀྱི་ནང་དུ། ཡུད་ཀྱིས་རྡོ་རྗེ་སེམས་དཔའི་ངོ་བོ་ངེས་པར་གྱུར་པས། ཇི་སྐད་བཤད་པའི་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཏེ། རྩིབས་ཀྱི་རྩེ་མོ་བཅུ་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཇི་སྐད་
བཤད་པའི་ཁྲོ་བོ་བཅུ་པོ་བགེགས་ཀྱི་ཚོགས་རྣམས་རྩད་ནས་འབྱིན་པར་མཛད་པ་རྣམས་ཀྱིས་ཕྱོགས་བཅུ་རྣམས་བྱིན་གྱིས་བརླབས་ཏེ། འོག་དང་སྟེང་དང་ཐད་ཀར་ཁོར་ཡུག་ཆེན་པོའི་མཐར་ཐུག་པར་འགྲོ་བ་ལ་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་མོས་ནས། ཡུད་ཀྱིས་ཤེས་
རབ་དང་བཅས་པའི་རྡོ་རྗེ་འཛིན་པའི་གཟུགས་ཁོ་ན་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། གོམས་པ་ཕུལ་དུ་བྱུང་བ་ལས་གསལ་བར་རྡོ་རྗེ་སེམས་དཔའ་ལ་སོགས་པ་སོ་སོར་སྣང་བ་དང་ལྡན་པས་ནི། ལས་རབ་འབྱམ་ཐམས་ཅད་སྒྲུབ་པར་བྱེད་ཅིང་
དངོས་གྲུབ་ཐོབ་པར་བྱེད་ཅིང་། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཡི་དགས་ལ་སོགས་པ་རྣམས་ཀྱིས་སྨན་གྱི་མཐུ་འཕྲོག་པའི་ཕྱིར་རོ་ཞེས་པའོ། །སྒོམ་པ་ཆེན་པོ་བྱས་པ་འདི་ལས་གཞན་པ་ཡང་ཇི་ལྟར་རྡོ་རྗེ་སེམས་དཔའི་ངོ་བོར་བསྒོམ་པ་ཁོ་ནས་བསྒྲུབ་པར་བྱ་སྟེ། འོན་
เล่ม ๗ · หน้า 232a
ཀྱང་སྨན་གྱིས་ཀྱང་བགེགས་རྣམས་ལ་བསྲུང་བ་བྱས་ནས་སོ། །དེའི་ངོ་བོར་གསུངས་པ། མིའི་ཞེས་པ་ལ་སོགས་པའོ། །དེས་ནི་ཇི་སྐད་བཤད་པ་རིགས་པས་རྡོ་རྗེ་འཛིན་པའི་བདག་ཉིད་ཁོ་ནས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བར། དང་པོར་བྲམ་ཟེའི་ཐོད་པ་
དེའི་རྟེན་གྱི་སས་བཀང་བར། གལ་ཏེ་དབེན་པའི་ས་གཞི་ཐོབ་ན། ཡུངས་ཀར་བསྐྱེད་དོ། །དེའི་འབྲས་བུ་མི་གང་སུ་ཡང་རུང་བའི་ཐོད་པར་དེ་ལྟ་ཁོ་ན་བསྐྱེད་དོ། །དེའི་ལོ་མ་སྐམ་པོར་བྱ་བ་ཡང་དང་འབྲས་བུའི་མར་ཁུ་ཚོད་མར་བྱས་ཏེ་ཟོས་ནས་འབྲས་བུའི་མར་ཁུ་མགོ་བོ་ལ་
བྱུགས་པ་བྱས་ཏེ། འབྲས་བུས་བགེགས་བསྐྲད་པའི་བསམ་པས་ཕྱོགས་རྣམས་སུ་འཕངས་པ་རྣམས་ཀྱིས་སྲུང་བར་མོས་བཞིན་པས་ཐམས་ཅད་སྒྲུབ་པར་བྱེད་དོ། །གཉིས་སྐྱེས་ཞེས་པ་ལ་སོགས་པ་སྟེ། འདི་ཞེས་པ་འཆད་པར་འགྱུར་བའི་འོལ་མ་སེ་དཀར་པོའི་འབྲས་
བུ་དང་པོར་བྲམ་ཟེའི་ཐོད་པར་སྔར་བཞིན་བསྐྱེད་ནས། དེའི་འབྲས་བུ་མི་གཞན་གྱི་ཐོད་པར་དེ་ལྟ་ཁོ་ནར་བཏབ་ཅིང་། དེའི་འབྲས་བུ་བཟུང་ནས་སྲོག་ཆགས་གང་དང་གང་གི་ཐོད་པར་སྔར་བཞིན་དུ་བསྐྱེད་དོ། །དེའི་འབྲས་བུ་དེ་དང་དེའི་གཟུགས་སུ་གསལ་བར་འགྱུར་བར་
འདོད་པས་ཁའི་དབུས་སུ་བཞག་ཅིང་དེ་དང་དེའི་གཟུགས་འཛིན་ནོ། །དེའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་ལ་བུད་མེད་ལ་སོགས་པ་རྣམས་དང་བྱ་རོག་ལ་སོགས་པ་རྣམས་ཀྱི་ཐོད་པར་བཏབ་ནས་ཞེས་འཇུག་གོ། །རོའི་ཞེས་པ་ལ་སོགས་པ་སྟེ། དུར་ཁྲོད་ནི་
ས་གང་དུ་མི་རོ་བསྲེགས་པའོ། །གུ་གུལ་ནི་གུ་གུལ་ལོ། །འབྱུང་པོའི་ཉིན་མོ་ནི་ནག་པོའི་ཕྱོགས་ཀྱི་བཅུ་བཞིའོ། །འབྱུང་པོའི་ཉིན་མོ་ལ་མི་ཤི་བའི་ཁའི་ནང་དུ་གཞག་པའི་གུ་གུལ་དུར་ཁྲོད་ཀྱི་མེས་བསྲེགས་བཞིན་པ་བདུག་སྤོས་རེག་པ་ལས་མི་ལ་ཡི་དགས་ལ་སོགས་པ་གང་
དབབ་པར་འདོད་པ་དེ་འབབ་པར་བྱེད་ཅིང་སྒྲུབ་པ་པོའི་མངོན་པར་འདོད་པ་སྨྲའོ། །བདུག་པ་སྤངས་པ་ལས་བབས་པ་གྲོལ་བའོ། །གསེར་ཤིང་ནི་དྷ་དུ་རའོ། །ཨཱ་ལཾ་ནི་བ་བླའོ། །དུམ་བུ་ནི་དུམ་ཞོགས་སོ། །དྲུག་པོ་འདི་རྣམས་བསྲེས་པ་རོའི་ཁར་གནས་པ་རྣམས་སྔར་བཞིན་
เล่ม ๗ · หน้า 232b
ནོ། །རྟ་གསོད་ནི་ཀ་ར་བི་རའོ། །ཉི་མའི་ཤིང་ནི་ཨར་ཀ་སྟེ་དེའི་ཤིང་ནང་ན་གནས་པའོ། །ཕྱེ་མ་ལེབ་ནི་སྲོག་ཆགས་སོ། །སྡིག་པ་ནི་ཀར་ཀའི་སྟེ། རྔ་མ་ནི་མཇུག་མའོ། །བོང་ངའི་དུག་གི་བརྒྱའི་ཆ་ཤས་སོ། །འདི་བཞི་བཏགས་པས་བྱུགས་པའི་ལག་པ་ནི་ལག་པ་ཁོ་ནའོ། །གོ་
ནས་ནི་སྦྲུལ་ཏི་ལི་ཏ་ས་སྟེ་དེ་དང་འདྲ་བར་འགྱུར་རོ། །དེ་ལག་པ་ལ་རེག་པ་ན་ཟོས་ཟིན་པ་བཞིན་དུག་འཕོས་པའི་ཕྱིར་རོ། །བཱ་ན་རཱི་ནི་ཀ་སི་ཀཙྪ་སྟེ། ཀཙྪ་སིམ་བྷི་ཞེས་རབ་ཏུ་གྲགས་པའོ། །བཱ་ན་རཱིའི་འབྲས་བུའི་སྤུ་རྣམས་ཨརྐའི་འོ་མས་ཉིན་ཞག་བདུན་རྣམས་སུ་བསྒོམ་ཞིང་།
དེའི་རྗེས་སུ་དེ་རྣམས་དང་ལྷན་ཅིག་བཏགས་པའི་ཐོད་ལོ་ཀོར། དེ་ལྟ་ཁོ་ནར་ཨརྐའི་འོ་མའི་དབུས་སུ་ཞག་བདུན་རྣམས་གཞག་པར་བྱའོ། །འདི་ལྟའི་དེ་དག་གིས་ཏེ་ཝ་ན་རཱི་དང་ཐོད་ལོ་ཀོར་དག་གིས་ས་གཞི་ལ་བྲིས་པའི་གདེངས་ཅན་དབང་པོ་ནི་སྦྲུལ་ལོ། །དུག་གིས་བསྲེག་གོ་ཞེས་
པས་ན་དུག་གིས་བསྲེག་པར་འགྱུར་རོ། །གང་གི་ཕྱིར་དེ་ལ་འདི་རེག་པ་ལས་སོས་ཟིན་པ་བཞིན་དུ་དུག་རབ་ཏུ་རྒྱུའོ། །འདི་དག་གི་ནི་ལག་པ་དང་བྲིས་པས་དུག་ལྡང་བ་དག་གིའོ། །མ་ལ་ཡ་རུ་བྱུང་བ་ནི་ཙནྡན་ནོ། །ནཱ་གེ་སར་ཞེས་པ་ནཱ་ག་གེ་སར་གྱི་མེ་ཏོག་གོ། །ནད་ཀྱི་དབང་པོ་
ནི་རུ་རྟའོ། །རྒྱ་སྤོས་ནི་པིཎྜི་ཏ་ག་རའོ། །འདི་ལྔ་ནི་ནད་མེད་དེ་སྨན་ནི། འབྲས་བཀྲུས་པའི་ཆུ་ཡིས་གཅིག་ཏུ་བཏགས་ཤིང་དཀྲུགས་ལ་བཏུང་བར་བྱའོ། །འཕྲལ་དུ་སྐྱེས་པའི་བྱིས་པའི་བྲུན་ས་ལ་མ་ལྷུང་བའི་རི་ལུ་བཏགས་པ་རྒྱ་སྤོས་ཀྱི་རྩ་བའི་དབུས་སུ་གནས་པ་ཟོས་ན།
དུག་འཐུངས་པ་དེས་མི་གནོད་དོ། །སྦལ་པའི་ནི་སྦལ་པ་ཉིད་དོ། །བད་ཀན་མཐར་འབྱེད་ནི་བ་ཧུ་ཝཱ་ར་ཏེ་དེའི་འབྲས་བུའོ། །དེ་དག་བཀོལ་བ་དག་ཞག་གིས་བཏགས་པ་ལག་པ་ལ་བྱུགས་ནས་སོས་ཟིན་པ་ལ་དེས་རེག་པར་བྱའོ། །རྡོ་རྗེ་ཅན་ནི་ཟུར་གསུམ་པ་ཤྲཱི་ཁཎྜའི་
ཤིང་སྟེ། དེའི་འོ་མའོ། །མཇུག་མ་ཅན་ནི་རྨ་བྱ་སྟེ་དེའི་ཁྲག་གོ། །སྦྲུལ་གདོང་གཉིས་པའི་ཤ་དང་ཀེང་རུས་སོ། །འདི་རྣམས་ཀྱིས་བྱུགས་པའི་རྔ་ནི་རོལ་བའི་བྱེ་བྲག་སྟེ། དེའི་སྐད་ལས་ཏེ་སྒྲ་ལས་སོ། །ལུས་དང་ལྡན་པ་ལ་བྱུགས་ཞེས་འདོན་པ་ལ་ནི་ལུས་ལ་བྱུགས་ནས་
เล่ม ๗ · หน้า 233a
གཞན་ལ་རེག་པ་ཞེས་པའི་དོན་ཏོ། །གཅེར་བུ་ལ་སོགས་པའི་ཆོ་ག་ནི་འབྱུང་པོའི་ཞག་ལ་གཅེར་བུར་བྱུང་ཞིང་སྐྲ་གྲོལ་བ་གཏོར་མ་སྦྱིན་པ་རྣམས་ཏེ། དེ་རྣམས་ཀྱིས་མཉམ་པར་གཞག་པ་ལྷའི་རྣལ་འབྱོར་ལྡན་པས་བཟུང་བའི་བཱ་ལ་ཀའི་རྩ་བའི་དུམ་བུ་བདུན་
རྣམས། ཨོཾ་བཛྲ་ཀ་ར་ཧཱུྃ་ཕཊ་ཅེས་པས་ལན་བདུན་མངོན་པར་བསྔགས་པ་ལག་པ་གཡས་པས་བཅིངས་པ་རྣམས་སོ། །ལག་འགྲོའི་དབང་པོ་ནི་སྦྲུལ་རྒྱལ་པོ་སྟེ། དེའི་པགས་པ་ནི་ཞུས་པ་དང་། དེ་ལས་གང་སྐྱེས་པ་དེ་ནི་དེ་སྐད་དོ། །ལག་འགྲོའི་དགྲ་ནི་རྨ་བྱ་སྟེ་དེའི་གཤོག་
པའོ། །གཏུམ་པའི་མེ་ལ་ཆ་མཉམ་པ་སྟེ་སྦྲུལ་ཤུན་དང་གཤོག་པ་དག་གཅིག་ཕྱེད་དང་གཞན་ཕྱེད་པ་དེ་ལས་བྱུང་བའི་བདུག་སྤོས་རེག་པ་ལས་ཕ་རོལ་འབྱེད་པར་བྱེད་དོ། །ཀ་གཉིས་པ་ནི་བྱ་རོག་གོ། །ཉིན་མོས་འཇིགས་ནི་འུག་པའོ། །ཆོ་ག་ནི་གཤོག་པ་དག་ཆ་མཉམ་
པར་བྱས་པ་གཏུམ་མོའི་མེ་ལ་འཕང་བ་དང་ལྡན་པའི་ཉམས་གསལ་བར་བྱེད་པའོ། །སྦྲུལ་ནི་སྦྲུལ་ཉིད་དོ། །གནོད་སྦྱིན་སྨྱོན་པ་ནི་ཁྱི་སྨྱོན་ནོ། །ཐོད་པ་ཅན་ནི་ལཾ་ག་ལཱིའོ། །རོའི་མགོ་སྐྱེས་ནི་སྐྲའོ། །མགྲིན་རིངས་ནི་རྔ་མོའོ། །འདི་བཞི་སྦྱར་བ་དགྲའི་སྒོར་བརྐོས་ལ་གཞག་
གོ། །སྟར་བུ་ནི་མིང་གྲགས་པ་སྟེ། གསུམ་རྣམས་ཀྱིས་མེ་ལོང་ལ་བྱུགས་ན་དེར་རྟ་ལ་སོགས་པ་རྣམས་ཀྱི་གཟུགས་མཐོང་ངོ་། །ལག་སྐྱེས་ནི་སེན་མོའོ། །དར་དུ་ར་ནི་སྦལ་བའོ། །དེ་རྣམས་ཀྱི་ནི་རྟ་ལ་སོགས་པ་རྣམས་ཀྱི་སྟེ། སྔ་མ་བཞིན་ཞེས་པ་མེ་ལོང་ལ་བསྐུ་བའོ། །
འོན་ཀྱང་སེན་མོའི་ཐལ་བ་དང་ཞག་བསྲེས་པས་བསྐུས་པ་དེ་ཁོ་ནའི་གཟུགས་མཐོང་གི། ཐམས་ཅད་ཅིག་ཅར་ཉིད་ནི་མ་ཡིན་ནོ། །ཨཾ་ཀོ་ཋའི་ས་བོན་གྱི་མར་ཁུ་ཡིས། དུ་བ་བབ་པ་ཁ་དོག་གཅིག་པའི་འོ་མས་མཉེས་ཏེ། སྐར་མ་རྒྱལ་ལ་མིག་དག་ལ་མིག་སྨན་དུ་བྱས་པ་ལས་
ཏེ་གཟུགས་རྣམས་ནི་བདག་ཉིད་ཀྱིའོ། །རྒྱ་སྤོས་ཀྱི་འབྲས་བུ་དང་ཨ་ཀོ་ཊའི་འབྲས་བུའི་མར་ཁུས་དུ་བ་ལྷུང་བ་ཚིགས་མ་སྟེ། དེས་བྱུགས་པའི་མིག་གིས་བཟང་པོའི་སྐྱེས་བུའི་གཟུགས་མཐོང་ངོ་། །དེའི་མར་ཁུའི་མིག་སྨན་གྱིས་ནི་རང་བཞིན་ཏེ་སྔར་གྱི་རང་བཞིན་ནོ། །
เล่ม ๗ · หน้า 233b
རི་བོང་ཅན་གྱི་ཆུ་ནི་སེ་བཱ་ལའོ། །བཞི་པོ་སྦྱར་བ་རྣམས་ཀྱིས་རྐང་པའི་མཐིལ་ལ་བྱུགས་པ་ལས་མི་རེངས་པར་བྱེད་དོ། །དགེ་སྦྱོང་ཅན་ནི་མུཎྜི་གའོ། །ཟླ་བ་ལས་བྱུང་བ་ནི་ཤེས་བཱ་ལའོ། །སྦྲུལ་དུ་ཎ་ཌུ་བྷ་ནི་ཊོ་ཎ་ཌ་ཞེས་རབ་ཏུ་གྲགས་པའོ། །དེའི་ཁྲག་ཐུམ་པོར་བཅིངས་པའོ། །ཤིང་
ཤྱོ་ནཱ་ཀ་ནི་ཤོ་ཎ་ཞེས་གྲགས་པའོ། །རུ་ཀ་མའི་བཙག་ནི་གསེར་བཙག་གོ། །དྲི་བ་ནི་ས་སྟེ་རབ་ཏུ་གྲགས་པའོ། །ཉ་ནི་ཉ་སྟེ་འདིར་རོ་ཧི་ཏའོ། །བཞི་རྣམས་སྦྱར་བ་ལྡེ་གུར་གྱུར་པ་རྣ་བ་ལ་སོགས་པ་རྣམས་བྱུགས་པ་ལས་ཆུ་ནུབ་པ་ན་རྒྱུའོ། །ཤིང་སྲིན་ནི་ཤིང་གི་ནང་དུ་རྒྱུ་བའི་སྲིན་
བུའོ། །ཀོཀྐི་ལ་ནི་ནགས་ཀྱི་སྦྲང་བུའོ། །ཕྱེ་མ་གསུམ་པོ་འདི་འཐུངས་ནས་མི་ནི་ཡི་དགས་དང་འདྲ་བར་སྨྱོ་བར་འགྱུར་རོ། །བུ་རམ་དང་རྩབ་མོ་འཐུངས་པ་ལས་རྣལ་མར་གནས་པའོ། །སྐྱེ་གཉིས་ནི་བྲམ་ཟེའོ། །ཁྱི་འཚེ་ནི་གཡུང་པོའོ། །བྱ་རོག་དགྲ་ནི་འུག་པའོ། །སྲོག་ཆགས་
ཙ་ར་མ་ནི་བྱི་ལའོ། །དེའི་བྲུན་དང་ལྷན་ཅིག་སྤུ་དྲུག་ཕྱེ་མར་བྱས་པ་རྣམས་འཐུངས་ནས་སྔར་བཞིན་ནོ། །བ་ལང་འཕེལ་ནི་ཅེ་སྤྱང་ངོ་། །བཞག་པ་གསལ་བ་ལས་རྗོད་བྱེད་ཞི་བའོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །གསུམ་པོ་རྣམས་ཀྱི་བྲུན་དང་འབྲས་བུ་གཉིས་ཕྱེ་
མར་བྱས་པ་མགོ་བོ་ལ་བཞག་པའོ། །སྐྲ་བྲེགས་པས་རང་བཞིན་དུ་གནས་པའོ། །དམ་ཚིག་ཆེན་པོ་ནི་མི་ཤའོ། །འཆི་བ་ནི་གལ་ཏེ་བུ་རམ་དང་རྩབ་མོ་དག་མི་མཐུན་ནའོ། །བི་ཙུ་མར་ད་ནི་ཤིང་ནིམ་པའོ། །ལག་པ་གང་གིས་བྱ་རོག་གི་ཚང་གི་ཤིང་བཟུང་བ་དེ་ཁོ་ནས་དུར་ཁྲོད་
ཀྱི་ཤིང་བཟུང་ནས་གཉིས་ཀ་གཅིག་ཏུ་བསྲེགས་པའོ། །གསང་ཞེས་པ་འདིས་བཞག་པའི་ཐལ་བ་སུས་ཀྱང་མི་ཤེས་པར་འགྱུར་བ་ལྟར་རོ་ཞེས་གསལ་བར་བྱས་སོ། །དགའ་བཅས་མ་ནི་ཁྱི་མོའོ། །སྦྲང་བུ་ནི་སྦྲང་བུ་ཉིད་དོ། །དེ་ཕྱེ་མ་རང་གི་ཁུ་བ་དང་ལྡན་པས་རྒྱུ་སྐར་རྒྱལ་ལ་
བཟུང་བས་བསྣུན་པའོ། །བུད་མེད་ནི་མོ་རྟགས་བརྗོད་པར་བྱ་སྟེ། སོ་མ་བལ་ལཱི་དང་། ཨིནྡྲ་བཱ་རུ་ཎཱི་ལ་སོགས་པ་སྟེ། འཁྲིས་ཤིང་ནི་འཁྲིས་ཤིང་ཉིད་དོ། །དེ་ཡང་དེས་དཀྲིས་ཤིང་བསྐོར་བའོ། །སྐྱེས་པ་ནི་ཕོ་རྟགས་བརྗོད་པར་བྱ་སྟེ་ཤིང་ཨ་མྲ་ལ་སོགས་པའོ། །དེ་དག་གི་
เล่ม ๗ · หน้า 234a
འདབ་མའི་ཕྱེ་མ་མཉམ་པར་བསྲེས་པའོ། །གླང་པོ་ཆེའི་སྟེ་ལག་ལྡན་གྱི་ཆང་འགྲམ་པ་ལས་སྐྱེས་པ་བུ་མོའི་ལག་པར་བཞག་པས། བག་མ་བྱེད་པ་ན་ནི་ཁྱིམ་ཐབས་བྱེད་པ་ན་སྟེ་མག་པའི་ལག་པ་འཛིན་པའི་དུས་ནའོ་ཞེས་པའི་དོན་ཏོ། །འབྱུང་པོའི་སྐྲ་ནི་བྷུ་ཏ་
ཀ་ཤཱི་ཞེས་གྲགས་པའོ། །བཞི་པོ་རྣམས་ཀྱི་ཕྱེ་མ་ལན་བདུན་དུ་མཆི་མས་བསྒོས་པ་རང་གི་ཁུ་བ་དང་ལྡན་པ་བུད་མེད་ཀྱིས་ཟོས་པའམ། བཞག་པའམ་དེ་ལ་དེས་རེག་པས་ཞེས་འཆད་པར་འགྱུར་བ་ནི་འདིར་འབྲེལ་བར་བྱའོ། །ཨཱ་བན་ནཱ་ནི་ཨོ་ནཱ་ཡི་ཞེས་གྲགས་པའོ། །བཞི་པོ་
རྣམས་ཀྱི་ཕྱེ་མ་འདི་དང་འཆད་པར་འགྱུར་བ་ཡང་ཁུ་བ་དང་བྲལ་བ་སྔར་བཞིན་ནོ། །ཀྲཱན་དཱ་ནི་པིཥྞུ་ཀྲཱན་དཱའོ། །ཤྲ་བན་ཏི་ནི་དུ་བྱེད་མའོ། །ཤིང་ལགྵ་ཎ་ནི་གྲགས་པའོ། །ཨ་བ་ན་ཏཱི་ནི་ཐལ་སྦྱར་བྱས་ཏེ། ཧསྟཱ་བོ་ཌི་ཞེས་གྲགས་པའོ། །མིག་ལས་བྱུང་ནི་མིག་རྣག་དག་གོ། །ཁྱིམ་
གྱི་མཆིལ་པའི་མགོ་བོའོ། །རང་ལུས་ཀྱི་རྨ་ལས་བྱུང་བ་ནི་མིང་མེད་ཀྱི་ཁྲག་གོ། །ལྔ་པོ་འདི་རྣམས་ཀྱིས་བྱུགས་པ་སྟེ། བྱུགས་པ་ནི་བསྐུས་པའོ། །རཱ་མ་དཱུ་ཏཱི་ནི་ན་ག་དཱ་ན་ཏཱི་ཞེས་དང་ཧ་སྟི་དཱ་ནཱ་ཏཱི་ཞེས་གྲགས་པའོ། །ཕྱེ་མ་གསུམ་གྱི་ལན་བདུན་དུ་བྱས་ནས་རང་གི་ཁུ་བས་བསྒོས་པས་
སེང་ལྡེང་གི་རེང་བུ་བསྲེས་པ་སོ་རྩི་དང་ལྷན་ཅིག་ཟོས་པའོ། །ལག་གདུབ་ཅེས་པ་དུང་ངོ་། །བུད་མེད་ཤི་བའི་ལག་པ་ལ་གནས་པ་དུར་ཁྲོད་ཀྱི་མེ་ལ་བསྲེགས་པ་ད་དུ་རའི་ཁུ་བས་མེ་བསད་པ་ཕྱེ་མར་བྱས་པ་དུར་ཁྲོད་ཀྱི་མེས་བསྲེགས་པའི་ཐལ་བ་དང་བུད་ཤིང་གི་ཐལ་བ་དང་བཅས་པ་རང་
གི་ཁུ་བ་དང་བསྲེས་པ་སོ་རྩི་དང་ལྷན་ཅིག་ཟོས་པའམ་རེག་པས་དབང་དུ་བྱེད་དོ། །བྱའི་བདག་པོའི་འཁོར་ལོ་ནི་སུ་དར་ཤཱ་ནཱའོ། །ལྷའི་བདག་པོའི་སྤོས་པོ་ནི་ཨིནྡྲ་གོ་བའོ། །ཤི་ལཱ་ནི་ལྡོང་རོས་སོ། །རོ་ཙ་ན་ནི་གི་ཝང་ངོ་། །ཏ་ལ་ནི་བ་བླའོ། །མྲྀ་ག་དུརྦ་ནི་རབ་ཏུ་གྲགས་པའོ། །
ཛཱ་ཏྲི་ཀཱ་ནི་རུ་ཀྲ་ཛ་ཏྲའོ། །ལྔ་པོ་རྣམས་ཀྱི་ཕྱེ་མ་ལན་བདུན་དུ་མིག་ཆུས་བསྒོས་པ་བུད་མེད་ལ་འཕངས་པའོ། །བག་མའི་ཉིན་པར་ཤི་བའི་མིའི་མེ་ཏོག་དང་རྟགས་ལ་གནས་པའི་བན་དུ་ཀའི་མེ་ཏོག་དང་ལྷན་ཅིག་བསྲེས་པའི་ཁྱོ་ཤུག་གི་ཐལ་བ་རང་གི་ཁུ་བས་མཉེས་པ་སྟེ།
เล่ม ๗ · หน้า 234b
དེས་བསྣུན་པའོ། །དབང་དུ་ཞེས་པ་ནི་བསྣུན་པ་ལས་སོ། །ཤུ་དག་ནི་ཤུ་དག་ཉིད་དོ། །བཅད་སྐྱེ་དཀར་པོ་ནི་དུར་བ་དཀར་པོའོ། །བེའུ་འཕྲལ་དུ་སྐྱེས་པའི་ལྟེ་བའོ། །དབང་པོའི་ནས་ནི་དུག་མོ་ཉུངས་ཀྱི་འབྲས་བུའོ། །བཀྲ་ཤིས་ཡོད་ནི་གི་ཝང་ངོ་། །ལྔ་པོ་ཆ་མཉམ་དུ་
བསྲེས་པ་རྣམས་ཀྱིས་སོ། །དཔལ་མཐའ་དག་ནི་ཙནྡན་དཔལ་གྱི་དུམ་བུའོ། །ཙནྡན་དམར་པོ་ནི་ཙནྡན་དམར་པོ་ཉིད་དོ། །རི་བོང་འཛིན་ནི་ག་བུར་རོ། །འདི་རྣམས་ཚད་མཉམ་པས་སོ། །དྲང་སྲོང་གི་བུ་ནི་བྱིའུ་ཁ་ཉ་ཛ་རཱི་ཊའོ། །བོང་བུ་ནི་བོང་བུ་ཉིད་དོ། །དེ་དག་གི་
ཁྲག་གིས་མཉེས་པ་རྣམས་ཀྱིས་སོ། །གི་རི་ཀརྞི་དཀར་པོ་ནི་གཞན་གྱིས་མི་ཐུབ་པ་དཀར་པོའོ། །ཕག་ནི་ཕག་པ་སྟེ། དེའི་སོ་དང་རྒྱུ་སྐར་རྒྱལ་ལ་གསུམ་པོ་མཉེས་པའི་ཐིག་ལེའོ། །བདེ་བར་གཤེགས་པའི་གདུང་གི་རང་བཞིན། སོ་སོར་སོང་བ་ལ་དཀྲིས་པ་ཞེས་པ། དེ་བཞིན་
གཤེགས་པའི་སྐུ་གདུང་གི་རང་བཞིན་སོ་སོར་སོང་བ་ནི་དབུས་སུ་སོ་སོར་བཅུག་པ་སྟེ། དེ་ལ་དཀྲིས་པའོ། །ཉི་མ་ནི་ཟངས་མའོ། །ཟླ་བ་ནི་དངུལ་ལོ། །མེ་ནི་གསེར་རོ། །འདིར་མན་ངག་ནི་དེ་བཞིན་གཤེགས་པའི་གདུང་ཁྲག་གིས་མཉེས་པའི་དྲི་མ་དང་མིག་གིས་དཀྲིས་པའི་རི་ལུ་སྟེ།
དེ་ལ་གསེར་དང་དངུལ་དང་ཟངས་མ་རྣམས་ཀྱིས་རིམ་གྱིས་དཀྲིས་ནས། རྒྱུ་སྐར་རྒྱལ་ལ་ལག་པར་བཟུང་བ་ལ་སྔོན་དུ་བཟླས་པ་འབུམ་བྱས་ཤིང་། རང་གི་འདོད་པའི་ལྷའི་གཟུགས་སུ་བདག་ཉིད་དང་རི་ལུ་ལའང་བསྒོམ་ཞིང་དེའི་སྔགས་ཀྱང་བཟླས་པ། དྲོ་བ་དང་དུ་བ་དང་འབར་བའི་རྗེས་
ཐོགས་སུ་ཁར་བཅུག་ནས་རྒྱུ་བར་བྱ་སྟེ་སུས་ཀྱང་མི་མཐོང་ངོ་། །འདིར། །གསེར་ནི་དྲུག་ནམ་གསུམ་རྣམས་དང་། ཕྱེད་དང་བཅས་པའི་ར་ཏི་གཉིས། །ར་ཏིའི་བརྒྱད་ཀྱི་ཆ་ཡང་སྟེ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་སྦྱོར། །སྐུ་ཡི་རང་བཞིན་དངུལ་ཡིན་ཏེ། །དྲུག་ནམ་བཞི་རྣམས་དང་
དེ་ནས། །ར་ཏིའི་རྐང་པ་གསུམ་རྣམས་ནི། །བརྒྱད་ཆ་ལྡན་པ་རྣམས་ཀྱིས་སོ། །ཟངས་ནི་དྲུག་ནམ་ལྔ་རྣམས་དང་། །ཕྱེད་བཅས་ར་ཏི་ལྡན་རྣམས་དང་། །ར་ཏི་བརྒྱ་རྣམས་རྐང་པ་དང་། །བཅས་པ་གང་གིས་གསུམ་གྱི་རྫོགས། །ཞེས་པ་མན་ངག་གོ། །ཁ་ཅིག་ནི་གསེར་ལ་
เล่ม ๗ · หน้า 235a
སོགས་པ་རྣམས་རིམ་པ་ཇི་ལྟ་བར། དྲུག་ནམ་གསུམ་དང་རིག་བྱེད་བཞི། །ར་ཏི་བདུན་གསུམ་ལྔ་དང་བཅས། །ཞེས་སོ། །གཞན་རྣམས་ན་རེ། དྲུག་ནམ་གསུམ་དང་བཞི་དང་ལྔ་སྟེ། །རྐང་པ་གསུམ་དང་བཅས་པའི་ར་ཏི་གསུམ་དང་ར་ཏིའི་རྐང་པ་གསུམ་དང་ཕྱེད་དང་བཅས་
པའི་ར་ཏི་གཅིག་དང་ལྷན་ཅིག་པ་རྣམས་སོ་ཞེས་སོ། །གཞན་རྣམས་ནི། དྲུག་ནམ་གསུམ་དང་བཞི་དང་ལྔ་སྟེ། ར་ཏིའི་བརྒྱད་ཆ་ལྔ་དང་བདུན་དང་ཕྱེད་དང་བཅས་པའི་ར་ཏི་གཅིག་དང་ལྡན་པའོ་ཞེས་སོ། །བྱ་རོག་ནག་པོ་ནི་བསྲེགས་པའི་བྱ་རོག་གོ། །ཁུ་བྱུག་མོ་ནི་ཁུ་བྱུག་ཅིག་གི་བུ་
མོའོ། །མིག་ནི་མིག་ཉིད་དོ། །མིག་རྣམས་ཤྲཱི་ཁཎྜའི་འོ་མས་མཉེས་ནས་དེ་བཞིན་གཤེགས་པའི་གདུང་གིས་དཀྲིས་ནས་རིལ་བུ་སྔར་བཞིན་ནོ། །གདུང་གི་རང་བཞིན་གྱི་རི་ལུ་བསྒྲུབ་པ་གཞན་ནོ་ཞེས་པ་ལྷག་མའོ། །ཁྱོ་ཤི་བ་དང་ལྷན་ཅིག་བུད་མེད་བསྲེགས་པའི་ཐལ་བ་ལ་སོགས་པ་
གསུམ་རང་བཞིན་གྱིས་རྡུལ་བའི་ཆུས་མཉེས་ནས་དེ་ཉིད་ཀྱིས་བདེ་བར་གཤེགས་པའི་རིང་བསྲེལ་དབུས་སུ་བྱས་ཏེ། རིལ་བུར་བྱས་པ་སྔར་བཞིན་ནོ། །ཤྲོ་ཏ་ནི་མིག་སྨན་ཤྲོ་ཏའོ། །རི་བོང་མཚན་མ་ནི་ཤེ་བཱ་ལའོ། །ཚེར་མ་ནི་ས་མ་ཀོ་ཙའི་ཚེར་མའོ། །སྦྲང་རྩི་ནི་སྦྲང་མས་བྱས་པའོ། །
མངར་བ་ཅན་ནི་ཤིང་མངར་རོ། །ན་བ་ཧ་ལི་ནཱི་དག་ནི་གསར་པའི་ལཱཾ་ག་པི་ལཱིའི་མེ་ཏོག་དང་ཀ་ལི་ཀ་དག་སྟེ། དེ་དག་གི་ཀེ་ས་རའི་ཕུང་པོ་གཉིས་ཀྱང་། གཞོན་ནུ་མ་རྡུལ་དང་པོ་ཅན་ཁྲག་གིས་མཉེས་ནས་རིལ་བུར་བྱས་པ་སྔ་མ་བཞིན་ནོ། །ཨ་ཤྭ་ཀ་སྔོན་པོའི་འབྱུང་བ་ཞེས་པ། ཨ་ཤྭ་ཀ་སྔོན་
པོའི་འབྱུང་བྱེད་ས་བོན་ཏེ། དེའི་མྱུ་གུའོ། །བུད་མེད་ནི་འདིར་ཅེ་སྤྱང་སྟེ། དེའི་ཁྲག་གིས་བདུན་དུ་བསྒོས་པ་གསེར་ལ་སོགས་པས་དཀྲིས་པ་སྔར་བཞིན་ནོ། །རིལ་བུ་ཞེས་པ་སྔགས་ཀྱིས་བཏབ་པ་སྟེ་སྔར་བཞིན་ནོ། །ཨི་གུ་དཱི་ནི་པྲི་ཡང་ཀུའོ། །འགེགས་པ་ནི་ཤི་བའི་བུད་
མེད་དོ། །ཏ་གཉིས་པའི་ཟོས་པའི་མཐའ་ནི་ཟོས་པའི་ལྷག་མ་དོར་བའོ། །ཟླ་བ་གཟས་བཟུང་བ་ནི་རིལ་བུར་བྱས་པ་སྔགས་ཀྱིས་བཏབ་པ་སྔར་བཞིན་ཁར་གནས་པ་ནི་མི་སྣང་བར་བྱེད་པའོ། །བརྟག་པའི་མཛེས་མ་ནི་ཡང་དག་འདོད་པ་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་རོ། །ཕའི་ནགས་
เล่ม ๗ · หน้า 235b
ནི་དུར་ཁྲོད་དེ། དེར་ཟླ་བ་གཟས་ཟིན་པ་ན་མཉེས་པ། དང་པོའི་མེ་ཏོག་དང་ལྡན་པའི་གཞོན་ནུ་མའི་སྒྲུབ་པ་པོས་བསྟེན་པས་སྐྱེས་པའི་ཁུ་བའོ། །ཨ་ཤྭ་ཀ་སྔོན་པོའི་བྱང་ཕྱོགས་སུ་བྱ་རོག་གི་ཚང་ཅན་དུ་སོང་བའི་མྱུ་གུ་ཟླ་བ་གཟས་ཟིན་པ་ན་བླངས་པ་བརྗོད་པའི་ཁུ་བས་བདར་བ་རྣམས་ཀྱིས་སོ། །
ཕུག་རོན་གྱི་ལྟོ་བར་བཅུག་ཅིང་དུར་ཁྲོད་ཀྱི་མེས་བཙོས་པའི་མིག་སྨན་ལིག་བུ་མིག་བྱི་ལ་ནག་པོའི་ཁྲག་དང་ལྡན་པའོ། །རྒྱུ་སྐར་རྒྱལ་ལ་འཕྲལ་དུ་སྐྱེས་པའི་གླ་སྒང་གི་མྱུ་གུས་བཏགས་པའི་སའོ། །མདའ་འཇམས་ནི་སྦྲང་རྩིའི་སྦྲང་བུའོ། །འདི་ཞེས་པ་འདི་དག་གིས་སོ། །བཏོན་ནས་
རབ་ཏུ་སྦྱོར་བ་ཞེས་པ་རབ་ཏུ་སྦྱོར་བ་དང་སྦེད་པ་སྔ་མ་བཞིན་ཏེ། འོན་ཀྱང་རིལ་བུ་ཁར་གཞུག་གོ། །ཀ་ནི་ཐོད་པའོ། །སྔོན་མ་ནི་ལུས་ཀྱི་སྟོད་ལ་གནས་པའི་མིའི་རུས་པའི་ཐུར་མའོ། །ཉི་མ་ཞེས་ཁ་ཅིག་ཏུ་འདོན་པ་ལ་ནི་གཡས་ཀྱི་ལུས་སུ་གཏོགས་པ་ཞེས་པའི་དོན་ཏོ། །ཆོ་ག་ནི་ལྷའི་
རྣལ་འབྱོར་ལ་སོགས་པའོ། །སྔགས་པ་ཞེས་པ་རྡོ་རྗེ་འཛིན་པའི་དང་། འདོད་པའི་ལྷའི་སྔགས་བཟླས་པའོ། །དོན་ནི་འདི་ཡིན་ཏེ་ཤེས་རབ་དང་གནས་པ་ལྷའི་རྣལ་འབྱོར་དང་ལྡན་པ་གཏོར་མ་བྱིན་པ་བཟླས་པ་འབུམ་བྱས་པ་སྔགས་ཀློག་ཅིང་། འབྱུང་ཕོའི་ཉི་མ་ལ་མཚན་མོ་དུར་
ཁྲོད་དུ་མིའི་ཐོད་པ་གསུམ་གྱི་སྟེང་དུ་གནས་པའི་ཐོད་པའི་ཤ་ཆེན་ལས་སྐྱེས་པའི་མར་ཁུ་དང་དུར་ཁྲོད་ཀྱི་རས་ཀྱི་སྡོང་བུས་བུད་མེད་ཀྱི་ཐོད་པར་དུད་པ་ཆགས་པ་བསྙིལ་ཏེ་གཟུང་བར་བྱའོ། །མཚན་མོ་དེ་ཉིད་ལ་འུག་པའི་མགོ་བོ་བསྲེགས་པ་ཙནྡན་དམར་པོས་ལན་བདུན་དུ་བསྒོས་
པ་ཕྱེ་མར་བྱས་ལ། དུད་པ་དེ་དང་ཆ་མཉམ་པས་བསྲེས་པ་བྱ་རྒོད་ཀྱི་རྐང་པའི་རུས་པའི་རྐང་སྦུབས་སུ་བཅུག་སྟེ། བྱ་རྒོད་ཀྱི་རྐང་པའི་པགས་པས་གཡོགས་ནས་བྷ་གའི་དབུས་སུ་བཅུག་སྟེ་བསྒོམ་པ་དང་སྔགས་ཀྱི་དབང་ལས་དྲོ་བ་དང་། དུ་བ་དང་འབར་བའི་རྗེས་ཐོགས་སུ། དེ་ནས་
ཕྱུང་ལ་སྔར་གྱི་མིའི་རུས་པའི་ཐུར་མ་དེས་མིག་སྨན་དུ་བྱའོ། །དེ་ནས་ཞི་བའི་ལྟ་སྟངས་ཀྱིས་ཞི་བར་འགྱུར་རོ། །རྒྱས་པའི་ལྟ་སྟངས་ཀྱིས་རྒྱས་པའོ། །དབང་དུ་བྱ་བའི་ལྟ་སྟངས་ཀྱིས་དབང་དུ་བྱའོ། །ཁྲོ་བོའི་ལྟ་སྟངས་ཀྱིས་བགེགས་དང་དགྲ་རྣམས་ཀུན་ནས་གཅོད་པར་བྱེད་
เล่ม ๗ · หน้า 236a
དོ་ཞེས་པའོ། །བསམ་གཏན་བཟླས་པ་ལ་དགའ་བ་རྣམས་ཁོ་ནའི་བཅུད་ཀྱི་ལས་ཀྱི་ཆོ་ག་བརྗོད་པར་བྱའོ། །ཆོ་ག་དེ་ཡང་མ་ཚང་བ་ཉིད་ན། ཕོངས་པ་དབུལ་པོ་ལ་བདེ་བ་མི་འབབ་སྟེ། འདོད་པའི་དངོས་གྲུབ་ཀྱིའོ། །གི་རི་ནི་མིའི་གླད་པའོ། །རྒྱ་མཚོ་སྐྱེས་ནི་མིའི་
གཅིན་གྱི་ལན་ཚྭའོ། །དེ་དག་དང་ལྷན་ཅིག་དངུལ་ཆུ་སྟེ་དངུལ་ཆུ་ཉིད་དང་པོར་རྩབ་མོས་བཀྲུས་པ་བྱས་ཤིང་འདུས་བྱས་པའི་སྐྱུར་པོ་ནི་རྩབ་མོ་སྟེ། དེས་མངོན་པར་རྩ་བས་པ་དང་བཅས་པ་རྡོ་བ་ཚན་མོར་མང་དུ་མཉེས་པ་ལས་ངེས་པར་དུད་པ་ཅན་གྱི་སྐྱོན་དོར་ནས་ཟིན་པར་བྱེད་དོ། །སྐྱུར་
པོས་བཀྲུས་པ་ཞེས་འདོན་པ་ནི་གོ་སླའོ། །ཤཱ་ཁ་ཛ་ལཱ་ནི་རུ་དན་ཏིའོ། །དེའི་མཐར་ཐུག་པ་བཞི་པོ་ཆ་མཉམ་པ་རྣམས་རྩབ་མོ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བསྐོལ་བར་བྱའོ། །དེ་བཞིན་ཆ་ལུས་པར་བསྐོལ་བ། གི་རི་དང་རྒྱ་མཚོ་སྐྱེས་དང་སཻ་ན་དྷ་བ་རྣམས་དང་བཅས་པ་ཉིན་ཞག་
བདུན་དུ་གཞག་པ་ནི་སྐྱུར་པོར་བྱས་ཤིང་མངོན་པར་རྩབ་མོར་བརྗོད་པར་བྱའོ། །དེའི་རྗེས་སུ་ཁབ་ལེན་གྱི་ལྕགས་ནི་ཁབ་ལེན་གྱི་ལྕགས་ཏེ། དེ་བདར་བའི་ཕྱི་མ་དང་། བ་ཀུ་ལ་བཱི་ཛི་སཱ་ར་དང་ཨུཏྤལ་ཆེན་པོ་པདྨ་སྟེ། དེའི་ཡུ་བ་ཞེས་པ་གསུམ་དང་བྱས་པའི་སྐྱུར་པོ་དང་ལྷན་ཅིག་
མཉེས་པ་ལས་མར་གསར་བཞིན་དུ་དངུལ་ཆུ་དེ་སྨིན་པར་འགྱུར་རོ། །དེའི་རྗེས་སུ་རྡོ་རྗེ་ཅན་གྱི་འོ་མས་ལན་བདུན་དུ་བསྒོས་པ་སཻ་ན་དྷ་བ་དང་ཚ་ལ་དག་དང་ལྷན་ཅིག་མནུར་བ་ལས་ཞུ་བར་འགྱུར་རོ། །དེའི་རྗེས་སུ་ཟངས་དང་དངུལ་སོ་སོར་ཀར་ཥ་ཕྱེད་ཀྱི་ཆ་ཅན་ཏེ་མ་ཥ་བརྒྱད་ཀྱི་ཚད་ཅིག་
ཏུ་བསྐོལ་ཏེ། ཚེར་མས་ཕུག་པའི་ཤོག་ཤོག་བྱས་ནས་ཤོག་ཤོག་སོ་སོ་དངུལ་ཆུ་དེ་དང་སྐྱུར་པོས་བྱུགས་ཤིང་གནྡྷ་བཱ་ཥ་ན་མ་ཤ་བཞི་བཅུག་ནས་ཀོང་བུ་ཁ་བཅད་པར་བསྐོལ་བར་བྱ་སྟེ། དེ་ལྟར་དངུལ་ཆུ་དེ་ཟངས་དང་དངུལ་གྱི་ཆ་ཅན་དུ་འགྱུར་རོ། །དེ་ལྟར་བསྐོལ་ནས་འདུ་བར་བྱའོ་ཞེས་
འབྲེལ་ལོ། །གསེར་ཕྱེད་གང་དུ་ཡིན་པ་དེ་ནི་གསེར་ཕྱེད་ཅན་ཏེ་དན་ཌིའོ། །དེ་བསྐོལ་བའི་ཏཱ་ར་སེར་པོའི་ལྷག་མ་ཕྱེད་དང་ལྷན་ཅིག་འདུ་བར་བྱ་སྟེ་ཚོས་པ་ལས་སོ། །དུས་ཏེ་ཁུ་བ་བཅིང་བ་ནི་མི་གཏོང་བའོ། །སྦྱོར་བའི་སྨན་གྱི་ཕྱག་རྒྱ་ངེས་པའོ། །ཤཱ་ལི་སྐྱེས་ནི་ཤཱ་ལིའི་མར་ཁུའོ། །
เล่ม ๗ · หน้า 236b
ཙནྡན་དམར་པོ་ཞེས་མདོར་བསྟན་པའི་རྒྱས་པར་བསྟན་པ་སིཧླ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཀུནྡུ་རུ་ཡིས་ཀཀྐོ་ལ་ནི་ཀཀྐོ་ལ་ལས་སྐྱེས་པ་རང་བྱུང་གི་མེ་ཏོག་སྟེ། བོ་ལ་དང་ཀཀྐོ་ལ་སྦྱོར་བ་ལས་བྱུང་བའི་གཉིས་ཀའི་ཁུ་བ་བསྲེས་པ་ཞེས་པའི་དོན་ཏོ། །སྨན་ཆེན་འདི་རྣམས་
དུས་དྲུག་རྣམས་སུ། འདི་རྣམས་ཀྱིས་རབ་ཏུ་འགྱུར་བར་བྱའོ་ཞེས་པའི་མཐུ་ཅན་རྣམས་ཏེ། མཐུ་དང་ལྡན་པ་རྣམས་ཞེས་པའི་དོན་ཏོ། །དེ་ལ་དཔྱིད་ནི་སྔ་དྲོ་སྟེ། དེ་ལ་བཤད་པ་གཟུང་བར་བྱའོ། །སོ་ག་ནི་ཉིན་ཕྱེད་དེ་དེ་ལ་རྐང་མར་རོ། །དབྱར་ནི་ཕྱི་དྲོ་སྟེ། དེ་ལ་གླ་རྩིའོ། །
སྟོན་ཀ་ནི་སྲོད་དོ། །དེ་ལ་སྦུབས་ཅན་སྣུམ་སྟེ། སྦུབས་ཅན་བུད་མེད་ཀྱི་ཤཱ་ལི་ལས་སྐྱེས་པའི་མར་ཁུའོ། །དགུན་ནི་ནམ་ཕྱེད་དེ། དེར་མེ་ཏོག་ལས་བྱུང་བ་སིཧླ་ཀའོ། །དགུན་སྨད་ནི་ཐོ་རངས་མཚན་མོའི་ལྷག་མ་སྟེ། དེ་ག་པུར་རོ། །འདི་ནི་དུས་ཀྱི་སྨན་གྱི་སྦྱོར་བའོ། །པདྨའི་
ཁྲག་ནི་རང་བྱུང་གི་མེ་ཏོག་གོ། །མར་ནི་ཁུ་བའོ། །བཞི་པོ་འདི་རྣམས་དང་ལྷན་ཅིག་པའི་སྔར་བཤད་པ་དྲུག་པོ་ནི་བཅུ་སྟེ། རྫས་ནི་བཞི་དང་བཅུ་རྣམས་སོ། །རྣམ་པ་དགུ་ཞེས་པ་བུ་ག་དགུའི་དྲི་མ་དང་བཅས་པ་རྣམས་སོ། །དུས་དྲུག་གི་སྨན་རྣམས་ལ་དྲི་མ་དགུ་རྣམས་བསྲེས་པ་རྣམས་
གཅིག་ཏུ་བསྲེས་པ། དཀར་པོའི་ཕྱོགས་ལ་ཚེས་གཅིག་ལ་སོགས་པ་རྣམས་སུ་ཟླ་བ་འབབ་པས་སྣར་བླུགས་པར་བྱའོ། །ནག་པོའི་ཕྱོགས་ལ་ཉི་མས་ཞེས་པ་སྦྱོར་བ་གཅིག་གོ། །དངུལ་ཆུ་ལ་སོགས་པ་བཞི་རྣམས་དེ་ལྟ་ཁོ་ནར་རོ་ཞེས་པ་གཉིས་པའོ། །སྦྱོར་བ་གཉིས་ཀ་ཡང་ཉི་
མ་བདུན་ཕྲག་གསུམ་རྗེས་སུ་བསྒྲུབ་པ་དང་རྗེས་སུ་བསྔགས་པའང་མཉམ་མོ། །རྗེས་སུ་སྒྲུབ་པ་པོས་གྲུབ་པ་ན། དེའི་ཁུ་བ་དང་གཅི་བ་དང་། བྲུན་བྱུགས་པ་ལས་བསྲེགས་པས་ལྕགས་ལ་སོགས་པ་གསེར་དུ་བྱེད་དོ། །ནཱ་ལི་ནཱིའི་སྟེ་བུད་མེད་ཀྱི་མར་ནི་ཀླད་པའོ། །བྱིས་པ་
སྐྱེས་ནས་རིང་པོ་མ་ལོན་པའི་མར་རོ། །མར་ཁུ་ཞེས་པ་ཤཱ་ལི་ལས་སྐྱེས་པའི་མར་ཁུའོ། །གཞི་མཉམ་ནི་གཞི་མཉམ་གྱི་མར་ཁུའོ། །མར་ཁུ་བཞི་པོ་འདི་རྣམས་སོ་སོར་ཁམ་ཕོར་རེ་རེའི་ཚད་བསྲེ་བར་བྱའོ། །སྣོད་ཀྱི་དབུས་སུ་ཆུ་དང་ལྷན་ཅིག་པའི་སླེ་ཏྲེས་ཀྱི་ནང་
เล่ม ๗ · หน้า 237a
ཤའི་སྙིང་པོ་ལྷུང་བ་དབྱུང་ངོ་། །ཕྱེ་མ་ཞེས་པ་ཡུང་བ་ནག་པོའི་ཕྱེ་མ་དང་སླེ་ཏྲེས་ཀྱི་ཕྱེ་མ་སོ་སོར་ཁམ་ཕོར་རེ་རེའི་ཚད་དོ། །དེ་ཞེས་པ་དེའི་ལྟེ་བ་ལའི་ཆུ་ཉིས་འགྱུར་ཏེ་ཁམ་ཕོར་བཞིའོ། །ཁམ་ཕོར་བཞི་ཞེས་པ་མར་ཁུའོ། །ཁམ་ཕོར་གྱི་ཚད་ནི་
སྲང་བཅུ་དྲུག་རྣམས་སོ། །སླེ་ཏྲེས་ནི་ཆུ་འོ་མའི་ཕྱེད་དོ། །འདིའི་ཕྱེད་དུ་སླེ་ཏྲེས་ཀྱི་ཁུ་བའི་ཕྱེད་དུ་ཚིགས་མ་སྟེ། ཕྱེ་མ་གཉིས་སོ། །སྔར་གསུངས་པའི་ནཱ་ལི་ནཱི་ལ་སོགས་པ་བཞི་རྣམས་དང་གཅིག་ཏུ་བྱས་ནས་ཚིགས་མ་ལ་སོགས་པའོ། །སླེ་ཏྲེས་ཕྱི་རོལ་ཞེས་པ་སླེ་ཏྲེས་མེད་པའོ། །
འདིར་འདི་སྐད་མན་ངག་ཏུ་ཕྱེད་དེ། མར་ཁུ་ཁམ་ཕོར་བཞི་དང་ཚིགས་མ་ཁམ་ཕོར་གཉིས་དང་ལྷན་ཅིག་པ་ཐོག་མར་བ་ལཱའི་ཁུ་བ་ཁམ་ཕོར་བཞི་དང་ལྷན་ཅིག་བཙོ་བར་བྱ་སྟེ། ཁུ་བ་ཟད་པར་གྱུར་པ་ན་སླར་ཡང་ཕྱེ་མ་ཁམ་ཕོར་བཅུ་དྲུག་རྣམས་དང་ལྷན་ཅིག་གོ། །འོ་མ་ཟད་པ་ན་སླེ་ཏྲེས་
ཀྱི་ཁུ་བ་ཁམ་ཕོར་བརྒྱད་རྣམས་དང་ངོ་། །ཚོས་པ་ནི་སྣར་བླུགས་པའི་ཆེད་དུ་ཆུང་ངུ་སྦྱིན་ནོ། །བཏུང་བའི་ཆེད་དུ་བར་མའོ། །བསྐུ་བྱུག་གི་ཆེད་དུ་དྲག་པའོ། །མར་ཁུ་ཁམ་ཕོར་བཞི་ལུས་པ་ཇི་སྲིད་པར་བསྐོལ་བར་བྱའོ། །སྣུམ་དང་ཚིགས་མ་དག་གི་ཚེ་སོར་མོས་རེང་བུར་བྱས་པ་རེང་བུར་འདྲ་
བར་འགྱུར་ཞིང་མེ་ལ་བཅུག་པ་ན་ཡང་སྒྲ་མེད་པ་དེའི་ཚེ་གྲུབ་པར་སྟོན་ཏོ། །དེ་ནས་ཉིན་ཞག་བདུན་པ་གསུམ་གྱིས་སྲང་བཅུ་རྣམས་སྣར་བླུགས་པར་བྱའོ། །ཡང་སྲང་བརྒྱ་རྣམས་བཏུང་བར་བྱའོ། །ཡང་ན་སྲང་བརྒྱད་རྣམས་ལྷག་པའི་བརྒྱ་རྣམས་བསྐུ་བྱུག་བྱའོ། །རྣལ་འབྱོར་པ་ནི་
ལྷའི་རྣལ་འབྱོར་ལ་བརྩོན་པའོ། །མཉམ་པར་གཞག་པ་ནི་མི་གཡོ་བ་སྟེ། རླུང་དང་ཉི་འོད་སྤངས་པའི་གནས་སུ་གནས་པས། ལོ་མ་དང་སྐྱུར་པོ་དང་ཆང་དང་བུད་མེད་བསྟེན་པ་ལ་སོགས་པ་སྤང་ཞིང་མར་དང་ཤ་དང་འོ་མ་ཙམ་གྱིས་ཟས་ཀྱིས་བསྒྲུབ་པར་བྱའོ། །བཅུད་ལེན་
གཞན་ཡང་དེ་ལྟ་ཁོ་ནར་རོ། །གཞི་མཉམ་གྱི་ཕྱེ་མའོ། །འོ་མ་ནི་བའི་འོ། །གཉིས་ཞེས་པ་ནི་ཉིས་འགྱུར་རོ། །ཏིལ་ནག་པོ་ནི་ཏིལ་མར་རོ། །ཆོ་ག་ནི་ཆུང་ངུ་བཙོ་བ་ལ་སོགས་པའོ། །གསེར་ནི་དྷ་དུ་རའོ། །མི་བདག་ནི་བྷྲིཾ་ག་རཱ་ཛཱའོ། །བྲན་མོ་ནི་ཛྷི་ཎ་ཊཱི་སྔོན་པོའོ། །ཊཱི་ཎ་ནི་ཊི་ཎ་ཞེས་
เล่ม ๗ · หน้า 237b
གྲགས་པའོ། །ཁུ་བ་ནི་ཁུ་བ་རྣམས་ཏེ། མར་ཁུ་ལས་རིམ་པ་ཇི་བཞིན་པར་བཞི་དང་བརྒྱད་དང་བཅུ་གཉིས་དང་བཅུ་དྲུག་དང་ཉི་ཤུ་འགྱུར་བ་རྣམས་སོ། །མཚན་མོ་དཀར་མིན་ནི་ཡུང་བ་ནག་པོའོ། །ཨུཏྤལ་སྙིང་པོ་ཅན་ཨུཏྤལ་ཁ་མ་བྱེ་བའོ། །དྲིའི་རི་ནི་དྲིའི་རྡོ་བའོ། །རི་དགས་
སྐྱེས་གྱི་མྱོས་བྱེད་ནི་གླ་རྩིའོ། །འདི་ནི་དོན་ཏེ། རྣམ་པར་སྣང་མཛད་དང་ཏིལ་ནག་པོ་དག་གི་མར་ཁུ་ནི་མར་ཁུ་ལས་ཉིས་འགྱུར་གྱི་འོ་མ་དང་ལྷན་ཅིག་དང་པོར་བཙོ་སྟེ། དེ་ཟད་པ་ན་རེ་རེའི་ཁུ་བ་དང་ངོ་། །དེའི་རྗེས་སུ་ཚད་མཉམ་པར་བསྲེས་པའི་ཡུང་བ་ནག་པོ་ལ་སོགས་པའི་ཕྱི་
མ་རྣམས་དང་ངོ་། །ཐམས་ཅད་དུ་མར་ཁུའི་ཚད་ལུས་པ་ནི་ཚོས་པ་སྟེ། སྔར་བཞིན་དུ་རྣམ་པ་གསུམ་མོ། །ཉིན་ཞག་བདུན་ཕྲག་གསུམ་ལ་སོགས་པ་ཡང་སྔར་བཞིན་ནོ། །སྣར་བླུགས་པ་དང་འཐུངས་པ་དག་གི་ཕན་ཡོན་གསུངས་པ་རིང་པོ་ཞེས་པ་དུས་ཡུན་རིང་བ་སྟེ།
ཤུགས་ཀྱིས་ཚེ་རིང་པོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཞེས་པ་གཞི་མཉམ་དང་ཏིལ་ནག་པོ་དག་གི་མར་ཁུའོ། །ཁྲག་འཕྲོག་ནི་ཀརྨ་རང་གཱའོ། །གསེར་ཤིང་ནི་གསེར་གྱི་སེ་ཕ་ལིའོ། །ལྟ་བྱེད་ནི་རུ་དན་ཏཱིའོ། །པྲ་རོ་ཧཱ་ནི་བ་ལ་ཀའོ། །སྔར་གསུངས་པའི་ཆོ་ག་ནི་རིམ་པས་
འཕེལ་བ་སྟེ། འབྲུ་མར་ལས་བཞི་དང་བརྒྱད་དང་བཅུ་གཉིས་དང་བཅུ་དྲུག་དང་ཉི་ཤུ་འགྱུར་གྱི་ཆུ་ནི་རིམ་པ་ཇི་ལྟ་བར་ཁྲག་འཕྲོག་པ་ལ་སོགས་པ་རྣམས་ཀྱིའོ་ཞེས་པའི་དོན་ཏོ། །ཤྱཱ་མ་ནི་འཁྲི་ཤིང་ཤྱཱ་མའོ། །པྲི་ཡཱ་ནི་པྲི་ཡང་ཀུའོ། །ཀེ་ས་རཱི་ནི་ནཱ་ག་གེ་སར་རོ། །རིགས་འཛིན་
ཅན་ནི་ཙམ་པ་ཀའོ། །ནཱ་ག་ནི་པུན་ནཱ་གའོ། །ཙ་ཀྲ་མར་ད་ནི་ཨེ་ཊ་ག་ཛའོ། །མཚན་མོ་སྤྱོད་ནི་ཡུང་བའོ། །གསེར་ཤིང་ནི་དྷ་དུ་རའོ། །ཤི་ཁཱི་ནི་རྨ་བྱའི་གཙུག་ཕུད་ཅན་ནོ། །རབ་མཆོག་ནི་བ་ལའོ། །འབྱུང་པོའི་དགྲ་ནི་སི་དུ་བཱ་རཱའོ། །པ་ར་ཧི་ཏ་བལ་ལ་བྷི་ནི་ཆོམ་རྐུན་མེ་ཏོག་ཅན་
ནོ། །མུཀྟ་ནི་ཨ་ཏི་མུཀྟ་སྟེ། གང་ལ་ཨ་ཧི་བ་ཧུ་ཞེས་གྲགས་པའོ། །ཀ་རཱ་རཱ་ནི་ཀ་རཉྫའོ། །མཉྫ་རི་ནི་ད་མན་ཀའོ། །གསེར་ཤིང་ནི་གསེར་གྱི་སེ་ཕཱ་ལཱིའོ། །ཨ་བ་ཀུ་ཛ་ནི་ཝཱ་གུ་ཙཱིའོ། །སྤྲིན་ནི་གླ་སྒང་ངོ་། །དཱ་རུ་མཚན་མོ་ནི་སྐྱེར་པའོ། །འདི་རྣམས་ནི་འདི་རྣམས་ཉིད་དོ། །
เล่ม ๗ · หน้า 238a
འདི་འབྲུ་མར་ནི་རེ་རེའི་ཆུ་དང་ལྷན་ཅིག་བཙོ་སྟེ། དེའི་རྗེས་སུ་ཚད་མཉམ་པར་བསྲེས་པའི་ཤྱཱ་མ་ལ་སོགས་པའི་བྱེ་མ་རྣམས་དང་ངོ་། །གཞན་ནི་སྔར་བཞིན་ནོ། །ཕན་ཡོན་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །གཉིས་ནི་ཙནྡན་དཀར་པོ་
དང་ཙནྡན་དམར་པོའོ། །ཤ་པ་ལ་ཀཱི་ནི་ཤཱ་པ་ལ་ཀཱིའི་ཁུ་བའོ། །ཡན་ལག་སྐྱེས་ནི་ལྡོག་པ་ལ་སོགས་པའོ། །མཚན་མོ་ལས་བྱུང་བའི་རྡུལ་ནི་ལུང་པའི་ཕྱི་མའོ། །ཙོ་རཱ་ནི་རྒན་པོ་འབྱེད་པའོ། །ཁུ་བ་དང་གླ་རྩི་དག་གིས་བཏགས་པ་མཉམ་པོའི་དངོས་པོ་བདུན་པོ་
རྣམས་དེ་དག་ཁོ་ནས་བཅལ་ཏེ་གཞག་པར་བྱའོ། །ཉི་མ་སོ་སོར་བསྐུ་བྱུག་བྱའོ། །བསྐལ་པ་གསུམ་ཞེས་པ་འབྲས་བུ་གསུམ་མོ། །ཚད་མཉམ་པའི་འབྲས་བུ་གསུམ་གྱི་ཕྱེ་མ་དང་། དེ་དང་མཉམ་པའི་གཞི་མཉམ་གྱི་ཕྱེ་མ་ཤེས་པར་བྱའོ། །བདག་གི་ནུས་
པས་ཞེས་པ་བདག་ཉིད་ཀྱི་མེ་དྲོད་ཀྱི་སྟོབས་ལ་སོགས་པ་རྟོགས་ནས་ཕྱེ་མ་ལྷག་ཅིང་ལྷག་པའི་རིམ་པས་བཏུང་ངོ་། །དྲོ་བ་ན་སྟེ་གླ་རྩི་དྲོ་བ་ནའོ། །འབྲས་བུ་གསུམ་ཞེས་པ་ལས་ཁ་ཅིག་ཏུ་སྐྱུ་རུ་ར་ཞེས་འདོན་ཏོ། །གསུམ་པ་ལ་ཞེས་པས་ཟླ་བ་ལའོ། །སྐྲ་དཀར་ཡང་
འཇོམས་སོ། །ཆ་གསུམ་ལས་ཞེས་པ་ནི་ཆ་མཉམ་པ་ཞེས་འབྲེལ་ཏེ། ནཱ་ག་པཱ་ལའི་རྩ་བ་སྟེ་ཧསྟི་ཀར་ཎ་དང་བ་ལཱ་ཤའི་རྩ་བ་དང་རུ་རྟའི་ཕྱེ་མ་རྣམས་སོ་སོར་ཆ་གསུམ་མོ་ཞེས་པ་ཆ་དགུ་རྣམས་ཏེ། མ་ག་དྷ་དང་བཅུ་པའོ་ཞེས་པ་པི་པི་ལིང་ནི་བཅུ་པ་ཆ་གཅིག་གོ། །འདི་ཐམས་ཅད་
ཕྱེ་མར་བྱས་པ་གཅིག་ཏུ་བསྲེས་པ་གཞག་པར་བྱའོ། །དེ་ཞོ་དོ་བ་རེ་རེ་བའི་འོ་མ་དང་སྦྱར་ནས་ཉིན་ཞག་སོ་སོར་ཟླ་བ་དྲུག་ཏུ་བཟའ་བར་བྱ་སྟེ། ལོ་བརྒྱ་ཇི་སྲིད་པར་ལྟོགས་པ་དང་སྐོམ་པ་དང་བྲལ་བར་འགྱུར་རོ་ཞེས་གསུངས་པའོ། །དོན་མེད་པ་ཞེས་པ་སྦྱོར་བ་གཞན་ཏེ། སངས་རྒྱས་
ཉིད་དང་མཚུངས་པ་སྟེ་མཆོག་ཀྱང་དོན་མེད་པའོ། །མི་འགྲོགས་པ་ནི་བུད་མེད་དང་འགྲོགས་པ་མེད་པའོ། །ཕུག་ཅེས་པ་ཕུག་ཏུའོ། །དེའི་ཞེས་པ་དེ་རུའོ། །བཅུད་ལེན་ལ་སོགས་པ་སྒྲུབ་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་སྒྲུབ་པའི་ཆེད་དུ་ཡང་། ངེས་
เล่ม ๗ · หน้า 238b
པར་ཁུ་བ་རྨི་ལམ་དུ་ཡང་གཏང་བར་མི་བྱ་སྟེ། དེ་བཏང་ན་ཐམས་ཅད་འབྲས་བུ་མེད་པའོ་ཞེས་གསུངས་པ། དུས་ཞེས་པ་ལ་སོགས་པ་སྟེ། དུས་ཀྱི་སྟེ། ཁུ་བའི་འཆིང་བ་ནི་ཡང་དག་པར་འཛིན་པའོ། །འདི་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བ་སྟེ། དེ་ལྟར་གསུངས་པའི་ཆོ་ག་
ཡིས། གང་ཅུང་ཟད་བཤད་པའི་སྦྱོར་བ་བདུན་ཅུ་གསུམ་སྒྲུབ་པ་དེ་ཐམས་ཅད་ལྷ་བསྒོམ་པ་དང་སྔགས་བཟླས་པ་ལྷུར་ལེན་པ་སེམས་མི་གཡེང་བས་བྱའོ། །སྲུང་བ་དང་གཟུགས་སྣ་ཚོགས་འཛིན་པ་ལ་སོགས་པ་ཐམས་ཅད་ལ་འདི་ལས་ཡེ་ཤེས་འབྱུང་ངོ་ཞེས་པ་ཤེས་པ་ཐམས་ཅད་འབྱུང་
བའོ། །ཚེ་ནི་བསྐལ་བ་མཉམ་པའི་ལུས་ཀྱི་རྒྱུན་ལ་རླུང་འབབ་པ་དང་ཡིད་གནས་པའི་ནུས་པའི་ཁྱད་པར་ཏེ། སྔོན་གྱི་ལས་ཀྱི་འཕེན་པས་ཀྱང་བཅུད་ལེན་ལ་སོགས་པ་སྟེ། མི་རྣམས་ཀྱིའོ། །སྨན་རྣམས་ཀྱི་ནི་ཚེ་འཚོ་བའི་ནུས་པའི་ཁྱད་པར་ཏེ། དེ་འདི་ཡིས་རིག་པར་བྱའོ་ཞེས་པ་ཚེ་ཡི་རིག་བྱེད་
དོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་ལྔ་པའོ།། །།བཤད་ཟིན་པ་དང་འཆད་པར་འགྱུར་བའི་ལས་རབ་འབྱམ་དང་ས་ཡོངས་སུ་འཛིན་པ་ལ་སོགས་པའི་ལས་ཀྱང་། བགེགས་བསྐྲད་པ་མེད་པར་མ་ཡིན་
ཞིང་། དེ་ཡང་ལྷ་ཉེ་བ་མེད་པ་མ་ཡིན་ལ། དེ་རྣམས་ཀྱང་སྦྱིན་སྲེག་མེད་པར་དེ་བྱེད་པ་མ་ཡིན་ནོ་ཞེས་པས། ལྷ་ཉེ་བར་བྱ་བའི་ཆེད་དུ་དང་བགེགས་བསྐྲད་པར་བྱ་བའི་ཆེད་དུ་དང་སློབ་མ་བསྲུང་བའི་ཆེད་དུ་དང་ལྷ་ཚིམ་པར་བྱ་བའི་ཆེད་དུ་དང་འགའ་ཞིག་ཏུ་ཆོ་ག་མ་ཚང་བ་དང་ལྷན་ཅིག་པའི་
སྐྱོན་ཞི་བའི་ཆེད་དུ་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ལས་ཀྱི་མདོར་སྟོན་པའི་ཆེད་དུ་ཞུ་བ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། བཟླས་པ་དང་སྦྱིན་སྲེག་ནི་སྲེག་མཆོད་དེ་ལྷ་ལ་ཞལ་དུ་བསྲེག་བྱ་འབུལ་བ་གང་གིས་དང་པོ་ཡིན་པ་དེ་དེ་སྐད་དོ། །དེ་ཡང་ཞི་བ་ལ་སོགས་པའོ། །
ལས་འདི་ཐམས་ཅད་ཀྱང་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཞེས་དེ་དྲིས་པའོ། །རྡོ་རྗེ་ནི་རྡོ་རྗེ་སྙིང་པོའོ། །སྦྱིན་སྲེག་ལ་སོགས་མཚན་ཉིད་ཉོན། །དེ་དང་འབྲེལ་བའི་ཆོ་ག་གང་གིས་དེ་མངོན་པར་མཚོན་པར་བྱའོ། །དེ་གསུངས་པ། དང་པོར་ཞེས་པ་ལ་སོགས་
เล่ม ๗ · หน้า 239a
པས་སོ། །སྔགས་པ་ཞེས་པ་ཕུལ་དུ་བྱུང་བའི་ཤེས་པ་ལས་སོ། །དེ་ནི་ཞི་བ་ལ་སོགས་པའི་སྔགས་གསུམ་གྱི་ལྷ་བསྒོམ་པ་གང་འདྲ་བ་དང་གང་སྐུལ་བ་པོ་དང་བསམ་པ་དང་བཟླས་པ་གང་འདྲ་བ་དེའི་ཤེས་པ་རྗེས་སུ་བསྒྲུབ་པ་དང་བཅས་པའོ། །དེ་ཉིད་ཀྱི་
ཕྱིར། དེ་ཉིད་ཇི་བཞིན་ཞེས་གསུངས་སོ། །འབུམ་བཟླས་པ་ནི་སྔོན་དུ་བསྙེན་པ་སྟེ་སྔགས་རྣམས་ཐམས་ཅད་ལའོ། །ལྷའི་བཀས་གནང་བ་ཡོད་མིན་དེའི་མཚམས་ཁོ་ན་བཟླས་པའོ། །དེའི་རྗེས་སུ་རྐང་པ་དགོད་པ་ལ་སོགས་པའི་ལས་བརྩམ་པའོ། །རྣལ་འབྱོར་པ་ཞེས་པ་
རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་ལ་བརྩོན་པའོ། །རིག་མ་ཞེས་མདོར་བསྟན་ནས་རྒྱས་པར་སྟོན་པ་བྲམ་ཟེ་མོ་ཞེས་པ་ལ་སོགས་པའོ། །རབ་ཏུ་རྒྱས་པར་བཤད་པར་འཆད་པར་འགྱུར་ཏེ་ཉི་ཤུ་བརྒྱད་པར་རོ། །ཆོ་ག་ནི་རྗེས་སུ་སྒྲུབ་པ་སྟེ་བྱས་ནས་ཞེས་པ་ལྷག་མའོ། །
ཞི་བ་འདིའི་དགོས་པའོ་ཞེས་པ་ཞི་བའི་སྦྱིན་སྲེག་སྟེ། ཤཱན་ཏི་ཀཾ་ཞེས་འདོན་པ་ལ་ནི་ཐབ་ཁུང་བརྗོད་པར་བྱའོ། །དེ་བཞིན་དུ་ཕྱི་མར་ཇི་ལྟར་རིགས་པར་རོ། །ཁྲུའི་ཚད་ཅན་སོར་ཉི་ཤུ་རྩ་བཞི་ཁ་ཞེང་དུ་བརྐོའོ། །ཁྲུ་ཕྱེད་ནི་སོར་བཅུ་གཉིས་ཏེ། ས་ལ་ཐུར་དུ་བརྐོའོ། །འདི་ཉིད་
ཀྱི་རྒྱས་པར་བཤད་པ་ནི། འོག་ཏུ་ཁུང་བུ་མཐོ་གང་བ། །ཞེས་པའོ། །མཐོ་གང་པ་ནི་སོར་བཅུ་གཉིས་སོ། །པོ་ཏི་ཁ་ཅིག་ཏུ་མཐོ་གང་ཞེས་འདོན་པ་མེད་དོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། ཞི་བར་ས་གཞིའི་ཆ་དཀར་ལ། །ཁྲུ་གང་ཙམ་པ་ལེགས་
པར་ཟླུམ། །དེ་ཡི་འོག་ཏུ་མཐོ་གང་ཙམ། །ཡང་དག་མཉམ་གཞག་བརྐོ་བར་བྱ། །ཞེས་སོ། །ངོས་གཉིས་དག་ཏུ་ཞེས་པ་ཐབ་ཀྱི་ནང་གི་ངོས་ཐམས་ཅད་དོ་ཞེས་པ་གཅིག་སྟེ། ཐབ་ཀྱི་ཕྱི་རོལ་གྱིས་གཞི་ཀུན་ནས་ཁྲུ་ཕྱེད་ཙམ་པ་ནི་ངོས་ཐམས་ཅད་ཅེས་པ་གཉིས་པ་སྟེ་བྱུག་
གོ། །དེ་རྡོ་རྗེ་མཁའ་འགྲོར་གསུངས་པ། ས་དཀར་གྱིས་ནི་ཐབ་ཁུང་བྱུགས། །བ་ལང་ལྕི་བས་ས་གཞིའོ། །དཀར་པོའི་དྲི་ཡིས་ཉེར་བྱུགས་པར། །དེ་གཉིས་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས་སོ། །དེའི་ཕྱི་རོལ་ནི་ཐབ་ཁུང་གི་སྟེང་གི་ཕྱི་རོལ་ལོ། །མུ་རན་གྱི་ཕྱོགས་
เล่ม ๗ · หน้า 239b
ནི་མཆུ་སྟེ། དེའི་ཕྱི་རོལ་ཡང་ཁ་ཁྱེར་རོ། །རྒྱས་པའི་ཐབ་ཀྱི་རྗེས་སུ་དབང་དུ་བྱ་བའི་ཐབ་བཤད་པར་བྱ་བ་ལ། མངོན་སྤྱོད་ཀྱི་ཐབ་ཀྱི་བར་དུ་གསུངས་པ་ནི། སྔ་མ་དང་ཕྱི་མའི་ལས་འབྲེལ་བའི་དོན་དུ་སྟེ། ཕལ་ཆེར་མི་མཐུན་ཕྱོགས་ཟད་པར་ཁོ་ན་ལས་ཞི་བ་ལ་སོགས་པ་ཤིན་ཏུ་ཆེས་
འགྲུབ་བོ་ཞེས་རྟོགས་པའི་ཆེད་དུའོ། །སྡང་བར་བྱེད་པ་ཞེས་པས་བསྐྲད་པ་ཉེ་བར་མཚོན་པའོ། །དེ་བཞིན་དུ་ཇི་ལྟར་རྒྱས་པ་ལ་ཡིན་པ་དེ་ལྟར་རེངས་པ་དང་རྨོངས་པ་དག་ལ་ཡང་ངོ་ཞེས་ཤེས་པར་བྱའོ། །ཁ་དོག་དཀར་པོ་ཞེས་པ་ཐབ་དང་རྡུལ་ཚོན་ཡང་ངོ་། །རྡུལ་ཚོན་གྱི་ལས་དང་
རྗེས་སུ་མཐུན་པའི་ཐབ་བྱ་བའམ་ཡང་ན་བརྐོ་བར་བྱའོ་ཞེས་གསུངས་པ། རྡུལ་ཚོན་ཞེས་པ་ལ་སོགས་པ་སྟེ། སྔ་མ་ནི་ལྔ་པ་ལའོ། །ཏིལ་དཀར་པོ་ནི་དཀར་པོའི་ཏིལ་ལོ། །ལྔ་ཞེས་པ་བྱང་ཆུབ་ཤིང་དང་འཛམ་བུ་དང་ཨུ་དུམྺཱ་རཱ་དང་། ནྱ་གྲོ་དྷཱ་དང་པར་ཀ་ཊཱི་རྣམས་ཏེ། པ་ལཱ་ཤ་དང་ཤཱ་
མཱི་ཀ་སྨི་རཱ་དང་ཨ་མྲ་དང་ཀ་དམ་པ་རྣམས་ཉེ་བར་མཚོན་པའོ། །མེ་ནི་འདིར་པ་ལཱ་ཤ་དང་། ཨུ་དུ་མྺཱ་རའི་སྲུབ་ཤིང་ལས་བྱུང་བའོ། །ཏིལ་ནག་པོ་ཞེས་པ་ནག་པོའི་ཏིལ་རྣམས་སོ། །ཤཱ་ལི་དམར་པོས་ཞེས་པ་གང་ལ་འབྲས་དམར་པོ་ཞེས་རབ་ཏུ་གྲགས་པ་དེའི་ཟན་ནོ། །ནས་ལ་སོགས་པ་ནི་སྔར་
གསུངས་པའི་ནས་དང་འབྲས་བུ་ལ་སོགས་པ་སྟེ། ཡང་ནི་སྡུག་པ་ལའོ། །དེ་རྣམས་ཁོ་ན་ཡམ་ཤིང་སྟེ། བྱང་ཆུབ་ཤིང་ལ་སོགས་པ་རྣམས་སོ། །ཁུ་ཚུར་གྱི་ཚད་ཅེས་པ་སྙིམ་པས་གཟུང་དུ་རུང་བ་རྣམས་སོ། །མེ་ཏོག་རྒྱས་པ་ནི་གང་ལས་ཨུ་ཕ་ཞེས་རབ་ཏུ་གྲགས་པའོ། །ཏིལ་དམར་
པོའམ་ནག་པོའང་ཞེས་པ་ཏིལ་དམར་པོ་རྣམས་སམ་ནག་པོ་རྣམས་སོ། །མེ་ནི་འདིར་རྗེའུ་རིགས་ཀྱི་ཁྱིམ་དུ་སྐྱེས་པའོ། །མཱ་ཥ་ལ་སོགས་པ་ཞེས་པ། ཡུངས་ཀར་ལ་སོགས་པ་ཤེས་པར་བྱའོ། །ཀཱ་ལ་ཀཱ་ནི་ཧ་རི་ཋ་ཞེས་གྲགས་པ་སྟེ། དེའི་འབྲས་བུའོ། །དེ་ཉིད་དུ་ཞེས་པ་མངོན་
སྤྱོད་ཀྱི་ཐབ་ཁུང་དུ་ཙཎྜ་ལཱིའི་མེ་ལ་སྦྱིན་སྲེག་བྱའོ། །ཁྱིམ་གྱི་བྱ་རོག་ཅེས་པ་བྱ་རོག་གི་ཚང་གིའོ། །དམ་ཚིག་ཆེན་པོ་ནི་མིའི་ཤའོ། །སངས་རྒྱས་ཞེས་པ་སངས་རྒྱས་སོ། །འདི་ནི་ཕུལ་དུ་བྱུང་བ་བརྗོད་པ་སྟེ་སྒྲུབ་པ་པོ་སྤྲོ་བའི་ཆེད་དུའོ། །ཁྱིམ་གྱི་མེ་ཏོག་ནི་བུད་མེད་ཀྱི་མེ་ཏོག་གོ། །
เล่ม ๗ · หน้า 240a
ཁྱིམ་གྱི་ཏ་མ་ལའི་ལོ་མ་ནི་ཁྱིམ་གྱི་དུ་བའོ། །ཁ་འཆིང་བ་ནི་ཁ་རེངས་པའོ། །ཉ་ཤ་ནི་ཉའི་ཤའོ། །བྱ་ནི་འོལ་པ་སྟེ། བྱ་རྒོད་ཅེས་ཁ་ཅིག་གོ། །ཕུབ་མའི་མེ་ཞེས་པ་ཕུབ་མའི་མེ་ལ་སྟེ། སྲེག་རྫས་ནི་དེ་མ་ཐག་པ་གཉིས་སོ། །སྔོན་དུ་འགྲོ་བ་ནི་སྔོན་དུ་བསྙེན་པའོ། །
དེ་ཉིད་ཀྱི་ཕྱིར་གསུངས་པ། དང་པོར་སྔགས་པས་འབུམ་བཟླས་སོ། །ཞེས་སོ། །འདིར་ཐབ་ལ་སོགས་པ་ལ་ཇི་ལྟར་རིགས་པར་ཁྱད་པར་གཞན་ནི་བདག་གིས་འོད་ཀྱི་སྙེ་མ་དང་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར་རྣམ་པར་སྤྲོས་སོ་ཞེས་འདིར་རྒྱས་པར་མ་བྱས་སོ། །དཔལ་ཡང་དག་པར་སྦྱོར་
བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་དྲུག་པའོ།། །།སྔར་དང་དེ་མ་ཐག་པར་ཡང་སྔགས་རྣམས་ཀྱི་རྗེས་སུ་སྒྲུབ་པ་གསུངས་ཤིང་དེ་ཡང་ཐོས་ནས། དེ་རྣམས་ཀྱི་བཏུ་བ་ལ་སོགས་པ་ཇི་ལྟར་ཡིན་ཞེས་དྲི་བ། ཐོས་ཞེས་པ་ལ་སོགས་པའོ། །དོན་
དམ་པར་ཤེས་པའི་ཕྱིར་དང་འགྲོ་བ་སྐྱོབ་པའི་ཕྱིར་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་སྔགས་ཏེ། དེའི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་ཨོཾ་ཡིག་ལ་སོགས་པ་ཡང་སྔགས་སོ། །སྔགས་སུ་བྱེད་པ་དེ་ཁོ་ན་ཉིད་བསྐུལ་བའི་སྐད་ཅེས་པ་ཡང་སྔགས་སོ། །བྱེ་བྲག་ནི་སྔགས་གང་ཆོ་ག་གང་གིས་
གང་དུ་ཉེ་བར་སྦྱོར་བའོ། །དེ་རྣམས་ཀྱི་ཞེས་པ་གསུངས་པ་དང་གསུང་བར་འགྱུར་བའི་ལས་རྣམས་ཀྱིའོ། །དཀྱིལ་འཁོར་ནི་མཱ་མ་ཀཱིའི་བྷ་གའོ། །ཉམས་དགའ་བ་ནི་ཕུལ་དུ་དབྱུང་དུ་མེད་པའི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེའི་དབུས་སུ་པདྨའོ། །མཱ་མ་ཀཱི་ཞེས་པ་ནི་རྡོ་རྗེ་སྙེམས་
མ་ལ་བོད་པ་སྟེ། རིང་པོ་ཉིད་ནི་ལུང་ངོ་། །ལྟེ་བ་ནི་རྩ་ཁ་ག་མུ་ཁའོ། །འདབ་མ་བརྒྱད་པའི་རྩའི་དབུས་ན་གནས་པ་ཉིད་ཀྱིས་ན་སྦས་པ་སྟེ་ཡང་དག་པར་བསྡམས་པའོ། །སྤྱོད་ཡུལ་ནི་བཞི་སྟེ། དེར་དབུས་ཀྱི་བུག་པ་གང་ཡིན་པའོ། །དཔའ་བོ་ནི་སྟོང་པ་ཉིད་ཀྱི་རང་བཞིན་བདེ་བ་
ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཏེ། ཡང་དག་བཏུ་བར་བྱའོ། །རྡོ་རྗེ་སེམས་དཔའ་གཞོམ་དུ་མེད་པ་ནཱ་དའི་ངོ་བོར་གྱུར་པའི་དཔའ་བོ་དེ་ཁོ་ན་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ལ་སོགས་པའོ། །སྡེ་ཚན་ནི་བརྒྱད་རྣམས་ཏེ། ཨཱ་ལི་དང་ཀཱ་ལིའི་ངོ་བོར་སྔགས་མ་ལུས་པ་འབྱུང་
เล่ม ๗ · หน้า 240b
བའི་རྒྱུ་རྣམས་སོ། །དེ་རྣམས་ཀྱི་གཞོམ་དུ་མེད་པ་ལས་སྐྱེས་པའི་ཕྱིར་དབང་ཕྱུག་གོ། །འདིར་ནི་རྣལ་འབྱོར་པ་དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཤེས་རབ་དང་བཅས་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ་སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་
ས་ཕྱོགས་བདུད་རྩི་ལྔས་ཉེ་བར་བྱུགས་པ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡིད་འཕྲོག་པ་ཤ་ཆེན་གྱིས་བདུག་པ་མར་ཁུ་ཆེན་པོས་མར་མེ་སྦར་ནས། ཕྱི་རོལ་དུ་གར་དང་གླུ་དང་རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཅང་ཏེའུ་དང་དྲིལ་བུ་དཀྲོལ་ཞིང་གཏོར་མ་བྱིན་ཏེ། དུར་ཁྲོད་
ཀྱི་སོ་ཕག་ལ་སོགས་པའི་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པ་བྲིས་ལ། ལྟེ་བར་གཞོམ་དུ་མེད་པ་དང་འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་རབ་ཏུ་དབྱེ་བས། སྡེ་ཚན་བརྒྱད་རྣམས་མི་མཉམ་པ་མེད་པ་མ་ཚང་བ་མེད་པར་བྲི་བར་བྱའོ་ཞེས་པའི་ཆོ་ག་ནི་མན་ངག་ལས་སོ། །
དེ་ནས་སྔགས་རྣམས་བཏུ་སྟེ། དང་པོའི་སྡེ་པའི་གཉིས་པའི་ས་བོན་ཡི་གེ་ནི་ཨཱའོ། །སྟོང་པ་ནི་འདིར་ཟླ་བ་ཕྱེད་པ་སྟེ། ནམ་མཁའི་རྟེན་གྱི་ཕྱིར་ཉེ་བར་བཏགས་པའོ། །དགོས་པ་ནི་སྔགས་རྣམས་ཐམས་ཅད་ནི་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་དེའི་རྟེན་ཅན་ཁོ་ན་ལས་
མངོན་པར་འདོད་པའི་དངོས་གྲུབ་སྟེར་རོ་ཞེས་གསལ་བར་བྱའོ། །སྟོང་པ་ནི་ཐིག་ལེས་སོ། །བཅོ་ལྔ་པ་ནི་ཐིག་ལེའོ། །བྱང་ཆུབ་ས་བོན་ནི་ཧའོ། །ཐམས་ཅད་ཨོཾ་ཡིག་གིས་གསལ་ཅིང་། །སྭཱ་ཧཱའི་མཐའ་ཅན་སྔགས་བཏུ་བྱ། །ཞེས་གསུངས་པར་འགྱུར་རོ། །དེའི་
ཕྱིར་ཨོཾ་ཨཱཾ་ལཾ་ཧཾ་སྭཱ་ཧཱ་ཞེས་པ་སྤྱན་མའི་སྙིང་པོའི་སྔགས་ཏེ། ཨོཾ་ཞེས་པ་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་ཕྱིར་བསོད་ནམས་ལེན་པ་ལའོ། །ཨཱཾ་ཞེས་པ་འཆད་པར་འགྱུར་བའི་རིགས་པས་དགའ་བ་བཅུ་དྲུག་རོ་གཅིག་པ་ཉིད་གསལ་བར་བྱེད་པའོ། །ལཾ་ནི་འདིས་རང་བཞིན་ཉིད་དུ་
གསལ་བར་བྱེད་དོ། །ཧཾ་ནི་འཆད་པར་འགྱུར་རོ། །སྭཱ་ཧཱ་ཞེས་པ་ནི་ཞི་བ་གསལ་བར་བྱེད་པའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །ཉི་ཤུ་རྩ་དགུ་པ་ནི་ཀའི་ཡི་གེ་ལ་ལྟོས་ནས་སོ། །འོག་མར་ཡང་ཇི་ལྟར་རིགས་པར་ཨ་ནས་བཟུང་སྟེ་འམ། ཀ་ནས་བརྩམས་ཏེ་བགྲང་བའོ། །གཽ་རཱི་ནི་
เล่ม ๗ · หน้า 241a
ཨིའོ། །གྷསྨ་རཱི་ནི་ཨོའོ། །ཙཽ་རཱི་ནི་ཨེའོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སྭཱ་ཧཱ་ཞེས་པ་ཉེ་བའི་སྙིང་པོའོ། །རུ་རུ་ཞེས་པ་སྔགས་ཀྱི་ལྷའི་བརྗོད་པ་སྟེ། རུ་སྒྲ་ལའོ། །སྥུ་རུ་ནི་ཆེར་གསལ་པོར་གྱིས་ཤིག་པ་སྟེ། སྥ་ར་རྒྱས་པ་ལའོ། །ཛྭ་ལ་ནི་ཤིན་ཏུ་གཟི་
བརྗིད་ཅན་དུ་འགྱུར་བའོ། །བདག་གི་རེ་བ་རྫོགས་པར་བྱས་ནས་བཞུགས་ཤིག །སིདྡྷ་སྟེ་གཞོམ་དུ་མེད་པའི་ལོ་ཙ་ན་སྟེ་སྤྱན་གང་གི་ཡིན་པ་དེ་ལ་བོད་པའོ། །སངས་རྒྱས་རྣམས་ཀྱིས་ཞེས་པ་སངས་རྒྱས་ཀྱི་གཟུགས་སུ་རྫོགས་པ་རྣམས་ཀྱིའོ། །འདི་ནི་སངས་རྒྱས་རྣམ་པར་སྣང་མཛད་
ཀྱི་བཙུན་མོ་འདིའོ་ཞེས་པས་སངས་རྒྱས་ཀྱི་རྣལ་འབྱོར་ལས་བྱ་བའོ་ཞེས་བསྟན་ཏོ། །སྔགས་དང་ལྷ་དག་ཐ་མི་དད་པར་མོས་པ་ལས་དངོས་གྲུབ་བོ་ཞེས་པས་སྔགས་ཀྱང་སྤྱན་ཞེས་གསུངས་པ། ཞི་བ་བསྐྱེད་མ་ཞེས་པའོ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་མ། །ཞེས་པ་ལས་རྣམས་
ཐམས་ཅད་ཞི་བ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གཙོ་བོར་ཞི་བ་བསྐྱེད་ཅིང་། ཞར་ལས་ནི་ལས་ཐམས་ཅད་སྒྲུབ་སྟེ། དེ་བཞིན་དུ་ཕྱི་མ་ལ་ཤེས་པར་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོའི་རྒྱུ་དབང་བྱས་ནས་ཀྱང་། །དོན་གང་བཤད་པར་འགྱུར་བ་དེའི། །
ལས་ནི་དེ་ཉིད་ཁོ་ནར་གསུངས། །ལྷག་མ་ཞར་ལས་བྱུང་བར་འདོད། །ཅེས་སོ། །ཤི་བ་དང་འདྲ་བ་ནི་ཤི་བ་སྟེ། བརྒྱལ་བ་འཆི་བ་ལ་མངོན་དུ་ཕྱོགས་པ་སྟེ། དེ་སློང་བའོ། །རྡོ་རྗེའི་དམ་ཚིག་ནི་སེམས་བརྒྱལ་བ་སྟེ། དེ་གང་ལས་སློང་བའོ། །ཡང་ན་རྡོ་རྗེ་དམ་ཚིག་ནི་བར་དོའི་
སྲིད་པའི་སེམས་སོ། །རྣམ་པར་སྣང་མཛད་ཀྱིའམ་སྤྱན་མའི་རྣལ་འབྱོར་ལས་སྤྱན་མ་ཐབས་དང་བཅས་པ་སྤྲོས་ནས་སྔགས་འདིས་བསྐུལ་ཏེ། བདུད་རྩིའི་རང་བཞིན་གྱི་འོད་ཟེར་གྱི་ངོ་བོ་བདག་ཉིད་ལ་བཅུག་ནས་ཞི་བ་བྱའོ། །གཞན་གྱི་ཞི་བ་ལ་ནི་རང་གི་སྙིང་གར་རམ་མདུན་དུ་
སྤྱན་མ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་བུད་མེད་དང་སྐྱེས་པ་དག་སྤྲུལ་ནས་སྤྱན་མ་སྤྲོས་ཏེ། ཆེ་གེ་མོའི་ཞི་བ་གྱིས་ཤིག་ཅེས་པ་སྭཱ་ཧཱའི་ཚིག་ལས་སྔ་མར་ཏེ། སྔགས་ཀྱིས་བསྐུལ་ཞིང་སྔ་མ་བཞིན་དུ་ནང་དུ་གཞུག་པར་བྱའོ། །དེ་ལྟ་མོད་ཀྱི་སྟོབས་མེད་པ་མདུན་དུ་
เล่ม ๗ · หน้า 241b
གནས་པ་ཉེན་པ་ལ་རང་གི་ལག་པ་བདུད་རྩིའི་རང་བཞིན་གྱི་འོད་ཟེར་ཅན་གྱིས་རེག་པར་བྱའོ་ཞེས་པའོ། །ཤི་བ་གསོ་བ་ལ་ནི་སྤྱན་མ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་དུ་བུད་མེད་དང་སྐྱེས་པ་དག་རང་གི་ས་བོན་ལས་བསྐྱེད་དེ། ཡེ་ཤེས་སེམས་དཔའ་བཅུག་ནས། དེའི་ས་བོན་གྱི་འོད་ཟེར་
དང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔགས་ཟློས་ཤིང་བར་དོའི་སྲིད་པ་བཀུག་ནས་གཞུག་པར་བྱའོ་ཞེས་པའོ། །གསུངས་པ་ཡང་ཞེས་པ་སྤྱན་མའི་ཉེ་བའི་སྙིང་པོ་གཉིས་པའོ། །ཆུ་ལ་ནི་ཨིའོ། །ཨོཾ་གྷཱི་སྭཱ་ཧཱ་ཞེས་པ་མཱ་མ་ཀཱིའི་སྙིང་པོའོ། །གྷཱི་ཞེས་པ་གདུག་པ་ཅན་འཇོམས་པས་
སྲུང་བ་གསལ་བར་བྱེད་པའོ། །མཁའ་སྤྱོད་མ་ནི་ཨཾ་ངོ་། །ལྔ་པས་ཞེས་པ་ནི་འདོན་པ་ཉམས་པ་སྟེ། བཅུ་དྲུག་པས་ཞེས་པ་ནི་འདོན་པའོ། །ཨོཾ་ཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུ་ཊ་གྷུ་ཊ་གྷུ་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུ་ཊི་ནི་སྭཱ་ཧཱ། ཞེས་པ་ཉེ་བའི་སྙིང་པོ་གཅིག་གོ། །ཤ་མུ་ཉེ་བ་ཞི་བ་ལའོ། །གདུག་པ་ཅན་ཉེ་བར་ཞི་བར་
བྱེད་པའི་ཕྱིར་ཤཾ་ཀ་རའོ། །གདུག་པ་ཅན་ཉེ་བར་ཞི་བའི་རྗེས་ཐོགས་སུ་ཤཱནྟི་ཀ་རའོ། །གྷུ་ཊ་ནི་གདུག་པ་ཅན་ཉམས་པར་གྱིས་ཤིག་པ་སྟེ། གྷུ་ཊ་སོ་སོར་འཇོམས་པ་ལའོ། །ཤིན་ཏུ་བསྐུལ་བའི་ཕྱིར་གཉིས་བརྗོད་པའོ། །གྷུ་ཊི་ནི་གདུག་པ་ཅན་རབ་ཏུ་འདུལ་བའོ། །སྔར་བཞིན་དུ་ཆེ་
གེ་མོ་བསྲུང་བ་གྱིས་ཤིག་ཅེས་བསྐུལ་ནས་བསྲུང་བ་བྱ་སྟེ། གདུག་པ་ཅན་སྐྱོད་པར་བྱེད་པ་ལྷུར་ལེན་པའི་མཱ་མ་ཀཱི་རུ་བསམ་པར་བྱའོ། །བསྲུང་བ་ནི་འཆི་བྱེད་ལ་སོགས་པ་རྣམས་ལས་སོ། །དེ་ཁོ་ན་རྡོ་རྗེ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེའི་སྦྱོར་བ་རྣམས་ལ་རྟག་ཏུ་སྐུ་གསུམ་འགྲུབ་པར་བྱེད་དོ། །
རྡོ་རྗེ་ཆེན་པོ་འཇིགས་པ་ནི་བགེགས་དང་ལོག་འདྲེན་འཇིགས་པའོ། །གསུངས་སོ་ཞེས་པ་ནི་མཱ་མ་ཀཱིའི་ཉེ་བའི་སྙིང་པོ་གཉིས་པའོ། །བྷྱོ་ཞེས་པ་འཇིགས་པར་བྱེད་པ་ལའོ། །གཉིས་པ་ཞེས་པ་ལ་སོགས་པ་ནི་གོས་དཀར་མོའི་འོ། །ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཞེས་པ་སྙིང་
པོ་སྟེ། ཨོཾ་བཛྲ་ཞེས་པ་ལ་སོགས་པ་ཉེ་བའི་སྙིང་པོའོ། །ཀ་ཊེ་ནི་ཤིན་ཏུ་ཟད་པ་གསོ་བ་ལ་སྟེ། ཀ་ཊ་དཀའ་བ་འཚོ་བ་ལའོ། །བི་ཀ་ཊེ་ནི་ཁྱད་པར་དུ་འཚོ་བར་བྱེད་པ་ལའོ། །ནི་ཀ་ཊེ་སྒྲུབ་པ་པོ་ལ་ཉེ་བ་ལའོ། །ཀ་ཊཾ་ཀ་ཊེ་ནི་ཤིན་ཏུ་ཡང་འཚོ་བྱེད་ལའོ། །ཆོས་ནི་འོད་དཔག་མེད་
เล่ม ๗ · หน้า 242a
དེ། དེ་དེའི་གཟུགས་ཅན་གྱི་དོན་དུ་གཉེར་བ་པོའི་རྒྱས་པ་དང་སྟོབས་བྱེད་ཅིང་། གོས་དཀར་མོའི་གཟུགས་ཅན་གྱི་ཡང་སྟེ། གཉིས་ཀ་ཡང་གཉིས་ཀའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་དང་ཐབས་གཙོ་བོ་ལས་ཐ་དད་དུ་བྱ་བའོ། །མཛོད་ལྡན་མ་ཞེས་པ་
ཁྱད་པར་དུ་མཛོད་རྒྱས་པ་ཡང་སྟོན་ཏོ། །བཟླས་པ་ཙམ་གྱིས་ཞེས་པ་རིག་པ་བཟླས་ཟིན་པ་རྣམས་ཀྱིས་རང་གི་སྦྱོར་བ་ལས་བཟླས་པ་ཙམ་གྱིས་དངོས་གྲུབ་ཏུ་གསུངས་ཏེ། དེ་བཞིན་དུ་གཞན་ལ་ཡང་ངོ་། །དེ་ལ་སྔོན་དུ་བསྙེན་པ་ལ་སྔགས་ཙམ་བཟླས་པའོ། །རབ་ཏུ་སྦྱོར་བ་ལ་ནི་
བདག་གི་འམ་ཆེ་གེ་མོའི་རྒྱས་པར་མཛོད་ཅིག་ཅེས་བཅུག་པའོ། །གསུང་ཞེས་པ་གསུང་རྡོ་རྗེའི་ཚིག་ནི་ཇི་ལྟར་དངོས་གྲུབ་འབྱུང་བར་བྱེད་པ་སྟེ་དེ་ལྟར་སྒྲུབ་པོའི་ཡང་ངོ་། །བཅུ་དྲུག་པ་ཞེས་པ་ལ་སོགས་པ་སྒྲོལ་མའི་འོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྡུག་བསྔལ་གྱི་རྒྱ་མཚོ་ལས་
སྒྲོལ་བའི་ཕྱིར་ཏཱ་ར་སྒྲོལ་མའོ། །དེ་ཉིད་ཀྱི་ཕྱིར་ཏུཏྟཱ་སྟེ་གདུང་བ་ལས་སྒྲོལ་ལོ་ཞེས་པ་ཏུཏྟཱ་རའོ། །མྱུར་དུ་མཛད་པའི་ཕྱིར་ཏུ་རེ་སྟེ། ཏུ་རཱ་མྱུར་བ་ལའོ། །འཕགས་མ་སྒྲོལ་མའམ་དོན་ཡོད་གྲུབ་པའི་རྣལ་འབྱོར་བྱས་ནས་དོན་ཡོད་གྲུབ་པའི་གཟུགས་སུ་འམ་འཕགས་མ་སྒྲོལ་མའི་
གཟུགས་སུ་མངོན་པར་འདོད་པའི་སྐྱེས་པའམ་བུད་མེད་བསམས་ཏེ། རང་གི་སྙིང་ག་ནས་འཕགས་མ་སྒྲོལ་མ་སྤྲོས་ནས། ཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་ཅེས་སྤེལ་ཏེ་སྔགས་ཟློས་ཤིང་བསྐུལ་བས། བསྒྲུབ་བྱ་ལ་གཞུག་པར་བྱའོ། །དེ་དེ་ལྟར་ཤིན་ཏུ་རྗེས་སུ་ཆགས་ཤིང་སློང་
བ་ཡེ་ཤེས་ཏེ་འོད་ཟེར་གྱི་ལྕགས་ཀྱུས་བཀུག་པ་རང་ངམ་རང་དང་འདྲ་བ་ལ་བཅུག་ནས་ཏེ། བུད་མེད་དང་སྐྱེས་པ་དག་གི་དབང་དུ་སྐྱེས་པ་དང་བུད་མེད་བྱ་བ་ལའོ། །བུད་མེད་སྐྱེས་པའི་དབང་དུ་བྱ་བ་ལ་ནི་རང་གི་བདག་ཉིད་ལའམ་རང་གི་སྙིང་གར་ཡང་ངོ་། །དེ་ལྟར་སངས་རྒྱས་རྣམས་ནི་སྐྱེས་བུ་
གཙོ་བོ་རྣམས་སོ། །རྡོ་རྗེ་རྣམས་ནི་སྙིང་སྲ་བ་རྣམས་སོ། །སྡེ་ཆེན་ཅན་ནི་རྒྱལ་པོ་རྣམས་སོ། །སེམས་ཅན་ཁམས་ནི་འཇིག་རྟེན་ཐུན་མོང་བ་རྣམས་སོ། །ཀུན་ནས་ནི་རྣམ་པ་ཐམས་ཅད་དུའོ། །དེ་ལྟར་སྤྱན་མ་ལ་སོགས་པའི་ལྷ་རྣམས་གང་ཡང་རུང་བ་སྔར་བཞིན་བསྒོམ་ཞིང་། དེའི་
เล่ม ๗ · หน้า 242b
སྔགས་འབུམ་བསྙེན་པ་བྱས་ནས་ནི། ཇི་སྐད་གསུངས་པ་བྱ་སྟེ། ཇི་ལྟར་རིགས་པར་སྔར་གསུངས་པའི་སྦྱིན་སྲེག་ཀྱང་ངོ་། །ཨོཾ་ཡིག་གསལ་བྱེད་གང་ཡིན་པ་དེ་ཐམས་ཅད་ལའོ། །རྣམ་དབྱེ་དང་པོ་དང་མང་པོའི་ཚིག་ནི་ལུང་སྟེ་དོན་གཅིག་ལའོ། །སྭཱ་ཧཱ་གང་གི་མཐའ་ཡིན་པ་དེའོ། །
འདི་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་གསུང་ཇི་བཞིན་དུ་བརྗོད་པའི་དོན་ཅན་ཁོ་ན་སྟེ། ཇི་ལྟ་བར་གཞན་སྐྱེས་བུའི་དོན་མཆོག་མངོན་པར་བརྗོད་པ་ནི་དེ་བཞིན་གཤེགས་པའི་གསུང་ངོ་ཞེས་དམན་པ་རྣམ་པར་སྤྲོ་བར་བྱེད་དོ། །རིག་པའི་རྒྱལ་པོའི་ཞེས་པ། རྡོ་རྗེ་ཕག་མོ་ལ་
སོགས་པ་རིག་མ་རྣམས་རྗེས་སུ་ཆགས་པར་བྱེད་པའི་ཕྱིར་རིག་པའི་རྒྱལ་པོ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའོ། །དེ་བསྒོམ་པའི་ཆོ་ག་ནི་སྔར་རྒྱས་པར་བྱས་ཟིན་ཏོ། །རྒྱུད་གཞན་དུ་གསུངས་པས་དེ་ཁོ་ན་འཁོར་ལོ་བདེ་མཆོག་གི་གཟུགས་ཅན་གྱི་བསྒོམ་པའི་རིམ་པ་གསལ་ཞིང་རྫོགས་པ་མན་
ངག་དང་བཅས་པ་ནི་བདག་གིས་བྱས་པའི་དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་ཆོ་གར་རྟོགས་པར་བྱ་ཞིང་། བྱེ་བྲག་རྒྱུད་འདིར་གསུངས་པའི་མིག་ལ་སོགས་པས་བྱིན་གྱིས་བརླབས་པ་ལ་སོགས་པ་ཤེས་རབ་ལ་རྗེས་སུ་ཆགས་པ་ཇི་སྲིད་པ་ནི་རྡོ་རྗེ་སེམས་དཔའ་ཁོ་ནའི་འོ། །ཨོཾ་ཤྲཱི་
ཧེ་ཧེ་རུ་རུ་ཀཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཞེས་པ་ཉེ་བའི་སྙིང་པོ་སྟེ། བཅོམ་ལྡན་འདས་ཀྱིའོ། །བཅོམ་ལྡན་འདས་མའི་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་བུདྡྷ་ཌཱ་ཀི་ནཱི་ཡེ་སྭཱ་ཧཱ་ཞེས་པ་སྙིང་པོ་དང་། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་པ་ཉེ་བའི་
སྙིང་པོ་ཞེས་པའོ། །གང་ཀུན་དུ་བཟང་པོ་དང་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་བྱམས་པ་དང་ནམ་མཁའི་སྙིང་པོ་དང་ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་སྤོས་ཀྱི་གླང་པོ་དང་། བློ་གྲོས་མི་ཟད་པ་དང་། ཡེ་
ཤེས་ཏོག་དང་སྤོབས་པ་བརྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་ངན་སོང་ཀུན་འཇོམས་དང་དྲ་བ་ཅན་གྱི་འོད་དང་། ཟླ་བའི་འོད་དང་རིན་ཆེན་འོད་དང་ཉི་མའི་འོད་དང་རྡོ་རྗེ་འོད་དང་ནོར་བཟང་དང་མཐུ་ཆེན་ཐོབ་དང་བློ་གྲོས་རྒྱ་མཚོ་དང་བཟང་སྐྱོང་
เล่ม ๗ · หน้า 243a
རྣམས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉི་ཤུ་རྩ་བཞི་ཁོ་ན་ནི་རིམ་པ་ཇི་ལྟ་བར་ཁཎྜ་ཀ་པཱ་ལ་ལ་སོགས་པའི་ངོ་བོ་རྣམས་དང་། དེ་རྣམས་ཀྱི་ཤེས་རབ་མ་རྡོ་རྗེ་ཕོ་ཉ་མོ་དང་སྐུལ་བྱེད་མ་དང་རིན་ཆེན་སྒྲོལ་མ་དང་། རྡོ་རྗེ་འོད་བྱེད་མ་དང་རོ་ལངས་མ་དང་རྡོ་རྗེ་གཞོན་ནུ་མ་དང་ཀཾ་པོ་
ཛི་དང་སངས་རྒྱས་བྱང་ཆུབ་དབང་ཕྱུག་མ་དང་། ཡེ་ཤེས་སྒྲོལ་མ་དང་རྡོ་རྗེ་འཇིགས་མ་དང་། གཱནྡཱ་རཱི་དང་རྒྱལ་བ་ཅན་མ་དང་སྒྲོལ་མ་དང་གོས་དཀར་མོ་དང་སྤྱན་མ་དང་མཱ་མ་ཀཱི་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མ་དང་སོ་སོར་འབྲང་མ་དང་རྨ་བྱ་ཆེན་མོ་དང་རི་ཁྲོད་ལོ་མ་ཅན་དང་རྡོ་རྗེ་
ལྕགས་སྒྲོག་མ་དང་ཕྱིར་བཟློག་མ་དང་གཙུག་ཏོར་མ་དང་རྡོ་རྗེ་འཇིགས་བྱེད་མ་རྣམས་རིམ་པ་ཇི་ལྟ་བར་རབ་ཏུ་གཏུམ་མོ་ལ་སོགས་པའི་ངོ་བོ་དང་། གཽ་རཱི་དང་ཆོམ་རྐུན་མ་དང་རྨོངས་བྱེད་མ་དང་རོ་ལངས་མ་དང་པུཀྐ་སཱི་དང་གཏུམ་མོ་དང་གྷསྨ་རཱི་དང་ཧེ་རུ་ཀའི་འོད་མ་རྣམས་ཁོ་ན་ནི་ཁྭ་གདོང་མ་ལ་སོགས་
པའི་ངོ་བོ་བརྒྱད་རྣམས་ཏེ། བདེ་མཆོག་གི་དཀྱིལ་འཁོར་གྱི་ཁྱད་པར་ལ་འདི་རྣམས་ཀྱི་ཐབས་གཤིན་རྗེ་གཤེད་དང་རྟ་མགྲིན་དང་བགེགས་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དང་དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ཏེ། གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་རོ་
རྡོ་རྗེ་མ་རྣམས་ནི་མཁའ་འགྲོ་མ་རྣམས་ལ་སོགས་པའི་ངོ་བོ་དང་། རེག་བྱ་རྡོ་རྗེ་མ་རྡོ་རྗེ་ཕག་མོའི་ངོ་བོ་དང་ཁ་ཅིག་ཏུ་འདི་སྤྱན་མའོ་ཞེས་གསུངས་ཤིང་ཡེ་ཤེས་སེམས་དཔས་འཁྱུད་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་མའོ་ཞེས་མངོན་པར་བརྗོད་པ་བླ་མའི་རྒྱུད་ཀྱི་རྗེས་སུ་འབྲང་བ་དང་། གཞན་དུ་ཡང་ཀུན་དུ་
བཟང་པོ་ལ་སོགས་པ་རྣམས་གཟུགས་གཞན་དུ་གཞག་པ་ཇི་ལྟར་རིགས་པར་བརྟག་པར་བྱའོ་ཞེས་རྣམ་པར་གཞག་པ་དེ་ནི་འདིར་གཤིན་རྗེ་གཤེད་ལ་སོགས་པ་བརྒྱད་སྤངས་ནས་རྟོགས་པར་བྱའོ། །རྣམ་པར་སྣང་མཛད་ནི་ཨོཾ་ཡིག་གོ། །གང་ཞིག་རྣམ་སྣང་མཛད་གསལ་བ། །ཨོཾ་ཡིག་དག་པ་
རྣམ་དག་པ། །སྤྲུལ་པ་ང་ཡི་སངས་རྒྱས་སོ། །ཞེས་པའི་གསུང་རབ་ལས་སོ། །པུཀྐ་སཱི་ནི་ཨུའོ། །ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་རེངས་པའི་སྔགས་སོ། །ཡི་གེའི་བདག་པོ་ནི་ཨོཾ་མོ། །ཨོཾ་ཨཾ་སྭཱ་ཧཱ་ཞེས་པ་དབང་དུ་བྱེད་པའི་སྔགས་སོ། །རིག་བྱེད་རྣམས་ཀྱི་དང་པོ་ནི་རབ་སྔགས་སོ། །ཨོཾ་
เล่ม ๗ · หน้า 243b
ཁཾ་སྭཱ་ཧཱ་ཞེས་པ་སྐྲོད་པའི་སྔགས་སོ། །ཨོཾ་ཛཱིཾ་སྭཱ་ཧཱ་ཞེས་པ་འབྱེད་པའི་སྔགས་སོ། །ཨོཾ་བུཾ་སྭཱ་ཧཱ་ཞེས་པ་མངོན་སྤྱོད་ཀྱི་སྔགས་སོ། །ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་འགུགས་པའི་སྔགས་སོ། །ཨོཾ་གྷུཿ་སྭཱ་ཧཱ་ཞེས་པ་གསོད་པའི་སྔགས་སོ། །འདིར་བླ་མ་རྣམས་མན་ངག་མཛད་པ་རྡོ་རྗེ་འཛིན་པའི་གསུང་ལ་བརྟེན་
པ་ལས། ཨཾ་གི་ས་བོན་ལས་སྐྱེས་པའི་རྡོ་རྗེ་མ་སེར་མོ་ཕྱག་གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་དག་དང་གཡས་པ་དག་གིས་རྡོ་རྗེ་དང་གྲི་གུག་དག་འཛིན་པ་སྙིང་གར་ཧཱུྃ་སེར་པོའི་ས་བོན་ཅན་བསྒོམས་ནས། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་སྔོན་དུ་བསྙེན་པ་འབུམ་གྱི་རྗེས་ཐོགས་སུ་འཆད་པར་འགྱུར་བའི་སྤེལ་
ཚིག་དང་བཅས་པའི་སྔགས་ཀྱིས་སྔར་བཤད་པའི་སྦྱིན་སྲེག་བྱའོ། །འདི་ཡང་ལས་གཞན་ཏེ་ཁམ་ཕོར་སོ་མ་བཏང་བ་གཉིས་སུ་ཐོད་ལོ་ཀོར་སེར་པོས་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། ཨོཾ་ཧཱུྃ་བཛྲ་ཆེ་གེ་མོ་སྟམྦྷ་ཡ་ཧཱུྃ་སྭཱ་ཧཱ་ཞེས་པ་བྲིས་
ནས། གཅིག་ཏུ་དུར་ཁྲོད་ཀྱི་ཐལ་བས་བཀང་སྟེ། ཁམ་ཕོར་གཞན་གྱིས་སྦྱར་བར་བྱས་ལ། སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ཟུང་དག་ཕྱོགས་རྡོ་རྗེ་རྣམས་ཀྱིས་ཉེ་བར་མཛེས་པ་བྲིས་ཤིང་ས་འོག་ཏུ་བཞག་ནས། བུད་མེད་ལ་རྐང་པ་གཡོན་པས་དང་། སྐྱེས་པ་ལ་གཡས་པས་མནན་
ཏེ། ཏིང་ངེ་འཛིན་ལ་གནས་པས་དེ་མ་ཐག་པའི་སྔགས་སྟོང་ཕྲག་བཟླས་པས། བསྒྲུབ་བྱ་རེངས་པར་འགྱུར་རོ། །ཨིཾ་ལས་རྫོགས་པའི་གཽ་རཱི་གུར་གུམ་ལྟར་དམར་བ་ཞགས་པ་དང་ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་རྡོ་རྗེ་འཛིན་པ་ཐུགས་ཀར་ཨཾ་གི་ས་བོན་དམར་པོ་བྱས་པ་བསྒོམས་ལ།
ཨོཾ་ཨཾ་སྭཱ་ཧཱ་ཞེས་པ་སྔོན་དུ་བསྙེན་པ་འབུམ་བྱས་པས་སྤེལ་བ་དང་བཅས་པའི་སྔགས་ཀྱིས་སྔར་གསུངས་པའི་སྦྱིན་སྲེག་བྱའོ། །ལས་གཞན་ཡང་འདི་ཡིན་ཏེ། བསྒྲུབ་བྱ་དམར་པོ་གཅེར་བུ་སྐྲ་གྲོལ་བའི་མགུལ་པར་ཞགས་པས་བཅིངས་ནས། ལྕགས་ཀྱུས་སྐྱེ་གནས་ཕུག་སྟེ།
བཀུག་ཅིང་རྐང་པའི་འོག་ཏུ་འགྱེལ་བར་བསམས་ལ། དེའི་བྷ་གར་ཨཾ་ཡིག་དམར་པོ་སྟེ། དེའི་མེ་འབར་བས་སློང་བར་བསམས་ཤིང་། སྐྱེས་པ་ལ་ནི་དེ་བཞིན་ཁོ་ནར་སྙིང་གར་རེག་སྟེ། ཨོཾ་ཨཾ་གཽ་རཱི་ཆེ་གེ་མོ་བདག་གིས་བ་ཤ་མཱ་ན་ཡ་ཨཾ་སྭཱ་ཧཱ་ཞེས་བཟླས་ཏེ་ངེས་པར་དེ་དབང་དུ་འགྱུར་
เล่ม ๗ · หน้า 244a
རོ། །ཨིཾ་གི་ས་བོན་ལས་སྐྱེས་པའི་ཆུ་མ་སྔོན་མོ་ཐོད་པ་དང་ཐོ་བ་དང་རྡོ་རྗེ་དང་སྡིགས་མཛུབ་འཛིན་པ་སྙིང་གར་ཉི་མ་ལ་གནས་པའི་ཁཾ་སྔོན་པོ་དང་ལྡན་པ་བལྟས་ཏེ། ཨོཾ་ཁཾ་སྭཱ་ཧཱ་ཞེས་བཟླས་པ་འབུམ་བྱས་པས་སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྔར་གྱི་སྦྱིན་སྲེག་བྱའོ། །
འདི་ནི་ལས་གཞན་ཏེ་བསྒྲུབ་བྱ་གཅེར་བུ་སྐྲ་གྲོལ་བ་རླུང་ལ་གནས་པའི་རྔ་མོ་སྔོན་པོ་ལ་ཞོན་པ་ལྷོར་ཁ་བལྟས་པ་ལ་ཁྲོས་པ་རྣམས་ཀྱིས་དབྱུག་པས་བརྡེག་བཞིན་པར་བསམ་ཞིང་། ཨོཾ་ཁཾ་བཱ་རི་ཡོ་གི་ནི་ཆེ་གེ་མོ་ཨུཙྪཱ་ཊ་ཡ་ཁཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བཟླས་ཏེ། ཞག་བདུན་གྱིས་སྐྲོད་པར་བྱེད་དོ། །ཨུཾ་
ཡིག་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་མ་ཆུ་མ་དང་འདྲ་བ་སྙིང་གར་ཉི་མ་ལ་གནས་པའི་ཛྲཱིཾ་ཡིག་སྔོན་པོ་ཅན་བསམས་ཨོཾ་བཛྲིཾ་སྭཱ་ཧཱ་ཞེས་པས་འབུམ་བཟླས་ནས། སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྔར་བཤད་པའི་སྦྱིན་སྲེག་བྱའོ། །ལས་འདི་ཡང་བྱ་སྟེ། བསྒྲུབ་བྱ་རྟ་དང་མ་ཧེ་ལ་ཞོན་པ་
དག་ཕན་ཚུན་འཐབ་བཞིན་པར་བསམ་ཞིང་། ཨོཾ་ཛྲཱིཾ་བཛྲ་ཌཱ་ཀི་ནཱི་ཆེ་གེ་མོ་དང་ཆེ་གེ་མོ་དག་བི་དྭེ་ཥཾ་ཀུ་རུ་ཛྲཱིཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བཟླས་པས་བྱེ་ནས་སྡང་ངོ་། །ཨཾ་གི་ས་བོན་ལས་སྐྱེས་པའི་བདག་མེད་མ་སྔོན་མོ་རྣམ་པར་འགྱུར་བའི་གཟུགས་ཅན་ཐོད་པ་དང་ཁ་ཊྭཱཾ་ག་དང་རྡོ་རྗེ་དང་གྲི་གུག་འཛིན་
པ་སྙིང་གར་ཉི་མ་ལ་གནས་པའི་བུཾ་ཡིག་སྔོན་པོ་ཅན་དུ་བསམ་ཞིང་། ཨོཾ་བུཾ་སྭཱ་ཧཱ་ཞེས་པ་ཟླས་པ་འབུམ་བྱས་པས། སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྔར་གསུངས་པའི་སྦྱིན་སྲེག་བྱའོ། །ལས་གཞན་ཡང་འདི་ཡིན་ཏེ་བྲམ་ཟེའི་ཐོད་པར་དུག་དང་སྐྱེ་ཚེ་དང་ལན་ཚྭ་དང་སྡིགས་མཛུབ་
ཀྱི་ཁྲག་གིས་འཁོར་ལོ་ཟུར་དྲུག་པ་སྟེ། ཟུར་རྣམས་སུ་ཧཱུྃ་དང་ལྡན་པ་དབུས་སུ་ཨོཾ་བུཾ་ནཻ་རཱ་ཏྣྱ་ཆེ་གེ་མོ་ཛྭ་ར་ཡ་བུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའམ་ཉེ་བར་འཚེ་བ་གཞན་སྤེལ་ཏེ་བྲིས་ནས་ཟློས་ཤིང་ཕུབ་མའི་མེ་ལ་གདུང་བར་བྱས་པས་རིམས་ཀྱིས་འདེབས་སོ། །ཨཾ་ལས་སྐྱེས་པའི་མཁའ་སྤྱོད་མ་
གཽ་རཱི་ལྟ་བུ་སྙིང་གར་ཧཱུྃ་དམར་པོའི་ས་བོན་ཅན་བསམ་ཞིང་། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པའི་བཟླས་པ་འབུམ་བྱས་པས། སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྔར་གྱི་སྦྱིན་སྲེག་བྱའོ། །འདི་ཡང་ལས་ཏེ། བསྒྲུབ་བྱ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་སློང་བར་བསམས་ནས་རང་གི་སྙིང་གའི་ས་
เล่ม ๗ · หน้า 244b
བོན་གྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་སྣ་བུག་གཡོན་པས་ཕྱུང་ཞིང་། བསྒྲུབ་བྱའི་སྣ་བུག་གཡས་པར་བཅུག་སྟེ། སྙིང་ག་དང་སྐྱེ་གནས་ཕུག་ནས། སྣ་བུག་གཡོན་ནས་ཕྱུང་ཞིང་། སྣ་བུག་གཡས་པ་ནས་སྙིང་གའི་ས་བོན་ལ་བཅུག་ཅིང་དབུགས་ཀྱི་རླུང་གིས་དགུག་པར་བྱའོ། །ཨོཾ་ཧཱུྃ་ཁེ་ཙི་
རི་ཆེ་གེ་མོ་ཨཱ་ཀཪྵཱ་ཡ་ཧཱུྃ་སྭཱ་ཧཱ་ཞེས་བཟླས་པ་ལས་འགུགས་སོ། །ཨོཾ་ཡིག་ལས་སྐྱེས་པའི་ས་སྤྱོད་མ་བདག་མེད་མ་ལྟ་བུ་སྙིང་གར་གྷུཿཡིག་སྔོན་པོ་ཅན་བསྒོམ་ཞིང་། ཨོཾ་གྷུཿསྭཱ་ཧཱ་ཞེས་འབུམ་དུ་བསྙེན་པ་བྱས་པས་སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྔར་གྱི་སྦྱིན་སྲེག་བྱའོ། །ལས་འདི་ཡང་སྟེ།
གྷུཿཡིག་ལས་སྐྱེས་པའི་རྡོ་རྗེ་འབར་བས་འོག་ཏུ་ཁ་བལྟས་པའི་བསྒྲུབ་བྱའི་རྐེད་པར་བརྐོ་བར་བསམ་ཞིང་། ཨོཾ་གྷུཿབྷཱུ་ཙ་རི་ཆེ་གེ་མོ་མཱ་ར་ཡ་གྷུཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་ཟློས་པས་གསོད་པར་བྱེད་དོ། །རྡོ་རྗེ་མ་ལ་སོགས་པ་བདུན་པོ་འདི་རྣམས་ཀྱང་པདྨ་དང་ཉི་མ་དང་རོ་ལ་གནས་པ་གར་མཛད་པ་ཕྱག་བཞི་
མ་ཕྱག་རྒྱ་ལྔས་བརྒྱན་པར་བྱས་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ་རྣམས་སོ་ཞེས་པའོ། །གསུངས་པ་ཡང་། རྡོ་རྗེ་མ་དང་གཽ་རཱི་དང་ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་བདག་མེད་མ་དང་མཁའ་སྤྱོད་མ་དང་ས་སྤྱོད་མའི་རྣལ་འབྱོར་ལས་རེངས་པ་ལ་སོགས་པ་རྣམས་བརྟུལ་ཞུགས་ཅན་གྱིས་བྱེད་དོ་ཞེས་
སོ། །ལས་ཁ་ཅིག་ལ་གཉིས་དང་གསུམ་ལ་སོགས་པའི་ལྷ་མངོན་པར་བརྗོད་པ་ནི་མངོན་པར་འདོད་པའི་ལྷ་གང་ཡང་རུང་བས་བསྒྲུབ་བྱ་འགྲུབ་བོ་ཞེས་ངེས་པར་རིག་པར་བྱའོ། །སྒོ་སྲུང་གི་སྔགས་བཏུ་བ། བརྒྱད་པ་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ཞེས་པ་དང་།
ལི་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་པ་བརྒྱད་གཉིས་ཀྱི་དབུས་སུ། རྀ་རཱྀ་ལྀ་ལཱྀ་ཞེས་པ་མ་ནིང་གི་བཞིའོ། །བརྒྱད་པ་གཉིས་པ་རྣམས་ཀྱི་བརྒྱད་པ་ཨཿཡིག་སྟེ་དེས་བརྒྱན་པའོ། །དེ་ལ་གཏི་མུག་གི་རིགས་ཨོཾ་ཡིག་དེ་ཁོ་ན་དང་པོའོ། །ཆ་མེད་ནི་ཐིག་ལེ་སྟེ་དེ་སྤྱི་བོར་བྱིན་ནས་སྭཱ་ཧཱའི་ཡི་གེ་དག་
གང་གི་མཐར་སྦྱར་བ་དེ་ནི་དེ་སྐད་དོ། །ཆོས་ཀྱི་ས་བོན་ནི་ཧཾ་སྟེ། དེ་ལས་ཏེ་སྭཱ་ཧཱ་ལས་སྔོན་དུའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་སྟོན་པ། རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །སྒོ་སྐྱོང་རྣམས་ལ་ཞེས་པ་ནི་དྲུག་པའི་དོན་ལའོ། །དབྱངས་ལྷག་མ་ནི་ཨ༔འོ། །འདི་ནི་འདིར་
เล่ม ๗ · หน้า 245a
བསྡུ་བ་སྟེ། ཨོཾ་རྀཾ་ཨཿཧཾ་སྭཱ་ཧཱ། ཨོཾ་རཱྀཾ་ཨཿཧཾ་སྭཱ་ཧཱ། ཨོཾ་ལྀཾ་ཨཿཧཾ་སྭཱ་ཧཱ། ཨོཾ་ལཱྀཾ་ཨཿཧཾ་སྭཱ་ཧཱ་ཞེས་པའོ། །མེ་ཏོག་མ་ལ་སོགས་པའི་སྔགས་བཏུ་བ་མཛད་དེ། རིག་བྱེད་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་ས་བོན་འདིར་རྗེས་སུ་འཇུག་པར་བྱའོ། །ཨོཾ་པུཥྤེ་
ཧཾ་སྭཱ་ཧཱ་ཞེས་པ་ལ་སོགས་པའི་སྔགས་སོ། །བསྒྲེ་བ་གསུངས་པ། དེ་ལྟར་ཞེས་པ་བརྗོད་པའི་བཏུ་བའི་ཆོ་ག་གང་དུ་རྗེས་སུ་བསྒྲུབ་པ་དེ་དཀྱིལ་འཁོར་པའི་ལྷ་གཞན་རྣམས་ཀྱི་དཀྱིལ་འཁོར་བརྟག་པར་བྱ་སྟེ། དེ་རྣམས་ཀྱི་ཡང་སྔགས་བཏུ་བ་རྟོགས་པར་བྱའོ་ཞེས་པའི་དོན་ཏོ། །འཁྲུལ་
འཁོར་གྱི་སྔགས་རྣམས་བཏུ་བ། དེ་ནས་ཞེས་པ་ལ་སོགས་པ་སྟེ། སྒྲོལ་མའི་བསྐྱེད་པ་སྟེ། གང་དུ་ལས་རྣམས་ཐམས་ཅད་རྣམ་པར་འཕྲུལ་ཞིང་ཁྱད་པར་དུ་དབང་དུ་བྱ་བའི་འོ། །འདིའི་ཁ་སྟེ་འདབ་མ་བཞི་རྣམས་ཕྱོགས་རྣམས་སུ་དང་མཚམས་རྣམས་སུའོ། །ཏ་ཞེས་པ་ཏ་ཡིག་གསུམ་
སྦྱོར་བས་ཕྱོགས་དང་ཕྱོགས་བྲལ་རྣམ་པར་གནས་ཏེ། འདབ་མ་སོ་སོ་ལ་མན་ངག་ལས་ཟླ་ཕྱེད་དང་ཐིག་ལེ་དང་བཅས་པའི་ཏ་ཡིག་གསུམ་མོ་ཞེས་པའི་དོན་ཏོ། །ཆོ་ག་ནི་གུར་གུམ་དང་གི་ཝང་ངམ་རྒྱ་སྐྱེགས་ཀྱི་ཁུ་བ་སྟེ། དེ་དག་གིས་སམ། དེས་འཁྲུལ་འཁོར་བྲིས་ཏེ། སྔགས་ལ།
པྲ་ཞེས་པ་ལ་སོགས་པའི་སྔགས་བཟླས་པ་འབུམ་བྱས་པས་སོ། །ཀུན་ནས་ཞེས་པ་ཕ་རོལ་དང་འབྲེལ་ལོ། །དེའི་ལྟེ་བའི་ཡི་གེ་རྣམས་ནི་ཨོཾ་ཨོཾ་སྭཱ་ཧཱ་ཞེས་པ་ལ་སོགས་པའོ། །དེའི་སྟེང་འཁོར་ལོའི་འོ། །བསྐོར་བ་བྱ་བ་སྟེ་འཁོར་ལོ་མུ་ཁྱུད་ལ་ཨོཾ་པྲ་ཞེས་པ་ལ་སོགས་པའོ། །སྭཱ་ཧཱའི་
མཐའ་གང་གི་ཡིན་པའོ། །ཟེ་འབྲུ་ལ་ཞེས་པ་འཁོར་ལོའི་ལྟེ་བ་ལ་ཏཱཾ་ཡིག་གིས་བསྐོར་བར་བྱའོ། །སྤེལ་བ་ནི་ཏ་ཡིག་ཁོ་ནས་སོ། །སྔགས་པ་ནི་སྔགས་ཟློས་པ་ལ་བརྩོན་པའོ། །ཆོ་ག་བཞིན་ཞེས་པ་ནི་གྲོ་ག་ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་འདིར་ཆོ་གའོ། །འདི་ནི་
འདིར་བསྡུས་པའི་དོན་ཏོ། །རབ་ཏུ་དང་བའི་སྒྲོལ་མའི་རྣལ་འབྱོར་དང་ལྡན་པས་སྔགས་འབུམ་བཟླས་པའི་སྔགས་པས་གྲོ་ག་ལ། ཕྱོགས་བརྒྱད་དུ་སོན་པའི་འདབ་མ་བརྒྱད་པའི་ཨུཏྤལ། འདབ་མ་སོ་སོ་ལ་ཏཱཾ་ཡིག་གསུམ་པའོ། །ལྟེ་བ་ཟླུམ་པོ་ལ་ཤར་ནས་བཟུང་ནས་ཀུན་
เล่ม ๗ · หน้า 245b
དུ་ཨོཾ་པྲ་སནྣ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་ཁོར་ཡུག་གི་རྣམ་པའོ། །ཁོར་ཡུག་དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་སྟེ། མུ་ཁྱུད་ལ་དེ་ལྟར་སྔགས་ཀྱི་ཕྲེང་བའོ། །ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏུ་སྭཱ་ཧཱ། ཨོཾ་ཏྟཱ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏུ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ།
ཞེས་རྩིབས་བརྒྱད་རྣམས་ལའོ། །འཁོར་ལོའི་ལྟེ་བ་ལ་ཏཱཾ་ཡིག་བརྒྱད་ཀྱིས་བསྐོར་བའི་ཏཱཾ་ཡིག་གི་ནང་དུ་ཨོཾ་ཧྲཱི༔ཆེ་གེ་མོ་མེ་བ་ཤྭི་ཀུ་རུ་ཧྲཱི༔སྭཱ་ཧཱ་ཏཱཾ་ཞེས་པ་བྲིས་ནས་འཁོར་ལོ་བཅོམ་ལྡན་འདས་མའི་སྤྱི་བོའི་བུ་ག་ནས་སྙིང་གར་བསྒོམས་པ་འཁོར་ལོ་འདི་ཁོ་ན་ལ་བཅུག་ནས། ཆོས་འབྱུང་
གི་སྒོ་ནས་ཕྱུང་སྟེ་དེ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་དཔའི་ངོ་བོ་དེ་ལྟ་ཁོ་ནར་བཅུག་ཅིང་ཕྱུང་སྟེ། ཡི་གེའི་ངོ་བོར་ཡོངས་སུ་གྱུར་པ་ནང་དུ་བཅུག་ནས་མཆོད་པར་བྱའོ་ཞེས་རབ་གནས་བྱས་པའི་འཁོར་ལོ་གཅིག་དཔུང་བ་ལ་གདགས་
པར་བྱའོ། །དེ་ལྟར་གཉིས་པ་མར་དང་སྦྲང་རྩིའི་ནང་དུ་གཞག་པར་བྱའོ། །བསྒྲུབ་བྱ་ནི་རང་གི་ལུས་ཀྱི་འཁོར་ལོའི་འོད་ཟེར་གྱི་ཕྱི་རོལ་དུ་སོང་བ་རྣམས་ཀྱིས་ཁྱབ་པར་བྱེད་ཅིང་སྔགས་ཟློས་པས་དབང་དུ་བྱའོ་ཞེས་པའོ། །འཁྲུལ་འཁོར་གྱི་ཕྱི་མ་རྣམས་ལ་ཡང་ཇི་ལྟར་རིགས་པར་འདིའི་རྗེས་སུ་
འབྲང་བས་རབ་གནས་ལ་སོགས་པ་བསྒྲུབ་པར་བྱའོ། །སླར་ཡང་ཞེས་པ་རབ་ཏུ་དང་བའི་སྒྲོལ་མ་བསྒོམ་པ་ཁོ་ན་འདི་སྟེ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་འཁོར་ལོ་རྩིབས་བཅུ་པའོ། །དེའི་མུ་ཁྱུད་ལ་ཨོཾ་པྲ་སན་ན་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བསྐོར་བ་སྟེ། རྩིབས་རྣམས་ལ་
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པའི་ཡི་གེ་རེ་རེའོ། །ལྟེ་བར་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་བ་ཤཱི་ཀུ་རུ་སྭཱ་ཧཱ་ཞེས་བྲིས་ནས་སྔར་བཞིན་དུ་ཐམས་ཅད་བྱའོ་ཞེས་པའོ། །ཀུ་རུ་ཀུལླེའི་འཁྲུལ་འཁོར་ནི་བརྒྱད་པར་བཤད་ཟིན་ཏོ། །ཆོ་ག་བཞིན་ཞེས་པ་རྡོ་རྗེ་མའི་རྣལ་འབྱོར་གྱིས་ཏེ་སྔར་ཆོ་ག་བཤད་ཟིན་ཏེ།
ཐོད་ལོ་ཀོ་ར་ནི་ཐོད་ལོ་ཀོར་གྱིས་སོ། །ཀུན་དུ་སྟེ་ཕྱོགས་བརྒྱད་རྣམས་སུའོ། །ཡི་གེ་རྣམས་ཀྱི་དགོད་པ་སྣ་ཚོགས་པ་གང་ཡིན་པའི་འཁོར་ལོ་དེ་ནི་དེ་སྐད་དོ་ཞེས་པ་མདོར་བསྟན་པའོ། །ལྷག་མ་རྒྱས་པར་བསྟན་པའོ། །རྡོ་རྗེ་འཛིན་པ་བསྒོམ་བཞིན་པའི་སྔགས་པས་ཕྱོགས་བརྒྱད་ཀྱི་འདབ་མ་
เล่ม ๗ · หน้า 246a
ཅན་གྱི་པདྨའི་ལྟེ་བ་ལ་གཿཡིག་བརྒྱད་རྣམས་ཀྱིས་བསྐོར་བའི་རྩིབས་བརྒྱད་པའི་འཁོར་ལོ་སྟེ། རྩིབས་སོ་སོ་ལ་གཿའོ་ཞེས་པ་གཿཡིག་བརྒྱད་ཀྱིས་བརྒྱན་པའོ། །དབུས་སུ་ཡང་སྟེ་འཁོར་ལོའི་ལྟེ་བར་གཿཡིག་བརྒྱད་ཀྱིས་བསྐོར་བ་ག༔ཆེ་གེ་མོ་སྟམྦྷ་ཡ་སྭཱ་ཧཱ་ག༔འི་བསྒྲུབ་བྱ་
སྤེལ་བ་གང་དུ་ཡིན་པ་ཞེས་པ་དེ་སྐད་དོ། །ཐུན་མཚམས་སོ་སོར་རྐང་པས་མནན་ནས་བརྒྱད་ལྷག་པའི་བརྒྱར་གཿཆེ་གེ་མོ་སྟམྦྷ་ཡ་སྭཱ་ཧཱ་གཿཞེས་བཟླས་ཏེ་གཞག་པར་བྱའོ་ཞེས་པ་ཆོ་གའོ། །དེ་ཉིད་ཅེས་པ་དེ་མ་ཐག་པའོ། །ག༔ཡིག་རྣམས་ཀྱི་གནས་སུ་ཧཱུྃ་ཧཱུྃ་ཕཊ་དོ། །ཁྲག་ནི་སྡིགས་མཛུབ་
ཀྱིའོ། །ཐོད་པ་ཁ་སྦུབ་པ་རྐང་པས་མནན་ནས། ཧཱུྃ་ཧཱུྃ་ཕཊ་ཆེ་གེ་མོ་མཱ་ར་ཡ་སྭཱ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་ཐུན་སོ་སོར་བརྒྱ་རྩ་བརྒྱད་དུ་བཟླས་ནས་གཞག་པར་བྱའོ། །དེ་ཁོ་ན་ཞེས་པ་འཁོར་ལོ་དགོད་པའོ། །ག༔ཡིག་གི་གནས་སུ་ཨོཾ་ཨོཾ་ཆེ་གེ་མོ་རྒྱས་པར་མཛོད་ཅིག་སྭཱ་ཧཱ་ཨོཾ་ཞེས་བཟླས་ནས་གཞག་པར་
བྱའོ། །དེ་ཁོ་ན་ཞེས་པ་འཁོར་ལོའོ། །ཡི་གེ་ནི་དེ་མ་ཐག་པ་ཨོཾ་མོ། །དེ་ནས་ཨོཾ་ག༔ཡིག་གི་གནས་སུ་སྭཱ་ཧཱ་སྟེ། ཨོཾ་སྭཱ་ཧཱ་ཆེ་གེ་མོ་རཀྵ་ཀུ་རུ་སྭཱ་ཧཱ་ཨོཾ་སྭཱ་ཧཱ་ཞེས་པ་དེ་བཞིན་དུ་གཞག་པར་བྱའོ། །དེ་ཞེས་པ་འཁོར་ལོ་དགོད་པའོ། །འཁོར་ལོ་ནི་ཨཱ༔ཡིག་རྣམས་ཀྱིས་བསྐོར་བའོ། །རྩིབས་
རྣམས་ལ་ཨཱཿཨོཾ་སྭཱ་ཧཱ་ཨཱཿཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་པ་ཡང་སྙིང་པོར་བྱས་ནས་རིམ་པ་ཇི་ལྟ་བར་བརྒྱད་རྣམས་ལ་བྲི་བར་བྱའོ། །ལྟེ་བར་ཨཱཿཡིག་བརྒྱད་ཀྱི་དབུས་སུ་ཨཱ༔ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་ནད་ལ་སོགས་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཨ༔ཞེས་པའོ། །ཁམ་ཕོར་དུ་སྟེ་སོ་མ་བཏང་བར་རོ། །བཟླས་
པ་ནི་སྒྲོལ་མ་དཀར་མོ་བསྒོམས་པས་སྔོན་དུ་བསྙེན་པ་འབུམ་གྱི་དེ་མ་ཐག་ཏུའོ། །ཆེ་གེ་མོ་བྲི་ཞེས་འབྲེལ་ལོ། །སྒྲོལ་མ་དཀར་མོའི་རྣལ་འབྱོར་གྱིས་ཨཱ༔ཡིག་གི་དབུས་སུ། ཆེ་གེ་མོའི་ཆེ་གེ་མོ་བ་ཤ་མཱ་ན་ཡ་ཞེས་པ་བྲིའོ། །ཕྱིའི་ཕྱོགས་རྣམས་སུ་ཧཱུྃ་མཚམས་སུ་བཾ་སྟེ། དེའི་ཕྱི་རོལ་དུ་
རི་མོ་གསུམ་རྣམས་ཀྱིས་བསྐོར་བའོ། །དེ་ལས་ཞེས་པ་དེ་རྣམས་ལས་སོ། །ཀུ་རུ་ཀུལླེར་བསམ་ཞིང་ཨུཏྤལ་འདབ་མ་བཞི་པ་སྟེ་དེའི་ཕྱི་རུ་ཧཱུྃ། འདབ་མ་སོ་སོ་ལ་ཧྲཱིཾ། ལྟེ་བ་ལ་ཕྱོགས་རྣམས་སུ་ཧཱུྃ། དབུས་སུ་ཧྲཱི༔ཆེ་གེ་མོའི་ཀོ་བཾ་ཤ་མ་ཡ་ཧྲཱི༔ཞེས་པ་བྲིས་ནས་གཞག་པར་བྱའོ། །ཐ་དད་
เล่ม ๗ · หน้า 246b
པ་ཞེས་པ་ཨོཾ་པྲ་སནྣ་ཏཱ་རེ་ཞེས་པ་ལ་སོགས་པའི་སྔགས་ལས་སོ། །གོས་ཀྱི་མཐའ་ལ་བསྒོམས་པས་གདུག་པ་ཅན་ཐམས་ཅད་བཅུག་ནས་ལག་པ་གཡོན་པས་གཡས་སྐོར་གྱི་མདུད་པ་བྱའོ་ཞེས་པ་མན་ངག་གོ། །འཁོར་ལོས་མཚན་མ་ནི་སྔ་མ་བཞིན་དུ་བསྒོམས་པས་སོ། །ཨུཏྤ་ལ་
ཡིས་མཚན་པའི་འཁོར་ལོའི་སྟེ་སྔར་གསུངས་པའི་ཆོ་ག་འདིའི་ཞེས་པ་ལྷག་མའོ། །པྲ་སནྣའི་སྒྲོལ་མ་བསྒོམ་པ་ཁོ་ནས་འདིར་ཐམས་ཅད་སྔ་མ་བཞིན་ཏེ། ཨོཾ་སརྦ་ཞེས་པ་ལ་སོགས་པ་སྔགས་སོ། །ཕ་རོལ་ནི་གཞན་པའོ། །ཤྲཱི༔ཧྲཱི༔ཞེས་པ་འདབ་མ་སོ་སོ་ལའོ། །ལྟེ་བ་ལ་ཧྲཱི༔
ཆེ་གེ་མོའི་སོ་སོ་ཝ་ཤྱཾ་ཀུ་རུ་ཧྲཱི༔གཟུང་བར་བྱ་སྟེ་དཔུང་པ་ལའོ། །པདྨ་ནི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པ་མན་ངག་ཏུ་བྱེད་དོ། །འཆད་པར་འགྱུར་བའང་འཁོར་ལོ་དེ་ཁོ་ན་ཞེས་སོ། །གཏི་མུག་གི་རིགས་ཀྱི་སྔགས་ནི་ཨོཾ་སྟེ། རྩིབས་སོ་སོ་དང་འདབ་མ་སོ་སོ་དང་མུ་ཁྱུད་དང་
པདྨའི་ལྟེ་བ་ལ་ཡང་ངོ་། །ཨོཾ་ཨཱ་མུ་ཀ་སྱ་རཀྵཾ་ཀུ་རུ་ཨོཾ། འཁོར་ལོའི་ཕྱི་རོལ་དུ་རི་མོ་ཟླུམ་པོ་གསུམ་མོ། །དེའི་ཕྱི་རོལ་དུ་ཕྱོགས་བརྒྱད་དུ་ཕྱོགས་སོ་སོར་རྡོ་རྗེ་རྩེ་གསུམ་པའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་མ་སྤྱན་མའི་རྣལ་འབྱོར་གྱིས་བྲིའོ། །དེ་ནི་དེ་མ་ཐག་པ་དེའོ། །
ཕྱི་རོལ་དུ་ཞེས་པ་མུ་ཁྱུད་ལའོ། །རྟ་མགྲིན་བསྒོམ་ཞིང་འཁོར་ལོ་འདི་བསྒྲུབ་པར་བྱའོ། །མངོན་སྤྱོད་ཀྱི་རྫས་ནི་དུག་དང་ཁྲག་དང་ཡུངས་ཀར་རོ། །ཡང་དག་བྲིས་ནི་དུར་ཁྲོད་ཀྱི་རས་ལ་མ་ཧེའི་རྨིག་པའི་ནང་དུ་འཁོར་ལོ་གཅིག་སྟེ། གཉིས་པ་རྟའི་ལ་གཞག་པར་བྱའོ། །མེའི་དཀྱིལ་
འཁོར་ནི་གྲུ་གསུམ་པ་སྟེ། དེ་གཉིས་དེ་ལྟ་བུར་བྲིས་ཏེ། ཇི་ལྟར་འོག་གི་ཕྱོགས་ཀྱི་ཟུར་གྱི་ངོས་དག་ཏུ་ཟུར་གཉིས་དང་། སྟེང་གི་ཕྱོགས་ཀྱི་ཟུར་གྱི་རྭ་གཉིས་འགྱུར་བ་ལྟར་རོ། །དེ་བཞི་རྣམས་ལ་སོ་སོར་ཧཱུྃ་ག༔ཧཱུྃ་ཧཱུྃ་ག༔ཧཱུྃ། སྟེང་གི་ཟུར་དུ་ཧཱུྃ་ཧཱུྃ་ཕཊ། འོག་ཟུར་དུ་ཧཱུྃ་ག༔ཧཱུྃ་ཧཱུྃ་ག༔ཧཱུྃ་དང་། དབུས་སུ་ཧཱུྃ་གཿ
ཧཱུྃ་ཆེ་གེ་མོ་སྟམྦྷ་ཡ་ཧཱུྃ་ག༔ཧཱུྃ། ཟླུམ་པོ་གཉིས་ཕྱི་རོལ་དུ་ནི་རི་མོ་གཉིས་ཀྱི་དབུས་སུ་ན་མསྶ་མནྟ་བུ་དྡྷེ་བྷྱོ་ན་མོ་མ་ཧཱ་བ་ལཱ་ཡ་ཨུཙྪུསྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦ་ནཱ་གཱ་ནཱི་ཧྲྀ་ད་ཡཾ་ཏ་ཌ་ཡ་ཧཱུྃ་ཕཊ་ཅེས་པའམ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན་པ་ཙ་པ་ཙ། བི་དྷྭཾ་ས་ཡ། ཨུཙྪཱ་ཊ་ཡ་སརྦ་ནཱ་གཱ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པས་
เล่ม ๗ · หน้า 247a
སྟོབས་པོ་ཆེའི་སྔགས་ཁོར་ཡུག་གི་རྣམ་པར་བྲི་ཞིང་སྟོབས་པོ་ཆེ་བསྒོམས་པས་སོ། །འདི་དང་སྔ་མར་དང་འཆད་པར་འགྱུར་བ་རྣམས་ལ་ཡང་སྔགས་མགོ་ཕྱིར་བསྟན་པ་བྲིའོ། །ཨོཾ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པ་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་ཞེས་འབུམ་ཕྲག་སྔོན་ལ་
ཡོངས་སུ་བཟླས་ནས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པའི་སྟེང་དུ་ཕྱོགས་དང་མཚམས་རྣམས་སུ་སོ་སོར་ཨོཾ་མོ། དབུས་སུ་པདྨའི་འདབ་མ་བརྒྱད་རྣམས་ལ་སོ་སོར་ཨཱཿའོ། །ལྟེ་བ་ལ་ཧཱུྃ་ཧཱུྃ་བཛྲ་དྷ་ར་ཨཱ་མུ་ཀཾ་སྟམྦྷ་ཡ་ཧཱུྃ་ཧཱུྃ་ཞེས་པ་ཡུང་བའི་ཁུ་བས་བྲིས་ཏེ། ཁམ་ཕོར་སོ་མ་བཏང་བ་གཉིས་སུའོ། །
དེའི་རྗེས་སུ་དེར་གཉུག་མའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་བསྒྲུབ་བྱ་ནང་དུ་བཅུག་ནས། ཁམ་ཕོར་གཉིས་པོ་དེ་རྡོ་རྗེ་ཕྲ་མོའི་ཕྲེང་བའི་ངོ་བོར་བསྒོམས་པའི་སྐུད་པས་དཀྲིས་ཏེ། བསྒྲུབ་བྱའི་མགོ་བོར་མནན་ནས། ཨོཾ་ཨཱཿབཛྲ་དྷ་ར་ཆེ་གེ་མོ་སྟམྦྷ་ཡ་ཧཱུྃ་ཞེས་བཟླས་པས་རེངས་པར་འགྱུར་རོ། །རྡོ་རྗེ་འཛིན་པ་
བསྒོམ་ཞིང་། ཕྱི་རོལ་གྱི་སྟེང་དུ་རྡོ་རྗེ་བརྒྱད་ཀྱིས་མཚན་པའི་སའི་དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་པ་གཞན་གྱི་སྟེང་དུ་ཕྱོགས་རྣམས་སུ་སྔགས་རྣམས་ཏེ། དེ་རྣམས་ལས་ནང་དུ་རི་མོ་གྲུ་བཞི་པའི་དབུས་སུ་སའི་དཀྱིལ་འཁོར་ཏེ། དེའི་ནང་དུ་ཆེ་གེ་མོ་རེངས་པར་གྱིས་ཤིག་ཅེས་
བྲིའོ། །ཟླུམ་པོ་ཞེས་པ་ལ་སོགས་པ་སྟེ། འོད་ཟེར་ཅན་དུ་བསམ་ཞིང་། ཟླུམ་པོ་རྩིབས་མེད་པ་བྱིས་པའི་འཁོར་ལོ་སྟེ་དེའི་ཕྱི་རོལ་གྱི་ཕྱོགས་བྲལ་རྣམས་སུ་སྟེང་དུ་རྡོ་རྗེ་རྣམས་སོ། །དེ་རྣམས་ཀྱི་སྟེང་དང་འོག་ཏུ་སོ་སོའི་དབུས་ཀྱི་རྩེ་མོ་ཧཱུྃ་བཞི་ཅན་ནོ། །སོ་སོའི་ལྟེ་བ་ལ་དབང་ལྡན་ནས་བརྩམས་ནས།
དབུ་ནས་རིམ་གྱིས་ཚིག་བཅུ་གཉིས་པ་ཅན་གྱིས་ཕྲེང་བའི་སྔགས་ཏེ། འདིའི་ཚིག་སོ་སོ་ལ་དང་པོར་ཨོཾ་ཡིག་གོ། །འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའོ། །དེའི་ཕྱོགས་རྣམས་སུ་རྩེ་མོ་བཅུ་གཉིས་རྣམས་ཀྱི་རྩེ་མོ་སོ་སོ་ལ་རྐང་པ་གསུམ་གྱི་སྔགས་སོ། །ཕྱི་རོལ་གྱི་ཟུར་སོ་སོ་ལ་ཨོཾ་མཱ་རཱི་ཙྱཻའོ། །
ལྟེ་བ་ལ་དབང་ལྡན་ནས་བཟུང་ནས་ཨོཾ་ལ་སོགས་པ་སྟམྦྷ་ཡའི་མཐར་ཐུག་པའོ། །དེའི་ནང་དུ་མཱཾ་ཡིག་གི་དབུས་སུ་ཆེ་གེ་མོ་སྲུངས་ཤིག་རཀྵའོ། །མཱཾ་ཡིག་ལས་ཕྱི་རོལ་དུ་ཟུར་སོ་སོར་ཨོཾ་མཱ་རཱི་ཙྱཻ་དེ་ཝ་ཏ་ཡཻ་ཞེས་བྲིའོ་ཞེས་པ་རྣམ་པ་གཅིག་གོ། །སོ་སོའི་དབུས་ཀྱི་རྩེ་མོ་ལ་ཧཱུྃ་ཡིག་གཅིག་གོ། །ལྟེ་བ་སོ་སོ་ལ་
เล่ม ๗ · หน้า 247b
རིམ་པ་ཇི་ལྟ་བར་ཚིག་གསུམ་ཁོ་ནའོ། །ཤར་གྱི་རྩེ་མོ་གསུམ་གྱི་དབུས་ཀྱི་རྩེ་མོ་ལ་ཨོཾ་བཏྟཱ་ལི། རྩེ་མོ་གཡོན་པ་དང་རྩེ་མོ་གཡས་པ་ལ་ཨོཾ་བཱ་རཱ་ཧ་མུ་ཁིའོ། །ཟུར་སོ་སོ་ལ་ཡི་གེ་གཅིག་གོ། །ཨོཾ་མཱ་རཱི་ཙྱཻ་དེ་བ་ཏ་ཡཻ། དབང་ལྡན་ལ་སོགས་པ་རྣམས་སུ་ཡི་གེ་རེ་རེ་སྟེ་གཞན་སྔར་བཞིན་ནོ་ཞེས་པ་རྣམ་པ་བཞིན་
ནོ། །རྣམ་པ་གཉིས་ཀ་ཡང་གཞན་དུ་བསྟན་པའི་ཕྱིར་འདིར་བསྡུས་པའོ་ཞེས་བཤད་པར་བྱའོ། །ཕྱོགས་ཀྱི་གོས་ཅན་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པ་སྒོམ་པ་པོས། སྐྱེས་བུ་མདུན་དུ་དཔུང་པ་གཡོན་པ་སྡིགས་མཛུབ་དང་བཅས་པ་བརྐྱང་བ། སྟེང་དུ་བརྐྱང་ཞིང་བརྡེག་པའི་ཚུལ་ཅན་
གྱི་ལག་པ་གཡས་པ་ཅན་སྐྲ་གྲོལ་བ་སོས་མ་མཆུ་བསྡམས་པ། གདོང་རྣམ་པར་འགྱུར་བ་རབ་ཏུ་གཏུམ་པ་ཅན་བྲི་བར་བྱའོ། །ཧཾ་ཡིག་མགོ་ཐུར་དུ་བསྟན་པ་དབུས་ལྟེ་བ་ལའོ། །ཡེ་ནས་བརྩམས་པ་རཱ༔ཞེས་པའི་མཐར་ཐུག་པ་ཨོས་ཀོ་གཡོན་པ་ཇི་སྲིད་པར་རོ། །དེའི་ནི་སྐྱེས་བུའིའོ། །དེ་ཞེས་པ་
མཆོད་རྟེན་ཏེ་སྟེང་དུ་གནས་པའོ། །གྱེན་དུ་བསྟན་པའི་ཡེ་དྷརྨཱ་ཞེས་པ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ནྟེ་ཥཱ་ནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎ༔ཞེས་པའི་ཚིགས་སུ་བཅད་པའོ། །དེའི་ནི་མཆོད་རྟེན་གྱིའོ། །དེའི་སྟེང་མཆོད་རྟེན་གྱིའོ། །ཧཱུྃ་ཡིག་ཅེས་པ་རྡོ་རྗེའི་ངོས་སོ་སོར་ཧཱུྃ་
ཡིག་དྲུག་རྣམས་སོ། །མ་ནིང་རྣམས་ནི། རྀ་རཱྀ་ལྀ་ལཱྀ་ཞེས་པ་བཞི་རྣམས་ཏེ་དེ་སྤངས་ནས་དབྱངས་རྣམས་སོ། །སྔ་མ་བཞིན་ཞེས་པ། ཡེ་མ་མ་ཞེས་པ་ལ་སོགས་པ་རཱཿཞེས་པའི་བར་ཀློག་པའི་རིམ་པ་སྟེ། འོན་ཀྱང་ཕྲེང་དང་པོའི་རྣམ་པས་སོ། །སླར་ཡང་ཞེས་པ་ཡེ་མ་མ་ཞེས་པ་ལ་སོགས་
པའོ། །མགོ་དང་ལག་པའི་མཐིལ་གཉིས་དང་བརླ་གཉིས་དང་རྩིབ་ལོགས་གཉིས་དང་བྲང་ཞེས་པ་ཡན་ལག་བརྒྱད་རྣམས་སོ། །རོལ་བཅས་ཀྱིས་རྒྱབ་དག་ནི་ལག་པའི་རྒྱབ་དག་ལའོ། །རྐང་པ་དག་ལ་ནི་རྐང་པའི་རྒྱབ་དག་ལའོ་ཞེས་ཤེས་པར་བྱའོ། །དེ་བ་དཏྟའི་ཞེས་དང་རཀྵཾ་ཀུ་རུ་ཞེས་
པ་ལྷག་མའོ། །རྡོ་རྗེ་ཞེས་པ་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་ལྟེ་བ་ལའོ། །གུར་གུམ་གྱིས་རྡོ་རྗེ་གསུམ་རྣམས་དང་ཡི་གེ་རྣམས་ཐམས་ཅད་བྲིའོ། །ཟུར་བརྒྱད་ནི་རྩེ་མོ་བརྒྱད་དོ། །རྡོ་རྗེ་སེམས་དཔའ་བསྒོམ་ཞིང་། དཀྱིལ་འཁོར་གྲུ་བཞི་པ་གཉིས་ཀྱི་ལྟར་ཕྱོགས་རྣམས་སུ་དང་མཚམས་རྣམས་སུ་
เล่ม ๗ · หน้า 248a
ཡང་ཟུར་རྣམས་སུ་འགྱུར་བ་དེ་ལྟར་བྲི་སྟེ། ཕྱི་རོལ་དུ་རྡོ་རྗེས་མཚན་པ་རྣམས་སོ། །དེའི་དབུས་རྣམས་སུ་དབང་ལྡན་ཕྱོགས་དང་པོ་ནས། ཧཱུྃ་ནཾ་ཨ་ནནྟ་པུཥྚིཾ་ཀུ་རུ་ཧཱུྃ་དང་། ཀུ་ལི་ཀ །ཀརྐོ་ཊ་ཀ །ཏཀྵ་ཀོ། །བཱ་སུ་ཀི། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ་ཞེས་པ་བཅུག་
སྟེ་བྲིའོ། །དེ་བཞིན་དུ་ཟུར་གཉིས་གཉིས་ཀྱི་དབུས་སུའོ། །ཕྱི་རོལ་དུ་རི་མོ་ཟླུམ་པོ་དག་གིས་ཡོངས་སུ་བསྐོར་བའི་རི་རབ་བོ། །དེའི་ནི་རི་རབ་ཀྱིའོ། །ཧཱུྃ་དྲུག་རྣམས་དང་ལྡན་པའི་སྔགས་གཅིག་ཁོ་ནའོ། །མདོར་བསྡུས་པས་ཞེས་པ་ནི་ཚོགས་ཀྱི་བདག་པོའི་ཞེས་པ་དོར་ནས། ག༔ཞེས་
པ་ས་བོན་ཙམ་བྲི་བའི་ཕྱིར་རོ། །འདི་ཞེས་པ་འཁྲུལ་འཁོར་རོ། །དེ་ཉིད་ཅེས་པ་ཚོགས་ཀྱི་བདག་པོའི་གཟུགས་སོ། །གང་ཆར་པ་བསྐྱེད་པའི་ཆེད་དུ་གདོང་སྟེང་དུ་ཕྱོགས་པ་དེ་ཉིད་འོག་ཏུ་ཕྱོགས་པ་ནི་ཆར་རེངས་པའི་ཆེད་དུའོ། །བརྒྱད་ཅེས་པ་ལ་སོགས་པ། རྩིབས་སོ་སོ་ལ་ག༔ཡིག་གོ། །
ལྟེ་བ་ལ་ག༔ཡིག་བརྒྱད་ཀྱི་དབུས་སུ་ག༔ཆེ་གེ་མོ་སྟམྦྷ་ཡ་ག༔ཞེས་ཆོ་གས་ཞེས་པ་འདིས་གསལ་བར་བྱས་སོ། །འདིར་མན་ངག་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་བསྒྲུབ་བྱ་དང་ཚོགས་ཀྱི་བདག་པོ་ཕྱི་རོལ་གྱི་ཐུན་གསུམ་དུ་བཟླས་ཞེས་པའོ། །མི་བསྐྱོད་མཆོག་ཅེས་པ་དྲུག་པའི་དོན་ལའོ། །མཱཾ་
ཞེས་པ་ལ་སོགས་པ་ནི་འོད་ཟེར་ཅན་བསྒོམས་པས་སོ། །དེ་ནས་ཞེས་པ་ལ་སོགས་པ། བྷ་ག་རྟགས་དང་ཡང་དག་པར་ལྡན་པ། ཕྱི་རོལ་དུ་ཧྲཱི༔ཡིག་རྣམས་ཀྱིས་དང་། དེའི་ཕྱི་རོལ་དུ་རྡོ་རྗེས་མཚན་པའི་ཞགས་པས་ཁོར་ཡུག་ཏུ་བྱས་པ་སྟེ། དབུས་སུ་ཧྲཱི༔ཨ་མུ་ཀཱིཾ་ཨཱ་ཀཪྵ་ཡ་ཧྲཱིཾ་ཞེས་པ་
དང་། ཡང་དག་པར་སྦྱོར་བའི་གནས་སུ་ཧྲཱིཾ་བྲིས་ནས། ཀུ་རུ་ཀུལླེ་བསྒོམ་ཞིང་བསྒྲུབ་བྱ་མཁའ་འགྲོ་གདོང་དུ་བཞུ་བའི་ཧྲཱི༔ཡིག་གིས། མགྲིན་པར་ཞགས་པས་བཅིངས་བཀུག་སྟེ། མིང་གི་ནང་དུ་བཅུག་ནས་ཇི་སྐད་གསུངས་པ་རྗེས་སུ་བསྒྲུབ་པར་བྱའོ་ཞེས་པ་ཆོ་གའོ། །ཟླ་བ་ཞེས་པ་ལ་
སོགས་པ་སྟེ། སོ་སོར་འབྲང་མ་ཆེན་མོའི་རྣལ་འབྱོར་གྱིས། ཕྱི་རོལ་གྱི་ཤར་ལ་སོགས་པ་རྣམས་སུ་གྱེན་དུ་རྡོ་རྗེ་ལ་སོགས་པ་དང་ལྡན་པ་ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཟླ་བའི་དབུས་སུ། ཨོཾ་ཨ་མྲྀ་ཏ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་ཁོར་ཡུག་ཏུ་བྱས་པས། ཆེ་
เล่ม ๗ · หน้า 248b
གེ་མོ་དང་ཆེ་གེ་མོ་བུ་ཏྲ་ལ་བྷ་ཏཱཾ་ཞེས་བྲིའོ། །དབུས་ཀྱི་ཟླ་བའི་ཕྱི་རོལ་དུ་ཨོཾ་མ་ནི་ཞེས་པ་ལ་སོགས་པའི་སྔགས་སོ། །འཁོར་ལོ་ལས་ཕྱི་རོལ་གྱི་ཟླ་བ་ལ། ཨོཾ་ཨ་མྲྀ་ཏ་ཞེས་པ་ལ་སོགས་པའི་སྔགས་སོ། །མགྲིན་པར་ངེས་པར་བྱུང་བཞིན་པའི་བསྒྲུབ་བྱའི་མིང་གི་དང་པོ་སོགས་ཡི་གེ་རེ་རེས་བར་ཆོད་པའི་
སྔགས་བྲིའོ་ཞེས་འབྲེལ་ལོ། །རྡོ་རྗེ་འཛིན་པ་བསྒོམ་ཞིང་བསྒྲུབ་བྱ་བཀུག་ནས་བཅུག་སྟེ་ཞེས་པ་ཆོ་གའོ། །ཧཱུྃ་ཞེས་པ་རྩིབས་སོ་སོ་ལའོ། །ལྟེ་བ་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་ཧཱུྃ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཧཱུྃ་ཆེ་གེ་མོ་སྲུངས་ཤིག་ཧཱུྃ། རྩེ་མོ་སོ་སོ་ལ་ཧཱུྃ་ཞེས་པ་རྡོ་རྗེ་སེམས་དཔའི་རྣལ་
འབྱོར་གྱིས་བྲིའོ། །རི་མོ་གསུམ་ནི་ཕྱི་རོལ་དུའོ། །ཨོཾ་ཧྲཱི་ཀླཱིཾ་ཞེས་པ་འདབ་མ་སོ་སོ་ལ་སྟེ། ལྟེ་བ་ལ་ཡང་ཕྱོགས་རྣམས་སུའོ། །དེའི་དབུས་སུ་ཨོཾ་ཧྲཱིཾ་ཀླཱིཾ་ཆེ་གེ་མོ་དབང་དུ་གྱིས། ཨོཾ་ཧྲཱིཾ་ཀླཱིཾ་ཞེས་བྲིས་པ་གང་གིས་བཟུང་བ་དེས་རེག་པ་ན་ཞེས་འབྲེལ་ལོ། །ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་གུར་གུམ་དང་གི་ཝང་
དག་གམ་རྒྱ་སྐྱེགས་དང་གི་ཝང་དག་གིས་གྲོ་ག་ལ་བྲིའོ་ཞེས་པ་ཆོ་གའོ། །ངེས་པར་གནོད་མཛེས་ནི་གསོད་པ་གཙོ་བོའི་ལས་སོ། །ལས་ཀྱི་རྡོ་རྗེ་ནི་ལས་ཀྱི་བྱེད་པའི་རྡོ་རྗེ་ལག་ན་གནས་པའོ། །ལས་ཐམས་ཅད་ནི་ཞི་བ་ལ་སོགས་པ་རྣམས་སོ། །ཆོ་ག་ནི་གང་རྒྱུད་གཞན་དུ་གསུངས་པ་སྟེ་དེར་མཐོང་
བའོ། །སྔགས་ནི་རྐང་པ་བཞི་པ་སྟེ། འོན་ཀྱང་འདིར་སྭཱ་ཧཱའི་མཐའ་ཅན་དང་རྐང་པ་བཞི་པའི་དང་པོར་ཨོཾ་ཡིག་དང་བྲལ་བའོ། །དེ་ལྟར་ཡང་ཆོ་ག་དེ་ཡང་འདིར་རྟོགས་པར་བྱའོ་ཞེས་དགོངས་པའོ། །སྒྲིབ་པ་ཐམས་ཅད་ལས་གནོད་པར་བྱེད་ཅེས་སུམྦྷའོ། །ངེས་པར་གནོད་པར་བྱེད་དོ་
ཞེས་པ་ནི་སུམྦྷའོ། །ཧཱུྃ་ཡིག་རྣམས་ཀྱིས་འཛིན་པ་ལ་སོགས་པ་ལ་ངེས་པར་སྦྱོར་བའོ། །དེ་ལས་རྡོ་རྗེ་འཛིན་པ་བསྒོམ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས། ཕྱི་རོལ་དུ་རྡོ་རྗེ་
གསུམ་རྣམ་པར་དག་པའི་རི་མོ་གསུམ་གྱིས་བསྐོར་བའི་སྣ་ཚོགས་པདྨའི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་སྟེ། དེའི་ལྟེ་བར་གཡོན་སྐོར་གྱིས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པ་ཇི་ལྟ་བར་རྐང་པ་བཞི་པོ་རྣམས་ཏེ། ཕཊ་ཡིག་རྣམས་ལ་སྔོན་དུ་ཆེ་གེ་མོ་མཱ་ར་ཡ་ཞེས་པ་ལ་སོགས་པ་ལྡན་པ་རྣམས་
เล่ม ๗ · หน้า 249a
སོ། །དེ་རྣམས་ཀྱི་ནང་དུ་རྫ་རྔའི་རྣམ་པའི་འཁོར་ལོ་རེ་མིག་བཞི་བཅུ་རྩ་དགུ་པ་ཅན་ཏེ། གདོང་གི་རེ་མིག་ནས་བརྩམས་པ་ནང་གི་རེ་མིག་ཇི་སྲིད་པར་སྦྲུལ་འཁྱིལ་བ་བཞིན་ཡི་གེ་བཞི་བཅུ་རྩ་དགུས་ཡོངས་སུ་བསྐོར་བ་ལས་ཀྱི་རྗེས་སུ་འབྲང་བས་བྲིའོ། །དེ་ལ་ཤིན་ཏུ་དཔའ་བའི་
མཚོ་སྐྱེས་ཀྱི་སྣད་གཉིས་རློན་པར་རམ། བྲམ་ཟེའི་སྐམ་པོར་དུག་དང་ཁྲག་དང་ཙནྡྲའི་ས་བོན་ཐོད་པར་གནས་པ་རྣམས་ཀྱིས་མིའི་རུས་པའི་འབྲི་སྨྱུག་གིས་བྲིས་ཏེ། བཅུ་པའམ་བཅུ་བཞི་པ་ལ་མི་ཤའི་གཏོར་མ་བྱིན་ནས། གོས་སྔོན་པོ་ཅན་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་པས། ཐོད་པ་གཉིས་
སྦྱར་བའི་འཁྲུལ་འཁོར་གཉིས་ཀྱི་དབུས་སུ་བསྒྲུབ་བྱ་བསམས་ནས་སྤེལ་ཚིག་དང་བཅས་པའི་སྔགས་ཟློས་ཤིང་ལག་པ་གཡས་པས་གཟུང་བའི་རྡོ་རྗེས་ཡང་ཡང་དུ་བརྡེགས་པས་འཇིག་པར་བྱེད་དོ། །དེ་བཞིན་ཁོ་ནར་མ་ཧེ་དང་རྟའི་ཐོད་པ་དག་ཏུ་བྲིས་ནས། འཁྲུལ་འཁོར་གྱི་དབུས་སུ་བསྒྲུབ་བྱ་
རྟ་དང་མ་ཧེ་ལ་ཞོན་པ་ཕན་ཚུན་མཚོན་འདེབས་པ་དག་བསམས་ནས་སྔགས་བཟླས་པས་སྡང་བར་བྱེད་དོ། །ཞི་བ་ལ་སོགས་པའི་ལས་ཀྱི་རྗེས་སུ་འབྲང་བས་ནི་འཁོར་ལོ་གྲོ་ག་ལ་སོགས་པ་ལ་རྣམ་པ་གཉིས་བྲིས་ནས་ཁ་སྦྱོར་དུ་བྱས་ཏེ་རྗེས་སུ་མཐུན་པའི་སྐུད་པས་དཀྲིས་པ་ཟ་མ་ཏོག་ལ་
སོགས་པར་བཞག་ནས་མཆོད་དེ་བཟླས་པས་མངོན་པར་འདོད་པ་སྒྲུབ་པར་བྱེད་དོ། །འདིར་ནི་འཁོར་ལོ་འདི་འདི་ལྟར་དགོད་པ་ཁོ་ནས་གནོན་པ་དང་། བཅིང་བ་དང་རྨོངས་པ་དང་ལྟུང་བ་དང་། རྨུགས་པ་དང་། བྱེ་ཞིང་སྡང་བ་དང་། སྐྲོད་པ་དང་། ཞི་བ་དང་རྒྱས་པ་དང་དབང་དང་རེངས་
པ་དང་དགུག་པ་རྣམས་འགྲུབ་བོ་ཞེས་འདོམས་སོ། །དགོད་པ་གཞན་ནི་གདུལ་བྱ་རྣམ་པ་སྣ་ཚོགས་པ་ལས་གཞན་དུ་གསུངས་སོ། །འདིར་འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་ཏེ། འགྲོ་བ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པའི་ཆེད་དུ་བགེགས་མེད་པར་བྱའོ་ཞེས་བསམས་ནས།
ཡུད་ཀྱིས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་སུ་སྣ་ཚོགས་ཆུ་སྐྱེས་དང་། ཉི་མ་ལ་གནས་པའི་བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་སེར་པོ་གཡོན་སྐོར་དུ་འཁོར་བ་རྩིབས་བཅུ་པའི་ལྟེ་བའི་དབུས་ཀྱི་ནང་དུ་བདག་ཉིད་ཧཱུྃ་ཡོངས་སུ་གྱུར་པའི་རྡོ་རྗེ་ཧཱུྃ་མཛད་དུ་བསྒོམ་པར་བྱ་སྟེ། འདིའི་སྐུ་མདོག་དང་ཕྱག་མཚན་ལ་
เล่ม ๗ · หน้า 249b
སོགས་པ་རྡོ་རྗེ་སེམས་དཔའི་མངོན་པར་རྟོགས་པར་རྣམ་པར་ཕྱེའོ། །དེའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོའི་ཚོགས་ཤེས་རབ་ཀྱི་པདྨ་ལས་སྤྲོའོ། །དེ་ལ་ཤར་གྱི་རྩིབས་ལ་རྡོ་རྗེ་དབྱུག་པ་སྔོན་པོ་རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་རྣམས་སྔོན་པོ་དང་སེར་པོ་དང་ལྗང་གུ་ཅན། ཕྱག་
གཡས་པ་དག་ན་རྡོ་རྗེ་ཐོ་བ་དང་རྡོ་རྗེ་ཕྱར་བའི་སྡིགས་མཛུབ། གཡོན་དག་ན་ཐོད་པ་དང་ཁ་ཊྭཱཾ་ག་ཅན་ནོ། །བྱང་དུ་ཉི་མའི་མེ་སེར་པོ་སེར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན་རྡོ་རྗེ་དབྱུག་པ་འཛིན་པའོ། །ཕྱག་མཚན་གཞན་སྔ་མ་བཞིན་འདི་ཕྱི་མ་རྣམས་ལ་ཡང་ངོ་། །ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དང་དཀར་
པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་པདྨ་དམར་པོའོ། །ལྷོར་རྡོ་རྗེ་འཁྱིལ་པ་ལྗང་གུ་ལྗང་གུ་དང་སེར་པོ་དང་དཀར་པོའི་ཞལ་ཅན། ཕྱག་སྣ་ཚོགས་རྡོ་རྗེས་སྤྲས་པའོ། །མེའི་ཕྱོགས་སུ་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན། དུ་བ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ལྕགས་ཀྱུ་འཛིན་པའོ། །སྲིན་པོའི་མཚམས་
སུ་རྡོ་རྗེ་དུས་དམར་པོ་དམར་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་དགྲ་སྟའོ། །རླུང་མཚམས་སུ་སྟོབས་པོ་ཆེ་སྔོན་པོ། །སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན། ཕྱག་ན་རྩེ་གསུམ་པའོ། །དབང་ལྡན་ཕྱོགས་སུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ་མི་གཡོ་བ་ནག་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་
རལ་གྲིའོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་དཀར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན། ཕྱག་ན་འཁོར་ལོའོ། །འོག་ཏུ་གནོད་མཛེས་རྡོ་རྗེ་སྔོན་པོ། །སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་རྡོ་རྗེ་གཏུན་ཤིང་གིས་རོལ་པའི་ཕྱག་ཅན་ཏེ། འདིའི་གཡོན་པ་ན་ནི་ཀླུའི་ཞགས་པ་
སྡིགས་མཛུབ་ཅན་དང་ཁ་ཊྭཱཾ་གའོ། །འདི་རྣམས་ཐམས་ཅད་ཀྱང་ཕྱག་མཚན་གཙོ་བོ་དང་ཐོད་པས་མཚན་པའི་ཕྱག་དག་གིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། རང་གི་རིགས་ཀྱི་མགོན་པོས་མཆོག་ཏུ་གསལ་བའི་དབུ་རྒྱན་ཅན། སྨིན་མ་དང་ཁྲོ་
གཉེར་དང་བཅས་པ། མཆེ་བ་གཙིགས་པའི་ཞལ་ཅན་རྣམས་ཏེ། ཞལ་སོ་སོ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་པ། མི་མགོའི་ཕྲེང་བ་དང་འཁོར་ལོ་ཅན་དང་རྣ་ཆ་ལ་སོགས་པའི་རྒྱན་ཅན། རྒྱན་གྱི་ཀླུའི་རྒྱལ་པོ་བརྒྱད་ཀྱིས་ཕུཊ་ཡིག་ཕྱོགས་ཀྱི་སྒོར་སྒྲོགས་པ་ཅན། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་
เล่ม ๗ · หน้า 250a
ཕྱོགས་སྐྱོང་བ་བརྒྱད་རྣམས་དང་སྟེང་དུ་ཚངས་པ་དང་འོག་ཏུ་ཐགས་བཟངས་རིས་གཡས་བརྐྱང་གི་སྟབས་ཀྱིས་མནན་ནས་བཞུགས་པའོ། །རྡོ་རྗེ་འབར་བ་འཁྲིགས་འཇིགས་པ། །ཕྱོགས་བཅུ་རྣམས་སུ་འཕྲོ་མཛད་པ། །བཀའ་ཡི་འཁོར་ལོ་འདིས་མྱུར་བར། །འགྲོ་བ་རྣམས་ལ་བགེགས་
མེད་མཛད། །ཅེས་སོ། །དེ་སྐད་དུ་ཡང་གསུངས་པ། དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་ཀྱི། །འཁོར་ལོའི་རྣལ་འབྱོར་བདག་ཉིད་ཀྱི། །རྫ་རྔའི་ལས་གསུངས་དངོས་གྲུབ་ནི། །ཀུན་གྱི་འབྲས་བུ་འབྱུང་བ་བརྩམ། །ཞེས་སོ། །འཁོར་ལོ་འདི་ཡང་རྒྱུད་གཞན་དུ་གསུངས་པ་འདིར་བཤད་པ་སྟེ། སྔགས་གསུངས་པ་ལས་སོ། །
དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་འདིར་འབྲེལ་བར་ཉེ་བར་འགྲོའོ་ཞེས་པ་མན་ངག་གོ། །འདི་ཉིད་ཀྱི་ཕྱིར་རྒྱུད་གཞན་དུ་གསུངས་པའི་ལྷ་རྣམས་ཀྱང་འདིར་བསྒོམ་པར་བྱ་བ་འགྲུབ་བོ་ཞེས་གསལ་བར་བྱས་སོ། །དེ་ལྟར་ན་ཡང་རྒྱུད་འདི་ནི་ལྷ་ཐམས་ཅད་
པ་ཁོ་ནའོ་ཞེས་གསུངས་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་གཙོ་བོ་ཅན་སྲུང་བའི་འཁོར་ལོ་འདིའམ་རྡོ་རྗེ་སེམས་དཔའི་མངོན་པར་རྟོགས་པར་བརྗོད་པ་ནི། འདིར་གཡོན་སྐོར་དུ་བསྒོམས་ནས། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་དེ་བསྐུལ་བའི་བསམ་པ་ཅན་གྱིས། གསུམ་མམ་བདུན་ནམ་ཉི་ཤུ་རྩ་
གཅིག་གམ་བརྒྱ་རྩ་བརྒྱད་དུ་གདོན་པར་བྱ་སྟེ། དེ་ལྟ་ཁོ་ནར་ཁྲོ་བོ་བཅུའི་སྔགས་རྣམས་ཡང་ནའོ། །དེ་ལ། ཨོཾ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུྃ་ཀ་ར་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་དཎྜ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ན་ལཱརྐ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུྃ་ཕཊ།
ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་བཱ་ལ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་བྷི་ཥ་ཎ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་ཙ་ཀྲ་ཝརྟི་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུྃ་ཕཊ། ཅེས་པ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་སྔགས་སོ། །དེ་ལྟར་གོམས་ནས་ཐུན་བཞིར་རྗེས་སུ་བསྒྲུབ་པ་ལ་གླགས་ཚོལ་བ་རྣམས་ཀྱི་རྗེས་སུ་
བསམ་པ་ནུས་པ་མེད་པར་འགྱུར་རོ། །ཕྱིར་ལ་དེ་རྣམས་ཁོ་ན་ལ་ལས་ལ་གནོད་པ་ལས་ལྟུང་ངོ་ཞེས་པ་བསྒོམ་བྱའི་ཕྱིར་ཟློག་འདི་གསུངས་སོ། །གཞན་གྱི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྗེས་ཐོགས་སུ། ཡི་གེ་གསུམ་དང་སྤེལ་བའི་རང་གི་མིང་གི་ཡི་གེ་དང་པོའི་གཟུགས་སུ་གནས་པ་སྲུང་བའི་འཁོར་
เล่ม ๗ · หน้า 250b
ལོ་དང་ལྡན་པའི་དཀྱིལ་འཁོར་གྱི་མདུན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་པ་ལ་སྤྱན་མའི་སྔགས་ཀྱིས་སྔོན་བཞིན་དུ་དབང་བསྐུར་བའི། ཇི་སྐད་གསུངས་པའི་སྔགས་བཟླས་པ་ལས་སྲུང་བའོ་ཞེས་པའོ། །གནས་སྐབས་ཐམས་ཅད་དུ་སྲུང་བའི་དོན་དུ་བྲི་བྱའི་ཕྱིར་བཟློག་བརྗོད་པར་བྱ་སྟེ། འཁོར་ལོ་རྩིབས་
བརྒྱད་པ་ལ་གནས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་ཡིག་གི་ནང་དུ་བཾ་སྟེ། དེའི་ནང་དུ། ཨོཾ་ཨཱཿཧཱུྃ། ཆེ་གེ་རཀྵཾ་ཀུ་རུ་ཨོཾ་ཨཱཿཧཱུྃ་ཞེས་པ་བྲིའོ། །ཤར་དུ་རྭ་དབུས་མ་ལ། རྀཾ་ཌཱ་དེ་རྀཾ་ངོ་། །བྱང་དུ་རཱྀ་ལཾ་དེ་རཱྀཾ་ངོ་། །ནུབ་ཏུ་ལྀཾ་ཁཾ་དེ་ལྀཾ་ངོ་། །ལྷོར་ལཱྀཾ་རཱུཾ་ལཱྀཾ་ངོ་། །པདྨའི་འདབ་མ་ལ་
འཁོར་ལོའི་རྩིབས་ཤར་ལ་གནས་པ་ལ་ཧཱུྃ་ཁཾ་པཾ་ཆེ་གེ་ཧཱུྃ། བྱང་དུ་ཧཱུྃ་མཾ་ཙཾ་ཆེ་གེ་ཧཱུྃ། ནུབ་ཏུ་ཧཱུྃ་ཀཾ་པཾ་ཆེ་གེ་ཧཱུྃ། ལྷོར་ཧཱུྃ་བཱིཾ་མཾ་ཆེ་གེ་ཧཱུྃ། མེ་རུ་ཧཱུྃ་སུཾ་བཱིཾ་ཆེ་གེ་ཧཱུྃ། བདེན་བྲལ་དུ་ཧཱུྃ་ཨཾ་ཁཾ་ཆེ་གེ་ཧཱུྃ། རླུང་དུ་ཧཱུྃ་བཾ་ལཾ་ཆེ་གེ་ཧཱུྃ། དབང་ལྡན་དུ་ཧཱུྃ་བཾ་དྲུཾ་ཆེ་གེ་ཧཱུྃ། པདྨ་ལས་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་དབུས་སུ་ཤར་ལ་སོགས་པ་
རྣམས་ལ་གཡོན་སྐོར་གྱིས། ཀཾ་ཁཾ་གཾ་གྷཾ། མེ་ལ་སོགས་པ་རྣམས་སུ་གཡས་སྐོར་དུ་ངཾ་ཙཾཚཾ་ཛཾ་འོ། །དེ་ལས་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་ཤར་གྱི་རྭ་དབུས་མ་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཆེ་གེ་ཕཊ། ལྷོ་ཕྱོགས་སུ་ཨོཾ་གྲྀཧྞཱ་གྲྀཧྞ་ཧཱུྃ་ཧཱུྃ་ཆེ་གེ་ཕཊ། ནུབ་ཏུ་ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཆེ་གེ་ཕཊ། ལྷོར་ཨཱ་ན་ཡ་ཧོཿབྷ་
ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཆེ་གེ་ཕཊ་སྭཱ་ཧཱ། དེ་ལས་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་དབུས་སུ་ཤར་ལ་སོགས་པར་གཡོན་སྐོར་གྱིས་ཟླ་བ་དང་ཐིག་ལེ་དང་བཅས་པའི་དབྱངས་བཅུ་གཉིས་རྣམས་སོ། །དེ་ལས་ཕྱི་རོལ་པདྨའི་འདབ་མ་བཅུ་དྲུག་རྣམས་ལ་ཤར་ལ་སོགས་པར་གཡོན་སྐོར་གྱིས་རིམ་པ་ཇི་ལྟ་བར་ཟླ་བ་དང་
ཐིག་ལེ་དང་བཅས་པའི་དབྱངས་བཅུ་དྲུག་རྣམས་སོ། །དེ་ལས་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་དབུས་སུ་གཡོན་སྐོར་དུ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟ་ཤྲེ་ཡཿ
ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ་དོ། །དེ་ལས་ཕྱི་རོལ་འཁོར་ལོའི་རྩིབས་བཅུ་དྲུག་རྣམས་ལ་ཤར་ལ་སོགས་པར་གཡོན་སྐོར་གྱིས་རིམ་པ་ཇི་ལྟ་བར། ཨཾ་ཨཻཾབཾ་མ། མཾ་བཾ། བཾ་སུཾ། སུཾ་ཤྱཾ་བཾ་སུཾ། མཾ་ཧཾ། བཾ་ཁཾ། མཾ་ཙཾ། རཾ་ཁཾ། ཧཾ་ཤཾ། ཨཾ་ཙཾ། ཧཾ་
เล่ม ๗ · หน้า 251a
སུཾ། པཾ་མཾ། བཻ་ཙཾ། བཾ་མཾ་མོ། །འདིར་སོ་སོར་ས་བོན་གཉིས་ལ་ཨོཾ་དང་ཧྲཱིཿཡིག་སྤེལ་བ་སྟེ་དཔེར་ན། ཨོཾ་ཧྲཱིཿཨཻཾ་ཆེ་གེ་ཧྲཱིཿཨོཾ་ཞེས་པ་ལ་སོགས་པའོ། །དེའི་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་དབུས་སུ་དེ་བཞིན་དུ། ཛྷཾ་ཉཾ། ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་མཾ་ངོ་། དེའི་ཕྱི་རོལ་གཞལ་ཡས་
ཁང་གྲུ་བཞི་པའི་ཤར་སྒོའི་ནང་དུ། ཧཱུྃ་ཕཊ་ཡཾ་ཀཱཾ་ཡཾ་ཆེ་གེ་ཧཱུྃ་ཕཊ། དེ་བཞིན་དུ་བྱང་ལ་སོགས་པར། རཾ་ཨཱུཾ་རཾ་དང་། ལཾ་ཤྭཱཾ་ལཾ་དང་། ཝཾ་སཱུཾ་ཝཾ་སྟེ། མེ་ལ་སོགས་པར། ཤཾ་ཡཾ་ཤཾ། ཥཾ་ཡཾ་ཥཾ། སཾ་ཡཾ་སཾ། ཧཾ་ཡཾ་ཧཾ་ངོ་། །བདུན་པོ་རྣམས་ལ་ཡང་ས་བོན་གསུམ་པོ་སོ་སོ་ལ་ཧཱུྃ་ཕཊ་སྤེལ་ཞིང་དབུས་སུ་མིང་ཡང་ངོ་། །
སྒོའི་སྟེང་དུ་རྡོ་རྗེ་ཕྱེད་པ་རྩེ་ལྔ་པ་རྣམས་ཏེ། ཟུར་གྱི་སྟེང་དུ་ཟླ་བ་ཉི་མ་རྡོ་རྗེ་ཕྱེད་པ་རྣམས་སོ། །དེ་ལྟ་བུའི་རྡོ་རྗེ་བརྒྱད་པོ་རྣམས་ཀྱི་རྭ་དབུས་མ་རྣམས་ལ་སྔ་མ་ལྟ་བུའི་སྐོར་དག་གིས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཞེས་པ་ལ་སོགས་པ་མཆོད་པའི་སྔགས་བརྒྱད་རྣམས་སོ། །དེ་ལས་ཕྱི་རོལ་ཁོར་ཡུག་གཉིས་ཀྱི་
དབུས་སུ་ཤར་ལ་སོགས་པར་གཡོན་སྐོར་གྱིས། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཧེ་རུ་ཀཱ་ཎཱཾ་ཨོཾ་ཧཱུྃ་བཛྲ་ཧེ་རུ་ཀ་ཙ་ཀྲ་ཝརྟི། སརྦ་ལོ་ཀི་ཀ་ལོ་ཀོཏྟ་རཱ་ནི་ཡནྟྲ་མནྟྲ་ཏནྟྲ་ཙུརྞ་པྲ་ཡོ་གཱ་དཱི་ནི། ཡེ་ན་ཀེ་ན་ཙིཏ་ཀྲྀ་ཏཱ་ནཱི་སརྦཱ་ཎི། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། ཏརྫ་ཡ། ཏརྫ་ཡ། གྲྀ་ཧྞ་གྲྀ་ཧྞ། བྷཀྵ་བྷཀྵ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་
ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ། ཛྙཽཾ་ཛྙཽཾ། མ་ཐ་མ་ཐ། བི་དྷྭཾ་ས་ཡ། བི་དྷྭཾ་ས་ཡ། ཤ་ཏ་ས་ཧ་སྲ་དྷཱ་བི་ཙཱུརྞཱ་ཡ་བི་ཙཱུརྞཱ་ཡ། ཨོཾ་ཕཊ། བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ་ཙ་ཀྲ་ཝརྟི་ནི། ཏ་སྱཻ་བ་མུ་ཁཾ་ཙ་ཀྵུར་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཆེ་གེ་ལ་ཤཱནྟིཾ་རཀྵཱཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨོཾ་སྭཱ་ཧཱ། ཞེས་པ་གཙུག་ཏོར་འཁོར་ལོས་སྒྱུར་
བའི་སྔགས་སོ། །འདི་ཐམས་ཅད་ཀྵ་ཡིག་གི་ནང་དུ་སྟེ་ཀྵ་ནི་ཐ་ཡིག་གི་དབུས་སུའོ། །དེའི་ཕྱི་རོལ་དུ་ཨཱ་ལི་ཀཱ་ལི་དག་གོ། །དེའི་ཕྱི་རོལ་དུ་ཤར་ལ་སོགས་པའི་གཡོན་སྐོར་གྱིས་བཅོམ་ལྡན་འདས་ཀྱི་ཕྲེང་བའི་སྔགས་སོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བའམ། འཁོར་ལོའམ་པདྨའམ་
རིན་པོ་ཆེའམ་རལ་གྲིའི་ཕྲེང་བའོ། །དེ་ནས་འོད་ཟེར་འབར་བའི་ཕྲེང་བ་བྲིའོ། །རིགས་ངན་མོའམ་བྲམ་ཟེ་མོའམ། རྒྱལ་པོའི་བུ་མོའི་མེ་ཏོག་དང་གླང་པོ་ཆེའི་འགྲམ་པའི་ཆང་དང་སྙོམས་འཇུག་ལས་སྐྱེས་པའི་ཁུ་བ་དང་གི་ཝང་དང་མར་ཁུ་ཆེན་པོ་ལས་བྱས་པའི་དུད་པ་བསྲེ་བར་བྱས་ནས་
เล่ม ๗ · หน้า 251b
རྡོ་རྗེ་དང་པདྨའི་ཆུ་ཡིས་མནུར་ཏེ། དེས་མིའི་པགས་པའམ་གྲོ་གའམ་རོའི་རས་ལ་འཁོར་ལོ་འདི་ལྷའི་རྣལ་འབྱོར་ལས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བར་ཁ་ཤར་དུ་བལྟས་པས་བྲི་བར་བྱའོ། །རབ་གནས་ཀྱང་ནུབ་ཏུ་ཁ་བལྟས་པས་བྱའོ། །དེ་ལ་ཆོ་ག་ཇི་ལྟ་བར་འཁོར་ལོ་རྩིབས་བཅུ་པའི་
ལྟེ་བ་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་སམ་དེ་ཡོངས་སུ་གྱུར་པས། ཆོ་ག་ཇི་ལྟ་བར་བསྒོམས་པའི་ཁང་པ་བརྩེགས་པ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ངོ་བོའི་རིག་པའི་རྒྱལ་པོའི་གཟུགས་ཀྱིས། བྲིས་པའི་འཁོར་ལོ་ལ་རིག་པའི་རྒྱལ་པོའི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ནས།
ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་འདིར་བཅུག་སྟེ། མཆོད་པ་ལ་སོགས་པ་བྱས་ཤིང་། རྐང་པ་བརྒྱད་པའི་སྔགས་རྣམས་ཀྱིས་མངོན་པར་མཆོད་ནས་ཡི་གེ་རྣམས་ཀྱི་ནང་དུ་བཅུག་སྟེ། བསྒྲུབ་བྱ་ཡང་དང་པོའི་རང་མིང་གི་ཡི་གེ་ལས་བྱུང་བའི་དམ་ཚིག་སེམས་དཔའ་ལ་བཅུག་པ་དེ་དང་། འཁོར་ལོ་དེ་
ཡིད་ཀྱིས་ཁ་དང་སྙིང་ག་དང་རྡོ་རྗེའི་ལམ་ནས་པདྨར་བཅུག་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ལྷའི་ཚོགས་ཀྱིས་དབང་བསྐུར་ནས་ཕྱི་རོལ་དུ་གཞག་ཅིང་། བསྒྲུབ་བྱ་ཁོ་ན་ཁྲོ་བོའི་ཚོགས་དང་ཁྱད་པར་དུ་བགེགས་མཐར་བྱེད་ཀྱི་ཚོགས་སྤྲོས་པས་ལེགས་པར་བསྲུངས་པ་ལ། བཅོམ་
ལྡན་འདས་ཀྱི་སྔགས་ཀྱི་འོད་ལས་བྱུང་བའི་བདུད་རྩི་དང་བྱང་ཆུབ་སེམས་ཀྱི་རྒྱུན་རྣམས་ཀྱིས་ལུས་ལ་མངོན་པར་ཁྱབ་པ་ལ། སྔགས་ཀྱི་ཚོགས་མཐའ་དག་གི་འོད་ལས་བྱུང་བའི་ལྷའི་ཚོགས་དཀར་པོ་རྣམས་ཀྱིས་བུམ་པ་དཀར་པོའི་བདུད་རྩིའི་དབང་བསྐུར་བས་ཡང་དག་པར་སྦྱོར་བ་ལས་ཞུ་བར་གྱུར་ཏེ།
བྱང་ཆུབ་སེམས་ཀྱི་བདག་ཉིད་འཇུག་པའི་དབང་བསྐུར་གྱིས་ཀྱང་མངོན་པར་དབང་བསྐུར་བཞིན་པས། སྐྱོན་ཐམས་ཅད་དང་བྲལ་བར་བསམས་ནས། རིག་པའི་རྒྱལ་པོའི་ཕྲེང་བའི་སྔགས་དང་། ཨོཾ་ཧྲཱིཿཧ་ཧ་ཆེ་གེ་ལ་ཤཱནྟིཾ་རཀྵཱཾ་ཀུ་རུ་ཀུ་རུ་ཧཱུྃ་སརྦ་པཱ་པཾ་ཕཊ། ཅེས་པ་ཉེ་བའི་སྙིང་པོ་ཡང་བསྒྲག་གོ། །དེ་ནས་ཕྲེང་
བའི་སྔགས་ཟློས་ཤིང་འཁོར་ལོ་སྐུད་པ་དཀར་པོས་དཀྲིས་ཏེ་རིག་པའི་ངོ་བོ་མགོ་བོའམ་མགྲིན་པའམ་དཔུང་པར་གདགས་སོ། །དེ་ལས་རྡོ་རྗེ་ལྷ་མོ་རྣམས་བྱིན་གྱིས་རློབ་ཅིང་བགེགས་མེད་པར་འགྱུར་རོ། །གཡུལ་དུ་ཡང་རྒྱལ་ལོ། །མར་དང་འོ་མ་དང་། བདུད་རྩི་ལྔའི་ཆུར་འཁོར་ལོ་བཅུག་སྟེ།
เล่ม ๗ · หน้า 252a
ཕྲེང་བའི་སྔགས་ཀྱིས་མངོན་པར་བཀྲུས་ནས་ནད་དང་བཅས་པ་ནད་མེད་པར་བྱེད་དོ། །ཆང་གི་ནང་དུ་བཅུག་ནས་དེས་དེ་ལྟར་གཏོར་ན་ནད་མེད་པ་ནད་དང་བཅས་པར་བྱེད་དོ་ཞེས་པ་ལ་སོགས་པ་རྟོགས་པར་བྱའོ། །ལས་ཀྱི་དབྱེ་བ་ལས་ཁ་དོག་དང་བསམ་པ་དང་རབ་ཏུ་སྦྱོར་བར་བྱེད་པ་དང་
བསྐུལ་བའི་དབྱེ་བ་རྟོགས་པར་བྱའོ། །གཞན་ཡང་ཞི་བའི་ལས་སུ་ལས་རབ་འབྱམ་ཐམས་ཅད་འདུས་པར་གསུངས་ཏེ། ཞི་བ་ནི་མངོན་པར་མི་འདོད་པའི་སྐྱོན་ཐམས་ཅད་ཞི་བར་བྱེད་པའི་བདག་ཉིད་ཅན་གྱི་ཕྱིར་རོ་ཞེས་པ་བྲི་བྱའི་ཕྱིར་ཟློག་གི་དེ་ཁོ་ན་ཉིད་དོ། །དེ་ལྟར་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་ཁ་
སྦྱོར་འབྱེད་པ་ཡང་བརྗོད་པར་བྱ་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ལྷའི་འཁོར་ལོ་རྡོ་རྗེའི་ལམ་ནས་ཕྱུང་སྟེ། ལྷ་མོའི་པདྨར་གནོད་མཛེས་ཀྱི་གཟུགས་སུ་བསྐྱེད་ཅིང་བཀའ་བསྒོས་ནས། སྒྲུབ་བྱེད་རྡོ་རྗེའི་ལམ་ནས་ཞུགས་པས། དེས་དེའི་སྙིང་པདྨ་སྦྱར་བ་ཕྱེ་ནས་དེར་གནས་
པའི་བསྲུང་བའི་ལྷ་རྣམས་ལ། དེ་ལ་གནོད་པ་དང་དམྱལ་བར་མཆོག་ཏུ་གཞོལ་བ་ཉིད་གསན་དུ་གཞུག་ཅིང་། འབྱེད་པའི་ཆེད་དུ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་རྣམས་ཀྱིས་འདི་རྗེས་སུ་གནང་བ་ཁོ་ནའོ་ཞེས་མཁྱེན་པར་གསོལ་བར་བྱའོ། །ཇི་སྲིད་དུ་རིམ་གྱིས་དེའི་སྐྱོན་རྗེས་སུ་དགོངས་ནས་ཁྲོས་
པ་རྣམས་བཅོམ་སྟེ་ཕྱིར་གཤེགས་པའི་བར་དུ་བསྒོམ་མོ། །དེ་ནས་དེ་རྣམས་རང་གི་འཁོར་ལོ་ལ་གཞུག་ཅིང་། བཅིང་བ་དང་མཉེས་པ་དང་དབང་བསྐུར་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་ཆོ་ག་བཞིན་དུ་སྒྲུབ་པོ་ཞེས་འདིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྦྱར་བ་འབྱེད་པ་གསུངས་སོ། །དེ་
ནས་གནོད་མཛེས་ཀྱིས་དེའི་ཤེས་པའི་སེམས་ལ་ཁུ་ཚུར་གྱིས་བཟུང་ནས་རྡོ་རྗེ་གཉིས་སྦྱར་བའི་དབུས་སུ་བཅུག་སྟེ། ཨོཾ་ཕཊ་ཆེ་གེ་བྷ་ཀྵ་ཡ་ཕཊ་ཀྵཿཧཱུྃ་ཕཊ་ཅེས་པ་དང་། ཧཱུྃ་ཕཊ་རཾ་རཾ་རཾ་ཆེ་གེ་མཚམས་མེད་པ་ལྔ་བྱེད་པ་རཾ་རཾ་རཾ་ཧཱུྃ་ཕཊ་ཅེས་བཟླས་པ་ལས་ཁྲོ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བརྡེག་
བཞིན་པ་གསོལ་བཞིན་པ་རང་གི་ལྷ་མོའི་པདྨའི་ནང་དུ་བཅུག་ནས། འོད་གསལ་བ་ལ་བཅུག་པའི་དེ་མ་ཐག་ཏུ་ཧཱུྃ་ལས་སྐྱེས་ཤིང་ཧཱུྃ་དང་བཅས་པའི་རྡོ་རྗེས་མི་བསྐྱོད་པའི་གཟུགས་སུ་བསྐྱེད་དེ། ཡེ་ཤེས་ཀྱི་དཀྱིལ་འཁོར་བཅུག་ལ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་བཏང་ངོ་། །འོ་ན་དེ་
เล่ม ๗ · หน้า 252b
ལྟར་བྱེད་པ་ཅི་ལྟར་སྡིག་པ་རྣམས་ཀྱིས་མི་གོས་ཤེ་ན། གང་ཕྱིར་སྦྱིན་པ་དང་མགུ་བར་བྱ་བ་ལ་སོགས་པ་རྣམས་ཀྱིས་མ་བཟློག་པ་དབང་དུ་བྱ་བ་དང་བསྐྲད་པ་ལ་སོགས་པ་རྣམས་ཀྱིས་བསྒྲུབ་བྱ་མ་ཡིན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་གསོལ་བ་བཏབ་པ་རྣམས་ཀྱིས་རྗེས་
སུ་གནང་བས་སམ་མ་བཀབ་པས། སྙིང་རྗེ་ཆེན་པོ་ཁོ་ནས་སྒྱུ་མ་ལྟ་བུའི་ཆོས་ཉིད་ལ་རྗེས་སུ་བྱེད་པ་ཁོ་ནས་ཁ་སྦྱོར་འབྱེད་པ་འདི་བསྒྲུབ་པར་བྱའི། མ་རྟོགས་པས་ནི་དེ་ལ་མོས་པ་བརྟན་པ་མི་བྱ་བ་ཁོ་ནའོ། །གཞན་ཡང་བསྒྲུབ་བྱ་སྡིག་པ་བྱས་པ་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ་
ཞེས་མངོན་ཤེས་ཀྱིས་ཤེས་ནས་མངོན་སྤྱོད་བྱ་བར་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་ཞེས་གསུངས་སོ། །དེ་ལྟར་གསུངས་པའི་ཆོ་ག་ཡིས། །ཡང་དག་གསུངས་པས་གང་གསུང་པའི། །གསོད་པ་དེ་ཡང་རྨོངས་རྣམས་ཀྱིས། །ཕྱིན་ཅི་ལོག་ཏུ་བརྟགས་བྱས་ཤིང་། །ཕྱིན་ཅི་ལོག་
ཏུ་བཟུང་བ་འདི། །སྲེད་དང་ཞེ་སྡང་མུན་བསྒྲིབས་པས། །སྐྱེ་བོ་རྣམས་ནི་བསད་བྱས་ནས། །ཁ་ནི་ཐུར་བལྟས་མནར་མེད་འགྲོ། །ཞེས་སོ། །བརྒྱད་པ་ཞེས་པ་ཧའི་ས་བོན་ཏེ། རིགས་ཀྱིས་གཅིག་ཉིད་དེ་གསལ་བས་ནི་ཧ་ཡིག་བཅུ་གཉིས་རྣམས་སོ། །རྀ་རཱྀ་ལྀ་ལཱྀ་དང་བྲལ་བའི་ཕྱི་མོ་བཅུ་གཉིས་
དང་ལྡན་པ་རྣམས་ནི་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཿཞེས་པའོ། །ཡི་གེ་བར་དུ་ཆོད་བྱས་ནས། །ཞེས་པ། ཧཱ་ཧཱི་ཧཱུ་ཧཻ་ཧཽ་ཧཿཞེས་པ་དོར་ནས་ཧེ་རུ་ཀའི་ཡན་ལག་དྲུག་རྣམས་ཞེས་རྟེན་དང་བརྟེན་པ་དག་ཐ་མི་དད་པར་བརྟགས་པ་ལས་བརྗོད་པའོ། །དེ་ལྟར་གཞན་དུ་ཡང་ཇི་ལྟར་རིགས་པ་རྟོགས་པར་གྱིས་ཤིག །
དཔའ་བོ་རྣམས་མཉམ་སྦྱོར་བ་ནི། ཨོཾ་ན་མཿསྭཱ་ཧཱ། བཽ་ཥཊ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་དྲུག་རྣམས། ཧ་ཡིག་རེ་རེ་ལས་སྔོན་དུ་གནས་པ་རྣམས་ཏེ། ཨོཾ་ཧ་ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ་ཞེས་སྦྱར་བར་བྱའོ། །འདི་རྣམས་ནི་གོ་ཆའི་སྔགས་ཀྱི་ཡི་གེ་དྲུག་རྣམས་ཏེ། སྙིང་ག་ལ་སོགས་པ་དྲུག་རྣམས་སུ་
གཞག་པར་བྱའོ་ཞེས་གསུངས་པ། དང་པོ་ཞེས་པ་ལ་སོགས་པའོ། །ཅིས་གོ་ཆ་རིམ་པས་བསྒོམ་ཞེ་ན་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །བཟང་པོ་ནི་གར་གྱི་ཉམས་དགུ་རྣམས་ཀྱིས་རྩེན་པ་ལ་མཁས་པའོ། །སྲུང་བའི་འཁོར་ལོར་ཧེ་རུ་ཀ་རྡོ་རྗེ་སེམས་དཔར་བྱས་ནས་ཡེ་ཤེས་སེམས་
เล่ม ๗ · หน้า 253a
དཔའ་མི་བསྐྱོད་པ་བཅུག་སྟེ་དེ་དང་རོ་གཅིག་པར་བྱས་ནས། ཧེ་རུ་ཀ་ཉིད་དེ་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཉིད་དུ་དྲན་པར་བྱའོ། །ཡང་ན་ཧེ་རུ་ཀ་ནི་དམ་ཚིག་སེམས་དཔའ་སྟེ། དེའི་སྙིང་གར་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བསམས་ནས། ཧེ་རུ་ཀ་ཉིད་
དེ་སྔོན་དུ་གྲུབ་པའི་ཡེ་ཤེས་སེམས་དཔའི་བདག་ཉིད་ཅན་བསམ་མོ། །ཁྲོ་བོ་སྤྲོས་པ་འབར་བས་ཉེ་བར་མཚོན་པ་རྣམས་ཀྱིས་ཏེ། གང་ལས་བགེགས་རྣམས་འཁྲུགས་པ་དེ་དེ་སྐད་དོ། །གཙིགས་པ་ནི་རོལ་པའི་སྐུ་ཅན་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་རྣམས་མཆོག་ཏུ་གཙིགས་པ་སྟེ། རྩུབ་པའི་སྐུ་
ཅན་ཉིད་ཀྱི་ཕྱིར་རོ། །འཇིགས་རུང་ནི་སྦྲུལ་གྱི་རྒྱན་དང་རྣམ་པར་འགྱུར་བའི་ཞལ་ཉིད་ལ་སོགས་པ་རྣམས་ཀྱིས་སོ། །ཁྲོ་བོ་རྣམས་ཀྱིས་གང་གི་བཀའ་སྒྲུབ་པར་བྱེད་པའི་ཧེ་རུ་ཀ་དེ་ནི་དེ་སྐད་དོ། །ཕྱོགས་ནི་ཕྱོགས་དང་འབྲེལ་བའི་གདུག་པ་ཅན་རྣམས་སོ། །ཉིས་འགྱུར་ནི་འདབ་མ་བཅུ་
དྲུག་གཉིས་ཏེ་གཞན་ནོ། །དཔའ་བོ་དགོད་པ་ནི། འདབ་མ་རྣམས་ལ་ཞེས་པ་ལྷག་མའོ། །མཁའ་འགྲོ་མ་ཞེས་པ་མཁའ་འགྲོ་མའི་ས་བོན་ཏེ། རྡོ་རྗེའི་ལྟེ་བར་རོ། །དེ་ནས་དེས་དེའི་སྒོ་མཚན་པའོ་ཞེས་སྦྲེལ་ལོ། །ཀུན་ནས་ནི་ཕྱོགས་བཞི་རྣམས་སུའོ། །འཁོར་ལོ་ནི་འཁྲུལ་འཁོར་
ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་རོ། །སྙིང་པོར་ནི་གཞལ་ཡས་ཁང་གིའོ། །ཕོ་ཉས་ཞེས་པ་ཕོ་ཉ་རྣམས་ཀྱིས་ཉེ་བར་མཚན་པའོ། །ཆོ་ག་ལྷ་དགོད་པ་ལ་སོགས་པའི་རིག་པ་གང་དུ་ཡིན་པ་དེ་ནི་ཆོ་གའི་རིམ་པ་སྟེ། བསམ་གཏན་དང་འཁྲུལ་འཁོར་
བྲི་བ་ཡང་ངོ་། །དེ་ལ་བཅོམ་ལྡན་འདིའི་སྒོམ་པའི་རིམ་པའི་རྒྱལ་པོའི་བཞིན་ནོ། །ཁྱད་པར་ནི་བཅོམ་ལྡན་འདས་ནི་གཞལ་ཡས་ཁང་གི་དབུས་ཀུན་དུ་སེར་བ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཉི་མར་འཇིགས་བྱེད་དང་དུས་མཚན་མོ་གཡས་བརྐྱང་གི་སྟབས་ཀྱིས་མནན་
ནས་གར་མཛད་པ། མགོ་ཕྲེང་དང་ཐོད་པའི་ཕྲེང་བ་ཅན། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའི་སྐུ་ཅན། སྐུ་མདོག་སེར་པོ། སེར་པོ་དང་ལྗང་གུ་དང་དམར་པོ་དང་ནག་པོའི་ཤར་དང་། བྱང་དང་ནུབ་དང་ལྷོའི་ཞལ་ཅན་ཕྱག་བཞི་པ། གཡོན་དག་གིས་ཁ་ཊྭཱཾ་ག་དང་གཞུ་དག །གཡས་དག་གིས་
เล่ม ๗ · หน้า 253b
ཐོད་པ་དང་མདའ་དག་འཛིན་པ། རང་འདྲའི་རྡོ་རྗེ་ཕག་མོ་ལ་སྙོམས་པར་ཞུགས་པའོ། །དེའི་ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་དཀར་སྔོ་སྣང་བ། ཕྱག་གཡོན་པ་དག་ན་ཁ་ཊྭཱཾ་ག་དང་དྲིལ་བུ་དག །གཡས་དག་ན་རྡོ་རྗེ་དང་ཐོད་པ་དག་གོ། །བྱང་དུ་གསོད་བྱེད་མ་མརྒཏ་སེར་བར་སྣང་བ། གཡོན་
པ་དག་ན་ཁ་ཊྭཱཾ་ག་དང་ཞགས་པ་དག །གཡས་དག་ན་ཅང་ཏེའུ་དང་ཐོད་པ་དག་གོ། །ནུབ་ཏུ་འགུགས་བྱེད་མ་དམར་དཀར་དུ་སྣང་བ། གཡོན་པ་དག་ན་གཞུ་དང་སྣ་ཚོགས་པདྨ་དག །གཡས་དག་ན་མདའ་དང་ཐོད་པ་དག་གོ། །ལྷོར་གར་གྱི་དབང་ཕྱུག་མ་དཀར་སེར་མདོག་ཅན། གཡོན་པ་
དག་ན་མདུང་དང་རིན་པོ་ཆེ། གཡས་པ་དག་ན་བ་དན་དང་ཐོད་པ་དག་གོ། །བཞི་པོ་འདི་རྣམས་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་རྒྱ་ལྔ་ཅན། དབུ་སྐྲ་གྱེན་དུ་འབར་བ་གཅེར་བུ་གཡས་བརྐྱང་གི་ཞབས་སྟབས་ཅན། རོ་ལ་གནས་པ། གར་མཛད་པ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་
དང་སྒྲོལ་མའི་རང་བཞིན་རྣམས་སོ། །ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་པདྨའི་སྣོད་བདུད་རྩི་ལྔས་གང་བ་རྣམས་སོ། །སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་བཞི་རྣམས་དེ་ལྟ་བུ་ཁོ་ནའོ། །དེ་ལྟར་ལྷ་བཅུ་རྣམས་སྙིང་པོའི་དཀྱིལ་འཁོར་འདིའོ་ཞེས་པའོ། །ཁྱད་པར་གཞན་
ཡང་ཇི་ལྟར་རིགས་པར་བརྟག་པར་བྱའོ། །འཁྲུལ་འཁོར་འབྲི་བའི་དུས་ནི་སྔགས་པས་སྐད་ཅིག་གིས་སྲུང་བའི་འཁོར་ལོ་ལ་སོགས་པའི་ཡོངས་སུ་བསྐོར་བ་བཅིང་བ་བྱས་ནས། གོ་ཆ་དང་བཅས་པ་འཁོར་དང་བཅས་པའི་ཧེ་རུ་ཀའི་བདག་ཉིད་ཀྱིས། ཡོངས་སུ་བསྐོར་བ་དང་བཅས་པའི་གཞལ་ཡས་
ཁང་སྟེ། དེའི་སྙིང་པོར་ཟླ་བའི་གཟུགས་གཉིས་རི་མོ་ཟླུམ་པོ་གཉིས་ཀྱི་རྣམ་པ་དང་། དེའི་ནང་དུ་སྣ་ཚོགས་རྡོ་རྗེའོ། །དེའི་ལྟེ་བ་ལ་པདྨ་འདབ་མ་བཅུ་གཉིས་པའོ། །དེའི་ལྟེ་བ་ལ་ཟླ་བའི་གཟུགས་གཉིས་དང་། དེའི་ནང་དུ་པདྨ་འདབ་མ་དྲུག་པའོ། །དང་པོའི་ཟླ་བའི་དཀྱིལ་འཁོར་གཉིས་ལས་ཕྱི་
རོལ་དུ་འདབ་མ་དྲུག་གི་ཐད་ཀར་རྡོ་རྗེ་དྲུག་གོ། །དེ་ལ་ཆུ་སྐྱེས་དབུས་མའི་ལྟེ་བར། ཧཱུྃ་ཆེ་གེ་མོ་སྲུངས་ཤིག་ཅེས་པ་ལ་སོགས་པ་དང་ཧཱུྃ་ངོ་། །ཤར་ལ་སོགས་པའི་འདབ་མ་རྣམས་ལ། ཨོཾ་ཧ། ན་མཿཧི་སྭཱ་ཧཱ་ཧུ། པཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ། ཞེས་པ་དྲུག་རྣམས་རིམ་པ་ཇི་ལྟ་བ་བཞིན་ནོ། །ཟླ་བ་ལས་ཕྱི་
เล่ม ๗ · หน้า 254a
རོལ་གྱི་ཟླ་བ་གཉིས་པའི་སྟེང་དུ། ཨོཾ་ན་མཿ། སྭཱ་ཧཱ། བཽ་ཥཊ། ཧཱུྃ་ཧཱུྃ་ཕཊ་འོ། །འདབ་མ་བཅུ་གཉིས་རྣམས་ལ་གྲངས་ཇི་ལྟ་བར། ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲེཾ་ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ་དོ། །ཟླ་བ་ལས་ཕྱི་རོལ་ཟླ་བ་གཉིས་པ་ལ། ཧ་ཧི་ཧུ་ཧེ་ཧོ། ཧཾ་ངོ་། །རྡོ་རྗེ་དྲུག་པའི་ལྟེ་བ་
རྣམས་ལ། ཧཱཾ་ཧཱིཾ་ཧཱུྃ། ཧཻཾ་ཧཽཾ། ཧཿཞེས་པའོ། །སྔགས་ཀྱི་ཚིག་རྣམས་གུར་གུམ་དང་རྒྱ་སྐྱེགས་དང་། རང་གི་ཁྲག་དང་གི་ཝང་རྣམས་ཀྱིས་གྲོ་ག་ལ་བྲིས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་དྲུག་པོ་གཤིན་རྗེ་མ་ལ་སོགས་པས་
མཉམ་པར་འཁྱུད་པ་རྣམས་བཀུག་ནས། བདག་ཉིད་ལ་བཅུག་ཅིང་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་བྱུང་སྟེ། ལྷ་མོའི་པདྨར་ལྷའི་གཟུགས་སུ་སྤྲོས་ཤིང་སྔགས་རྣམས་ལ་ནང་དུ་བཅུག་ནས་གཟུགས་བརྙན་བཞིན་དུ་སྣང་བརྙན་དུ་བསམས་ཏེ། རབ་ཏུ་གནས་པའི་དེ་མ་ཐག་ཏུ་བཅོམ་
ལྡན་འདས་བསྒོམ་པ་སྔོན་དུ་འགྲོ་བར། ཐུན་གསུམ་དུ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་གོ་ཆ་གཉིས་རིམ་པ་ཇི་ལྟ་བར་བཟླས་ནས། ཆོ་ག་ཇི་ལྟ་བར་དཔུང་པ་ལ་གདགས་ཏེ། ཇི་སྐད་བཤད་པར་འགྱུར་རོ། །གོས་ཀྱི་མཐར་མདུད་པ། ཨོཾ་ཧཾ་ཞེས་པ་ལ་སོགས་པ་དང་ཨོཾ་བཾ་
ཞེས་པ་ལ་སོགས་པ་གོ་ཆའི་སྔགས་ཀྱིས་བདུན་བྱས་ནས་མངོན་པར་བསྔགས་ཏེ་ལམ་དུ་འགྲོ་བ་ཆོམ་རྐུན་དང་སྟག་ལ་སོགས་པས་འཇིགས་པར་མི་འགྱུར་རོ་ཞེས་པ་ལ་སོགས་པ་ཡང་རྟོགས་པར་བྱའོ། །ཆོ་གས་ཞེས་པ་བཅོམ་ལྡན་འདས་དང་དཀྱིལ་འཁོར་གྱི་དབུས་ཀྱི་ས་གཞི་དང་སྔགས་
ཀྱི་ཡི་གེ་རྣམས་དཀར་པོར་བསྒོམ་ཞིང་བཟླས་པ་ཞེས་པ་ཆོ་གའོ། །ལྔ་གཉིས་འདབ་མ་ལ་ཞེས་པ་འདབ་མ་བཅུ་རྣམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་དགོད་དོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་ལ་ཞེས་པ་ལྷག་མ་སྟེ། ཨོཾ་པྲ་སེ་ན་ཞེས་པ་ལ་སོགས་པའོ། །འཁོར་
ཡུག་ནི་དབུས་སུ་ཆེ་གེ་མོ་དབང་དུ་གྱིས་ཤིག་ཅེས་པའོ། །ཨོཾ་སརྦ་ཞེས་པ་ལ་སོགས་པའི་སྔགས། ཨོཾ་པྲ་སེ་ན་ཞེས་པ་ལ་སོགས་པའི་གནས་སུ་སྟེ། གཞན་སྔ་མ་བཞིན་ནོ། །འཁྲུལ་འཁོར་གཉིས་པོ་འདིའི་ཆོ་ག་ནི། དང་པོར་གསལ་བར་བྱས་པའི་ཆོ་ག་དང་འདྲའོ། །དེའི་ཞེས་པ་ལྟེ་
เล่ม ๗ · หน้า 254b
བའིའོ། །དང་པོ་ཡིས་ཞེས་པ་དང་པོ་ཏ་ཡིག་གོ། །འཁྲུལ་འཁོར་སྔ་མ་ཁོ་ན་ལ་ཟླ་བར་པྲ་སེ་ན་ཞེས་པ་ལ་སོགས་པའི་གནས་སུ་ཏ་ཡིག་ཟླུམ་པོའི་ཁོག་པར་འཁོར་ལོ་ཟུར་དྲུག་པ་སྟེ། ཟུར་གྱི་ནང་རྣམས་སུ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྟེ། དབུས་སུ་ཨོཾ་ཧྲཱིཿཆེ་གེ་མོ་མེ་བ་ཤྭི་ཀུ་རུ་ཧྲཱི༔སྭཱ་ཧཱ་ཞེས་པ་
བྲིའོ་ཞེས་པའི་དོན་ཏེ། །འཆད་པར་འགྱུར་བའི་རིགས་པས་ཀུ་རུ་ཀུལླེ་བསྒོམས་པས། གི་ཝང་དང་རྒྱ་སྐྱེགས་དང་ཙནྡན་དམར་པོ་དང་རང་གི་ཁྲག་གིས་བྲི་ཞིང་རབ་ཏུ་གནས་པ་ལ་སོགས་པ་ནི་ཆོ་གའོ། །སྒྲོལ་མ་སྒྲུབ་པོའི་མངོན་པར་ཕྱོགས་པས་འདིར་འབྱུང་ངོ་ཞེས་པ་སྒྲོལ་མ་མངོན་པར་
འབྱུང་བ་སྟེ་འཁྲུལ་འཁོར་དང་སྔགས་དང་ཆོ་གའོ། །འདི་ཞེས་པ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་སོ། །ཐོད་པ་དང་བཅས་པའི་གྱོ་དུམ་ལ་སྟེ་ཐོད་པའི་ཆའི་གཟུགས་གསར་པ་ལའོ། །བཅིངས་པ་རྣམས་སུ་འགྱུར་རོ་ཞེས་པ། གྱོ་དུམ་གྱི་ནང་དུ་སྟེ་གནོད་པར་བྱེད་པའི་ཆེད་དུ་མི་
འཇུག་གོ་ཞེས་པའི་དོན་ཏོ། །བསྐུལ་བ་ཞེས་པ་གང་གི་ཕྱིར་ལྷ་རྣམས་བསྐུལ་བ་དེའི་ཕྱིར་ངེས་པར་རྣམ་པ་འདི་ལྟ་བུ་འགྲུབ་པོ་ཞེས་པ་ཉེ་བར་བསྡུ་བའོ། །འཁྲུལ་འཁོར་གཞན་རྣམས་ལ་ཡང་དེ་བཞིན་ནོ། །ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཁ་དོག་དང་བསམ་པ་དང་ཕྱོགས་ལ་
སོགས་པའི་དབྱེ་བ་ནི་ཕྱེ་བར་བྱས་ཟིན་པའི་རྗེས་སུ་འབྲང་བ་ལས་ཇི་ལྟར་རིགས་པར་རྟོགས་པར་བྱའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་ཉི་ཤུ་བདུན་པའོ།། །།ལྔ་པར་དཀྱིལ་འཁོར་གསུངས་ན་དེའི་རབ་གནས་ནི་མ་
གསུངས་ཤིང་། ཐང་སྐུ་ལ་སོགས་པ་ཡང་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཉིད་དུ་གསུངས་ན། འདི་རབ་ཏུ་གནས་པ་མེད་པ་འདི་ནི་མ་ཡིན་ཏེ་ཞེས་པས་དེ་དག་གི་རབ་གནས་གསལ་བའི་ཆེད་དུ་གསུངས་པ། བསྟན་དུ་གསོལ་ཞེས་པ་ལ་སོགས་པའོ། །གཟུགས་བརྙན་དང་པོ་
ཏིའི་ཡི་གེ་དང་འཁྲུལ་འཁོར་དང་མཆོད་རྟེན་ལ་སོགས་པ་རྣམས་ལ་དབང་བསྐུར་བར་བྱ་བའི་སློབ་མ་ལ་དམ་ཚིག་དང་ཡེ་ཤེས་སེམས་དཔའ་དག་དེའི་བདག་ཉིད་དུ་གནས་པར་བྱེད་པ་ནི་རབ་གནས་ཏེ་ཆོ་ག་གཞན་དེའི་འཁོར་རོ། །བཟླས་པ་ནི་བསམ་གཏན་སྔོན་མ་ཅན་ཉིད་ཀྱི་ཕྱིར་བཟླས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด