བྱ་བ་བསྡུས་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཀྲི་ཡ་སཾ་གྲ་ཧ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๒ · หน้า 280a

བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ལྔའི་དབུ་རྒྱན་དང་ཅོད་པན་གྱི་དབང་གིས་དབང་བསྐུར་ཏེ། བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་གང་གིས་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་པ་བསྐྱེད་ནས་ལས་ལ་སོགས་པའི་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་དང་བཅས་པས་མ་ལུས་ཤིང་ལུས་པ་མེད་པའི་ཁམས་སུ་བསྐྱེད་པ་ཀུན་དུ་བཟང་པོའི་ཕྱིར་མིང་གི་དབང་བསྐུར་གྱི་དབང་བསྐུར་བ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱི་

ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་རྡོ་རྗེ་བླ་ན་མེད། །བདག་ལ་བདག་གི་ལག་ཏུ་སྩོལ། །རྡོ་རྗེ་རྡོ་རྗེ་ལ་རབ་གནས། །དེ་བཞིན་དུ་བསྐྱེད་ཅིང་སྤྲོ་བ་དང་བསྡུ་བའི་སྦྱོར་བས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གྱུར་པ་དབུས་སུ་བཞུགས་པས་

ཆེད་དུ་བརྗོད་པས་ཆེད་དུ་རྗོད་པ་ལ། དབང་བསྐུར་བའི་མཐའ་ལ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་ཇི་སྲིད་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པ་རང་རང་གི་མཚན་མ་ལས་སྔོན་མ་བཞིན་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་མཛད་དོ། །དེ་ལ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་

ཀྱི་ཆེད་དུ་བརྗོད་པར་གྱུར་པ་ནི་རྡོ་རྗེ་རྒྱལ་པོ་ལྕགས་ཀྱུའི་བདག་ཉིད་ཀྱི་ང་རྒྱལ་གྱིས། ཨེ་མ་དོན་ཡོད་རྒྱལ་པོ་ང་། །རྡོ་རྗེ་ལས་བྱུང་ལྕགས་ཀྱུའོ། །གང་ཞིག་སངས་རྒྱས་ཀུན་ལ་ཁྱབ། །ཡང་དག་འགུགས་པས་བསྒྲུབ་པར་བྱ། །ཨོཾ་བཛྲ་རཱ་ཛོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་ཡེ་

ཤེས་བླ་ན་མེད། །གང་ཞིག་སངས་རྒྱས་དངོས་གྲུབ་དོན། །ཡང་དག་འགུགས་བྱེད་བླ་ན་མེད། །མི་བསྐྱོད་པའི་གཡས་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ཆགས་པ་མདའི་ང་རྒྱལ་གྱིས། ཨེ་མ་རང་བཞིན་ཡང་དག་ང་། །རྗེས་སུ་ཆགས་པ་རང་

འབྱུང་ཉིད། །གང་ཞིག་དག་ཕྱིར་ཆགས་བྲལ་རྣམས། །ཆགས་པ་ཡིས་ནི་འདུལ་བར་བྱེད། །ཨོཾ་བཛྲ་རཱ་ག་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆགས་པའི་ཡེ་ཤེས་དྲི་མ་མེད། །ཆགས་བྲལ་ཆགས་པ་ཡིས་བཅོམ་ནས། །ཀུན་ལ་བདེ་བ་སྟེར་བར་མཛད། །མི་བསྐྱོད་

เล่ม ๖๒ · หน้า 280b

པའི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ལེགས་པ་དགྱེས་པའི་ང་རྒྱལ་གྱིས། །ཨེ་མ་ལེགས་པར་བྱེད་པ་འདི། །སེམས་ཅན་ཀུན་གྱི་རིག་པ་མཆོག །གང་ཞིག་བསྐལ་པར་སྨོན་པ་ཡིས། །དགྱེས་པ་ངེས་པར་བསྐྱེད་པར་འགྱུར། །ཨོཾ་བཛྲ་སཱ་དྷུ་སྭ་བྷཱ་བཱཏྨ་ཀོ྅ཧཾ།

འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ལེགས་པར་བྱེད་པ་རབ་ཏུ་བརྗོད། །ཐམས་ཅད་དགྱེས་མཛད་རྡོ་རྗེ་ལ། །ལྷ་ཡི་མཆོག་ཏུ་དགའ་བ་འཕེལ། །མི་བསྐྱོད་པའི་རྒྱབ་ཏུ་ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་རིན་ཆེན་ནི་རིན་པོ་ཆེའི་ང་རྒྱལ་གྱིས། ཨེ་མ་རང་ཉིད་དབང་བསྐུར་

ང་། །རྡོ་རྗེ་རིན་ཆེན་བླ་ན་མེད། །གང་ཞིག་ཟླ་བྲལ་རྒྱལ་བ་ཡང་། །ཁམས་གསུམ་བདག་པོ་ཉིད་དུ་ཤེས། །ཨོཾ་བཛྲ་གརྦྷ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སེམས་དཔའི་དབྱིངས་སུ་དབང་བསྐུར་བ། །བདག་ལ་བདག་གི་ལག་ཏུ་སྩལ། །རིན་ཆེན་རིན་ཆེན་

ངེས་སྦྱར་བྱ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་སྔོན་དུའོ། །རྡོ་རྗེ་གཟི་བརྗིད་ཉི་མའི་ང་རྒྱལ་གྱིས། །ཨེ་མ་གཟི་བརྗིད་དཔེ་མེད་ང་། །སེམས་ཅན་ཁམས་རྣམས་གསལ་བར་མཛད། །གང་ཞིག་དག་བྱེད་དག་རྣམས་ཀྱིས། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡང་། །ཨོཾ་བཛྲ་པྲ་བྷཱ་སྭ་བྷཱ་བ་

ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །མི་ཤེས་འཇོམས་ཕྱིར་ཉམས་པར་བྱེད། །ཕྲ་རབ་རྡུལ་ཕྲན་གྲངས་ཀྱིས་ནི། །ཉི་མའི་འོད་པས་ཤིན་ཏུ་ལྷག །རིན་ཆེན་འབྱུང་ལྡན་གྱི་གཡས་སུའོ། །རྡོ་རྗེ་ཏོག་གི་མཆོད་སྡོང་གི་ང་རྒྱལ་གྱིས། །ཨེ་མ་མཚུངས་མེད་ཏོག་གི་ང་། །

དོན་རྣམས་ཐམས་ཅད་སྒྲུབ་པར་བྱེད། །གང་ཞིག་ཀུན་གྱི་བསམ་པ་གྲུབ། །དོན་ཀུན་ཡོངས་སུ་རྫོགས་པར་བྱེད། །ཨོཾ་བཛྲ་ཡཥྚི་སྭ་བྷཱ་བཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས། །ཡིད་བཞིན་ནོར་བུའི་རྒྱལ་མཚན་ཞེས། །སྦྱིན་པའི་

ཕ་རོལ་ཕྱིན་པའི་ཚུལ། །རིན་ཆེན་འབྱུང་ལྡན་གྱི་གཡོན་དུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ངོ་མཚར་རྨད་བྱུང་སྟོན་པར་མཛད། །དགའ་བ་ཆེར་མཛད་ཡེ་ཤེས་ཏེ། །མི་ཤེས་ཡོངས་སུ་སྤོང་བར་མཛད། །རིན་ཆེན་འབྱུང་ལྡན་གྱི་རྒྱབ་ཏུའོ། །རྡོ་རྗེ་ཆོས་ནི་པདྨའི་ང་རྒྱལ་གྱིས།

เล่ม ๖๒ · หน้า 281a

ཨེ་མ་དོན་དམ་ང་ཉིད་དོ། །གདོད་ནས་དག་ཅིང་རང་བྱུང་ང་། །གང་ཞིག་འཇིག་རྟེན་མཆོད་མིན་འདི། །རྣམ་པར་དག་པ་ལ་དམིགས་ཏེ། །ཨོཾ་བཛྲ་ནེ་ཏྲ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་དེ་ཉིད་ཁོང་དུ་ཆུད། །བདག་ལ་བདག་གི་ལག་ཏུ་

སྩལ། །ཆོས་ལ་ཆོས་ནི་རབ་ཏུ་གནས། །འོད་དཔག་མེད་ཀྱི་མདུན་དུའོ། །རྡོ་རྗེ་གནོན་པོ་རལ་གྲིའི་ང་རྒྱལ་གྱིས། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་པའི་དབྱངས་སུ་ང་ཉིད་ཤེས། །གང་ཞིག་ཤེས་རབ་གཟུགས་ཅན་གྱི། །དབྱངས་ཉིད་ལ་ནི་དམིགས་པ་སྟེ། །ཨོཾ་བཛྲ་

བོ་དྷི་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དགྲ་རྣམས་མ་ལུས་མཆོག་ཏུ་གཅོད། །སྡིག་པ་ཐམས་ཅད་འཇོམ་པའི་མཆོག །འོད་དཔག་མེད་ཀྱི་གཡས་སུའོ། །རྡོ་རྗེ་རྒྱུ་ནི་འཁོར་ལོའི་ང་རྒྱལ་གྱིས། །ཨེ་མ་འཁོར་ལོ་རྡོ་རྗེ་ཡི་རང་བཞིན། །

རྡོ་རྗེ་མཆོག་གི་ཆོས་ཅན་ང་། །གང་ཞིག་སེམས་བསྐྱེད་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །ཨོཾ་བཛྲ་མཎྜ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀུན་རྣམ་པར་དག་པ་སྟེ། །ཕྱིར་མི་ལྡོག་པའི་འཁོར་ལོ་ང་། །བྱང་ཆུབ་སྙིང་པོ་ཞེས་བྱར་ཤེས། །

འོད་དཔག་མེད་ཀྱི་གཡོན་དུའོ། །རྡོ་རྗེ་སྨྲ་བ་ནི། ཆོས་ཀྱི་དུང་གི་ང་རྒྱལ་གྱིས། །ཨེ་མ་རང་བྱུང་གསང་བ་སྟེ། །དགོངས་པའི་སྐད་ཀྱི་བདག་ཉིད་བརྟན། །གང་ཞིག་དམ་ཆོས་སྟོན་བྱེད་པ། །ཚིག་གི་སྤྲོས་པ་རྣམ་པར་སྤངས། །ཨོཾ་བཛྲ་བཱ་ཙ་སྭ་བྷཱ་ཧཾ། འདི་ནི་སངས་རྒྱས་ཐམས་

ཅད་ཀྱི། །རྡོ་རྗེའི་བཟླས་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་སྔགས་མྱུར་དུ་སྒྲུབ་པའི་ཐབས། །འོད་དཔག་མེད་ཀྱི་རྒྱབ་ཏུའོ། །རྡོ་རྗེ་ལས་ནི། སྣ་ཚོགས་རྡོ་རྗེའི་ང་རྒྱལ་གྱིས། །ཨེ་མ་སངས་རྒྱས་དོན་ཡོད་ཀྱིས། །ཀུན་གྱི་ལས་ལ་འཇུག་པ་བདག །གང་

ཞིག་ལྷུན་གྲུབ་སངས་རྒྱས་དོན། །རྡོ་རྗེ་ལས་ནི་སྐོར་བར་བྱེད། །ཨོཾ་བཛྲ་ས་ཀརྨ་སོ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །སྣ་ཚོགས་ལས་ནི་བྱེད་པའི་མཆོག །བདག་ལ་བདག་གི་ལག་ཏུ་སྩལ། །སྣ་ཚོགས་སྣ་ཚོགས་སྦྱོར་བར་བྱེད། །དོན་ཡོད་གྲུབ་པའི་མདུན་དུའོ། །

เล่ม ๖๒ · หน้า 281b

རྡོ་རྗེ་བསྲུང་བ་ནི་གོ་ཆའི་ང་རྒྱལ་གྱིས། ཨེ་མ་བརྩོན་འགྲུས་རང་བཞིན་ཆོས། །ཤིན་ཏུ་བརྟན་པ་བརྟན་ཉིད་བརྟན། །གང་ཞིག་བརྟན་ཕྱིར་ལུས་མེད་རྣམས། །རྡོ་རྗེའི་སྐུ་རུ་བྱེད་པའི་མཆོག །ཨོཾ་བཛྲ་བཱིརྱ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱམས་པ་ཡི་ནི་གོ་ཆ་མཆོག །བརྩོན་

འགྲུས་ཆེན་པོས་བསྲུང་བར་བྱ། །གསང་སྔགས་ཆེན་པོར་རབ་ཏུ་བཤད། །དོན་ཡོད་གྲུབ་པའི་གཡས་སུའོ། །རྡོ་རྗེ་གནོད་སྦྱིན་ནི། ཨེ་མ་ཐབས་ཆེན་ང་ཉིད་དེ། །སངས་རྒྱས་རྣམས་ཀྱི་སྙིང་རྗེ་བདག །གང་ཞིག་སེམས་ཅན་དོན་དེ་ཡིས། །ཞི་བ་དྲག་པོ་ཉིད་ཀྱང་བྱ། །ཨོཾ་བཛྲ་ཙཎྜ་སྭ་བྷཱ་

བོ྅ཧཾ། འདི་ནི་གདུག་པ་ཐམས་ཅད་ཀྱི། །མཆོག་ཏུ་སྟེར་བ་རྡོ་རྗེ་ཡི། །མཆེ་བ་མཚོན་ཆ་རྣོན་པོ་སྟེ། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །དོན་ཡོད་གྲུབ་པའི་གཡོན་དུའོ། །རྡོ་རྗེ་མཚམས་ནི་ཁུ་ཚུར་གྱི་ང་རྒྱལ་གྱིས། ཨེ་མ་ཤིན་ཏུ་བརྟན་པར་བསྡམས། །དམ་ཚིག་ང་རྒྱལ་བརྟན་པ་

བདག །གང་ཞིག་ཀུན་གྱི་བསམ་དོན་སྒྲུབ། །གྲོལ་བ་རྣམས་ཀྱང་འཆིང་བར་བྱེད། །ཨོཾ་བཛྲ་མུཥྚི་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱས་འཆིང་བ་ང་ཉིད་བརྟན། །སངས་རྒྱས་ཀུན་གྱི་དོན་ལེགས་གྲུབ། །ཕྱག་རྒྱ་ཤིན་ཏུ་འདའ་དཀའ་བས། །དོན་ཡོད་གྲུབ་པའི་རྒྱབ་ཏུའོ། །

དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས། །སེམས་མ་རྡོ་རྗེ་མ་བསྐྱེད་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས། །རིན་ཆེན་རྡོ་རྗེ་མའོ། །འོད་དཔག་མེད་ཀྱི་ང་རྒྱལ་གྱིས། །ཆོས་ཀྱི་རྡོ་རྗེ་མའོ། །དོན་ཡོད་གྲུབ་པའི་ང་རྒྱལ་གྱིས། །ལས་ཀྱི་རྡོ་རྗེ་མ་རྣམས་ཏེ། །རྣམ་པར་སྣང་མཛད་ཀྱི་མདུན་ལ་

སོགས་པའི་ཕྱོགས་བཞི་རྣམས་སུ་བཞུགས་པར་བསམ་པར་བྱའོ། །འདི་རྣམས་ཀྱི་ཆེད་དུ་བརྗོད་པར་བྱ་བ་ནི། ཨོཾ་སཏྭ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སེམས་མ་རྡོ་རྗེ་བདག་ཉིད་བརྟན། །གང་ཞིག་བརྟན་ཕྱིར་ལུས་མེད་ལའང་། །རྡོ་རྗེའི་སྐུ་ཉིད་བྱོན་གྱུར་པ། །ཨོཾ་རཏྣ་བཛྲཱ་

སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་རྡོ་རྗེ་བདག་ཉིད་ཤེས། །གང་ཞིག་ཕྱག་རྒྱ་འདི་རྣམས་ཀྱིས། །དབང་བསྐུར་བ་ཡི་ཚུལ་ཉིད་བརྟན། །ཨོཾ་དྷརྨྨ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་བདག་ཉིད། །གང་ཞིག་རང་བཞིན་རྣམ་

เล่ม ๖๒ · หน้า 282a

དག་པ། །འདོད་ཆགས་དང་བ་ལ་དྲི་མ་མེད། །ཨོཾ་ཀརྨྨ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ལས་ཀྱི་རྡོ་རྗེ་བདག་ལ་མངའ། །གང་ཞིག་གཅིག་ཀྱང་མ་ལུས་པའི། །སེམས་ཅན་ཁམས་རྣམས་ལས་ལེགས་མཛད། །རྣམ་པར་སྣང་མཛད་ཀྱི་ང་རྒྱལ་

གྱིས། སྒེག་མོ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་མཛད་དོ། །ཨོཾ་བཛྲ་ལཱ་སྱེ་སྭ་བྷཱ་བོ྅ཧཾ། ཨེ་མ་མཚུངས་མེད་གྱུར་པ་ཡི། །མཆོད་པའི་དགའ་བ་རང་འབྱུང་ངོ་། །གང་ཞིག་འདོད་པའི་མཆོད་པ་ཡིས། །མཆོད་པ་ཀུན་ལ་རབ་ཏུ་འཇུག །ནང་གི་དཀྱིལ་འཁོར་དུ་མེའི་མཚམས་སུ་བཞུགས་པར་བསམ་

པར་བྱའོ། །དེ་བཞིན་དུ་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ཨོཾ་བཛྲ་མཱ་ལ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་དང་མཚུངས་པ་མེད། །ཤིན་ཏུ་རིན་ཆེན་མཆོད་ཅེས་གྲགས། །གང་ཞིག་ཁམས་གསུམ་རྒྱལ་པོ་མཆོག །བསྟོད་ཅིང་རབ་ཏུ་མཆོད་པར་བྱེད། །

ཨོཾ་བཛྲ་གཱི་ཏ་སྭ་བྷཱ་བོ྅ཧཾ། ཨེ་མ་གླུ་དབྱངས་རང་བཞིན་གྱིས། །མཆོད་པ་བདག་གི་ཐམས་ཅད་སྟོན། །གང་ཞིག་མཉེས་པར་བྱེད་པས་མཆོད། །སྒྲ་བརྙན་དཔེ་ཡི་རྣམ་པས་ཀྱང་། །ཨོཾ་བཛྲ་ནྲྀ་ཏྱ་སྭ་བྷཱ་བོ྅ཧཾ། ཨེ་མ་མཆོད་པ་རྒྱ་ཆེན་བདག །མཆོད་པའི་དོན་རྣམས་མ་ལུས་བྱེད། །གང་

ཞིག་སྒྲུབ་པ་རྡོ་རྗེའི་གར། །སངས་རྒྱས་མཆོད་པ་རབ་ཏུ་བརྟག །མི་བསྐྱོད་པའི་ང་རྒྱལ་གྱི་རྡོ་རྗེ་བདུག་སྤོས་མ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །ཨོཾ་བཛྲ་དྷཱུ་པ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་གི་མཆོད་པ་ཆེ། །རབ་ཏུ་ཚིམ་བྱེད་མ་སྟེ་དགེ། །གང་ཞིག་སེམས་

ཅན་རབ་ཞུགས་སྦྱོར། །མྱུར་དུ་བྱང་ཆུབ་ཐོབ་པར་བྱ། །ཨོཾ་བཛྲ་པུཥྤ་སྭ་བྷཱ་བོ྅ཧཾ། ཨེ་མ་མེ་ཏོག་མཆོད་པ་དག །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྱེད། །གང་ཞིག་བདེ་གཤེགས་རིན་ཆེན་ཉིད། །མཆོད་པས་མྱུར་དུ་རབ་ཏུ་ཐོབ། །ཨོཾ་ཛྙཱ་ན་བཛྲཱ་ལོ་ཀ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་གི་

མཆོད་པ་ཆེ། །སྣང་གསལ་རང་བཞིན་དགེ་བའོ། །གང་ཞིག་སྣང་གསལ་ཅན་གྱིས་ནི། །སངས་རྒྱས་ཀུན་མཚུངས་མྱུར་དུ་ཐོབ། །ཨོཾ་བཛྲ་གནྡྷ་སྭ་བྷཱ་བོ྅ཧཾ། ཨེ་མ་དྲི་ཡི་རང་བཞིན་གྱི། །མཆོད་པས་ལྷ་མོ་བདག་ཡིད་དགའ། །གང་ཞིག་དེ་བཞིན་གཤེགས་རྣམས་དྲིས། །ཀུན་ལ་

เล่ม ๖๒ · หน้า 282b

སྐུ་ལ་དབུལ་པར་བགྱི། །ཞེས་པ་བཞི་པོ་འདི་རྣམས་ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་གཞན་རྣམས་སུ་བཞུགས་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱའོ། །ཨོཾ་

སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་པས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཤར་ལ་སོགས་པའི་སྒོ་བཞིའི་ལོགས་གཉིས་སུ་ཕྱིའི་དཀྱིལ་འཁོར་གྱི་སྟེགས་བུ་ལ་བཞུགས་པར་བསམ་པར་བྱའོ། །དེ་ལ་འདིར་སྐུ་མདོག་ནི་གོ་རིམས་

བཞིན་དུ་ཤེས་པར་བྱ་སྟེ། སེར་པོ་དང་། སེར་པོ་དང་། དཀར་པོ་དང་། དཀར་པོ་དང་། དཀར་པོ་དང་། ལྗང་གུ་དང་། དཀར་པོ་དང་། མཐིང་ག་དང་། དཀར་པོ་དང་། དཀར་པོ་དང་། དམར་པོ་དང་། དམར་པོ་དང་། མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། སྐུ་མདོག་སེར་པོ་རྣམས་སོ། །

རང་རང་གི་མཚན་མ་ལས་གཞན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་པར་བྱའོ། །སླར་ཡང་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་ནི་ཨོཾ་བཛྲཱཾ་ཀུ་ཤ་ཀྲོ་དྷ་རཱ་ཛ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ཡང་དག་འགུག་པར་བདག་ཉིད་

བརྟན། །གང་ཞིག་བདག་ནི་ཡང་དག་འགུགས། །དཀྱིལ་འཁོར་ཀུན་གྱི་སྣོད་ལའོ། །ཤར་གྱི་སྒོ་རུའོ། །ཨོཾ་བཛྲ་པཱ་ཤ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་ཞགས་པར་བདག་ཉིད་བརྟན། །གང་ཞིག་བདག་གི་ཀུན་དུ་འཇུག །སླར་ཡང་བདག་གི་རྟག་ཏུ་འཇུག །

ལྷོའི་སྒོ་རུའོ། །ཨོཾ་བཛྲ་སྥོ་ཊ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་རྒྱས་པར་བདག་ཉིད་བརྟན། །གང་ཞིག་འཆིང་བ་ཀུན་ལས་གྲོལ། །སེམས་ཅན་དོན་དུ་འཆིང་བར་བྱེད། །ནུབ་ཀྱི་སྒོ་རུའོ། །ཨོཾ་བཛྲཱ་བེ་ཤ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །

རྡོ་རྗེ་འབེབས་པས་བདག་ཉིད་བརྟན། །གང་ཞིག་འཕགས་པ་ཀུན་དེས་འགྱུར། །བྲན་དུ་གྱུར་པ་ཉིད་ཀྱང་ངོ་། །བྱང་གི་སྒོ་རུའོ། །དེ་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་པའི་མཐར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་ཀྱིས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་

เล่ม ๖๒ · หน้า 283a

རྣམས་སུ་འགྲོ་བའི་དོན་བྱ་བ་མཛད་ནས་སླར་ལོག་སྟེ་རང་རང་གི་གནས་སུ་ཟླ་བའི་སྟེང་དུ་བཞུགས་པར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་དཀྱིལ་འཁོར་རྣམས་གདན་དྲང་བར་བྱའོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། ཞེས་

པའི་སྔགས་ཀྱིས་སྔོན་བཞིན་དུའོ། །དྲིལ་བུའི་སྒྲ་བྱའོ། །ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་ཀྱིས་སོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ། །སྒོ་རྣམས་ཀྱང་དབྱེ་བར་བྱའོ། །ཨོཾ་དཱ་རོཏྦྷ་ཊ་ཡ་ས་མ་ཡཾ་པྲ་བེ་ཤ་ཧཱུཾ།

རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཐེའུ་ཆུང་གཉིས་ལྕགས་སྒྲོག་ལ་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་བ་ནི་སྒོ་འབྱེད་པའི་ཕྱག་རྒྱའོ། །སྔོན་བཞིན་དུ་དབང་བསྐུར་བར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་མཆོད་ཡོན་དང་སྒེག་མོ་ལ་སོགས་པ་བརྒྱད་བྱའོ། །དྲིལ་བུ་ཡང་དཀྲོལ་བར་བྱའོ། །ཀུན་དུ་

ཁྱབ་པ་སྲིད་རྩེའི་རྩེ། །བདེ་གཤེགས་རྒྱལ་པོ་རྒྱལ་བ་སྟེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་ཁྱོད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུད། །རྡོ་རྗེ་རིན་ཆེན་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལས་ཉིད་ཁྱོད་ལ་འདུད། །ཅེས་བྱ་བ་འདི་ནི་དཀྱིལ་འཁོར་

རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྣམ་པར་སྣང་མཛད་དང་བཅས་པ་དབྱེར་མེད་པའི་བདག་ཉིད་དུ་བསམས་ནས་འདུས་པར་བྱའོ། །དེ་ནས་དེ་ལ་འགྲོ་བ་རྣམས་དང་མཚུངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལའོ་ཞེས་བརྗོད་པར་བྱའོ། །ཨེ་

མ་ཀུན་དུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །གང་ཞིག་དེ་བཞིན་གཤེགས་རྡོ་རྗེའི། །དབུས་སུ་དེ་བཞིན་གཤེགས་པས་གསུངས། །ཞེས་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པ་མཛད་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བྱོན་ཞིང་རབ་ཏུ་བཞུགས་

ཏེ་སེམས་དཔའི་རྡོ་རྗེ་ལ་སོགས་པ་གཅིག་ཏུ་གྱུར་ནས་སླར་ཡང་ཆེད་དུ་བརྗོད་པར་མཛད་པ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ཆེད་བརྗོད་ཆེན་པོ་ལ་སོགས་པ། །གང་ཞིག་ཀུན་གྱིས་རྗེས་འབྲང་བའོ། །སངས་རྒྱས་ཀུན་གྱི་ཕྱིར་ཉིད་བྱོན། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གནས་སུ་

เล่ม ๖๒ · หน้า 283b

གནས་པའི་རྣལ་འབྱོར་པ་མེ་ཏོག་གིས་དབང་བསྐུར་བ་ལ་སོགས་པ་བླངས་ནས་སྔོན་བཞིན་དུ་རྡོ་རྗེའི་སྒྲ་བྱས་ཏེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ནས། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་བྱས་ནས། སྔོན་

དུ་གསུངས་པའི་ཕྱག་རྒྱ་བཞི་པོ་རྣམས་བཅིང་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཞི་པོའི་རྒྱས་བཏབ་པས་རྣམ་པར་སྣང་མཛད་ལ་སོགས་པར་མཛད་ནས་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ལ། རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ལའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་

བཞིན་གཤེགས་པ་ཐམས་ཅད་གདན་འདྲེན་པ་དང་། རྗེས་སུ་ཆགས་པ་དང་། མཉེས་པར་བྱ་བ་དང་། དབང་བསྐུར་བ་དང་། འོད་ཟེར་གྱིས་སྣང་བར་བྱ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། འཛུམ་པ་རྨད་དུ་བྱུང་བ་ལ་རབ་ཏུ་དགོད་པ་དང་། ཤིན་ཏུ་རྣམ་པར་དག་

པའི་ཏིང་ངེ་འཛིན་བསྐྱེད་པ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པ་དང་། དཀྱིལ་འཁོར་ཆེན་པོར་རབ་ཏུ་འཇུག་པ་དང་། སྤྲོས་པ་མེད་པའི་ཆོས་ཉིད་ལ་སྦྱོར་བ་དང་། མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། རྣམ་པ་

གཞན་དུ་མི་འདོད་པའི་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཇིག་པ་ལས་གཞན་རྣམས་ཀྱང་བསྲུང་བ་དང་། བསྲུང་བ་ཐམས་ཅད་ཡོངས་སུ་བསྐྱང་བ་དང་། ལུས་ངག་ཡིད་གསུམ་གཅིག་ཏུ་བྱེད་པ་ལ་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིང་བར་བྱའོ། །དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུས་ཐར་པའི་གྲོང་ཁྱེར་ཆེན་པོ་ལས་

སེམས་ཅན་ཐམས་ཅད་འདྲེན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང་། ཐེག་པ་གཞན་ལ་མི་འདོད་པའི་སེམས་རྒྱས་པ་དང་། རང་བཞིན་གྱིས་འོད་གསལ་སྐྱེ་བ་ལ་འཇུག་པ་ཆོས་ཐམས་ཅད་ཀྱི་གྲོང་ཁྱེར་ཡོངས་སུ་སྨིན་པ་ལ་སྦྱར་བར་བྱའོ་ཞེས་སོ། །དེ་

เล่ม ๖๒ · หน้า 284a

བཞིན་དུ་རབ་ཏུ་བྱེད་པའི་ལས་སྤྲོ་བ་དང་བསྡུ་བ་ལ་སྦྱོར་བས་སླར་ཡང་བསྒོམ་པར་བྱའོ་ཞེས་པས་བསྒོམས་པ་དང་ཇི་སྐད་གསུངས་པའི་སྔགས་བཟླས་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨྨ་ཧྲཱི། ཨོཾ་བཛྲ་ཀརྨྨ་

ཨཿརྡོ་རྗེ་སེམས་དཔའི། ཨོཾ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་རྒྱལ་པོའི། ཨོཾ་བཛྲ་རཱ་ཛ་ཛཿརྡོ་རྗེ་ཆགས་པའི། ཨོཾ་བཛྲ་རཱ་ག་ཧོ། རྡོ་རྗེ་ལེགས་པའི། ཨོཾ་བཛྲ་སཱ་དྷུ་སཿ། རྡོ་རྗེ་རིན་ཆེན་གྱི། ཨོཾ་བཛྲ་རཏྣ་ཨོཾ། རྡོ་རྗེ་གཟི་བརྗིད་ཀྱི། ཨོཾ་བཛྲ་ཏེ་ཛ་ཨཾ། རྡོ་རྗེ་ཏོག་གི། ཨོཾ་བཛྲ་ཀེ་ཏུ་ཏྲཾ། རྡོ་རྗེ་བཞད་

པའི། ཨོཾ་བཛྲ་ཧ་ས་ཧཱ། རྡོ་རྗེ་ཆོས་ཀྱི། ཨོཾ་བཛྲ་དྷརྨྨ་ཧྲཱིཿ། རྡོ་རྗེ་རྣོན་པོའི། ཨོཾ་བཛྲ་ཏཱིཀྵྞ་དྷཱཾ། རྡོ་རྗེ་རྒྱུའི། ཨོཾ་བཛྲ་ཧེ་ཏུ་མཾ། རྡོ་རྗེ་སྨྲ་བའི། ཨོཾ་བཛྲ་བྷཱ་ཥ་རཾ། རྡོ་རྗེ་ལས་ཀྱི། ཨོཾ་བཛྲ་ཀརྨྨ་ཀཾ། རྡོ་རྗེ་སྲུང་བའི། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་གནོད་སྦྱིན་གྱི། ཨོཾ་བཛྲ་

ཡཀྵ་ཧཱུཾ། རྡོ་རྗེ་མཚམས་ཀྱི། ཨོཾ་བཛྲ་སནྡྷི་ཨཿརྡོ་རྗེ་སྒེག་མོའི། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི། ཨོཾ་བཛྲ་མཱ་ལེ་ཏྲཾ། རྡོ་རྗེ་གླུ་མའི། ཨོཾ་བཛྲ་གཱི་ཏེ་ཧྲཱིཿ། རྡོ་རྗེ་གར་མའི། ཨོཾ་བཛྲ་ནྲྀ་ཏྱ་ཨཿརྡོ་རྗེ་བདུག་སྤོས་མའི། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། རྡོ་རྗེ་མེ་ཏོག་མའི། ཨོཾ་བཛྲ་པུཥྤེ་

ཏྲཾ། རྡོ་རྗེ་སྣང་གསལ་མའི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། རྡོ་རྗེ་དྲི་མའི། ཨོཾ་གནྡྷེ་ཨཿ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུའི། ཨོཾ་བཛྲཱཾ་ཀུ་ཤ་ཛཿ རྡོ་རྗེ་ཞགས་པ་མའི། ཨོཾ་བཛྲ་པཱ་ཤ་ཧཱུཾ། རྡོ་རྗེ་རྒྱས་པའི།

ཨོཾ་བཛྲ་སྥོ་ཊ་བཾ། རྡོ་རྗེ་འབེབས་པའི། ཨོཾ་བཛྲཱ་བེ་ཤ་ཧོཿ། ཞེས་པའི་སྔགས་ཀྱིས་ཀྱང་སོ་སོའི་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་ལན་ཉི་ཤུ་རྩ་ལྔའམ་ལན་བདུན་ནམ་ལན་གཅིག་གམ་ཇི་ལྟར་ནུས་པ་བཞིན་བཟླས་པར་བྱའོ། །དེ་ནས་ཀྱང་ཐམས་ཅད་ཀྱི་དེ་བཞིན་ཉིད་ངའོ་ཞེས་བསྒོམ་

པར་བྱའོ། །ལྷའི་དེ་ཉིད་ཐམས་ཅད་མངོན་དུ་བྱས་ནས་སྔགས་ཀྱི་སྒྲ་ཡིས་མངོན་པར་ལེན་པ་ལ་བརྩོན་པར་བྱའོ། །དེ་ཉིད་ནི་ཐམས་ཅད་ཀྱིས་བཟླས་པར་འགྱུར་རོ། །དེ་ནས་ཀྱང་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡུལ་ཕྲ་རབ་ཀྱི་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཡིག་གི་སྒྲའི་ངོ་བོ་ལ་སེམས་

เล่ม ๖๒ · หน้า 284b

གནས་པར་བྱའོ། །ཇི་སྲིད་བསྒོམ་པས་ངལ་བར་མ་གྱུར་པ་དེ་ཉིད་དུ་བཟླས་པར་བྱའོ། །ངལ་བར་གྱུར་ན་བསྟོད་པ་བརྒྱ་རྩ་བརྒྱད་བྱས་ཏེ། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་བརྒྱད་དང་། ཕྱག་འཚལ་བ་བཞི་ཡང་བྱའོ། །དེ་ལ་བསྟོད་པ་

བརྒྱ་རྩ་བརྒྱད་པ་ནི་འདིའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་རྡོ་རྗེ་མཆོག །ཕྱག་ན་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པ་བློ་བཟང་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་

འགུགས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་དུ་བྱེད། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །རྡོ་རྗེ་མདའ་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལེགས་པ་ལེགས་འཛིན་པ། །རྡོ་རྗེ་དགྱེས་པ་དགའ་བ་ཆེ། །དགའ་ཞིང་མགུ་བ་རྡོ་རྗེ་མཆོག །རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། །

རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་སོགས། །རྡོ་རྗེ་སྙིང་པོ་ཁྱོད་ལ་འདུད། །རྡོ་རྗེ་གཟི་བརྗིད་འབར་བ་ཆེ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་འོད་ཟེར་ཁྱོད་ལ་འདུད། །རྡོ་རྗེ་ཏོག་ནི་སེམས་ཅན་དོན། རྡོ་རྗེ་

རྒྱལ་མཚན་ལེགས་བརྙེས་པ། །རིན་ཆེན་ཏོག་ནི་རྡོ་རྗེ་ཆེ། །རྡོ་རྗེ་ཁུ་ཚུར་ཁྱོད་ལ་འདུད། །རྡོ་རྗེ་ཞགས་པ་གད་རྒྱངས་ཆེ། །རྡོ་རྗེ་འཛུམ་ནི་རྨད་བྱུང་ཆེ། །དགའ་ཞིང་མགུ་བ་རྡོ་རྗེའི་མཆོག །རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ནི་སེམས་ཅན་དོན། །རྡོ་རྗེ་པདྨ་ལེགས་སྦྱོང་བ། །འཇིག་

རྟེན་དབང་ཕྱུག་རྡོ་རྗེ་ལེགས། །རྡོ་རྗེ་སྤྱན་ཉིད་ཁྱོད་ལ་འདུད། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་མཛོད་ནི་མཚོན་ཆ་ཆེ། །འཇམ་པའི་དཔལ་ནི་རྡོ་རྗེ་ཟབ། །རྡོ་རྗེ་བློ་གྲོས་ཁྱོད་ལ་འདུད། །རྡོ་རྗེའི་རྒྱུ་ནི་རྒྱན་ཆེན་ཏེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རྡོ་རྗེ་མཆོག་ནི་རབ་ཏུ་བསྐོར། །རྡོ་རྗེ་རྒྱན་ཉིད་ཁྱོད་

ལ་འདུད། །རྡོ་རྗེ་སྨྲ་བ་རིགས་ལེགས་མཆོག །རྡོ་རྗེ་རྒྱལ་བ་རིགས་ལེགས་བསྒྲུབ། །མི་སྨྲ་རྡོ་རྗེ་བློ་གྲོས་མཆོག །རྡོ་རྗེ་གསུང་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལས་ནི་རྡོ་རྗེ་མཆོག །རྡོ་རྗེའི་ལས་ནི་ལེགས་ལྡན་པ། །དོན་ཡོད་རྡོ་རྗེ་རྒྱ་ཆེན་པོ། །སྣ་ཚོགས་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་བསྲུང་བ་བརྩོན་འགྲུས་ཆེ། །

เล่ม ๖๒ · หน้า 285a

རྡོ་རྗེའི་ཆོས་ནི་བརྟན་པ་ཆེ། །ཐུབ་པར་དཀའ་བའི་བརྩོན་འགྲུས་མཆོག །རྡོ་རྗེ་བརྩོན་འགྲུས་ཁྱོད་ལ་འདུད། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེའི་མཆེ་བ་མཚོན་ཆ་ཆེ། །བདུད་རྣམས་འདུལ་བྱེད་རྡོ་རྗེ་མཆོག །རྡོ་རྗེ་གཏུམ་པོ་ཁྱོད་ལ་འདུད། །རྡོ་རྗེ་མཚམས་ནི་ཉེ་

བར་བསྙེན། །རྡོ་རྗེ་འཆིང་བ་རབ་སྒྲོལ་བ། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །རྡོ་རྗེ་ཁུ་ཚུར་ཁྱོད་ལ་འདུད། །ཅེས་པའི་བསྟོད་པ་ཉེ་བར་བསྡུས་པས་དྲིལ་བུ་དཀྲོལ་བར་བྱའོ་ཞེས་པ་ནི་ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།དེ་ནས་འཆད་པར་གྱུར་པའི་རིམ་པས་གཏོར་མ་དང་

བདུད་རྩི་མྱང་བ་ཡང་བྱའོ། །ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་དྲིལ་བུ་དཀྲོལ་བར་བྱའོ། །ཕྱག་འཚལ་བ་བཞི་བྱས་ནས་བཟོད་པར་གསོལ་ཏོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་།

རྡོ་རྗེ་རིན་ཆེན་དང་། ཆོས་དང་རྡོ་རྗེ་ལས་རྣམས་ཀྱིས་གནས་ཉིད་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་གཙུག་ཏོར་གྱི་གནས་ལ། དེ་ལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཞེངས་ནས་ཕྱག་རྒྱ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱའོ། །ཨོཾ་བཛྲ་རཏྣཱ་བྷི་ཥིཉྩ་ཞེས་སོ། །དེའི་རྗེས་ལ་

སྔོན་མ་བཞིན་དུ་གོ་ཆ་བྱའོ། །ཨོཾ་སརྦ་མུ་དྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ། མཐའ་ལ་མཉམ་པ་ཉིད་ཀྱི་ཀུན་གཞི་མཉེས་པར་བྱའོ་ཞེས་པས་མངོན་པར་འདོད་པའི་དོན་བསྒྲུབས་ཏེ་ཡོངས་སུ་བསྡུ་བ་བྱ་སྟེ། གང་ཞིག་བདག་གི་ཆོ་ག་ཆད་པར་བྱས་པ་དེ་ཐམས་ཅད་བཟོད་པར་གསོལ་བར་བྱའོ། །

མཆོད་ཡོན་ཕུལ་ནས་བསྐུལ་ཞིང་གཤེགས་སུ་གསོལ་བར་བྱའོ། །གང་དང་གང་ལས་ཡང་དག་པར་བྱུང་བའི་ཕྱག་རྒྱས་དེ་བཞིན་དུ་དེ་དང་དེ་ལས་གྲོལ་བར་བྱའོ། །སེམས་དཔའ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱས་གྲོལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་

པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པ་ཉིད་དུ་ཞུ། །ཨོཾ་བཛྲ་སཏྭ་མུཿ། ཨོཾ་བཛྲ་མུཿ། དེ་ཉིད་ཀྱིས་ཐམས་ཅད་གཤེགས་སུ་གསོལ་བར་བྱའོ། །ཇི་ལྟ་བ་བཞིན་སྤྲུལ་གྱུར་པའི། །འཁོར་བཅས་དཀྱིལ་འཁོར་འདུས་པ་རྣམས། །

เล่ม ๖๒ · หน้า 285b

དེ་བཞིན་ཡིད་ཀྱིས་ལེགས་སྦྱོར་བས། །རང་གི་ལུས་ལ་རབ་ཏུ་གཞུག །རྡོ་རྗེ་གནོད་སྦྱིན་སྲུང་བ་དང་། །རྡོ་རྗེ་མཚམས་དང་བཅས་པ་ཡི། །ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་། །བདག་ཉིད་ཀྱང་ནི་ཡང་དག་བསྲུང་། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་རཀྵ་ཧཱུཾ། ཨོཾ་བཛྲ་སནྡྷི་བཾ། ཨོཾ་བཛྲ་

སཏྭ་ཧཱུཾ། ས་གནོན་གྱི་ཕྱག་རྒྱ་བྱས་ནས། ཨོཾ་ཨ་ཀཱ་རོ་མུ་ཁ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ། ཞེས་པ་འདིས་དཀྱིལ་འཁོར་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བཞེངས་ཏེ་བྱ་བ་ཐམས་ཅད་བྱ་ཞིང་བྱ་བའི་རྗེས་སུ་བར་བར་ན་ལྷའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་

བྱའོ། །རྡོ་རྗེ་སེམས་དཔའ་སྦྱོར་བའི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ་འདི་ནི་ལྷའི་རྣལ་འབྱོར་རོ། །དེ་ནས་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་གྱི་ས་གཞི་ལ་མངོན་པར་གཏོར་ཏེ། ཨོཾ་བྷུ་ཁཾ་ཞེས་བརྗོད་ནས་ནམ་མཁར་འདེགས་པར་བྱའོ། །དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་

དུ་རྣམ་པར་བསྒོམ་པར་བྱ་སྟེ། ཨོཾ་མེ་དི་ནཱི་བཛྲཱི་བྷཱ་ཝ་བནྡྷ་ཧཱུཾ་ཞེས་པ་འདིས་སོ། །ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་འདིས་ཀྱང་ངོ་། །ཨོཾ་ཨཱཿཧཱུཾ། ཤོ་དྷ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་འདིའི་སྔགས་ཀྱིས་ཀྱང་ལག་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་པས་ནང་གི་བདག་ཉིད་དང་པོ་སྦྱང་བར་བྱའོ། །

དེ་ནས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ནས་བདག་ཉིད་རབ་ཏུ་དགའ་བར་བྱ་སྟེ། དེ་རིང་བདག་ཚེ་འབྲས་བུར་བཅས། །བདག་ཉིད་གསོན་པའང་འབྲས་བུར་བཅས། །སངས་རྒྱས་ཀུན་གྱི་དམ་ཚིག་མཚུངས། །བདག་ནི་ཐེ་ཚོམ་མི་ཟ་བར། །ཕྱིར་མི་ལྡོག་པར་བདག་འགྱུར་ཏེ། །བྱང་

ཆུབ་སེམས་དཔར་སེམས་གཅིག་ཉིད། །བདག་ནི་ཐེ་ཚོམ་མི་ཟ་བར། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས། །བདག་ནི་མཆོག་ཏུ་དགའ་བ་ཉིད། །བདག་མཆོད་དེ་རིང་བླ་ན་མེད། །དེ་རིང་འདུས་པར་བདག་མཆོག་ཏུ། །སངས་རྒྱས་ཐམས་ཅད་མགྲོན་དུ་གཉེར། །ཡན་ལག་ཐམས་

ཅད་ཀྱིས་ཕྱག་འཚལ་ནས་ཧཱུཾ་ལས་ལྕེ་རྡོ་རྗེར་བྱས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། མ་ལུས་ཕྱོགས་རྣམས་ཡང་དག་བཞུགས། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་མོ། །འདིར་ནི་དཀྱིལ་འཁོར་བདག་འདྲི་བས། །སངས་

เล่ม ๖๒ · หน้า 286a

རྒྱས་ཐམས་ཅད་གཤེགས་སུ་གསོལ། །བདག་ལ་འདིར་ནི་དངོས་གྲུབ་སྩོལ། །དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་ཤར་ཕྱོགས་ལ་སོགས་པར་གནས་པའི་སློབ་མ་རྣམས་ཀྱིས། རང་རང་གི་འཁོར་ལོས་སྒྱུར་

བའི་རྣལ་འབྱོར་དང་ལྡན་པས་ཇི་ལྟར་འོས་པའི་རྡོ་རྗེ་དང་དྲིལ་བུ་བཟུང་ནས། སློབ་མ་གཅིག་གིས་ཀྱང་དེ་དང་དེར་སོང་ནས་གསོལ་བ་གདབ་པར་བྱའོ། །སརྦ་ཏ་ཐཱ་ག་ཏ་ཤཱནྟིཾ་སརྦ་ཏཱ་ཐཱ་ག་ཏཱ་ལ་ཡཾ། སརྦ་དྷརྨཱ་གྲ་ནཻ་རཱཏྨྱ་དེ་ཤ་མཎྜ་ལ་མུཏྟ་མཾ། སརྦ་ལཀྵ་ཎ་སཾ་པཱུརྞ་སརྦ་ལཀྵ་ཎ་པ་རཱ་ཛི་ཏཾ། ས་མནྟ་

བྷ་དྲ་ཀཱ་ཡཱ་གྲ་བྷཱ་ཥ་མཎྜ་ལ་མུཏྟ་མཾ། ཤཱནྟ་དྷརྨྨཱ་གྲ་སཾ་བྷཱུ་ཏཾ་ཛྙཱ་ན་ཙརྱ་བི་ཤོ་དྷ་ཀཾ། ས་མནྟ་བྷ་དྲ་བཱ་ཙཱ་གྲ་བྷཱ་ཥ་མཎྜ་ལ་མུཏྟ་མཾ། སརྦ་སཏྭ་མ་ཧཱ་ཙི་ཏྟཾ་ཤུདྡྷཱཾ་པྲ་ཀྲྀ་ཏི་ནིརྨ་ལཾ། ས་མནྟ་བྷ་དྲ་ཙིཏྟཱ་གྲ་གྷོ་ཥ་མཎྜ་ལ་ཤ་ར་ཐེ་ཞེས་པའི་ཚིགས་སུ་བཅད་པ་བཞི་པོ་རྣམས་ཀྱིས་དཀྱིལ་འཁོར་བྲི་བ་ནི་གསོལ་བ་

གདབ་པར་བྱའོ། །ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་ནས། གསུམ་གྱིས་རྒྱས་པར་བཤད་པར་བྱའོ། །མཎྜ་ལཾ་དེ་ཤ་དང་བྷཱ་ཥ་དང་གྷོ་ཥ་ཞེས་པས་བཤད་དུ་གསོལ་ཞེས་པའི་དོན་ཏོ།། །།དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོ་བ་ལ་སོགས་པའི་དཀྱིལ་

འཁོར་བསྒོམ་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་ནས་རྩེ་མོ་སྦྱར་ཏེ་ཁ་འོག་ཏུ་བསྟན་ནས་གཟུང་བར་བྱའོ། །ཧཱུཾ་བཛྲོ་ཏྟིཥྛ་ཞེས་བརྗོད་ནས་ནམ་མཁའ་ལ་ཡང་དག་པར་འདེགས་པར་བྱའོ། །དེའི་རྗེས་ལ་ཡོལ་བའི་ནང་དུ་འདུག་ནས་འཁོར་ལོས་སྒྱུར་བའི་

ཚུལ་དུ་བཟུང་ལ། གོས་ལ་སོགས་པས་བརྒྱན་ཏེ། རྐང་པ་མཉམ་པོར་གནས་ནས་ཡོལ་བ་བསལ་ཏེ། རིམ་པ་བཞིན་དུ་དབུ་རྒྱན་དང་། དཔྲལ་བ་དང་། ཀོ་སྐོ་དང་། མགྲིན་པ་དང་། འཕྲག་པ་དང་། ལག་པ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། པུས་མོ་དང་། རྐང་པ་

རྣམས་ལ་བརྟེན་ནས། ས་རབ་ཏུ་དགའ་བ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཞེས་མཚོན་པ་ལ་སོགས་པའི་རྡོ་རྗེ་ཅན་གྱིས་ངེས་པར་སྤྲོས་ཏེ། དེ་ནས་སྤྱི་བོར་མེ་ཏོག་གི་སྙིམ་པས། ཨོཾ་ཕྲ་ཎ་མཱ་མི་སརྦ་ཏ་ཐཱ་ག་ཏོ་མི་ཞེས་པས་ཕྱག་བྱའོ། །དེ་ནས་སྙིང་གར་ཐལ་མོ་སྦྱར་ནས། ཨོཾ་སརྦ་ཏ་

เล่ม ๖๒ · หน้า 286b

ཐཱ་ག་ཏེ་བྷྱཿ ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་ཞེས་པས་བདག་ཉིད་དབུལ་བར་བྱའོ། །ཡ་བནྡྷཿསརྦ་ས་ཧྲཿསཏྭ་ས་གྲཾ་ཧེ་ཎ་སཾ་གྲ་ཧ་ནིཿཨཎྜ་ཛཱ་ལ་བཛྲར་ཡུ་ཛཱ་པ་སཾ་སྭེ་ད་ཛཱ་པཱ། ཨོཾ་པཱ་པ་དུ་ཀ་བ་རུ་པ་ཎ་བ་ཨ་རུ་བི་ནི་བེ་སཾ་ཛྙི་ཎོ་བཱ་སརྦེ་སཏྭ་མ་ཡཱ་མ་ཧཱ་མུ་དྲ་པ་དེ་པྲ་ཏིཥྛ་པ་ཡི་ཏ་བྱ། ཞེས་པའི་སྨོན་ལམ་

བཏབ་བོ། །མ་རིག་པའི་མུན་པར་ཡོངས་སུ་ལྷུང་བའི་བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ལ་མངོན་པར་བལྟས་ཏེ་བདུད་རྣམས་བསྐྲད་པར་བྱའོ། །སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་ཁྲོ་བོའི་དབང་ལས་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ་བསྙེན་པ་དང་

བཅས་པའི་ཐུགས་ལ་སོགས་པས། མ་ཀ་རེ་ཎ་སུ་རྱེ་ཀི་ཏ་ས་བྱ་ནེ་ཏྲཾ། ཊ་ཀཱ་རེ་ཎ་ཙ་ནྟྲཱི་ཀྲྀ་ཏ་པ་མ་ནེ་ཏྲེཿ ཨོཾ་ཀྲོ་དྷི་དྲིཥྚི་ཧྲིཿཞེས་པ་དང་། ཧཱུཾ་གི་ཡི་གེས་མིག་གི་འབྲས་བུ་གཉིས་བསྐལ་པའི་མཐའ་མའི་མེ་བཞིན་དུ་བྱས་ནས་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་འགྲོ་བ་རྣམས་བལྟས་ནས།

ང་རྒྱལ་ཀྱང་བསྐྱེད་པར་བྱའོ། །ཨ་ཧཾ་མེ་བ་སྭ་ཡཾ་བཛྲ་བཛྲ་པྲ་ཏྲ་མྱ་ཧཾ་སཾ་ཡཾ། ཨ་ཧཾ་བུདྡྷོ་མ་ཧཱ་རཱ་ཛ་ཨ་ཧཾ། བཛྲི་མ་ཧཱ་བ་ལཱ། ཨ་ཧཾ་ཡོ་གཱི་ཤྭ་རི་རཱ་ཛ་བཛྲ་པཱ་ཎི་ར་ཧཾ་དྲི་དྷཾ་ཞེས་སོ། །འགྱིང་བཅས་མཆོག་ཏུ་སྒིག་པ་ཡིས། །རྡོ་རྗེ་གསོར་བ་མཆོག་དེ་ལ། །དབང་ལྡན་ཕྱོགས་ནས་བརྩམས་ནས་

ནི། །ང་རྒྱལ་གྱིས་ནི་ཡོངས་སུ་བཅག །དེ་བཞིན་དུ་སྒྲུབ་པ་པོ་ཕྱི་མ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཅག་པར་བྱའོ། །འོན་ཀྱང་ཤར་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས། ཧཱུཾ་གི་ཡི་གེ་ལས་རྐང་པའི་མཐིལ་དུ་རྡོ་རྗེ་རྩེ་གཅིག་པའི་རྐང་པར་བསམས་ཏེ། རྐང་པ་གཡས་པས་

རྒྱབ་དང་མདུན་དུ་ས་གཞི་ལ་རྣམ་པར་བྱའོ། །དེ་བཞིན་དུ་རྐང་པ་གཡོན་པས་བརྐྱང་ངོ་། །ཨོཾ་ཨེ་ཤ་སུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་སརྦ་དུཥྚ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་པ་ས་རནྟུ་བྷ་བནྟོ། ཡེ་ཀེ་ཙི་ཏ་དེ་བ་སུ་ར་ན་ཡཀྵ་རཱཀྵ་ས་པྲེ་ཏ་པི་ཤཱ་ཙ། ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནཱི་ཨོསྟ་ར་ཀ །མ་ཧཱ་ལ་ལི་

ཀཱ། ཨ་ནུ་ཙ་ར་པ་རི་ཤ་ཏ། ག་རུ་ཌ། ཀིཾ་པུ་རུ་ཥ། མནྟྲ་སིདྡྷ། ཨ་ཏྲ་པྲྀ་ཐྭཱི་དེ་ཤེ། ཨ་མུ་ཀེ་ན་མ་ཡཱ། ཨ་མུ་ཀ་སྱ་དཱ་ན་པ་ཏེ། ར་བྷེ་སཾ་བོ་དྷ་པ་རི་པཱུརྞཱརྠ་སརྦ་སཏྭཱ་ནུཏྟ་ར་ཛྙཱ་ན་ལབྡྷ་ཧེ་ཏོཿ ཤྲཱི་ཨ་མུ་ཀ་མཎྜ་ལ་མ་ལེ་ཁི་ཏ་བྱཾ། ཏི་ད་དཾ་མ་ཧཱ་བཛྲ་དྷ་ར་ར་ཛྙཱ་ཤྲུ་ཏྲ་ཤཱི་གྷྲཾ་མེ་བྷ་བ་ཀྲ་མ་ཐ། ཡོ་

เล่ม ๖๒ · หน้า 287a

ནཱ་པ་ཀྲ་མ་ཏི། ཏ་སྱཱ་ཧཾ་ནེ་ན་པྲ་ཛྭ་ལ་ཏེ་ན་ཧཱུཾ་ཀ་རེ་ཎ། དི་དྷེ་ན་མ་ཧཱ་ཏཱ་ཛྙཱ་ན་བཛྲེ་ཎ་མཱུརྡྷཱ་ནཱཾ། ཤ་ཏ་བི་ཀཱི་ར་མི། ཞེས་བརྗོད་པས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ནས་བགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་

སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས་རྐང་པའི་མཐིལ་དུ་ཧཱུཾ་ཡིག་ལས་རྡོ་རྗེ་རྩེ་གསུམ་པ་བསམས་ལ་ས་གཞི་ལ་ཡང་རྣམ་པར་བྱ་ཞིང་སྔགས་བརྗོད་པས་ཡོངས་སུ་བཅག་པར་བྱའོ། །སྔགས་ནི། ཨོཾ་ཏྲི་སུ་ཙི་ཀ །བཛྲ་

པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་སརྦ་དུཥྚ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་པ་ས་རནྟུ་བྷ་བནྟོ། ཡེ་ཀེ་ཙི་ཏ་སྠཱ་ན་བཱ་པི་ནཿནཱ་ག་ཡཀྵ་གནྡྷརྦ་བྷཱུ་ཏི་ནི་ཌཱ་ཀི་ནཱི། སཏྭ་ཨརྠ་ཀྲི་ཡ་ཨ་རཾ་བྷེ་གཙྪ་ཏྭ་ཤྲཱི་ག་མེ་བ་ཏུ། ཤྲཱི་ཎཱནྟུ་པརྦ་བི་གྷྣཽ་གྷཱཿ ཀཱ་ཡ་བཱ་ཀ་ཙིཏྟ་སཾ་སྠ་ཏྭ། ཨ་ཧཾ་བཛྲ་དྷ་རེ། ཤཱི་མཱན་ཨཱ་ཛཱ་ཙཀྲ་པྲ་ཡོ་ཛ་ཀ་

བཛྲ་ཎ་ཨ་དཱིཔྟ་བ་པཱུ་ཥ་ཨསྥ་ཡ་མི་ཏྲི་ཀཱ་ཡ་ཛ་ན། ལཾ་གྷ་ཡེ་ཏ་ཡ་དི་དཾ་ཀཤྩི་ཏ་མེ་བི་ཤཱརྱ་ཏེ་ནཱ་ཏྲ་ཤ་ཤ་ཡཿཞེས་བརྗོད་ནས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་

དུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས་རྐང་པའི་མཐིལ་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ས་གཞི་ལ་ཡང་རྣམ་པར་བྱ་ཞིང་སྔགས་བརྗོད་པས་ཡོངས་སུ་བཅག་པར་བྱའོ། །ཨོཾ་པཉྩ་སུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཾ་ཛ་

སརྦ་དུཥྚ་ཨ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་པས་རནྟུ་བྷ་བནྟོ། །ཡེ་ཀེ་ཙི་ཏ་དེ་བ་ཨ་སུ་ར་ནཱ་ག་ཡཀྵ་མ་ཧོ་རཱ་གརྱ་པསྨ་ར་བྷཱུ་ཏ་བྷུ་དྷི་ནྱཿ བི་ཤཱ་ཙ་གུ་ཧྱ་གནྡྷརྦ་ཀིནྣ་རཽ་སྟ་ར་ཀ་ཀ་ཊ་པཱུ་ཏ་ན་ས་ནུ་ཙ་མ་ཧ་ན་ལི་ཀ་མ་ཧ་ལ་མི་ཀ་ཙ། ཨ་ནྱེ་པི་ཡེ་ཀེ་ཙི་ཏ་པྲྀ་ཐི་བཱི་ཏ་ལེ། ཨསྨིནྣི་བ་ས་ན་ཏོ་བྷ་བནྟ། ཤྲི་

ཎཱནྟུ། ཨ་ཧ་མ་མུ་ཀ་ནཱ་མ་ཙཱརྱཿ། ཨ་མུ་ཀ་ནཱ་མ་ནཱཾ་མཎྜ་ལརྨ་ཡི་ཤྱཱ་མི། ཨ་མུ་ཀ་ཤི་ཥྱ་སྱཱ་བྷི་སཾ་བོ་དྷི་པ་རི་པཱུ་ར་ཎཱ་རྠཾ། ཨ་ཏོ་སྨཱ་ན་མཱ་མ་ཛྙཱ་ཤྲུ་ཏ་ཤཱི་གྷྲ་མེ་བྷ་པྲ་ཀྲ་མི་ཏ་བྱཾ། ཡོ་ན་པྲ་ཀྲ་མེཏྟ་སྱ་བཛྲ་པཱ་ཎི་ར་ཛྭ་ལི་ཏ་ཀི་ར་ཎ་བཛྲ་ཎ་མུརྡྷི་ཤ་ཏ་བི་ཀེ་རེ་ཏ། ཞེས་བརྗོད་ནས་ཁྲོ་བོ་དཔག་ཏུ་

เล่ม ๖๒ · หน้า 287b

མེད་པ་སྤྲོས་ཏེ་བགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱས་པའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་བྱང་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས་རྐང་པའི་མཐིལ་དུ་ཨཱཿཡིག་ལས་སྐྱེས་པའི་

སྣ་ཚོགས་རྡོ་རྗེ་བསམས་ལ་ས་གཞི་ལ་ཡོངས་སུ་བསྐོར་ཞིང་རྐང་པ་གཡས་པས་གཡས་ཕྱོགས་དང་མདུན་དུ་རྣམ་པར་བྱ་ཞིང་རྐང་པ་གཡོན་པས་རྒྱབ་དང་གཡོན་ཕྱོགས་སུ་རྣམ་པར་བྱས་ནས་གར་གྱི་སྦྱོར་བས་བསྐོར་བར་བྱ་སྟེ། སྔགས་བརྗོད་པས་ཡོངས་སུ་བཅག་པར་བྱའོ། །ཨོཾ་བི་

ཤྭ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷཱ་བྷཾ་ཛ་སརྦ་དུཥྚ་ཨ་སུ་ར་ཎ་ཧཱུཾ་ཕཊ། ཨ་པ་ས་རནྟུ་མ་ཧཱ་བིགྷྣ་ཡེ་ཀེ་ཙི་ཏ་ཀ་ཊ་པཱུ་ཏ་ནཱ། མ་ཧཱ་སུ་ཁ་ཛྙཱ་ན་སཾ་བྷཱུ་ཏཾ་བཛྲ་པ་ཏྲ་སྭ་བྷཱ་བ་ཛཱཿ ཨ་ཧཾ་ཀ་ར་ཎཱ་བ་ལཿ ཤྲཱི་མཱན་རཀྵ་ཙཀྲ་པ་ཡོ་ཛ་ཀཿ བཛྲེ་ཎཱ་དཱི་པཱ། བ་པཱུ་ཥཱ་སྥཱ་ཡ་མི་ཀྲི་ཀཱ་ཡ་ཛཱ་ན། ལཾ་གྷ་ཡེ་ཏ་ཡ་དི་དཾ་ཀཤྩི་

ཏ་མེ་བི་ཤྲཱི་ཧྱེད་ཨ་ཏྲ་ན་ནྱ་ཐ། ཞེས་བརྗོད་ནས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །འདིར་ཡང་ཆགས་པའི་དུས་སུ་སྒོ་

སོ་སོར་བདག་ཉིད་ཀྱི་གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་དབུས་སུ་རྡོ་རྗེ་རབ་ཏུ་གཞུག་པར་བྱའོ། །བདག་ཉིད་ཀྱི་དྲིལ་བུ་ལ་རྡོ་རྗེ་ཡང་ངོ་། །ཨོཾ་ཁ་བཛྲ་དྷྲྀ་ཀ་བཛྲ་ཧཱུཾ་ཕཊ།། །།ད་ནི་རྐང་སྟབས་བསྒྲུབ་པ་བརྗོད་པར་བྱ་སྟེ། དེ་ལ་སློབ་དཔོན་གཙོ་བོས་རྡོ་རྗེའི་གར་སྔོན་དུ་འགྲོ་བས་ཤར་ལ་

སོགས་པའི་ཕྱོགས་སུ་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོའི་ང་རྒྱལ་གྱིས་ཧཱུཾ་ཡིག་གིས་གདངས་བརྗོད་ནས། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་ལྡན་པས་བྱིན་པ་གཡོན་བསྐུམ་སྟེ་བྱིན་པ་གཡས་པ་མཐོ་ལྔའི་བར་དུ་རབ་ཏུ་བརྐྱང་སྟེ་སྔགས་ཀྱང་བརྗོད་པ་ནི་གཡས་བརྐྱང་ཞེས་བྱ་བ་ནི་གནས་སུ་འགྱུར་རོ། །

ཨོཾ་ཨཱ་ལཱི་ཊ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྚ་དེ་བ་དི་མཱ་རཱ་ན་ཧཱུཾ་ཕཊ། དེ་བཞིན་དུ་གཤིན་རྗེར་རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས་དེའི་ཕྱག་རྒྱ་དང་ལྡན་པས་བྱིན་པ་གཡས་བསྐུམ་སྟེ་བྱིན་པ་གཡོན་མཐོ་ལྔའི་བར་དུ་རབ་ཏུ་བརྐྱང་སྟེ་ཧཱུཾ་ཡིག་གིས་གདངས་བརྗོད་ནས་རབ་

เล่ม ๖๒ · หน้า 288a

ཏུ་བརྐྱང་བར་བྱ་སྟེ། གཡོན་བརྐྱང་ཞེས་བྱ་བའི་གནས་སུ་འགྱུར་རོ། །ཨོཾ་པྲ་ཏྱ་ལཱི་ཊ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུརྞ་བི་གྷུརྞ་ཡ་སརྦ་དུཥྚ་ཡ་མཱ་ཏི་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་ཆུ་བདག་ཏུ་རྡོ་རྗེ་རྒྱས་པའི་ང་རྒྱལ་གྱིས་པུས་མོ་གཉིས་སོར་ཉི་ཤུ་རྩ་དྲུག་གི་བར་དུ་ཕྲེང་བ་གཤོག་

པ་ལྟར་གཉིས་པོ་ཡང་དག་པར་བཀོད་ནས་རྡོ་རྗེ་གསོར་བར་བྱའོ། །ས་གའི་རྐང་སྟབས་ཞེས་བྱ་བའི་གནས་སུ་འགྱུར་རོ། །སྔགས་ནི་ཨོཾ་བེ་ཤ་ཥ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྚ་ནཱ་གཱ་དི་མ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་ལུས་ངན་དུ་རྡོ་རྗེ་འབེབས་པའི་ང་རྒྱལ་གྱིས་བྱིན་པ་

གཉིས་ཀུན་ནས་བཀུག་སྟེ་པུས་མོ་གཉིས་ངང་པའི་གཤོག་པ་ལྟར་སྨད་ནས་དྲིལ་བུ་དཀྲོལ་ཞིང་ཡོངས་སུ་བསྐོར་བར་བྱའོ། །ཟླུམ་པོ་ཞེས་བྱ་བའི་རྐང་སྟབས་ཀྱི་གནས་སུ་འགྱུར་རོ། །སྔགས་ནི་ཨོཾ་མཎྜ་ལ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྚ་ཡཀྵཱ་དི་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་དབུས་

སུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཕྱག་རྒྱ་ཆེན་པོ་བཅིངས་ནས། རྐང་པ་གཉིས་མཐེ་བོང་དང་ལོང་བུ་སྦྱར་ནས་དྲང་པོར་བྱས་ཏེ། ལག་པ་གཉིས་སྙིང་གར་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱའོ། །མཉམ་པོའི་རྐང་སྟབས་ཞེས་བྱ་བའི་གནས་སུ་འགྱུར་རོ། །སྔགས་

ནི། ཨོཾ་ས་མ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྚ་ཏྲཻ་དྷཱ་ཏུ་ཀཱ་བ་སྠི་ཏི་སརྦ་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་འོག་ཏུ་རྡོ་རྗེ་ས་འོག་གི་ང་རྒྱལ་གྱིས་འོག་ཏུ་བཅིང་བར་བྱ་སྟེ། རྡོ་རྗེ་བཅིང་བའི་ཕྱག་རྒྱ་དང་ལྡན་པས་རྐང་པ་གཡས་པས་གཡོན་པ་མནན་པ་ནི་རུས་སྦལ་གྱི་རྐང་སྟབས་ཞེས་བྱ་བའི་

གནས་སུ་འགྱུར་རོ། །སྔགས་ནི། ཨོཾ་ཀུརྨ་པཱ་དཱ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀྲ་མ་ཡ་ཀྲ་མ་ཡ་སརྦ་པཱ་ཏཱ་ལ་པཱ་སི་བྱཱ་དི་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ང་རྒྱལ་གྱིས་སྤྱི་བོར་ཐལ་མོ་སྦྱར་ནས་རྐང་པ་གཡོན་སོར་བཞག་ནས་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དུ་

ཡོངས་སུ་བསྐོར་བར་བྱའོ། །རྐང་གཅིག་གི་རྐང་སྟབས་ཞེས་བྱ་བའི་གནས་སུ་འགྱུར་རོ། །ཨོཾ་ཨེ་ཀ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷཱ་ཀཪྵ་ཡ་སརྦ་དུཥྚ་ཨིནྡ་རིཀྵ་ཙ་རཱ་དི་མཱ་རཱན་ཧཱུཾ་ཕཊ། གཡས་བརྐྱང་ལ་སོགས་པའི་རྐང་སྟབས་བདུན་པོ་འདི་རྣམས་སྒྲུབ་པ་པོ་ཕྱི་མ་བཞི་པོ་རྣམས་ཀྱིས་ཀྱང་བྱའོ། །དེ་ནས་

เล่ม ๖๒ · หน้า 288b

རྡོ་རྗེའི་གར་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཡང་གསོར་བར་བྱའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་དང་པོ་དང་རྩེ་མོ་ཅན་དང་ལྷོ་དང་མཚན་མོ་སྤྱོད་པ་དང་ཀླུ་དང་རླུང་དང་གནོད་སྦྱིན་དང་འོག་དང་སྟེང་གི་ཕྱོགས་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་སོ་སོ་རང་རང་གི་ཚུལ་བཞི་བཅུ་རྩ་གཉིས་

བྱའོ། །དེ་ལ་གཡས་བརྐྱང་ལ་ཚུལ་བཅུ་གཅིག་སྟེ། སེང་གེའི་རྐང་སྟབས་དང་། སེང་གེའི་གཡས་དང་། རྡོ་རྗེ་ཐོ་བ་དང་། བུད་མེད་སྒྱུ་མ་བྱེད་པ་དང་། རྡོ་རྗེ་རྒྱས་པ་དང་། རྡོ་རྗེ་མཆེ་བ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། མདུང་དང་། འུར་རྡོ་དང་། གཞུའི་ཚུལ་རྣམས་སོ། །གཡོན་

བརྐྱང་ལ་ཚུལ་བཅུ་སྟེ། རྡོ་རྗེ་འཕེན་པ་དང་། རྡོ་རྗེ་འཇིགས་བྱེད་དང་། སྟོབས་པོ་ཆེ་འགུགས་པ་དང་། རྡོ་རྗེ་བཞད་པ་དང་། རྡོ་རྗེ་ཚུལ་དང་། རྡོ་རྗེ་ཞགས་པ་དང་། དབྱུག་པ་དང་། མདུང་དང་མཚོན་རྩེ་གཅིག་པ་དང་། མདའ་འཕེན་པའི་ཚུལ་རྣམས་སོ། །ས་གའི་རྐང་སྟབས་ལ་ཚུལ་དྲུག་སྟེ། རྡོ་རྗེ་

འགུགས་པ་དང་། རྡོ་རྗེ་སྒེག་པ་དང་། མི་འཇིགས་པ་དང་། འབྲས་བུ་དང་། མཆོད་སྦྱིན་དང་། ཕྱག་འཚལ་བའི་ཚུལ་རྣམས་སོ། །ཟླུམ་པོའི་རྐང་སྟབས་ལ་ཚུལ་བདུན་ཏེ། རྡོ་རྗེ་གར་དང་། ཞལ་བཞི་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་འཁྱིལ་བ་དང་། རྡོ་རྗེ་དྲིལ་བུའི་སྒྲ་དང་། འཁོར་ལོ་དང་། པདྨ་

དང་། མདའ་འདྲེན་པའི་ཚུལ་རྣམས་སོ། །མཉམ་པའི་རྐང་སྟབས་ལ་ཚུལ་ལྔ་སྟེ། རྡོ་རྗེ་རྒྱས་པ་དང་། རྡོ་རྗེ་སྟོབས་བསྐྱེད་པ་དང་། རྡོ་རྗེ་རོ་ལངས་དང་། གཏུན་ཤིང་དང་། བ་དན་རྣམས་སོ། །རུས་སྦལ་གྱི་རྐང་སྟབས་ཀྱིས་རྡོ་རྗེ་སེམས་དཔའི་མཆུའི་ཚུལ་ལོ། །རྐང་གཅིག་གི་སྟབས་ལ་

ཚུལ་གཉིས་ཏེ། སྙེམས་པ་གཉིས་དང་བུང་བའི་དྲ་བའོ། །དེ་ལ་རེ་རེ་ཞིང་སོ་སོར་རྣམ་པར་དབྱེ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། མཐེའུ་གཉིས་ལྕགས་སྒྲོག་གི་རྣམ་པར་ཡང་དག་པར་སྦྱར་ཏེ། མཛུབ་མོ་གཉིས་རྩེ་མོར་བྱས་ནས་ཕྱིར་བཟློག་སྟེ་གདོང་གི་མདུན་དུ་གཟུང་བར་

བྱའོ། །ལག་པ་དང་རྐང་པ་དག་རུས་སྦལ་གྱི་ཚུལ་དུ་བྱའོ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་མཆུའི་ཚུལ་ལོ། །རྡོ་རྗེ་སེམས་དཔའི་ཁྲོ་བོའི་ང་རྒྱལ་བྱའོ། །སྔགས་ནི། ཨོཾ་བཛྲ་ཏུཎྜ་ཨ་བྷི་ནཱ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀྲ་མ་ཡ་ཀྲ་མ་ཡ་སརྦ་བི་གྷུརྞ་ཧཱུཾ་ཕཊ། བརྟན་པ་དང་གཡོ་བའི་རང་བཞིན་གྱི་དངོས་

เล่ม ๖๒ · หน้า 289a

པོ་ཐམས་ཅད་ཀྱི་ནད་ཐམས་ཅད་དང་ལྷ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཀྱི་དོན་ཉིད་དུ་རྡོ་རྗེ་སེམས་དཔའི་ཚུལ་ལོ། །ས་གའི་རྐང་སྟབས་ཀྱིས་མི་བསྐྱོད་པའི་ང་རྒྱལ་གྱིས་ཀླུ་བཅིངས་ཏེ། གཡས་པས་སྙིང་གར་འགུགས་པ་ནི་རྡོ་རྗེ་འགུགས་པའོ། །སྔགས་ནི། ཨོཾ་བཛྲ་

ཨཱ་ཀཪྵ་ཎཱ་བི་ནཱ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ་ཕཊ། ཕུང་པོའི་བདུད་རྣམ་པར་གཞོམ་པའི་ཕྱིར་རྡོ་རྗེ་འགུགས་པའོ། །སླར་ཡང་ས་གའི་རྐང་སྟབས་ཀྱིས་ལས་ཀྱི་ང་རྒྱལ་གྱིས། རྡོ་རྗེ་བཞིན་དུ་འགྱིངས་པ་དང་བཅས་པས་ཡོངས་སུ་བསྐོར་བར་བྱའོ། །

སྔགས་ནི། ཨོཾ་བཛྲ་བི་ལཱ་སཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ཧཱུཾ་ཕཊ། བདུད་ཀྱི་དགྲ་ཐམས་ཅད་རྨོངས་པར་བྱེད་པའི་ཕྱིར་རྡོ་རྗེ་སྒེག་པའོ། །རྐང་པ་གཅིག་གི་སྟབས་ཀྱིས་ཁྲོ་བོ་སྒེག་པའི་ང་རྒྱལ་གྱིས་ལག་པ་གཉིས་གར་བྱེད་ཅིང་པདྨའི་ཐལ་མོ་སྦྱར་ནས་

སོར་མོ་ཐམས་ཅད་ཀྱིས་རིགས་ངེས་པར་གྲོལ་བ་ནི་སྙེམས་པ་དང་སྒེག་པའི་ཚུལ་ལོ། །སྔགས་ནི། ཨོཾ་སརྦ་གརྦྷ་ཡ་བི་ནཱ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀཾ་པ་ཡ་སརྦ་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་འདེབས་པའི་ཕྱིར་སྙེམས་པ་གཉིས་སོ། །སླར་ཡང་རྐང་པ་

གཅིག་པའི་སྟབས་ཀྱིས་རྣམ་པར་སྣང་མཛད་ཆེན་པོའི་ང་རྒྱལ་གྱིས་སོར་མོ་ཐམས་ཅད་ངེས་པར་གྲོལ་བ་ལས་ལག་པ་གཉིས་ཀུན་དུ་རབ་ཏུ་བརྐྱང་སྟེ། གཡས་དང་གཡོན་དུ་བསྐོར་བར་བྱའོ། །སྔགས་ནི། ཨོཾ་བྷྲ་མ་རི་ཛཱ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་ཡ་བྷཉྫ་ཡ་སརྦ་ཏིརྠི་ཀཱན་

ཧཱུཾ་ཕཊ། བདུད་ཐམས་ཅད་ལས་རྣམ་པར་ཐར་པའི་ཕྱིར་བུང་བའི་དྲ་བའོ། །གཡས་བརྐྱང་གི་སྟབས་ཀྱིས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། རང་གི་ཁ་གདངས་ཤིང་ལག་པ་གཡོན་པ་གདོང་དུ་རབ་ཏུ་བརྐྱང་ནས་ལག་པ་གཡས་པ་རྒྱབ་ཀྱི་སྟེང་དུ་རབ་ཏུ་ཕྱར་བར་བྱའོ། །སྔགས་

ནི། ཨོཾ་སིཾ་ཧ་པཱ་དཱ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ་སརྦ་མ་ཧཱ་ལ་ལ་ཀ་མ་ཧཱ་ལ་ལི་ཀཱ་དཱི་ན་ཧཱུཾ་ཕཊ། གདུག་པ་ཅན་གྱི་བདུད་ཐམས་ཅད་རི་དྭགས་བཞིན་དུ་ཟ་བའི་ཕྱིར་སེང་གེའི་རྐང་སྟབས་སོ། །སླར་ཡང་གཡས་བརྐྱང་གི་སྟབས་ཀྱིས་འདོད་པའི་རྒྱལ་པོའི་ང་རྒྱལ་གྱིས་དེ་ལྟ་བུ་ཉིད་ཀྱི་ཚུལ་

เล่ม ๖๒ · หน้า 289b

གྱིས་ལྗགས་བསྐྱོད་པ་དང་བཅས་པས་རྒྱབ་ཀྱི་ཕྱོགས་ཐམས་ཅད་དུ་ཀུན་དུ་བལྟ་བར་བྱའོ། །སྔགས་ནི། ཨོཾ་སིཾ་ཧ་བཛྲིཾ་བཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏྲ་ས་ཡ་ཏྲ་ས་ཡ་སརྦ་མ་ཧཱ་ལ་ལ་ཀ་མ་ཧཱ་ལ་ལི་ཀཱ་དཱི་ན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཡེ་ཤེས་སེམས་དཔའ་བལྟ་

བའི་ཕྱིར། སེང་གེའི་གཡལ་འཛུམ་མོ། །མཉམ་པའི་རྐང་སྟབས་ཀྱིས་རྡོ་རྗེ་རྒྱས་པའི་ང་རྒྱལ་གྱིས། སྙིང་གར་རྡོ་རྗེ་རྒྱས་པར་བཅིང་བར་བྱའོ། །སྔགས་ནི་ཨོཾ་བཛྲ་སྥོ་ཊ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སྥོ་ཊ་ཡ་སརྦ་མཱ་རཱན་ཧཱུཾ་ཕཊ། གདུག་པ་ཅན་གྱི་བདུད་དགྲ་ཐམས་ཅད་ཀྱི་སྙིང་

བཀས་པའི་ཕྱིར་རྡོ་རྗེ་དགས་པའོ་ཞེས་པའི་ཚུལ་བརྒྱད་པོ་ནི་སློབ་དཔོན་གཙོ་བོ་ཡིན་ནོ། །མཉམ་པའི་རྐང་སྟབས་ཀྱིས། ཤེས་རབ་མཐར་བྱེད་ཀྱི་ང་རྒྱལ་གྱིས་ལག་པའི་འོག་ཏུ་རྡོ་རྗེ་ཡོངས་སུ་བསྐོར་བས་སྟེང་དུ་ཡོངས་སུ་བསྐོར་བར་བྱའོ། །སྔགས་ནི། ཨོཾ་བཛྲ་ཨུཏྤ་ལི་ཏཱ་

བྷི་ན་ཡ་མ་ཧཱ་ཀྲོ་དྷ་བནྡྷ་ཡ་བནྡྷ་ཡ་སརྦ་དུ་ཥྚན་ཧཱུཾ་ཕཊ། འདིས་རྡོ་རྗེ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རྡོ་རྗེ་སྟོབས་བསྐྱེད་པའོ། །གཡོན་བརྐྱང་གི་སྟབས་ཀྱིས་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་རྡོ་རྗེ་རྩེ་ལྔ་པས་འདོད་ཆགས་ཆེན་པོའི་ཆགས་པའི་མཚོན་འཕང་བར་བྱའོ། །སྔགས་ནི། ཨོཾ་

བཛྲ་ཀྵེ་པཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ཀྵེ་པ་ཡཨ་ཀྵེ་པ་ཡ་སརྦ་བྷཱུ་ཏཱན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེས་བགེགས་ཐམས་ཅད་འཇོམས་པའི་ཕྱིར་རྡོ་རྗེ་འཕེན་པའོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་གར་གྱི་ང་རྒྱལ་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཇི་ལྟ་བ་བཞིན་

ལས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཆན་འོག་གཡོན་དུ་བཀོད་ནས་ལག་པ་གཡོན་སྤྱི་བོའི་སྟེང་དུ་ཡང་དག་པར་གཟུང་བར་བྱའོ། །ཡང་དེ་བཟློག་པས་སོ། །སྔགས་ནི། ཨོཾ་བཛྲ་ནརྟནཱ་བྷི་ན་ཡཾ་བཛྲ་མ་ཧཱ་ཀྲོ་དྷ་པཱ་ད་ཡ་སརྦ་ན་གཱ་ན་ཧཱུཾ་ཕཊ། ལྷ་ཐམས་ཅད་རྣམ་པར་འདུལ་བའི་ཕྱིར་རྡོ་རྗེའི་

གར་རོ། །གཡོན་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་གདོང་གི་སྟེང་དང་འོག་ཏུ་ལག་པ་གཉིས་རབ་ཏུ་བརྐྱང་སྟེ། སྣ་ཕུག་རྗེས་ནས་འགྲམ་པ་དང་མིག་རྣམས་རབ་ཏུ་འཇིག་པར་བྱའོ། །སྔགས་ནི། ཨོཾ་བཛྲ་བྷཻ་ར་བྷཱི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཤོ་དྷ་ཡ་ཤོ་དྷ་ཡ་སརྦ་ཏྲཻ་

เล่ม ๖๒ · หน้า 290a

དྷཱ་ཏུ་ཀཱན་ཧཱུཾ་ཕཊ། ཕུང་པོའི་བདུད་གཞོམ་པའི་ཕྱིར་རྡོ་རྗེ་འཇིགས་བྱེད་དུ་འགྱུར་རོ། །མཉམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་རོ་ལངས་ཀྱི་ང་རྒྱལ་གྱིས། ལག་པ་གཉིས་ཀྱིས་རོ་བླངས་ནས་ཁར་ཟ་བའི་ཚུལ་བྱའོ། །སྔགས་ནི། ཨོཾ་བཛྲ་བཻཏྟ་ལྱ་བྷི་ན་ཡ་བཛྲ་

མ་ཧཱ་ཀྲོ་དྷ་བར་ཛ་ཡ་བར་ཛ་ཡ་སརྦ་དུཥྚ་ཧཱུཾ་ཕཊ། གདུག་པ་ཅན་གྱི་བདུད་བཞི་ཟ་བའི་ཕྱིར་རྡོ་རྗེ་རོ་ལངས་སོ། །གཡས་བརྐྱང་གི་སྟབས་ཀྱིས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེའི་ཕུར་བུ་བཟུང་ནས་བགེགས་ཀྱི་ཚོགས་རྣམས་ལ་བཀོད་དེ་ལགས་པ་

གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་ཐོ་བ་བཟུང་ནས་བརྡུང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་མུངྒ་རཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཙུརྞ་ཡ་ཙུརྞ་ཡ་ཀྵན་ཏི་ཧཱུཾ་ཕཊ། སྲིད་པ་ལ་སོགས་པའི་སྡུག་བསྔལ་འཇོམས་པའི་ཕྱིར་རྡོ་རྗེ་ཐོ་བའོ། །མཉམ་པོའི་རྐང་སྟབས་ཀྱིས་མི་བསྐྱོད་པའི་ང་

རྒྱལ་གྱིས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ས་གནོན་དང་མཆོག་སྦྱིན་དང་། བསམ་གཏན་དང་མི་འཇིགས་པའི་ཕྱག་རྒྱ་བཞིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པ་བཞི་བསྒོམ་པར་བྱའོ། །

སྔགས་ནི། ཨོཾ་ཙ་ཏུར་མུ་ཁཱ་དྷིཥྛ་ནཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་དྷི་ཏིཥྛ་སརྦ་བི་ཀ་ཨོཾ་ཏྲཾ་ཧྲཱིཿ ཨཿཧཱུཾ་ཨོཾ་ཏྲཾ་ཧྲཱིཿ ཨཿཧཱུཾ་ཕཊ། ཡེ་ཤེས་བཞི་ལ་སོགས་པ་རྣམས་ལ་སེམས་ཅན་ཐམས་ཅད་ངེས་པར་སྦྱོར་བའི་ཕྱིར་ཞལ་བཞི་བྱིན་གྱིས་བརླབ་བོ། །སླར་ཡང་ཟླུམ་པོའི་

རྐང་སྟབས་ཀྱིས་གཡས་སྐོར་དུ་བསྐོར་ཞིང་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དུ་ལག་པ་གཡས་པས་རྡོ་རྗེ་ཡོངས་སུ་བསྐོར་ཞིང་ས་གཞི་ལ་རྐང་པ་གཉིས་འཕང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་གྲྀཧྞ་བནྡྷ་ད་ཧ་པ་ཙ་བི་དྷྭཾ་ས་ཡ་བཛྲ་

ཎ་སརྦ་ན་སྤོ་ཊ་ཡ་ཧྲྀ་ད་ཡ་ཧཱུཾ་ཕཊ། ལྷའི་བུའི་བདུད་གཞོམ་པའི་ཕྱིར་རྡོ་རྗེ་འཁྱིལ་པའོ། །གཡས་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་སྒེག་མོའི་ང་རྒྱལ་གྱིས་རྡོ་རྗེ་གར་སྔོན་དུ་འགྲོ་བས་ལྟོ་གཉིས་དང་བཅས་པས་རྡོ་རྗེ་སྒེག་མོའི་ཕྱག་རྒྱས་མགོ་གཡོན་དུ་སྨད་པར་བྱའོ། །སྔགས་

เล่ม ๖๒ · หน้า 290b

ནི། ཨོཾ་སྟྲི་མཱ་ཡཱ་ཀ་ར་ཎ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ན་ཡ་ཨཱ་ན་ཡ་བི་མརྟ་ཡ་བི་མརྟ་ཡ་སརྦ་ཀྞིན་དཱིན་ནཾ་ཕཊ། སེམས་ཅན་ཐམས་ཅད་འཁོར་བའི་སྒྱུ་མ་ལ་བལྟ་བའི་ཕྱིར་བུད་མེད་སྒྱུ་མ་བྱེད་པའོ་ཞེས་པའི་ཚུལ་དགུ་པོ་ནི་ཤར་ཕྱོགས་སུ་གནས་པའི་སློབ་དཔོན་གྱིའོ། །གཡས་

བརྐྱང་གི་སྟབས་ཀྱིས་རྡོ་རྗེ་རྒྱས་པའི་ང་རྒྱལ་གྱིས་ལག་པ་གཡོན་ན་གནས་པའི་རྡོ་རྗེ་ཁྲོ་བོ་ལ་གདུག་པ་ཅན་ཐམས་ཅད་ནང་དུ་བསྒོམས་ཏེ་ལག་པ་གཡས་པའི་རྡོ་རྗེ་ཁྲོ་བོས་བསྣུན་པར་བྱའོ། །སྔགས་ནི། ཨོཾ་བཛྲ་སྥོ་ཊ་ནི་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་སརྦ་བྷཱུ་

ཏཱན་ཧཱུཾ་ཕཊ། རྒྱགས་པ་དང་ང་རྒྱལ་ལ་སོགས་པའི་སྡིག་པ་གཞོམ་པའི་ཕྱིར་རྡོ་རྗེ་རྒྱས་པའོ། །གཡོན་བརྐྱང་གི་སྟབས་ཀྱིས་སྟོབས་པོ་ཆེའི་ང་རྒྱལ་གྱིས་ལག་པ་གཡོན་པ་སྙིང་གར་རྡོ་རྗེ་ཏྲི་ཤཱུ་ལར་བྱས་ཏེ་གཡས་པ་རྡོ་རྗེ་ཁུ་ཚུར་དབྱུག་པ་བཞིན་དུ་འཕང་བར་བྱའོ། །སྔགས་

ནི། ཨོཾ་མ་ཧཱ་བ་ལོ་ཏཱ་ཀཪྵ་ཎ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མརྡ་ཡ་མརྡ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། ཉི་ཚེ་བའི་འདོད་ཆགས་འདུལ་བའི་ཕྱིར་སྟོབས་པོ་ཆེ་འགུགས་པའོ། །གཡས་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་

གཉིས་མཆེ་བའི་རྣམ་པར་ཁའི་གདོང་དུ་བཀོད་ནས་གདུག་པ་ཅན་ཐམས་ཅད་ཟ་བར་བསྒོམ་པར་བྱའོ། །སྔགས་ནི། ཨོཾ་བཛྲ་དཾ་ཥྚ་བྷི་ན་ཡ་མ་བཛྲ་མ་ཧཱ་ཀྲོ་དྷ་ཨཊྚཱཊྚ་ཧ་སཾ་བྷཀྵ་ཡ་ཀིན་ན་དཱིན་ཧཱུཾ་ཕཊ། འཆི་བདག་གི་བདུད་བཟའ་བའི་ཕྱིར་རྡོ་རྗེ་མཆེ་བའོ། །གཡོན་

བརྐྱང་གི་སྟབས་ཀྱིས་རྡོ་རྗེ་བཞད་པའི་ཁྲོ་བོའི་ང་རྒྱལ་གྱིས། ཨཊྚཱཊྚ་དགོད་པའི་ཚུལ་གྱིས་ཧ་ཡིག་བཞི་བརྗོད་པར་བྱའོ། །སྔགས་ནི། ཨོཾ་བཛྲཱཊྚ་ཧ་ས་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མོ་ཧཱ་ཡ་ཧཿཧཿཧཿཧཿཧཱུཾ་སརྦ་ཀིན་ན་དཱིན་ཧཱུཾ་ཕཊ། ཤེས་རབ་ཀྱི་དེ་ཉིད་ཀྱིས་ཁམས་

གསུམ་དུ་གནས་པའི་བདུད་གདུག་པ་ཅན་ཐམས་ཅད་འབྲོས་པའི་ཕྱིར་རྡོ་རྗེ་བཞད་པའོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་སྨྲ་བའི་ཁྲོ་པོའི་ང་རྒྱལ་གྱིས་ལག་པ་གཡོན་པ། སྙིང་གར་སྡིགས་མཛུབ་བྱས་ནས་ལག་པ་གཡས་པ་རྣ་བའི་སྟེང་དུ་དྲིལ་བུ་དཀྲོལ་བར་བྱའོ། །སྔགས་

เล่ม ๖๒ · หน้า 291a

ནི། ཨོཾ་བཛྲ་གྷཎྜཱ་ར་ར་ཎི་ཏཱ་བྷི་ནཱ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏོ་ཥ་ཡ་ཏོ་ཥ་ཡ་སརྦ་ཏ་ཐཱ་ག་ཏ་ན་ཧཱུཾ་ཕཊ། ཁྲོ་བོའི་བྱིན་གྱི་རླབས་ཀྱིས་ལྷ་མ་ཡིན་གྱི་བདུད་ལ་སོགས་པ་ཟད་པར་བྱ་བའི་ཕྱིར་རྡོ་རྗེའི་སྒྲའོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྣོན་པོའི་ཁྲོ་བོའི་ང་རྒྱལ་གྱིས་

ལག་པ་གཡོན་པའི་ཁུ་ཚུར་གྱིས་ཤུགས་འདྲེན་ཅིང་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདྲེན་པའོ། །སྔགས་ནི། ཨོཾ་ཁ་ཌ་གཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཙྪེ་ད་ཡ་ཙྪེ་ད་ཡ་ཙྪིནྡ་ཙྪིནྡ་སརྦ་དུཥྚ་བིགྷྣཱཾ་བི་ནཱ་ཡ་ཀཱན་ཧཱུཾ་ཕཊ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པ་ལ་

རལ་གྲི་དང་། གཡོན་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་རྒྱལ་པོའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡས་པས་ཏྲི་ཤཱུ་ལའི་རྡོ་རྗེ་འཕང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་མརྡ་ཡ་པྲ་མརྡ་ཡ་སརྦ་དུཥྚ་དེ་བཱ་སུ་ར་མཱ་ནུ་ཥྱ་ཎ་ཧཱུཾ་ཕཊ། བདུད་ལ་སོགས་པའི་གདུག་

པ་ཅན་ཐམས་ཅད་ལ་རྡོ་རྗེ་རྒྱལ་པོའི་སྟོབས་བསྟན་པའི་ཕྱིར་རྡོ་རྗེའི་ཚུལ་ལོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་རྒྱུའི་ཁྲོ་བོའི་ང་རྒྱལ་གྱིས་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་གཉིས་ལྕགས་སྒྲོག་ཏུ་བྱས་ཏེ་མཛུབ་མོ་གཉིས་བརྐྱང་ངོ་། །སོར་མོ་ལྷག་མ་རྣམས་ཀྱིས་མཐེབ་ཆེན་སྦ་

བར་བྱའོ། །འཁོར་ལོ་བཞིན་དུ་གྲོལ་བར་བྱའོ། །སྔགས་ནི། ཨོཾ་ཙཀྲཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ན་ཡ་ཨཱ་ན་ཡ་སརྦ་ཏ་ཐཱ་ག་ཏ་བ་ཥ་ཊ་མཎྜ་ལཱ་ན་ཧཱུཾ་ཕཊ། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་གཅོད་པའི་ཕྱིར། འཁོར་ལོའི་ཚུལ་ལོ་ཞེས་པའི་ཚུལ་བརྒྱད་པོ་ནི་ལྷོ་ཕྱོགས་ན་གནས་

པའི་སློབ་དཔོན་གྱིའོ། །མཉམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་ས་འོག་གི་ང་རྒྱལ་གྱིས་ལག་པ་གཉིས་བཅིངས་ནས་གཏུན་ཤིང་འཛིན་པའི་ཚུལ་གྱིས་བརྡུང་བར་བྱའོ། །སྔགས་ནི། ཨོཾ་མུ་ཥ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀུཊྚ་ཡ་ཀུཊྚ་ཡ་སརྦ་བིགྷཱཾ་བི་ནཱ་ཡ་ཀ་དཱི་ན་ཧཱུཾ་ཕཊ། གདུག་པ་

ཐམས་ཅད་བརྡུང་བའི་ཕྱིར་གཏུན་ཤིང་གི་ཚུལ་ལོ། །སླར་ཡང་མཉམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་ཏོག་གི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་གུང་མོ་དང་མཛུབ་མོ་བསླང་ནས་འགྱིང་བ་དང་བཅས་པར་རབ་ཏུ་བརྐྱང་སྟེ་སྟེང་དུ་གཟུང་བར་བྱའོ། །སྔགས་ནི།

เล่ม ๖๒ · หน้า 291b

ཨོཾ་པ་ཏཱ་ཀཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲེ་ཏ་ཡ་སརྦ་པྲེ་ཏ་ན་ཧཱུཾ་ཕཊ། ཕྱོགས་ཐམས་ཅད་དུ་བགེགས་རྣམས་བསྐྲད་པའི་ཕྱིར་བ་དན་གྱི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས་ལག་པ་གཉིས་རྒྱབ་སྦྱར་ནས་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་

ལྕགས་སྒྲོག་ཏུ་བྱས་ཏེ་སྙིང་གར་བཟུང་བའོ། །སྔགས་ནི། ཨོཾ་པཱ་ཤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་སརྦ་ས་མ་ཡཱ་ན་ཧཱུཾ་ཕཊ། ལྷ་ལ་སོགས་པའི་གདུག་པ་ཅན་ཐམས་ཅད་བཅིང་བའི་ཕྱིར་ཞགས་པའི་ཚུལ་ལོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་ཅན་གྱི་ཁྲོ་བོའི་ང་རྒྱལ་གྱིས་

ཐལ་མོ་ཡང་དག་པར་སྦྱར་ཏེ། པདྨ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །སྔགས་ནི། ཨོཾ་པདྨཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བི་ཀཱ་ཤ་ཡ་སརྦ་སཏྭ་པུཎྱ་ཛྙཱ་ན་སཾ་བྷཱ་རཱ་པ་རི་སཱ་དྷུ་ར་ཡ་ཧཱུཾ་ཕཊ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྟོགས་པར་

བྱ་བའི་ཕྱིར་པདྨའི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་དབྱུག་པ་སྔོན་པོ་ཅན་གྱི་ང་རྒྱལ་གྱིས་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དབྱུག་པ་འཕེན་ཞིང་འཛིན་པའི་ཚུལ་བྱས་ནས་མཚོན་ཆ་འཕང་བར་བྱའོ། །སྔགས་ནི། ཨོཾ་དཎྜ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏཱ་ཌ་ཡ་ཏཱ་

ཌ་ཡ་སརྦ་ཤ་ཏྲཱུན་ཧཱུཾ་ཕཊ། འཇིག་ཚོགས་ལ་ལྟ་བ་རིའི་རྩེ་མོ་ཉི་ཤུ་མཐོ་བ་རྣམ་པར་གཞོམ་པའི་ཕྱིར་དབྱུག་པ་འཛིན་པའི་ཚུལ་ལོ། །ས་གའི་རྐང་སྟབས་ཀྱིས་རྡོ་རྗེ་སྲུང་བའི་ང་རྒྱལ་གྱིས་ལག་པ་གཡས་པ་མི་འཇིགས་པ་རབ་ཏུ་སྦྱིན་པའི་རྣམ་པར་གཟུང་བར་བྱའོ།

སྔགས་ནི། ཨོཾ་ཨ་བྷ་ཡ་པྲ་དཱ་ནཱ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པུཥྤེ་སརྦ་ས་ཏྭཱན་ཧཱུཾ་ཕཊ། སེམས་ཅན་གྱི་ཁམས་ཐམས་ཅད་མི་འཇིགས་པས་རབ་ཏུ་གནས་པར་བྱ་བའི་ཕྱིར་མི་འཇིགས་པ་རབ་ཏུ་སྦྱིན་པའི་ཚུལ་ལོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ལྕགས་ཀྱུའི་ང་རྒྱལ་

གྱིས་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུའི་རྣམ་པའི་ཚུལ་དུ་བྱའོ། །སྔགས་ནི། ཨོཾ་ཨཾ་ཀུ་ཤ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སརྦ་བུདྡྷཱ་བོ་དྷི་སཏྭཱ་ན་ཧཱུཾ་ཕཊ། བདུད་ཐམས་ཅད་ཀྱི་སྙིང་འགུགས་པའི་ཕྱིར་ལྕགས་ཀྱུའི་ཚུལ་ལོ། །ས་གའི་

เล่ม ๖๒ · หน้า 292a

རྐང་སྟབས་ཀྱིས་རྡོ་རྗེ་ལེགས་པའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡས་པའི་སོར་མོ་རབ་ཏུ་བརྐྱང་སྟེ་ཅུང་ཟད་སྙིང་གར་དགུག་པར་བྱའོ། །སྔགས་ནི། ཨོཾ་ཕ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་ཧླཱ་ད་ཡ་སརྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ་ཕཊ། བླ་ན་མེད་པའི་ཡེ་ཤེས་ཀྱི་

འབྲས་བུ་བལྟ་བའི་ཕྱིར་འབྲས་བུའི་ཚུལ་ལོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་གདུལ་དཀའི་ཁྲོ་བོའི་ང་རྒྱལ་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུང་གི་མཚོན་ཆ་འཕེན་པའི་ཚུལ་བྱའོ། །སྔགས་ནི། ཨོཾ་ཀུན་ཏཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མཱ་ར་ཡ་མཱ་ར་ཡ་སརྦ་དུཥྚ་

མ་རཱ་ན་ཧཱུཾ་ཕཊ། མ་རིག་པ་ལ་སོགས་པའི་ལྟ་བ་གཞོམ་པའི་ཕྱིར་མདུང་གི་ཚུལ་ལོ་ཞེས་པའི་ཚུལ་དགུ་པོ་ནི་ནུབ་ཕྱོགས་ན་གནས་པའི་སློབ་དཔོན་གྱིའོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ཆགས་པའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པས་གཞུ་

བླངས་ཏེ་ལག་པ་གཡས་པ་རྒྱུད་བཟུང་སྟེ་ཕྱོགས་གཡོན་དུ་གཟུང་བར་བྱའོ། །སྔགས་ནི། ཨོཾ་ཙཱ་བཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏརྫ་ཡ་ཏརྫ་ཡ་སརྦ་དུཥྚ་ཧཱུཾ་ཕཊ། ཐབས་དང་ཤེས་རབ་རྣམ་པར་དག་པ་སེམས་ཅན་གྱིས་རྟོགས་པར་བྱ་བའི་ཕྱིར་གཞུ་འཛིན་པའོ། །

ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་མདའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡས་པའི་མཛུབ་མོ་དང་གུང་མོ་གཉིས་ཀྱིས་མདའ་འདྲེན་པའི་ཚུལ་བྱའོ། །གཡོན་གྱི་སྟེང་དུ་གཞུ་འཛིན་པས་གཡོན་དུ་བསྐོར་བར་བྱའོ། །སྔགས་ནི། ཨོཾ་ཤ་རོ་ཏ་ཀཪྵཱ་ན་བྷི་ན་ཡ་བཛྲོད་མ་ཧཱ་ཀྲོ་དྷ་དེ་ཧི་

སརྦ་སཏྭཱ་ན་ཧཱུཾ་ཕཊ། བླ་ན་མེད་པའི་ཡེ་ཤེས་འགུགས་པའི་ཕྱིར་མདའ་འདྲེན་པའི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་དབང་དུ་བྱེད་པའི་ཁྲོ་བོའི་ང་རྒྱལ་གྱིས་སྔོན་བཞིན་དུ་གཞུ་བཟུང་ནས་རླུང་གི་ཤུགས་ཀྱིས་བཀུག་ནས་རླུང་བཞིན་དུ་འཕང་བར་བྱའོ། །སྔགས་

ནི། ཨོཾ་ཤ་ར་པྲ་ཀྵེ་པ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ནུ་རཱ་ག་ཡ་ཨ་ནུ་རཱ་ག་ཡ་སརྦ་སཾ་སཱ་ར་བསྠ་ཏ་ས་ཏྭཱན་ཧཱུཾ་ཕཊ། སེམས་ཅན་འཁོར་བར་གནས་པ་ཐམས་ཅད་དབང་དུ་བྱ་བའི་ཕྱིར་མདའ་འཕེན་པའི་ཚུལ་ལོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་ཙུནྡཱིའི་རིག་སྔགས་ཀྱི་ང་

เล่ม ๖๒ · หน้า 292b

རྒྱལ་གྱིས་ཁུ་ཚུར་གཡོན་པ་སྙིང་གར་བཀོད་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འུར་རྡོ་ཡོངས་སུ་བསྐོར་བའི་སྦྱོར་བས་རབ་ཏུ་འཕང་བར་བྱའོ། །སྔགས་ནི། ཨོཾ་བྷན་ཏི་པཱ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བྷྲ་མ་ཡ་བྷྲ་མ་ཡ་བྷིནྡ་ཡ་བྷིནྡ་ཡ་སརྦ་དུཥྚ་པྲ་དུཥྚ་བྷིགྷྣ་བི་ན་ཡ་ཀཱ་ན་ཧཱུཾ་ཕཊ། ལྷའི་

བགེགས་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་འུར་རྡོའི་ཚུལ་ལོ། ས་གའི་རྐང་སྟབས་ཀྱིས་རྡོ་རྗེ་སྙིང་པོའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པ་པང་དུ་གན་རྐྱལ་དུ་བྱས་ནས་ལག་པ་གཡོན་པས་མཆོད་སྦྱིན་གྱི་ཚུལ་བྱའོ། །སྔགས་ནི། ཨོཾ་བ་ར་དཱ་བྷི་ན་ཡི་བཛྲ་མ་ཧཱ་ཀྲོ་དྷ་བ་རཾ་དཱ་པ་ཡ་བ་རཾ་དཱ་

པ་ཡ་སརྦ་སིདྡྷིཾ་ཧཱུཾ་ཕཊ། སེམས་ཅན་ཐམས་ཅད་ལ་ནད་མེད་པ་ལ་སོགས་པའི་མཆོག་སྦྱིན་པ་ལ་སྦྱོར་བའི་ཕྱིར་མཆོག་སྦྱིན་གྱི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་གཟི་བརྗིད་ཀྱི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིགས་མཛུབ་སྙིང་གར་བྱས་ཏེ་

ལག་པ་གཡོན་པས་རྡོ་རྗེ་གསོར་བ་སྔོན་དུ་འགྲོ་བས་མདུང་འཕང་བར་བྱའོ། །སྔགས་ནི། ཨོཾ་ཤཀྟྱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མཱ་ར་ཡ་མཱ་ར་ཡ་སརྦ་ན་ར་ཀ་ག་ཏི་ས་ཏྭཱན་ཧཱུཾ་ཕཊ། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རབ་ཏུ་ཞི་བར་བྱ་བའི་

ཕྱིར་མདུང་གི་ཚུལ་ལོ། །སླར་ཡང་གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྟ་མགྲིན་གྱི་ང་རྒྱལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཀ་ན་ཡའི་ཐག་པ་བཟུང་ནས་ལག་པ་གཡས་པས་ཀ་ན་ཡ་སྤྱི་བོའི་སྟེང་དུ་ཡོངས་སུ་བསྐོར་ནས་རབ་ཏུ་འཕང་བར་བྱའོ། །སྔགས་ནི། ཨོཾ་

ཀ་ན་ཡཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་མརྡ་ཡ་པྲ་མ་རྡ་ཡ་སརྦ་དུཥྚ་ས་ཏྭཱཾ་ཧཱུཾ་ཕཊ། ཕྱོགས་བཅུ་མ་ལུས་ཤིང་ལུས་པ་མེད་པ་ན་གནས་པའི་ལྷ་གདུག་པ་ཅན་རྣམས་བརྡུང་བའི་ཕྱིར་ཀ་ན་ཡའི་ཚུལ་ལོ། །ས་གའི་རྐང་སྟབས་ཀྱིས་རིན་ཆེན་སྐར་མདའི་ང་རྒྱལ་གྱིས་ཐལ་མོ་ཡང་དག་པར་

སྦྱར་ནས་བསྟོད་པ་བྱེད་པའི་ཕྱིར་ཕྱག་འཚལ་བའི་ཚུལ་ལོ། །སྔགས་ནི། ཨོཾ་པྲ་ཎ་མ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་ཎཱ་མ་ཡ་པྲ་ཎཱ་མ་ཡ་སརྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྟོད་པར་བྱེད་པའི་ཕྱིར། ཕྱག་འཚལ་བའི་ཚུལ་ལོ་ཞེས་པའི་ཚུལ་བརྒྱད་

เล่ม ๖๒ · หน้า 293a

ནི་བྱང་ཕྱོགས་ན་གནས་པའི་སློབ་དཔོན་གྱིའོ། །ད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་འཕེན་པ་དང་། ཁྲོ་བོ་རྣམས་ཀྱི་མིང་གི་སྐུ་མདོག་བརྗོད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་སྟོབས་ཞེས་བྱ་བའི་ཁྲོ་བོ་ནི་སྐུ་མདོག་དཀར་པོ་ཧཱུཾ་གི་ས་བོན་ལའོ། །འབར་བའི་ཕྲེང་བ་

ནི་སྐུ་མདོག་དམར་པོ་ཀཿཡི་གེ་ས་བོན་ལས་སོ། །རྣོན་པོ་ནི་སྐུ་མདོག་མཐིང་ག་གཿཡི་གེ་ས་བོན་ལས་སོ། །སྟོབས་པོ་ཆེའི་སྐུ་མདོག་ནག་པོ་བཿཡི་གེ་ས་བོན་ལས་སོ། །གཞན་གྱིས་མི་ཐུབ་པ་སྐུ་མདོག་དཀར་པོ་ཙྪཿཡི་གེ་ས་བོན་ལས་སོ། །ཀུན་དུ་འཇུག་པ་སྐུ་མདོག་སེར་པོ་ཛཿ

ཡི་གེ་ས་བོན་ལས་སོ། གཤིན་རྗེ་གཤེད་སྐུ་མདོག་མཐིང་ག་ཛྙཿཡི་གེ་ས་བོན་ལས་སོ། ཀཱི་ལི་ཀཱི་ལ་དམར་པོ་སཿཡི་གེ་ས་བོན་ལས་སོ། །མ་ཧཱ་ཀཱི་ལི་ཀི་ལ་སྐུ་མདོག་ལྗང་གུ་ཧཿཡི་གེ་ས་བོན་ལས་སོ། །གང་ཡང་འདིར་ཁྲོ་བོ་རྣམས་ཀྱི་གནས་དང་དེ་བཞིན་ཉིད་མི་མཐུན་

ཡང་སྐྱོན་མེད་དེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་རོ། །གང་ཞིག་འཕེན་པའི་ཚུལ་བྱ་བ་ནི་ཕྲལ་གྱི་སྡིག་པ་རྣམས་དང་བདུད་ལ་སོགས་པ་རྣམས་ཟད་པར་བྱ་བའི་ཕྱིར་སློབ་དཔོན་གཙོ་བོས་འཕང་བར་བྱའོ། །དེ་ལ་གཡས་བརྐྱང་གི་གར་བྱས་ནས་གདོང་གཡས་སུ་མངོན་པར་ཕྱོགས་ཏེ་

གཡོན་པའི་སྡིགས་མཛུབ་སྙིང་གར་བྱས་ཏེ། གཞོགས་གཡོན་པ་ས་ལ་ལྟུང་བས་ནམ་མཁར་བལྟས་ཏེ་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་བདུད་ཐམས་ཅད་ལ་འཕང་བར་བྱའོ། །ཨོཾ་ཨཱཿབུདྡྷ་བ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཨཱཀྵེ་པ་ཡ་ཨཱཀྵེ་པ་ཡ་སརྦ་མ་རཱན་ཧཱུཾ་ཕཊ། འདི་ནི་

སངས་རྒྱས་ཀྱི་སྟོབས་ཞེས་བྱ་བའི་ཀུན་དུ་སྤྱོད་པའོ། །པད་ཀོར་སྔོན་དུ་འགྲོ་བས་གར་བྱས་ཏེ་རྡོ་རྗེ་བླངས་ནས་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ཤིང་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་དབྱུག་པའི་ཕྱག་རྒྱས་འཕང་བར་བྱ་ཞིང་རྐང་པ་མཉམ་དུ་གནས་ནས་འགྱིང་

བ་དང་བཅས་པའི་རྡོ་རྗེའི་རྐང་སྟབས་ཀྱིས་མཐོ་ཕྱེད་དང་གསུམ་དུ་རྐང་པ་གཡས་པ་འཕང་བར་བྱའོ། །གཡོན་པ་བརྟན་པ་བྱས་ནས་རྐང་པ་དག་ཀྱང་གཤོག་པ་བཞིན་དུ་གནས་ཏེ། དེ་ནས་པུས་མོ་གཡས་པ་བསྐུམ་སྟེ་དབྱུག་པའི་ཕྱག་རྒྱས་འཕང་བར་བྱ་སྟེ། སྡིགས་མཛུབ་

เล่ม ๖๒ · หน้า 293b

གཡོན་གྱིས་བསྡིགས་ཤིང་ལྟོ་གཡོན་གྱི་ཆར་དམད་པར་བྱའོ། །མིག་གཡོན་པ་བཙུམས་ནས་གདོང་བསྐོར་ཞིང་དཀྱིལ་འཁོར་ལ་བལྟས་ཏེ་ཁྲོ་གཉེར་བསྡུ་བ་ལ་སོགས་པ་ནི་ཀུན་ནས་གཡོ་བའི་ཀུན་དུ་བསྐྱེད་པའོ། །དཀུ་གཡས་ཀྱི་ཆར་བསྡུའོ། །སྔགས་ནི། ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧེ་ཨ་

ཧེ་གྲ་ས་གྲ་ས་ཀཱ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཤོ་དྷ་ཡ་ཤོ་དྷ་ཡ་ཧཱུཾ་གཿ། དེ་ཉིད་བཞིན་དུ་རྡོ་རྗེ་བསླངས་ནས་རྐང་པ་མཉམ་དུ་གནས་ཏེ་རྐང་པ་གཡོན་པ་ཕྱེད་དང་བཅས་པའི་མཐོ་གསུམ་དུ་རབ་ཏུ་བརྐྱང་སྟེ་གཞག་པར་བྱ་བ་ནས་རྐང་པ་དག་ཟུར་གསུམ་དུ་བྱའོ། །མདུན་དུ་ལག་པ་བརྡབ་པར་བྱས་ནས་དབྱུག་

པའི་ཕྱག་རྒྱ་བསླངས་ཏེ་འཕང་བར་བྱའོ། །སྡིགས་མཛུབ་གཡོན་པ་ནུ་མ་ལ་དགོད་པར་བྱའོ། །གདན་སྣ་ཚོགས་པ་ཞེས་པའི་ཀུན་དུ་སྤྱོད་པའོ། །དཀུ་གཡོན་གྱི་ཆར་བསྡུའོ། །སྔགས་ནི། ཨོཾ་ཨཿཧཱུཾ་ལཾ་ཨ་ཧེ་ཨ་ཧེ་གྲ་ས་གྲ་ས་ཀཱ་ར་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་སརྦ་དུཥྚ་

བིགྷྣ་མ་རཱན་ཧཱུཾ་གཿ། དེ་བཞིན་དུ་རྡོ་རྗེ་བསླངས་ནས་དབྱུག་པའི་ཕྱག་རྒྱ་འཕངས་ཏེ་མིག་གཡས་པ་བཙུམས་ཏེ་གཡོན་པ་ནུ་མའི་བར་དུ་སྡིགས་མཛུབ་ལ་བལྟ་བར་བྱའོ། །གཡོན་པ་རྡོ་རྗེ་རྐང་སྟབས་བྱས་ལ་པུས་མོ་གཡས་པ་བསྐུམ་སྟེ་ཁྲོ་བོ་དང་བཅས་པའི་རྐང་པ་འཕང་བར་བྱའོ། །རྒོད་པ་

དང་བཅས་པས་གཡོན་པ་འཁོར་ལོ་བཞིན་དུ་བསྐོར་བར་བྱའོ། །སླར་ཡང་རྐང་པ་བསྐུམ་ནས་གཡོན་བརྐྱང་ཕྱེད་པར་རྒོད་ཅིང་རྐང་པ་དག་བསྟན་པས་གཤོག་པ་བཞིན་དུ་གནས་པར་བྱའོ། །ཀུན་ནས་གཡོ་མ་ཞེས་བྱ་བའི་ཀུན་དུ་སྤྱོད་པའོ། །རྡོ་རྗེ་གར་གྱི་སྦྱོར་བས་དཀུ་གཡས་

ཀྱི་ཆར་བསྡུའོ། །ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧི་ཨ་ཧི་གྲ་ས་གྲ་ས་ཀཱ་ར་ལ་པ་ད་ན་མ་ཧཱ་ཀྲོ་དྷ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུཾ་ཙཿ། དེ་བཞིན་དུ་རྡོ་རྗེ་བསླང་བར་བྱས་ཏེ་རྐང་པ་མཉམ་དུ་གནས་ནས་དབྱུག་པའི་ཕྱག་རྒྱ་འཕང་བར་བྱའོ། །ནུ་མའི་སྡིགས་མཛུབ་ལ་མིག་གཡོན་པས་བལྟ་བར་བྱའོ། །པུས་མོ་

གཡོན་པ་བསྐུམ་སྟེ་གཡས་པ་རྡོ་རྗེའི་རྐང་སྟབས་བྱས་ནས་གཡོན་དུ་འཕང་ཞིང་དེ་ཉིད་དང་བཅས་པ་གཡས་པས་བསྐོར་བར་བྱའོ། །དེ་ནས་བཞག་ནས་ལྟུང་བའི་རྐང་པ་བསྐུམ་ནས་གནས་པས་ཟུར་གསུམ་བྱས་ཏེ་གཡས་པ་གཤོག་པ་ལྟར་གནས་ཤིང་བྱས་ནས་གཡས་བརྐྱང་དུ་དགོད་པར་བྱ་

เล่ม ๖๒ · หน้า 294a

བ་ནི་རྣམ་པར་རྨོངས་པ་ཞེས་བྱ་བའི་ཀུན་དུ་བསྐྱོད་པའོ། །གར་བྱས་ནས་དཀུ་གཡོན་གྱི་ཕྱོགས་སུ་བསྡུའོ། །ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧི་ཨ་ཧི་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་བི་མོ་ཧ་ཡ་བི་མོ་ཧ་ཡ་སརྦ་དུཥྚ་བིགྷྣན་ཧཱུཾ་ཙྪཿ། འདི་ཉིད་ལ་རྐང་པ་གཡོན་པས་ཡོངས་སུ་

བསྐོར་ཞིང་སླར་ཡང་མདུན་དུ་ལག་པ་བརྡབ་པར་བྱའོ། །སླར་ཡང་ཁྱད་པར་ཅན་དུ་འཕང་བར་བྱ་སྟེ་མྱུར་བ་ཞེས་བྱ་བའི་ཀུན་དུ་བསྐྱོད་པའོ། ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧ་ཨ་ཧ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་གརྫྷ་གརྫྷ་ཧཱུཾ་ཛཿ གར་བྱས་ནས་དཀུ་གཡོན་གྱི་ཕྱོགས་སུ་བསྡུ་བའོ། རྣམ་པར་རྨོངས་པའི་

ཀུན་དུ་བསྐྱོད་པ་དེ་ཉིད་རྣམ་པར་བཟློག་ནས་ཀུན་དུ་བསྐྱོད་ཅིང་། འོན་ཀྱང་གདོང་དུ་དྲིལ་བུ་རབ་ཏུ་བརྐྱང་ནས་དཀྲོལ་བའི་རྣམ་པས་ལྕེ་ལ་བཀོད་ནས་འཁོར་ལོ་བཞིན་བསྐོར་བར་བྱའོ། །ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧེ་ཨ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཧྲིཿཥྚཱཿཧཱུཾ་ཛྙཱཿདེ་བཞིན་དུ་རྡོ་རྗེ་བསླངས་

ནས་མཐོ་གང་ཙམ་གྱི་བར་དུ་རྐང་པ་གཉིས་བྱས་ནས་ཟུར་གསུམ་དུ་བྱའོ། །པུས་མོ་གཡས་པ་ཅུང་ཟད་བསྐུམ་ནས་པུས་མོ་གཡོན་པ་དམད་པར་བྱའོ། །ནུ་མ་དང་ལྟེ་གཡོན་གྱི་ཆ་ཡང་དམད་པར་བྱའོ། །སྡིགས་མཛུབ་ནུ་མར་བྱས་ནས་དཔུང་པའི་དབྱུག་པ་འཕངས་ཤིང་རྐང་པའི་བར་དུ་

དབྱུག་པ་ལ་བལྟས་ནས་ལྟུང་ཞིང་གདོང་བསྐོར་བ་ནི། ཀི་ལི་ཀི་ལ་ཞེས་བྱ་བའི་གདོང་བསྐྱོད་པའོ། །དཀུ་གཡས་ཀྱི་ཆར་བསྡུའོ། །ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧཾ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་ཀླེ་ཤཱན་ཧཱུཾ་སཿ། ཀི་ལི་ཀི་ལིའི་ཀུན་དུ་བསྐྱོད་པ་དེ་བཞིན་དུ་ཀི་ལི་ཀི་ལ་

ཆེན་པོའི་ཡིན་ཏེ། གང་གི་ཚེ་དབྱུག་པ་གནས་པ་ལ་བལྟ་བ་ན་རང་གི་འཕྲག་པ་གཡས་ཕྱོགས་དང་རང་གི་རྒྱབ་ཏུ་ཁྱེར་བར་བྱའོ། །མིག་གཡོན་པ་བཙུམས་ནས་ཁྲོ་བས་རྐང་པ་འཕང་བར་བྱའོ། །སྔོན་མ་བཞིན་དུ་བསྡུ་བར་བྱའོ། ཨོཾ་ཨཱཿཧཱུཾ་ལཾ་ཨ་ཧ་ཨ་ཧ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཨཱ་

བེ་ཤ་ཡ་སརྦ་ཏྲཻ་དྷཱ་ཏུ་ཀ་བསྠི་ཏཱན་ས་ཏྭཱན་ཧཱུཾ་ཨཿ ཀུན་དུ་བསྐྱོད་པ་འདི་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་དབུས་དང་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་དང་། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་བྱའོ། །སོ་སོའི་དབུས་སུ་གནས་ནས་གདན་རྣམས་བྱའོ། །དེ་ལ་རྡོ་རྗེ་སྐྱིལ་

เล่ม ๖๒ · หน้า 294b

མོ་ཀྲུང་གིས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། བྱིན་པ་གཡོན་པ་རྐང་པ་གཡས་པའི་བརླའི་དབུས་སུ་རྣམ་པར་བཀོད་ནས་དེའི་སྟེང་དུ་རྐང་པ་གཡས་པ་དགོད་པར་བྱའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་། །སྔགས་ནི། ཨོཾ་བཛྲ་པར་ཡཾ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ནཱ་ཤ་ཡ་སརྦ་

བིགྷྣཱན་ཧཱུཾ་ཕཊ། ཨོཾ་བོ་དྷྱ་གྲི་མུ་དྲཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ས་མ་དྷཱི་བ་ལཾ་པཱ་རི་པཱུ་ར་ཡ་པཱུ་ར་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་སཱ་ན་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མརྡ་ཡ་མརྡ་ཡ་སརྦ་བིགྷྣན་ཧཱུཾ་ཕཊ། ཨོཾ་བཱ་ར་དྷ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བ་རཾ་དཱ་པ་ཡ་བ་རཾ་དཱ་པ་ཡ་སརྦ་སིདྡྷཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་དྷྱ་ནཱ་བཱི་ན་ཡ་བཛྲ་

མ་ཧཱ་ཀྲོ་དྷ་སྠི་ར་ཡ་སྠི་ར་ཡ་སརྦ་ཙིཏྟཾ་སི་ཧཱུཾ་ཕཊ། ཨོཾ་ཨ་བྷི་ཡ་པྲ་དཱ་ནཱ་བི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཤ་མ་ཡ་ཤ་མ་ཡ་ཏིརྱ་ག་མ་ནུ་ཥྱ་དཱི་ན་ཧཱུཾ་ཕཊ། པདྨའི་གདན་གྱི་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །བྱིན་པ་གཡས་པས་བྱིན་པ་གཡོན་པ་མནན་པར་བྱས་ནས་པུས་མོ་

གཉིས་དམད་པར་བྱས་པ་ནི་པདྨའི་གདན་ནོ། །ཨོཾ་པདྨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་བི་དྷ་མ་ཡ་བི་དྷ་མ་ཡ་སརྦ་ཤཱ་ཏྲཱུན་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱཱ་བྷིན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་དཱ་ན་པཱ་ར་མི་ཏཱན་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ཤཱི་ལ་པཱ་ར་མི་

ཏཱན་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གྷི་ཏཱ་བྷཱི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ཀྵཱ་ན་ཏི་པ་ར་མི་ཏཱཾ་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ནྲྀ་ཏྱཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་བཱིརྱ་པཱ་ར་མི་ཏཱན་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དྷཱུ་པ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་དྷྱཱ་ན་

པཱ་ར་མི་ཏཱན་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱཾ་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་པཱ་ནི་དྷི་པཱ་ར་མི་ཏཱ་ན་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གྷནྡྷ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་

ཨུ་པ་ཡ་པཱ་ར་མི་ཏཱཾ་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། སེམས་དཔའི་སྐྱིལ་ཀྲུང་གིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་ཕྱག་རྒྱ་བཅིང་བར་བྱའོ། །བརླ་གཡོན་པའི་དབུས་སུ་རྐང་པ་གཡས་པ་བཀོད་ནས་རྐང་པ་གཡོན་པ་དེའི་འོག་ཏུ་གཞག་པ་ནི་སེམས་དཔའི་སྐྱིལ་ཀྲུང་ངོ་། །

เล่ม ๖๒ · หน้า 295a

སྔགས་ནི། ཨོཾསཏྭ་པྲརྱཾ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ཏརྫ་ཡ་ཏརྫ་ཡ་སརྦ་མ་ཧོ་ར་གཱི་དཱིན་ཧཱུཾ་ཕཊ། ཨོཾ་བཛྲ་སཏྭཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡ་ཨུཏྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཱ་ཛཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ནཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཨོཾ་

བཛྲ་རཱ་གཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ནཱ་ནུ་རཱ་ག་ཡ་ཨ་ནུ་རཱ་ག་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་སཱ་དྷྭ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ན་ཏོ་ཥ་ཡ་ཏོ་ཥ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཏྣཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ནཱ་བྷི་ཥེ་ཀ་ཡ་ཨ་བྷི་ཥེ་ཀ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏེ་ཛོ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་

ཏ་ནཱ་བ་བྷ་ཥ་ཡ་ཨ་བ་བྷ་ཥ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀེ་ཏྭོ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་སཏྭཱཾ་དཱ་ཡ་པ་ར་མི་ཏ་ཡ་ནི་ཡོ་ཛ་ཡ་ནི་ཡོ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏཱ་ན་ས་མ་ཏཱ་ཏ་བྷུ་ཏ་པྲི་ཏི་ཡཾ་ནི་ཡོ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དྷརྨཱ་བྷཱི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་བི་ཤོདྷ་ས་

མ་དྷི་ནིཥྤཱ་ད་ཡ་ནིཥྤཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏཱིཀྵྞ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཀླེ་ཤོ་པ་ཀླེ་ཤ་ཙྪེ་ད་ཡ་ཙྪེ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧེ་ཏྭཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏཱ་ན་མ་ཧཱ་མཎྜ་ལོ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱ་ཥཱ་བྷི་ན་ཡ་མ་ཧཱ་ཀྲོ་དྷཱ་སརྦ་ཏ་ཐཱ་ག་ཏ་ནིཥྤྲ་སཉྩ་དྷཾ་མ་ཏ་ཡཱཾ་ནི་ཡོ་

ཛ་ནི་ཡོ་ཛ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨྨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤཱ་ན་བ་ཤེ་ཥ་སརྦ་ཏ་ཐཱ་ག་ཏཱ་ན་པཱུ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་བྷཱི་ན་ཡ་བཛྲ་མ་ཧཱུ་ཀྲོ་དྷ་ཡ་སརྦ་ཀླེ་ཤ་པ་ཀླེ་ཤོ་བ་ཡ་བྷྱོ་རཀྵ་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་སརྦ་རཀྵཾ་པ་རི་པ་ལ་ཡ་པ་རི་པ་ལ་ཡ་

ཕཊ། ཨོཾ་སརྦ་སན་དྷྱཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པཱཀྟ་ན་པཱུ་ཛ་ཡ་པཱུ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཀླེ་ཤ་པ་ཤོ་པ་བྷ་ཡ་བྷྱོ་རཀྵ་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་སརྦ་ཏ་ཐཱ་ག་ཏ་སརྦ་རཀྵ་པ་རི་པ་ལ་ཡ་ཧཱུཾ་ཕཊ། ཨོཾ་སན་དྷྱཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཏ་

ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀི་ཀ་ར་ཎཾ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། བཟང་པོའི་གདན་གྱིས་བྱམས་པ་ལ་སོགས་པ་བཅུ་དྲུག་གི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཉིས་དྲང་པོར་གདན་མཐོན་པོ་ལ་གནས་ནས་གཟུང་བར་བྱའོ། །འདི་ནི་བཟང་པོའི་གདན་ནོ། །ཨོཾ་བྷ་དྲཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་སུ་ཥ་པ་ཡ་

เล่ม ๖๒ · หน้า 295b

སརྦ་ས་ཏྭཱན་ཧཱུཾ་ཕཊ། ཨོཾ་མཻ་ཏྲེ་ཡཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་མཻ་ཏྲཱི་པ་ལཾ་བརྡྷ་ཡ་བརྡྷ་ཡ་ཧཱུཾ་ཕཊ། ཨོཾ་ཨ་མོ་གྷཱ་དཪྵ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་སཏྭཱ་ནཱཾ་སརྦ་ཀླེ་ཤ་ཀ་ཋི་ནྱཾ་བི་ཥ་མ་ཡ་བི་ཥ་མ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཛ་ཧཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ས་མ་སྟྭ་པཱ་པཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་

སརྦ་ཤོ་ཀ་ཏ་མོ་ནིར་གྷཱ་ཏ་ན་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཤོ་ཥ་པ་རི་དེ་བ་ནཱ་ནི་དུཿཁཾ་ནིར་གྷཱ་ཏ་ཡ་ནིར་གྷཱ་ཏ་ཡ་ཧཱུཾ་ཕཊ། ཨོཾ་གཾ་དྷ་ཧ་སྟྱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཛྙཱ་ན་མ་དཾ་ཨཱ་ན་ཡ་ཨཱ་ན་ཡ་ཧཱུཾ་ཕཊ། ཨོཾ་ཤཱུ་རཾ་ག་མཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཛྙཱ་ན་ཙྪེ་ད་ཡ་ཙྪེ་ད་ཡ་ཧཱུཾ་ཕཊ། ཨོཾ་ག་ག་ན་གཾ་ཛཱ་བྷི་ན་ཡ་བཛྲ་

མ་ཧཱ་ཀྲོ་དྷ་ཙིནྟ་མ་ཎི་བྷ་དྲ་གྷ་ཌ་དི་ཀཾ་པྲ་བཪྵ་ཡ་པྲ་བཪྵ་ཡ་ཧཱུཾ་ཕཊ། ཨོཾ་ཛྙཱ་ན་ཀེ་ཏྭ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ན་བྷ་ཥ་ཛྙཱ་ན་བཛྲ་ཨུཙྪ་ས་ཡ་ཨུཙྪ་ས་ཡ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་པྲ་བྷཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ནན་ཏ་ཛྙཱ་ན་ར་སྨིན་ཨ་བ་བྷཱ་ས་ཡ་ཨ་བ་བྷཱ་ས་ཡ་ཧཱུཾ་ཕཊ། ཨོཾ་ཙནྡྲ་པྲ་བྷཱ་བྷི་ན་ཡ་བཛྲ་

མ་ཧཱ་ཀྲོ་དྷ་སརྦ་ཛྙཱ་ན་ཨནྟ་ཀ་རཾ་བི་དྷྭཾ་ས་ཡ་ཧཱུཾ་ཕཊ། ཨོཾ་བྷ་དྲ་པཱ་ལཱ་བྷཱི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་སཾ་པཏ་ཏྱ་བྷི་ཥེ་ཀཾ་དཱ་པ་ཡ་དཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཛཱ་ལི་ནི་པྲ་བྷཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་སརྦ་ཀླེ་ཤོ་པ་ཀླེ་ཤོ་པ་ཛ་ལཾ་པྲ་བྷཱ་ཛ་ཡ་པྲ་བྷཱ་ཛ་ཡ་པྲ་ཛ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གརྫ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་

སརྦ་ཀླེ་ཤོ་པ་ཀླེ་ཤོ་པ་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་ཨཀྵ་ཡ་མ་ཏྱ་བྷིན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པ་ར་མ་པྲ་བྷཀྵ་ཡ་ཛྙཱ་ནཾ་པྲ་ཀཱ་ཤ་ཡ་ཀཱ་ཤ་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཏི་བྷཱ་ན་ཀཱུ་ཊ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ནནྟ་བི་ཙི་ཏྲ་དྷརྨ་ཏཱཾ་པྲ་ཏི་བྷ་ཤ་ཡ་པྲ་ཏི་བྷ་ཤ་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷ་དྲཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་

སརྦོ་ཏ་ནཱ་མ་མ་ཧཱ་པྲ་ག་བྷ་ར་ཀ་ལྱཱཾ་ཎཾ་སྲ་པྲཱ་པ་ཡ་ཧཱུཾ་ཕཊ། དཔའ་བོའི་གདན་གྱི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ཁྲོ་བོ་ཆེན་པོ་བཞིའི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཡོན་པའི་སྐྱིལ་ཀྲུང་ཕྱེད་པ་བཅིངས་ནས་དེ་དང་ཉེ་བའི་བར་གཡས་པའི་པུས་མོ་དྲང་པོར་དགོད་པར་བྱ་བ་ནི་དཔའ་བོའི་གདན་

ནོ། །ཡང་ན་གཡོན་སྐྱིལ་ཀྲུང་ཕྱེད་པར་བྱས་ནས་དེའི་སྟེང་དུ་གཡས་པ་ལྟུང་ཞིང་དགོད་པར་བྱ་བ་ནི་དཔའ་བོའི་གདན་ནོ། །རྐང་པ་གཡས་པ་བརླ་གཡོན་པའི་རྩ་བ་རུ་གན་རྐྱལ་དུ་དགོད་པར་བྱ་བ་ནི་དཔའ་བོའི་གདན་ནོ་ཞེས་པ་ནི་ཁ་ཅིག་གོ། །སྔགས་ནི། ཨོཾ་བཱི་རཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷཱ་སརྦ་ས་

เล่ม ๖๒ · หน้า 296a

ཏྭཱ་ནཱཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བོ་དྷི་ཙིཏྟ་ཨཾ་ཀུ་ཤ་ན་མ་ཧཱ་ཀྲོ་དྷ་པུ་རེ་སརྦ་སཏྭཱ་ན་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ས་ཏྭཱ་ན་ད་ན་ཤ་པཱ་རི་མི་ཏཱ་ཡཾ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་

བཛྲ་སྥོ་ཊ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་སརྦ་ཏ་ཐཱ་ག་ཏ་ནཱཾ་ཨ་ནྱི་ཡ་ན་པྲི་ཧ་ཙིཏྟཾ་སྥོ་ཊ་ཡ་སྥོཊ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་བེ་ཤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་སརྦ་དྷ་རྨཱ་ན་ག་ར་པཱ་ལ་ནེ་ནི་ཡོ་ཛ་ཡ་ཡོ་ཛ་ཡ་ཧཱུཾ་ཕཊ། འདི་རྣམས་སྔོན་དུ་གོང་དུ་བཤད་པའི་རང་རང་གི་ཕྱག་རྒྱ་རྣམས་ཀྱིས་བྱའོ། །ཙོག་པུའི་གདན་གྱིས་

ཕོ་ཉ་དང་ཕོ་ཉ་མོ་དང་བྲན་ཕོ་དང་བྲན་མོ་བཅུ་དྲུག་གི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཉིས་མཐོ་གང་ཙམ་གྱི་བར་དུ་གདན་ལ་རྣམ་པར་བཀོད་ནས་ཙོག་པུས་གདན་ལ་གནས་པར་བྱའོ། །ཨོཾ་ཨུ་ཀ་ཊུ་ཀཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷཱ་ཨུཏ་ཀ་ཊྱ་ཀཱ་ས་ཡ་ཀཱ་ས་ཡ་སརྦ་མ་རཱན་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ཥ་ལ་

མ་ཧཱ་དུ་ཏཱ་ཀུཊྚ་ཀུཊྚ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནི་ལ་མ་ཧཱ་དཱུ་ཏ་བེ་ག་ན་ཡ་ཨཱ་ན་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་ནི་ལ་མ་ཧཱ་དཱུ་ཏ་ཛྭ་ལ་ཡ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྜཱན་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་ར་བ་མ་ཧཱ་དཱུ་ཏ་བྷཀྵ་བྷཀྵ་སརྦ་དུ་ཥྚཱན་ཧཱུཾ་ཕཊ། རྡོ་རྗེ་ཀླུང་གི་མཐེ་བོང་གཡོན་པ་གནས་པ་ལ་མེ་

ཏོག་འཆིང་བ་རབ་ཏུ་སྦྱོར་བས་སོ། །རྡོ་རྗེ་འཇིགས་བྱེད་ཀྱི་གཡས་པས་དོན་སྟེར་བ་དང་རལ་གྲིའི་ཕྱག་རྒྱའི་རྩེ་མོར་ཁུ་ཚུར་སོན་པའོ། །རྡོ་རྗེ་གཏུན་ཤིང་གི་གཡས་ཀྱི་རྩེ་མོར་དེ་བཞིན་དུ་གཏུན་ཤིང་རབ་ཏུ་བརྐྱང་སྟེ་ལག་པ་གཡོན་པ་ཡང་དེ་བཞིན་ནོ། །རྡོ་རྗེ་མེའི་གཡས་ཀྱི་འབར་བ་སྟོན་ཅིང་རྡོ་རྗེ་

ཁུ་ཚུར་རབ་ཏུ་འདར་བར་བྱའོ། །ཕོ་ཉའི་རང་གི་དམ་ཚིག་ནི་ལས་ཀྱི་ཕྱག་རྒྱའོ། གཏུན་ཤིང་གིས་གདུག་པ་འཇོམས་པའི་ཕྱིར་དར་སྐུད་ཀྱི་རང་བཞིན་ནོ། །འབར་བའི་རྩེ་མོས་གདུག་པ་ཅན་རྣམས་འདུལ་པ་སྟེ་གནོད་སྦྱིན་མོ་དང་གཟའ་རྣམས་ཉམས་པར་བྱེད་པའོ། །ཕྱག་རྒྱ་རྣམ་པར་

དག་པའོ། །ཨོཾ་བཛྲ་དཱུ་ཏི་ཨ་ན་ཡ་སརྦ་མཎྜ་ལཾ་པྲ་བེ་ཤ་ཡ་བནྡྷ་ཡ་སརྦ་ཀརྨཱ་ཎི་ཀུ་རུ་ཤཱི་གྷྲཾ་ལ་གྷུ་ཏྲ་ས་ཡ་མཱ་ར་ཡ་རོ་ཥ་ཎ་བཛྲ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་བཛྲི་ཎི་གྷུ་གྷུ་གྷུ་གྷུ་ཤ་བྷེ་ན་མཱ་ར་ཡ་མཱ་ར་ཡ་བི་ཀི་རཱ་བི་ངྷཱཾ་ས་ཡ་བཛྲ་པ་ཌ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལེ་ཛྭ་ལ་ཡ་ད་ཧ་ད་ཧ་

เล่ม ๖๒ · หน้า 296b

བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་བ་ཀ་ཊེ་དཾཥྚཱ་ཀ་རཱ་ལ་བྷཱི་ཥ་ཎ་བཀྲེ་ཤཱི་གྷྲཾ་གྲྀཧྞ་ཨ་བེ་ཤ་ཡ་བྷ་ཥ་རུ་དྷི་རཾ་བྲི་བ་མ་ཧཱ་ཡཀྵི་ཎི་བཛྲ་པཱ་ཤ་དྷ་རི་ཎི་ཧཱུཾ་ཕཊ། དཔུང་པ་བསྐུམ་ནས་རྡོ་རྗེས་རླུང་ནས་རྒྱབ་ཀྱིས་ཡོངས་སུ་བསྐོར་ཏེ་འབར་བའི་མེ་སྟག་འཕྲོ་བས་རྣམ་པར་འཇོམས་པ་ཁར་གནས་པ་ནི། ཕོ་ཉ་མོའི་

རང་གི་དམ་ཚིག་གི་ཕྱག་རྒྱའོ། །ཨོཾ་བཛྲ་བཱ་རཱ་ཧ་ཙེ་ཊ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏཱ་ནཱན་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ལ་མ་ཧཱ་ཙེ་ཊ་སརྦ་དུཥྚ་སཏྭཱནཱཾ་མ་ཧཱ་སྨྲྀ་ཏྱུཾ་ས་མུ་ཏ་པཱ་ད་ཡ་ས་མུཏ་པཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ནཱ་ཡ་ཀ་མ་ཧཱ་ཙེ་ཊ་ནིར་བྷི་གྷྣཱཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ན་གཱ་བཛྲ་མ་ཧཱ་ཙེ་ཊ་ཨ་ན་ཡ་སརྦ་

དྷ་ན་དྷྱ་ནྱ་སུ་བརྞ་མ་ཎི་མུཀྟ་ལཾ་ཀཱ་ར་དཱི་ནི་སརྦོ་བ་ཀཱ་ར་ཎཱ་ནི་བཛྲ་དྷ་ར་ས་མ་ཡ་མ་ནུ་སྨ་ར་ཨཱ་ཀཌྜྷྱ་གྲྀཧྞ་བནྡྷ་ཧ་ར་ཧ་ར་སརྦ་ཤ་ཏྲཱུཾ་ཎཾ་པྲ་ཎ་མ་ཧཱ་ཙེ་ཊ་ཧཱུཾ་ཕཊ། ཁེངས་པ་དང་བཅས་པས་གདོང་གི་མཆེ་བའི་མདུན་དུ་དབྱུག་པ་གདབ་ཅིང་རབ་ཏུ་ལྟུང་བར་བྱའོ། །དཔུང་པ་བསྐུམ་ནས་ཚིག་གིས་གཡོན་

དང་གཡས་སུ་འདིར་འཕྲོག་པའོ་ཞེས་སོ། །དཀྱིལ་འཁོར་གྱི་རྟོག་པ་ཐམས་ཅད་ལ་གཡོན་དུ་རྡོ་རྗེ་བཟུང་བས་སོ། །བྲན་གྱི་རང་གི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེའི་མཆེ་བས་ཟ་བར་བྱེད་པ་དང་གསོད་པར་བྱེད་པ་དང་བགེགས་དང་བགེགས་ཀྱི་ཚོགས་ཐམས་ཅད་གྲི་གུག་གིས་འཕྲོག་

པར་བྱེད་པས་ཐམས་ཅད་འཕྲོག་པ་ཞེས་པ་ནི། བྲན་གྱི་ཕྱག་རྒྱ་རྣམ་པར་དག་པའོ། །ཨོཾ་བཛྲ་མུ་ཁི་ཨཱ་ན་ཡ་བཛྲ་དཾཥྚཱ་བྷཱ་ཡ་ན་ཀེ་ཀ་པཱ་ལ་ནི་པཱ་སི་ནི་ཁ་ན་ཁ་ན་ཁཱ་ཧི་ཁཱ་ཧི་བཛྲ་མུ་ཁེཿཔྲ་བེ་ཤ་ཡ་སྥོ་ཊ་ཡ་མ་ར་མ་ཎི་སརྦ་དུཥྚ་བཛྲ་པཱ་ཎི་ནི་སི་ཧཾ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ལི་མ་ཧཱ་རཱུ་པི་ཎི་མ་

ནུ་ཥྱ་མཱཾ་ས་རུ་དྷི་ར་པྲི་ཡེ། ཨེ་ཧྱེ་ཧི་གྲྀཧྞ་གྲྀཧྞ་བྷ་ཀྵ་ཡ་བྷཀྵ་ཡ་བཛྲ་ཌཱ་ཀི་ནྱ་བཛྲ་ས་ཀ་ལེ་སརྦ་དེ་བ་ན་མཱ་ཧྲི་བྷུ་ཊེ་ཧ་ར་ཧ་ར་པྲ་ཎཱཾ་ཨ་མུ་ཀ་སྱ་ཀ་པཱ་ལ་མཱ་ལཱ་ལཾ་ཀྲ་ཏ་སརྦ་ཀཱ་དྷྱ་ཀིཉྩཏྟ་ཡ་སི་བཛྲ་ཁ་ཊྭཱཾ་ག་པྲེ་ཏ་མཱ་ནུ་ཥྱ་ཤ་རཱི་རེ་ཤཱི་གྷྲ་མ་བེ་ཤ་ཡ་བནྡྷ་ཡ་མ་ར་ཡ་བཛྲ་རཱཀྵ་སི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱུ་ཏ་ན་

མ་ནུ་ཥྱ་མཱཾ་ས་བ་ས་རུ་དྷི་ར་མུ་དྲ་པུ་རུ་ཥ་ཤླེ་ཤ་མ་སིཾ་ཧ་ན་ཀེ་ཏོ་གརྦྷྱ་ཧ་རི་ཎི་པཱ་ཧི་ཤཱི་གྷྲཾ་མི་ད་མ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀ་པཱ་ལ་དྷ་རི་ཎི་སརྦ་ཀརྨཱ་ཎི་མེ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཀ་རེ་གྲ་ས་གྲ་ས་ཤཱི་གྷྲཾ་ཤཱི་གྷྲཾ་པྲ་བེ་ཤ་ཡ་པཱ་ཏ་ལཾ་བྷཀྵ་ཡ་བཛྲ་མ་ཀ་ར་དྷ་ར་ཎི་ཧཱུཾ་ཕཊ། མཐའ་གཉིས་སུ་རབ་ཏུ་བཞུགས་ཏེ་ཁ་

เล่ม ๖๒ · หน้า 297a

ཡིས་བཙིར་ཞིང་དཔུང་པ་བསྡམས་ནས་རབ་ཏུ་ལྟུང་བར་བྱེད་ཅིང་ལྷན་ཅིག་ཏུ་འཕྲོག་པར་བྱེད་པ་དེ་ཉིད་དོ། །བྲན་མོ་རང་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའོ། །རོལ་པའི་གདན་གྱི་འཇིག་རྟེན་སྐྱོང་བའི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་

གིས་བཀོད་ནས་གཡོན་འགྱིང་བ་དང་བཅས་པས་རབ་ཏུ་བརྐྱང་བར་བྱའོ། །རོལ་པའི་གདན་ནོ། །སྔགས་ནི། ཨོཾ་ཨ་ལཱི་ཊ་པཱ་དཱ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་མ་རཱ་ན་ཧཱུཾ་ཕཊ། གཡོན་པའི་ཁུ་ཚུར་རྐེད་པར་བཞག་ནས་ཁུ་ཚུར་གཡས་པའི་མཛུབ་མོ་དང་གུང་མོའི་ཚིགས་གསུམ་

པ་བཀུག་སྟེ་མཛུབ་མོ་མིག་གི་རྣམ་པར་དཔྲལ་བའི་ལོགས་སུ་གཟུང་བར་བྱའོ། །འདི་ནི་དབང་པོའི་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བཛྲ་ཧཱུཾ། དེ་ཉིད་བཞིན་དུ་གཡོན་པ་བྱས་ནས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཛུབ་མོ་དང་མཐེ་བོང་བསྐམ་པར་བྱས་ཏེ། ལྷག་མ་རྩེ་གསུམ་གྱི་

རྣམ་པར་སྙིང་གར་བཟུང་བ་ནི་མེའི་ལས་ཀྱི་ཕྱག་རྒྱའོ།ཨོཾ་བཛྲ་ཛྭ་ལེ་ཧཱུཾ། དེ་ཉིད་དུ་ལག་པ་གཡོན་པ་དང་གཡས་པས་དབྱུག་པ་འཛིན་པའི་ཚུལ་དུ་བྱས་པ་ནི་གཤིན་རྗེའི་ལས་ཀྱི་ཕྱག་རྒྱའོ། །ཨོཾ་བཛྲ་མཱ་ར་ནི་ཧཱུཾ། དེ་བཞིན་དུ་ལག་པ་གཡོན་པ་དང་གཡས་པས་རལ་གྲིའི་ཚུལ་དུ་བྱས་པ་ནི་བདེན་

བྲལ་གྱིའོ། །ཨོཾ་བཛྲ་མུ་ཤ་ལ་གྲ་ཧེ་ཧཱུཾ། ལག་པ་གཡོན་པ་སྙིང་གར་བྱས་ནས་མཐེ་བོ་དང་མཐེ་ཆུང་རབ་ཏུ་བརྐྱང་སྟེ་སྦྲུལ་གྱི་རྣམ་པར་གཟུང་བར་བྱས་ཏེ། དེའི་སྟེང་དུ་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་གདེངས་ཀའི་རྣམ་པར་གཟུང་བར་བྱའོ། །འདི་ནི་ཆུ་བདག་གིའོ། །ཨོཾ་བཛྲ་ཧ་རི་ཎི་

ཧཱུཾ། གཡོན་པ་སྡིགས་མཛུབ་བཀོད་པ་བསྐྱེད་པར་བྱས་ནས་ལག་པ་གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་གུང་མོ་བ་དན་གྱི་རྣམ་པར་བྱའོ། །འདི་ནི་རླུང་གིའོ། །ཨོཾ་བཛྲ་པ་ཌེ་ཧཱུཾ། ལག་པ་གཡོན་པ་དང་གཡས་པ་དག་གི་ས་ན་ཀུ་ལི་དང་པཱི་ཛ་པཱུ་ར་ཀའི་ཚུལ་དུ་བྱའོ། །འདི་ནི་ལུས་ངན་པོའི་

ཡིན་ནོ། །ཨོཾ་བཛྲཱ་གྲ་ཧཱུཾ། ཁུ་ཚུར་གཡོན་པ་རྐེད་པར་བཞག་ནས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཐེའུ་ཆུང་དང་མཐེ་བོ་དག་རྩེ་མོ་ཡང་དག་པར་སྦྱར་ཏེ། ལྷག་མ་རབ་ཏུ་བརྐྱང་ནས་རྩེ་གསུམ་གྱི་རྣམ་པར་གཟུང་བར་བྱའོ། །འདི་ནི་དབང་ལྡན་གྱི་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི།

เล่ม ๖๒ · หน้า 297b

ཨོཾ་བཛྲ་ཤཱུ་ལཱ་གྲེ་སྭཱ་ཧཱ། ལག་པ་གཡས་པའི་ཁུ་ཚུར་གྱི་སྡིགས་མཛུབ་བསྒྲེངས་ནས་སྙིང་གར་གཟུང་བར་བྱའོ། །ལག་པ་གཡོན་པ་རབ་ཏུ་བརྐྱང་ནས་སྟེང་གཡོགས་པར་བྱའོ། །འདི་ནི་ཉི་མའི་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཛྭ་ལཱ་བཛྲེ་ཧཱུཾ་སྭཱ་ཧཱ། དེ་ལས་བཟློག་པ་ནི་ཟླ་བའིའོ། །སྔགས་ནི།

ཨོཾ་བཛྲ་སཽ་མེ་ཧཱུཾ་སྭཱ་ཧཱ། ལག་པ་གཡོན་པ་པང་དུ་རབ་ཏུ་བརྐྱང་ནས་སྤྱི་བླུགས་ཀྱི་ཚུལ་དུ་བྱས་ཏེ། ལག་པ་གཡས་པ་བགྲང་ཕྲེང་གི་ཚུལ་དུ་བྱས་པ་ནི་ཚངས་པའི་ལས་ཀྱི་ཕྱག་རྒྱའོ། །ཨོཾ་བཛྲ་དཎྜ་ཀཥྛ་ཀ་ཧཱུཾ། བདེན་བྲལ་གྱི་ཐགས་བཟངས་རིས་ཀྱི་ཡང་ངོ་། །ཨོཾ་ཨ་སུ་རེ་བྷྱཿསྭཱ་ཧཱ།

ལག་པ་གཉིས་ཀྱིས་ཐུགས་ཀར་བུམ་པ་གཟུང་བ་ནི་སའིའོ། །སྔགས་ནི། ཨོཾ་ཨ་དྷོ་པྲྀ་ཐྭཱི་དེ་བྱེ་སྭཱ་ཧཱ། ཁུ་ཚུར་གཡོན་རྐེད་པར་བཀོད་ནས་མཐེ་བོང་དང་མཐེ་ཆུང་མགོ་བོ་དང་མཇུག་མའི་རྣམ་པར་བྱས་ཏེ་ལག་པ་གཡས་པ་གདེངས་ཀའི་རྣམ་པར་གཟུང་བར་བྱའོ། །འདི་ནི་འོག་གི་ཀླུའི་ལས་ཀྱི་

ཕྱག་རྒྱའོ། །ཨོཾ་ནཱ་གེ་བྷྱཿསྭཱ་ཧཱ། དེ་རྣམས་ཀྱི་དེ་བཞིན་དུ་གདན་གྱི་རྡོ་རྗེ་ཁུ་ཚུར་དག་མདུན་དུ་བལྟ་བ་ལས་སོ། །ཨོཾ་ཨ་བྷི་མུ་ཁ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་ས་ཏྭཱན་ཧཱུཾ་ཕཊ། རྒྱབ་ཏུ་བལྟ་བ་ནི་གདོང་ཕྱིར་ཕྱོགས་པ་ལས་སོ། །སྔགས་ནི། ཨོཾ་པཱ་རཾ་མུ་ཁ་བཛྲ་མ་ཧཱ་ཀྲོ་དྷ་པ་

རཱ་མུ་ཁ་ཡ་མུ་ཁ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། དེ་ནས་བགེགས་མེད་པའི་ཕྱིར་གསང་བའི་དཀྱིལ་འཁོར་དགུག་པར་བྱ་སྟེ། ཕྱག་རྒྱ་འདི་དག་བཅས་པས། ཨོཾ་མཎྜ་ལ་ཧཱུཾ་ཛཿཞེས་པས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེ་བོའི་རྡོ་རྗེས་དཀྱིལ་འཁོར་ཐམས་ཅད་གདན་འདྲེན་པའི་ཕྱག་རྒྱའོ། །

རྡོ་རྗེ་འཁོར་ལོ་ཕྱག་རྒྱའི་ཕྱིར་ཡང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་མ་ཧཱ་བཛྲ་ཙཀྲེ་ཨ་དྷི་ཏིཥྛ་སྭ་སིདྡྷྱ་ཧཱུཾ། ཞེས་འདིས་སྔོན་དུ་གསུངས་པའི་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་ཕྱག་རྒྱ་འདིས་སོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་བུ་རྣམས་ཤིན་ཏུ་མཁྲེགས་པའི་ཤིང་གི་རང་བཞིན་རྣམས་མ་རུལ་

པའི་རང་བཞིན་རྣམས་ཀྱང་སྲིད་དུ་སོར་བཅོ་བརྒྱད་དམ་སོར་བཅུ་གཉིས་སམ་སོར་བརྒྱད་པ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སྦོམས་སུ་སོར་མོ་དྲུག་དང་བཞི་དང་ཕྱེད་དང་བཅས་པའི་སོར་གཉིས་པའི་ཕུར་བུ་བཞི་དཀྱིལ་འཁོར་གྱི་ཕྱིའི་མཚམས་བཞི་ལ་ཕུར་བུས་གདབ་པར་བྱ་སྟེ། ཨོཾ་བཛྲ་ཀཱི་ལ་ཡ་

เล่ม ๖๒ · หน้า 298a

སརྦ་བིགྷྣཱཾ་བནྡྷ་ཧཱུཾ། ཞེས་པ་འདིས་སྙིང་པོ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས། དེ་རྣམས་སྒྲུབ་པ་པོ་ཕྱི་མ་ལ་གཏད་པར་བྱ་སྟེ་སྒྲུབ་པ་པོ་གཅིག་གི་ཕྱོགས་ལའོ། །སྒྲུབ་པ་པོ་ཕྱི་མ་བཞིའི་ཕྱོགས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་རེ་རེ་གཏད་པར་བྱའོ། །འདི་ལྟ་

སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཨོཾ་བཛྲ་བི་ཛ་ཡ་མ་ཧཱ་ཀྲོ་དྷ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་ཤར་སྒོའི་སློབ་དཔོན་གྱིས་དབང་ལྡན་དུ་ཕུར་བུས་གདབ་པར་བྱ་སྟེ་ལག་པ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བ་མན་ཆད་རྩེ་མོའི་རྣམ་པ་དེའི་

སྟེང་ཁྲོ་བོའི་གཟུགས་མི་བསྐྱོད་པའི་རང་བཞིན་དུ་ཕུར་བུ་བསམ་པར་བྱའོ། །ལག་པ་གཡས་པས་རྡོ་རྗེའི་ཐོ་བ་རྩེ་མོ་གསུམ་པས་བརྡུང་བར་བྱའོ། །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་པས་སོ། །དེ་ནས་ལྷོའི་སྒོའི་སློབ་དཔོན་གྱིས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་

ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཨོཾ་མེ་གྷཱ་ནཱ་བཛྲ་མ་ཧཱ་ཀྲོ་དྷ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་ཕུར་བུ་བསམ་པར་བྱས་ནས། མེའི་ཕུང་པོ་བརྡུང་བར་བྱ་སྟེ། ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་ནས་ནུབ་ཀྱི་སྒོའི་སློབ་དཔོན་གྱིས། ཨོཾ་གྷ་

གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཨོཾ་མ་ཧོ་ད་ར་བཛྲ་མ་ཧཱ་ཀྲོ་དྷ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ནས་འོད་དཔག་མེད་ཀྱི་རང་བཞིན་གྱི་ཁྲོ་བོའི་སྐུར་བསམས་ནས་བདེན་བྲལ་གྱི་ཕུར་བུ་བརྡུང་བར་བྱ་སྟེ་ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་ནས་བྱང་སྒོའི་སློབ་དཔོན་

གྱིས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཨོཾ་ཛ་ཡ་བཛྲ་མ་ཧཱ་ཀྲོ་དྷ་བཛྲ་དྷར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ནས་དོན་ཡོད་གྲུབ་པའི་རང་བཞིན་གྱི་ཁྲོ་བོའི་སྐུར་ཕུར་བུ་བསམས་ནས་རླུང་དུ་ཕུར་བུ་བརྡུང་བར་བྱའོ། །དེ་ནས་འཁོར་ལོའི་དབང་ཕྱུག་གིས་སྔོན་

མ་བཞིན་དུ་འགྱིང་བ་དང་བཅས་པས་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས་གདོང་མངོན་དུ་ཕྱོགས་པས་རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ནས་རྐེད་པའི་ཕྱོགས་སུ་བཞག་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡས་སྐོར་གྱིས་ཕུར་བུ་བརྡུང་བར་བྱ་སྟེ། ཕུར་བུ་ལྷར་བསྒོམས་པ་དེ་ཉིད་ཀྱིས་ཕྱོགས་

เล่ม ๖๒ · หน้า 298b

བརྒྱད་རྣམས་སུ་བྱའོ། །སྔགས་ནི། ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། བརྡུང་བ་འདི་ཡང་སྔོན་མ་བཞིན་དུའོ། །དེ་ལ་མཚམས་རྣམས་སུ་རྣམ་པར་རྒྱལ་བ་ལ་སོགས་པའོ། །ཕྱོགས་རྣམས་སུ་གོ་རིམས་བཞིན་དུ་གཤིན་རྗེ་གཤེད་ནི་འཇིག་རྟེན་གསུམ་རབ་ཏུ་བསྒྲུབ་པས། དཔའ་བོ་

རྣམ་པར་གནོན་པས་རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུར་བསམ་པར་བྱའོ། །ཡང་ན་ཕྱག་རྒྱ་འདིས་ཕུར་བུས་གདབ་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་བཅིངས་ནས་གུང་མོའི་རྩེ་མོ་དང་མཛུབ་མོ་དག་བསྐུམ་ནས་མཐེ་བོ་སྟེང་དུ་དགོད་པར་བྱའོ་ཞེས་སོ། །དེ་རྣམས་སུ་ཡང་ཕུར་བུ་རྣམས་ལ་གདུགས་དང་ཉེར་སྤྱོད་

ལྔ་དང་གཏོར་མ་འབུལ་བས་ཀྱང་མཆོད་པར་བྱའོ། །དེ་བཞིན་དུ་ཕུར་བུ་རྣམས་བརྡུང་བ་ན་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོས་དེ་ཉིད་དང་རོ་གཅིག་པར་རྣམ་པར་བསམ་པར་བྱའོ། །བགེགས་ལྷག་མ་རྣམས་ཀྱང་རིང་དུ་འབྲོས་པར་བྱེད་དོ། །དེ་ཉིད་ཀྱི་སྟེང་དང་འོག་དང་ཕྲེད་དུ་ཁོར་ཡུག་

ཆེན་པོའི་མཐར་ཐུག་པར་འགྲོ་བ་རྣམས་ལ་ཐམས་ཅད་དུ་བགེགས་རྣམས་གྲོལ་བར་མོས་པར་བྱའོ། །དེ་ནས་བགེགས་མེད་པའི་ས་གཞི་འོད་ཟེར་འབར་བའི་རྣམ་པར་བལྟས་ནས་ཕུར་བུ་ལས་ཕྱི་རོལ་དུ་རྡོ་རྗེའི་གུར་འོད་ཟེར་དང་བཅས་པའོ། །དེ་ནས་ཕྱི་རོལ་དུ་རྡོ་རྗེ་ར་བའི་འོད་ཟེར་དང་

བཅས་པ་བལྟས་ནས། དེ་ལས་ཕྱི་རོལ་དུ་ཕྱོགས་བཅིང་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ་གྲུ་བཞི་པོ་དེ་ལས་མཚམས་བཅིང་བར་བྱ་སྟེ། མེའི་དཀྱིལ་འཁོར་ཡང་གྲུ་གསུམ་ཁ་དོག་དམར་པོ་བསྒོམ་པར་བྱའོ། །སྔོན་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་དག་གིས་

བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ནི་གོ་རིམས་ཀྱི་ཆོ་གའོ། །དེའི་རྗེས་ལ་བཾ་ཡིག་ལས་བྱུང་བའི་ལྷ་མོ་བསྒོམ་པར་བྱ་སྟེ། ལག་པ་གཡས་པ་ལ་ཟླ་བ་ལ་ཧཱུཾ་གི་ཡི་གེ་ལན་གསུམ་རྣམ་པར་བསམས་ཏེ་སོར་མོའི་རྩེ་མོས་ལན་གསུམ་བསྣུན་ནས་དེའི་སྒྲ་དང་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡང་དག་པར་

བསྐུལ་བ་ལས་བྱུང་བའི་ཡེ་ཤེས་སེམས་དཔའི་སྐུ་སའི་ལྷ་མོ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་སྐུ་མདོག་སེར་མོ་ཞི་ཞིང་ན་བཟའ་དཀར་པོ་བསྣམས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་ཕྱག་གཡས་པ་དང་གཡོན་གཉིས་ཀྱིས་གསེར་གྱི་བུམ་པ་བཟང་པོ་བསྣམས་པ། ཞལ་གཅིག་མ་འདོད་

เล่ม ๖๒ · หน้า 299a

པའི་རྒྱལ་པོའི་ཕྱག་རྒྱ་ལ་ཕྱི་རོལ་དུ་མདུན་དུ་བཞུགས་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ནས་དེ་མ་ཐག་ཏུ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་དེ་བི་པྲྀ་ཐྭཱི་ལོ་ཀ་མཱ་ཏ་ར་སརྦ་རཏྣ་ས་པཱུ་ཎེ་དི་བྱ་ལཾ་ཀཱ་ར་བྷུ་ཥི་ཏ་མ་ཧཱ་ནུ་སུ་ར་ནི་ར་ནཱ་དི་ཏེ་བཛྲ་སཏྭ་པྲ་པཱུ་ཛི་ཏེ། ཨི་དཾ་

གཾ་གྲ་ཧཱི་ཏྭཱ་མཎྜ་ལ་ཀརྨ་སུ་སཱ་དྷ་ཡ་ཧྲཱིཿཧི་ཧཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་འབབ་པ་སྔོན་དུ་འགྲོ་བའི་མི་བསྐྱོད་པའི་ཕྱག་རྒྱས་ས་ལ་རེག་ནས་བསླང་བར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་

དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་འཇོམས་ལྟར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་བཞིན་བདུད་དཔུང་གཞོམ་པར་བགྱི། །དངོས་གྲུབ་ཀུན་ལ་རབ་འཇུག་ཕྱིར། །དཀྱིལ་འཁོར་བདག་གིས་བྲི་བར་བྱ། །ཞེས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་ནས་

སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེས་ཀྱང་དེ་བཞིན་དུ་གྱིས་ཤིག་ཅེས་གསུངས་ནས་དེ་ལ་དེ་བཞིན་དུ་ཐིམ་པར་བསམ་པར་བྱའོ། །དེ་ནས་མཐིལ་དུ་རྡོ་རྗེ་བཅིངས་པས་དེའི་ས་གཞི་བརྟེན་པའོ། །ཨོཾ་བཛྲ་བྷ་བ་ཧཱུཾ། ཞེས་མངོན་པར་བསྔགས་པས་བཅིང་བ་ལས་མངོན་པར་བྱུང་བའི་ཧཱུཾ་

ཡིག་འབར་བ་རྣམ་པར་འཕྲོས་པས་བཅུད་ཀྱི་མཐིལ་ལ་ཐུག་པ་རྡོ་རྗེའི་རང་བཞིན་དུ་བསྒོམ་པར་བྱའོ། །ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཱཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས། བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ས་གཞི་རང་དབང་དུ་གྱུར་པར་རིག་པར་བྱའོ། །འདི་ནི་ནོར་རྒྱུན་མ་ལྷག་པར་

གནས་པའི་ཆོ་གའོ།། །།སོ་སོར་ཇི་ལྟར་རིགས་པའི་ཚད་ཀྱི་མཚན་ཉིད་དང་ལྡན་པའི་གུར་དང་སྟེགས་བུ་ལ་ཐིག་གདབ་པར་བྱའོ། །དེ་ལ་འདིར་ཐིག་གདབ་པ་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་མ་ཉམས་པའི་ཀླུའི་ཕྱོགས་མཚོན་པར་བྱས་ནས་ཚངས་པའི་ཐིག་གདབ་པར་བྱས་ལ། དེ་ནས་

གཤིན་རྗེ་དང་ལུས་ངན་གྱི་ཕྱོགས་མཚོན་པར་བྱས་ནས་ཉའི་མཇུག་མ་དག་གི་དབུས་སུ་ཐིག་སྐུད་བཟུང་ནས་ཚངས་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་ཟུར་གྱི་ཐིག་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་ཕྱོགས་ཀྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་གཅིག་གིས་བར་རྩ་བའི་

เล่ม ๖๒ · หน้า 299b

ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་གཉིས་ཀྱི་བར་དུ་བརྒྱད་ཆའི་ཆ་གཅིག་གིས་སྒོའི་ཚད་དེའི་ཕྱེད་དུ་ཐིག་བཞི་གདབ་པར་བྱའོ། །སྒོའི་བཞི་ཆ་གཅིག་གིས་ཆ་ཆུང་གི་ཚད་དོ། །སྒོའི་ཐིག་ལས་ཕྱི་རོལ་དུ་ལོགས་དག་ཏུ་སོ་སོར་ཆ་ཆུང་རེ་རེའི་བར་དུ་ཐིག་གསུམ་གདབ་པར་བྱའོ། །

དེའི་ཕྱི་རོལ་དུ་ཆ་ཆུང་ལྔའི་བར་དུ་ཐིག་རེ་རེ་གདབ་པར་བྱའོ། །རྩ་བའི་ཐིག་ལས་ཕྱི་རོལ་དུ་ཕྱོགས་བཞིར་ཆ་ཆུང་གཉིས་སྤངས་པར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་ཐིག་

བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་ལས་ཕྱི་རོལ་དུ་ཟུར་ཐིག་ནས་བརྩམས་ཏེ་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་ནས་རྡོ་རྗེ་ཕྲེང་བའི་ཐིག་སྐུད་ཟླུམ་པོ་གཅིག་གདབ་པར་

བྱའོ། །ཕྱོགས་ཀྱི་ཐིག་གི་ནང་དུ་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །དེའི་ནང་དུ་ཆ་ཆུང་གཅིག་སྤངས་པར་རྡོ་རྗེའི་ཕྲེང་བའི་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །དེའི་ནང་དུ་ཕྱོགས་བཞི་རྣམས་སུ་ཆ་ཆུང་དགུ་དགུ་རྣམས་སུ་དཀྱིལ་འཁོར་བཞི་ཟླུམ་པོ་ལ་ཐིག་བཞི་གདབ་པར་

བྱའོ། །ཐམས་ཅད་ཀྱི་ནང་དུ་ཆ་ཆུང་བཅུ་པ་གཙོ་བོའི་གནས་ལ་ཟླུམ་པོའི་ཐིག་གཅིག་གདབ་པར་བྱའོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་སྟེགས་བུ་དང་བྲལ་བར་འགྱུར་རོ། །དེར་ཐིག་རྣམས་ནི་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཆའི་ཚོགས་པ་ནི་བཞི་བཅུ་རྩ་བརྒྱད་དོ། །དེ་བཞིན་དུ་ཡང་

གསུངས་ཏེ། གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་དང་ནི་བྲལ་བར་འདོད། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །རྟ་བབས་དང་བྲལ་གཞན་ལའོ། །ཞེས་སོ། །སྟེགས་བུ་དང་བཅས་པའི་ཚངས་ཐིག་དང་ཟུར་ཐིག་གི་ནང་ལ་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་

གཅིག་སྤངས་པར་རྡུལ་ཚོན་གྱི་སའི་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་གཉིས་ནང་གི་བརྒྱད་ཆ་གཅིག་གིས་སྒོའི་ཚད་དོ། །དེའི་དོན་དུ་ཐིག་བཞི་གདབ་པར་བྱའོ། །སྒོའི་བཞི་ཆ་གཅིག་ནི་ཆ་ཆུང་གི་ཚད་དོ། །སྒོའི་ཐིག་ལས་ཕྱི་རོལ་གྱི་ལོགས་གཉིས་སུ་སོ་སོར་རེ་རེ་ཞིང་ཆ་

เล่ม ๖๒ · หน้า 300a

ཆུང་རེ་སྤངས་པར་ཐིག་དྲུག་དྲུག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་ཀྱི་ནང་དུ་རྩ་བའི་ཐིག་བཞི་གདབ་པར་བྱའོ། །རྡུལ་ཚོན་གྱི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་སྟེགས་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་

རིན་པོ་ཆེའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་དྲ་བ་དང་དྲ་བ་ཕྱེད་པའི་སའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་མདའ་ཡབ་ཀྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་གྲུ་བཞི་པ་

རྡོ་རྗེའི་ཕྲེང་བའི་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་ནི་ནང་དུ་ཟླུམ་པོའི་ཐིག་གཅིག་གོ །དེའི་ནང་དུ་དཀྱིལ་འཁོར་ལྔ་ཆ་ཆུང་བཅུ་པའི་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །འདི་ནི་ནང་གི་དཀྱིལ་འཁོར་སྟེགས་བུ་དང་བཅས་པར་གྱུར་པས་ཐིག་བདུན་ཅུར་འགྱུར་རོ། །དེ་བཞིན་

དུ་ཡང་གསུངས་ཏེ། གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་ཡིས་ནི་ཡོངས་སུ་བསྐོར། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཕྱི་ཡི་དཀྱིལ་འཁོར་ཉིད་ལས་གཞན། །རྟ་བབས་དང་ནི་བྲལ་བའོ། །ད་ནི་ཕྱིའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། རྡོ་རྗེ་

ཕྲེང་བའི་ཐིག་ལས་ཕྱི་རོལ་དུ་ལྷའི་སྣམ་བུའི་ཐིག་བཞིར་རིག་པར་བྱའོ། །དེའི་ཕྱི་རོལ་གྱི་ནང་སྒོའི་ཉིས་འགྱུར་སྤངས་པར་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ཡོངས་སུ་བཅད་པའི་འཁོར་ལོའི་བརྒྱད་ཆའི་ཆ་གཅིག་གིས་སྒོའི་ཚད་དོ། །དེའི་ཕྱིར་ཐིག་བཞི་གདབ་པར་བྱའོ། །

དེའི་ཕྱི་རོལ་དུ་ལོགས་གཉིས་དག་ཏུ་སོ་སོར་རེ་རེ་ཞིང་ཆ་ཆུང་རེ་རེ་སྤངས་པར་ཐིག་དྲུག་དྲུག་གདབ་པར་བྱའོ། །དེ་ནས་གྲུ་བཞི་པའི་དཀྱིལ་འཁོར་ལས་རྩ་བའི་ཐིག་ལས་ཕྱི་རོལ་དུ་ཀུན་ནས་སྒོའི་བཞི་ཆའི་ཚད་ཀྱི་རྡུལ་ཚོན་གྱིས་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོའི་ཕྱེད་ཀྱི་ཚད་

ཀྱི་སྟེགས་བུའི་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་པོ་ཆེའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་དྲ་བ་དྲ་ཕྱེད་ཀྱིས་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་ཆེན་

เล่ม ๖๒ · หน้า 300b

ཤར་བུའི་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོ་གསུམ་གྱི་དཔངས་ཀྱིས་རྟ་བབས་སོ། །དེའི་སྟེང་དུ་སྟེགས་བུའི་ཚད་ཀྱིས་རི་དྭགས་དང་འཁོར་ལོའོ། །དེའི་སྟེང་དུ་ཆ་ཆུང་གཅིག་གི་རྩེ་མོའོ། །དེའི་རྩེ་མོར་ཟླུམ་པོའི་ཐིག་གོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་

གེ་སར་གྱི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གསུམ་གྱིས་པདྨའི་འདབ་མའི་ཐིག་ཟླུམ་པོའི་ཐིག་གོ། །དེའི་ཕྱི་རོལ་དུ་ཐིག་གསུམ་གྱིས་པདྨའི་འདབ་མའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་རྡོ་རྗེ་ཕྲེང་བའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་སྒོའི་ཚད་

ཀྱིས་འབར་བའི་ཕྲེང་བའི་ཐིག་ཟླུམ་པོའོ་ཞེས་པས་ཕྱིའི་དཀྱིལ་འཁོར་ལ་ཟུར་ཐིག་དང་ཚངས་ཐིག་དང་ལྷན་ཅིག་གི་དྲུག་ཅུ་རྩ་ལྔར་འགྱུར་རོ། །ཆ་ཆུང་རྣམས་ནི་དགུ་བཅུ་རྩ་བརྒྱད་དོ། །ནང་དུ་སྟེགས་བུ་དང་བཅས་པའི་ཕྱོགས་ལ་ལྷའི་སྣམ་བུའི་ཐིག་དང་བྲལ་བའོ། །དེ་ནས་ཀ་བའི་སྟེང་དུ་རྟ་

བབས་ཀྱི་སྣམ་བུའི་ཕྲེད་དུ་ཕྱེད་དང་བཅས་པའི་ཆ་ཆུང་ཉི་ཤུ་རྩ་གཉིས་སོ། །དེའི་སུམ་ཆའི་ཆ་གཅིག་གི་ཡོན་ཏན་དོ་ཤལ་ལོ། །ཆོས་ཀྱི་འཁོར་ལོའི་འོག་ཏུ་སྣམ་བུའི་ཆ་ཆུང་ལྔ་པ་དེ་ལ་གནས་པའི་རི་དྭགས་དང་རི་དྭགས་མོ་དག་གོ། །དེ་དག་གི་བར་ཇི་ལྟ་བར་མཛེས་པར་

བྱའོ། །ལྷའི་སྣམ་བུའི་ཐིག་ལས་ཕྱི་རོལ་དུ་གླང་པོ་ཆེའི་མགོ་བོར་སེང་གེའི་ལག་པ་གདེངས་པའོ། །འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གྲུ་བཞི་པའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་དྲུག་པའི་འཇིག་རྟེན་སྐྱོང་བའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ་ཞེས་པ་ནི་ཐིག་གི་ཆོ་

གའོ།། །།ད་ནི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ཇི་ལྟར་རིགས་པའི་དཀར་པོ་ལ་སོགས་པའི་རྡུལ་ཚོན་གྱིས་བྲིས་པའི་པདྨ་འདབ་མ་བརྒྱད་པའི་ཟི་འབྲུ་ལ་ལས་ཐམས་ཅད་པའི་བུམ་པ་གཞག་པར་བྱའོ། །དེའི་མདུན་དུ་འདབ་མ་རང་རང་གི་ཁ་དོག་གིས་མཚན་པའོ། །

ཚོན་སྣ་ལྔས་ཁ་བསྒྱུར་བའི་ཐིག་སྐུད་གཞག་པར་བྱའོ། །ལྷོའི་འདབ་མ་ལ་རྡོ་རྗེ་གཞག་པར་བྱའོ། །བྱང་གི་འདབ་མ་ལ་དྲིལ་བུ་གཞག་པར་བྱའོ། །ནུབ་ཀྱི་འདབ་མ་ལ་དུང་ངོ་། །མེ་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་རྡུལ་ཚོན་གྱི་

เล่ม ๖๒ · หน้า 301a

སྣོད་རྣམས་སོ། །བུམ་པའི་སྟེང་དུ་རྡུལ་ཚོན་དཀར་པོའི་སྣོད་གཞག་པར་བྱའོ། །དེ་ལ་རང་རང་གི་སྔགས་ཀྱིས་ལྷག་པར་གནས་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ལས་ཐམས་ཅད་པའི་སྔགས་དང་། ཨོཾ་བཛྲ་མྲྀ་ཏོ་ད་ཀ་ཧཱུཾ། ཞེས་པའི་སྔགས་འདི་དག་གིས་སོ་སོ་ལ་

ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་བུམ་པ་ལྷག་པར་གནས་པར་བྱའོ། །འདིར་ཡང་སྔོན་དུ་གསུངས་པའི་བསྒོམས་པ་དང་བུམ་པའི་ཉེར་སྤྱོད་རྣམས་དང་། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དྲིལ་བུ་

དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཨཿཞེས་པ་འདི་རྣམས་ཀྱི་རང་རང་གི་ས་བོན་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པའི་ཐིག་སྐུད་རྣམས་ལ་དགོད་དོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་རྡོ་རྗེ་བཅིངས་པ་ལ་བརྟེན་ནས་ལན་བརྒྱ་རྩ་བརྒྱད་ཀྱིས་ཐིག་སྐུད་བྱིན་

གྱིས་བརླབ་པར་བྱའོ། །མཆོད་ཡོན་ལྔ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ།

ཨོཾ་བཛྲ་སཏྭ་ཧཱུཾ། སྔགས་འདི་དག་གིས་སོ་སོ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བརྗོད་ནས་རྡོ་རྗེ་ལྷག་པར་གནས་པར་བྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་ནོ། །རྡོ་རྗེ་ལྷག་པར་གནས་པའོ། །དེ་བཞིན་དུ་ཨ་ཡིག་ལས་བྱུང་བའི་དྲིལ་བུ་ཁ་དོག་དཀར་པོ་རྣམ་པར་

བསྒོམས་ཏེ། ཨོཾ་ཀརྨྨ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྚེ་ཨཿཨཿསྔགས་འདི་དག་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དྲིལ་བུ་ལྷག་པར་གནས་པའོ། །དེ་ནས་བཾ་ཡིག་ལས་བྱུང་བའི་དུང་ཁ་དོག་དཀར་པོ་རྣམ་པར་བསམས་ཏེ། ཨོཾ་རཏྣ་བཛྲ་ཏྲཱཾ། ཨོཾ་དྷརྨྨ་བཛྲ་ཧྲཱིཿསྔགས་

འདི་དག་གི་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དུང་ལྷག་པར་གནས་པའོ། །དེ་ནས་ཇི་ལྟར་འབྱོར་པའི་རིན་པོ་ཆེ་ལས་བྱུང་བའམ་རྩ་བ་ལས་བྱུང་བའམ་འབྲུ་ལས་བྱུང་བའམ་མེ་ཏོག་ལས་བྱུང་བ་རྣམས་ལ། རེ་རེ་ཞིང་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་

เล่ม ๖๒ · หน้า 301b

པོ་དང་ལྗང་གུའི་ཚོགས་རྣམས་ལ་བཾ་ཡཾ་ལཾ་རཾ་ཧཾ་ཞེས་པའི་ས་བོན་རྫོགས་པ་ལས་བྷྲཱུཾ་ཧཱུཾ་ཨཱཾ་ཛྲཱྀཾ་ཁཾ་རྣམས་ལས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་ངོ་བོར་བསྒོམས་ནས་བྲུཾ་ཡིག་ལ་སོགས་པ་གྲུབ་པའི་ཡེ་ཤེས་ཀྱི་ཚོན་ལ་ནམ་མཁའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་

ཀར་བཞུགས་ཏེ་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམ་མོ། །ཨོཾ་བྲུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རྡུལ་ཚོན་དཀར་པོའིའོ། །དེ་བཞིན་དུ་ཨོཾ་ཧཱུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་ནག་པོའིའོ། །དེ་བཞིན་དུ་ཨོཾ་ཨཱཾ་བཛྲ་ཙི་ཏྲ་

ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་སེར་པོའིའོ། །དེ་བཞིན་དུ་ཨོཾ་ཛྲྀཾ་བཛྲ་ཙི་ཏྲ་ས་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་དམར་པོའིའོ། །དེ་བཞིན་དུ་ཨོཾ་ཁཾ་བཛྲ་ཙི་ཏྲ་ས་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་ལྗང་གུའིའོ། །དེ་བཞིན་དུ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པས་རྡུལ་ཚོན་གཞན་རྣམས་ལའོ། །རྡོ་རྗེ་ཉི་མའི་ཁྲོ་

བོའི་དམ་ཚིག་གི་ཕྱག་རྒྱའི་མཐིལ་ལས་ཡང་ཧྲིཿཡིག་ལས་ཀྱང་སོ་སོ་རེ་རེ་ཞིང་རྡུལ་ཚོན་འབར་བར་བྱས་ཏེ། ལག་པ་གཉིས་རབ་ཏུ་བརྐྱང་ནས་མཐེ་བོ་གཉིས་སྐྱིལ་ཀྲུང་བྱས་ནས་མཛུབ་མོ་གཉིས་ཁ་མཚམས་སྦྱར་ནས་ལྷག་མ་རྣམས་འབར་བའི་རྣམ་པས་ཉི་མའི་དཀྱིལ་འཁོར་དུ་

བྱའོ། །རྡོ་རྗེ་ཉི་མ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་བྱའོ་ཞེས་པ་ནི་རྡུལ་ཚོན་ལྷག་པར་གནས་པའོ།། །།དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པས་བསང་གཏོར་བྱས་ལ་བར་དུ་གཅོད་པ་མེད་པའི་ས་ཕྱོགས་སུ་བཞུགས་

ནས་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱས་ཐམས་ཅད་བསྲུང་ཞིང་བརྟན་པར་བྱས་ལ་རྡོ་རྗེ་གོ་ཆས་གོ་ཆར་བྱའོ་ཞེས་སོ། །དེའི་རྗེས་ལ་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་དང་། སྒྲུབ་པ་པོ་ཕྱི་མ་ཡང་ལས་ཀྱི་ངོ་བོར་རྣམ་པར་བསམས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་ནི་དཔེར་བརྗོད་པའོ། །

ཨོཾ་བཛྲ་ཀརྨྨ་ཀཾ་ཧཱུཾ་ཞེས་པ་ཡང་ངོ་། །རབ་ཏུ་འབར་བའི་མཆེ་བའི་ལྕགས་ཀྱུས་ཁུག་ཅིག་ཅེས་པ་ནི་སྒྲུབ་པ་པོ་ཕྱི་མའིའོ། །རང་ཉིད་ཀྱི་མིག་གཉིས་ལ་མ་དང་ཊའི་ཡི་གེ་དག་བཀོད་ནས་མིག་གཡས་པ་དང་གཡོན་པ་དག་ཉི་མ་དང་ཟླ་བར་བསྐྱེད་ནས་རྡོ་རྗེའི་ལྟ་བས་བརྟན་པར་བྱའོ། །

เล่ม ๖๒ · หน้า 302a

ཨོཾ་ཨཱཿཨ་ཨཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཐིག་སྐུད་བྱིན་གྱིས་བརླབས་ལ་འཁོར་ལོའི་དབང་ཕྱུག་བདེན་བྲལ་དུ་གནས་ཏེ། །དབང་ལྡན་གྱི་ཕྱོགས་སུ་སྒྲུབ་པ་པོ་ཕྱི་མ་གནས་ནས་ཕན་ཚུན་དུ་བརྐྱང་ནས་ཐིག་སྐུད་བསྒྲིལ་བར་བྱའོ། །སྔགས་ནི། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཱཿསརྦ་

དྷརྨྨཿསྥ་རཱ་ནུ་པྲ་བིཥྚཿསརྦ་དྷརྨྨཿཨ་ཏྱནྟཱ་ནུ་པྲ་བིཥྚཿསརྦ་དྷརྨྨཿཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པས་ཐིག་སྐུད་བསྒྲིལ་བར་བྱའོ། །དེའི་རྗེས་ལ་སྒྲུབ་པ་པོ་ཕྱི་མ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་ཀྱི་རང་གི་མཚམས་སུ་གནས་ནས་ལྷ་ལ་སོགས་པ་རྣམས་ལ་གཏོར་མ་ཆེན་པོ་དབུལ་བར་

བྱའོ། །འཁོར་ལོའི་དབང་ཕྱུག་དཀྱིལ་འཁོར་ལ་ཞལ་མངོན་པར་ཕྱོགས་པས་བཞུགས་ཏེ་ལྷ་ལྷག་པར་གནས་པར་བྱའོ། །དེ་ལ་འདིར་གཏོར་མའི་ཆོ་ག །ཡཾ་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ནག་པོའོ། །དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོའོ། །དེའི་སྟེང་

དུ་ཧཱུཾ་ཡིག་གསུམ་ལས་ཡང་དག་པར་བྱུང་བའི་ཐབ་ཀྱི་སྟེང་དུ་ཨཿཡིག་ལས་བྱུང་བའི་ཟས་ཀྱི་སྣོད་དཀར་པོ་ཆེན་པོ་དེ་ལས་འབྲས་ཆན་ལ་སོགས་པས་ཡོངས་སུ་གང་བ་ལ། བྷྲཱུཾ་ཧཱུཾ་ཨཱཾ་ཛྲཱྀཾ་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་གི་ཡི་གེ་རྣམས་ལས་བྱུང་བའི་སྒྲོན་མ་ལྔའི་གཟུགས་རབ་ཏུ་འབར་བའི་བདུད་རྩི་ལྔར་

བྱིན་གྱིས་བརླབ་པར་བྱའོ། །རླུང་གིས་མེ་རབ་ཏུ་འབར་ཞིང་མེའི་དྲོད་ཀྱིས་རྣམ་པར་ཞུ་ནས་ཡི་གེ་ལ་སོགས་པ་རྣམས་ཉི་མ་གསར་བའི་ཁ་དོག་ལྟ་བུ་ཁུ་བའི་གཟུགས་སུ་ཁོལ་ཏེ། །དེའི་རླངས་པ་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་ཞུ་བ་ལས་བདུད་རྩིར་

གྱུར་ཏེ་དངུལ་ཆུ་དང་མཚུངས་པ་ཤིན་ཏུ་འབར་བར་རྣམ་པར་བསྒོམས་ནས། །དེའི་སྟེང་དུ་ཨོཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡང་རྣམ་པར་བསྒོམས་ཏེ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུར་སོང་སྟེ་ལྷ་དང་ལྷ་

མོ་རྣམས་གདན་དྲངས་ཏེ་འོ་མའི་རྒྱ་མཚོ་བདུན་ལས་བདུད་རྩི་རྣམས་བླངས་ཏེ་དེ་ལ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་ཡི་གེ་གསུམ་གྱིས་རྡོ་རྗེ་དང་ཟླ་བའི་དཀྱིལ་འཁོར་ལ་ཡང་དེ་ལ་དེ་བཞིན་དུ་རྣམ་པར་ཐིམ་པར་བལྟས་ཏེ། །ཡི་གེ་གསུམ་གྱིས་ལན་གསུམ་དུ་བྱིན་གྱིས་བརླབས་

เล่ม ๖๒ · หน้า 302b

ཏེ་དེ་ཡེ་ཤེས་བདུད་རྩིར་བསྒྲུབས་ནས་འཆད་པར་འགྱུར་བའི་རིམ་པས་དམ་ཚིག་པ་གདན་དྲངས་བ་དང་གཤེགས་པའི་ཕྱག་རྒྱས་བལྟས་ནས་པི་ཝང་ལ་སོགས་པ་རོལ་མོ་བཅུའི་སྒྲ་བྱས་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་མཆོད་ནས་ལྷའི་དབང་པོ་ལ་སོགས་པའི་འཇིག་

རྟེན་སྐྱོང་བ་རྣམས་དཔུང་པ་བཟང་པོའི་རྒྱུད་ཀྱི་ཚིགས་སུ་བཅད་པ་ཡོངས་སུ་བརྗོད་པས་གཏོར་མ་ཆེན་པོ་དབུལ་བར་བྱའོ། །དེ་ལ་དེ་བཞིན་དུ་ཡང་སྙིང་པོ་ལྔའི་རྒྱུན་སྦྲེང་བར་བྱའོ། །དེ་ལ་ཁམས་ལ་མངོན་པར་ཆགས་པའི་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར་འོ་མའི་རྒྱུན་ནོ། །དེ་བཞིན་

དུ་སྐྱེ་མཆེད་ལ་མངོན་པར་ཞེན་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་རྐང་མར་གྱི་རྒྱུན་ནོ། །དེ་བཞིན་དུ་ཕུང་པོ་ལ་མངོན་པར་ཞེན་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་དྲི་བཟངས་ཀྱི་རྒྱུན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་མངོན་པར་ཆགས་པའི་ལྷ་རྣམས་ཚིམ་པར་བྱ་བའི་

ཕྱིར་ཆང་གི་རྒྱུན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སེམས་སུ་འགྱུར་བའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཁྲག་གི་རྒྱུན་ནོ། །དེ་ནས་གཤེགས་པར་བྱ་སྟེ། དུང་དང་རྔ་ལ་སོགས་པའི་རོལ་མོའི་སྒྲ་སྔོན་དུ་འགྲོ་བས་གཡས་སྐོར་དུ་རིམ་གྱིས་གཏོར་མ་ཆེན་པོ་རབ་ཏུ་དབུལ་

བར་བྱའོ་ཞེས་པ་ནི་གཏོར་མའི་ཆོ་གའོ། །ད་ནི་འདིར་ལྷ་ལྷག་པར་གནས་པའོ། །དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟགས་ནས་དཀྱིལ་འཁོར་གྱི་གནས་ཐམས་ཅད་དུ་དྲི་བཟངས་ཀྱིས་ཉེ་བར་བྱུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྔའི་གནས་རྣམས་སུ་ཙནྡན་གྱིས་གྲུ་བཞི་པ་བྱས་ནས་

མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཎྜལ་བྱའོ། །ལྷའི་གནས་ལྷག་མ་རྣམས་སུ་ཟླུམ་པོར་བྱའོ། །དེ་ལ་ཡང་ལྷ་ལྔ་བཅུ་རྩ་གསུམ་གྱི་རྣམ་པར་བསྒོམས་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་

བྱས་ནས། རང་རང་གི་སྔགས་ཀྱིས་ལན་བདུན་ཡོངས་སུ་བཟླས་པའི་མེ་ཏོག་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཉེར་སྤྱོད་ལྔས་ཀྱང་ཡང་དག་པར་མཆོད་ནས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱ་སྟེ། དེའི་རྗེས་ལ་སྔོན་མ་བཞིན་དུ་ལྕེ་རྡོ་རྗེར་རྣམ་པར་བསམས་ལ། ཨོཾ་པདྨ་

เล่ม ๖๒ · หน้า 303a

ས་ར་སྭ་ཏི་སཱཏྱ་མཱ་བར་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿར་ཧྲཱིཿཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་དཀྱིལ་འཁོར་གྱི་དབང་ཕྱུག་གི་སངས་རྒྱས་ལ་སོགས་པ་རྣམས་ལ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཆེན་པོ་རྡོ་

རྗེ་དབྱིངས། །རིགས་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་རྣམས་ནི་བཞེད་པ་མཐུན། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ལ་བཅོམ་ལྡན་བདག་གུས་ལ། །ཁྱེད་ཀྱིས་བཀའ་དྲིན་

གནང་བར་མཛོད། །སངས་རྒྱས་འགྲོ་མགོན་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སངས་རྒྱས་བསྟན་ལ་མངོན་དགའ་བའི། །

གང་ཞིག་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་ཤིང་ཉེར་སྤྱད་པས། །འགྲོ་རྣམས་དག་ཕྱིར་བདག་གིས་བྲི། །བདག་གི་སློབ་མ་དམ་པ་ཡི། །རྗེས་སུ་བརྩེ་བ་ཡོངས་

བཟུང་ལ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ལ། །ཉེ་བར་གནས་པར་མཛད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་ལན་གསུམ་དུ་ལྷག་པར་གནས་པར་བྱའོ། །དེ་ནས་དྲིའི་མཎྜལ་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་ལ་སོགས་པ་རྣམས་ནམ་

མཁའི་ཕྱོགས་སུ་གདེགས་པར་བྱའོ། །འདི་ནི་ལྷ་ལྷག་པར་གནས་པའོ། །དེ་ནས་དྲི་ཡིས་ཉེ་བར་བྱུགས་པའི་ཐིག་སྐུད་གསེར་གྱི་སྣོད་ལ་སོགས་པར་གཞུག་ལ་དྲི་བཟངས་ལ་སོགས་པས་ཉེ་བར་བྱུགས་ཏེ། དྲི་དང་མེ་ཏོག་བདུག་སྤོས་དང་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་

དག་པར་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །བྷྲཱུཾ་ཧཱུཾ་ཨཱཾ་ཧྲཱིཿཁཾ་ཞེས་པའི་ཡི་གེ་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བསྐྱེད་ནས་ནམ་མཁའ་ལས་བྱོན་ཞིང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་འདུས་པར་གྱུར་ནས། དེ་བཞིན་གཤེགས་པ་

เล่ม ๖๒ · หน้า 303b

རྣམས་ཀྱི་ཐུགས་ཀར་བྷྲཱུཾ་ཡིག་ལ་སོགས་པ་ལས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཀྱི་རང་བཞིན་དུ་བལྟས་ལ། ཨོཾ་ཨཱཿཤ་སྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཊ་ཎཱ་ཡ་ཧཱུྃ། ཞེས་པ་འདིས་རྣམ་པར་སྣང་མཛད་ཆེན་པོ་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་

ཨཱཿབཛྲ་སཏྭ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་མི་བསྐྱོད་པ་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨཱཿརཏྣ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཊ་ཎཱ་ཡ་ཧཱུཾ། ཞེས་པས་འདིས་རིན་ཆེན་འབྱུང་ལྡན་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་

ཨཱཿདྷརྨ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་འོད་དཔག་མེད་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨཱཿཀརྨྨ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པས་དོན་ཡོད་གྲུབ་པ་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་

མཚན་ཡོངས་སུ་བརྗོད་པས། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། ཇི་སྲིད་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཛ་ཡིག་སེར་པོ་ལས་ཟླ་བ་དང་ཉི་མའི་རང་བཞིན་མིག་གཉིས་ལ། ཨོཾ་དཱིཔྟ་དྲྀཥྚྱ་ཀུ་ཤི་ཛཱཿ། ཞེས་

བརྗོད་ནས་མྱུར་དུ་རབ་ཏུ་བསྐྱོད་པའི་མིག་གི་རྫི་མས་སྤྱན་མ་ལ་སོགས་པ་རྣམས་ལྕགས་ཀྱུས་བཀུག་ཅིང་། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བསྐུལ་ཞིང་གདན་དྲངས་ནས། རང་རང་གི་སྐུ་མདོག་གི་ཐིག་རྣམས་ལ་ནང་དུ་ཐིམ་པར་བསམས་

ནས། མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བཙལ་བར་བྱའོ། །དེའི་རྗེས་སུ་ལངས་ནས་ཡིད་ཀྱིས་དེ་ཉིད་རྡོ་རྗེའི་དབྱིངས་སོ་ཞེས་ཚིག་ཏུ་བརྗོད་ནས་བདག་ཉིད་རྣམ་པར་སྣང་མཛད་

དུ་གྱུར་པར་བསམ་མོ། །ལས་ཀྱི་རྡོ་རྗེ་ཞེས་བརྗོད་ཅིང་སྒྲུབ་པ་པོས་ཕྱི་མ་ཡང་རྡོ་རྗེ་ལས་ཀྱི་ངོ་བོར་རྣམ་པར་བསམས་ལ། དེ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བར་བཟུང་ལ། སྒྲུབ་པ་པོ་ཕྱི་མས་ཀྱང་དེ་བཞིན་དུ་ཐིག་སྐུད་བཟུང་ནས་ཛྫཿཛྫཿཛྫཿཞེས་ཛྫཿ

เล่ม ๖๒ · หน้า 304a

ཡིག་གིས་བཀུག་ནས་དེ་བཞིན་དུ་དེ་ཉིད་ལ་ཞལ་མངོན་པར་ཕྱོགས་པས་གནས་ཏེ། ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་ཕྱོགས་སུ་ཞལ་མངོན་པར་ཕྱོགས་པ་དང་། ལྷོ་ཕྱོགས་སུ་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་པས་ཚངས་པའི་ཐིག་གཉིས་ལྟེ་བ་ནས་བཟུང་ལ་ནམ་

མཁའ་ལ་གདབ་པར་བྱའོ། །རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོ་དང་མཛུབ་མོ་དག་གིས་ཐིག་སྐུད་བཟུང་ནས་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་ངོ་། །ཨོཾ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མཱ་ཏི་ཀྲ་མ་ཧཱུཾ་ཨོཾ་ཧཱུཾ་སྭཱ་ཨ་ཧ་ཞེས་བརྗོད་པར་བྱའོ། །ཐིག་གི་སྒྲ་དེས་ཀྱང་

ནམ་མཁའ་ཐམས་ཅད་ཁྱབ་ནས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ནས་ཐིག་སྐུད་ཀྱི་ནང་དུ་ཐིམ་པར་བསམ་མོ། །འདིའི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དུས་ཡིན་དེ་ཕྱིར་འདིར་གཤེགས་ཤིག །ཅེས་བྱ་བ་ནི་བརྡའི་དོན་ཏོ། །

ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པ་པོའི་ཕྱི་མ་ཡང་གཡས་སྐོར་དུ་འགྲོ་བར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱའོ། །ནམ་མཁའ་ལ་ཐིག་གཉིས་དང་ས་གཞི་ལ་ཚངས་པའི་ཐིག་གཉིས་དག་སྨད་ལ་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་གནས་ནས་བྱང་དུ་

ཞལ་ཕྱོགས་པས་ཤར་གྱི་ལོགས་ཐིག་གོ། །རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་པས་ནུབ་ཀྱི་ལོགས་ཐིག་གོ། །སླར་ཡང་དེ་ལ་ནུབ་ཏུ་གནས་ནས་ཞལ་ཤར་དུ་ཕྱོགས་པས་བྱང་གི་ལོགས་ཐིག་གོ །སླར་ཡང་མེར་གནས་ཤིང་ཞལ་ནུབ་ཏུ་ཕྱོགས་པས་ལྷོའི་ལོགས་ཐིག་གདབ་

པར་བྱའོ། །དེ་བཞིན་དུ་དེའི་ཕྱིའི་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཀྱི་ཆར་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་ཐིག་གདབ་པར་བྱའོ། །རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་ཏེ་ནུབ་ཀྱི་ཐིག་གོ། །དེ་ཉིད་ལ་གནས་ནས་བྱང་གི་

ཐིག་གོ། །སླར་ཡང་མེར་གནས་ནས་ལྷོའི་ཐིག་གོ། །འདིས་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་བཞིན་ཉིད་དུ་དེའི་ཕྱི་རོལ་གྱི་ཕྱོགས་ཀྱི་ཐིག་བཞི་གདབ་པར་བྱའོ། །སླར་ཡང་མེའི་མཚམས་སུ་གནས་ནས་རླུང་གི་མཚམས་ཇི་སྲིད་པ་དང་བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་ཇི་སྲིད་

เล่ม ๖๒ · หน้า 304b

པ་སྟེ། ཟུར་གྱི་ཐིག་གཉིས་གདབ་པར་བྱའོ། །མཚན་མ་མིན་པས་གྲུབ་མི་འགྱུར། །ཐིག་ནི་ཆད་པས་བླ་མ་འཆི། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་པས་ནི་སློབ་མ་འཁྲུལ། །ཞེས་ཤེས་པར་བྱས་ལ་ཕྱིར་བཅོས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་ལྕགས་ཀྱི་

ཕུར་པ་སོར་བཞི་པའི་ཚད་འོག་རྩེ་གཅིག་པ་ལ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་བྱུང་བའི་ཕུར་བུར་རྣམ་པར་བསམས་ལ། །ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་བརྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །ཕུར་བུ་བརྡུང་བའི་སྔགས་

འདིའོ། །ཨོཾ་བཛྲཱནྟ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བི་གྷྣཱཾ་ཀཱ་ཡ་བཱག་ཙིཏྟཾ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་ཀཱི་ལ་ཡཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་དུ་ཟླུམ་པོའི་ཐིག་རྣམས་བྲི་བར་བྱའོ། །དེ་ནས་ཐིག་རྣམས་ཀྱི་མཐར་གཏོར་མ་དང་མཆོད་

པ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་པར་བྱ་སྟེ་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བཞུགས་ཤིང་ཚོན་སྐུད་སྣ་ལྔ་པ་གནས་ཇི་ལྟ་བར་གཞག་པར་བྱའོ་ཞེས་པ་ནི་ཐིག་གདབ་པའི་ཆོ་གའོ།། །།དེ་ནས་ལྟེ་

བའི་གནས་ཀྱི་ཕུར་བུ་ཧཱུཾ་ཡིག་བཞིས་བཏོན་ཏེ་རང་གི་ལག་པར་གནས་པའི་རྡོ་རྗེའི་ནང་དུ་བསྒོམས་ཏེ་ཁུང་བུ་ཚོན་སྣ་ལྔས་དགང་བར་བྱའོ། །ཡང་དག་པར་སོ་སོར་དབྱི་བ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྐུའི་ཐར་པའི་སྒོའི་རྣམ་པར་འཆིང་བར་གྱུར་པའི་སྒྲིབ་པ་རྣམས་དབྱི་

བར་བྱའོ་ཞེས་སོ། །ལྷག་པར་གྲོལ་བ་ནི་ཧའི་ཡི་གེས་མིག་གཡོན་པ་དང་ཅིག་ཤོས་དག་ཟླ་བ་ཉི་མར་བསྐྱེད་ནས་ཁྲོ་བོའི་ལྟ་སྟངས་ཀྱིས་ཡོངས་སུ་བལྟས་ནས་ཧྲཱིཿཧྲཱིཿཞེས་བརྗོད་ནས་ཕྱག་རྒྱ་བསྡུས་ནས་དབྱི་བར་བྱའོ། །སྒོ་བཞི་རྣམས་སུ་སོ་སོར་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་

རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་ལ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་རྡུལ་ཚོན་གྱི་སར་གནས་པའི་རེ་ཁཱ་ཉི་ཤུ་རྩ་བརྒྱད་རྣམས་དབྱིའོ། །རྩ་བའི་ཐིག་ལས་ཕྱི་རོལ་གྱི་

เล่ม ๖๒ · หน้า 305a

རྡོ་རྗེ་ཕྲེང་བའི་ཟླུམ་པོའི་ཐིག་གི་ནང་དུ་སོ་སོར་རེ་ཁཱ་བཞི་རྣམས་དབྱིའོ། །དཀྱིལ་འཁོར་རྣམས་སོ་སོར་རེ་ཁཱ་དྲུག་དྲུག་དང་གཙོ་བོའི་གནས་ལ་རེ་ཁཱ་བཅུ་གཉིས་རྣམས་དབྱིའོ། །རྡོ་རྗེ་ཕྲེང་བའི་གནས་ལ་གང་ཇི་སྲིད་པའི་རེ་ཁཱ་དེ་རྣམས་ཐམས་ཅད་དབྱི་བར་བྱའོ། །སྟེགས་

བུ་དང་བཅས་པའི་ཕྱོགས་ལ་ཕྱི་རོལ་གྱི་དཀྱིལ་འཁོར་བཞིན་དུའོ། །ད་ནི་ཕྱིའི་དཀྱིལ་འཁོར་ལ་དབྱི་བ་རྣམས་བརྗོད་པར་བྱ་སྟེ། འདིར་ཡང་སྒོ་བཞི་རྣམས་སུ་སོ་སོར་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་

པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་དག་ལ་གནས་པའི་རེ་ཁཱ་གཉིས་པ་དག་དབྱིའོ། །དེ་བཞིན་དུ་སོ་སོར་རྡུལ་ཚོན་གྱི་སར་གནས་པའི་སུམ་ཅུ་སོ་བཞི་སུམ་ཅུ་སོ་བཞིའི་རེ་ཁཱ་རྣམས་དབྱིའོ། །དེ་བཞིན་དུ་ཀ་བ་བརྒྱད་རྣམས་ལ་སོ་སོར་ཐིག་བཞི་རྣམས་དབྱི་བར་

བྱའོ། །དེ་བཞིན་དུ་གླང་པོ་དང་སེང་གེའི་གནས་ལ་སོ་སོར་གནས་པའི་ཐིག་བཞི་རྣམས་དབྱིའོ། །དེ་བཞིན་དུ་ལོགས་ཀྱི་ཀ་བ་དག་གི་བར་དུ་གནས་པའི་སོ་སོར་ཐིག་ལྔ་ལྔ་དབྱི་བར་བྱའོ། །དེ་བཞིན་དུ་སྟེགས་བུའི་གནས་ལ་གནས་པའི་སོ་སོར་ཐིག་གཉིས་གཉིས་དབྱིའོ། །

དེ་བཞིན་དུ་རིན་ཆེན་ཕ་གུ་ལ་གནས་པའི་སོ་སོར་ཐིག་གསུམ་གསུམ་རྣམས་དབྱིའོ། །དེ་བཞིན་དུ་དྲ་བ་དྲ་ཕྱེད་ཀྱི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་རིན་ཆེན་ཤར་བུའི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་ལྔ་ལྔ་རྣམས་དབྱིའོ། །དེ་བཞིན་དུ་

མདའ་ཡབ་ཀྱི་ས་གཞིལ་གནས་པའི་སོ་སོར་རེ་ཁཱ་དྲུག་དྲུག་རྣམས་དབྱིའོ། །ཀུན་བསྡུས་པས་ལྷའི་སྣམ་བུ་རྣམས་ལ་ཐིག་དྲུག་ཅུ་རྩ་བཞི་རྣམས་དབྱི་བར་བྱའོ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་གྱི་ཐིག་རྣམས་དབྱི་བའི་ཆོ་གའོ། །ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་ལ་ཡང་རྡུལ་ཚོན་

སྦྱང་བ་ནི་གཞུང་གཞན་གྱིས་བཤད་པའི་ཕྱིར་འདིར་མི་བརྗོད་དོ། །ད་ནི་རྒྱུད་དུ་གསུངས་པའི་ཐིག་བཤད་པར་བྱ་སྟེ། སྲད་བུ་གསར་ཞིང་ཤིན་ཏུ་མཛེས། །ཚད་དང་ངེས་པར་ལྡན་པ་ཡིས། །ཇི་ལྟར་ནུས་བཞིན་དཀྱིལ་འཁོར་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཟུར་བཞི་

เล่ม ๖๒ · หน้า 305b

པ་དང་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དཔྱངས་མེ་ཏོག་ཕྲེང་བས་བརྒྱན། །ཟུར་བཞི་ཆ་རྣམས་ཐམས་ཅད་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་ལ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །དཀྱིལ་འཁོར་ཕྱི་ཐིག་གདབ་པར་

བྱའོ། །དེ་ཡི་འཁོར་ལོ་སོ་སོར་གསལ། །རབ་ཞུགས་ནང་གི་ཕོ་བྲང་ལ། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཕྱོགས་ཀུན་མཉམ་པ་ཉིད་འབབ་པའི། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །ཤར་ནུབ་བྱང་དུ་གདོང་ཕྱོགས་ནས། །དཀྱིལ་

འཁོར་ལ་ནི་ཐིག་བརྒྱད་དོ། །ཕྱི་ཡི་དཀྱིལ་འཁོར་དང་བཅས་པའི། །ནང་གི་དཀྱིལ་འཁོར་ཕོ་བྲང་ཕྱེད། །གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་དང་ནི་བཅས་པས་འདོད། །རྡོ་རྗེའི་ཐིག་ནི་ཡོངས་བསྐོར་བའི། །རྟ་བབས་དང་ནི་བྲལ་བ་གཞན། །དཀྱིལ་འཁོར་ལྔ་ཡིས་

བརྒྱན་པ་ཡིས། །མཁས་པས་སྲད་བུས་ཐིག་གདབ་པོ། །ཞེས་སོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་གདན་དྲངས་པ་ལ་སོགས་པ་རང་རང་གི་ཕྱག་རྒྱས་རབ་ཏུ་བརྟེན་ནས་རང་རང་གི་ཕྱོགས་ན་བཞུགས་པའི་དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ལ་

ཕྱིའི་གཏོར་མ་དབུལ་བར་བྱའོ། །དེ་ནས་དྲིལ་བུའི་སྒྲ་ཡིས་རྡོ་རྗེ་གླུ་མ་རྣམས་ཀྱིས་མཚན་མ་ངན་པ་རྣམས་བསལ་བར་བྱ་སྟེ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་རྣམས་རྣམ་གྲོལ་བ། །རང་འབྱུང་རྣམ་པར་སྣང་མཛད་རྒྱལ། །དེ་བཞིན་གཤེགས་པ་

ཀུན་གྱི་གནས། །ཉེས་པ་ཀུན་དང་རྣམ་ཕྲལ་བའི། །འཁོར་ལོའི་ནང་དུ་ཡང་དག་བཞུགས། །ཞེས་བརྗོད་ནས་ཆོས་ཀྱི་དབྱིངས་སུ་མོས་པར་བྱས་ལ། ནང་གི་དཀྱིལ་འཁོར་དུ་གནས་པས་རྡོ་རྗེས་མཚན་པའི་ལག་པ་གཡས་དང་གཡོན་གྱི་རྡོ་རྗེ་ཁུ་ཚུར་གྱིས། །ཨོཾ་བཛྲ་

ཙི་ཏྲ་ཡཾ་ཡ་རཾ་ག་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་ཤར་དུ་ཞལ་ཕྱོགས་པས་གཡས་སྐོར་གྱིས་རྡུལ་ཚོན་དགྱེ་བར་བྱའོ། །སྦོམས་པ་ཡིས་ནི་ནད་དུ་འགྱུར། །ཕྲ་མོས་ནོར་རྣམས་རྣམ་པར་ཉམས། །ཡོན་པོ་ཡིས་ནི་རྣམ་པར་འགྲས། །ཆད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด