འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๒ · หน้า 302a

ཏེ་དེ་འདྲ་བ་མི་འཐད་ཀྱང་གཟུགས་ལ་སོགས་པའི་རྣམ་པར་མཐོང་བར་བྱེད་པ་ནི་སྣང་བའི་རྒྱུ་ལས་བྱུང་ངོ་ཞེ་ན་སྣང་བ་ཅིའི་རྒྱུ་ལས་བྱུང་ཞེས་པ་སྟེ། མི་འཐད་པ་ཉིད་དུ་བསྟན་ཟིན་ཏོ། །ང་ནི་ཀཱ་ཏྱཱ་ཡ་ནའི་རིགས། །ཞེས་པ་ལ་སོགས་པས་ནི་མཆོག་གི་སྤྲུལ་པ་དང་ལོངས་སྤྱོད་

རྫོགས་པའི་སྐུ་གནས་གང་དུ་སངས་རྒྱས་པའི་ཚུལ་སྟོན་ཏེ། དེ་ལ་ང་ཞེས་པ་ནི་དྲི་མེད་རྒྱལ་བ་ཞེས་གདུལ་བྱ་ཐ་མལ་པ་རྣམས་ལ་སྣང་བ་མཆོག་གི་སྤྲུལ་པ་ཡིན་ལ། དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་སྣང་བ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་ཏེ། འཕགས་པ་

གསེར་འོད་དམ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་ལ་སྤྲུལ་པའི་སྐུ་ཡང་ཡིན་པའི་མུ་བཞི་པ་གསུངས་པའི་ཕྱིར་རོ། །དེ་ཉིད་ཀཱ་ཏྱཱ་ཡ་ནའི་རིགས། །ཞེས་པ་སྟེ་སངས་རྒྱས་སྔ་མའི་ཡེ་ཤེས་ཀྱི་རིགས་སུ་སྐྱེས་པའོ། །དེ་ཡང་ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས། བཅོམ་ལྡན་དངོས་

དང་དངོས་མེད་པ། །སྟོན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་གདགས་པར་མཛད། །ཅེས་གསུངས་པ་སྟེ། ཀཱ་ཏྱཱ་ཡ་ནས་འཇིག་རྟེན་ཐམས་ཅད་ནི་གཉིས་ལ་བརྟེན་པ་སྟེ། ཡོད་པ་དང་མེད་པ་ལའོ། །དེ་ལ་བརྟེན་ནས་མྱ་ངན་དང་སྨྲེ་

སྔགས་འདོན་པ་ལ་སོགས་པ་འབྱུང་ངོ་ཞེས་གསུངས་ཏེ། དེ་འདྲ་བ་སྟོན་པའི་སངས་རྒྱས་ཀྱི་ཁྱད་པར་རོ། །གཙང་མའི་གནས་ནས་བྱུང་ཞེས་པ་ནི་གཙང་མའི་གནས་ཀྱི་བྱེ་བྲག་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའོ། །སྟོང་ཕྲག་གསུམ་གྱི་མདོ་རྣམས་ཀྱིས། །ཞེས་

པ་ནི་མདོ་སྡེ་འདི་ཉིད་ཡིན་ཏེ། ཇི་སྐད་དུ། ལང་ཀར་གཤེགས་པའི་མདོ་སྡེ་ནི་སངས་རྒྱས་སྔ་མས་གསུངས་ཞེས་པའོ་ཞེས་བསྟན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་དུ་སངས་རྒྱ་བའི་རྒྱུ་མཚན་ཡང་། དེའི་ཞིང་ཁམས་ནི་ཡེ་ཤེས་ཡོངས་སུ་དག་པའི་སྣང་བ་ཡིན་ལ།

ཁམས་གསུམ་པོ་གཞན་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་སེམས་ཉིད་མ་དག་པའི་སྣང་བ་ཡིན་ཞིང་། གཙང་མའི་གནས་གཞན་ཡང་འཕགས་པ་རྣམས་ཀྱི་ཡེ་ཤེས་ཕྱོགས་འགའ་ཙམ་དག་པའི་སྣང་བ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དག་པའི་སྣང་བ་མིན་པས་དེ་རྣམས་སུ་སངས་མི་རྒྱ་བའོ། །

เล่ม ๑๒๒ · หน้า 302b

འདིར་ཕྱི་རོལ་གྱི་དངོས་པོར་གྱུར་པའི་ཞིང་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་ཏོ། །སྔར་གྱི་དྲི་བའི་ལན་དུ་སྦྱར་བ་ནི་ཤེས་པར་ཟད་དོ། །གལ་ཏེ་དེ་ལྟ་བུའི་ཞིང་ཁམས་ཕུན་སུམ་ཚོགས་པ་ནི་འདོད་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པས་འཆིང་བའི་རྒྱུ་མ་ཡིན་ནམ་ཞེ་ན།

མ་ཡིན་ཏེ། འཆིང་བའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི་ཡུལ་དུ་སྣང་བ་སེམས་ཀྱི་ངོ་བོར་གྱུར་པའི་ཆོས་ཉིད་སྟོང་པ་ཉིད་ལ་འཆིང་ཞིང་དེར་ཐིམ་པའོ། །དེའི་ཕྱིར་དེ་ལྟར་རྟོགས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་འཇོམས་པ་སྟེ། ཡེ་ཤེས་དེ་ནི་བརྟུལ་ཞུགས་དང་ལྡན་

པ་རྣམས་ཀྱི་རལ་གྲིའི་སོ་དང་འདྲ་བའོ། །བདག་མེད་ཉིད་ནི་ཇི་ལྟར་མེད། །ཅེས་པ་ནི་དེ་སྒྱུ་མ་ལྟ་བུར་ཡོད་པའོ། །རྒྱུ་ཡི་རྣམས་ནི་མ་སྐྱེས་ཏེ། །རྐྱེན་རྣམས་དེ་དག་བྱས་པའོ། །ཞེས་པ་ནི། འདིར་དྷཱ་ཏུ་ཞེས་པ་རྒྱུའམ་དབྱིངས་ཉིད་ལ་འཇུག་པས་འདིར་ནི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་

འདྲ་བའི་རང་བཞིན་མ་སྐྱེས་པ་དང་སྒྱུ་མ་ལྟ་བུའི་གཞན་དབང་ནི་ཀུན་རྫོབ་ཏུ་རྒྱུ་ཡིས་བྱས་པའོ། །དེ་གཉིས་ཞེས་པ་གཞན་དབང་དང་ཆོས་ཀྱི་དབྱིངས་གཉི་ག་ཡང་དོན་དམ་པར་སྐྱེས་པ་མ་ཡིན་པའོ། །སྣང་དང་སློབ་མ་རྫས་སོགས་ཀྱིས། །ཞེས་པ་ནི་སྣང་བ་ཕྱིའི་སྐྱེ་མཆེད་དང་།

དབང་པོ་ལ་སོགས་པའི་རྫས་ནང་གི་སྐྱེ་མཆེད་ཀྱི་རྣམ་པར་ཤེས་པ་སྐྱེད་ཅིང་། རིག་པའི་གནས་ལ་བསླབས་པའི་རྒྱུ་ཡིས་དེ་རྣམས་ལ་མཁས་པའི་གནས་སྐབས་སུ་བསྐྱེད་པའོ། །མངོན་པར་འདུ་བྱེད་ཅེས་པ་ལ་སོགས་པས་ཕྱི་རོལ་གྱི་ངོ་བོར་གྱུར་པའི་གཟུགས་ཀྱི་སྐུ་ཡང་

དག་པའི་སངས་རྒྱས་མ་ཡིན་པར་སྟོན་ཏེ། དེ་ཡང་ཁ་དོག་དང་དབྱིབས་ཀྱི་རྣམ་པས་བསྡུས་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་ནི་སངས་རྒྱས་སུ་འགྱུར་བ་ནི་མ་ཡིན་ཏེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཉིད་

དུ་འཇོག་པའི་རྒྱུ་མཚན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དགེ་སློང་དག་ངའི་སྐུ་ཐོབ་པས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་བ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པ་ཐམས་ཅད་

เล่ม ๑๒๒ · หน้า 303a

མཁྱེན་པའི་ཡེ་ཤེས་བརྙེས་པས་དེ་བཞིན་གཤེགས་པའི་གྲངས་སུ་འགྲོའོ་ཞེས་གསུངས་པའི་ཕྱིར་རོ། །འོན་ལྐུགས་ལོང་བ་ཞར་བ་དང་། །ཞེས་པ་ལ་སོགས་པས་ནི་ཚངས་པར་སྤྱོད་པའི་རྟེན་ཁྱད་པར་ཅན་སྟོན་ཏེ། དེ་ལ་ཤར་གཉེར་བ་ནི་སྲོག་དང་ལོངས་སྤྱོད་ལ་

གནོད་པ་བྱས་པ་རྣམས་ལ། ཁོན་དུ་འཛིན་པའི་སྒོ་ནས་ལན་གླེན་པར་འདོད་པ་སྟེ། ཉོན་མོངས་པས་དཀྲུགས་པས་དེའི་རྟེན་མ་ཡིན་པའོ། །རྒན་པོ་དང་བྱིས་པ་ཡང་རྟེན་མ་ཡིན་ཏེ། རང་བཞིན་གྱིས་འདོད་ཆགས་ཆུང་བ་རྣམས་ལ་ཚངས་པར་སྤྱོད་པ་བརྟུལ་ཞུགས་ཅན་ཞེས་ང་མི་སྨྲའོ་ཞེས་འཕགས་

པ་དཀོན་མཆོག་བརྩེགས་པ་ལས་གསུངས་པའི་ཕྱིར་རོ། །གཞན་ནི་མཛེས་པའི་བར་ཆད་ཉིད་དུ་དམ་པའི་ཆོས་འདུལ་བ་ལས་བཤད་དོ། །བསྒྲིབས་དང་ཞེས་པ་ལ་སོགས་པས་མཚན་གྱི་བྱེ་བྲག་སྟོན་ཏེ། དེ་ལ་བསྒྲིབས་པ་ནི་མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ཏེ། ཅུང་ཟད་མི་གསལ་

བ་དང་ཡོན་པོ་ལ་སོགས་པར་འདུག་པའོ། །གསལ་བ་ནི་དེ་བཞིན་གཤེགས་པའི་མཚན་ཏེ། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་བ་རྫོགས་པ་འཕགས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷའི་རྒྱལ་པོ་རྣམས་ཀྱི་མཚན་དང་ལྡན་པས་ལྷ་རྣམས་ཀྱི་འཁོར་ལོས་སྒྱུར་བའོ། །

གསལ་བ་ལ་ལ་རབ་ཏུ་འབྱུང་། །ཞེས་པ་ནི་དེ་བཞིན་གཤེགས་པ་སྟེ། འདོད་པའི་ཡོན་ཏན་སྤངས་ཤིང་རབ་ཏུ་འབྱུང་བའི་ཚུལ་བསྟན་པའོ། །དེ་ལས་གཞན་ལྷ་དང་མིའི་འཁོར་ལོས་སྒྱུར་བ་ནི་བག་མེད་པ་སྟེ། འདོད་པའི་ཡོན་ཏན་ལ་སྤྱོད་པའོ། །རྒྱས་དང་གཟེགས་ཅན་ཁྱུ་མཆོག་དང་། །

ཞེས་པ་ལ་སོགས་པས་ནི་ཁྱེད་ཀྱིས་ལུང་བསྟན་པ་ནི་དུ་ཞེས་དྲིས་པའི་ལན་དུ་མ་འོངས་པ་ལུང་སྟོན་པ་སྟེ། དེ་ལྟར་བསྟན་པའི་དགོས་པ་ཡང་མུ་སྟེགས་ཀྱི་དྲང་སྲོང་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ལམ་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ཡང་དག་པའི་ལམ་སྟོན་པ་དང་དེའི་ཆོས་

བསྲུང་བའི་རྒྱལ་པོ་ལ་སོགས་པ་འདི་ལྟར་འབྱུང་ངོ་ཞེས་བསྟན་པས། དེའི་དུས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱིས་བླང་བྱ་དང་དོར་བྱའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བ་དང་། སྟོན་པ་ལ་ཡིད་ཆེས་པའི་དད་པ་སྐྱེ་བར་འགྱུར་བའོ། །སྐྱབས་འོག་ཏུ་ཞེས་པ་ནི་སྐྱབས་

เล่ม ๑๒๒ · หน้า 303b

འབྱུང་གི་དུས་ཀྱི་འོག་རོལ་ལམ། དེ་ཉིད་ཀྱི་དུས་ཀྱང་རུང་སྟེ་ཀླ་ཀློ་སྟག་གཟིག་གི་རྒྱལ་པོ་འབྱུང་བའོ། །དེའི་རྗེས་ལ་མཚོན་གྱི་འཁྲུག་པ་སྟེ། ཁྱབ་འཇུག་དང་གནོད་སྦྱིན་གྱི་སྡེ་རྣམས་ཕན་ཚུན་མཚོན་གྱིས་གཅོད་ཅིང་གསོད་པར་བྱེད་པའོ། །འདི་ཉིད་ཡུལ་འཁྲུག་པ་དང་ཁྲག་ཁྲུག་དང་

ཞེས་པ་ལ་སོགས་པའི་ལན་དུ་ཡང་སྦྱར་བར་བྱའོ། །དེ་ལ་སོགས་པ་འདས་པ་དག །འགྲོ་བ་འཁོར་ལོ་བཞིན་དུ་འཁོར། །ཞེས་པ་ནི། དེ་ནས་ཡར་སྐྱེ་མར་འགྲིབ་པའི། །བསྐལ་པ་གཞན་ནི་བཅོ་བརྒྱད་འབྱུང་། །ཞེས་པ་དང་སྦྱར་བར་བྱའོ། །མེ་དང་ཉི་མར་ཕྲད་པ་ཞེས་པ་ནི་བར་གྱི་བསྐལ་

པ་ཉི་ཤུ་འདས་པའི་འོག་རོལ་དུ་སྣོད་ཀྱི་འཇིག་རྟེན་འདི་ཉིད་ལ་མེའི་ཁམས་ཡོད་པ་དང་། ཉི་མའི་དཀྱིལ་འཁོར་བདུན་ཤར་བ་ལ་སོགས་པའི་སྟོབས་ཀྱིས་འདོད་པའི་ཁམས་དང་། བསམ་གཏན་དང་པོའི་བར་དུ་སྲེག་པ་སྟེ། འཇིག་པ་དང་པོ་དམྱལ་བའོ། །སྲིད་པ་མེད་ནས་སྣོད་ཟད་

པ། །ཞེས་པ་དང་སྦྱར་རོ། །གང་ལ་ཞེས་པ་ལ་སོགས་པས་ནི་ཆགས་པ་དང་པོ་རླུང་ནས་ནི་ཞེས་པ་ལ་སོགས་པ་སྟེ། ལྷ་རྫས་ཀྱི་གནས་ནི་བསོད་ནམས་ཀྱི་སྣང་བ་སྟེ། འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །རིགས་བཞིའི་མི་མགོན་དབང་པོ་དང་། །ཞེས་པ་ནི་མར་འགྲིབ་པའི་དུས་

སུ་མང་པོས་བཀུར་བའི་རྒྱལ་པོ་བྱུང་བ་སྟེ། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། །ཞེས་པ་དང་སྦྱར་རོ། །དྲང་སྲོང་རྣམས་དང་ཆོས་ཞེས་པ་ནི་སངས་རྒྱས་འབྱུང་བའི་སྔོན་རོལ་དུ་འཇིག་རྟེན་པའི་ཆོས་དང་། དེ་ལས་གཞན་རིག་བྱེད་རྟག་པ་སྐྱེས་བུས་མ་བྱས་པར་འདོད་པ་

དང་། སྲོག་གི་མཆོད་སྦྱིན་དང་སྦྱིན་སྲེག་ལ་སོགས་པ་འབྱུང་བར་འགྱུར་བའོ། །གཏམ་ནི་སྔོན་གྱི་གཏམ་རྒྱུད་དོ། །རྐྱང་པ་རྟོགས་བྱེད་འབྲེལ་པ་ནི་སྒྲའི་མདོ་དང་དེ་འཆད་པའི་འགྲེལ་པའོ། །འདི་སྐད་བདག་གིས་ཐོས་སོགས་པས། །ཞེས་པ་ནི་གླེང་གཞི་དང་བཅས་པའི་ཆོས་

མི་མཐུན་པ་སྣ་ཚོགས་བསྟན་པས་འཇིག་རྟེན་རྨོངས་པར་འགྱུར་བའོ། །ཤིན་ཏུ་བཙོས་ཞེས་པ་ལ་སོགས་པས་ནི་མུ་སྟེགས་ལ་སོགས་པའི་རྟགས་སྤངས་པ་དེ་བཞིན་གཤེགས་པའི་རྒྱལ་མཚན་སྟོན་ཏེ། སྤྲུལ་པའི་སྐུ་ཡིས་བསྟན་པའོ། །སྟེང་ནས་ཞེས་པ་ནི་ཁ་དོག་བསྒྱུར་བའི་གོས་

เล่ม ๑๒๒ · หน้า 304a

སྟེང་ནས་བགོ་བའོ། །འདམ་སོགས་ཞེས་པ་ནི་ཚོས་རྩི་སྟེ་སྔར་བསྟན་པ་དང་སྦྱར་རོ། །བྲི་བ་དང་བཀྲ་བ་ནི་ཁ་དོག་གསལ་བར་བྱས་པའོ། །རྐེད་པའི་སྲད་བུ་ནི་རྐེད་འཆིང་གནོན་པར་བྱེད་པའི་སྲད་བུའོ། །མཐོ་རིས་ནས་ནི་ལྷ་རྫས་འབྱུང་། །ཞེས་པ་ནི་ལྷའི་བདུད་རྩི་སྟེ།

ཚོགས་རྫོགས་པའི་དེ་བཞིན་གཤེགས་པ་ལ་ལྷ་རྣམས་ཀྱིས་འབུལ་བར་སྣང་བའོ། །གཉིས་པོ་ནི་དམན་པའི་ཟས་དང་སློང་མོའོ། །རིན་ཆེན་ཞེས་པ་ལ་སོགས་པས་རིན་པོ་ཆེ་སྣ་བདུན་དང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོ་རིས་ཐོབ་པར་བྱེད་པའི་ཆོས་སྟོན་པ་

གླིང་བཞི་ལ་དབང་བྱས་ནས་མཐར་གྱིས་སུམ་ཅུ་རྩ་གསུམ་དུ་ཞུགས་པ་དང་། སྲེད་པའི་དབང་གིས་ལྷའི་དབང་པོ་ལ་ངན་སེམས་བསྐྱེད་པས་སླར་འཛམ་བུའི་གླིང་འདི་ཉིད་དུ་ལྷུང་བར་འགྱུར་བ་སྟེ། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་གཏམ་རྒྱུད་དཀོན་མཆོག་བརྩེགས་པ་ལས་འབྱུང་བ་བཞིན་

བལྟ་བར་བྱའོ། །ལྷར་སྐྱེས་པའི་ཞེས་པ་ནི་ལྷ་རྣམས་ཀྱི་འཁོར་ལོས་སྒྱུར་བའམ། ཡང་ན་མིའི་རྒྱལ་པོ་ཉིད་ལ་མིང་གི་ལྷ་ཞེས་སྔར་བསྟན་ནོ། །བྱས་པའི་དུས་དང་ཞེས་པ་ལ་སོགས་པས་ནི་དེ་རྣམས་འབྱུང་བའི་དུས་ཀྱི་བྱེ་བྲག་སྟོན་ཏེ། དེ་ལ་བྱས་པའི་དུས་ནི་རིགས་བཞིའི་མི་རྣམས་

ཀྱི་མགོན་པོ་མང་པོ་བཀུར་བས་ས་རྣམས་བགོ་བ་བྱས་པ་ནས་བཟུང་སྟེ། སངས་རྒྱས་ཀྱིས་བསྟན་པའི་ཆོས་གཅིག་ཀྱང་མ་ཉམས་པའི་བར་ཏེ། བསྐལ་པ་རྫོགས་ལྡན་གྱི་དུས་ཞེས་ཀྱང་དུས་ཀྱི་འཁོར་ལོ་ལས་བཤད་དོ། །དེ་ཡང་མི་རྣམས་ཀྱི་ལོ་གྲངས་ནི་ལྔ་སྟོང་དང་བཞི་བརྒྱའོ། །

སྐྱབས་འབྱུང་གི་དུས་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་ཚིགས་སུ་བཅད་པའི་སྡེ་ཚན་དུ་བྱས་པ་ལས། རྐང་པ་གཅིག་ཉམས་ནས་གསུམ་ལུས་པ་སྟེ། གསུམ་ལྡན་གྱི་དུས་ཞེས་ཀྱང་བྱ་ལ། དེའི་དུས་སུ་སེམས་ཅན་རྣམས་ལ་ཅུང་ཟད་འཇིགས་པ་འབྱུང་བས་སྐྱབས་འཚོལ་བ་སྟེ། དེའི་

ཕྱིར་སྐྱབས་འབྱུང་ཞེས་བྱ་བའོ། །དེའི་ལོ་གྲངས་ཀྱང་སྔ་མ་བཞིན་ནོ། །གཉིས་གཞན་གྱི་དུས་ནི་རྐང་པ་གཉིས་ལུས་ནས་གཉིས་ཉམས་པར་གྱུར་པ་སྟེ། གཉིས་ལྡན་གྱི་དུས་ཞེས་བྱ་ལ་ལོ་གྲངས་སྔ་མ་བཞིན་ནོ། །རྩོད་པའི་དུས་ནི་ལོ་གྲངས་སྔ་མ་དང་འདྲ་བ་ལས་བསྟན་པའི་ཆོས་རྐང་པ་

เล่ม ๑๒๒ · หน้า 304b

གཅིག་ཙམ་ལུས་པ་སྟེ། དེའི་དུས་ན་སྐྱེ་དགུ་རྣམས་ཉོན་མོངས་པ་མང་བས་རྩོད་པ་འཕེལ་བའི་ཕྱིར་རྩོད་པའི་དུས་ཞེས་བྱའོ། །ང་དང་གཞན་ནི་བྱས་དུས་ལ། །ཤཱཀྱ་སེང་གེ་རྩོད་པའི་དུས། །ཞེས་པ་ནི་དུས་དེ་དག་ཏུ་དེ་རྣམས་སུ་སངས་རྒྱས་པའོ། །གལ་ཏེ་འདིར་ང་ཞེས་བྱ་བ་ནི་མདོ་སྡེ་འདི་

ཉིད་གསུངས་པའི་ཤཱཀྱ་སེང་གེ་ཉིད་ལ་འཇུག་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལས་ཐ་དད་པ་སྔར་ཉིད་དུ་སངས་རྒྱས་པ་དང་། དེ་ཡིས་ཤཱཀྱ་སེང་གེ་ལུང་སྟོན་པར་བྱེད་ཅེ་ན། བདེན་མོད་ཀྱི་སྔར་བསྟན་པ་ལྟར་ཤཱཀྱ་སེང་གེ་དང་དྲི་མེད་རྒྱལ་བ་ལ་སོགས་པའི་མཆོག་གི་སྤྲུལ་པ་སངས་རྒྱས་ཉིད་ཀྱི་ཡེ་

ཤེས་ལ་སྣང་བ་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ཡང་ཡེ་ཤེས་ཀྱི་རྒྱུན་རྒྱུད་གཅིག་ཉིད་ཡིན་པས་ང་ཞེས་པའི་ཚིག་སྨོས་པ་ཡིན་ལ། ཡང་དུས་དང་རྣམ་པ་ལ་སོགས་པ་མི་འདྲ་བས་ཐ་དད་པ་ལུང་སྟོན་པ་ལྟ་བུར་གསུངས་པའོ། །དེ་ཡང་། ཇི་ལྟར་

སྐྱེས་བུ་གཅིག་ཉིད་ཀྱིས། །གོས་དང་རྒྱན་གྱི་རྣམ་པ་གང་། །སྔ་ལས་གཞན་དུ་བསྒྱུར་བྱས་ཏེ། །བརྗོད་པའི་རྣམ་པ་མཐུན་པའམ། །ཅུང་ཟད་གཞན་དུ་བསྟན་ཀྱང་རུང་། །འགའ་ཞིག་གིས་ནི་གཟུང་བྱ་སྟེ། །ཡི་གེར་བཀོད་པ་ཇི་བཞིན་དུ། །ཚུལ་འདིར་རབ་ཏུ་རྟོགས་པར་བྱ། །ཞེས་

པའོ། །དེ་ལྟར་ལུང་བསྟན་པའི་དགོས་པ་ཡང་སངས་རྒྱས་དེ་དག་སྤྲུལ་པའི་སྐུ་འབའ་ཞིག་ནི་མ་ཡིན་གྱི་སྔ་མ་ལྟར་ལོངས་སྤྱོད་རྫོགས་པའི་སྐུར་ཡང་འགྱུར་ལ། དེ་ཡང་ཡེ་ཤེས་རྒྱུན་གཅིག་ཉིད་དུ་རྟོགས་པར་བྱ་བ་དང་། ཤཱཀྱ་སེང་གེ་ལས་གཞན་དག་འདི་ནི་སངས་རྒྱས་པ་མ་ཡིན་གྱི། གཡོ་

དང་སྒྱུ་ཡིས་འཇིག་རྟེན་འདྲིད་པར་བྱེད་པའོ། །ཞེས་ཟེར་བའི་དོགས་པ་སེལ་བའོ། །རྣམ་པ་གཅིག་ཏུ་ན་འདི་དག་གི་དོན་ནི་སྔར་བསྟན་པ་ལྟར། ལང་ཀར་གཤེགས་པའི་མདོ་སྡེ་ནི་སངས་རྒྱས་སྔ་མས་གསུངས་པའོ་ཞེས་འབྱུང་བས་རྒྱུད་ཐ་དད་པའི་སངས་རྒྱས་སྔ་མ་གཅིག་གིས་ཀྱང་ཚུལ་

འདི་ཉིད་ཀྱི་མདོ་སྡེ་འདི་གསུངས་ཤིང་ཁྱད་པར་དུ་མ་འོངས་པ་ལུང་བསྟན་པའོ། །དེ་ལྟར་སྔ་ཕྱིར་གསུངས་པ་ཐམས་ཅད་ཀྱང་སྡུད་པ་པོས་ཐོས་ཤིང་དེ་བཞིན་དུ་བསྡུས་ཏེ་བསྟན་པས་འགལ་བ་མེད་ཅེས་བྱའོ། །འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ནི་ཕྱི་རོལ་པ་ལ་སོགས་པས་ཀྱང་མ་

เล่ม ๑๒๒ · หน้า 305a

བསྟན་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་སྩོགས་པའི་ཚིག་གིས་བསྡུས་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ནི་ཕྱི་རོལ་ལ་སོགས་པས་མ་བསྟན་པའོ། །སྔོན་ཆད་བྱུང་བ་ནི་སྔོན་གྱི་གཏམ་རྒྱུད་དོ། །འབྱིན་པར་བྱེད་པ་ནི་རིག་བྱེད་དེ། ཡི་གེར་མ་བྲིས་པར་ཁ་ནས་འདོན་

པ་བྱེད་པའོ། །ངའི་ཞེས་པ་ལ་སོགས་པས་ཐ་མལ་པ་ལ་སྣང་བ་སྤྲུལ་པའི་སྐུའི་རིགས་དང་གནས་ལ་སོགས་པ་སྟོན་པའོ། །ཟླ་བ་སྐྱབས་ཞེས་པ་ནི་རབ་ཏུ་མ་བྱུང་བའི་མཚན་ནོ། །ཟླ་བའི་རིགས་ལས་སྐྱེས་པ་ནི་ཐ་མལ་པའི་སྣང་ངོ་། །ན་ཐིག་ལེ་ལས་བྱུང་བ་དང་། ངེས་པའི་དོན་

དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའོ། །ཐར་པར་ཞུགས་ཞེས་པ་ལ་སོགས་པས་ནི་རབ་ཏུ་བྱུང་བ་དང་། དཀའ་ཐུབ་སྤྱོད་ཅིང་འཚང་རྒྱ་བའི་ཚུལ་བསྟན་ནས། ཆོས་ཀྱི་ཚུལ་སྣ་ཚོགས་བཤད་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་འོད་ཟེར་ལ་སོགས་པས་དབང་

བསྐུར་ཏེ། མ་འོངས་པ་ན་མདོ་སྡེ་འདིའི་དོན་ཟབ་མོ་ཞུ་བ་ཉིད་དུ་ལུང་བསྟན་ནས་མྱ་ངན་ལས་འདའ་བའོ། །གཞན་ཡང་མཐོ་རིས་དང་ཐར་པ་ཐོབ་པའི་ཆོས་ལ་སྐྱེ་དགུ་རྣམས་ཀྱི་བློ་གཏོད་པར་བྱེད་ཅིང་། ཆོས་ཀྱི་མེ་སྒྲོན་གྱིས་གདུལ་བྱའི་རྒྱུད་སྣང་བར་བྱེད་པའོ། །དེ་ནས་རིམ་གྱིས་ཆོས་ཀྱི་

སྣང་བ་ལ་སློབ་པ་ཞན་པར་གྱུར་ཅིང་སྣང་བ་ནུབ་པ་ན། བསྐལ་པའི་མཐའ་སྔར་བསྟན་པའི་ཚུལ་གྱིས་འཇིག་པར་འགྱུར་བའོ། །འོད་སྲུངས་ཞེས་པ་ལ་སོགས་པས་ནི། ང་དང་གཞན་ནི་བྱས་དུས་ལ། །ཞེས་པའི་དོན་འཆད་པའོ། །དེའི་འོག་ཏུ་བྱས་དུས་ལ་ཞེས་པ་ལ་སོགས་

པས་ནི་གཞན་དག་དང་ཞེས་པའི་དོན་ཉིད་བསྟན་པའོ། །ཤེས་བྱ་ལྔ་ནི་དུས་གསུམ་གྱིས་བསྡུས་པའི་འདུས་བྱས་དང་། ནམ་མཁའ་དང་འགོག་པ་ལ་སོགས་པ་འདུས་མ་བྱས་དང་། དེ་དག་གི་ཆོས་ཉིད་བརྗོད་དུ་མེད་པའོ། །དེ་ལྟར་གསུམ་དུ་ཡང་འདུས་མོད་ཀྱི་དུས་གསུམ་

དུ་ཕྱེ་བས་ལྔར་འགྱུར་བའོ། །གལ་ཏེ་སངས་རྒྱས་ཀྱིས་བསྟན་པའི་ཆོས་མ་ཉམས་པར་སངས་རྒྱས་གཞན་འབྱུང་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཚིག་མ་ཉམས་ཀྱང་སྒྲུབ་པ་ལ་སོགས་པའི་སྦྱོར་བ་ཉམས་པས་དེ་དག་གི་དོན་དུ་གཞན་འབྱུང་བའོ། །གཉིས་གཞན་ལ་མིན་སྐྱོབ་

เล่ม ๑๒๒ · หน้า 305b

འབྱུང་མེད། །ཅེས་པ་ནི་སངས་རྒྱས་དེ་རྣམས་དེ་དག་གི་དུས་སུ་མི་འབྱུང་བའོ། །རྩོད་པའི་དུས་ཀྱི་ཐ་མ་ལ་ཡང་གདུལ་བྱ་མེད་པས་མི་འབྱུང་བའོ། །མི་འཕྲོགས་པ་དང་ཞེས་པ་ལ་སོགས་པས་ནི་ཉེ་བར་གདམས་པ་སྟོན་ཏེ། འགྱུར་བ་མེད་པའི་ཆོས་ཀྱི་སྐུ་མངོན་དུ་བྱ་ཞིང་དེའི་དོན་དུ་ཚོགས་

གཉིས་རྫོགས་པར་བྱ་བ་སྟེ། དེ་ལ་མ་བྲིས་ཞེས་པ་ལ་སོགས་པས་ནི་སྐུ་གཟུགས་ལ་སོགས་པའི་རྟེན་ལ་རྡུལ་གྱིས་མ་གོས་པར་བྱ་བའི་དོན་དུ་སྟེང་དུ་ཡིད་དུ་འོང་བའི་བླ་རེ་བྲེ་བའོ། །དེ་ལས་གཞན་དུ་བྲིས་པ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་གཟུགས་བྲིས་པའོ། །དུས་མཚམས་

གསུམ་ནི་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་ལྷའི་ཚོགས་ཆེན་པོ་འདུ་བས་སྨྱུང་བར་གནས་པའམ་མཆོད་པར་བྱ་བའོ། །དེ་བཞིན་དུ་མར་ངོའི་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་ཡང་མཁའ་འགྲོའི་ཚོགས་འདུ་བས་མཆོད་པ་བྱ་བ་ལ་སོགས་པ་ཐེག་པ་གཞན་ལས་འབྱུང་བ་བཞིན་

དུའོ། །སྡོམ་པ་གསུམ་ནི་སོ་སོར་ཐར་པ་ལ་སོགས་པ་གསུམ་མོ། །ཡང་ན་སྡོམ་པ་ལ་སོགས་པ་གསུམ་བསྟན་པ་ལས་འབྱུང་བ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་ཉེས་པ་སྡོམ་པའོ། །མདའ་དང་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་འདུ་བྱེད་སྐད་ཅིག་མར་བསྟན་པའོ། །དེ་ལ་དགེ་

དང་མི་དགེ་དེ་བཞིན་ཞེས་པ་ནི་དེ་དག་གི་སྐད་ཅིག་ཕྱི་མ་སྐྱེས་པ་ནི་སྔ་མ་རྣམས་ལྡོག་པར་འགྱུར་བའོ། །གཅིག་པུ་མང་པོ་མ་ཡིན་ཏེ་ཞེས་པ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་ཏུ་རྟེན་འབྲེལ་དོན་དམ་པ་པ་འགོག་པའོ། །དེ་ཡང་རྟོག་གེ་རྣམས་ཀྱི་རྒྱུ་གཅིག་ལས་འབྲས་

བུ་མང་པོ་འབྱུང་བར་ཁས་(ལན་‚ལེན་)པ་མི་འཐད་དེ་དེ་ལྟ་ན་རྒྱུ་འབྲས་མི་འདྲ་བའི་མཚན་ཉིད་དང་ལྡན་པའི་ཕྱིར། དངོས་པོ་མཐའ་དག་གིས་སྣ་ཚོགས་མ་བྱས་པར་འགྱུར་ཞེས་པ་སྟེ། ཇི་སྐད་དུ་སྔར་དངོས་པོ་རྣམས་ཀྱི་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ཐ་དད་དང་

ཐ་མི་དད་ཀྱིས་མ་བྱས་པའི་ཕྱིར་ཞེས་པ་ལ་སོགས་པ་རྒྱས་པར་བསྟན་ཏོ། །ལེན་པ་ཀུན་ནི་རླུང་དང་འདྲ། །སྦྱིན་པར་བྱེད་པ་ཞིང་བཞིན་ནོ། །ཞེས་པ་ནི་གོ་རིམས་བཞིན་དུ་ཀུན་གཞི་རྣམ་པར་སྨིན་པའི་ཆ་དང་ས་བོན་གྱི་ཆ་སྟོན་པའོ། །དེ་ལ་དང་པོ་ཟག་བཅས་ཀྱི་ཕུང་པོ་ལེན་པ་ནི་མྱུར་

เล่ม ๑๒๒ · หน้า 306a

དུ་འཕོ་བས་རླུང་དང་འདྲ་བའོ། །ཡང་ས་བོན་ཆུད་མ་ཟོས་པར་བྱེད་པས་ཞིང་དང་འདྲ་བའོ། །འདི་ནི་རྟོག་གེ་ཅན་གྱི་ཚུལ། །ཞེས་པ་ནི་གཅིག་ལས་མང་པོ་སྐྱེ་བ་དང་། སྐྱེས་ནས་འཇིག་པ་ལ་སོགས་པ་རྟོག་གེ་པས་བརྟགས་པའོ། །དེ་ནི་མེ་མར་ས་བོན་

འདྲ། །ཞེས་པ་ནི། དེ་ལྟ་བུར་ན་མང་དུ་འགྱུར། །དེ་ནི་རྟོག་གེའི་ཚུལ་ཞེས་པས་སྟོན་ཏེ། མར་མེ་གཅིག་ལས་སྟོང་དུ་འགྱུར་བ་དང་། ས་བོན་གཅིག་ལས་འབྲས་བུ་མང་པོ་འབྱུང་། །ཞེས་པ་ནི་རྟོག་གེས་བརྟགས་པའོ། །འདྲ་ཕྱིར་མང་དུ་ག་ལ་འགྱུར། །ཞེས་པ་ནི་ཏིལ་ལས་ཞེས་པ་ལ་

སོགས་པས་རྒྱས་པར་འཆད་དེ། དེའི་དོན་ནི་རྒྱུ་དང་འབྲས་བུ་འདྲ་བ་ཉིད་དུ་རིགས་པའི་ཕྱིར་རྒྱུ་གཅིག་ལས་འབྲས་བུ་མང་པོར་ག་ལ་འགྱུར་ཏེ། ཏིལ་དང་བལ་སྲན་མི་འདྲ་བས་རྒྱུ་འབྲས་བུ་མི་འཐད་པ་ལ་སོགས་པ་དང་མཚུངས་སོ། །གྲོ་དང་ཞེས་པ་ལ་སོགས་པས་ནི་དོན་དེ་ཉིད་བསྡུས་ཏེ་

སྟོན་པའོ། །སྒྲ་བྱེད་པ་ནི་ཞེས་པ་ལ་སོགས་པས་མ་འོངས་པས་ཁྱད་པར་གཞན་ལུང་བསྟན་པའོ། །ཚེ་དབང་ནི་དབང་ཕྱུག་ཆེན་པོའོ། །འཇིག་རྟེན་རྒྱང་པན་བྱེད་པ་ནི་རང་གི་ཚུལ་འདོར་བ་སྟེ། སྔར་ཞིབ་ཏུ་བསྟན་ཏོ། །མདོ་བྱེད་པ་ནི་སྒྲའི་རྩ་བ་ལ་སོགས་པ་བྱེད་པའོ། །སྐར་མཁན་

ནི་གཟའ་དང་སྐར་མ་ལ་སོགས་པའི་རྩིས་བྱེད་པའོ། །གཞན་ཡང་སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཀྱི་དབང་གིས་ཆོས་སྲུང་བར་བྱེད་པའི་རྒྱལ་པོ་སྟོབས་ཅན་ཞེས་བྱ་བ་འབྱུང་སྟེ། རང་གི་མངའ་རིས་ཀྱང་ཆོས་ཀྱི་དོན་དུ་གཏོང་བའོ། །ཚིག་སྟོབས་ཅན་ནི་ལྷའི་དྲང་སྲོང་དམོད་པ་

འདོར་བ་ལ་སོགས་པའོ། །ནགས་ཀྱི་གནས་ན་འདུག་པའི་ཚེ། །ཞེས་པ་ལ་སོགས་པས་ནི་བདག་ཉིད་ཀྱིས་སྔར་དང་ཕྱི་མའི་དུས་སུ་འབྱུང་བར་འགྱུར་བའི་ཁྱད་པར་དུ་ལུང་སྟོན་ཏེ། དེ་ལ་ང་ཉིད་ནགས་ཀྱི་ནང་ན་དཀའ་ཐུབ་སྤྱོད་པའི་ཚེ། དབྱུ་གུའི་ཤིང་ཞེས་པ་གཡས་དང་གཡོན་

དང་རྒྱབ་ནས་རྟེན་པར་བྱེད་པའི་དབྱུག་པ་གསུམ་མོ། །པགས་པ་ནི་ཀྲིཥྞ་ས་ལེའི་པགས་པ་སྟེ་དཀའ་ཐུབ་དང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འགྱུར་བའོ། །ཚངས་པ་བརྒྱ་རྣམས་ཞེས་པ་ནི་དེའི་འཁོར་རོ། །དབང་པོ་ལྷ་དང་བཅས་ཞེས་པ་ཡང་ལྷའི་འཁོར་དང་བཅས་པ་སྟེ། ཀ་ཤི་ཀ་ལ་

เล่ม ๑๒๒ · หน้า 306b

སོགས་པ་སྣ་ཚོགས་ཀྱི་གོས་རྣམས་ང་ལ་འབུལ་བའོ། །རྒྱལ་པོ་ཆེན་པོ་བཞི་ནི་སློང་བའི་སྣོད་ལྷུང་བཟེད་འབུལ་བའོ། །མི་སྐྱེར་སྨྲ་བའི་རྒྱུར་འདོད་པ། །ཞེས་པ་ལ་སོགས་པས་ནི་དོན་དམ་པར་མ་སྐྱེས་ཤིང་ཀུན་རྫོབ་ཏུ་རྟེན་འབྲེལ་ཁས་ལེན་པ་རྣམས་འགའ་ཞིག་སྐྱེས་པའམ་སྐྱེ་བར་འགྱུར་ཡང་

རུང་སྟེ། དོན་དམ་པར་ནི་སྐྱེ་བ་མེད་པར་གྲུབ་ལ། དེས་ན་སྐྱེ་བ་ལ་སོགས་པ་ནི་ཚིག་ཙམ་ཉིད་དུ་བརྗོད་པའོ། །སེམས་དེ་འབྱུང་བར་བྱེད་ཅེས་པ་ལ་སོགས་པས་ཀུན་རྫོབ་ཀྱི་རྟེན་འབྲེལ་ཉིད་རྒྱས་པར་སྟོན་ཏེ། ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །གྲངས་ཅན་སྨྲ་བ་རྣམས་ཀྱི་གཉིས། །ཞེས་

པ་ནི་དབང་ཕྱུག་ཁས་ལེན་པ་དང་། མི་ལེན་པ་གཉིས་ཏེ། འདི་རྣམས་ཀྱི་དོན་ཀྱང་སྔར་བསྟན་ཏོ། །འབྲས་བུ་བདག་ཉིད་རབ་ཏུ་སྒྲུབ། །ཅེས་པ་ནི་གཙོ་བོའི་བདག་ཉིད་དམ་རྒྱུ་ཉིད་ཀྱི་བདག་ཉིད་དུ་ཁས་ལེན་པའོ། །རྒྱུ་དང་འབྲས་བུ་སྣ་ཚོགས་པར་འགྱུར་བ་ལ་ནི་བྱེད་པ་ཡིན་ཞེས་པ་ནི་རྣམ་པར་འགྱུར་

བ་རྣམས་འགའ་ཞིག་གི་ནི་རྒྱུ་ལ་འགའ་ཞིག་གི་ནི་འབྲས་བུའོ་ཞེས་སྣ་ཚོགས་སུ་རྟོག་པར་བྱེད་པའོ། །དེ་ལྟར་སྣ་ཚོགས་སུ་བརྟགས་ཀྱང་སེམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཞན་དུ་མི་འགྱུར་ཞིང་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཇི་ལྟར་དངུལ་ཆུ་དག་ཅེས་པ་ལ་སོགས་

པས་སྟོན་ཏོ། །ཤིང་ཀུན་དྲི་དང་ཞེས་པ་ལ་སོགས་པས་དེ་དག་ལ་དྲི་ཡོད་ཀྱང་མཉེ་བ་དང་བརྡུང་བ་ལ་སོགས་པ་མ་བྱས་པར་མི་ཚོར་བ་དང་། ས་བོན་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་ཀྱང་རྟོག་པར་མི་འགྱུར་བ་དང་མཚུངས་ཞེས་པ་སྟེ་རྒྱས་པར་སྔར་བསྟན་ཏོ། །དེ་ཉིད་དང་ནི་ཐ་དད་ཅེས་

པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ཕུང་པོ་འདུས་བྱས་དང་གཅིག་པ་ཐ་དད་པ་ལ་སོགས་པ་མཐའ་བཞི་ལས་གྲོལ་བར་སྟོན་པའོ། །གཞན་ཡང་དེ་ཉིད་ཕུང་པོ་ལ་བརྟེན་པའི་ཚུལ་གྱིས་ཡོད་པ་ཡང་མ་ཡིན་ལ་ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན་ཏེ། སེམས་ཅན་

ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པའི་ཕྱིར་རོ། །དེས་ན་སྙིང་པོ་དེ་ནི་རྟ་དང་འདྲ་བར་ཡོད་པ་སྟེ། ཇི་ལྟ་བ་བཞིན་དུ་རྟོགས་ཤིང་དེ་ལ་བརྟེན་ན་མྱུར་དུ་ཐར་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བླུན་པའི་བདག་ཉིད་དུ་གྱུར་པའི་

เล่ม ๑๒๒ · หน้า 307a

ཕུང་པོ་བ་ལང་གི་ངོ་བོ་སྤངས་པའོ། །ལུང་དང་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་གི་ལུང་དང་རིགས་པ་ལ་བརྟེན་ནས་གང་ཟག་གི་བདག་ཏུ་མཐོང་བ་རྟོག་གེའི་ལྟ་བས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་བསྒྲིབས་པའོ། །ཕྱེ་བ་མེད་པར་བདག་ཏུ་སྨྲ། །ཞེས་

པ་ནི་གང་ཟག་དང་ཕུང་པོ་གཉིས་མཚན་ཉིད་མི་མཐུན་པས་གཅིག་པ་ཉིད་མ་ཡིན་པ་ལ། དེ་ལྟར་མ་ཕྱེད་པས་ཕུང་པོ་ཉིད་བདག་ཏུ་སྨྲ་བའོ། །རྒྱུ་མེད་མ་ཡིན་གཞན་ན་མེད། །ཅེས་པ་ལ་སོགས་པས་ནི་ཕུང་པོ་ཀུན་རྫོབ་ཏུ་རྒྱུ་མེད་པ་མ་ཡིན་ཞིང་། དེ་ལས་གཞན་དོན་དམ་པའི་རྒྱུ་ཡང་མེད་པ་སྟེ།

དེ་དག་གི་ཉེས་པ་བསལ་ནས་ཕུང་པོ་བདག་ཏུ་མི་བསྒོམ་ཞེས་པ་ཕུང་པོ་ལ་བརྟེན་ཏེ། དེ་དག་བདག་གི་རང་བཞིན་ལ་སོགས་པར་མི་བསྒོམ་པའོ། །མེ་ལོང་ཞེས་པ་ལ་སོགས་པས་དེ་རྣམས་དང་དེ་རྣམས་ལ་སྣང་བའི་གཟུགས་བརྙན་གཅིག་དང་ཐ་དད་ལ་གྲོལ་བ་བཞིན་དུ་གང་ཟག་དང་ཕུང་པོ་

ཡང་བལྟ་བར་བྱ་ཞེས་པའོ། །བསྒོམ་དང་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་ལམ་དང་ཞེས་པ་ལ་སོགས་པ་གསུམ་དང་སྦྱར་ཏེ། སྤྱིར་ལམ་བསྒོམ་པ་དང་ཁྱད་པར་དུ་བདེན་པ་རྣམ་པར་བསྒོམ་པ་སྟེ། ཀུན་རྫོབ་ཏུ་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པ་དང་། དོན་དམ་པ་ངོ་བོ་ཉིད་

མེད་པར་རྣམ་པར་བསྒོམ་པས་མངོན་སུམ་དུ་མཐོང་བའི་བསམ་གཏན་པ་སྟེ། གང་ཟག་གི་ཁྱད་པར་རོ། །དེ་གསུམ་སྒྱུ་མ་ལྟ་བུར་བསྒོམ་ན་ལྟ་བ་ངན་པ་ལས་གྲོལ་བར་འགྱུར་བའོ། །ཇི་ལྟར་མཐོང་ན་ཞེས་པ་ལ་སོགས་པས། ཁྱིམ་མིག་གི་བུ་ག་ཕྱོགས་ཐམས་ཅད་ན་ཡོད་པར་གློག་

གི་འོད་བྱུང་ནས་འཇིག་པ་དང་འདྲ་བར་འདུ་བྱེད་སྐད་ཅིག་མར་གནས་པ་ལ་རྟག་པ་ལ་སོགས་པའི་དངོས་པོར་མི་རྟག་ཅེས་པའོ། །དངོས་པོ་མེད་ཅེས་པ་ལ་སོགས་པས་འདུ་བྱེད་ཀྱི་འཇུག་པ་རྒྱུན་ཆད་པ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁས་ལེན་པ་ནི་སྔར་བསྟན་པ་ལྟར་

ཚད་མས་གནོད་པའི་ཕྱིར། བྱིས་པ་རྨོངས་པར་བྱེད་པའོ། །ཇི་ལྟར་འདུག་བཞིན་མཐོང་ཞེས་པ་ལ་སོགས་པས་རྟེན་འབྲེལ་སྒྱུ་མ་ལྟ་བུར་བསྒོམ་པར་བྱ་བ་ཉིད་དུ་གདམས་པའོ། །མི་དང་ཞེས་པ་ལ་སོགས་པས་ཁྱད་པར་དུ་སེམས་ཀྱི་ཆོས་ཉིད་སྒྱུ་མ་ལྟ་བུར་བསྒོམ་ཞེས་པའོ། །རེག་པ་དང་ནི་

เล่ม ๑๒๒ · หน้า 307b

ཞེས་པ་ལ་སོགས་པས་བདེ་སྡུག་ཉམས་སུ་མྱོང་བའི་ལུས་སྣང་བ་ནི་སེམས་ལས་བྱུང་བ་ཡིན་གྱི་བེམས་པོའི་ལུས་མེད་པར་སྟོན་པའོ། །དེ་ལ་རེག་པ་ནི་བདེ་བའི་ཚོར་བས་རེག་པ་སྟེ་ལྷའི་ལུས་སོ། །གཟིར་བ་ནི་སྡུག་བསྔལ་གྱིས་གཟིར་བ་སྟེ་དམྱལ་བ་པའིའོ། །མངལ་སྒོ་ཞེས་པ་ལ་

སོགས་པས་གནས་འཕོས་ནས་སྐྱེ་གནས་བཞིར་སྐྱེ་བར་འགྱུར་བའི་བར་མ་དོའི་སེམས་ཅན་མང་པོའི་ལུས་སུ་སྣང་བ་རྫས་སུ་མ་གྲུབ་པ་བཞིན་དུ། འགྲོ་བ་སྣ་ཚོགས་ཀྱི་ལུས་ཀྱང་དེ་དང་འདྲ་བའོ། །ཉོན་མོངས་ཕྱོགས་དང་ཟད་ཐོབ་བྱེད། །ཅེས་པ་ནི་སྔར་ཉོན་མོངས་པ་དངོས་པོའི་ངོ་བོར་

ཁས་བླངས་ནས་ཕྱིས་གཉེན་པོ་སྐྱེས་པའི་དུས་སུ་མེད་པར་རྟོག་པའོ། །ཐོག་མར་ཉེ་བར་ལེན་པ་ལས། །བདག་ནི་ཕྱེ་བས་བྱེ་བྲག་དབྱེ། །ཞེས་པ་ནི་སྔ་མ་ལྟར་བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པས་གཅིག་ཉིད་མ་ཡིན་པར་ཤེས་པར་བྱ་བའོ། །མ་ཕྱེ་བྱེ་བྲག་འབྱེད་པ་ནི། །

ཞེས་པ་ནི་དེ་དག་ཐ་དད་ཀྱི་དངོས་པོར་ཡང་དབྱེར་མེད་པ་སྟེ། མོ་གཤམ་གྱི་བུ་ལ་བྱེ་བྲག་དབྱེར་མེད་པ་བཞིན་ནོ། །འཕྲུལ་གྱིས་མཐོང་ཞེས་པ་ལ་སོགས་པས་ནི་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་པ། སེམས་ཅན་རྣམས་ཀྱི་ཤའི་མིག་དང་། ལོག་པའི་ཤེས་རབ་རྣམ་པར་སྤངས་པ་དང་།

གཞན་ཡང་གཟུགས་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་སྤངས་པ་སྟེ། དེའི་ཡུལ་ཡང་ཁ་དོག་བཟང་དང་ཞེས་པ་ལ་སོགས་པའོ། །ལྷ་རྫས་ཀྱི་འདུ་བྱེད་ནི་ལྷའི་གནས་ན་ཡོད་པའི་འདུ་བྱད་ཀྱི་ཁྱད་པར་ཐ་མལ་པ་ལ་ལྐོག་ཏུ་གྱུར་པ་རྣམས་སོ། །འགྲོ་བའི་མཚམས་སུ་ཞེས་པ་ལ་སོགས་

པས་ནི་བར་མ་དོའི་ཕུང་པོ་རྟོག་གེ་ཐ་མལ་པ་རྣམས་ཀྱི་ཡུལ་མིན་པ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཀྱང་དེ་དག་གི་ཡུལ་ལས་འདས་ཞེས་པའོ། །བདག་མེད་ཡིན་ལ་ཞེས་པ་ལ་སོགས་པས་ནི་སྒྱུ་མ་ལྟ་བུའི་གཞན་དབང་འགོག་པ་མི་འཐད་པའོ། །དུས་གསུམ་དང་ནི་ཞེས་པ་ལ་

སོགས་པས་ནི་ཤེས་བྱ་ལྔའོ། །ཤེས་པ་འདུ་བྱེད་རྒྱུས་བྱུང་བ། །ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་དེ་ཁོ་ན་ཉིད་དུ་མ་གྲུབ་པའོ། །རྐྱེན་རྣམས་ལ་ནི་རྒྱུ་མེད་ཅེས་པ་དོན་དམ་པར་རྒྱུའི་མཚན་ཉིད་མེད་པའོ། །གསལ་བར་བྱེད་པ་ནི་གྲངས་ཅན་པའིའོ། །རླུང་གི་ཞེས་པ་ལ་སོགས་

เล่ม ๑๒๒ · หน้า 308a

པས་ནི་འབྱུང་བ་ཕན་ཚུན་ཕན་འདོགས་པ་མི་འཐད་པ་བཞིན་དུ་སེམས་ཅན་གྱི་སྐྱེ་བ་ཡང་སྟོན་པར་བྱེད་པའོ། །མེ་ནི་རླུང་ལ་བསྒྲུབ་པར་ཡང་། །ཞེས་པ་ནི་མེས་རླུང་ལ་ཕན་མི་འདོགས་པའོ། །ཕན་ཚུན་སྟོབས་དང་མཐུ་ཡི་ཕྱིར། །ཞེས་པ་ནི་སྐྱེས་བུའི་རྩོལ་བ་དང་

གཙུབ་ཤིང་ལ་སོགས་པས་མི་རྣམས་ཀྱི་ཉེ་བར་སྤྱོད་པའི་མེ་འབྱུང་བར་འགྱུར་ན། དེ་དང་འདྲ་བའི་སེམས་ཅན་རྣམས་གང་གིས་འབྱུང་ཞེས་འདྲི་བའོ། །ཡིད་ལ་སོགས་པས་ནི་ཀུན་གཞི་ལ་སོགས་པའོ། །བདག་མེད་རྟག་ཏུ་འགྲོན་མང་བཞིན། །སེམས་དང་བཅས་ཏེ་རབ་ཏུ་འཇུག །

ཅེས་པ་ནི་བདག་མེད་ཀྱང་འགྲོན་པོ་རྒྱུ་བ་བཞིན་དུ་ཀུན་གཞི་དང་ལྷན་ཅིག་ཏུ་ཡིད་དེ་ཉིད་འགྲོ་བའི་གནས་དེ་དང་དེ་དག་ཏུ་འཇུག་པའོ། །དོན་དམ་པར་ནི་དེ་གཉིས་སྤྲོས་པ་དང་བྲལ་ཞིང་འོད་གསལ་བའོ། །ཡིད་ལ་སོགས་པའི་ཉེས་པ་ཡིས། །ཉོན་མོངས་མཁའ་བཞིན་ཐ་དད་མིན། །ཞེས་

པ་ནི་ཡིད་ལ་སོགས་པ་གློ་བུར་བའི་ཉོན་མོངས་པས་ནི་བདག་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་དེ་ཉིད་ཉོན་མོངས་པས་འགྱུར་ལ་ཉེས་པ་དེ་དག་ཀུན་གཞི་ནམ་མཁའ་བཞིན་དུ་གཅིག་དང་ཐ་དད་པ་ལས་གྲོལ་བའོ། །གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་གླང་པོའི་མ་ལ་

སོགས་པ་བཞིན་དུ་ཡོད་པ་སྟེ། ཇི་ལྟར་མ་ནི་བུ་རྣམས་སྐྱེད་ཅིང་རྟེན་པར་བྱེད་པ་བཞིན་དུ་སྙིང་པོ་ཀུན་གཞི་དེས་ཀྱང་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེད་ཅིང་རྟེན་པར་བྱེད་པའོ། །མེ་ལ་སོགས་པས་རྣམ་པར་སྦྱངས། །ཞེས་པ་ལ་སོགས་པས་ནི་ཡེ་ཤེས་ཀྱི་མེ་ཡིས་ལྟ་བའི་དྲི་མ་ལ་

སོགས་སྦྱངས་ཤིང་། མ་རིག་པའི་ཐིབས་པོ་རྣམ་པར་སྤངས་པའོ། །ཤེས་དང་ཤེས་བྱའི་བྱེ་བྲག་གིས། །ཞེས་པ་ལ་སོགས་པས་ནི་ཀུན་གཞི་ནི་དམིགས་པའི་ཡུལ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་དག་ལ་དམིགས་པའོ་ཞེས་དེ་འདྲ་བའི་བྱེ་བྲག་གིས་དེ་གཉིས་ཐ་དད་མི་

བརྟག་ཅིང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། བློ་ངན་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་ཏེ། བརྗོད་དུ་མེད་པ་ལ་ཐ་དད་དུ་སྨྲ་བའོ། །དེ་ཡང་ཇི་ལྟར་ཙན་དན་གྱི་རྔ་ནི་ཙན་དན་ལས་གཞན་དུ་རྟོག་པར་བྱེད་པ་དང་། ཙན་དན་ལ་སོགས་པའི་དྲི་ཡང་དེ་དག་ལས་གཞན་དུ་རྟོག་པ་

เล่ม ๑๒๒ · หน้า 308b

དང་འདྲ་བར་ཀུན་གཞི་དང་ཡིད་ཀྱི་ཤེས་པ་ཡང་རྟོག་གེ་ངན་པས་ཐ་དད་དུ་རྟག་པའོ། །ལངས་ནས་ཞེས་པ་ལ་སོགས་པས་ནི་རབ་ཏུ་བྱུང་བ་རྣམས་ཀྱི་སྤྱོད་པའི་ཁྱད་པར་སྔར་བཤད་པ་རྣམས་ཀྱི་སྡེ་ཚན་སྟོན་ཏེ། ལངས་ནས་མི་བཟའ་བ་དང་། ཡང་ཡང་བླངས་ནས་མི་བཟའ་བ་དང་། གཞན་

ཡང་ལྷུང་བཟེད་ཀྱི་སྟེགས་དང་དེའི་ཁ་གབས་ཕྱིང་པ་བཅང་བའོ། །ཡང་ན་གོས་ལ་ཆགས་པ་སྤང་བའི་དོན་དུ་ཕྱིང་པ་པ་སྟེ་སྦྱངས་པའི་ཡོན་ཏན་ནོ། །ཡང་གཡས་དང་གཡོན་དུ་ལྟ་ཞིང་ཟ་བ་ལ་སོགས་པའི་ཉེས་པ་དག་པས་ཟས་ལ་སྤྱད་པར་བྱ་བའོ། །སུ་ཞིག་ཚུལ་འདི་རིགས་པས་

དཔོག་བྱེད་པ། །ཞེས་པ་ནི་དེ་ཁོ་ན་ཉིད་དང་སྤྱོད་པའི་ཚུལ་བསྟན་པ་རྣམས་རིགས་པས་དཔོག་ཅིང་བདེན་པ་ཉིད་དུ་འཇོག་པའོ། །ཆོས་ཀྱི་རྣམ་པ་གསེར་བཞིན་བཤད་པར་བྱ། །ཅེས་པ་ནི་ལམ་དང་འབྲས་བུས་བསྡུས་པའི་ཆོས་རྣམས་གསེར་བཞིན་དུ་རྣམ་པར་དག་ཅིང་མི་འགྱུར་

བའོ། །བླུན་པོ་རྣམས་སྲིད་པའི་རྐྱེན་ཏེ་ནང་གི་རྟེན་འབྲེལ་དང་། མི་སྲིད་པའི་རྐྱེན་ཕྱིའི་རྟེན་འབྲེལ་དངོས་པོར་རྟོག་པ་ནི་ལྟ་བ་ངན་པའི་དྲ་བ་སྟེ་སྡུད་པར་བྱེད་པ་དང་། ཀུན་གཞིའི་དྲི་མར་གྱུར་པའོ། །འདོད་ཆགས་ཞེ་སྡང་ཞེས་པ་ལ་སོགས་པས་ཆོས་ཀྱི་རྣམ་པ་གསེར་བཞིན་

བཤད་ཅེས་པའི་དོན་སྟོན་ཏེ། འདི་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྦྱངས་པར་རྣམ་པར་དག་པ་ཐོབ་པའི་འབྲས་བུ་ཉིད་རྒྱས་པར་བསྟན་པའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ཀྱང་སྔར་བསྟན་པ་ལྟར་ཤེས་བྱ་ཐམས་ཅད་བསྡུས་པ་

སེམས་ཀྱི་ཆོས་ཉིད་དང་། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་དང་། དེ་སྦྱོར་བར་བྱེད་པའི་ལམ་དང་སྦྱངས་པས་རྣམ་པར་དག་པའི་འབྲས་བུ་དང་། དེ་རྣམས་ལ་བརྩད་པ་སྤང་བ་རྒྱས་པར་སྟོན་ཏོ། །ཡི་གེ་སོ་སོ་དང་སྦྱར་བ་ནི་བསམས་པས་གོ་བར་འགྱུར་

བའི་ཕྱིར་མ་སྨོས་སོ། །དེ་ལ་ཐོབ་བྱའི་འབྲས་བུ་བསྡུས་ཏེ་བསྟན་པ་ནི་སྔར་ཀྱང་བྱས་མོད་ཀྱི། འདིར་རྒྱས་པར་སྟོན་པས་ཟློས་པའི་ཉེས་པར་འགྱུར་བ་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་རྣམས་ལྡོག་པར་འགྱུར་བ་ནི་སྦྱངས་པས་རྣམ་པར་དག་པ་ཐོབ་པར་འགྱུར་བའོ། །མུ་

เล่ม ๑๒๒ · หน้า 309a

སྟེགས་པ་ཞེས་པ་ལ་སོགས་པས་ནི་སྦྱངས་རྒྱུའི་དྲི་མའི་ཁྱད་པར་སྟོན་ཏེ། རྒྱུའི་ཕྱོགས་ནི་དབང་ཕྱུག་ལ་སོགས་པ་རྒྱུར་རྟོག་པའོ། །རྐྱེན་གྱིས་ཞེས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་དུ་རྟོག་པའོ། །གཞན་དག་ནི་དངོས་པོ་རྒྱུ་མེད་པར་བྱུང་བ་སྟེ། དེ་ལྟར་ན་

གང་གི་དོན་དུ་འབད་པ་བྱེད་པ་དོན་མེད་པར་འགྱུར་བའོ། །ཡིད་དང་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་སྣ་ཚོགས་སུ་རྟོག་པའོ། །རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཞེས་པ་ནི་དེ་མ་ཐག་པའི་རྐྱེན་བྱས་པའི་ཚུལ་གྱིས་སོ། །ཐམས་ཅད་བག་ཆགས་རྒྱུ་ལས་བྱུང་། །ཞེས་

པ་ནི་ཀུན་གཞི་ལ་བག་ཆགས་བསྒོས་པའི་རྒྱུ་ལས་སོ། །དེ་འགའ་ཞིག་ཏུ་མ་ཟད་ཀྱི་མ་རིག་པ་དང་སྲེད་པའི་རྐྱེན་གཞན་དག་ཡང་ཡོད་པས་རྐྱེན་བཞིན་དུ་ནི་འབྱུང་བའོ། །འབྲེལ་པས་སྦྲེལ་བ་ནི་དེ་ལས་བྱུང་བའི་འབྲེལ་པའོ། །ཐོག་མ་མེད་ནས་ཉེས་པར་འབྲེལ། །ཞེས་པ་

ནི་ཕྱིན་ཅི་ལོག་གི་རིགས་ལ་ཐོག་མ་མེད་པའོ། །མུ་སྟེགས་ལྟ་བ་བཟློག་པའི་ཞེས་པ་ལ་སོགས་པས་ནི་དབང་ཕྱུག་ལས་སྐྱེ་བ་ལ་སོགས་པ་བཟློག་པའི་དོན་དུ། ཀུན་གཞི་ལ་སོགས་པའི་རྒྱུ་ཡིས་འབྱུང་བར་བསྟན་ལ། དེའི་རྒྱུ་ལས་བྱུང་བའི་ཤེས་པ་གཞན་རྣམས་ཀྱང་ཀུན་གཞི་ལ་

དམིགས་ནས་འཇུག་པར་འགྱུར་བའོ། །དེ་ལྟ་བས་ན་ལྟ་བ་ཤེས་པ་སྟེ་བལྟ་བྱའི་དངོས་པོ་དེ་དག་ལ་དམིགས་པས་འཁོར་བར་རྒྱུན་རིང་དུ་འཇུག་པའོ། །དངོས་པོ་རྨི་ལམ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་གཉེན་པོ་བསྒོམ་པར་གདམས་པའོ། །འཇུག་པའི་རྣམ་པས་དེ་བཞིན་ཉིད།

ཡང་དག་ཡེ་ཤེས་ཞེས་པ་ནི། བསྒོམས་པའི་དབང་གིས་ས་དང་ས་ལ་འཇུག་པའི་རྣམ་པས། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་ཐོབ་པར་འགྱུར་བའོ། །དེའི་གནས་སྒྱུ་མ་དཔའ་བར་འགྲོ། །ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་སྐུ་ཐོབ་པའི་གནས་སྒྱུ་མ་ལྟ་བུའི་ཏིང་ངེ་

འཛིན་ལ་སོགས་པ་ཡིན་པར་བསྟན་པའོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ནི་ཇི་སྐད་དུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་བྱེད་པའོ་ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་

เล่ม ๑๒๒ · หน้า 309b

ཕ་རོལ་ཏུ་ཕྱིན་པའི་མདོ་ལས་རྒྱས་པར་གསུངས་པ་རྣམས་སོ། །གང་ཚེ་འགྲོ་བ་རྣམ་རྟོག་མཐོང་། །ཞེས་བྱ་བ་ནི་སྣ་ཚོགས་བརྟགས་པ་ཉིད་དུ་མཐོང་བས་ཕྱིན་ཅི་ལོག་གི་སེམས་ལྡོག་པར་འགྱུར་བའོ། །ས་ནི་རབ་ཏུ་དགའ་བ་ཞེས་པ་ལ་སོགས་པས་ས་ལ་འཇུག་པའི་རིམ་པ་སྟེ་སྔར་རྒྱས་

པར་བསྟན་ཏོ། །སྣ་ཚོགས་ནོར་བུ་བཞིན་ཞེས་པ་ལ་སོགས་པས་ནི་གདུལ་བྱ་ཇི་ལྟར་མོས་པའི་གཟུགས་སྣ་ཚོགས་སུ་སྟོན་པ་དང་། གཟུགས་བརྙན་བཞིན་དུ་རྫས་སུ་མ་གྲུབ་པ་དང་། ཡོད་མེད་ལ་སོགས་པའི་མཐའ་དང་བྲལ་བའི་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ། །ས་

བདུན་པ་ནི་སེམས་ཀྱི་ས་བདུན་ཏེ། སྔར་བསྟན་ཏོ། །སོ་སོ་རང་ཆོས་མཐོང་བ་ནི་རང་གི་སེམས་ཀྱི་ཆོས་ཉིད་མཐོང་བའོ། །ཡང་དག་པའི་ས་ནི་དང་པོ་ཡན་ཆད་དོ། །ཕྱི་རོལ་མུ་སྟེགས་རྣམས་སྤངས་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་སྤངས་པའི་ཐེག་པ་ཆེན་པོའི་ཚུལ་ལུགས་

སྐལ་བ་དང་ལྡན་པ་རྣམས་ལ་བཤད་པར་བྱ་བའོ། །ཤི་འཕོ་འཇིག་པ་སྤངས་པ་ནི་སྐྱེ་རྒ་ལ་སོགས་པའི་སྡུག་བསྔལ་བཞི་སྤངས་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་ཤི་འཕོ་བ་སོགས་པ་སྤངས་པ་མི་འཐད་དོ་ཞེ་ན། རི་བོང་

སྤུ་ཡི་ནོར་བུ་བཞིན། །ཞེས་པ་སྟེ། དེའི་སྤུ་ལས་བྱས་པའི་མགུལ་ཆིངས་ནི་རྫས་སྙི་བར་གྱུར་པ་ཡིན་པས་བཅིངས་པར་སྣང་ཡང་འཆིང་བའི་བྱ་བ་མི་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡང་འཆིང་བའི་བྱ་བ་མི་བྱེད་དེ། འགྲོལ་བར་འགྱུར་བས་དེ་རྣམས་ལ་ཆོས་

ཀྱི་ཚུལ་ཟབ་མོ་བཤད་པའོ། །གལ་ཏེ་ཟབ་མོ་ཚིག་གི་ཡུལ་མ་ཡིན་ནོ་ཞེ་ན། ཇི་ལྟར་ཚིག་ལ་ཚིག་རྣམ་པ། །གལ་ཏེ་རིགས་ལ་རིགས་དེ་བཞིན། །ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཚིག་ཙམ་ཡིན་གྱི། དོན་གྲུབ་པ་མེད་པ་ལ་དེ་ཉིད་ཚིག་

རྣམ་པ་སྣ་ཚོགས་ཀྱི་སྟོན་པ་དང་། གཞན་ཡང་དེ་འདྲ་བའི་ཆོས་ཉིད་དེ་བཞིན་དུ་རིགས་ཤིང་གནས་པ་ལ། དེ་རྟོགས་བྱེད་ཀྱི་ཆོས་ཀྱི་རིགས་པ་སྣ་ཚོགས་ཀྱིས་རྟོགས་པར་བྱེད་པ་བཞིན་དུ། སྤྱིའི་རྣམ་པའི་སྒོ་ནས་འཚོ་ནས་དེ་ཁོ་ན་ཉིད་འཆད་པའོ། །དེའི་ཕྱིར་དོན་རིགས་པ་ཉིད་འཇལ་བའི་རིགས་པ་

เล่ม ๑๒๒ · หน้า 310a

མ་ཡིན་ཏེ། དེས་གཏན་ལ་ཕབ་པ་དེ་བཞིན་དུ་བདེན་པས་དེ་ལས་གཞན་དུ་མ་རྟོགས་ཤིག་ཅེས་པའོ། །དེས་ན་མིག་ལ་སོགས་པ་སྣ་ཚོགས་སུ་བརྟགས་པ་རྣམས་ནི་དེ་བཞིན་ཉིད་ཚུལ་ཇི་ལྟ་བ་བཞིན་གནས་པ་མ་ཡིན་པའོ། །རྙོག་པའི་ཡིད་ནི་ཁྱད་པར་དུ་ཕྱིན་ཅི་ལོག་གི་ཡིད་དེ། དེ་

རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་པའོ། །འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇི་སྙེད་པའི་བགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཅེས་བྱ་བ་ལས་ཚིགས་སུ་བཅད་པའི་ལེའུ་ཐ་མའི་འགྲེལ་པ་རྫོགས་སོ།། །།སོ་སོ་རང་རིག་མཚན་མེད་ཡེ་ཤེས་སྤྱོད་ཡུལ་

མཁའ་ལྟར་རྣམ་དག་པ། །མཐའ་བཞི་ལས་ནི་རྣམ་གྲོལ་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་གང་། །གློ་བུར་རྟོག་པའི་དབའ་རླབས་དང་ནི་ཉོན་མོངས་ཐིབས་པོས་བསྒྲིབས་གྱུར་པ། །དེ་དག་སྦྱོང་བྱེད་ཤེས་རབ་མེ་དཔུང་ཐབས་ཀྱི་ཟེར་གྱིས་བརྒྱན་པ་དང་། །བགྲོད་མེད་བགྲོད་པའི་ལམ་དང་

མཐར་ཐུག་འབྲས་གནས་གང་ཟག་རྣམས། །བློ་ཞན་བརྩོན་པ་ཉམས་པས་དེང་སང་རྟོགས་པའི་མཐུ་མེད་ཀྱང་། །འཕགས་པ་ཡེ་ཤེས་རྒྱུ་མཐུན་ཆོས་ཀྱི་སྣང་བ་སྐྱེད་པའི་ཕྱིར། །འབད་པས་ནོངས་པར་གྱུར་པ་སྐྱེ་བོ་མཁས་རྣམས་བཟོད་པར་མཛོད། །བསྣམས་ན་རབ་དཀུ་མྱངས་ན་ཞིམ་པ་ལང་

ཀར་གཤེགས་པའི་མདོ། །འདི་དོན་མ་ལུས་རྟོགས་པའི་སྐྱེ་བོ་དེང་སང་འགའ་ཙམ་སྲིད། །ཕྲག་དོག་ལྟ་བའི་ཉེས་སྤངས་བསྟན་བཅོས་རོ་ལ་མྱངས་གྱུར་ན། །ཟག་མེད་ཡེ་ཤེས་བདུད་རྩི་རོ་ཡིས་ཚིམ་ཞིང་རྒྱས་པར་འགྱུར། །དམ་ཆོས་བདུད་རྩིའི་ཆུ་རྒྱུན་ལོངས་སྤྱོད་བསྟན་ལྡན་པར། །སྐྱེས་བུར་

སྙན་པ་རབ་གྲགས་བསོད་ནམས་མཐའ་ཅན་གྱིས། །སྙིང་པོའི་དོན་ལ་གཞོལ་བའི་རྣལ་འབྱོར་ཐུན་མཚམས་སུ། །ཐ་མལ་རྣམ་རྟོག་བཟློག་ཕྱིར་བཟང་རྟོག་ཕྲེང་བ་བཀོད། །དེ་ལ་དེ་སེམས་སྔོན་སོང་ཞིང་། །དེས་ཟིན་སྦྱོར་བའི་འབད་པ་དང་། །དེ་རྗེས་དགའ་བའི་བསོད་ནམས་ཀྱིས། །ཀུན་

གྱིས་དེ་ཉིད་དོན་རྟོགས་ཤོག །འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་རྫོགས་སོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด