ตัวบทไม่มีชื่อ — ประโยคแรก: རྒྱ་གར་སྐད་དུ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๘ · หน้า 124b

༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་མཎྜལ་

ནོ་པི་ཀ་ཀྲྀ་བ་ཨ་བ་ལི་ནཱ་མ། བོད་སྐད་དུ། །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཐུགས་རྗེ་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་

པོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འབྱུང་གནས་སངས་རྒྱས་ཀུན་གྱི་སྐུ། །ཉོན་མོངས་མཐའ་དག་ཀུན་བཅོམ་ནས། །འགྲོ་ལ་ཐུགས་རྗེས་སྤྱན་གྱིས་རབ་གཟིགས་ལ། །ཀུན་ནས་དང་བའི་སྒོ་ནས་ཕྱག་འཚལ་ཏེ། སྐྱེ་བ་བརྒྱུད་པའི་སྡུག་བསྔལ་གཅོད་བྱེད་པའི། །ཐུགས་རྗེ་ཕྲེང་མཆོག་དཀྱིལ་

เล่ม ๖๘ · หน้า 125a

འཁོར་ཆོ་ག་བཤད། །དེ་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣལ་འབྱོར་པ་སྣོད་དུ་གྱུར་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་བསྡུ་བར་གྱུར་པས་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱའོ། །དེ་ལ་དང་པོ་རྣལ་འབྱོར་པ་སེམས་དད་པས་མཆོག་ཏུ་

གྱུར་པ་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་བསྒྲུབ་པར་འདོད་པས། །སྟན་བདེ་བ་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ། དྲི་ལ་སོགས་པས་ཁྲུས་བྱས་པས། ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་པར་བྱའོ། །དེ་ནས་མགྲིན་པའི་ཕྱོགས་སུ་པཾ་

ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ལ། དེའི་ལྕེའི་པདྨའི་འདབ་མ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ནས། །ཨོཾ་བཛྲ་ཛི་ཧྭ། ཞེས་བརྗོད་དོ། །ཡང་དག་པ་གཉིས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་

སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རེར་གྱུར་པར་བསམས་ལ། ཨོཾ་བཛྲ་ཧསྟ། ཞེས་བརྗོད་དོ། །དེའི་རྗེས་ལ་རྐང་པའི་མཐིལ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་བསམས་ཏེ། དེ་ནས་ཨོཾ་སརྦ་ཡོ་ག་བཛྲཱ་ཡ་ཧཱུཾ། ཞེས་

པས་ཡན་ལག་ཐམས་ཅད་རྡོ་རྗེར་གྱུར་པར་བསམ། དེ་ནས་བགེགས་གཞིལ་བར་བྱ་བའི་ཕྱིར་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་ཏེ། དེ་ལ་ཧཱུཾ་ལས་སྤྲུལ་པའི་ཁྲོ་བོ་རྡོ་རྗེ་ཉི་མ་རུ་བདག་ཉིད་སྤྲུལ་ལ། རྡོ་རྗེ་མེའི་ཉི་མ་རབ་ཏུ་བསམས་ནས། ཁྲོས་པའི་སེམས་ཀྱིས་ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་

རྒྱ་བཅིང་བར་བྱ་སྟེ། དེ་ལ་རྡོ་རྗེ་མཐེ་བོང་གཉིས་བསྒྲེང་བ་ནི། ཏི་རཱིན་ཏི་རིའི་ཕྱག་རྒྱ་སྟེ། གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་པར་བྱ་ཞིང་། ས་འོག་བཅིང་བར་བྱའོ། །དེ་ནས་རྡོ་རྗེའི་གདན་ཕྱེད་དུ་འདུག་ལ། དང་པོའི་ཕྱག་རྒྱ་དེ་ཉིད་དུ་བཅིང་སྟེ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱས་ལ།

དར་དཔྱངས་ཀྱིས་བརྒྱན་པར་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩཱ་མཾ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་ལས་མཛུབ་མོ་གཉིས་མདུད་ཅིང་། སྙིང་ག་དང་། དཔྲལ་བ་དང་། ལྟག་པ་དང་། ཡང་སྙིང་ག་ལ་སོགས་པར་མདུད་པ་ལས་སྣ་ཚོགས་གོ་

เล่ม ๖๘ · หน้า 125b

བགོ་བར་བྱས་ལ། གཡོན་པ་དཀུར་འཛིན་པར་བྱས་ལ། གཡས་རྡོ་རྗེ་གསོར་བས་བགེགས་མ་ལུས་པ་གཞོམ་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་སརྦ་བིགྷྣཱན་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་ཁྲོ་བོ་དེ་ཉིད་ཀྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བར་བྱ་

ཞིང་མཐེ་བོང་དེ་བཞིན་དུ་བསྒྲེང་བས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་པས་བགེགས་ཀྱི་ཚོགས་མ་ལུས་པར་བསྲེག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་བསྒྲེང་སྟེ། ཨོཾ་བཛྲ་ནེ་ཏྲེ་སརྦ་བིགྷྣཱཾ་བནྡྷ། ཞེས་བྱ་བས་བགེགས་

ཐམས་ཅད་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་དང་མཐེ་ཆུང་སོ་སོར་རྩེ་མོ་སྤྲད་དེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵཾ་སརྦ་སྭཱ་ཧཱ། ཞེས་བརྗོད་པས་ས་འོག་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་བསྡམས་པ་ལས་གཡས་པ་སྡིགས་མཛུབ་ཏུ་བྱ་ཞིང་། གཡོན་པ་ལྕགས་ཀྱུའི་ཚུལ་

དུ་བྱས་ལ། ཁྲོས་པའི་ཡིད་ཀྱིས་ཁྲོ་བོ་དེ་ཉིད་ནམ་མཁའི་ཕྱོགས་སུ་སྤྲོས་པ་ལས། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པས་སྟེང་ཕྱོགས་བཅིང་བར་བྱའོ། །མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཏེ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་རྡོ་རྗེ་རྩེ་སྤྲད་པར་བྱས་ལ་སྤྱི་བོར་བཙུགས་ནས། ཨོཾ་དྲུཾ་བནྡྷ། ཞེས་

བརྗོད་པས། ཤར་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་མཁྲིག་མ་གཉིས་མདུད་དེ་ལྷོ་ཕྱོགས་སུ་བལྟས་ཏེ། ཨོཾ་བཛྲ་པྲ་ཤ་ཧྲི་ཕཊ། ཅེས་པས་ལྷོ་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་པ་ལས་གུང་མོ་གཉིས་རྩེ་སྤྲད་དེ། སྲིན་ལག་གཉིས་ཚིགས་

བར་མ་བསྣོལ་ནས་མཐེ་ཆུང་གཉིས་བརྐྱང་བར་བྱས་ཏེ། ཨོཾ་པ་ཏངྒི་པ་ཏངྒི་ནི་ར་ཏྲཊ། ཅེས་པས་ནུབ་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་མཆེ་བའི་ཚུལ་དུ་བྱ། མཐེ་བོང་གཉིས་ཁའི་ཚུལ་དུ་བྱས་ནས། ཨོཾ་བཛྲ་ཡཀྵ་ཧཱུཾ།

ཞེས་བརྗོད་པས་བྱང་ཕྱོགས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སྣ་ཚོགས་ཀྱི་བདག་ཉིད་ལས་ལག་པ་གཉིས་རྒྱབ་སྤྲད་ལ་མཐེ་བོང་དང་མཐེ་ཆུང་སོ་སོར་བསྣོལ། སོར་མོ་ལྷག་མ་དྲག་པ་སོ་སོར་རྡོ་རྗེ་རྩེ་གསུམ་པའི་ཚུལ་ལས་ས་ལ་བསྟན་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པར་བྱ་ཞིང་། ཨོཾ་

เล่ม ๖๘ · หน้า 126a

བཛྲ་ཋ་ཋ་ཋ་ཋ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཐེ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་ལ་སྡིགས་མཛུབ་གཉིས་བསྒྲེང་ལ་ཕྱོགས་བཞིར་བསྐྱད་པས་ར་དང་པོ་དང་། དེ་ཉིད་ལས་སྡིགས་མཛུབ་བཞི་པས་ར་བ་གཉིས་པ་བྱ་ཞིང་། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཛྲ་ཧཱུཾ་ཀ་ར་

ཧཱུཾ། ཞེས་པས་རྡོ་རྗེ་ར་བ་བྱའོ། །རྡོ་རྗེ་བསྡམས་པ་རྒྱས་པར་བརྐྱང་བའི་སྟེང་དུ་བཀབ་ལ་བསྐྱོད་དེ། ཨོཾ་པཉྫ་ར་ཎ་ཧཱུཾ། ཞེས་བརྗོད་པས་རྡོ་རྗེའི་གུར་དུ་བྱ་བ་ཉིད་དོ། །དེའི་རྗེས་ལ་མེ་ཏོག་གི་ཕྱག་རྒྱའམ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་གཏོར་མ་བྱིན་གྱིས་བརླབ་པ་བྱས་ལ། རྡོ་རྗེ་ཁུ་ཚུར་བཅིངས་

པ་ལས་མཛུབ་མོ་དང་མཐེ་ཆུང་ལུ་གུ་རྒྱུད་དུ་སྤྲེལ་ཏེ། ཨོཾ་སརྦ་བིད་བཛྲ་ཙཀྲ་ཧཱུཾ། ཞེས་པའི་སྔགས་ལན་བདུན་བརྗོད་པས་ཕྱོགས་ཀུན་དུ་བསྐོར་བས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་རྩ་བའི་དཀྱིལ་འཁོར་ཆེན་པོ་སྤྲུལ་པར་བྱའོ། །དེ་ཉིད་སྙིང་གའམ་ཁར་བཞག་ལ་སྔགས་དེ་ཉིད་ལན་

བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་ཡིས་དཀྱིལ་འཁོར་མངོན་སུམ་དང་འདྲ་བར་བལྟས་ལ། པདྨ་འདབ་མ་བརྒྱད་དང་ལྡན་པ་དྲི་དང་། ཁ་དོག་སྣ་ཚོགས་པས་ནམ་མཁའི་ཁམས་ཐམས་ཅད་རྒྱས་པར་གྱུར་པའི་སྟེང་དུ་ཕྱོགས་བཅུའི་བྱང་ཆུབ་སེམས་

དཔའ་དང་། འཕགས་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཁྲོ་བོ་ལ་སོགས་པ་ཐམས་ཅད་དེ་ཉིད་དུ་སྤྲུལ་ལ། ཀྱེ་མ་སངས་རྒྱས་ཀྱི་སངས་རྒྱས། ཀྱེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་ཐམས་ཅད་ཀྱི། །རྒྱུད་ནི་དག་པར་བྱིན་གྱིས་རློབས། །ཞེས་པས་གསོལ་

བ་གདབ་པར་བྱའོ། །དེ་ནས་བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བས་ཞབས་བསིལ་ལ་ཨརྒྷ་ཕུལ་ཏེ། ཉེ་རེག་འཐོར་འཐུང་བྱས་ཏེ། གདན་ལ་བརྟན་པར་བཞུགས་ཏེ། ཐལ་མོ་ལེགས་པར་སྦྱར་བས་དཔྲལ་བའི་སྟེང་དུ་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་པྲ་ཎ་མེ་ན་བཛྲ་ཙཀྲ་བནྡྷ་

ནཾ་ཀ་རོ་མི། དེ་ཉིད་ལས་མཐེ་བོང་གཡས་པ་རྡོ་རྗེ་ལྟར་བསྒྲེང་པ་སྙིང་གར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་པས་ཤར་ཕྱོགས་ནས་ཕྱག་བྱའོ། །དེ་ཉིད་ལས་མཛུབ་མོ་རིན་པོ་ཆེ་ལྟར་བྱས་པས་སྙིང་གར་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་

เล่ม ๖๘ · หน้า 126b

པས་ལྷོ་ཕྱོགས་ནས་ཕྱག་བྱའོ། །མཛུབ་མོ་པདྨ་ལྟར་བྱས་པས་ལྐོག་མར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་པས་ནུབ་ཕྱོགས་ནས་ཕྱག་བྱའོ། །མཛུབ་མོ་རལ་གྲི་ལྟར་བྱས་པ་ལྟེ་བར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་བནྡྷ་ནཾ་ཀྭ་རོ་མི། ཞེས་བརྗོད་པས་བྱང་ཕྱོགས་

ནས་ཕྱག་བྱའོ། །དེ་ནས་མཆོད་པ་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མེ་ཏོག་གི་བྱེ་བྲག་གང་དག་ཡོད་པ་འདི་ལྟ་སྟེ། ཐང་ལས་སྐྱེས་པའམ། ཆུ་ལས་

སྐྱེས་པའམ། ཡིད་ལས་བྱུང་བ་གང་དག་ཡོད་པ་དེ་དག་ཐམས་ཅད་མ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པའི་ལྷ་

མོ་དང་། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་ལ་སོགས་པས་མཆོད་པ་ཉི་ཤུ་གཞུང་གཞན་དང་མཐུན་པར་དབུལ་ལོ། །གཞན་ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་ལ།

འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་ཞལ་ཟས་ཀྱི་བྱེ་བྲག་འདི་ལྟ་སྟེ། བཟའ་བ་དང་བཅའ་བ་དང་། བལྡག་པ་དང་མྱང་བ་དང་། བཏུང་བ་དང་གཞིབ་པ་དང་། བདུད་རྩིར་གྱུར་

པ་གང་དག་ཡོད་པ་དེ་རྣམས་མ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པའི་ལྷ་མོ་དང་། དཀྱིལ་འཁོར་གྱི་ལྷའི་

ཁྱད་པར་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ས་ཨཱ་ཧ་ར་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ལྷ་དང་མི་རྣམས་ཀྱི་བཞོན་པའི་བྱེ་བྲག་ཁྱད་པར་ཅན་རྟ་དང་གླང་པོ་ལ་སོགས་པ་དང་སྐྱེས་པ་དང་། བུད་མེད་དང་། འཁོར་ལོ་

เล่ม ๖๘ · หน้า 127a

དང་། ནོར་བུ་དང་། དམག་མི་རྣམས་ཀྱིས་ནམ་མཁའ་རྒྱས་པར་ལྷག་པར་མོས་པར། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རང་གི་སེམས་ཡིད་བཞིན་ནོར་བུ་ལས་བྱུང་བའི་ནམ་མཁའི་ཁམས་ཐམས་ཅད་དུ་གདུགས་དང་། རྒྱལ་མཚན་དང་།

བ་དན་རྣམས་ཀྱིས་རྒྱས་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཚ་ཏྲཾ་དྷྭ་ཛ་པཱ་དཾ་ཀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནམ་མཁའི་ཁམས་ཐམས་ཅད་དུ། རལ་གྲི་དང་། མེ་ལོང་དང་། མེ་ཏོག་དང་ཕྲེང་བ་ལ་སོགས་པར་རྒྱས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་ཨཱ་

དཪྴ་པུཥྤ་མཱ་ལེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནམ་མཁའི་ཁམས་ཐམས་ཅད་དུ། རྔ་དང་ཅང་ཏེའུ་དང་། པི་ཝང་དང་། གླིང་བུ་དང་། ཀར་ཀོ་ཏ་དང་། གར་ལ་སོགས་པས་རྒྱས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གཱི་ཏིརྦ་ཏུར་ཡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་

མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་ཐམས་ཅད་ཡང་དག་པར་བཤགས་པར་བྱ་སྟེ། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་བསྣོལ་ནས་མཐེ་བོང་གཉིས་བརྐྱང་སྟེ། ལྷག་མ་གསུམ་ཐལ་མོར་བྱས་པས་སྙིང་གར་བཟུང་སྟེ།

ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། བཅོམ་

ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་།

རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་

เล่ม ๖๘ · หน้า 127b

ཅད་སོ་སོར་བཤགས་པར་བགྱིའོ་ཞེས་བརྗོད་ལ། ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པར་བྱའོ། །ཕྱོགས་བཅུ་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་།

སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ལ་རྒྱ་ཆེར་ཡི་རང་བར་བགྱི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས། ཡོངས་སུ་མྱ་ངན་

ལས་འདའ་བར་བཞེད་པ་དེ་དག་ཐམས་ཅད། མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་ལམ་ལ་གནས་པར་བགྱིའོ། །དེ་ནས་གསུམ་ལ་སྐྱབས་སུ་གསོལ་བ་ལ་

སོགས་པ་བྱ་སྟེ། མེ་ཏོག་ལག་པར་ཐོགས་ལ། འདི་སྐད་ཅེས་བརྗོད་དོ། །བླ་མེད་བཅོམ་ལྡན་རྐང་གཉིས་མཆོག །རྡོ་རྗེ་ལྟ་བུའི་སངས་རྒྱས་ཏེ། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །རྣམ་པར་དག་པ་ཆགས་པ་མཆོག །པདྨ་ལྟ་བུ་

དམ་ཆོས་ཏེ། །ངེས་གསུང་སྔགས་དང་ཕྱག་རྒྱ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །རྣམ་གྲོལ་གཙང་མ་ཚོགས་ཀྱི་མཆོག །རིན་ཆེན་ལྟ་བུ་དགེ་འདུན་ཏེ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །

ཡང་དག་བྱང་ཆུབ་སྐྱེད་མཛད་བཞིན། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་

བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་

เล่ม ๖๘ · หน้า 128a

བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་

ཀྱང་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པའི་སེམས་ཅན་རྣམས། །དབྱུགས་དབྱུང་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་བཟུང་ནས། བདག་ཉིད་དབུལ་བར་བྱ་སྟེ། ཕྱོགས་བཅུའི་སངས་

རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས། བདག་དུས་ཐམས་ཅད་ནས་

རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ་ལོ། །ཞེས་བརྗོད་ལ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ། ལུས་རྒྱ་མཚོ་དཔག་ཏུ་མེད་པ་སྤྲོས་པས་སོ་སོའི་ཞབས་དྲུང་དུ་དབུལ་བར་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། དམ་ཚིག་ཆེན་པོའི་དངོས་

གྲུབ་བདག་ལ་སྩལ་དུ་གསོལ་ལོ་ཞེས་བརྗོད་ལ། དགེ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་། ཐུན་མོང་དུ་བསྔོ་སྟེ། དགེ་བའི་རྩ་བ་འདི་དག་གིས། བདག་དང་སེམས་ཅན་ཐམས་ཅད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་བདེ་བ་

དང་། ཡིད་བདེ་བ་ཐམས་ཅད་ཀྱི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་བསྔོས་ལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ། སེམས་ཆེན་པོས་དམིགས་པར་བྱ་བ་དང་། དེ་ལས་འདོན་པར་འདོད་པའི་བླ་ན་མེད་པའི་སེམས་དང་། འཕགས་པའི་

เล่ม ๖๘ · หน้า 128b

ཆོས་ཀྱིས་ཡོངས་སུ་གྲོལ་བའི་སེམས་མཆོག་ཏུ་གྱུར་པ་དང་། དངོས་པོ་ཐམས་ཅད་ལ་དམིགས་པ་མེད་པ་མཐར་ཐུག་པའི་སེམས་བསྐྱེད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་ཙམ་དངོས་པོ་ཀུན་གྱི་མཆོག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་

སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་ཙིཏྟ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ཡ་ཤོ་དྷ་ཡ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་

ཟླ་བའི་དཀྱིལ་འཁོར་བཅུ་རྡོ་རྗེ་རྩེ་མོར་གྱུར་པ་རྣམས་ཀྱི་སྟེང་དུ་བསམས་ལ། དེ་དག་གི་སྟེང་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ལག་པ་གཡས་པ་ལ་བསམ་པ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ་སོགས་པའི་ས་བོན་ལག་པ་གཡོན་པ་ལ་བསམ་པར་བྱ་སྟེ། དེ་ལ་མཐེ་བོང་

གཉིས་ལ། ཨོཾ་ཞེས་བྱ་བ་བསམ། མཛུབ་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་བསམ། གུང་མོ་གཉིས་ལ་ཏྲཱཾ་ཞེས་བྱ་བ་བསམ། སྲིན་ལག་གཉིས་ལ་དྷི་ཞེས་བྱ་བ་བསམ། མཐེ་བོང་གཉིས་ལ་ཨཱ་ཞེས་བྱ་བ་བསམ། དེ་ལྟར་དེ་དག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལ་སོགས་པའི་མཚན་

མའོ། །དེ་ཉིད་གྱུར་པ་ལས་བཅོམ་ལྡན་འདས་ལྔ་དང་། ལྷ་མོ་ལྔ་བསམས་ཏེ། ཐལ་མོ་སྦྱར་ཏེ། ཨོཾ་ཨ་ནྱོ་ནྱཱ་ནུ་རཱ་ག་ས་མ་ཡ་ཧཱུཾ། ཞེས་བརྗོད་ལ། ཐབས་དང་ཤེས་རབ་རྗེས་སུ་ཆགས་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྦྱར་ཏེ། ཨོཾ་ཨ་ནྱོ་ནྱ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ས་མ་

ཡ་ཧཱུཾ། ཞེས་བརྗོད་པས་ཐབས་དང་ཤེས་རབ་ཐུགས་རྗེ་ཆེན་པོའི་དབང་གིས་སྙོམས་པར་ཞུགས་པར་བྱའོ། །རྡོ་རྗེ་བསྡམས་པ་ལས། ཨོཾ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཧཱུཾ། ཞེས་བརྗོད་པས། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་ཤིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་

ཆེན་པོ་ལ་ཐུགས་ཡེ་ཤེས་ཀྱི་ལྷ་དང་ལྷ་མོའི་ཚོགས་བསྐྱེད་པ་སྟེ། དེ་ལ་བཛྲ་ཨཉྫ་ལི་བྱ་བས། རྡོ་རྗེ་ཐལ་མོའི་སྔགས་སོ། །ཨོཾ་བཛྲ་བནྡྷ། ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའིའོ། །དེ་ནས་བཛྲ་བནྡྷ་ཏྲཊ། ཅེས་བརྗོད་པས་སྙིང་གར་སྡིག་པ་ལན་གསུམ་དྲལ་བར་བྱའོ། །ཨོཾ་ཨཱ་བེ་ཤ །ཞེས་

เล่ม ๖๘ · หน้า 129a

བྱ་བས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་པས་བདག་ཉིད་ལ་ཡེ་ཤེས་དབབ་པར་བྱའོ། །ཕབ་པ་དེ་ཉིད་འདིས་བརྟན་པར་བྱའོ། །ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབཛྲ་མུཥྚི། ཞེས་བྱ་

བ་དང་། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ། ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་ཕྱག་རྒྱ་ནང་དུ་བཅས་ལ། མཛུབ་མོ་གཉིས་གཤིབས་ཏེ། ལག་པ་གྱེན་དུ་འཕངས་ལ། ཨོཾ་པཱ་བཾ་ཨཱ་ཀཪྵ་ནི་བི་ཤོ་དྷ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །ཨོཾ་

བཛྲ་པཱ་ཎི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ་བནྡྷ་ནི་པྲ་མོ་ཀྵ་ཎ་སརྦ་ཨ་པཱ་ཡ་ག་ཏེ་བྷྱཿསརྦ་ཏྲཱ་ས་ནན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་ལ་གུང་མོ་གཉིས་མཉམ་པར་སྦྱར་ལ། གཞན་མ་བཞི་པོ་རྩེ་མོ་སྤྲད་དེ་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་རབ་ཏུ་བསྡུ་བའི་རྣམ་པར་

སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བདེ་བར་གཤེགས་པའི་རྩ་བའི་སྔགས་ལན་བདུན་བརྗོད་དེ། ཨོཾ་སརྦ་མུཿཞེས་པས་དགྲོལ་བར་བྱའོ། །དེ་ཉིད་ཀྱིས་ནི་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་

བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་འོག་མིན་གྱི་ཁང་པ་བརྩེགས་པ་གནས་པ་དང་འདྲ་བར་འགྱུར་ཏེ། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། རང་གི་ལྷའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། རང་གི་ལྷའི་སྙིང་

པོ་དམ་ཚིག་གིས་བྲིས་ལ། དེ་ཉིད་ལ་མངོན་པར་ཕྱོགས་པའི་ལྟེ་བའི་དབུས་སུ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པ་དང་། ཡང་དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུར་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་

འཁོར་གཉིས་པ་ཉིད་དུ་བསམ་པར་བྱའོ། །དེ་དག་གཅིག་ཏུ་གྱུར་པའི་སྟེང་དུ། བཛྲ་ཞེས་བྱ་བའི་སྙིང་པོ་དང་། དེ་ལས་རྡོ་རྗེ་རྩེ་ལྔ་པའི་འོད་ཟེར་གྱི་ཚོགས་དང་བཅས་པར་བསམ་པར་བྱའོ། །ངན་སོང་སྦྱོང་བ་ལ་སོགས་པ་རྣམས་ཀྱི་ནི་རང་རང་གི་སྙིང་པོ་ལས་བྱུང་བའི་མཚན་མ་སྟེ། དེ་དག་

เล่ม ๖๘ · หน้า 129b

གི་དབུས་སུ་སྙིང་པོ་རྣམས་བཀོད་ལ་རང་རང་གི་ཕྱག་རྒྱའི་ང་རྒྱལ་དུ་བསྒོམ་པར་བྱ་བ་ནི། བཛྲོ྅ཧཾ་ཞེས་པ་ནས་གྷཎྚོ྅ཧཾ། ཞེས་བྱ་བའི་བར་དུ། རང་རང་གི་སྙིང་པོ་ཡང་བཟླས་ཤིང་དེ་བཞིན་གཤེགས་པ་རིགས་ལྔའི་བྱང་ཆུབ་སེམས་དཔའ་དང་བཅས་པར་བཞུགས་པ་རྣམས། རང་རང་གི་ཕྱག་རྒྱ་

ལ་བཞུགས་པར་བསམས་ཏེ། བཛྲ་ཙཀྲ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཧཱུཾ། ཞེས་པ་ཟློས་ཤིང་ཕྱག་རྒྱའི་གཟུགས་དེ་རྣམས། བཛྲ་བཻ་རོ་ཙ་ན་ར་ཧཾ། ཞེས་པ་ལ་སོགས་པ་བརྗོད་པར་དེ་བཞིན་གཤེགས་པ་རྣམས་ཀྱི། རང་རང་གི་སྐུར་བྱིན་གྱིས་བརླབས་པའི་སྦྱོར་བས་རྣམ་པར་སྣང་མཛད་ཀྱི་སྐུར་

བསྒོམས་ལ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་ཧཱུཾ། བརྗོད་ལ་མ་ཧཱ་ས་མ་ཡ་སཏྭ་ཧཾ། ཞེས་པས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཤིང་ས་མ་ཡ་ཧཾ། ཞེས་བྱའོ། །དེ་ནས་སྙིང་ག་ལ་སོགས་པའི་གནས་བཞིར་རྡོ་རྗེ་ལ་སོགས་པ། ཨོཾ་ས་མ་ཡ་སརྦ། ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་

བརྗོད་པས། བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གར་འཁོར་ལོའི་ཕྱག་རྒྱ་ལས་བྱུང་བའི་བཛྲ་ཙཀྲ། ཞེས་པའི་སྙིང་པོས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དེ་མ་ཐག་ཏུ་སྤྲུལ་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ། དེ་ཡིས་མེ་

ཏོག་གི་ཕྲེང་བ་བླངས་ནས། སྙིང་གའི་དཀྱིལ་འཁོར་དུ་བཛྲ་ས་མ་ཡ། ཞེས་པས་འཇུག་པར་བྱ་ཞིང་། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་དཀྱིལ་འཁོར་དུ་དོར་བར་བྱའོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་ཏྭ་མེ་སརྦ་མ་ཧཱ་བ་ལ། ཞེས་བྱ་བས་ཕྲེང་བ་བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་བདག་

ཉིད་ཀྱི་མ་རིག་པ་བསལ་བར་བསམས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །དེ་རིང་བདག་གིས་མིག་དབྱེ་མཛད། །རྡོ་རྗེ་མིག་ནི་བླ་མེད་པས། །མིག་རྣམས་ཐམས་ཅད་དབྱེ་བར་འགྱུར། །ཞེས་བརྗོད་ལ། མིག་ཕྱེ་ལ་ཧེ་བཛྲ་པ་ཤྱ། ཞེས་བརྗོད་པས། དཀྱིལ་འཁོར་གྱི་འཁོར་

ལོ་ཐམས་ཅད་བླ་མར་བྱའོ། །དེ་ནས་སངས་རྒྱས་ལྔའི་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེ་ཆུ་བླངས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་པས། ཆུའི་དབང་བླངས་ནས་དེ་ནས་སངས་རྒྱས་དང་། ཕྱག་རྒྱ་ལ་སོགས་པའི་དབང་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་རཏྣ་

เล่ม ๖๘ · หน้า 130a

ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ། ཞེས་པའི་སྤྱི་བོ་ལ་སོགས་པའི་གནས་ལྔར་བདེ་བར་གཤེགས་པ་ལྔས་དབུ་རྒྱན་བྱའོ། །དེ་བཞིན་དུ་ཕྱག་རྒྱ་དང་། ཕྲེང་བ་དང་། གསུང་དང་། མིང་དང་། ལས་དང་། འཁོར་ལོ་ལ་སོགས་པ་དང་། གསང་བ་

དང་། བདེ་བ་ཆེན་པོའི་དབང་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མནོས་ལ། ཨོཾ་ཧཱུཾ། ཞེས་བརྗོད་ལ། སྙིང་ག་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ་གོ་བགོ་བར་བྱ་ཞིང་། དར་དཔྱངས་ཀྱིས་བརྒྱན་པར་བྱའོ། །དེ་ནས་བརྟུལ་ཞུགས་དང་། གནང་བ་དང་། ལུང་བསྟན་པ་ལ་སོགས་པ་ཐམས་

ཅད་རྒྱས་པར་བྱས་ནས་རང་ལ་བྱིན་གྱིས་བརླབས་ལ། རྣལ་འབྱོར་ཆེན་པོ་ལ་བརྩོན་པར་བྱ་སྟེ། དེ་ལ་རང་གི་སྙིང་གར་ཟླ་བ་བསམས་ལ་མ་ཡ་ཨཱ་ཞེས་བརྗོད་ཅིང་། ངན་སོང་སྦྱོང་བ་ལ་སོགས་པའི་གནས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཧཱུཾ། ཞེས་

པས་མདུན་གྱི་ནམ་མཁའ་བཻ་རོ་ཙ་ན་ཨ་ཞེས་བརྗོད་ལ་དབབ་པར་བྱའོ། །བཛྲ་བེ་ཞེས་བྱ་བ་དང་། བཛྲ་བཻ་རོ་ཙ་ན་ཧཾ། ཞེས་བརྗོད་པས། ཕྱག་རྒྱ་དང་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོར་བསྒོམས་ཏེ། རང་གི་གནས་སུ་དགུག་པ་ལ་སོགས་པ་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་

གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་བཻ་རོ་ཙ་ན་ཌནྡྲེ། ཞེས་བྱ་བས་བལྟ་བར་བྱའོ། །དེ་བཞིན་དུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཟླ་བ་གྲུབ་པར་འགྱུར་ཏེ། དེའི་སྟེང་དུ་བཛྲོ྅ཧཾ། ཞེས་པ་ལ་སོགས་པས་གནས་ལྔར་རྡོ་རྗེ་ལ་སོགས་ཕྱག་རྒྱས་གྱུར་ཅིང་། བཛྲ་ཨ་པཱ་ཡ་ཤོ་དྷ་ནི་ཧཱུཾ། ཞེས་པ་ལ་

སོགས་པས། བདེ་བར་གཤེགས་པའི་སྐུར་གྱུར་པར་བསམ་མོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་སཏྭ་ཨཱ། བཛྲ་རཱ་ཛ་ཨཱ། བཛྲ་རཱ་ག་ཨཱ། བཛྲ་སཱ་དྷུ་ཨཱ། བཛྲ་རཏྣ་ཨཱ། བཛྲ་ཏེ་ཛ་ཨཱ། བཛྲ་ཀེ་ཏུ་ཨཱ། བཛྲ་ཧཱ་ས་ཨཱ། བཛྲ་དྷརྨ་

ཨཱ། བཛྲ་ཏཱིཀྵྞ་ཨཱ། བཛྲ་ཧེ་ཏུ་ཨཱ། བཛྲ་བྷ་ཥ་ཨཱ། བཛྲ་ཀརྨ་ཨཱ། བཛྲ་རཀྵ་ཨཱ། བཛྲ་ཡཀྵ་ཨཱ། བཛྲ་སནྡྷི་ཨཱ། བཛྲ་ལཱ་སྱེ་ཨཱ། བཛྲ་མཱ་ལེ་ཨཱ། བཛྲ་གཱི་ཏི་ཨཱ། བཛྲ་ནིརྟི་ཨཱ། བཛྲ་དྷཱུ་པེ་ཨཱ། བཛྲ་པུཥྤེ་ཨཱ། བཛྲ་ཨཱ་ལོ་ཀེ་ཨཱ། བཛྲ་གནྡྷེ་ཨཱ། བཛྲ་ཨཾ་ཀུ་ཤ་

เล่ม ๖๘ · หน้า 130b

ཨཱ། བཛྲ་སྥོ་ཊ་ཨཱ། བཛྲ་ཨཱ་བེ་ཤ་ཨཱ། ཞེས་པས་སྙིང་པོ་ཕབ་ལ། དེ་ནས་དེ་དག་གྱུར་པར་གཟུགས་ཕྱག་རྒྱ་དག་སྟེ། བཛྲོ྅ཧཾ། ཞེས་པ་ནས། གྷཎྚོ྅ཧཾ། ཞེས་པའི་བར་གྱིས། རྡོ་རྗེ་སེམས་དཔའ་ནས་དྲིལ་བུའི་བར་དུ་གྱུར་པའོ། །དེ་ནས་ད་ཉིད་སོ་སོའི་བར་ཕྱག་རྒྱ་ཆེན་པོའི་སྐུར་

བསམ་པར་བྱ་བ་བཞིན། ཨོཾ་བཛྲ་སཏྭོ྅ཧཾ། ཞེས་པ་ནས། བཛྲ་གྷཎྚོ྅ཧཾ། ཞེས་པའི་བར་གྱིས་ངན་སོང་ཐམས་ཅད་དང་པོས་ཡོངས་སུ་སྦྱོང་བ་ལ་སོགས་པའི་གནས་སུ་རང་གི་རིགས་ལས་ཉེ་བར་མཚོན་པའི་ཁ་དོག་དང་ཕྱག་མཚན་བསྣམས་པས་གནས་པར་གྱུར་པ་དང་། ལྕགས་ཀྱུ་ལ་སོགས་

པའི་སྦྱོར་བས་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་བྱས་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྙིང་པོ་རྣམས་བརྗོད་པས་བལྟ་བར་བྱ་སྟེ། བཛྲ་སཏྭ་དྲྀ་ཤྱ། ཞེས་པ་ནས། བཛྲ་གཎྚོ་དྲྀ་ཤྱ། ཞེས་པའི་བར་གྱིས་བལྟ་བར་བྱའོ། །དེ་ནས་རང་གི་

ལུས་ལ་ཕྱག་རྒྱ་དང་། སྔགས་ཀྱི་སྦྱོར་བ་བསྡུས་པ་ལས། རིགས་ལྔའི་སངས་རྒྱས་ཀྱིས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་སྟེ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་བ་སྟེ། བཛྲ་ཙཀྲ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ། ཞེས་པ་ལ་སོགས་པའོ། །དེ་ནས་བཅོམ་

ལྡན་འདས་ཀྱི་རྩ་བའི་སྙིང་པོ་ལན་བདུན་བརྗོད་ལ། དེ་བཞིན་དུ་ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་རྒྱས་པ་རྣམས་ཀྱི་སྙིང་པོ་བརྗོད་ལ་སངས་རྒྱས་སྤྱན་ལ་སོགས་པས། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུཾ། ཞེས་པ་ལ་སོགས་པའི་སྔགས་ཀྱིས་སྙིང་ག་ལ་སོགས་

པའི་གནས་སུ་བྱིན་གྱིས་བརླབ་པར་བྱའོ། །རྣལ་འབྱོར་ཆེན་པོས་ནི་གཞལ་ཡས་ཁང་ལ་སོགས་པ་མེད་པ་ཡང་མངོན་པར་བྱང་ཆུབ་ལྔས་བསྐྱེད་ལ། ཆོ་ག་ཐམས་ཅད་སྤྱད་པར་བྱ་སྟེ། མངོན་དུ་བྱེད་པ་པོས་ནི། དེའི་རྗེས་ལ་རྡོ་རྗེ་འཛིན་པའི་བདག་ཉིད་ལས་བྱུང་བ་ཕྱག་རྒྱ་རྣམ་པ་བཞི་

ལ་སྦྱར་བར་བྱས་ཏེ། དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བས་ན། རྡོ་རྗེ་བསྡམས་པ་བཅིངས་བྱས་ལ། །དེ་ཉིད་ལྟེ་བར་ཏིང་འཛིན་གནས། །དེ་ལས་མཐེ་བོང་མཐེ་ཆུང་མདུད། །མཛུབ་མོ་སྲིན་ལག་རིན་ཆེན་འདྲ། །མཐེ་བོང་མཐེ་ཆུང་པད་སྙིང་པོ། །གཞན་

เล่ม ๖๘ · หน้า 131a

རྣམས་འདྲ་མ་འདྲ་བ་སྟེ། །དེ་བཞིན་རལ་གྲི་འདྲ་བ་དང་། །མཛུབ་མོ་རྡོ་རྗེ་འདྲ་བ་དང་། །གུང་མོ་དག་ནི་རིན་ཆེན་ཏེ། །སྲིན་ལག་པདྨ་འདྲ་བ་ལས། །མཐེ་ཆུང་ཨུཏྤལ་འདབ་འདྲར་བྱ། །མཛུབ་མོ་རྡོ་རྗེ་འདྲ་བ་ལས། །དེ་ཉིད་ལྕགས་ཀྱུའི་རྣམ་པར་བཀུག །མེ་ཏོག་

མདའ་གཞུ་འདྲ་བ་དང་། །ལེགས་སོ་ཞེས་པར་བརྗོད་པ་ནི། །རྡོ་རྗེ་སེམས་དཔའ་བཞི་པོ་ཡིན། །མཛུབ་མོ་རིན་ཆེན་འདྲ་བ་དང་། །མཐེ་བོང་གཤིབས་ཏེ་གཞན་རྣམས་བསྣོལ། །དེ་ལས་སྲིན་ལག་མཐེ་ཆུང་གཉིས། །མཉམ་པར་གཤིབས་པ་རྒྱལ་མཚན་ཏེ། །དེ་ལས་བསྐོར་ཏེ་ཁ་

ཕྱོགས་གཞག །སྲིན་ལག་པདྨ་ཆོས་ཀྱི་སྟེ། །སྲིན་ལག་རལ་གྲི་རྣོན་པོ་ཡིན། །ལག་གཉིས་མཐེབ་མཛུབ་ཟླུམ་པོ་ནི། །འཁོར་ལོ་ཡི་ནི་ཕྱག་རྒྱར་གྲགས། །སྲིན་ལག་རྩེ་སྤྲད་ཚིགས་གཉིས་དགུ །ཁར་གཞག་པ་ནི་གཟུང་བ་སྟེ། །མཐེ་བོང་མཐེ་ཆུང་རྩེ་སྤྲད་དགྱེད། །ལས་ཀྱི་རྡོ་རྗེར་

བཤད་པ་ཡིན། །དེ་ལས་མཛུབ་མོ་གཉིས་བརྐྱང་ནས། །མཐེ་བོང་སྙིང་གར་བརྐྱང་པའོ། །མཛུམ་མོ་གཉིས་དགུ་མཆེ་བ་ལ། །མཐེ་བོང་གུང་མོ་ཁ་འདྲ་བ། །གནོད་སྦྱིན་གྱི་ནི་ཡིན་པ་སྟེ། །མཐེ་ཆུང་གཉིས་པར་མཐེ་བོང་གཉིས། །མཛུབ་མོ་གཉིས་ཀྱིས་བཙིར་བའོ། །སྙིང་གར་

མཐེ་བོང་མཉམ་པར་གཤིབས། །རབ་ཏུ་བརྐྱང་བ་ཕྲེང་བ་སྟེ། །ཐལ་སྦྱར་ཁ་ཡི་ཐད་ཀར་གཞག །དེ་ལས་བསྣོལ་ཏེ་རབ་བསྐོར་དང་། །རྡོ་རྗེ་བཅིངས་པ་ཁ་སྦུབ་དང་། །ཐལ་མོ་ཁ་ཕྱེ་གྱེན་དུ་འཐོར། །གཡས་པའི་མཐེབ་བསྒྲེང་གཡོན་པས་འཁྱུད། །རྡོ་རྗེ་བསྡམས་བརྐྱང་དབྱུག་

པའོ། །མཛུབ་མོ་གཡས་པ་བཀུག་པ་དང་། །མཐེབ་མཛུབ་གཉིས་ནི་མདུད་པ་དོར། །མཐེ་བོང་མཛུབ་མོ་གདུ་བུར་བཅིང་། །རྡོ་རྗེ་བཅིངས་པ་མཛུབ་མོ་བསྡམས། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པ་གསལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་

པ་རྣམས་ཀྱི་ལྗགས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལ་དགོད་པར་བྱ་སྟེ། སརྦ་བིད་ཨོཾ། སརྦ་བིད་ཧཱུཾ། སརྦ་བིད་ཏྲཱཾ། སརྦ་བིད་ཧྲཱིཿ། སརྦ་བིད་ཨཿ། སརྦ་ནེ་ཏྲ་ཨཱ་ཏ་མ་སུ་ཁ། ཙནྡྲ་པྲ་བྷཱ་བ། སརྦ་ད་རོ། ས་མ་ཡ་སྟྭཾ། ཨ་ན་ཡཱ་སྭ། ཨ་ཧོ་

เล่ม ๖๘ · หน้า 131b

སུ་ཁ་སཱ་དྷུ་སཱ་དྷུ། སུ་མ་ཧཱཏྟྲཾ། རཱུ་པོ་དྱོ་ཏྱ། ཨར་ཏ་པ་ཏི། ཧ་ཧ་ཧཱུཾ་ཏེ། སརྦ་ཀ་རི། དུཿཁཙྪེད། བུདྡྷ་བོ་དྷི། པྲ་ཏི་སཔྟ། སུ་པ་ཤི་ཏྲཾ། ནི་ར་བཱ་ཡཏྟཾ། ཤ་ཏྲཱུཾ་བྷཀྵ། སརྦ་སིདྡྷི། མ་ཧཱ་ར་ཏེ། རཱུ་པ་ཤོ་བྷེ། སྲོ་ཏ་སུ་ཁྱེ། སརྦ་པཱུ་ཛེ། པྲཧླ་ད་ནི། ཕ་ལ་ག་མེ། སུ་ཏི་ཙི་ག །སུ་གནྡྷ་གྲེ།

ཨ་ཡ་ཧེ་ཛ། ཨ་ཧེ་ཧཱུཾ་ཧཱུཾ། ཧེ་ཕོ་ཊ་བཾ། གྷཎྚ་ཨ་ཨ། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། གུང་མོ་སྦྱར་བ་བྱས་པ་ལས། །གཡས་པ་ཡི་ནི་གུང་མོ་བསྒྲེང་། །གཡོན་པའི་སྦུ་གུར་བཅུག་ནས་ནི། །གཞན་རྣམས་བརྐྱང་པ་བྱང་ཆུབ་མཆོག །ངན་སོང་ཀུན་སྦྱོང་ས་ལ་རེག །རིན་

ཆེན་གྱི་ནི་མཆོག་སྦྱིན་ཏེ། །ཤཱཀྱ་ཐུབ་པའི་ཆོས་བཤད་མཆོག །མི་འཇིགས་སྦྱིན་པ་མེ་ཏོག་གིའོ། སྤྱན་གྱི་མིག་དང་འདྲ་བ་སྟེ། །མཱ་མ་ཀཱི་ནི་རྡོ་རྗེ་འདྲ། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤ་ལ་ནི་སྒྲོལ་མར་དགོངས། །རྡོ་རྗེ་བླངས་ནས་གསོར་བ་དང་། །ལག་གཉིས་ལྕགས་ཀྱུའི་

ཚུལ་གནས་དང་། གཞུ་འགེངས་པ་ཡི་སྦྱོར་བ་དང་། །ལེགས་པའི་སེ་གོལ་སྙིང་གར་གནས། །ལག་གཉིས་རྡོ་རྗེ་དབང་བསྐུར་བ། །སྙིང་གར་ཉི་མ་རབ་ཏུ་སྟོན། །གཡོན་པའི་གྲུ་མོ་གཡས་པས་གཟུང་། །དེ་ལས་ཕྱིར་ཟློག་རབ་ཏུ་དགྱེས། །ཤེས་རབ་ཐབས་ཀྱི་པདྨ་དགྱེས། །སྙིང་

གར་པོ་ཏི་རལ་གྲི་ཕྱར། །མགལ་མེ་ལྟ་བུའི་འཁོར་ལོ་བསྐོར། །རྡོ་རྗེ་གཉིས་ནི་ཁ་འགྲམ་གནས། །རྡོ་རྗེ་གར་གྱིས་བསྐོར་ནས་དགྲོལ། །སྤྱི་བོར་ཐལ་མོ་མཉམ་པར་སྦྱོར། །གོ་ཆའི་ཚུལ་དུ་བཟུང་ནས་ནི། །མཐེ་ཆུང་གཉིས་ནི་མཆེ་བར་གནས། །ཁུ་ཚུར་གཉིས་ནི་དཀུ་རུ་གནས། །

ཕྲེང་བ་བླངས་ནས་སྟེང་དུ་འཕྱར། །དེ་ལས་པི་ཝང་མཛུབ་མོས་བསྐྱོད། །གར་ནི་དེ་ལས་རྣམ་པར་བཟློག །སངས་རྒྱས་མཆོད་པ་ལ་བརྩོན་པས། །གཡས་པའི་མཁྲིག་མ་གཡོན་པས་གཟུང་། །གཡོན་པ་སྙིང་ག་གཡས་པ་ཡི། །མཐེབ་སྲིན་མེ་ཏོག་དཔྲལ་བར་བཟློག །དེ་བཞིན་

མིག་ཏུ་ཡང་དག་གནས། །དུང་ཕོར་ལྟ་བུར་དྲི་ཡིས་མཆོད། །མཛུབ་གཉིས་ལྕགས་ཀྱུས་མཐེ་ཆུང་མདུད། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང་། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །ཞགས་པའི་ཚུལ་ལས་རྒྱབ་གཉིས་མནན། །དམ་ཚིག་འབེབས་པ་ཡིན་པར་འདོད། །དེ་ནས་ཕྱག་རྒྱ་

เล่ม ๖๘ · หน้า 132a

ཆེན་པོ་བཅིང་བར་བྱ་སྟེ། དེ་ནས་རང་གི་སྙིང་གར་རྡོ་རྗེ་སེམས་དཔའ་བསམས་ལ། ཐམས་ཅད་དུ་རྡོ་རྗེ་དྲིལ་བུ་དང་ལྡན་པ་ལས། གོང་མ་ལྟ་བུ། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །ས་གནོན་དང་ནི་མཆོག་སྦྱིན་དང་། །ཆོས་འཆད་དང་ནི་སྐྱབས་མཛད་དང་། །སྤྱན་

གཉིས་རྡོ་རྗེ་ཁར་གནས་དང་། །པདྨ་ལྟ་བུ་ཐལ་མོ་དང་། །ཨུཏྤལ་ལྟ་བུའི་སོར་མོ་དང་། །དྲིལ་བུ་དཀུར་གཏོད་རྡོ་རྗེ་གསོར། །ལྕགས་ཀྱུས་སངས་རྒྱས་ཀུན་འགུགས་ཤིང་། །རྡོ་རྗེ་མདའ་ནི་བདེ་གཤེགས་འབིགས། །ལེགས་པས་སངས་རྒྱས་མཉེས་མཛད་ཅིང་། །སྙིང་པོ་

ཡིས་ནི་དབང་བསྐུར་མཛད། །ཉི་མས་སངས་རྒྱས་ཀུན་སྣང་སྟེ། །རྒྱལ་སྲས་ཀྱིས་ནི་སྦྱིན་པ་རྫོགས། །བཞད་པས་བ་སྤུ་ལྡང་མཛད་ཅིང་། །སྤྱན་གྱིས་གཏི་མུག་མུན་པ་སེལ། །རྣོན་པོས་ཤེས་རབ་པོ་ཏི་འཛིན། །འཁོར་ལོས་འཁོར་ལོ་རྣམ་པར་བསྒྱུར། གསུང་བས་ལྗགས་ནི་རབ་ཏུ་བརྐྱང་། །

ལས་ཀྱིས་རྡོ་རྗེ་སྣ་ཚོགས་འཛིན། །གསུང་བས་ཆོ་ག་འཛིན་པས་མཆོག །གནོད་སྦྱིན་ལ་ནི་མཆེ་བར་ལྡན། །ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་བཅིངས། །སྒེག་མོ་རྡོ་རྗེ་གཉིས་དང་ལྡན། ཕྲེང་བས་རིན་ཆེན་ཕྲེང་བ་འཛིན། །གླུ་མཁན་པི་ཝང་རྣམ་པར་ལྡན། །གར་ནི་རྡོ་རྗེ་རྩེ་གསུམ་སྟེ། །བདུག་པ་

ཡིས་ནི་སྤོས་ཁང་འཛིན། །མེ་ཏོག་མེ་ཏོག་སྣོད་དང་ལྡན། སྣང་བས་མར་མེ་སྡོང་བུ་འཛིན། །དྲི་ནི་དུང་ཕོར་ཡང་དག་ལྡན། །དེ་བཞིན་ལྕགས་ཀྱུ་ཞགས་པ་འཛིན། །ལྕགས་སྒྲོག་དྲིལ་བུར་ལྡན་པ་དང་། །ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དངོས་

གྲུབ་ལ་སོགས་འབྱིན་པར་འགྱུར་བ་ཁོ་ན་སྟེ། དེའི་སྐད་ཅིག་རྣམས་ལ་དེ་དག་གི་སྐུར་བསྒོམས་ལ། བདེ་བར་གཤེགས་པའི་ཚོགས་རྣམས་ལ་ནི། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བརྗོད་པ་དང་། རིག་པའི་ལྷ་མོ་རྣམས་ལ་ནི། །སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་དབང་

བསྐུར་ལ་སོགས་པ་ཐམས་ཅད་བྱ་སྟེ། དམ་ཚིག་དམ་པ་མཆོག་གི་རྡོ་རྗེ་གླུ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པས་བླངས་ལ་མཉེས་པར་བྱ་སྟེ། ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་བརྗོད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པ་ལས།

เล่ม ๖๘ · หน้า 132b

ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱས་ལ། དེ་ཉིད་ཀྱི་རྗེས་སུ་འཇུག་པའི་སྐད་ཅིག་མ་ལ་དུས་འབྱོར་པ་སྟེ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བསམ་མོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་

དཀར་པོ་ཟླུམ་པོའོ། །དེའི་སྟེང་ན་ལཾ་ལས་གསེར་གྱི་ས་གཞི་སེར་པོ་གྲུ་བཞི་པའོ། །དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་དང་། རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ་དཔག་ཚད་དང་རྒྱར་ཡངས་པར་བསམས་ལ། དེའི་སྟེང་དུ་བྷྲཱུཾ་དཀར་པོ་གྱུར་པ་ལས་ཡང་དག་པར་བྱུང་བའི་དཔལ་

རྣམ་པར་སྣང་མཛད་ཀྱི་ངོ་བོ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་ཁང་བརྩེགས་བསྒོམ་པར་བྱ་སྟེ། གྲུ་བཞི་པ་སྒོ་བཞི་དང་ལྡན་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་རྟ་བབས་བཞི་དང་དྲིལ་བུ་དང་། དྲ་བ་ལ་སོགས་པས་ཡོངས་སུ་བརྒྱན་ཅིང་། མེ་ཏོག་ཕྲེང་བ་དང་། བ་

དན་ལ་སོགས་པས་སྤྲས་པ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་བསམ་པར་བྱའོ། །དེའི་དབུས་སུ་ཙཾ་སེར་པོ་ལས་གྱུར་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་རིན་པོ་ཆེ་དང་། རྡོ་རྗེས་རྣམ་པར་སྤྲས་པའི་འོད་སྣ་ཚོགས་དང་ལྡན་པར་བསམས་ཏེ། དེའི་དབུས་སུ་ཨ་སིཾ་ཨཾ་ལས་སེང་གེའི་ཁྲི་བསྐྱེད་པ་

དང་། དེ་བཞིན་དུ་ངན་སོང་ཐམས་ཅད་སྦྱོང་བའི་གནས་སུ། ཧཱུཾ་གྷཾ་ཧཱུཾ་ལས་གླང་པོ་ཆེའི་ཁྲི་དང་། རིན་ཆེན་ཏོག་གི་གནས་སུ་ཏྲཱཾ་ཨ་ཏྲཱཾ་ལས་རྟའི་ཁྲི་དང་། ཤཱཀྱ་ཐུབ་པའི་གནས་སུ། ཧཾ་མཾ་ཧཾ་ལས། རྨ་བྱའི་ཁྲི་དང་། མེ་ཏོག་རྒྱས་པའི་གནས་སུ་ཨ་གཾ་ཨ་ལས་ནམ་མཁའ་ལྡིང་གི་ཁྲི་བསམ་

པར་བྱའོ། །དེའི་དབུས་སེང་གེའི་ཁྲིའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསྐྱེད་ལ། མངོན་པར་བྱང་ཆུབ་པ་མངོན་སུམ་དུ་

བྱེད་པ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ཉིད་འདི་ལྟར་བསམ་པར་བྱ་སྟེ། དེ་ཉིད་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་འདི་ལྟ་བུ་

เล่ม ๖๘ · หน้า 133a

ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་ག་ན་བ་དེར་གཤེགས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་ཉིད་ཀྱི་

ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་

སྙམ། དེ་ནས་ཏིཥྛ་བཛྲ་ཞེས་པའི་སྔགས་ཀྱིས་སེ་གོལ་བརྡབས་པས་སློང་བར་མཛད་དོ། །དེ་ནས་སད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་རྒྱ་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་རྣམས་བདག་གིས་མ་འཚལ་ན། དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོགས་ལ། རང་བཞིན་གྱིས་གྲུབ་པའི་སྔགས་

འདི་དགའ་བར་བཟླས། ཨོཾ་ཙིཏྟ་པྲ་ཏི་བནྡྷ་ནཾ་ཀ་རོ་མི། ཞེས་བྱ་བས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པ། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་རྟོགས་པའི་བདག་ཉིད་ཀྱི་

སེམས་སོ་སོར་རྟོགས་པ་དང་། སེམས་རིན་པོ་ཆེ་དེ་ཉིད་སྙིང་རྗེ་ཆེན་པོས་བརྒྱན་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པའི་མཚན་ཉིད་ཅན་ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་དང་། འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་ན་ཟླ་བའི་

དཀྱིལ་འཁོར་ལྟ་བུར་རྟོགས་སོ། །དེ་ནས་རིགས་ཀྱི་བུ་སེམས་ནི་རང་བཞིན་གྱིས་འོད་གསལ་བས་ན། ཇི་ལྟར་སྦྱངས་པ་དེ་ལྟར་འགྱུར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེར་ཡང་རང་བཞིན་ལྷུན་གྱིས་གྲུབ་པའི་སྔགས་ཟློས་ཤིག་དང་རབ་ཏུ་གསལ་བར་འགྱུར་རོ། །

เล่ม ๖๘ · หน้า 133b

ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བས་ཤིན་ཏུ་གསལ་བའི་བྱང་ཆུབ་སེམས་བསྐྱེད་པར་གྱུར་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པ་ལས་རིམ་གྱིས་འཕེལ་བར་གྱུར་པ་དང་། ཟླ་བའི་དཀྱིལ་འཁོར་རྫོགས་པར་གྱུར་པ་ལས། འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་

པ་རྣམས། ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་གང་ལགས་པ། དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ལགས་སོ། །དེ་ནས་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་གྱུར་པའི་སེམས་དེ་ཉིད་ལ། ཛྙཱ་ན་རི་མི་བི་ཛ་ཧཱུཾ། ཞེས་པའི་སྔགས་ཀྱི་རྣམ་པར་སྤྲོས་ཏེ། ཟླ་བའི་

དཀྱིལ་འཁོར་དེ་ལས་འོད་ཟེར་རྣམ་པ་སྣ་ཚོགས་པ་བྱུང་སྟེ། དེ་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་དུ་ཞུགས་ནས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་རི་བོ་ལྟ་བུར་བཅོམ་སྟེ་སླར་རྡོ་རྗེ་ཆེན་པོའི་གཟུགས་རྩེ་ལྔ་པ་གཅིག་ཏུ་གྱུར་ནས་སྤྱི་བོ་ནས་ཐུགས་ཀར་ཞུགས་ཏེ། ཟླ་བའི་དཀྱིལ་

འཁོར་ལ་རབ་ཏུ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་མངོན་དུ་གྱུར་གྱི་དེ་ལེགས་པར་སྒྲུབས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་དུ་བཟང་པོ་དེ་བརྟན་པར་བྱ་བའི་ཕྱིར་སྔགས་འདིས་རང་གི་སྙིང་

གའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། སྣང་བར་བྱས་ནས་སེམས་ཅན་ཐམས་ཅད་ཀྱིས་དེ་ནས་གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་གིས་མཐོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་ཏུ་བཟང་པོས་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་སྙེད་པ་དེ་དག་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སེམས་དཔའི་རྡོ་རྗེར་

ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཞེས་རྡོ་རྗེ་མིང་གིས་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལེགས་པར་མཐོང་ལགས་སོ་ཞེས་གསོལ་ཏོ། །སེམས་དཔའ་ཆེན་པོ་དེ་ལྟ་བས་ན། དེ་བཞིན་གཤེགས་པ་

เล่ม ๖๘ · หน้า 134a

ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་འགྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིག །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དེ་ནས་བདག་ཉིད་དེ་བཞིན་གཤེགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་

པ་དེ་དག་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབས་ལ། མངོན་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་

སོ། །དེ་ནས་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པས་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་

བཞིན་གྱིས་འོད་གསལ་བའི་འབྱུང་གནས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ། །དེ་ལྟར་སེམས་སོ་སོར་རྟོགས་པ་ནས་བརྩམས་ཏེ་མངོན་པར་བྱང་ཆུབ་པའི་བར་དུ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། རིན་ཆེན་

ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་རྒྱས་པ་རྣམས་ཀྱང་འབྱུང་བར་འགྱུར། དེ་རང་གི་སེམས་ལས་ཐ་མི་དད་པའི་ཕྱིར་རོ། །ཡང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་

པ་ཉིད་ཀྱི་ཡེ་ཤེས་བསྐྱེད། ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར། ཀུན་དུ་སྤྱན་རས་གཟིགས་དབང་པོས་ཆོས་ཀྱི་ཡེ་ཤེས་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ལ་རབ་ཏུ་བཞག་ནས། སེམས་ཅན་གྱི་དོན་མཛད་པའི་ཕྱིར་

เล่ม ๖๘ · หน้า 134b

སྙིང་རྗེའི་མིག་གིས་སེམས་ཅན་ཐམས་ཅད་ལ་བལྟས་པ་དང་། མི་ཤེས་པའི་ལས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་དགུག་པར་ཤེས་ནས་བདག་འདིར་སྔར་བསྐྱེད་པའི་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་གནས་པའི་ཁང་པ་བརྩེགས་པ་ཆེན་པོ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་དབུས་ན་

སེང་གེའི་ཁྲི་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་སྟེང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞི་པའི་ཚུལ་དུ་བཞུགས་པར་གྱུར་པར་བསྒོམ་མོ། །དེ་བཞིན་དུ་གླང་པོ་ཆེ་ལ་སོགས་པའི་ཁྲིའི་སྟེང་དུ་ངན་སོང་

ཐམས་ཅད་སྦྱོང་བ་ལ་སོགས་པ་ཡང་ཕྱོགས་བཞི་རེ་རེ་གནས་པར་གྱུར་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ནི་བདག་གོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་དག་གིས་ནི་སྦྱོར་བ་དང་

པོའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པའི་རྩ་བའི་ཕྱག་རྒྱས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་དྷིཥྵཱ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་གཉིས་ནས། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། ཞེས་བྱ་བའི་སྙིང་

པོས་སངས་རྒྱས་སྤྱན་ཕྱུང་སྟེ། མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ནས། སྤྲོ་བ་དང་བསྡུ་བ་ལ་སོགས་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ཏོ། །དེ་བཞིན་དུ་ཡང་སྙན་གཉིས་ནས། སརྦ་པཱ་པཾ་བི་ཤོ་དྷ་ནི། ཞེས་བྱ་བའི་སྙིང་པོ་

ལས་གོས་དཀར་མོ་ཕྱུང་སྟེ། རང་གི་གནས་སུ་གནས་པར་གྱུར་ཏོ། །ཞལ་ནས་ཤུདྡྷེ་བི་ཤུདྡྷེ། ཞེས་བྱ་བའི་སྙིང་པོ་ལས། མཱ་མ་ཀཱི་ཕྱུང་སྟེ། རང་གི་གནས་སུ་གནས་པར་གྱུར་ཏོ། །ཤངས་ནས་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་སྙིང་པོས་སྒྲོལ་མ་བྱུང་སྟེ། རང་གི་

གནས་སུ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་མཉམ་པ་མེད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེ་བདུད་ཀྱི་དཔུང་མ་ལུས་པ་འཇོམས་ཤིང་སེམས་ཅན་རྣམས་ཀྱི་ངན་འགྲོའི་རྒྱུད་ཐམས་ཅད་གཅོད་པར་བྱེད་པའི་སྙིང་པོ། ཨོཾ་ན་མོ་བྷ་ག་

เล่ม ๖๘ · หน้า 135a

བ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་འོད་ཟེར་དང་བཅས་པར་བྱུང་བ་དང་། དེས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་

སྤྲོ་བའི་ཕྱིར་ཕྱུང་ནས་སྤྲོས་ལ། དེས་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་ཞུགས་ནས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་ཐམས་ཅད་བཅད་དེ། སླར་འདུས་པ་ལས་འཁོར་ལོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བཅུ་དྲུག་ཏུ་གྱུར་ནས་གནས་པར་བསམ་མོ། །དེ་ནས་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་

ཟེར་བྱུང་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་ནས། ནམ་མཁའི་མཐར་ཐུག་པའི་རྡོ་རྗེ་རྩེ་ལྔའི་གཟུགས་སུ་གནས་པ་དང་། ཡང་སྔར་གྱི་ཐུགས་ཀའི་རྡོ་རྗེའི་ཚད་དུ་གྱུར་ཏེ། དེ་ལས་བྱུང་བའི་

རང་རང་གི་ཕྱག་རྒྱ་ཉིད་བསྡུས་པ་ནས་གསུངས་པའི་ཆེད་དུ་བརྗོད་པའམ། རྡོ་རྗེ་རྩེ་མོའི་རྒྱུད་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་པ་ནས་གསུངས་པའི་ཆེད་དུ་བརྗོད་པ། ཨེ་མ་ཧོ་བདག་ནི་སེམས་དཔའ་སྟེ། །མི་བསྐྱོད་རྒྱལ་པོས་བྱིན་བརླབས་ཤིང་། །འགྲོ་ཀུན་དོན་ལ་སེམས་དཔའི་ཕྱིར། །རྡོ་རྗེ་སེམས་

དཔའ་ཞེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ། སངས་རྒྱས་ལྔའི་དབུ་རྒྱན་ལ་སོགས་པས་དབང་བསྐུར་ནས། གསེར་གྱི་འཁོར་ལོ་རྩིབས་བཅུ་དྲུག་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་

རང་རང་གི་ཕྱག་རྒྱ་རྣམ་པར་དག་པས་གནས་པར་བསམ་པར་བྱའོ། །དེའི་འཁོར་ལོའི་མཚམས་སུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གསང་སྔགས་ཆེན་མོ་དེ་ཉིད་ལས་སྒེག་མོ་ལ་སོགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨེ་མ་ཧོ་བདག་ནི་སྒེག་མོ་སྟེ། །རོལ་པའི་

རྒྱལ་པོས་བྱིན་བརླབས་ཤིང་། །ཡིད་འཕྲོག་ཕྱིར་ནི་རབ་སྒེག་པས། །ཞེས་བྱ་བ་ལ་སོགས་པས་རང་རང་གི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པས་གནས་པར་གྱུར་ཏོ། །སྒོ་རྣམས་སུ་ནི་གསང་སྔགས་ཆེན་མོ་དེ་ཉིད་ལས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོས་ཏེ། །ཨེ་མ་ཧོ་བདག་ནི་ལྕགས་

เล่ม ๖๘ · หน้า 135b

ཀྱུ་སྟེ། །ཐུགས་རྗེའི་རྒྱལ་པོས་བྱིན་བརླབས་ཤིང་། །འགྲོ་ཀུན་ངན་སོང་ལས་འདྲེན་ཕྱིར། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱར་བརྗོད། །ཅེས་པ་ལ་སོགས་པའི་ཆེད་དུ་བརྗོད་པས་རང་རང་གི་གནས་སུ་གནས་པར་གྱུར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་མཆོད་པ་ཐམས་

ཅད་རྒྱས་པར་བྱ་བའི་ཕྱིར། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤོ་དྷ་ནི་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། ཞེས་བརྗོད་པ་ལས་རྟ་བབས་ཀྱི་ཁམས་རྣམས་སུ་བྱམས་པ་ལ་སོགས་པ་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་

པ་དང་། རྡོ་རྗེ་ལ་སོགས་པའི་དབང་གི་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་སྟེ། དེ་ལ་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཕྱག་རྒྱ་ལས་ཐམས་ཅད་བཅིང་བར་བྱེད་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྕེ་ལ་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པའི་ཐུགས་

ལས་སྤྲུལ་པའི་སྔགས་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་དེ་དག་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསམས་པ་ལས། ཀུན་ཀྱང་སྒེག་པར་ལྡན་པ་སྟེ། །གུང་མཛུབ་མེ་ཏོག་འདྲ་བ་ནི། །བྱམས་པའི་ཕྱག་རྒྱ་ཡིན་པ་སྟེ། །གཡོན་པ་དཀུར་བཙུགས་གཡས་པ་ནི། །གུང་མཛུབ་མིག་འདྲ་དོན་ཡོད་གྲུབ། །

དེ་ལས་མཛུབ་མོ་ལྕགས་ཀྱུར་བཀུག །ངན་སོང་ཀུན་འདྲེན་ཡིན་པར་བཤད། །དེ་ལས་དབྱུག་པའི་ཚུལ་བྱས་པ། །མྱ་ངན་ཀུན་འཇོམས་ཡིན་པ་སྟེ། །གཡོན་པ་ལྟེ་བར་གནས་པ་ནི། །གླང་པོའི་སྣ་འདྲ་སྤོས་ཀྱི་གླང་། །གཡོན་པ་དཀུར་བརྟེན་གཡས་པ་ནི། །རལ་གྲི་འཛིན་པ་དཔའ་བར་

འགྲོ། །གཡོན་པ་སྙིང་ག་གཡས་པ་ནི། །སྟེང་དུ་སྣོད་འཛིན་ནམ་མཁའི་མཛོད། །གཡོན་དུ་ལག་གཉིས་རྒྱལ་མཚན་འཛིན། །ཡེ་ཤེས་ཏོག་གི་ཕྱག་རྒྱ་སྟེ། །ལག་གཉིས་དཔྲལ་བར་བུམ་པ་འཛིན། །བདུད་རྩིའི་འོད་ཀྱི་ཡིན་པར་བཤད། །གཡོན་པའི་ཁུ་ཚུར་སླར་གནས་ལ། །

གཡས་པའི་སྲིན་ལག་མཐེ་བོང་གཉིས། །ཟླ་བའི་རི་མོ་ལྟར་འཛིན་པ། །ཟླ་འོད་གཞོན་ནུའི་ཕྱག་རྒྱ་སྟེ། །ལག་གཉིས་སྙིང་གར་པདྨ་འབྱེད། །བཟང་སྐྱོང་གི་ནི་ཕྱག་རྒྱར་གྲགས། །སོར་མོ་རྩེ་བསྣོལ་བར་ཕྱེ་ནས། །མཐེ་བོང་བསྒྲེང་འཛིན་དྲ་བའི་འོད། །རྡོ་རྗེ་རྩེ་གཅིག་སྙིང་གར་

เล่ม ๖๘ · หน้า 136a

གནས། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་སྟེ། །གཡོན་པ་སྙིང་གར་ཁུ་ཚུར་གནས། །གཡས་པ་མཆོད་སྦྱིན་བློ་གྲོས་ཆེ། །གཡོན་པ་ལྟེ་བར་གནས་ནས་ནི། །གཡས་པ་སེ་གོལ་སྤོབས་པ་བརྩེགས། །གཡོན་པ་དཀུ་རུ་གནས་ནས་ནི། །རིན་ཆེན་ཁུ་ཚུར་དཔུང་པར་འཛིན། །བྱང་

ཆུབ་སེམས་དཔའ་ཀུན་བཟང་གི །ཕྱག་རྒྱ་དམ་པ་ཡིན་པར་འདོད། །དེ་ནས་ཕྱག་རྒྱ་ཆེན་པོ་ནི། །དེ་དག་གི་ཕྱག་མཚན་དང་ལྡན་པ་ལས་རང་རང་གི་སྙིང་པོ། ཨོཾ་མཻ་ཏྲི་ཡ་ཧཱུཾ། ཞེས་པ་ནས། ཨོཾ་ས་མནྟ་བྷ་དྲཱ་ཡ་ཧཱུཾ། ཞེས་པའི་བར་དུ་བཟླས་པར་བྱའོ། །དེ་ནས་དེ་བཞིན་

གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ངན་འགྲོའི་རྒྱུན་གཅོད་པར་བྱ་བའི་ཕྱིར་ཉིད་ཀྱི་ཐུགས་ཀ་ནས། རྡོ་རྗེ་ཡེ་ཤེས་བྱིན་གྱིས་བརླབས། །ཞེས་བྱ་བའི་སྙིང་པོ། ཨོཾ་བཛྲ་ཨ་དྷིཥྛཱ་ནི་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་

ཡེ་ཤེས་ཀྱི་ཚོགས་ལྷུན་གྱིས་གྲུབ་པའི་རི་རབ་ཀྱི་རྩེ་མོ་ན་ཁང་པ་བརྩེགས་པ་ཆེན་པོ་འོད་དང་ལྡན་པའི་ཕྱི་རོལ་དུ་འོད་ཀྱི་འཁོར་ལོའི་གཟུགས་འདབ་མ་སུམ་ཅུ་རྩ་གཉིས་དང་། འདབ་མ་དྲུག་ཅུ་རྩ་བཞི་པ་ལ། འཕགས་པ་ཀུན་དགའ་བོ་ལ་སོགས་པའི་ཉན་ཐོས་ཆེན་པོ་བརྒྱད་དང་། སེར་སྐྱ་ལ་

སོགས་པའི་འཕགས་པ་རང་སངས་རྒྱས་དང་། སྟོབས་པོ་ཆེ་ལ་སོགས་པའི་ཁྲོ་བོ་ཆེན་པོ་བརྒྱད་དང་། སེང་གེའི་མགོ་ལ་སོགས་པ་ཕོ་ཉ་ཆེན་པོ་བརྒྱད་སྤྲུལ་པར་བྱའོ། །དེ་བཞིན་དུ་རིམ་པ་ཇི་ལྟ་བས་དེའི་འཁོར་ལོའི་ཕྱི་རོལ་ལ་ནི་འཇིག་རྟེན་པའི་ལྷ་རྣམས་བསམ་པར་བྱ་སྟེ། ཡུལ་འཁོར་སྲུང་

ལ་སོགས་པའི་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་དང་། ཉི་མ་ལ་སོགས་པ་གཟའ་ཆེན་པོ་བརྒྱད་དང་། སྨིག་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་། རྒྱས་པ་ལ་སོགས་པའི་དྲང་སྲོང་ཆེན་པོ་བརྒྱད་དང་། སྒྲ་གཅན་འཛིན་ལ་སོགས་པ་འཇིག་

རྟེན་པའི་རྗེ་བོ་བརྒྱད་དང་། དེ་དག་གི་ཕྱི་རོལ་དུ་ནི་འཛམ་བུའི་གླིང་དང་། ལུས་འཕགས་པོ་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་དང་། འགྲོ་བ་དྲུག་ཏུ་གནས་པའི་ས་འོག་དང་། ས་སྟེང་དང་། ས་བླའི་ཁམས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་འོད་ཟེར་ཆེན་པོས་སྣང་བར་བྱས་པ་ཐམས་

เล่ม ๖๘ · หน้า 136b

ཅད་ཀྱང་མི་དགེ་བའི་རྒྱུན་མཐའ་དག་བྲལ་བ་ལས་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་ལྡན་ཞིང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་བས་མཆོད་པའི་ཚོགས་ཆེན་པོས་མཆོད་ཅིང་། ཐམས་ཅད་དང་འདོད་པའི་ཡོན་ཏན་ལྔ་ཡིས་རྒྱས་པར་གྱུར་ཏེ། ལག་པའི་ཐལ་མོ་

སྤྱི་བོར་སྦྱར་བས་བཅོམ་ལྡན་འདས་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་མངོན་པར་རྫོགས་པར་བསམ་པར་བྱའོ། །དེ་ལྟ་བུ་ལས་སེམས་ཅན་ཐམས་ཅད་ཀྱི་སེམས་དྲི་མ་མེད་པ་རབ་ཏུ་དང་བ་དང་ལྡན་པའི་དགའ་བ་ཆེན་པོས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །

སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་ཞིང་དེ་མེད། །དེ་ཕྱིར་གསུམ་ལ་སྐྱབས་སུ་མཆི། །དེ་ནས་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་ཡང་དག་པར་སོང་པར་བྱས་ལ། ཆོ་ག་ཐམས་ཅད་བསྡུས་པའི་མཆོག་ལ་སྤྱད་པར་བྱ་སྟེ། རང་

གི་སྙིང་ག་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་རང་གི་ས་བོན་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར་པ་དང་། དེ་ལ་རང་གི་ས་བོན་གནས་པའི་འོད་ཟེར་གྱིས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོ་ཡེ་ཤེས་སེམས་དཔའི་དབྱིངས་

ཐམས་ཅད་བཀུག་ལ། མདུན་གྱི་ནམ་མཁའ་ལ་པདྨ་འདབ་མ་བརྒྱད་པ་ཟླ་བའི་དཀྱིལ་འཁོར་དང་བཅས་པར་བཞུགས་པ་ལ་མཆོད་ཡོན་གྱིས་ཞབས་བསིལ་དང་། ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། ལྕགས་ཀྱུ་ལ་

སོགས་པའི་སྔགས་དང་། རྣལ་འབྱོར་གྱིས་རང་གི་ལུས་ལ་ཡང་དག་པར་ཞུགས་པར་བྱ་བ་ནི། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཞེས་བརྗོད་པས་དེ་ཁོ་ན་ཉིད་གཅིག་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་མཆོད་པ་མཆོག་གི་དམ་པ་རྣམས་ཀྱིས་མཉེས་པར་བྱ་བའི་ཕྱིར། ཨོཾ་བཛྲ་པུཥྤེ། ཞེས་པ་ལ་སོགས་པས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་མཱ་མ་ཀཱི་ཤིན་ཏུ་མཛེས་པ་འདོད་པའི་ཡོན་ཏན་གྱི་མཆོག་ཏུ་

เล่ม ๖๘ · หน้า 137a

གྱུར་པ་བུད་མེད་ཀྱི་གཟུགས་འཛིན་པ་ཕྱུང་སྟེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཐུགས་ཀར་ཞུགས་པར་གྱུར་པ་སྟེ། ཨེ་མ་བདག་ནི་མཆོད་པ་བླ་ན་མེད། །གང་ཕྱིར་རྡོ་རྗེ་རྒྱལ་པོ་མཉེས་གྱུར་པ། །དེ་ལས་སྤྲུལ་པའི་མཆོད་པ་བླ་མེད་ཀྱིས། །སངས་རྒྱས་ཞིང་དུ་

རབ་ཏུ་རྒྱས་གྱུར་ཅིག །ཨོཾ་སཏྭ་བཛྲི་ཧཱུཾ། བཛྲ་སཏྭ་སུ་སཾ་གྲ་ཧཾ། ཞེས་རང་གི་རྡོ་རྗེ་གླུ་གདུང་བ་དང་བཅས་པས་སོང་བར་གྱུར་པ་སྟེ། དེའི་སྤྲོ་བའི་ཕྱག་ནི་ལག་པ་གཉིས་གཞལ་ཡས་ཁང་དུ་བརྩེགས་པ་ལས། དེའི་དབུས་ན་མཐེ་བོང་དང་གུང་མོ་བཞི་གཉིས་སུ་མེད་པར་གཅིག་པར་བྱས་ཤིང་པདྨ་

ཕྱག་རྒྱ་གར་དང་བཅས་པ་ལས་རང་གི་སྙིང་གར་བསྒྱིངས་པའི་ཚུལ་གྱིས་རྡོ་རྗེ་འཛིན་པར་བྱའོ། །དེ་བཞིན་དུ་མཆོད་པ་བཅུ་དྲུག་པོ་ཐམས་ཅད་ལ་ཡང་རང་རང་གི་ཕྱག་རྒྱ་དང་བཅས་པ་ལས་གཉིས་སུ་མེད་པའི་ཕྱག་རྒྱས་མཆོད་པར་བྱའོ། །དེ་ནས་ངན་སོང་ཐམས་ཅད་སྦྱོང་བའི་ཐུགས་ཀ་

ནས་སླར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ལ་མཱ་མ་ཀཱི་གོང་མའི་རྡོ་རྗེ་གླུས་མཆོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་སངས་རྒྱས་སྤྱན་ཕྱུང་ནས་རིན་ཆེན་ཏོག་གི་ཐུགས་ཀར་ཕུལ་བ་ལས། ཨེ་མ་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་

གླུས། ཨོཾ་རཏྣ་ཛི་ཧཱུཾ་ནཻ་ཏྲི་སུ་སཏྭ་སཾ་གྲ་ཧཾ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གོས་དཀར་མོ་སྤྲུལ་ནས་ཤཱཀྱ་ཐུབ་པའི་ཐུགས་ཀར་ཕུལ་ནས། ཨེ་མ་པདྨའི་ཞེས་པ་ལ་སོགས་པ་དང་། ཨོཾ་དྷརྨྨ་བཛྲ་ཧཱུཾ་མུ་ནི་སུ་སཏྭ་སཾ་གྲ་ཧཾ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་ཐུགས་ཀ་ནས་སྒྲོལ་མ་སྤྲུལ་ཏེ་མེ་ཏོག་ཆེན་པོ་རྒྱས་པའི་ཐུགས་ཀར་ཕུལ་ཏེ། ཨེ་མ་ལས་ཀྱི་མཆོད་པ་ཞེས་པ་ལ་སོགས་པས། ཨོཾ་བི་ཤོ་བཛྲ་ཧཱུཾ་ཏཱ་ར་སུ་སཏྭ་སཾ་གྲ་ཧཾ། ཇི་ལྟར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སླར་ཕུལ་བ་

དེ་བཞིན་དུ་རིན་པོ་ཆེ་ཏོག་ལ་སོགས་པས་ཀྱང་རྡོ་རྗེའི་གླུ་དེ་ཉིད་ཀྱིས་མཆོད་པར་བྱའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྒེག་མོ་སྤྲུལ་ཏེ། རྡོ་རྗེ་སེམས་མའི་ཐུགས་ཀར་སྤྲུལ་པ་ལས། ཨེ་མ་བདག་ནི་མཆོད་པ་ཞེས་པ་ལ་སོགས་པས། ཨོཾ་ལཱ་སྱ་སུ་སཏྭ་སཾ་

เล่ม ๖๘ · หน้า 137b

གྲ་ཧཾ། ཞེས་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལས་ཕྲེང་བ་མ་དང་། གླུ་མཁན་མ་དང་། གར་མཁན་མ་དང་། བདུག་པ་མ་དང་། མེ་ཏོག་མ་དང་། སྣང་གསལ་མ་དང་། དྲི་ཆབ་མ་དང་། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་།

ལྕགས་སྒྲོག་མ་དང་། དྲིལ་བུ་མ་དང་། ཡང་སངས་རྒྱས་སྤྱན་ལ་སོགས་པ་བཅོ་ལྔ་སྤྲུལ་པ་ལས་རང་རང་གི་ཆེད་དུ་བརྗོད་པའི་གླུས་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཐུགས་ཀར་ཕུལ་ཏེ། དེ་རྣམས་ཀྱི་རྡོ་རྗེའི་གླུ་གསང་བའི་དེ་ཁོ་ན་ཉིད་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། རཱ་ཛཱ་སུ་སཏྭ་

སཾ་གྲ་ཧཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཧཱུཾ་རཱ་ག་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཨ་ཏ་མ་ཧཱུཾ་སཱ་དྷུ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ་རཏྣ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཏེ་ཛ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཀེ་ཏུ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ནཻ་ཏྲི་ཧཱུཾ་ཧཱ་ས་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་གཱི་ཏི་ཧཱུཾ་དྷརྨ་སུ་སཏྭ་

སཾ་གྲ་ཧཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཏཱིཀྵྞ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་སྥོ་ཊ་ཧཱུཾ་ཙཀྲ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་བནྡྷ་ར་ཧཱུཾ་པཱ་ཤ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ནིརྟི་ཧཱུཾ་པཱ་ཤ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་གནྡྷེ་ཧཱུཾ་དྷརྨ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཏཱ་ར་ཧཱུཾ་ཡཀྵ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཏཱ་ར་ཧཱུཾ་སནྟི་སུ་སཏྭ་སཾ་

གྲ་ཧཾ། ཞེས་གདུང་བ་དང་བཅས་པས་མཆོད་པར་བྱའོ། །དེ་ལྟར་བླ་ན་མེད་པའི་མཆོད་པ་ཐམས་ཅད་ཀྱིས་རྒྱས་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། རྒྱལ་བ་ཐམས་ཅད་

སྐྱེད་པར་བྱེད་པའི་ལྷ་མོ་ལྔས་ཐེག་པ་ཆེན་པོའི་བུམ་པ་བླ་ན་མེད་པའི་དབང་། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པས་བུམ་པ་དེས་དབང་བསྐུར་ལ། དེ་བཞིན་དུ་ཡང་དབུ་རྒྱན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བརྟུལ་ཞུགས་དང་། དེ་

བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། ཞེས་པས་དབང་བསྐུར་ལ། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་ཐམས་ཅད་ཀྱི་དཔྲལ་བ་དང་། སྤྱི་བོ་དང་། ལྐོག་མ་དང་། སྙིང་ག་རྣམས་སུ་རྡོ་རྗེ་

เล่ม ๖๘ · หน้า 138a

སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་ལ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱས་རིགས་ཐམས་ཅད་ལ་རྒྱས་བཏབ་སྟེ། ཕྱག་རྒྱ་བཞི་ལ་ཉེ་བར་གནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནིཪྻ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་

ཧཱུཾ་ཀརྨ་བཛྲ་ཨ། ཞེས་པ་ལ་སོགས་པས་མཆོད་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། ལུས་ཐམས་ཅད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོས་གསལ་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་གྱུར་པ་ཉིད་དོ།། །།

དེ་དག་གིས་ནི་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་འོད་ཟེར་དྲི་མ་མེད་པ་དེས་སྣང་བར་བྱས་པ་དང་། དེ་ནས་

བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས། ཡང་འོད་ཟེར་བྱུང་བ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་ཞུགས་སོ། །དེ་ནས་སེམས་ཅན་གྱི་ངན་འགྲོའི་རྒྱུད་ཐམས་ཅད་བཅད་ནས་སླར་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་ནམ་མཁའི་ཁམས་

ཐམས་ཅད་དུ་ཁྱབ་པའི་གཟུགས་སུ་གྱུར་ཏོ། །དེའི་ལྟེ་བ་ལ་གནས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་བྱེད་པའི་འོད་ཟེར་ལ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཕྱག་རྒྱ་བཞི་པའི་དཀྱིལ་

འཁོར་གྱི་དབུས་ན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པ་བདེ་བར་གཤེགས་པ་བཞི་ནི་རང་རང་གི་ཕྱག་རྡོ་རྗེ་ལ་སོགས་པ་ཕྱག་གཡས་པ་ན་བསྣམས་ཤིང་། ཕྱག་གཡོན་པ་རྡོ་རྗེའི་ལྕགས་ཀྱུ་འོད་ཟེར་དང་བཅས་པ་བསྣམས་པའི་ཕྱག་བཞིར་རྡོ་རྗེ་སེམས་དཔའ་

ལ་སོགས་པའི་གཟུགས་ཀྱིས་ཡང་དག་པར་གནས་ཏེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཛད་པ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེས་དགུག་པར་མཛད་པ་དང་། སེམས་དག་པ་དང་བཅས་པར་མཛད་པ་དང་། ཡིད་

เล่ม ๖๘ · หน้า 138b

དང་བར་མཛད་པ་དང་། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་དང་། མ་རིག་པའི་མུན་པ་བསལ་བ་དང་། སྦྱིན་པ་ཕུན་སུམ་ཚོགས་པར་མཛད་པ་དང་། འཛུམ་པ་རྨད་དུ་བྱུང་བ་ལ་ངེས་པར་སྦྱོར་བ་དང་། རྣམ་པར་དག་པའི་ཏིང་ངེ་འཛིན་རྫོགས་པར་མཛད་པ་དང་། ཉོན་མོངས་པ་ཐམས་ཅད་

གཅོད་པ་དང་། བདུད་དཔུང་མ་ལུས་པ་རྩད་ནས་འབྱིན་པར་མཛད་པ་དང་། ལྐུགས་པ་ཐམས་ཅད་སྨྲ་བར་མཛད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་མཛད་པ་དང་། འཇིགས་པ་ཐམས་ཅད་སྲུང་བ་དང་། བསྲུང་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། ལུས་དང་། དག་

དང་སེམས་མཉམ་པ་ཉིད་དུ་གཅིག་པར་མཛད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་ལ་སྦྱོར་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།

ཤེས་རབ་དང་། སྨོན་ལམ་དང་། ཐབས་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་དགུག་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་གཞུག་པ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་སེམས་འཇིག་པར་མཛད་པ་དང་། རང་བཞིན་འོད་གསལ་ཞིང་

སྐྱེ་བ་མེད་པར་མཛད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཚད་མེད་པ་ལ་སྐྱོང་བར་མཛད་པ་སྟེ། སླར་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་བཀུག་སྟེ་བཅུག་ནས་བཅོམ་ལྡན་འདས་ཀྱི་

ཐུགས་ལས་སྤྲུལ་པའི་བུམ་པ་དང་། ཕྱག་རྒྱ་དང་། ཕྲེང་བ་ལ་སོགས་པའི་དབང་རིམ་པ་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱའོ། །དབང་བསྐུར་བ་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲས་པོ་ཉིད་དུ་གྱུར་པ་སྟེ། ཐམས་ཅད་དུ་ཡང་རྡོ་རྗེ་མིང་གི་དབང་བསྐུར་བ་ལས་ཀུན་ཀྱང་བསྐལ་

པ་འདི་སྙེད་ཀྱི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཅེས་བྱ་བར་མཚན་གཅིག་པར་གྱུར་ཏེ། མཆོད་པའི་ཚོགས་ཀྱིས་ཡང་དག་པར་མཆོད་ནས། ཡང་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཀྱེ་མ་རྣམ་སྣང་རྡོ་རྗེ་ཡིས། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །གང་ཕྱིར་ངན་སོང་ལྟུང་

เล่ม ๖๘ · หน้า 139a

བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་སྒྲོལ། །ཞེས་ཡོངས་སུ་བསྟོད་པས་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནམ་མཁའི་ཁམས་མཐས་གཏུགས་པ་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་

དཀྱིལ་འཁོར་ལ་བཞུགས་ཤིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པར་བྱས་ནས་གནས་པར་བྱས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་རབ་ཏུ་གསལ་བའི་བདག་ཉིད་དུ་གནས་པར་གྱུར་ཏོ། །དེ་དག་གིས་ནི་ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ།། །།

དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རྩིབས་བཅུ་དྲུག་པའི་གཟུགས། རྡོ་རྗེའི་དབྱིངས་ཆེན་པོ་སྟེ། ཐམས་ཅད་ཀྱང་རྡོ་རྗེའི་ཁུ་ཚུར་མཁྲིག་མ་བསྣོལ་ལ་བཟློག་ཅིང་བཟློག་པས་སེ་

གོལ་གདབ་པར་བྱ་སྟེ། སེ་གོལ་དེ་ཉིད་རྡོ་རྗེ་ལྕགས་ཀྱུའི་གཟུགས་སུ་གནས་པ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ཐམས་ཅད། ཨོཾ་བཛྲ་ས་མཱ་ཛཿཛཿ

ཧཱུཾ་བཾ་ཧོཿ། ཞེས་བྱ་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལས་རྡོ་རྗེ་བསྡུ་བ་བྱ་སྟེ། དེ་ཉིད་དུ་འཁོད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་འདུས་པར་གྱུར་པ་སྟེ། དེ་ཉིད་མཆོད་པའི་ཚོགས་ཀྱིས་

རྒྱས་པར་བྱས་ལ། དེ་བཞིན་གཤེགས་པའི་ཕྱག་རྒྱའི་གཟུགས་རྡོ་རྗེ་ཆེན་པོའི་ལྟེ་བ་ལ་གནས་པར་གྱུར་ནས། སངས་རྒྱས་ཀྱི་ཞིང་རབ་འབྱམ་མ་ལུས་པ་ཐམས་ཅད་ཐུགས་ཀྱི་ཡི་གེ་མཆོག་ཏུ་གྱུར་པའི་ཐིག་ལེ་ལ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་

ཅད་ཀྱིས་རྒྱས་པར་གྱུར་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རབ་ཏུ་གནས་ཤིང་། རང་བཞིན་གྱིས་འོད་གསལ་བ་ཐམས་ཅད་དུ་ཐོགས་པ་མེད་པར་གྱུར་པ་དང་། སེམས་རྩེ་གཅིག་པ་ཉིད་ཀྱིས་གནས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་

เล่ม ๖๘ · หน้า 139b

ཅད་ཀྱི་ཐུགས་ཀར་གནས་པ་དེ་ཉིད་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས་ནི་བདག་ཉིད་ཀྱི་སེམས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་སུ་གྱུར་པ་རྣམ་པར་སྣང་མཛད་གང་ཆེན་མཚོའི་བདག་ཉིད་དུ་གྱུར་ཏོ། །དེ་ལྟར་ཇི་སྲིད་དུ་སྐྱོ་བར་མ་གྱུར་གྱི་བར་དེ་སྲིད་དུ་བསྒོམས་ལ། དེ་ནས་

རྣམ་པར་སྣང་མཛད་ཆེན་པོའི་སྦྱོར་བས་སྔགས་བཟླས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རིག་པ་ཆེན་མོ་རྩ་བའི་སྔགས་ཟླ་བའི་འོད་ཟེར་ལྟ་བུ་བྱུང་བ་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཀྱང་རྩ་བའི་རིག་པ་

ཆེན་མོ་དེ་ཉིད་ལ་བརྟེན་ཏེ་རང་རང་གི་སྙིང་པོའི་སྔགས་ཀྱི་སྒྲ་འབྱུང་བར་བསམས་ནས་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱས་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བཟླས་པ་བྱས་པར་འགྱུར་རོ། །དེ་ལྟར་རྡོ་རྗེའི་བཟླས་པ་འབུམ་ཕྲག་དང་། སྟོང་ཕྲག་དང་། བརྒྱ་ཕྲག་ལ་སོགས་པ་བཟླས་ནས་མཉམ་

པར་གཞག་པ་ལས་ལངས་པར་གྱུར་པའི་ཚེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། མཚན་བརྒྱ་རྩ་བརྒྱད་པས་ཀྱང་བསྟོད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་དམིགས་པ་མེད་པའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་བར་དུ་ཕྱག་རྒྱ་

ཐམས་ཅད་བཀྲོལ་ལ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་དམ་པས་བཀྲོལ་ཞིང་། བཛྲ་མུཿཞེས་པས་ཕྱག་རྒྱ་ཐམས་ཅད་ནམ་མཁའི་ཕྱོགས་སུ་བསྟན་ལ། རྡོ་རྗེ་གོ་ཆའི་སྦྱོར་བས་བདག་ཉིད་ལ་གནས་ཇི་ལྟ་བ་བཞིན་དུ་བསྡུ་བའི་སྣ་ཚོགས་རྡོ་རྗེའི་གོ་བགོས་ལ་ཡི་གེ་བརྒྱ་པ་བཟླས་ནས་དངོས་གྲུབ་བླང་སྟེ། དགེ་

བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་བྲལ་བར། དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་ལྡན་པར་གྱུར་ནས། སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་སྤངས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་

པོའི་ས་ལ་གནས་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་མེ་ཏོག་ལག་པར་ཐོགས་པས། བདག་གི་ཕྱག་རྒྱ་སྔགས་རྣམས་དང་། །བསམ་གཏན་འཁྲུལ་དང་ཉམས་པ་རྣམས། །དེ་བཞིན་ལྷ་ཚོགས་ཉམས་པ་ཀུན། །དཀྱིལ་འཁོར་བཅས་པས་བཟོད་པར་མཛོད། །ཅེས་བཟོད་པར་

เล่ม ๖๘ · หน้า 140a

གསོལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་རོལ་མོ་སྣ་ཚོགས་པ་ནམ་མཁའ་ལས་སྒྲོགས་པས་གཤེགས་པར་མོས་པ་བསྐྱེད་དེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་

ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་བྱ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས་སུ་གསོལ་བར་བྱའོ།། །།དེ་ནས་ཉམས་པ་མེད་པའི་རྣལ་འབྱོར་པ་མངོན་པར་བརྩོན་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་དོན་དུ་

དཀྱིལ་འཁོར་ལ་སོགས་པའི་ལས་བྱ་བ་ཉིད་དེ། དེ་ཡང་རེ་ཞིག་དང་པོར་གནས་གཙང་མ་རང་གི་ཡིད་དང་རྗེས་སུ་མཐུན་པ་རྣམས་སུ་ཉི་མ་བཟང་པོ་ལ་རབ་ཏུ་ཞུགས་ལ་བའི་རྣམ་པ་ལྔ་དང་། དྲི་དང་བྱུག་པ་ལ་སོགས་པས་ཉེ་རེག་བྱས་ཏེ། ཨ་ག་རུ་ལ་སོགས་པའི་བདུག་པས་བདུགས་ཤིང་སྤོས་ཀྱི་

དཀྱིལ་འཁོར་ཁྲུ་དྲུག་པའམ། ཁྲུ་བཞི་པའམ། ཁྲུ་དོ་པ་བྱས་པ། དེའི་རྗེས་སུ་པདྨ་འདབ་མ་བརྒྱད་པ་སྙིང་དང་ཟེ་འབྲུར་ལྡན་པ་བྲིས་ཏེ། དེའི་སྟེང་དུ་བུམ་པ་དཀར་པོ་གཅིག་ལ་རིགས་ལྔའི་ཕྱག་རྒྱས་མཚན་པ་རྣམ་པར་སྣང་མཛད་བསྐྱེད་པའི་ནང་དུ། སྨན་དང་། སྤོས་དང་། རིན་པོ་ཆེ་

དང་། འབྲུ་ལ་སོགས་པ་དེ་བཞིན་གཤེགས་པའི་སྙིང་པོས་བྱིན་གྱིས་བརླབས་པ་བཅུག་སྟེ། རས་དཀར་པོས་མགུལ་ལ་དཀྲིས་ཤིང་མེ་ཏོག་ཕྲེང་བ་ལ་སོགས་པས་བརྒྱན་པ་བཞག་སྟེ། དེའི་ཤར་ཕྱོགས་ཀྱི་འདབ་མ་ལ་བགེགས་མཐར་བྱེད་ཀྱི་བུམ་པ་སྔ་མ་ལྟ་བུ་བཞག་ལ། དཀར་པོ་ལ་

སོགས་པའི་ཚོན་སྣ་ལྔའི་སྐུད་པས་བཏགས་ཏེ། མཆོད་པ་ལྔས་ཡང་དག་པར་མཆོད་ནས། སྟན་བདེ་བ་ལ་འདུག་སྟེ། ཡི་གེ་བརྒྱ་པས་སྡིག་པ་ཐམས་ཅད་བཤགས་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་བསྒོམས་ལ། མདུན་གྱི་བར་སྣང་ལ་ནམ་མཁའི་ཁམས་

ཐམས་ཅད་དུ་ཁྱབ་པའི་སེམས་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པས་ཁྱབ་པར་གྱུར་པ་དང་། དེའི་སྟེང་དུ་ཧཱུཾ་ནག་པོ་ལས་རྡོ་རྗེ་རྩེ་ལྔ་པ་འོད་དང་བཅས་པ་བསམས་ལ། དེ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོར་བསམས་ཏེ། སྙིང་ག་དང་། དཔྲལ་བ་

เล่ม ๖๘ · หน้า 140b

དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་སེམས་མ་རྡོ་རྗེ་མ་ལ་སོགས་པའི་གཟུགས་ཀྱིས་རྒྱས་བཏབ་ལ། མ་ཧཱ་ས་མ་ཡ་སཏྭ་ཧ། ཞེས་བརྗོད་དོ། །དེ་ལས་རྡོ་རྗེ་རྒྱུའི་ཕྱག་རྒྱ་བཅས་པས། ཨོཾ་བཛྲ་ཙཀྲ་ཧཱུཾ། ཞེས་པའི་སྔགས་

ལན་བདུན་བཟླས་པས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པར་སྤྲུལ་ལ་ཕྱག་རྒྱ་བཞིས་ཉེ་བར་སྤྱད་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་

དུ་བྱས་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧོ་ཨ་ཧཾ། ཞེས་བརྗོད་དེ། མཆོད་པའི་ཚོགས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དོ། །དེ་ནས་མཐུན་པའི་བར་དུ་མཆོད་པ་དང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ལ། རྒྱལ་པོའི་ནི་ཟླ་བ་གསུམ་པའམ། བློན་པོའི་ཞག་ཉི་ཤུ་རྩ་གཅིག་གོ། །

དམངས་རིགས་རྣམས་ཀྱི་ནི་ཞག་བདུན་པའོ། །རྣལ་འབྱོར་པའི་ནི་ཇི་སྲིད་མཚན་མ་མ་བྱུང་གི་བར་དུ་སྟེ། དེ་བཞིན་གཤེགས་པ་ལྔ་ལ་ནི་འབུམ་ཕྲག་གམ་བརྒྱ་ཕྲག་རེ་རེའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ནི་ཐམས་ཅད་དུ་དེའི་དབྱེ་བ་ཉིད་ལས་ཤེས་པར་བྱ་སྟེ། ཐ་མའི་ཚད་ལ་ནི་ཉི་

ཤུ་རྩ་གཅིག་ཏུ་གསུངས་སོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་ནི་རྩ་བའི་སྔགས་ཉིད་དེ། དེ་བཞིན་དུ་ངན་སོང་སྦྱོང་བ་ལ་སོགས་པ་ནི། ཨོཾ་སརྦ་པཱ་པཾ། ཞེས་བྱ་བ་ལ་སོགས་པ་ནི། བསྐལ་པ་བཟང་པོའི་ནི། ཨོཾ་སརྦ་སཾ་སྐཱ་ར། ཞེས་བྱ་བ་ལ་སོགས་པའི་སྙིང་པོ་ཉིད་དོ། །ཤར་ཕྱོགས་ཀྱི་

བུམ་པ་ལ་ནི། རྡོ་རྗེ་དང་བཅས་པས་བགེགས་མཐར་བྱེད་ཀྱི་སྙིང་པོ་འབུམ་ལ་སོགས་པ་བཟླས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོའི་སྦྱོར་བས་གསང་སྔགས་ཐམས་ཅད་བཟླས་པར་གྱུར་པ་དང་། དེ་ཉིད་དུ་རྣལ་འབྱོར་པ་སེམས་མཆོག་ཏུ་གྱུར་པ་རྣམས་ལ། མཚན་མ་རྣམས་འབྱུང་

སྟེ། དེ་ལ་ལྷའི་བུའམ་རྒྱལ་པོ་ལ་སོགས་པས་འབྲས་བུ་ལ་སོགས་པ་བྱིན་པ་ནི་རབ་ཏུ་གྱུར་པའོ། །རང་གི་མའམ་སྲུ་མོ་ལ་སོགས་པས་འཇིག་རྟེན་པའི་ཁ་ཟས་བྱིན་པ་ནི་བར་མའོ། །དེ་བཞིན་དུ་གཉེན་ནམ་མི་གང་ཡང་རུང་བས་ཁ་ཟས་རོ་དང་ལྡན་པའམ། པདྨའི་སྡོང་བུས་མགོ་བཅིངས་པ་ནི་ཐ་

เล่ม ๖๘ · หน้า 141a

མའོ། །རིགས་ངན་ཤིན་ཏུ་གནག་པ་རྣམས་མཐོང་ན་མི་རུང་བར་གྱུར་པ་ཉིད་ཀྱིས་སྲེག་བླུགས་ལ་སོགས་པ་མཆོད་སྦྱིན་ཆེན་པོ་བྱ་བ་ཉིད་དོ། །དེ་ནས་རྡོ་རྗེ་བཟླས་པ་རྫོགས་པར་གྱུར་པ་དང་། བུམ་པ་དེ་ཉིད་བར་སྣང་གི་ནམ་མཁའ་ལ་རྡོ་རྗེ་བསླང་བའི་ཕྱག་རྒྱ་ཉིད་ཀྱིས་འཇོག་པར་

ནུས་པ་དང་། རྡོ་རྗེ་དང་དྲིལ་བུ་བར་སྣང་ལ་གནས་པར་བྱེད་ནུས་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པ་ཟས་དཀར་གསུམ་ལ་ལོངས་སྤྱོད་པ་དང་། བུད་མེད་ལ་སོགས་པ་སྤངས་པས། ཉིན་མོ་དང་། མཚན་མོ་ལན་དྲུག་གི་བར་དུ་མཆོད་པ་དང་། གཏོར་མ་བྱས་ཏེ་བཟླས་པ་ཡོངས་སུ་

རྫོགས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཐམས་ཅད་གྲུབ་པ་བྱེད་པས་མར་གྱི་སྲེག་བླུགས་སྟོང་དུ་ཚང་བར་བྱ་སྟེ། དེ་དག་ནི་སྔོན་དུ་བསྙེན་པའི་ཆོ་གའོ།། །།དེའི་འོག་ཏུ་དཀྱིལ་འཁོར་ཆེན་པོའི་ལས་བརྩམ་པར་བྱ་སྟེ། དེ་ལ་རྒྱལ་པོ་ལ་སོགས་པའི་འཁོར་ལོས་སྒྱུར་བ་

རྣམས་ཀྱི་ནི་ཁྲུ་བརྒྱའམ་ལྔ་བཅུའོ། །བློན་པོའམ་ཚོང་དཔོན་རྣམས་ཀྱི་ནི་ཁྲུ་ལྔ་བཅུའོ། །རྣལ་འབྱོར་པ་རྣམས་ཀྱི་ཁྲུ་བཅུ་དྲུག་གམ། བཅུ་གཉིས་སུ་བྱ་སྟེ། དེ་ཡང་རེ་ཞིག་ཚེས་གཅིག་ལ་སོགས་པ་ཡར་གྱི་ངོའི་ཉིན་པར་མངོན་པར་འདོད་པའི་ས་ཕྱོགས་བརྟག་པར་བྱ་སྟེ། རྒྱལ་པོ་གདུག་

པ་ཅན་ནམ། གཅན་གཟན་ནམ་ཆོམ་པོའམ་སྦྲུལ་ལ་སོགས་པ་བརྟག་པར་བྱའོ། །དེ་ནས་མེད་པར་གྱུར་པ་དང་། སའི་བདག་པོ་རྣམས་ལ་ས་ཕྱོགས་དེར་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཕྱིར་བསླང་བར་བགྱིའོ། །དེས་བྱིན་པར་གྱུར་པ་དང་ཡན་ལག་ཐམས་ཅད་དང་ལྡན་པའི་སའི་

དབུས་སུ་མི་རུས་ཀྱི་ཕྱེ་མ་དང་། དུག་དང་སྐེ་ཚེ་དང་ཤིང་ཚེར་མ་ཅན་ལ་སོགས་པས་ཐབ་ཁུང་གྲུ་གསུམ་པའི་དབུས་སུ་བགེགས་ཐམས་ཅད་ཀྱི་ལུས་དང་། ངག་དང་ཡིད་རྣམ་པ་གསུམ་རྒྱས་པར་རྒྱལ་བའི་ཏིང་ངེ་འཛིན་གྱིས་བསྲེག་པར་བྱའོ། །དེ་ནས་བདག་དང་སློབ་མ་དང་། ས་བདག་ལ་

སོགས་པའི་ཚད་དུ་ཞི་བའི་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དེའི་དབུས་སུ་མཐོ་གང་ངམ། ཁྲུ་གང་དུ་བརྐོས་པ་དང་། ས་དཀར་སྣུམ་པ་རྣམས་བྱུང་བ་ནི་དངོས་གྲུབ་བཟང་པོར་གྱུར་པའོ། །ས་ནག་པོ་དང་། ཚ་སྒོ་ཅན་དང་། སྐྲ་ཤད་དང་། རུས་དུམ་ལ་སོགས་པ་བྱུང་ན་ནི་ས་

เล่ม ๖๘ · หน้า 141b

ཕྱོགས་དེ་སྤང་བར་བྱའོ། །དེ་ནས་དེའི་ནང་དུ་དྲི་ཆུས་བཀང་ནས་གོམ་པ་བདུན་ཕྱིར་བསྐྱེད་དེ་སླར་འོངས་པ་ལས་ཆུའི་རི་མོ་མཉམ་པ་ནི་མཆོག་ཏུ་གྱུར་པའོ། །དེའི་ས་ཕྱོགས་དེར་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་དྲི་ཆུས། ཨོཾ་སརྦ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་གསུངས་ལ། མཆོད་

པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། བདག་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་པ་ལས། ལག་པ་གཡས་པ་ས་ལ་རེག་པར་བྱས་ཏེ། ཨོཾ་སརྦ་དྲྀ་ཌྷོ་བཛྲ་ཧཱུཾ། རྡོ་རྗེ་བརྟན་པར་གྱུར་པ་དང་། རང་གི་མདུན་དུ་ཡི་གེ་བཾ་ལས་གྱུར་པའི་བགེགས་མཐར་བྱེད་ཀྱི་ཏིང་ངེ་

འཛིན་གྱིས། ལག་པར་རལ་གྲི་འཛིན་ཅིང་རྡོ་རྗེ་རྒྱ་གྲམ་པའི་གོམ་པས་བགྲོད་པར་བྱའོ། །མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའི་གཟུགས་ཀྱིས་རྡོ་རྗེ་ལྕགས་སྒྲོག་གིས་འགྲོ་བར་བྱའོ། །ཨོཾ་བཛྲ་ལཱ་སེ་བཛྲ་ཕྲེཾ་ཁ་ལ་ཧཱུཾ། ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །ཁྲོ་བོ་རྣམས་ཀྱི་སྔགས་

ནི། ཨོཾ་སུཾ་བྷ་ནི་སུཾ་བྷ། ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་ཚོགས་བཞི་ཕྱོགས་བཞིར་གནས་པའོ། །དེ་ནས་བདག་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། དཀྱིལ་འཁོར་གྱི་ས་གཞི་དེ་ཉིད་ཕྱོགས་ཇི་ལྟ་བ་བཞིན་དུ་མུ་ཏིག་ལ་སོགས་པར་བྱིན་གྱིས་

བརླབ་པར་བྱ་སྟེ། དེ་དག་ནི་སའི་ཆོ་ག་བསྟན་ཏོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐལ་མོ་སྦྱར་བ་བཏུད་དེ། མཆོད་པའི་ཚོགས་ཀྱིས་མཆོད་ནས་ལྷ་རྣམས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། བདག་ཉིད་སྤྲོ་བ་བསྐྱེད་པའི་ཚིགས་སུ་བཅད་པ། དེ་རིང་བདག་

ཚེ་འབྲས་བུ་ཡོད། །ཅེས་པ་ལ་སོགས་པས་མཆོད་པ་ལག་པ་གཡས་པར་བདུག་སྤོས་ཐོགས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་ལ་བྱིན་གྱིས་བརླབས་ནས། རང་གི་སྔགས་དང་ཕྱག་རྒྱ་དག་གིས་དཀྱིལ་འཁོར་

སྟེང་གི་བར་སྣང་ལ་བཞག་ལ། རྡོ་རྗེ་སེམས་དཔའི་ཁྲོ་བོ་རྡོ་རྗེ་མེའི་ཉི་མའི་སྦྱོར་བས་བགེགས་བསྐྲད་པར་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གནས་བཞིར་བྱིན་གྱིས་བརླབས་པར་བྱས་ཏེ། ཤིན་ཏུ་ཁྲོས་པའི་ལྟ་བས་གཡས་པས་རྡོ་རྗེ་གསོར་ལ། གཡོན་པས་དྲིལ་བུ་གསིལ་བས་ཁྲོ་བོ་འབར་

เล่ม ๖๘ · หน้า 142a

བའི་ལུས་དང་། བསྐོར་བ་ལན་གསུམ་བྱ་ཞིང་། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བ། སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་

བའི་ཕྱིར། ས་ཕྱོགས་འདིར་ནམ་མཁའ་ལྟར་དྲི་མ་མེད་པ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་པར་འདོད་པས། ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། བརྗེད་བྱེད་

དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་འཆང་གྲུབ་པ་རྒན་མོ་དང་། བུད་མེད་དང་། གཡོག་དང་འཁོར་དུ་བཅས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་ངའི་ཡེ་ཤེས་ཀྱི་རྡོ་རྗེ་

འབར་ཞིང་རབ་ཏུ་འབར་བ་ཆེན་པོས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ལྷ་ལ་སོགས་པ་དེ་དག་ས་ཕྱོགས་དེ་སྤངས་ནས་སོང་བར་བསམས་ནས། ཡང་གོང་དུ་བཤད་པའི་ཁྲོ་བོའི་ཕྱག་རྒྱ་དང་། སྟང་སྟབས་རྣམས་ཀྱིས་བགྲོད་པར་བྱའོ། །

དེ་ནས་སྟེང་རྡོ་རྗེ་དྲ་བ་ལ་སོགས་པ་བྱས་ནས། ཨོཾ་མཎྜ་ལ་ཧཱུཾ། ཞེས་བྱ་བ་འདིས་གསང་བའི་གཟུགས་ཀྱི་དཀྱིལ་འཁོར་བཀུག་ལ་ཕུར་བུས་གདབ་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་བཀུག་པས་བཅུག་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་

པ་ལ་དྲི་དང་མེ་ཏོག་དམར་པོས་བརྒྱན་པ་ཁྲོ་བོའི་གཟུགས་རྡོ་རྗེ་རྩེ་གཅིག་པའི་ཞབས་དང་ལྡན་པ་ཧཱུཾ་ལས་བསྐྱེད་ལ་ཕུར་བུའི་སྔགས་བཟླས་པས་དཀྱིལ་འཁོར་གྱི་མཚམས་སུ་བརྡུང་བར་བྱའོ། །དེ་ནས་དྲི་སྣ་ཚོགས་པར་སྦྱར་བ་ལས། བ་ཡི་རྣམ་པ་ལྔས་བྱུགས་པའི་དཀྱིལ་འཁོར་དུ་ལྷའི་

འཁོར་ལོ་རིམ་པ་བཞིན་དུ་ཐིག་ལེ་བྱས་ལ་མེ་ཏོག་བཀོད་དེ། དེའི་དབུས་སུ་འདུག་ལ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་གྱུར་ནས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པ་རང་རང་གི་སྙིང་པོས་བཅུག་ལ། ཏིང་ངེ་འཛིན་གསུམ་མངོན་དུ་བྱས་པས། མཆོད་པས་ཡང་དག་པར་

เล่ม ๖๘ · หน้า 142b

མཆོད་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་གདབ་བོ། །བུམ་པ་རྒྱན་ཐམས་ཅད་དང་ལྡན་པ་བཅུ། སྒོའི་ཕྱོགས་བཞིར་གཞག་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། སློབ་མས་གུས་པ་དང་བཅས་པས་ཕྱག་བྱས་ལ་གསོལ་བ་བཏབ་སྟེ། ལྷག་པར་གནས་པར་བྱ་བ་ནི། སློབ་མས་

ཁྲུས་བྱས་ལ། གོས་གཙང་མ་གྱོན་ཏེ། མེ་ཏོག་ལག་པར་ཐོགས་པས། དགའ་ཆེན་ཁྱོད་ལ་བདག་དད་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་གང་། །མགོན་པོ་ཆེན་པོ་བདག་འཚལ་བས། །དམ་ཚིག་དང་ནི་བྱང་ཆུབ་སེམས། །སྐྱབས་

གསུམ་དག་ནི་འཚལ་བ་ན། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། སློབ་མའི་ཐལ་མོ་ནས་བཟུང་ལ། དཀྱིལ་འཁོར་བྱས་ལ་སྡིག་པ་བཤགས་པར་བྱ་སྟེ། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །བདག་མིང་འདི་ཞེས་བགྱི་བ་

ཡི། །ཚེ་རབས་ཐོག་མཐའ་མེད་པ་ཡི། །ལུས་ཀྱི་སྡིག་པའི་ལས་རྣམས་བཤགས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །བདག་མིང་འདི་ཞེས་བགྱི་བ་ཡི། །ཚེ་རབས་ཐོག་མཐའ་མེད་པ་ཡི། །ངག་གི་སྡིག་པའི་ལས་རྣམས་བཤགས། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །བདག་མིང་

འདི་ཞེས་བགྱི་བ་ཡི། །ཚེ་རབས་ཐོག་མཐའ་མེད་པ་ཡི། །ཡིད་ཀྱི་སྡིག་པའི་ལས་བགྱིས་བཤགས། །བྱང་ཞིང་དག་པར་གྱུར་ནས་ནི། །ཡུན་གྱི་བག་ཆགས་དག་གྱུར་ཅིག །ཅེས་པ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ཡང་ཕྱག་བྱས་ལ་འདི་སྐད་བརྗོད་པར་བྱའོ། །ཕྱོགས་

བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རང་སངས་རྒྱས། །ཉན་ཐོས་རྒྱལ་བ་ཐམས་ཅད་དང་། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་དགེ་ལ་རྗེས་ཡི་རང་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །བཅོམ་

ལྡན་གང་དག་མི་མཛད་པ། །ཆོས་ཀྱི་འཁོར་ལོ་བསྐོར་བསྐུལ་ཞིང་། །མྱ་ངན་འདའ་བཞེད་ཐམས་ཅད་ལ། །མི་འདའ་བར་ནི་བཞུགས་པར་མཛོད། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། འདི་སྐད་ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་

เล่ม ๖๘ · หน้า 143a

པོའི་བར། །རྡོ་རྗེ་ལྟ་བུའི་སངས་རྒྱས་ལ། །བདག་ནི་སྐྱབས་སུ་མཆི་བར་བགྱི། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །པདྨ་ལྟ་བུའི་དམ་ཆོས་ལ། །བདག་ནི་སྐྱབས་སུ་མཆི་བར་བགྱི། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དེང་ནས་བྱང་

ཆུབ་སྙིང་པོའི་བར། །རིན་ཆེན་ལྟ་བུའི་དགེ་འདུན་ལ། །བདག་ནི་སྐྱབས་སུ་མཆི་བར་བགྱི། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། སློབ་མ་ལ། ཨོཾ་སརྦ་ཡོ་ག་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་

སྐྱེད་མཛད་བཞིན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །ནམ་དུ་ཡང་ནི་མི་གཏོང་ངོ་། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་བསྐྱེད་དེ། དེའི་སྙིང་གར་རྡོ་རྗེ་བཞག་ལ། །

ཨོཾ་སུ་ར་ཏ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཀུན་གྱི་སྐུར་གྱུར་པ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བདག་ནི་དངོས་གྲུབ་མཆོག་འདོད་ཕྱིར། །རྡོ་རྗེ་ཐེག་པར་གནས་པར་བགྱི། །གལ་ཏེ་ཚུལ་དེ་ཉམས་གྱུར་ན། །མནར་མེད་པ་ཡི་

དམྱལ་བ་རུ། །བདག་ནི་དེ་རུ་གནས་གྱུར་ཅིག །ཅེས་བྱའོ། །དེ་ནས་སློབ་མ་ལ་རིགས་ལྔའི་སྡོམ་པ་གསོལ་བ་གདབ་པར་བྱ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་ས་བརྩེགས་པས། ཁྱེད་ཀྱིས་བདག་ལ་དེ་བཞིན་གཤེགས། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་རིགས་མཆོག་སྡོམ་པ་དང་། །

ཕྱག་རྒྱ་སྔགས་དང་བརྟུལ་ཞུགས་དང་། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྡོམ་པ་སྦྱིན་པར་བྱ་སྟེ། རྡོ་རྗེ་དང་དྲིལ་བུར་ལྡན་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་

བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། རིན་ཆེན་

เล่ม ๖๘ · หน้า 143b

ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་ཆེན་པོ་རྒྱས་པ་ལ་སོགས་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་རྡོ་རྗེ་སློབ་མ་མིང་འདི་ཞེས་བགྱི་བ་ལ་སྡོམ་པ་སྩོལ་བ་དེ་ལྟར། དེ་བཞིན་གཤེགས་པ་སྲས་དང་བཅས་

པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབ་ཏུ་གསོལ་ལོ་ཞེས་བརྗོད་ལ། རྡོ་རྗེ་སློབ་མ་ལ་སྡོམ་པ་སྦྱིན་པར་བྱ་བ་ནི། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་དུ་རིགས་ལྔའི་སྡོམ་པ་སྦྱིན་པར་བྱའོ། །དེ་ནས་སྨོན་ལམ་གདབ་པར་བྱ་སྟེ།

བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་རྫོགས་སངས་རྒྱས་གྱུར་ན། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་འདམ་ནས་དགྲོལ་བར་བགྱི། །ཞེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། འདི་སྐད་ཅེས་བརྗོད་པར་བྱའོ། །

ཐེག་པ་ཆེན་པོ་ལས་བྱུང་བའི། །ལམ་མཆོག་འདི་ནི་བདེ་བ་ཆེ། །རང་བྱུང་སྐལ་ལྡན་ཆེན་པོ་རྣམས། །ཁྱོད་ནི་དེ་ནས་འོང་བས་ན། །སྟོན་པ་ཐམས་ཅད་མཁྱེན་ཞེས་པའི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །

ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱི་རྣམས་སྤྲོས་པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་པས་ཐོབ་པར་འགྱུར། །

ཞེས་བྱའོ། །དེ་ནས་བཛྲ་ཧ་ས་ཧ། ཞེས་བྱ་བས་མངོན་པར་བསྔགས་ལ་སོ་ཤིང་ཨུ་དུམྺཱ་ར་ལ་སོགས་པ་ལ་སོར་བཅུ་གཉིས་པ་རྩེ་མོ་དྲིས་བྱུགས་ཤིང་། མེ་ཏོག་གི་ཕྲེང་བ་བཏགས་པ་འཆའ་རུ་གཞུག་པར་བྱའོ། །དེ་ནས་སློབ་མ་ཤར་ཕྱོགས་སུ་ཁ་བལྟས་ཏེ། བཅའ་བ་ཟིན་པ་དང་མདུན་

དུ་དོར་བར་བྱའོ། །དེའི་ཚེ་སོ་ཤིང་དེ་བདག་ལ་བལྟས་པ་དང་། རྩེ་མོ་གྱེན་དུ་བསྒྲེང་བ་ནི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །ཤར་དུ་བལྟས་པ་ནི་འབྲིང་དུ་འགྱུར་རོ། །མཚམས་སུ་བལྟས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་རོ། །དེ་བཞིན་དུ་ཞི་བ་ལ་སོགས་པ་ཡང་

เล่ม ๖๘ · หน้า 144a

མཚོན་པར་བྱའོ། །དེ་ནས་ཨོཾ་སུ་བི་ཤུདྡྷ་སྶརྦ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཾ་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་པའི་ཆུ་བྱིན་ལ་ཁ་བཤལ་བ་དང་། ཅུང་ཟད་འཐུང་དུ་གཞུག་གོ། །དེ་ནས་ཀུ་ཤའི་བམ་པོ་གཉིས་ལ། ཨོཾ་བཛྲ་ཏཱིཀྵྞ་ཏྲཾ། ཞེས་བྱ་བ་མངོན་པར་བཟླས་པ་གཉིས་སྔས་དང་

སྟན་དུ་འདིང་དུ་གཞུག་གོ། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡས་པ་ལ་བཅིང་བར་བྱའོ། །དེ་ནས་བཞིན་བཟང་དག་ལོངས་ཤིག །སང་གི་ཉི་མའི་དཀྱིལ་འཁོར་ཤར་བ་དང་ཁྱེད་ཀྱིས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་

འཁོར་ཆེན་པོ་མཐོང་བར་འགྱུར་གྱིས། ཇི་ལྟར་མཐོང་བའི་རྨི་ལམ་དག་ཀྱང་སྨྲོས་ཤིག །ཅེས་བརྗོད་ལ་སླར་གཏང་བར་བྱ་སྟེ། དེ་ནས་ནང་པར་མཚན་མོའི་མཐར་སློབ་དཔོན་ལ་རྨི་ལམ་བཟང་བ་དང་། ངན་པ་ཐམས་ཅད་བརྗོད་པར་བྱ་སྟེ། དེ་ལ་རྨི་ལམ་ནི་དཀོན་མཆོག་གསུམ་མཐོང་བ་དང་།

ཕ་མ་དང་བླ་མ་མཐོང་བ་དང་། ཆུ་ལས་རྒལ་བ་ལ་སོགས་ནི་བཟང་པོར་གྱུར་པའོ། །རིགས་ངན་ལ་སོགས་པ་དང་ཕྲད་པ་དང་། ཁྱི་ཕག་ལ་སོགས་པ་མི་རིགས་པ་སྤྱོད་པ་མཐོང་བ་ནི། ཤིས་པར་མི་འགྱུར་བས་སྦྱིན་སྲེག་ལ་སོགས་པ་བྱའོ། །དེ་ནས་ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་

ཧཱུཾ་ལས་རྡོ་རྗེ་བསམས་ལ། དེའི་ལྟེ་བར་ཧྲཱི་ལས་པདྨ་དམར་པོ་བསམས་ལ། དེའི་སྟེང་དུ་རང་ཏིང་ངེ་འཛིན་ལས་ངེས་པར་འབྱུང་བའི་འོད་དཔག་ཏུ་མེད་པ་རྣམ་པར་བསམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿརྣམ་པར་བཀོད་དེ། ཨོཾ་པདྨ་སྭ་ར་སྭ་ཏི་སྱེཏྟ་ཡ་ཧཱུཾ་ཧྲཱི་རཾ། ཞེས་བྱས་

ལ་བྱིན་གྱིས་བརླབས་པར་བྱས་ལ། བདུག་སྤོས་ལག་ཏུ་ཐོགས་ནས་སྤྱན་དྲང་བར་བྱ་བ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །སྲས་བཅས་འཇིག་རྟེན་རྣམ་གྲགས་པ། །རྡོ་རྗེ་རིན་ཆེན་རིགས་དག་དང་། །དེ་བཞིན་པདྨ་ལས་ཀྱི་རིགས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །

གང་ཡང་ལྷ་ཡི་ཚོགས་རྣམས་ཀུན། །ཆོས་ཀྱི་དབྱིངས་ལ་ངེས་ཞུགས་པ། །དེ་དག་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཅི་འབྱོར་པ་ཡི་ཡོ་བྱད་ཀྱིས། །ཆོས་དབྱིངས་རང་བཞིན་གྲོང་

เล่ม ๖๘ · หน้า 144b

ཁྱེར་མཆོག །སང་ནི་དཀྱིལ་འཁོར་བྲི་ལེགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །ཙེས་ལན་གསུམ་བརྗོད་པར་བྱ་སྟེ། དེ་དག་ནི་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཉི་མ་འཆར་ཀར་ལེགས་པར་ཁྲུས་བྱས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བདེ་བ་དང་ལྡན་པས་སོ་སོའི་སྲད་བུ་དག་

ཚོན་སྣ་ལྔ་ལ་རིམ་པ་བཞིན་དུ་བསོགས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱའོ། །དེའི་རྗེས་ལ་ཧཱུཾ་ལ་སོགས་པ་རང་རང་གི་ས་བོན་ལས་བྱུང་བའི་སྲད་བུའི་འོད་ཟེར་རྣམས་རང་གི་ཕྱོགས་སུ་མི་བསྐྱོད་པ་ལ་

སོགས་པ་རང་གི་ཕྱོགས་ན་གནས་པ་རྣམས་ཀྱི་གན་དུ་བཏང་ལ། འབར་བའི་ལྕགས་ཀྱུས་དྲངས་ལ། དེ་རྣམས་ཀྱི་རང་གི་ལག་པ་ན་གནས་པའི་སྲད་བུ་རྣམས་ལེགས་པར་བཀང་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨྨཱ། སྥ་ར་སྥ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨྨཱ་ཨ་ཏྱེནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་

ཧཱུཾ། ཞེས་བསྒྲིལ་བ་ལ་སོགས་པ་བྱའོ། །དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་བསམས་ནས། རང་གི་སྙིང་ག་ལས་གྲོགས་པོའི་རྡོ་རྗེ་ལས་ཧཱུཾ་ཛཿ། ཞེས་པ་འདིས་ཕྱུང་ནས་མ་དང་ཊ་ལས་མིག་གཉིས་ཉི་ཟླར་བསྐྱེད་དེ། ཡི་གེ་ཛྫཿགྲོགས་པོའི་ལག་ཏུ་

སྲད་བུ་གཏད་དེ། བར་སྣང་ལ་ཤར་ལ་སོགས་པར་འོག་ནས་སྟེང་དུ་བཏབ་པ་དང་། དཀྱིལ་འཁོར་དུ་རྡོ་རྗེའི་ཐིག་མུ་ཏིག་ལྟ་བུས་ཐམས་ཅད་དུ་གདབ་ཅིང་། ཨོཾ་བཛྲ་ཛྙཱ་ན་སཱུ་ཏྲ་སྥ་ར་ཎ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེའི་སྟེང་ན་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ནས་བཞག་ནས། ཨོཾ་བཛྲ་སཱུ་ཏྲ་

མ་ཏི་ཀྲ་མ་ཧཱུཾ། རཏྣ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། པདྨ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཀརྨ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་པས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྡོ་རྗེ་ལ་སོགས་པའི་ཐོག་ཏུ་སའི་སྟེང་དུ་སྣང་བ་དང་དེའི་སྟེང་དུ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་དུ་བཟླས་ལ་གསེར་

ལ་སོགས་པའི་སྣོད་དུ་དྲི་དང་འོ་མ་དང་། ཙནྡན་དཀར་པོ་ལ་སོགས་པས་རློན་པར་བྱས་ལ་ཡི་གེ་ཛཿསྒྲུབ་པའི་གྲོགས་པོ་ལ། ཛཿཛཿཛཿཛཿཞེས་བརྗོད་པས་དང་པོར་ཚངས་པ་ཆེན་པོའི་ཐིག་གདབ་པར་བྱའོ། །དེ་ནས་ཚངས་པའི་ཐིག་གཉིས་པ་བཏབ་ལ། དེ་ནས་ཤར་ལ་སོགས་པ་རིམ་

เล่ม ๖๘ · หน้า 145a

པ་བཞིན་དུ་དགུའི་ཆ་རུ་བགོས་ལ། ཆ་དབུས་མ་ལ་དབུས་ཀྱི་ཕོ་བྲང་བྱས་ལ། དེ་ནས་སྒོ་དང་སྒོ་ཁྱུད་དང་། སྒོ་འགྲམ་དང་ཡ་ཕུག་དང་ཏྭ་ར་ཎ་ལ་སོགས་པའི་ཐིག་གཡས་སྐོར་གྱིས་འགྲོ་བས་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་རྡོ་རྗེ་རྩེ་གཅིག་པའི་

དབྱིབས་ལ་རྡོ་རྗེ་རྩེ་ལྔ་པ་ལྟ་བུར་ཧཱུཾ་ལས་བསྐྱེད་དེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བནྡྷ་ལ་དྲེ་ཏིཾ་ཀུ་རུ། ཞེས་པས་བརྡུངས་ལ། དེ་ལ་བཏགས་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རིམ་རྡོ་རྗེ་ཕྲེང་བའི་ཐིག་གདབ་ལ། དེས་དཀྱིལ་འཁོར་ལྔ་ཀ་བ་བརྒྱད་དང་ལྡན་པར་བྱའོ། །སྲད་བུ་དེ་ཉིད་ཀྱིས་

ཕྱིའི་དཀྱིལ་འཁོར་གྱི་ཐིག་རྡོ་རྗེ་ལ་སོགས་པའི་ཕྲེང་བ་གསུམ་གྱི་ཐིག་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། གླིང་བཞི་དང་། དཀྱིལ་འཁོར་དྲུག་དང་། དེ་དག་གི་བར་གྱི་ཕྲེང་བའི་ཐིག་གདབ་པར་བྱའོ། །དེའི་རྗེས་ལ་འཁོར་ལོའི་ཐིག་ནི་ཚངས་པའི་ཐིག་ལས་མཚོན་ཏེ་ཤར་ལ་སོགས་

པར་བཏབ་པར་བྱ་སྟེ། ཐིག་གི་ཆོ་ག་མདོར་བསྡུས་པའོ།། །།དེ་ནས་གལ་ཏེ་དཀྱིལ་འཁོར་ལ་བདག་ལ་འགའ་ཞིག་བགེགས་བྱེད་པར་སེམས་ཤིང་རླུང་དང་ཆར་ལ་སོགས་པ་གཏོང་བར་བྱེད་པས་ན། དཀྱིལ་འཁོར་གྱི་འོད་ཀྱིས་དཀྱིལ་འཁོར་དུ་གྲོག་མཁར་གྱི་ས་ལ་ལྷ་ལ་སོགས་

པ་བགེགས་ཀྱི་གཟུགས་བརྙན་བྱས་ལ། འཕགས་པ་མི་གཡོ་བའི་ཏིང་ངེ་འཛིན་གྱིས་རླུང་བཅད་པ་དང་། ཆར་བཟློག་པ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། དཀྱིལ་འཁོར་བྲི་བར་བྱ་སྟེ། དང་པོ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ། ཚོན་དཀར་པོ་ལ་སོགས་པ་རང་གི་ཕྱོགས་བཞིར་

བཞག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལས་སྤྲུལ་པའི་གཟུགས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པ་སྤྲུལ་པར་བྱ་སྟེ། དེ་ལ་ངན་སོང་སྦྱོང་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མུཀྟི་བྷཱ་བ་ཏི་ཧཱུཾ། ཞེས་བཞག་སྟེ།

དཀར་པོ་མུ་ཏིག་ཏུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་རིན་པོ་ཆེ་ཏོག་གི་ཏིང་ངེ་འཛིན་གྱིས་རིན་པོ་ཆེ་འབར་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་རཏྣ་སུ་བརྞ་བྷཱ་བ་ཏི་ཧཱུཾ། ཞེས་བྱ་བས་ཚོན་སེར་པོ་གསེར་དུ་བྱིན་གྱིས་བརླབ་པར་བྱའོ། །ཤཱཀྱ་ཐུབ་པའི་ཏིང་ངེ་འཛིན་གྱིས་པདྨའི་ཕྱག་རྒྱ་བཅིངས་ལ།

เล่ม ๖๘ · หน้า 145b

ཨོཾ་མུ་ནེ་པདྨ་རཱ་ག་བྷཱ་བ་ཏི་དྷི། ཞེས་བྱ་བས་ཚོན་དམར་པོ་པདྨ་རཱ་གར་བྱིན་གྱིས་བརླབ་པར་བྱའོ། །མེ་ཏོག་ཆེན་པོ་རྒྱས་པའི་ཏིང་ངེ་འཛིན་གྱིས་རལ་གྲིའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཀརྨ་མརྒ་ཏ་བྷཱ་བ་ནི་ཨ། ཞེས་བྱ་བས་ཚོན་ལྗང་གུ་མར་གད་དུ་བྱིན་གྱིས་བརླབ་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་ཏིང་

ངེ་འཛིན་གྱིས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བ་ཏི་ཧཱུཾ། ཞེས་བྱ་བས་ཚོན་སྔོན་པོ་རྡོ་རྗེའམ། མུ་མེན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ལ་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ་ཁུང་བུ་ཚོན་སྣ་ལྔས་བཀང་སྟེ། མཉམ་པར་བྱའོ། །འཁོར་

ལོས་སྒྱུར་བའི་རྒྱལ་པོ་ལ་ནི་རིན་པོ་ཆེ་ཉིད་དོ། །ཚོང་དཔོན་ལ་སོགས་པ་ལ་ནི་འབྲུའི་ཕྱེ་མ་ལ་ཚོན་གྱིས་བསྒྱུར་བའོ། །རྣལ་འབྱོར་པའི་ནི་ས་ལ་སོགས་པ་ལ་བྱ་སྟེ། མིག་གཡས་དང་གཡོན་དུ་ཡི་གེ་དྷི་དང་། ཨ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཁྲོ་བོའི་ལྟ་བས་བལྟས་ལ་སྒོ་

རྣམས་དབྱེའོ། །དེ་ནས་ཚོན་མང་བར་བྱ་བའི་ཕྱིར། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བཟླས་ལ་བདེན་པའི་བྱིན་གྱིས་བརླབས་ལ་དམིགས་པར་བྱས་ལ། དེ་བཞིན་གཤེགས་པའི་རྩ་བའི་སྔགས་ལན་བརྒྱ་རྩ་བརྒྱད་དམ་རྒྱུན་མི་འཆད་པར་བཟླས་པས་རྡོ་རྗེ་སེམས་དཔའི་སྦྱོར་བའམ་དེ་བཞིན་

གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་ཚོན་དཀར་པོ་བླངས་ལ། ཨོཾ་བཛྲ་རཱ་ག་ས་མ་ཡེ་ཧཱུཾ། ཞེས་བྱ་བས་དབུས་སུ་བཀྱེ་ལ། དབང་ལྡན་གྱི་མཚམས་ནས་སོང་སྟེ། དེ་བཞིན་དུ། ཨོཾ་རཏྣ་རཱ་ག །ཞེས་པ་ལ་སོགས་པ་རང་

གི་རིགས་ཀྱི་ཚོན་ལ་རང་གི་རིགས་ཀྱི་སྔགས་ཀྱིས་བླངས་ལ་རྒྱུན་མི་ཆད་པར་རྡོ་རྗེ་ལྕགས་ཀྱུའམ། རྡོ་རྗེ་ཁུ་ཚུར་བཅས་པ་ལས་དང་པོ་དཀར་པོ་དང་། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོ་ལ་སོགས་པ་དགྱེ་བ་དང་། མདངས་འབྱིན་པར་བྱ་བའི་ཕྱིར་དཀར་པོ་དང་།

དམར་པོ་ལ་སོགས་པ་ཕན་ཚུན་དུ་བསྲེས་པས་བྲི་བར་བྱའོ། །དེ་ལ་དང་པོར་དབུས་ཀྱི་དཀྱིལ་འཁོར་ནི་འཁོར་ལོ་སེར་པོ་རྩིབས་བཅུ་དྲུག་པའི་ལྟེ་བ་ལ། བདེ་བར་གཤེགས་པ་ལྔའི་དཀྱིལ་འཁོར་རྡོ་རྗེ་ལ་སོགས་པའི་ཀ་བ་བརྒྱད་དང་ལྡན་པར་བྱས་ལ། པདྨ་འདབ་མ་བཅུ་དྲུག་པའི་གདན་

เล่ม ๖๘ · หน้า 146a

གྱི་སྟེང་དུ་བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ། རང་གི་དམ་ཚིག་གི་ཕྱག་རྒྱས་དགུག་པ་ལ་སོགས་པའི་ཚུལ་གྱིས་བཀུག་སྟེ་བཅུག་ལ་བཅིངས་ནས། དབང་དུ་བྱས་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ལ། བྱིན་གྱིས་རློབ་ཅིང་མཉེས་པར་བྱས་ནས་

གཞག་པར་བྱ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེའི་དབུས་ཀྱི་རྣམ་པར་སྣང་མཛད་ཀྱི་ཤར་ཕྱོགས་ཀྱི་དེ་དཀྱིལ་འཁོར་ལ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའོ། །ལྷོ་ཕྱོགས་སུ་ནི་རིན་པོ་ཆེ་ཏོག་གོ། །ནུབ་ཕྱོགས་སུ་ནི་ཤཱཀྱ་ཐུབ་པའོ། །བྱང་ཕྱོགས་སུ་ནི་

མེ་ཏོག་ཆེར་རྒྱས་སོ། །ཤར་ལྷོའི་མཚམས་སུ་ནི་མཱ་མ་ཀཱིའོ། །ལྷོ་ནུབ་ཏུ་ནི་སངས་རྒྱས་སྤྱན་ནོ། །ནུབ་བྱང་དུ་ནི་གོས་དཀར་མོའོ། །བྱང་ཤར་དུ་ནི་སྒྲོལ་མའོ། །འཁོར་ལོའི་རྩིབས་ལ་ནི། ཤར་ཕྱོགས་ཀྱི་རྩིབས་བཞི་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དགོད་དོ། །དེ་

བཞིན་དུ་ལྷོ་ཕྱོགས་ཀྱི་རྩིབས་ལ་ནི་རྡོ་རྗེ་རིན་ཆེན་ལ་སོགས་པའོ། །ནུབ་ཕྱོགས་སུ་རྡོ་རྗེ་ཆོས་ལ་སོགས་པའོ། །བྱང་ཕྱོགས་སུ་རྡོ་རྗེ་ལས་ལ་སོགས་པ་བཞི་དགོད་དོ། །འཁོར་ལོའི་མུ་རན་གྱི་ཕྱི་རོལ་གྱི་གྲྭ་བཞིར་ནི། པདྨའི་སྟེང་དུ་ཤར་ལྷོའི་ནི་སྒེག་མོ་དང་བདུག་པ་མའོ། །ལྷོ་ནུབ་ཏུ་

ནི་ཕྲེང་བ་མ་དང་མེ་ཏོག་མའོ། །ནུབ་བྱང་དུ་ནི་གླུ་མཁན་མ་དང་སྣང་བ་མའོ། །བྱང་ཤར་དུ་ནི་གར་མཁན་མ་དང་དྲི་ཆབ་མ་དགོད་པར་བྱའོ། །དེའི་རྟ་བབས་ཀྱི་ནི་ནང་གི་ཁྱམས་སུ་སྟེགས་བུ་ལ་ནི་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དགོད་པར་བྱའོ། །

དེ་ལ་ཤར་ཕྱོགས་སུ་ནི་དཔའ་བར་འགྲོ་བ་དང་། ཟླ་འོད་གཞོན་ནུ་དང་། ཀུན་དུ་བཟང་པོ་དང་། བཟང་སྐྱོང་བཞི་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ནི་དྲ་བ་ཅན་དང་། ནམ་མཁའི་མཛོད་དང་། རྡོ་རྗེ་སྙིང་པོ་དང་། འོད་དཔག་མེད་དགོད་དོ། །ནུབ་ཕྱོགས་སུ་ནི་མྱ་ངན་

ཀུན་འཇོམས་དང་། ཡེ་ཤེས་ཏོག་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་བཞི་དགོད་དོ། །བྱང་ཕྱོགས་སུ་ནི་བྱམས་པ་དང་། ངན་སོང་ཀུན་འདྲེན་དང་། སྤོས་ཀྱི་གླང་པོ་དང་། དོན་ཡོད་གྲུབ་པ་དང་བཞི་དགོད་དོ། །སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་

เล่ม ๖๘ · หน้า 146b

བཞི་དགོད་དོ། །དེའི་སྒོ་ནི་རྟ་བབས་རྩེག་པ་ལྔ་དང་། རིན་པོ་ཆེ་སྣ་བདུན་དང་། ཏྭ་ར་ཎ་དང་། དྲིལ་བུ་དང་། བ་དན་དང་། རྡོ་རྗེ་རིན་ཆེན་དང་། སྒོའི་ཕུབས་སུ་ནི་བླ་རེ་དང་། རྔ་མ་དང་མེ་ལོང་ལ་སོགས་པས་བརྒྱན་པར་བྱ་ཞིང་། རྟ་བབས་ཀྱི་སྟེང་ཆོས་ཀྱི་འཁོར་ལོའི་འགྲམ་གཉིས་སུ་ནི་རི་

དགས་བརྒྱད་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། མེ་ལོང་དང་། རལ་གྲིའི་རྒྱལ་མཚན་བརྒྱད་གཟུགས་པར་བྱའོ། །སྒོའི་ཕྱི་རོལ་གྱི་ཁྱམས་སུ་ནི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་མཆོག་ཏུ་གྱུར་པའི་ལྷ་མོ་རྣམས་དགོད་དོ། །དེའི་རིན་པོ་ཆེའི་སྣམ་བུ་ལ་ནི་མུ་

ཏིག་གི་དྲ་བ་དང་། དྲ་བ་ཕྱེད་པས་བརྒྱན་ཅིང་དྲིལ་བུའི་སྒྲ་ལྷ་མོ་རྣམས་ཀྱི་སྤྱི་བོའི་སྟེང་ན་གྲགས་པར་བྱ་བ་དང་། མེ་ཏོག་ལ་སོགས་པས་བརྒྱན་པར་བྱ་བ་དང་། རྩེ་མོ་རྡོ་རྗེ་འདུས་པ་ལས་པདྨ་དང་། རྡོ་རྗེ་དང་། འབར་བའི་ཕྲེང་བ་གསུམ་གྱིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ནི་འཁོར་ལོ་

དཀར་པོ་རྩིབས་སུམ་ཅུ་རྩ་གཉིས་པ་ནི་ཤར་ཕྱོགས་ཀྱི་རྩིབས་སུ་པདྨའི་སྟེང་ན་འཕགས་པ་ཀུན་དགའ་བོ་དང་། ཤཱ་རིའི་བུ་དང་། རབ་འབྱོར་དང་། འོད་སྲུངས་དང་། རྟ་ཐུལ་ཆེན་པོ་དང་། ཅང་ཤེས་དང་། ཉེ་བ་འཁོར་དང་། མཽད་གལ་གྱི་བུ་རྣམས་སྐུ་མདོག་དཀར་བ་ལ་ལྷུང་བཟེད་

དང་། འཁར་གསིལ་བསྣམས་ཤིང་། རབ་ཏུ་བྱུང་བའི་ཆ་ལུགས་ཀྱིས་བཞུགས་པའོ། །ལྷོ་ཕྱོགས་ཀྱི་རྩིབས་བརྒྱད་ལ་ནི། འཕགས་པ་རང་སངས་རྒྱས་སེར་སྐྱ་དང་། འོད་མཛེས་དང་། ཀུན་འགྲོགས་དང་། ལག་བརྐྱང་དང་། ཉི་མའི་ཏོག་དང་། ཤཱཀྱའི་འོད་དང་། པདྨ་ཅན་

དང་། ལེགས་བཟང་རྣམས་མདོག་སེར་པོ་བདེ་བར་གཤེགས་པའི་ཆ་ལུགས་ཀྱིས་པདྨའི་སྟེང་ན་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཞུགས་སོ། །ནུབ་ཕྱོགས་ཀྱི་རྩིབས་བརྒྱད་ལ་ནི། སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། འཕགས་པ་མི་

གཡོ་བ་དང་། གཤིན་རྗེ་མཐར་བྱེད་དང་། རྟ་མཆོག་དང་། བདུད་རྩི་ཐབ་སྦྱོར་དང་། དབྱུག་པ་སྔོན་པོ་དང་། གཞན་ལས་རྣམ་པར་རྒྱལ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་རྣམས་དགོད་པར་བྱ་སྟེ། དེ་ལ་སྟོབས་པོ་ཆེ་ནི་སྐུ་མདོག་སྔོན་པོ་ཞལ་གཅིག་པ་ཕྱག་གཉིས་པ་ལ།

เล่ม ๖๘ · หน้า 147a

ཕྱག་གཡས་པས་རྡོ་རྗེ་བེ་ཅོན་འཛིན་པ། གཡོན་པས་རྔ་ཡབ་འཛིན་པ། མཆེ་བ་རྣམ་པར་གཙིགས་པའོ། །མི་གཡོ་བ་སྐུ་མདོག་སྨུག་ནག །ཕྱག་གཡས་པས་རྡོ་རྗེ་བསྣམས་ཤིང་། གཡོན་པས་ཞགས་པ་འཛིན་པའོ། །གཤིན་རྗེ་མཐར་བྱེད་ནི་སྐུ་མདོག་ནག་པོ་ལ།

ཕྱག་གཡས་པས་ཐོད་དབྱུག་བསྣམས་ཤིང་། གཡོན་པས་ཞགས་པ་འཛིན་པའོ། །རྟ་མཆོག་ནི་སྐུ་མདོག་དམར་བ་ལ་ཕྱག་གཡས་པས་པདྨ་འཛིན་ཅིང་། གཡོན་པས་ཐོད་པ་འཛིན་པའོ། །བདུད་རྩི་ཐབ་སྦྱོར་གྱི་ནི་སྐུ་མདོག་ལྗང་གུ་ལ། ཕྱག་གཡས་པས་རྡོ་རྗེ་བསྣམས་ཤིང་། གཡོན་

པས་སྡིགས་མཛུབ་མཛད་པའོ། །དབྱུག་པ་སྔོན་པོ་ནི་སྐུ་མདོག་སྔོན་པོ། ཕྱག་གཡས་པས་དབྱུག་ཏོ་བསྣམས་ཤིང་། གཡོན་པས་ལྕགས་ཀྱུ་འཛིན་པའོ། །གཞན་ལས་རྣམ་པར་རྒྱལ་བ་ནི་སྐུ་མདོག་དཀར་པོ་ལ། ཕྱག་གཡས་པས་རལ་གྲི་འཛིན་ཅིང་། གཡོན་པས་མི་

མགོ་འཛིན་པའོ། །ཁམས་གསུམ་རྣམ་པར་རྒྱལ་བ་ནི་སྐུ་མདོག་སྔོ་ལ། ཕྱག་གཡས་པས་རྡོ་རྗེ་བསྣམས་ཤིང་། གཡོན་པས་མདའ་གཞུ་བསྣམས་པ་སྟེ། དེ་དག་ཐམས་ཅད་ཀྱང་སྟག་གི་པགས་པས་སྨད་དཀྲིས་ཤིང་མཆེ་བ་རྣམ་པར་གཙིགས་པའི་ཞལ་འཇིགས་པ་དང་ལྡན་པས། གཡོན་

བརྐྱང་བས་མི་རོའི་སྟེང་ན་བཞུགས་པའོ། །བྱང་གི་རྩིབས་བརྒྱད་ལ་ནི་དེ་དག་གི་ཕོ་ཉའི་ཚོགས་སེང་གེའི་གདོང་ཅན་དང་། སྟག་གི་གདོང་ཅན་དང་། འུག་པའི་གདོང་ཅན་དང་། བྱ་རོག་གི་གདོང་ཅན་དང་། སྦྲུལ་གྱི་གདོང་ཅན་དང་། ཤ་བའི་གདོང་ཅན་དང་། ཕག་གི་གདོང་ཅན་

དང་། རིམ་པ་ཇི་ལྟ་བ་བཞིན་དུ། རང་གི་གཙོ་བོའི་ཁ་དོག་དང་མཐུན་པར་གནས་ཤིང་། ལག་པ་རྣམས་ནི་མིའི་སྙིང་དང་། ནང་ཁྲོལ་གྱིས་གང་བ་འཛིན་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་དྲུག་ཅུ་རྩ་བཞི་པ་གཅིག་ལ་ནི། ཨོཾ་བཛྲ་བེ་ག་ཛ་ས་མ་ཡ། ཞེས་བྱ་བ་རྡོ་རྗེ་ཤུགས་

ཀྱིས་ཐམས་ཅད་དུ་འབྱུང་བས་སོང་ལ། པདྨའི་སྟེང་དུ་ཤར་ལ་སོགས་པའི་རྩིབས་བཞིར་ནི། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་རྣམས་འཇིག་རྟེན་པའི་དཀྱིལ་འཁོར་དུ་བསྟན་པའི་ཆ་ལུགས་ཀྱིས་དགོད་དོ། །དེ་དག་གི་གཡོན་

เล่ม ๖๘ · หน้า 147b

ལོགས་སུ་ནི། ས་བདག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། མེ་ལྷ་དང་། སྲིན་པོ་དང་། རླུང་ལྷ་དང་། བདེན་བྲལ་རྣམས་ཕྱོགས་སྐྱོང་བའི་དཀྱིལ་འཁོར་དུ་བསྟན་པའི་སྐུ་མདོག་དང་། ཕྱག་མཚན་གྱིས་བཀོད་པར་བྱའོ། །དེའི་གཡོན་ཕྱོགས་སུ་ནི། ཉི་མ་དང་། ཟླ་བ་དང་། མིག་དམར་

དང་། ཕུར་བུ་དང་། པ་བ་སངས་དང་། སྤེན་པ་དང་། སྒྲ་གཅན་རྣམས་དགོད་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་དང་།

མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། བྱི་བཞིན་དང་། མོན་བྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ཐ་སྐར་དང་། བྲ་ཉེ་རྣམས་དགོད་པར་བྱའོ། །དེ་

ནས་ཡང་དེ་དག་གི་གཡོན་ལོགས་སུ་ནི། དྲང་སྲོང་ཆེན་པོ་བརྒྱད་དགོད་པར་བྱ་སྟེ། དེ་ལ་དྲང་སྲོང་ཆེན་པོ་རྒྱས་པ་ནི། ཁ་དོག་དམར་པོ་ཤིན་ཏུ་རིང་པ་ལག་པ་གཡས་ན་རིག་བྱེད་ཀྱི་གླེགས་བམ་འཛིན་པ། གཡོན་པ་ན་ཕྲེང་བ་འཛིན་ཅིང་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའོ། །དྲང་སྲོང་

བ་ར་དྷྭ་ཛ་ནི་ཁ་དོག་སེར་པོ་ལག་པ་གཡས་པས་མེ་ཏོག་འཛིན་ཅིང་། གཡོན་པས་ཀུ་ཤ་འཛིན་པའོ། །དྲང་སྲོང་ཆེན་པོ་སེར་སྐྱ་ནི། ཁ་དོག་སེར་སྐྱར་འདུག་ཅིང་། ལག་པ་གཡས་པས་རིལ་བ་སྤྱི་བླུགས་འཛིན་པ། གཡོན་པ་སྙིང་གར་མཐེབ་སྲིན་སྦྱར་བའོ། །དྲང་སྲོང་ཆེན་པོ་སྐྱེ་

དགུའི་བདག་པོ་ནི་ཁ་དོག་སྔོན་པོ་ལ་ལག་པ་གཡས་པས་ཕྲེང་བ་འཛིན་ཅིང་། གཡོན་པས་རིལ་བ་འཛིན་པའོ། །དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ནི་ཁ་དོག་ཐལ་སྐྱ་ལ་ལག་པ་གཡས་པས་གླེགས་བམ་འཛིན་ཅིང་། གཡོན་པས་ཤིང་ཐོག་འཛིན་པའོ། །དྲང་སྲོང་ཆེན་པོ་གནས་

འཇོག་ནི། །ཁ་དོག་སེར་པོ་ལ་ལག་པ་གཡས་པས་སྐྱབས་མཛད་ཀྱི་ཕྱག་རྒྱ་ལ། གཡོན་པས་པདྨ་འཛིན་པའོ། །དྲང་སྲོང་ཆེན་པོ་ནག་པོ་ནི་ཁ་དོག་ནག་པོ་ལ། ལག་པ་གཡས་པས་ཕྲེང་བ་འཛིན་ཅིང་། གཡོན་པས་ཚིག་སྦྱིན་པར་མཛད་པའོ། །དྲང་སྲོང་ཆེན་པོ་གཟེགས་ཅན་ནི་

เล่ม ๖๘ · หน้า 148a

ཁ་དོག་དཀར་པོ་ལ་ལག་པ་གཡས་པས་མེ་ཏོག་འཛིན་པ། གཡོན་པ་པུས་མོ་ལ་བརྟེན་པར་དགོད་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱི་གཙོ་བོ་བརྒྱད་དགོད་པར་བྱ་སྟེ། ལྷ་མ་ཡིན་གྱི་གཙོ་བོ་ཐགས་བཟངས་རིས་ཁ་དོག་དཀར་པོ་ལ་ལག་པ་གཡས་པས་རལ་གྲི་འཛིན་པ་

དང་། དྲི་ཟའི་གཙོ་བོ་ཟུར་ཕུད་ལྔ་པ་ཁ་དོག་ལྗང་གུ་ལ་ལག་པ་གཉིས་ཀྱིས་པི་ཝང་འཛིན་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ཁ་དོག་སྔོན་པོ་ལ་མེ་ཏོག་ཐོགས་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོ་ཁ་དོག་སེར་པོ་ལ་ལག་པས་དབྱུག་ཏོ་འཛིན་པ་དང་། ཀླུའི་

རྒྱལ་པོ་དགའ་བོ་ཁ་དོག་དཀར་པོ་ལ་ལག་པ་གཉིས་ཀྱིས་པདྨ་འཛིན་པ་དང་། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་པ་ཁ་དོག་ནག་པོ་ལ་ལག་པ་གཉིས་ཀྱིས་ཐོད་པ་དང་། མི་མགོ་འཛིན་པ་དང་། ཡི་དགས་ཀྱི་རྒྱལ་པོ་ཁ་འབར་མ་ཁ་དོག་དམར་ནག་ལ་ཤིན་ཏུ་རིད་ཅིང་ལག་པ་ན་

ལྕགས་ཀྱི་ཐུ་ལུམ་འབར་བ་འཛིན་པ་རྣམས་དགོད་པར་བྱའོ། །དེའི་ཕྱི་ཁོ་ར་ཁོར་ཡུག་ཆེན་པོ་གཅིག་ལ་འཁོར་ལོ་ཆ་དྲུག་པ་ལ། ལྷའི་གནས་སུ་ནི་གཞལ་ཡས་ཁང་གི་མཐའ་མར་བདུད་རྩིའི་བུམ་པས་བསྐོར་བ་བྲི་བར་བྱའོ། །མིའི་གནས་སུ་ནི་གླིང་བཞི་དང་བཅས་པ་

ལས། དེ་ལ་ཤར་ཕྱོགས་སུ་ནི་བརྒྱ་བྱིན་ཁ་དོག་དཀར་པོ་ལ་སྤྱན་གསུམ་པ་གླང་པོ་ཆེའི་སྟེང་ལ་ཞོན་པ་ལག་པ་གཡས་པས་རྡོ་རྗེ་འཛིན་ཅིང་རང་གི་ཆུང་མ་དང་འཁོར་གྱིས་བསྐོར་བའོ། །ལྷོ་ཕྱོགས་སུ་ཚངས་པ་ཁ་དོག་སེར་པོ་དབུ་གསུམ་པ་པདྨའི་སྟེང་ན་འདུག་ཅིང་ལག་པ་བཞིས་རིལ་

བ་དང་། ཕྲེང་བ་དང་། རྔ་ཡབ་དང་། མཆོག་སྦྱིན་པའི་ཕྱག་རྒྱ་བྱེད་པ་རང་གི་ཆུང་མ་དང་། འཁོར་གྱིས་བསྐོར་བ་དགོད་དོ། །ནུབ་ཕྱོགས་སུ་ནི་ཁྱབ་འཇུག་ཁ་དོག་སྔོན་པོ་ལག་པ་བཞི་པ་གཡས་པ་གཉིས་ཀྱིས་བེ་ཅོན་དང་ཕྲེང་བ་འཛིན་པ། གཡོན་པ་གཉིས་ཀྱིས་འཁོར་ལོ་དང་

དུང་འཛིན་པ་རང་གི་ཆུང་མ་དང་འཁོར་དུ་བཅས་པ་དགོད་པར་བྱའོ། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེན་པོ་ཁ་དོག་ནག་པོ་ལག་པ་བཞི་པ་གླང་པོ་ཆེ་ཁྱུ་མཆོག་ལ་ཞོན་པ། ལག་པ་གཉིས་ཀྱིས་རིལ་བ་དང་། མཚོན་རྩེ་གསུམ་པ་འཛིན་ཅིང་། གཡོན་པ་གཅིག་གིས་ལྷ་མོ་ལ་འཁྱུད་

เล่ม ๖๘ · หน้า 148b

ཅིང་། ཐ་མ་སྦྱིན་པ་བྱེད་པ་འཁོར་དང་བཅས་པ་བྲིའོ། །ལྷ་མ་ཡིན་གྱི་གནས་སུ་ནི་མཚོན་ཆའི་གཟུགས་སུ་བྲིའོ། །དུད་འགྲོའི་གནས་སུ་ནི་སེང་གེ་དང་སྟག་ལ་སོགས་པ་བྲིའོ། །ཡི་དགས་ཀྱི་གནས་སུ་ནི་ཤིན་ཏུ་རིད་པའི་གཟུགས་སུ་བྲིའོ། །དམྱལ་བའི་གནས་སུ་ནི་ཤ་མ་རིའི་སྡོང་པོ་དང་། མེའི་

ཕུང་པོ་ལ་སོགས་པ་བྲིའོ། །གླིང་བཞི་པོ་རྣམས་ཀྱི་བར་བར་དུ་ནི་སྲིང་མོ་ཆེན་མོ་རྒྱལ་བ་ཅན་དང་། རྣམ་པར་རྒྱལ་བ་དང་། མི་ཐུབ་མ་དང་། གཞན་ལས་རྒྱལ་བ་དང་། མཁའ་འགྲོ་མ་དང་། ཤ་ཟ་མོ་ལ་སོགས་པ་ནི་བུད་མེད་ཀྱི་གཟུགས་བྲི་ཞིང་། དེ་དག་གི་ནང་དུ་ནི་རི་དང་ཤིང་

དང་། ཆུ་བོ་དང་། རྫིང་ལ་སོགས་པ་བྲི་བར་བྱའོ། །ལྷ་དེ་དག་ཐམས་ཅད་རང་རང་གི་ཕྱག་རྒྱ་ཆེན་པོས་རང་རང་གི་སྙིང་པོ་རྣམས་བཟླས་པས་བར་སྣང་ལས་དབབ་པའི་སྦྱོར་བས་དགོད་པར་བྱའོ། །དེ་ལ་རྩ་བའི་དཀྱིལ་འཁོར་ནི་རང་རང་གི་སྙིང་པོས་བྱའོ། །བསྐལ་པ་བཟང་པོའི་ནི།

ཨོཾ་སརྦ་སཾ་སྐཱ་ར། ཞེས་པ་ལ་སོགས་པའི་སྙིང་པོ་དབབ་པར་བྱའོ། །ཉན་ཐོས་རྣམས་ནི། ཨོཾ་སརྦ་སྲ་བ་ཀེ་བུདྡྷ་སུ་ཏ་ཨ། ཞེས་བྱ་བའོ། །རང་རྒྱལ་བ་རྣམས་ཀྱི། ཨོཾ་བུདྡྷ་ཤི་སྭ། ཞེས་བྱ་བའོ། །ཁྲོ་བོ་རྣམས་ལ་ནི། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ། ཞེས་བྱའོ། །ཕོ་ཉ་རྣམས་ལ་ནི།

ཨོཾ་དཱུ་ཏ་ཙི་ཏི་ཀརྨཱ་ཀུ་རུ། ཞེས་བྱ་བའོ། །ཕྱོགས་རྣམས་ལ་ནི། ཨོཾ་ལོ་ཀ་པཱ་ལ་དྷརྨ་རཀྵ་སྭཱ་ཧཱ། ཞེས་བྱའོ། །ཉི་མ་ལ་སོགས་པ་གཟའ་རྣམས་ལ་ནི། ཨོཾ་སརྦ་གྲ་ཧ་ས་མ་ཡ་ཧཱུཾ། ཞེས་བྱའོ། །རྒྱུ་སྐར་རྣམས་ཀྱི་ནི། ཨོཾ་སརྦ་ནཀྵ་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱའོ། །དྲང་སྲོང་རྣམས་ཀྱི་ནི།

ཨོཾ་སརྦ་རྀ་ཥི་བྷ་ཤུདྡྷ་ས་མ་ཡ་ཧཱུཾ། ཞེས་བྱའོ། །འཇིག་རྟེན་པའི་གཙོ་བོ་རྣམས་ལ་ནི། ཨོཾ་ལོ་ཀ་པྲ་པུ་ས་མ་ཡ་ཧཱུཾ། ཞེས་བྱའོ། །ཚངས་པ་ལ་ནི་བྲཧྨ་ཎཱ་ཡེ་ཧཱུཾ། ཞེས་བྱའོ། །བརྒྱ་བྱིན་ལ་ནི། ཨོཾ་ཤ་ཀྲེ་སྭ། ཞེས་བྱའོ། །ཁྱབ་འཇུག་ལ་ནི། ཨོཾ་བིཥྞུ་བི་ཤུདྡྷ། ཞེས་བྱའོ། །དབང་ཕྱུག་

ཆེན་པོ་ལ་ནི། ཨོཾ་པ་ཤུ་བ་ཏི་ནཱི་ལ་ཀཎྛཱ། ཞེས་བྱའོ། །ལྷའི་གནས་སུ་ནི། ཨོཾ་དེ་བ་ཡེ་སརྦ་སྭཱ་ཧཱ། ཞེས་བྱའོ། །མི་རྣམས་ལ་ནི། ཨོཾ་ན་ར་ཡཱ་ན། ཞེས་བྱའོ། །ལྷ་མ་ཡིན་རྣམས་ལ་ནི། ཨོཾ་ཨ་སུ་རཱ་ཡ་སྭཱ་ཧཱ། ཞེས་བྱའོ། །དུད་འགྲོའི་གནས་སུ་ནི། ཨོཾ་ཏིཪྻ་ཀཱ་ཡ་སྭཱ་ཧཱ། ཞེས་

เล่ม ๖๘ · หน้า 149a

བྱའོ། །ཡི་དགས་རྣམས་ལ་ནི། ཨོཾ་པྲེ་ཏཱ་ཡ་སརྦ་སྭཱ་ཧཱ། ཞེས་བྱའོ། །དམྱལ་བ་རྣམས་ལ་ནི། ཨོཾ་སརྦ་ན་ར་ཀེ་སྭཱ་ཧཱ། ཞེས་བྱ་བ་རྣམས་ཀྱིས་བར་སྣང་ལས་དཀྱིལ་འཁོར་དུ་དབབ་པར་བྱའོ། །དེ་དག་ཐམས་ཅད་ཀྱང་ཡང་ན་ཐིག་ལེའམ་ཡི་གེའི་འབྲུ་རྣམས་དགོད་པར་བྱ་

བའམ། པདྨ་ཉིད་དགོད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དཀྱིལ་འཁོར་བྲི་བའི་ཆོག་མདོར་བསྡུས་པའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བཀོད་ནས། དཀྱིལ་འཁོར་གྱི་ཕྱི་རིམ་དུ་སྟེགས་བུ་སོར་བཅུ་གཉིས་པས་འཁོར་བར་བྱས་ལ། དྲིས་ཉེ་བར་བྱུགས་ཏེ། མེ་

ཏོག་བཀྲམ་པའི་སྟེང་དུ། མར་མེ་དང་། བཤོས་དང་། ཨ་ག་རུ་ལ་སོགས་པའི་བདུག་པའི་ཁང་པ་དང་། བུམ་པ་དང་། ག་པུར་ལ་སོགས་པའི་དྲི་དང་། གུར་ཀུམ་ལ་སོགས་པའི་བཏུང་བ་དང་། འབྲས་བུ་ལ་སོགས་པའི་བཅའ་བ་དང་། མདའ་དང་། མེ་ལོང་དང་། རལ་གྲི་དང་།

མེ་ཏོག་ཕྲེང་བ་དང་། གོས་དང་། རྒྱན་དང་། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྨ་བྱ་ལ་སོགས་པ་བྱའི་གཟུགས་ལ་སོགས་པ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བཅུ་ལས་མི་ཉུང་བར་འཁོར་བར་བྱས་ནས། དགོངས་ཀའི་དུས་སུ་རྡོ་རྗེ་འཛིན་མའི་དམ་

ཚིག་གི་ཕྱག་རྒྱ་བཅས་ལ་བདག་ཉིད་ཁྲུས་དང་དྲིས་བྱུགས་ལ། སྟོད་གཡོགས་དང་། སྨད་གཡོགས་དང་། དབུ་རྒྱན་དང་། དར་དཔྱངས་དང་། ཨུཏྤ་ལ་དང་། གདུ་བུ་དང་། སོར་གདུབ་དང་། དོ་ཤལ་དང་། དཔུང་རྒྱན་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། འཇུག་པར་བྱ་སྟེ།

ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་ཀྱང་བརྗོད་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱིས་མཉམ་པར་གཞག་པས་དབུས་སུ་འདུག་ལ་མེ་ཏོག་ཕྲེང་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕུལ་ཏེ། གར་བྱས་ནས་བླངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་

ཡིད་ཀྱིས་སྒོ་བཞི་དབྱེ་བར་བྱ་སྟེ། ཨོཾ་བཛྲ་དྷ་ར་ཨུངྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བརྗོད་ལ། རྡོ་རྗེ་མཛུབ་མོ་ལེགས་པར་སྦྱར་ལ་བཀན་ཏེ་མཐེ་ཆུང་གཉིས་མདུད་ལ་མཐེ་བོང་ཁུ་ཚུར་དུ་བྱས་པས་ཁྲོས་ནས་དབྱེ་བར་བྱའོ། །དེའི་འོག་ཏུ་སྟོང་པ་ཉིད་ཀྱི་མཐར་རྡོ་རྗེ་གནོད་སྦྱིན་བཟླས་པའི་

เล่ม ๖๘ · หน้า 149b

ཆུས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བས་རྫས་ཐམས་ཅད་ལ་བསང་བར་བྱའོ། །དེའི་འོག་ཏུ་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་རྣམ་པ་གསུམ་རྫོགས་པར་བྱས་ལ། མཆོད་པའི་ཚོགས་ཐམས་ཅད་ཀྱིས་རྒྱས་

བཏབ་ལ་རང་ཉིད་དབང་ལ་སོགས་པ་ཐམས་ཅད་རྫོགས་པར་བྱ་སྟེ། དེ་ལ་བདག་ཉིད་ཆེན་པོའི་ལྷ་དང་། སྙིང་རྗེས་བསྐྱེད་པའི་ལྷའི་ཕྱག་རྒྱ་ནི་གཏོར་མའི་སྐབས་སུ་ཤེས་པར་བྱའོ། །བླ་མར་གྱུར་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་ནི། འདི་ལྟ་སྟེ། ལག་པ་གཡོན་པ་ཆོས་གོས་འཛིན་པའི་ཚུལ་གྱིས་

ལྷུང་བཟེད་འཛིན་ཅིང་། གཡས་པ་ཆོས་འཆད་པའི་ཚུལ་དུ་བྱས་པ་ནི། འཕགས་པ་ཉན་ཐོས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་ཐལ་མོ་སྙིང་གར་སྦྱར་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་ཉིད་ལས་ཤེས་པར་བྱའོ། །ལག་པ་གཉིས་ཏིང་ངེ་

འཛིན་དུ་ལྟེ་བར་བསྣོལ་བ་ནི་རང་རྒྱལ་བ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡས་པ་ཆོས་འཆད་དུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་ཉིད་དུ་བསྒོམ་པར་བྱའོ། །རྡོ་རྗེ་བཅིངས་པས་མཛུབ་མོ་གཉིས་དམ་དུ་མཐུད་ལ་མཐེ་བོང་དང་། གུང་མོ་རྡོ་

རྗེ་དཔྲལ་བར་གཞག་པ་ནི་སྟོབས་པོ་ཆེའི་དམ་ཚིག་གི་ཕྱག་རྒྱའོ། །ལག་པ་གཉིས་རྔ་ཡབ་དང་། ཞགས་པ་འཛིན་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལ་ལས་ཀྱི་ལྕགས་ཀྱུ་དང་ཞགས་པར་བྱ་བ་ནི། མི་གཡོ་བའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་གཡས་དང་གཡོན་དུ་ཕྲལ་

ནས་གཟུང་བ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཞིབས་ལ་སྲིན་ལག་གཡོན་པ་གཡས་པའི་མཛུབ་མོས་མནན། གཡོན་པའི་མཛུབ་མོས་གཡས་པའི་སྲིན་ལག་བཟུང་ལ་ཟླུམ་པོར་བྱས་ཏེ། མཐེ་བོང་གཉིས་མངོན་པར་ཕྱོགས་པར་བྱས་ཏེ་ཁའི་ཚུལ་དུ་

གཞག་པ་ནི། གཤིན་རྗེ་མཐར་བྱེད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་དབྱུག་པ་འཕྱར་བའི་ཚུལ་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལ་མཐེ་ཆུང་ལུ་གུ་རྒྱུད་ལྟར་མཐུད་ནས་མཛུབ་མོ་གཤིབས་ཏེ་བསྒྲེང་ནས་བསླངས་ཏེ་དཔྲལ་བར་གཞག་པ་ནི། རྟ་མཆོག་གི་དམ་

เล่ม ๖๘ · หน้า 150a

ཚིག་གི་ཕྱག་རྒྱའོ། །ལག་པ་གཉིས་ཁ་འགྲམ་གཉིས་སུ་ཕྱར་བ་ནི་ལས་ཀྱི་ཕྱག་རྒྱའོ། །མཐེ་བོང་གཉིས་མཐེ་ཆུང་གི་སེན་མོ་མནན་ནས་དཔུང་མགོའི་དྲུང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་བྱས་ཏེ་བཞག་པ་ནི། བདུད་རྩི་ཐབ་སྦྱོར་གྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་གཉིས་

བསྣོལ་ནས་བྲང་དུ་གཟུང་བ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཡས་པ་དབྱུག་པ་ལྟར་བསྒྲེང་པ་ནི་དབྱུག་པ་སྔོན་པོའི་དམ་ཚིག་གི་ཕྱག་རྒྱའོ། །ལག་པ་གཡོན་པ་སྡིགས་མཛུབ་ཕྱར་ལ་གཡས་པ་དབྱུག་པ་ཕྱར་བ་ལྟར་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་

ལས་མཛུབ་མོ་གཉིས་ཕྱེ་བའི་ཚུལ་དུ་བཀུག་པ་ནི་གཞན་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་སྡིགས་མཛུབ་སྙིང་གར་བཟུང་ལ་གཡས་པ་ཐལ་སྦྱར་གྱི་ཚུལ་དུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་སོར་མོ་རྣམས་འབར་བར་བྱས་པ་ནི། ཁམས་གསུམ་

རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱའོ། །མཐེ་ཆུང་ལུ་གུ་རྒྱུད་དུ་བྱས་ལ་སྡིགས་མཛུབ་གཉིས་སྙིང་གར་གཟུང་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ནི་དེ་དག་གིས་སྐུར་བསྒོམ་པའོ། །དེ་དག་ཐམས་ཅད་ཀྱི་ལྕེ་ལ་ཡི་གེ་ཧྲཱིཿལས་པདྨ། དེའི་སྟེང་དུ་ཨཱ་ལས་ཟླ་བའི་དཀྱིལ་འཁོར་

དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེའི་དབུས་སུ་ཧྲཱིཿལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བསམས་ལ། སྔགས་ཀྱི་ཡི་གེ་ཐམས་ཅད་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ལ་སྔགས་ཀྱི་སྙིང་པོ་ནི། ཉན་ཐོས་དང་། རང་སངས་རྒྱས་ལ་ནི་གོང་དུ་སྨོས་པའི་

སྙིང་པོ་ཡིན་ལ། ཁྲོ་བོ་རྣམས་ཀྱི་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ། ཨོཾ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་ཧ་ཡ་གྲཱི་པ་ཧཱུཾ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་ནཱི་ལ་དཎྜ་ཧཱུཾ། ཨོཾ་ཨ་པར་ཛི་ཏ་ཧཱུཾ། ཨོཾ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུཾ། ཞེས་བྱའོ། །རྡོ་རྗེ་བསྡམས་པ་ལས་

ལག་པ་གཉིས་ཁ་གདངས་ནས་ལྕེ་བརྐྱང་བའི་ཚུལ་དུ་བྱས་པ་ནི། ཕོ་ཉ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་སྣོད་ཐོགས་པ་ལྟ་བུ་ལ། གཡས་པ་ཟ་བའི་ཚུལ་དུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་སྔ་མ་བཞིན་ནོ། །ཆོས་ཀྱི་ཕྱག་རྒྱ་ཡང་སྔ་མ་བཞིན་ལས་སྔགས་

เล่ม ๖๘ · หน้า 150b

བཟླས་པ་ནི། ཨོཾ་སིཾ་ཧཱ་སྱ་ཧཱུཾ། ཨོཾ་བྱཱ་གྷྲཱ་སྱ་ཧཱུཾ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧཱུཾ། ཨོཾ་ཀཱ་ཀཱ་སྱ་ཧཱུཾ། ཨོཾ་བྲྀ་ཥཱ་སྱ་ཧཱུཾ། ཨོཾ་སརྦ་པཱ་སྱ་ཧཱུཾ། ཨོཾ་ཧཱ་ར་ཎཱི་སྱ་ཧཱུཾ། ཨོཾ་སཱུ་ཀ་རཱ་སྱ་ཧཱུཾ། ཞེས་བྱ་བ་ཉིད་དོ། །དཀྱིལ་འཁོར་གྱི་ཕྱོགས་བཞིར་ནི་སེང་གེའི་ཁྲིའི་སྟེང་དུ་དམ་པའི་ཆོས་བཀླག་པར་བྱའོ། །དེ་ལ་ཤར་

ཕྱོགས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་གདོན་ནོ། །ལྷོ་ཕྱོགས་སུ་ནི་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་བཀླག་གོ། །ནུབ་ཕྱོགས་སུ་ནི་སྡོང་པོས་བརྒྱན་པ་བཀླག་གོ། །བྱང་ཕྱོགས་སུ་ནི་རིན་པོ་ཆེའི་ཕུང་པོ་བཀླག་པར་བྱའོ། །དེ་ནས་བདག་ཉིད་དབབ་པ་ལ་སོགས་པའི་ཆོ་ག་ཐམས་

ཅད་ཡོངས་སུ་རྫོགས་པ་དང་། རྣམ་པར་རྒྱལ་བའི་བུམ་པ་གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨཱ་མ་ག་ས་མ་ཡོ་ད་ཀ་སིདྡྷ་ཨ་བྷི་ཥིཉྩ་སརྦ་སུ་ཀ་སྱ་མ་ན་ས་མ་ཡ་ཨི་དཾ་ཀུ་རུ་ཀུ་རུ། ཛཿཧཱུཾ་བཾ་ཧོཿ། ཨ་ཞེས་བྱས་ལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཟུང་

ལ་མེ་ཏོག་གི་ཡལ་ག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་གཞག་པར་བྱའོ། །བུམ་པ་གཞན་དག་ཀྱང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པའི་མཚན་མ་དང་ལྡན་པ་རང་གི་དམ་ཚིག་གི་ཕྱག་རྒྱས། ཨོཾ་བཛྲོ་ད་ཀ་ཧཱུཾ། ཞེས་ལན་

བརྒྱ་རྩ་བརྒྱད་བཟླས་ལ་གོས་སྣ་ཚོགས་ཀྱིས་བརྒྱན་པ་བརྒྱ་ལ་སོགས་པ་དབུལ་བར་བྱའོ། །དེ་བཞིན་དུ་རོལ་མོ་བཅུ་པོ་རྣམས་དང་། རལ་གྲི་ལ་སོགས་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ལ། བར་དུ་གཅོད་པའི་བགེགས་ཞི་བར་

བྱ་བའི་ཕྱིར་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། དེ་ལ་གཏོར་མ་ནི་ཟངས་པོ་ཆེ་ལ་སོགས་པ་སྣོད་ཆེན་པོ་བརྒྱ་འམ། བརྒྱད་ལས་ཉུང་བར་མི་བྱའོ། །རང་གི་རིགས་དང་མཐུན་པའི་འཇིག་རྟེན་པ་རྣལ་འབྱོར་པ་ཐམས་ཅད་ཀྱིས་བཀུག་སྟེ། སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། དེའི་

སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དང་། དེའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་རྒྱ་ཆེན་པོར་བསམས་ནས། དེའི་ནང་དུ་ཧཱུཾ་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་བསམས་པ་ལས་རྡོ་རྗེ་དང་ལས་ཀྱི་མེ་འབར་བས་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པར་གྱུར་ཏེ། དེའི་ལྟེ་བ་ལ་གནས་པའི་ཧཱུཾ་ལས་འོད་ཟེར་ནམ་མཁའི་

เล่ม ๖๘ · หน้า 151a

ཕྱོགས་སུ་འཕྲོས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་པ་ལས། དེ་ཉིད་འདྲེས་པར་གྱུར་པ་དང་། རྡོ་རྗེ་དེ་ཡང་ཞུ་དེ་ཐམས་ཅད་རོ་གཅིག་པར་གྱུར་པས། ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། འོད་ཟེར་གྱིས་བཀུག་

པར་སྤྱན་དྲང་བར་བྱ་སྟེ། དང་པོར་རང་གི་དམ་ཚིག་བསྟན་པས་གཏོར་མ་ཕུལ་ལ། གཤེགས་སུ་གསོལ་བར་བྱའོ། །དེ་ལ་དེ་དག་གི་སྔགས་དང་ཕྱག་རྒྱ་ནི་འདི་དག་སྟེ། པི་ཝང་བརྡུང་པའི་ཚུལ་དུ་བྱས་ལ། ཨོཾ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཡུལ་འཁོར་སྲུང་གི་གསང་སྔགས་དང་

ཕྱག་རྒྱའོ། །རལ་གྲི་འཛིན་པའི་ཚུལ་གྱིས། ཨོཾ་བི་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི། འཕགས་སྐྱེས་པོའི་སྔགས་དང་ཕྱག་རྒྱའོ། །མཛུབ་མོ་ཞགས་པ་འཛིན་པའི་ཚུལ་གྱིས། ཨོཾ་བི་རཱུ་པཱ་ཀྵཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་མིག་མི་བཟང་གི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་

མཐེ་བོང་གིས་ནེའུ་ལེའི་སྣ་འདྲ་བར་བྱས་པ་ལས། ཨོཾ་བཻཤྲ་བ་ཎཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་སྔགས་དང་ཕྱག་རྒྱའོ། །ལག་པའི་སོར་མོ་རྡོ་རྗེར་བྱས་ལ། ཨོཾ་ཨིནྡྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་བརྒྱ་བྱིན་གྱི་སྔགས་དང་ཕྱག་རྒྱའོ། །གཡས་པའི་མཐེ་བོང་ཨོཾ་ཞེས་བྱ་བར་སྦྱར་ལ།

ཨོཾ་བྲཧྨ་ཎཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཚངས་པའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་འཁོར་ལོ་ལྟ་བུ་བྱས་པ་ནི། ཨོཾ་བིཥྞ་བེ་སྭཱ་ཧཱ། ཞེས་བྱ་བ་ནི་ཁྱབ་འཇུག་གི་སྔགས་དང་ཕྱག་རྒྱའོ། །མདུང་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། ཨོཾ་མ་ཧེ་ཤྭ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་དབང་ཕྱུག་

ཆེན་པོའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡས་པའི་མཐེ་བོང་གི་ངོས་ལ་མཛུབ་མོ་བཙུགས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་མེ་ལྷའི་སྔགས་དང་ཕྱག་རྒྱའོ། །ལག་པ་ཐལ་མོ་མཉམ་པར་བྱས་ལ། སྲིན་ལག་གཉིས་ཕྱི་རོལ་དུ་བསྒྲེང་སྟེ། དེ་སྙིང་གར་བཞག་ལ། ཨོཾ་ཡ་

མཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་གཤིན་རྗེའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡས་པའི་ཁུ་ཚུར་བཅས་པ་ལས་མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་བྱས་པ་ནི། ཨོཾ་སརྦ་ནཻརྟྱཱ་ཡ་སྭཱ་ཧཱ། བདེན་བྲལ་གྱི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡོན་པའི་མཛུབ་མོ་ཞགས་མགོ་ལྟར་བྱས་

เล่ม ๖๘ · หน้า 151b

ལ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཆུ་ལྷའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀྱིས་བ་དན་ལྟར་བྱས་ལ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཞེས་བྱ་བ་ནི་རླུང་ལྷའི་སྔགས་དང་ཕྱག་རྒྱའོ། །མཐེ་བོང་ནེའུ་ལེའི་སྣ་འདྲ་བར་བྱས་ལ། ཨོཾ་ཡཀྵཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་གནོད་སྦྱིན་གྱི་སྔགས་དང་ཕྱག་

རྒྱའོ། །དབང་ཕྱུག་ཆེན་པོའི་ཕྱག་ཉིད་ལས། ཨོཾ་ཛུཾ་ཛུཾ་ཤི་བ་སྭཱ་ཧཱ། ཞེས་བྱ་བ་ནི་དབང་ལྡན་གྱི་སྔགས་དང་ཕྱག་རྒྱའོ། །མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ། ལག་པ་གཉིས་བུམ་པ་འཛིན་པ་ལས། ཨོཾ་པྲྀ་ཐི་བྱཻ་སྭཱ་ཧཱ། ཞེས་བྱ་བ་ནི་སའི་ལྷ་མོའི་སྔགས་དང་ཕྱག་རྒྱའོ། །ལག་པ་

གཡོན་པ་དཀུར་བརྟེན་ནས་གཡས་ཚིག་འབྱིན་པ་ལྟར་བྱས་ལ། ཨོཾ་གྲ་ཧཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་དྲང་སྲོང་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །གཡོན་པ་དཀུར་བརྟེན་ཏེ། ལག་པ་གཡས་པ་རལ་གྲི་འཛིན་པ་ལྟར་བྱས་ལ། ཨོཾ་སརྦཱ་སུ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ལྷ་མ་ཡིན་ཐམས་

ཅད་ཀྱི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ་དུ་བྱས་ལ། ཨོཾ་སརྦ་གནྡྷརྦཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་དྲི་ཟ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། ལག་པ་གཉིས་ཀྱི་མཐེ་ཆུང་མདུད་ལ་རྒྱབ་སྦྱར་ཏེ། མཛུབ་མོ་དང་གུང་མོ་དག་ཁ་གདངས་པའི་ཚུལ་དུ་བྱས་ལ།

སྲིན་ལག་གཉིས་གཤོག་པ་ལྟར་བྱའོ། །མཐེ་བོང་གཉིས་བཀང་བར་བྱས་ལ། ཨོཾ་སརྦ་རཀྵ་ག་རུ་ཌ་སྭཱ་ཧཱ། ཞེས་བྱ་བ་ནི་ནམ་མཁའ་ལྡིང་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །མཐེ་བོང་ནེའུ་ལེའི་རྣ་བ་འདྲ་བར་བྱས་ལ། ཨོཾ་ཡཀྵེ་བྷྱཿསྭཱ་ཧཱ། ཞེས་བྱ་བ་ནི་གནོད་སྦྱིན་ཐམས་ཅད་ཀྱི་སྔགས་

དང་ཕྱག་རྒྱའོ། །ལག་པ་གཉིས་ཀའི་སོར་མོ་ཕྲད་པའི་ཚུལ་དུ་བྱས་ལ། ཨོཾ་སརྦ་རཱཀྵ་ས་བྷྱཿསྭཱ་ཧཱ། ཞེས་བྱ་བ་ནི་སྲིན་པོ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་སོར་མོ་གྱེན་དུ་བཟེད་པ་ལ། ཨོཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་བྱ་བ་ནི་ཡི་དགས་རྣམས་ཀྱི་སྔགས་དང་ཕྱག་

རྒྱའོ། །ལག་པ་གཡས་པའི་མཛུབ་མོ་སྙིང་གར་བསྒྲེང་ལ། ཨོཾ་སརྦ་མ་ནུ་ཥྱེ་བྷྱཿསྭཱ་ཧཱ། ཞེས་བྱ་བ་ནི་མི་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ས་ལ་བཙུགས་ལ། ཨོཾ་སརྦ་ཏིཪྻ་ཀ་བྷྱཿསྭཱ་ཧཱ། ཞེས་པ་ནི་དུད་འགྲོ་རྣམས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด