བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་

ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๐ · หน้า 71a

ག་མྲི་ཏཾ་དྷ་ནྱཱཿཤྲ་ཏཱཉྫ་ལི་པུ་ཊཻཿཔ་པུཿ། །རཱཻ་ཛཱ་སུདྡྷོ་ད་ནསྟ་ཏྲ་དྷརྨ་ཤྲ་བ་ཎ་སཾ་ག་མེ། །པུ་ཎྱོ་པ་དེ་ཤ་ས་ལི་ལཻརློ་བྷེ་བཻ་མ་ཁྱ་ནིརྦྲྀ་ཏིཾ། །ཨ་ཐ་ཏ་ཏྲ་མ་ཧཱ་ན་མ་ཤཱཀྱ་རཱ་ཛྱ་ཀུ་ལོདྦྷ་

བདུད་རྩི་གསན་པ་ཡི། །སྙིམ་པས་བསོད་ནམས་ལྡན་པས་འཐུངས། །ཆོས་ནི་ཉན་པའི་ཚོགས་པ་དེར། །རྒྱལ་པོ་ཟས་ནི་གཙང་མ་ཡིས། །བསོད་ནམས་ཉེ་བར་བསྟན་པའི་ཆུས། །དྲི་མ་དང་བྲལ་དགའ་བ་ཐོབ། །དེ་ནས་རྒྱལ་རིགས་ལས་སྐྱེས་པ། །ཤཱཀྱ་མིང་ཆེན་དག་གིས་

བཿ། །དྷརྨྨོ་པ་དེ་ཤ་མཱ་ཀརྞྱ་པྲཱཔྟཿསྭ་གྲྀ་ཧ་མ་བྲ་བཱི་ཏ། །ཨ་ཧོ་ནུ་བྷ་ག་བཱན་བུདྡྷོ་དྷརྨྨཿསཾ་གྷཤྩ་སིདྡྷ་ཡེཿ། །བུདྡྷོཏྤཱ་དོ་ཡ་མསྨཱ་ཀཾ་ནིརྦཱ་ཎཱ་ཡ་མ་ཧཱ་ཕ་ལཿ། །ཨུ་པ་དེ་ཤ་བི་ཤེ་ཥཱཔྟ་ནིརྦྲྀ་ཏེསྟ་སྱ་ཏདྦ་ཙཿ། །ཤྲུ་

དེར། །ཆོས་ཀྱི་གདམས་ངག་ཐོས་གྱུར་ནས། །རང་གི་ཁྱིམ་དུ་ཕྱིན་ཏེ་སྨྲས། །ཀྱེ་མ་སངས་རྒྱས་འབྱུང་བ་འདི། །བདག་ཅག་གི་ནི་དོན་ཆེན་ལ། །བཅོམ་ལྡན་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྲུབ་དང་མྱང་འདའི་སླད། །དེ་ཡི་ཚིག་དེ་ཐོས་གྱུར་ནས། །ཁྱིམ་ཐབ་ཟླ་འོད་གདམས་ངག་གི །ཁྱད་

ཏྭཱ་ཤ་ཤི་པྲ་བྷཱ་ཡཏྣཱི་པྲ་ཎ་ཡཱཏྟ་མ་བྷཱ་ཥ་ཏ། །ཨ་ནུ་གྲ་ཧྱཱ་བྷ་ག་བ་ཏཿཔུ་རུ་ཥཱཿཔུ་ཎྱ་བྷཱ་གི་ནཿ། །ནིནྡྱསྟ་དུ་པ་དེ་ཤཱ་ན་མ་ནརྷཱ་ཡོ་ཥ་ཏོ་བ་ཡཾ། །ཨི་ཏི་ཛཱ་ཡཱ་བ་ཙཿཤྲུ་ཏྭཱ་ས་ཛ་གཱ་ད་ཛ་གད་

པར་ཐོས་པས་དགའ་བ་དང་། །དོན་དུ་གཉེར་ལས་དེ་ལ་སྨྲས། །སྐྱེས་བུ་བསོད་ནམས་སྐལ་ལྡན་རྣམས། །བཅོམ་ལྡན་འདས་ཀྱིས་རྗེས་བཟུང་འོས། །བདག་ཅག་བུད་མེད་སྨད་འོས་རྣམས། །དེ་ཡི་མན་ངག་འོས་མ་ཡིན། །དེ་སྐད་ཁྱིམ་ཐབ་ཚིག་ཐོས་ནས། །དེས་སྨྲས་བཟང་མོ་བཅོམ་ལྡན་

เล่ม ๑๗๐ · หน้า 71b

གུ་རོཿ། །བྷ་དྲེ་བྷ་ག་བ་ཏོ་ནཱསྟི་བྷེ་དྲ་ཀཱ་རུ་ཎྱེ་དཪྴ་ནེ། །ས་མཱ་སརྦ་ཏྲ་བྷཱ་བྷཱ་ནོཿས་མཱ་དྲྀཥྚིཿཔ་ཡོ་མཱུ་ཙཿ། །ས་མཱ་བྷ་ག་བ་ཏོ་དྲྀཥྚིཿསརྦ་སཏྭཱ་ནུ་ཀམྤི་ནཿ། །མ་ཧཱ་པྲ་ཛཱ་པ་ཏཱི་བཱཀྱཱ་ད་བ་རཱ་ཧྣ་ཀྵ་

འདས། །འགྲོ་བའི་བླ་མ་སྙིང་རྗེ་ཡིས། །གཟིགས་པ་དག་ལ་དབྱེ་བ་མེད། །ཀུན་ལ་ཉི་མའི་འོད་ཟེར་སྙོམས། །ཆུ་འཛིན་དག་གིས་ཆར་པ་སྙོམས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །བཅོམ་ལྡན་འདས་ཀྱིས་གཟིགས་པ་སྙོམས། །སྐྱེ་རྒུའི་བདག་མོ་ཆེན་མོ་ཡིས། །ཚིག་གིས་ཕྱི་དྲོ་ཁྱོད་

ཎཾ་ཏ་བཿ། །ཤུདྡྷོ་ད་ནཿཀ་རོ་ཏྱེ་བ་རཱ་ཛ་བྷ་ག་བ་ཏོནྟི་ཀེ །ཨི་ཏི་པ་ཏྱུཿཔྲི་ཡ་གི་རཱ་བྲྀ་ཏཱ་ཤཱཀྱཱཾ་ག་ནཱ་ག་ཎཻཿ། །ཡཱ་ཙ་ན་ཏད་བྷ་ག་བ་ཏཿས་པུཎྱོ་པ་བ་ནཾ་ཡ་ཡ་ཡཽ། །སཱ་སཏྭ་ཀུ་སུ་མཾ་ཏ་ཏྲ་ཏཾ་ད་དཪྴ་

ཀྱི་སྐབས། །བཅོམ་ལྡན་འདས་ཀྱི་དྲུང་དུ་ནི། །རྒྱལ་པོ་ཟས་གཙང་བྱེད་པ་ཉིད། །དེ་སྐད་བདག་པོའི་ཚིག་སྙན་གྱིས། །ཤཱཀྱའི་བུ་མོའི་ཚོགས་ཀྱིས་བསྐོར། །བཅོམ་ལྡན་འདས་ཀྱི་བསོད་ནམས་ནགས། །གཙང་མ་དེར་ནི་དེ་སོང་གྱུར། །དེར་ནི་སྙིང་རྗེའི་དཔག་བསམ་ཤིང་། །སྙིང་སྟོབས་

མ་ཧཱ་ཕ་ལཾ། །པྲ་ཤ་མཱ་མྲྀ་ཏ་སཾ་སིཀྟཻཿཀ་རུ་ཎཱ་ཀལྤ་པཱ་ད་པཾ། །ལ་ཏེ་བ་པ་བ་ནཱ་ན་མྲཱ་ཏཾ་དཱུ་རཱ་གྲེ་ན་ནཱ་མ་སཱ། །ལོ་ཧེ་ནེ་བ་པ་རི་ཏྱཀྟཱ་ཙྷུ་ཏ་ཀརྞཏྤ་ལཱཙྪ་ལཱཏ། །བི་ལོ་ཀྱ་ཀཱཾ་ཙ་ན་རུ་ཙིཾ་རཏྣ་བྷཱུ་ཥ་

མེ་ཏོག་འབྲས་བུ་ཆེ། །རབ་ཏུ་ཞི་བའི་བདུད་རྩི་ཡིས། །ཡང་དག་བྲན་པ་དེ་ཡིས་མཐོང་། །རླུང་གིས་དུད་པའི་འཁྲི་ཤིང་བཞིན། །དེ་ཡིས་རིང་ནས་དེར་ཕྱག་འཚལ། །རྣ་རྒྱན་གཡོ་བའི་ཟོལ་གྱིས་ནི། །རྨོངས་པ་ཡོངས་སུ་གཏོང་བ་བཞིན། །གསེར་འོད་རིན་ཆེན་རྒྱན་རྣམས་ཀྱིས། །བརྒྱན་པ་

เล่ม ๑๗๐ · หน้า 72a

ཎ་བྷཱུ་ཥི་ཏཱཾ། །ཨཱ་ནནྡ་ནཱ་མཱ་བྷིཀྵུསྟཱ་མ་བ་ཙ་པྲ་ཧི་ཏོརྻ་ཏཿ། །བེ་ཤཿཔྲ་ཤ་མ་ཤཱུ་ནྱོ་ཡཾ་མ་ཏརྨུ་ནི་ཏ་ཕོ་བ་ནེ། །དརྦོཏྶཀྟོ་ན་ཡུཀྟསྟེ་བི་རཀྟ་ནཱ་མི་དཾ་པ་དཾ། །གུ་ཎ་

དག་ནི་མཐོང་གྱུར་ནས། །དགེ་སློང་ཀུན་དགའ་བོ་ཞེས་པས། །ཤིན་ཏུ་ཕན་བརྩོན་དེ་ལ་སྨྲས། །མ་མ་ཁྱོད་ཀྱི་ཆ་ལུགས་འདི། །དྲེགས་པས་རྒྱགས་ཤིང་རབ་ཞིས་སྟོང་། །ཐུབ་པའི་དཀའ་ཐུབ་ནགས་སུ་ནི། །མི་རིགས་འདི་ནི་ཆགས་བྲལ་གནས། །ཡོན་ཏན་

སཾ་ཡ་མ་སིཀྟ་ནི་མུ་ཁ་རཱ་བྷ་ར་ཎཱ་ནྱ་ཧོ། །ཧེ་ཧཱསྨཏ་གྲ་ཧ་ཎཾ་ཡུཀྟ་མི་ཏཱི་བོ་པ་དི་ཤནྟི་ཏེ། །ཨི་ཏྱུཀྟཱ་ཏེ་ན་སཱ་ཏ་ནྭཱི་བཻ་ལ་ཛྱ་བི་ན་ཏཱ་ན་ནཱ། །ཨུནྨུཙྡྱ་བྷ་ར་ཎཾ་སརྦཾ་པྲཱ་ཧི་ཎོནྣི་ཛ་མནྡི་

གྱིས་གདམས་ཆགས་པ་ཡི། །མུ་ཅོར་རྒྱན་རྣམས་ཀྱེ་མ་འདིར། །བདག་ཅག་བཟུང་བར་མི་འོས་ཞེས། །ཁྱོད་ལ་ཉེ་བར་འདོམ་པ་བཞིན། །དེ་ཡིས་འདི་བརྗོད་གཟུགས་བཟང་དེའི། །སྐྱེངས་པའི་གདོང་ནི་དམན་པ་ཡིས། །རྒྱན་རྣམས་ཐམས་ཅད་བཀྲོལ་ནས་ནི། །རང་གི་ཁྱིམ་དུ་བསྐུར་

རཾ། །ཨུ་པ་བི་ཥེ་ཥུ་སརྦེ་ཥུ་ནིརྡིཥྚ་ཀུ་ཤ་ལསྟ་ཏཿ། །ཨ་ནི་ཏྱ་ཏེ་བཾ་བྷ་ག་བཱན་ཨུ་པ་དེ་ཤཾ་པྲ་ཙཀྲ་མེ། །མ་ཧཱ་མོ་ཧ་པྲ་བྷ་བོ་ཡཾ་ཡེ་ན་ནི་ཏྱ་མ་ནི་ཏྱ་ཏཱཾ། །ནི་ཏྱ་ཏཱ་མི་བ་མ་ནྱནྟེ་མཱུ་ཌྷ་ཛ་ག་ཏི་ཛནྟ་

བར་གྱུར། །དེ་ནས་ཐམས་ཅད་འཁོད་པ་ལ། །དགེ་བ་སྟོན་མཛད་བཅོམ་ལྡན་འདས། །དངོས་པོ་མི་རྟག་པ་ཉིད་དུ། །ཉེ་བར་སྟོན་པའི་རྩོམ་པ་མཛད། །གང་གི་རྟག་ཏུ་མི་རྟག་ཉིད། །རྟག་པ་ཉིད་བཞིན་འགྲོ་བར་ནི། །སྲོག་ཆགས་རྨོངས་པས་འཛིན་བྱེད་པ། །འདི་ནི་རྨོངས་པའི་མཐུ་ཆེན་

เล่ม ๑๗๐ · หน้า 72b

བཿ། །ཨ་ས་ཏྱེ་ར་མ་ཏེ་ལོ་ཀཿས་ཏྱ་པྲ་ཏྱ་ཡ་མོ་ཧི་ཏཿ། །ནི་བེརྟི་སརྦ་བྷཱ་བཱ་ནཱཾ་མ་བྷ་བཱ་ནུ་བྷ་བཱཾ་སྠི་ཏིཾ། །ཀེ་ཙིཏ་བྱ་ཀེ་ར་ཎེཿཔ་རེ་ཤྲུ་ཏི་པ་ཐཻསྟརྐ་པྲ་བཱ་དེཿཔ་རེ་ཀེ་ཙིནྟནྟྲ་པ་རི་གྲ་ཧཻརྦ་ཧུ་བི་དྷཻ་ར་

ནོ། །བདེན་པར་ཡིད་ཆེས་རྨོངས་པ་ཡིས། །འཇིག་རྟེན་མི་བདེན་པ་ལ་དགའ། །དངོས་པོ་ཀུན་གྱི་དངོས་མེད་ནི། །ཉམས་མྱོང་གནས་པ་རིག་པ་མེད། །སྐྱེ་བ་ཐོས་པའི་ལམ་དུ་ཡང་དག་ཆགས་ལྡན་ཁ་ཅིག་སྒྲ་ཡི་བསྟན་བཅོས་དག་དང་ནི། །གཞན་ནི་རིག་བྱེད་ལམ་དང་རྟོག་གེ་རྩོད་

ནྱེ་ཀ་ལཱ་ཀཽ་ཤ་ལཻཿ། །སཾ་སཀྟཱཿསུ་ཎ་རུཀྟ་ཛནྨ་ཤ་ར་ཎཽ་ཡཱ་ཏཱཿས་ཧཻ་བཀྵ་ཡཾ་ཏ་ཏྲཱ་སྱཀྵ་ཡ་ལཱི་ལ་ཡཱ་ཀྵ་ཎ་པ་དེ་མུགྡྷཻརྣི་བདྡྷ་དྷྲྀ་ཏིཿ། །བི་ཥ་ཡ་བི་ཥ་མཱ་པཱ་ཡཿཀཱ་ཡཿཔྲ་ས་

པས་གཞན་དེ་ཁ་ཅིག་རྒྱུད་ནི་ཡོངས་འཛིན་དང་། །གཞན་དག་རྣམ་མང་སྒྱུ་རྩལ་མཁས་དང་ལྷན་ཅིག་ཉིད་དུ་འཇིག་པར་སྐད་ཅིག་གནས། །དེ་ལ་ཡང་ནི་མི་འཇིགས་པ་བཞིན་རོལ་རྩེད་དག་གིས་རྨོངས་རྣམས་དགའ་བ་རབ་ཏུ་འཛིན། །མི་བཟད་ཡུལ་གྱི་གནོད་པའི་ལུས་ནི་ཉོན་མོངས་ཕུང་

ཙ་ཡཱ་ཤ་ཡཱ་ཁ་ར་ཏ་ར་མ་རུ་སྥཱ་རཱ་ཀཱ་རཿཔྲ་མོ་ཧ་བྷ་བོ་བྷ་བཿ། །ཧི་ཏ་བྷཱུ་བི་ཏ་ཐཱ་ཀཱཪྻཾ་ཀཱཪྻཾ་བི་བེ་ཀི་ནཱི་ནི་ར་བ་དྷི་ར་ཡཾ་དྲྀཥྚྭ་བྱཱ་དྷིཪྻ་ཐཱ་ནི་ར་བརྟ་ཏེ། །ཨི་དྱཱ་དྱ་ནི་ཏྱ་སཾ་སྐཱ་རཱ་སཾ་ཡུཀྟཾ་

པོ་དག་གི་གནས། །རབ་རྨོངས་ལས་བྱུང་སྲིད་པ་རབ་རྩུབ་མྱ་ངམ་ཐང་གི་རྣམ་པར་གསལ། །མཐའ་དང་བྲལ་བའི་སྲིད་པའི་ནད་འདི་ཇི་ལྟར་རྣམ་པར་ལྡོག་འགྱུར་བ། །དེ་ལྟར་བྱ་དང་བྱ་མིན་ཕན་པའི་ས་ལ་རྣམ་དཔྱོད་ལྡན་པས་དཔྱད། །བཅོམ་ལྡན་རང་ཉིད་འདི་ལ་སོགས། །འདུ་བྱེད་མི་

เล่ม ๑๗๐ · หน้า 73a

ཡུཀྟ་མུ་དྱ་ཏེ། །དྷརྨོ་པ་དེ་ཤ་ཀུ་ཤ་ལཾ་བཀྟུཾ་བྷ་ག་བ་ཏི་སྭ་ཡཾ། །ཨེ་ཀ་ཤཱཀྱ་བ་དྷུསྟ་ཏྲ་རཱུ་པ་སཽ་བྷཱ་གྱ་གརྦི་ཏཱ། །སྠི་ཏཱ་ཤཻ་ཤ་བ་ཏཱ་རུ་ཎྱ་བནྡྷོ་བ་ཡ་སི་དུཿས་ཧེ། །མུཀྟ་ཧཱ་རཾ་སྟ་ན་ཏ་

རྟག་ཡང་དག་ལྡན། །ཆོས་ཀྱི་གདམས་ངག་དགེ་བ་ནི། །རིགས་པར་གསུང་བར་བརྩོན་པའི་ཚེ། །དེར་ནི་ཤཱཀྱའི་བུ་མོ་གཅིག །བུ་མོ་གཞོན་ནུ་མ་ཡི་མཚམས། །བཟོད་དཀའི་ལང་ཚོ་ལ་གནས་པ། །གཟུགས་དང་སྐལ་བཟང་ཉིད་ཀྱིས་དྲེགས། །ནུ་མའི་ངོས་སུ་མུ་ཏིག་གི།

ཌེ་ལོ་ལ་པཱཾ་གཻརྨུ་ཧུརྨུ་ཧུཿ། །ཨཱ་ལུ་ལཽ་ཀེ་ཡ་ཤ་སྥཱ་ར་སཱ་རཾ་ར་ཏི་པ་ཏི་རི་བ། །ཧཱ་ར་བ་ལོ་ཀི་ནཱིཾ་དྲྀཥྚྭ་ཏཱ་མ་ནེ་ཀཱ་གྲ་མཱ་ན་སཱ། །ཡ་ཙིནྟ་ཡད་བི་རཀྟེ་བ་མ་ཧཏ་པཏྣཱི་ཤ་ཤི་པྲ་བྷ། །ཨི་ཡཾ་དྷརྨོ་པ་དེ་ཤེ་

དོ་ཤལ་དགའ་མའི་བདག་པོ་ཡི། །གྲགས་པའི་སྙིང་པོ་གསལ་འདྲ་ལ། །ཟུར་མིག་གཡོ་བས་ཡང་ཡང་བལྟས། །མིང་ཆེན་ཆུང་མ་ཟླ་འོད་ཀྱིས། །རྩེ་གཅིག་མིན་པའི་སེམས་ལྡན་དེ། །དོ་ཤལ་རྣམ་པར་བལྟ་བ་དག །མཐོང་ནས་ཆགས་བྲལ་བཞིན་དུ་བསམས། །ཆོས་ནི་ཉེ་བར་སྟོན་ཚེ་ཡང་། །

པི་ཙ་པ་ལཱ་ཧཱ་ར་མིཀྵྱ་ཏེ། །བྷཱ་བཱ་ནཱཾ་ན་ཤྲི་ཎོ་ཏྱེ་བ་མཱུ་ཌྷ་ཀྵ་ཎི་ཀ་ནཱ་མི་མཱཾ། །སྭཾ་ཧཱ་དཪྴ་ཡི་ཏྭཱ་སྱ་ཧཱ་རོཏྶཱ་ཧཾ་ཧ་ར་མྱ་ཧཾ། །ཨ་དྷི་ཀ་ལོ་ཀ་ནེ་ནཻ་བ་དརྤྱཿཤ་མྱ་ཏི་དེ་ཧི་ནཱཾ། །ཨི་ཏི་སཾ་ཙིནྟྱ་དཱ་སིཾ་རཽ་ཧི་ཏཱ་ཁྱ་མ་བྷ་

གཡོ་བའི་དོ་ཤལ་འདི་ལ་ལྟ། །དངོས་པོ་རྣམས་ཀྱི་སྐད་ཅིག་མ། །འདི་དག་རྨོངས་པས་མི་ཉན་ཉིད། །རང་གི་དོ་ཤལ་བསྟན་ནས་འདི། །དོ་ཤེལ་སྤྲོ་བ་བདག་གིས་དབྲོག །ལྷག་པ་མཐོང་བ་ཁོ་ན་ཡིས། །ལུས་ཅན་དྲེགས་པ་ཞི་བར་གྱུར། །འདི་བསམས་དེ་ཡིས་འབངས་མོ་ནི། །རོ་ཧི་ཏ་ཞེས་བྱ་

เล่ม ๑๗๐ · หน้า 73b

ཥཏ། །རཽ་ཧི་ཀེ་གཙྪ་མེ་ཧཱ་རཾ་གྲྀ་ཧཱཏ་ས་ཏྭ་མཱ་ཧ་ར། །ཨི་ཏྱུཀྟ་སཱ་ཏ་ཡ་ཏ་ཏྲ་པྲ་བྲྀཏྟེ་དྷརྨ་སཾ་ཤྲྀ་བ། །ཨ་ཀཱ་ལ་ག་མ་ནོ་བགྣཱ་ནི་ཤྭ་ཙིཾ་ཏཾ་ཡཏ་ཀྵ་ཎཾ། །ཨ་ཧོ་བ་ཏནྟ་རོ་ཡོ་ཡཾ་སཾ་ཛཱ་ཏཿཀུ་ཤ་

ལ་སྨྲས། །རོ་ཧི་ཏ་སོང་བདག་གི་ནི། །དོ་ཤལ་ཁྱིམ་ནས་མགྱོགས་སུ་ལོངས། །དེ་ཡིས་དེ་སྐད་བརྗོད་པས་དེ། །དེར་ནི་ཆོས་ཉན་ལ་ཞུགས་པ། །དུས་མིན་འགྲོ་བས་ཡིད་བྱུང་ནས། །ཤུགས་དང་བཅས་པས་སྐད་ཅིག་བསམས། །ཀྱེ་མ་བདག་གི་དགེ་བ་འདིར། །བར་ཆོད་འདི་ནི་ཡང་

ལེ་མ་མ། །ནཱསྨིན་ཤྲོཏྟུཾ་ལ་བྷེ་དྷརྨཾ་ཡཏ་པ་རཱ་ཡནྟ་ཛི་བིཏཱ། །པུ་ཎྱ་སཽ་ར་བྷ་སཾ་བྷཱ་རཱཏ་ཀཱིརྞ་ཀཱ་རུ་ཎྱ་ཀེ་ས་རཱཏ། །མུ་ཁ་པདྨཱདྦྷ་ག་བ་ཏོ་དྷ་ནྱེཿཔྲཱསྣོ་ཏི་བཱདྨ་དྷུ། །ཨ་ཧོ་སྭཱཙྪནྡྱ་བིཙྪ་དསྟ་ནུ་བྷཾ་གཿ

དག་སྐྱེས། །གང་ཕྱིར་གཞན་དབང་འཚོ་གྱུར་པ། །བདག་གིས་ཆོས་ཉན་མི་འཐོབ་བོ། །བསོད་ནམས་དྲི་བཟང་རྒྱས་གྱུར་ཅིང་། །སྙིང་རྗེའི་གེ་སར་འཁྲིགས་གྱུར་པ། །བཅོམ་ལྡན་ཞལ་གྱི་པདྨོ་ལས། །གསུང་གི་སྦྲང་རྩི་མཆོག་གིས་ཐོབ། །ཀྱེ་མ་རང་དབང་རྣམ་པར་གཅོད། །ལུས་འཇིག་

སུ་ཁ་ཀྵ་ཡཿ། །སེ་བཱ་ཛ་ག་ཏི་ཛནྟུ་ནཱཾ་དུཿཁ་དུཿཁ་པ་རཾ་པ་རཱ། །སེ་བ་པྲ་ཡཱ་ས་སཾ་པྲཔྟཾ་དྷ་ན་མཱ་ན་ཀ་ཎོ་ད་ཡཾ། །ཏཔྟ་མ་ཏྱུཥྞ་ནི་ཤྭཱ་སཻ་ར་ཧོ་ཀྲྀཙྪྲ་ཎ་བཱི་ཡ་ཏེ། །མཱ་ན་གླཱ་ནིརྒུ་ཎ་

བ་དང་ཉམས་བྱེད་པ། །སྡུག་བསྔལ་འགྲོ་བར་སྲོག་ཆགས་རྣམས། །གཡོག་ནི་སྡུག་བསྔལ་བརྒྱུད་མ་ཡིན། །གཡོག་གི་ངལ་དུབ་ཀྱིས་འཐོབ་པ། །གླ་རྔན་བྱ་དགའི་ཆུ་ཡི་ཐིགས། །ཤུགས་རིངས་ཤིན་ཏུ་ཚ་བས་བསྐོལ། །ཀྱེ་མ་དཀའ་སླད་དག་གིས་འཐུངས། །དཔོན་པོ་མཐོང་ན་ཁེངས་

เล่ม ๑๗๐ · หน้า 74a

གླཱ་ནི་རོ་ཛཿཔཱུ་ཛ་ཤ་མཿཤྲ་མཿ། །ཤྲ་ཐ་མཾ་སེ་བ་ཀ་སྱཻ་ཏཏ་ཀུ་ལ་མཱི་ཤྭ་ར་དཪྴ་ནེ། །ལོ་ཧཱི་བནྡྷ་ན་ཤྲྀཾ་ཁ་ལཱ་ཙ་ར་ཎ་ཡོརྷེ་ནྱཱ་བ་མཱ་ནཱ་བ་ནཱིཿསྭ་བྱཱ་པཱ་ར་ནི་ཥ་དྷ་ནི་ཏྱ་ནི་ཡ་ཏཱི་ནི་

ཉམས་ཤིང་། །ཡོན་ཏན་ཉམས་དང་གཟི་བརྗིད་མཆོད། །ཞི་ཞིང་ངལ་བ་འདི་དག་ནི། །གཡོག་བྱེད་དག་གི་དང་པོའི་འབྲས། །གཡོག་ནི་རྐང་པ་འཆིང་བའི་ལྕགས་ཀྱི་ལྕགས་སྒྲོག་ཞུམ་ཞིང་ང་རྒྱལ་ཆགས་པའི་ས། །རྟག་ཏུ་ངེས་པར་རང་གི་བྱ་བ་འགོག་ཅིང་གཉིད་

དྲ་སུ་ཁ་དྲོ་ཧི་ཎཱི། །ཨཱ་ཤ་སཱ་ས་བི་ཤཱ་ལ་ཛཱ་ལ་ས་ར་ཎིཿསཏྶཾ་ག་བྷོ་ག་ཤ་ནིཪྻུ་གྡྷཱ་ནཱཾ་མྲྀ་ག་ཏྲྀཥྞི་ཀ་མ་རུ་མ་ཧཱི་སེ་བ་ཤ་རཱི་རཀྵ་ཡ། །ཨི་ཏི་སཾ་ཙི་ཏྱ་སུ་ཙི་རཾ་སྭ་ཛ་ག་མ་ཏ་རཱ་ཛ་ཡཱ། །སེ་བཱ་བི་ཀྲཱི་

དང་བདེ་བ་འཇོམས་པར་བྱེད། །རེ་བའི་ཆགས་ཞེན་ཚོགས་ཀྱི་ལམ་དང་ལེགས་འགྲོགས་ལོངས་སྤྱོད་ཀྱི་ནི་རྡོ་རྗེ་དང་། །རྨོངས་པ་རྣམས་ནི་རི་དྭགས་སྐོམ་བསྐྱེད་མྱ་ངན་ས་གཞི་ལུས་ནི་ཟད་བྱེད་ཡིན། །དེ་ལྟར་ཡུན་རིང་བསམས་ནས་ནི། །དེ་ཡི་བཀའ་ཡིས་དེ་སོང་སྟེ། །ལུས་ནི་གཡོག་ཏུ་

ཏ་ཀཱ་ཡཱ་ནཱཾ་སྭེཙྪཱ་བི་ཧ་ར་ཎི་ཀུ་ཏཿ། །པྲ་ཛནྟཱི་པ་ར་པྲེཥྱ་ཀྲྀ་པ་ཎཱཾ་ཀ་རུ་ཎཱ་ཀུ་ལཿ། །ནྀ་རཱྀཀྵྱ་བྷ་ག་བཱན་དི་བྱཱ་ཙཀྵུ་ཥཱ་ཙིནྟ་ཡ་ཏ་ཀྵ་ཎཾ། །ཨསྨིན་ཛནྨ་ནི་ཤེ་ཥོ་སྱཱཿནཾ་པཱུརྞོ་ཛཱི་བི་ཏཱ་བ་དྷིཿ།

བཙོངས་རྣམས་ལ། །རང་དགར་གནས་པ་ག་ལ་ཡོད། །གཞན་གྱིས་བསྐུལ་བས་དམན་གྱུར་ཅིང་། །འགྲོ་བ་དེ་ནི་བཅོམ་ལྡན་འདས། །སྙིང་རྗེ་རྒྱས་པའི་ལྷ་ཡིས་ནི། །སྤྱན་གྱིས་གཟིགས་ནས་སྐད་ཅིག་བསམས། །སྐྱེ་བ་འདི་ལ་འདི་ཡིས་ནི། །འཚོ་བའི་མཚམས་ལྷག་ཡོངས་སུ་རྫོགས། །

เล่ม ๑๗๐ · หน้า 74b

ཨེ་ཡཾ་པ་ར་ཀཱི་སཾ་སཱ་ར་དུདྡྷརྟྟཱ་བྱཱ་སྭ་ཡཾ་མ་ཡཱ། །ཨ་ཐ་ཏཱཾ་ཀརྨ་ཡོ་གེ་ན་བྲ་ཛིནྶཾ་ས་ཧ་སཱ་པ་ཐི། །བཏྶ་རཱཏྶ་ལྱ་བ་བེ་ཤཱཿཤྲྀཾ་ག་བྷྱཱ་མཱ་ཛ་གྷཱ་ན་གཽཿ། །སཱ་པྲ་ད་དྷྱོ་བྷ་ག་བ་ཏཿཔྲ་སཱ་དཱཏྟནྨ་ཡསྨྲྀ་ཏིཿ། །

སྡུག་མ་འདི་ནི་འཁོར་བ་ལས། །བདག་རང་ཉིད་ཀྱིས་གདོན་པར་བྱ། །དེ་ནས་ལས་ཀྱི་སྦྱོར་བ་ཡིས། །ལམ་དུ་འཕྲལ་ལ་བགྲོད་དེ་ལ། །བེའུ་ལ་ཆགས་རྨོངས་བཅས་པའི། །བ་ཡི་རུ་ཡིས་བརྡུངས་པར་གྱུར། །སྐྱེ་བ་གཞན་གྱི་ལྷག་གནས་ཀྱིས། །ཡིད་ནི་སངས་རྒྱས་ལ་དམིགས་ཤིང་། །

ཛནྨཱནྟ་རཱ་དྷི་བཱ་སེ་ན་བུདྡྷ་ལམྦ་ན་མཱ་ན་སཱ། །ཨ་ཧོ་ཀརྨོཪྻི་ནཪྻཱི་ཎཻཿསཾ་སཱ་ར་མ་ཀ་ར་ཀ་རེ། །ཛནྨཱ་བརྟེ་ཥུ་ཛནྟཱུ་ནཱཾ་མཛྫ་ནོནྨཛྫ་ན་ཀྲ་མཿ། །པུཾ་སཱཾ་ལ་ལཱ་ཌ་བི་པུ་ལོ་པ་ལ་

བཅོམ་ལྡན་འདས་ཀྱི་བཀའ་དྲིན་ལས། །དེ་ཡི་རང་བཞིན་དྲན་དེས་བསམས། །འཁོར་བ་ཆུ་སྲིན་འབྱུང་གནས་ཀྱི། །སྐྱེ་བའི་འཁོར་མོར་སྲོག་ཆགས་རྣམས། །ལས་ཀྱི་རྦ་རླབས་ཀྱིས་དཀྲུགས་པས། །ཀྱེ་མ་འབྱིང་ཞིང་འབྱུང་བའི་རིམ། །སྐྱེས་བུ་རྣམས་ཀྱི་དཔྲལ་བ་ཡངས་པའི་རྡོ་

པཊྚི་ཀཱ་སུ་ནིཿཤརྨ་ཀརྨ་གྷ་ཌི་ཏ་པྲ་ཀ་ཌཱཾ་ཀ་ཊཾ་ཀཻཿ། །ནྱསྟཱ་ནི་ཛནྨ་མ་ར་ཎ་པྲ་ས་རཱཀྵ་རཱ་ཎི་ནེ་ཏཱ་ནཱི་པཱ་ཎི་ས་རི་མརྫ་ན་ཡཱ་ཙ་ལནྟི། །ཨི་ཡཾ་ཀརྨཱ་ཡནྟཱ་པྲ་ཙུ་ར་རུ་ཙི་བཻ་ཙི་ཏྲྱ་ར་ཙ་

ཡི་གླེགས་བུ་ལ། །བདེ་མེད་ལས་ཀྱི་སྤྲུལ་པ་བསལ་བའི་རྟགས་ཅན་གཟོང་དག་གིས། །སྐྱེ་དང་འཆི་བར་རབ་སྤྲོས་ཡི་གེ་དག་ཏུ་བཀོད་གྱུར་པ། །འདི་དག་རྣམས་ནི་ལག་པས་ཡོངས་སུ་ཕྱིས་པས་བསྐྱོད་པ་མིན། །གང་གིས་མངལ་ནས་བརྩམས་ཏེ་རིམ་གྱིས་ལྷུང་དང་རྒ་དང་འཇིག་

เล่ม ๑๗๐ · หน้า 75a

ནཱ་ན་རཱ་ཎཱཾ་མཱ་ཡུ་རཙྪ་ད་པ་ཊ་ལ་ཏུ་ལྱ་པ་རི་ཎ་ཏི། །ཡ་ཡཱ་གརྦྷཱ་རཾ་བྷེ་ཀྲ་མ་ནི་པ་ཏ་ནེ་བྲྀདྡྷི་ས་མ་ཡེ་ཀྵ་ཡེ་བཱ་ནཱ་ནྱེ་ཏཱཾ་བ་ཛ་ཏི་ཏ་ནུ་ལེ་ཁཱཙྪ་བི་ད་སི། །སཾ་ཙིནྟྱ་ཏེ་པུ་

པའི་དུས་རྣམས་དག །གང་དུ་ཡང་ནི་ལུས་ཀྱི་རྩིས་རིས་གཞན་པ་ཉིད་དུ་འགྱུར་བ་མ་ཡིན་པ། །ལས་ཀྱི་དབང་གིས་མི་རྣམས་དག་གི་རབ་མང་སྲེད་པས་རྣམ་པར་བཀྲ་བ་དག །བཀོད་པ་འདི་ནི་རྨ་བྱའི་སྒྲོ་ཡི་ཚོགས་དང་མཚུངས་པར་ཡོངས་སུ་སྨིན་པར་འགྱུར། །དེ་ལྟར་བསམས་ཏེ་སྔོན་

རཿཔྲ་བྲྀཏྟ་སུ་ད་ཤཿསནྣ་པྲ་སནྣ་སྠི་ཏིཿཔྲཱཔྟེ་ནཱ་ས་མ་དཱ་ས་བྷཱ་བ་ཀ་ལ་ནཱ་བཻ་ལཀྵྱ་ནི་སནྡ་ཏཱཾ། །ཨཱ་དྷཱ་ཡ་པྲ་ཎི་དྷཱ་ན་དྷཱམྣི་དྷ་བ་ལེ་སདྡྷརྨ་ཤུདྡྷཾ་དྡྷི་ཡཾ་སཾ་སཱ་རེ་བི་ཙི་ཀིཏྤ་ཨེ་བ་ཡ་

དུ་ཉེ་བར་གནས་སྐབས་བཟང་པོ་དང་པོའི་རྣམ་གཞག་རབ་གནས་པ། །མི་བཟད་འབངས་མོའི་དངོས་པོ་བརྣག་པས་སྐྱེངས་པར་གྱུར་པ་བཞིན་དུ་གཡོ་བ་མེད་ཉིད་གྱུར། །སྨོན་ལམ་ཁང་པ་དཀར་པོ་དམ་པའི་ཆོས་ཀྱིས་དག་པའི་བློ་ནི་ཡོངས་སུ་བཟུང་བྱས་ནས། །འཁོར་བ་དག་ཏུ་རྨོངས་པར་

ལི་ནཾ་ཏ་ཏྱཱ་ཛ་སཱ་ཛཱི་བི་ཏཾ། །ཏ་ཏཿསཱ་སིཾ་ཧ་ལ་དྭཱི་པེ་ས་མཱི་བེ་སྭརྒ་སམྤ་དཱཾ། །ཙནྡྲ་ལེ་ཁེ་བ་དུབྡྷཱབྡྷཽ་དི་བྱ་དྱུ་ཏི་ར་ཛཱ་ཡ་ཏ། །ཨཱ་དྷཱ་ན་ཛནྨ་ནསྟ་སྱ་མུཀྟཱ་བཪྵ་དི་བཤྩུ་ཏེ། །སཱ་བྷཱུཏ་མུཀྟཱ་ལ་ཏཱ་ནཱ་

བྱེད་པས་དྲི་མ་ཅན་བཞིན་དེ་ཡི་སྲོག་ནི་བཏང་བར་གྱུར། །དེ་ནས་མཐོ་རིས་ཕུན་ཚོགས་ཉེ། །སིང་ག་ལ་ཡི་གླིང་དུ་དེར། །འོ་མའི་རྒྱ་མཚོར་ཟླ་བ་ཡི། །རི་མོ་བཞིན་དུ་རབ་གསལ་སྐྱེས། །དེ་ནི་མངལ་ཞུགས་སྐྱེས་པའི་དུས། །མཁའ་ལ་མུ་ཏིག་ཆར་པ་གཡོས། །སིང་ག་ལ་བདག་བུ་མོ་དེ། །མུ་ཏིག་

เล่ม ๑๗๐ · หน้า 75b

མ་སིཾ་ཧ་ལཱ་དྷི་པ་ཏེཿསུ་ཏཱ། །སཱ་པུ་ཎྱ་ཡི་བ་ལ་པ་ཎྱཾ་པ་ཧནྟྲི་བྲྀདྡྷི་མཱ་ག་ཏཱ། །ལེ་བྷེ་བི་བེ་ཀེ་ནཱཾ་གཱ་ནཱཾ་སཾ་ཏོ་ཥ་མི་བ་ཡཽ་བ་ནཾ། །ཏ་ཏཿཀ་དཱ་ཙིདྦཎི་ཛཿཤྲཱ་བསྟི་པུ་ར་བཱ་སི་ནཱཿ། །མ་ཀ་རཱ་ཀ་ར་མུཏྟཱི་དྱ་སིཾ་ཧ་

འཁྲི་ཤིང་ཞེས་པར་གྱུར། །དེ་ནི་ཆེ་བར་སྐྱེས་པ་ཡིས། །བསོད་ནམས་བཞིན་དུ་འཇོ་སྒེག་འཛིན། །ཡན་ལག་རྣམས་ཀྱི་རྣམ་འབྱེད་ཀྱིས། །ཆོག་ཤེས་བཞིན་དུ་ལང་ཚོ་ཐོབ། །དེ་ནས་ནམ་ཞིག་མཉན་ཡོད་ཀྱི། །གྲོང་ཁྱེར་པ་ཡི་ཚོང་པ་རྣམས། །ཆུ་སྲིན་འབྱུང་གནས་རབ་བསྒྲལ་ནས། །

ལ་དྭི་པ་མཱ་ཡ་ཡུཿ། །ཏེ་ཏ་དྲ་རཱ་ཏྲི་པཪྻནྟི་བི་ཤྲཱནྟི་སུ་ཁཻ་རཱ་ཛཱ་གུཿ། །དྷརྨཱརྠ་གཱ་ཐཱ་ས་ནདྡྷ་པྲ་བུདྡྷ་བུདྡྷ་བྷཱ་ཥི་ཏཾ། །ཏ་དནྟཿསུ་ར་ཧརྨྱ་སྠཱ་ཤྲུ་ཏྭཻ་བ་ཤྲ་བ་ཎཱཾ་མྲྀ་ཏཾ། །ཀི་མེ་ཏ་དི་ཏི་པ་པྲཙྪ་

སིང་ག་ལ་ཡི་གླིང་དུ་སོང་། །དེ་ནི་དེ་དག་མཚན་མོའི་མཐར། །རབ་སད་ངལ་བསོས་དགའ་བ་ཡིས། །ཆོས་དོན་ཚིགས་བཅད་ཀྱིས་བཅིངས་པ། །སངས་རྒྱས་ཀྱིས་གསུངས་གླུ་རུ་བླངས། །ཕོ་བྲང་བ་གམ་ལ་གནས་པ། །མི་བདག་བུ་མོའི་རྣ་བ་ཡིས། །བདུད་རྩི་དེ་ཐོས་དེ་དག་རྣམས། །

ཏཱ་ནཱ་ཡྻ་ནྲྀ་པཱཏྨ་ཛཱ། །ཏེ་ཏཱ་མུ་ཙུཿཔྲ་མུ་དི་ཏཱ་མི་དཾ་བུདྡྷ་སྱ་བྷཱ་ཥི་ཏཾ། །སྭ་བྷ་བཱརྟ་བྷ་ག་བ་ཏཿསརྦ་ས་ཏྭ་ནུ་ཀཾ་པི་ནཿ། །བུདྡྷ་བྷི་དྷཱ་ནཾ་ཤྲུ་ཏྭཻ་བ་པུ་ལ་ཀཱ་ལཾ་ཀྲྀ་ཏཱ་ཀྲྀ་ཏིཿ། །སཱ་བ་བྷཱུ་བ་ས་

བཀུག་སྟེ་འདི་དག་ཅི་ཞེས་དྲིས། །རབ་དགའ་ལྡན་མས་དེ་ལ་དེས། །འདི་ནི་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །རང་བཞིན་དུ་འོས་གསུང་ཞེས་སྨྲས། །སངས་རྒྱས་མངོན་བརྗོད་ཐོས་ཉིད་ཀྱིས། །དེ་ནི་སྤུ་ལོང་གིས་བརྒྱན་ལུས། །ཡང་དག་རིག་པ་ལེགས་

เล่ม ๑๗๐ · หน้า 76a

མུདྦྷུ་ཏ་སམྦིད་བྷ་བྱཱ་ནུ་བྷ་བ་བྷཱུཿ། །ཨུནྨུ་ཁི་སཱ་ལ་ཡཱུ་རཱི་བ་ཤབྡེ་ནེ་བ་པ་ཡོ་མུ་ཙཿ། །ཀ་ཨེ་ཥ་བྷ་ག་བཱན་བུདྡྷ་ཨི་ཏི་པྲཙྪ་ཏཱན་པུ་ནཿ། །ཧ་ཏསྟེ་ནི་ཁི་ལཾ་ཏ་སྱཾ་ཤྲདྡྷཱ་སཾ་བརྡྡྷཱི་ཏཱ་ད་རཱ། །ནྱ་བ་དེ་ཡན་པུ་ཎྱ་མ་

ལྡན་མཐུ། །རབ་ཏུ་བསྐྱེད་པའི་ས་གཞིར་གྱུར། །སྒྲ་ནི་སྤྲིན་གྱི་ལྟ་བུ་ཡིས། །རྨ་བྱ་བཞིན་དུ་དེ་རངས་ནས། །སངས་རྒྱས་བཅོམ་ལྡན་ཞེས་པ་འདི། །སུ་ཞེས་ཡང་ནི་དེ་ལ་སྨྲས། །དེ་ནས་དེ་ལ་དད་པ་དག །སྐྱེས་པར་གུས་པ་དེ་དག་གིས། །བསོད་ནམས་རང་བཞིན་བཅོམ་ལྡན་

ཡཱིཾ་བྷ་ག་བཙྩ་རི་ཏ་སྠི་ཏཾ། །ཨ་ཐ་སཱ་ཏཏ་ཀ་ཐ་བཱཔྟ་པྲཱགྫ་ནྨ་ཀུ་ཤ་ལོ་ད་ཡཱ། །བི་ཛྙཔྟི་ལེ་ཁཾ་པྲ་ད་དཽ་ཏེ་ཥཱཾ་བྷ་ག་བ་ཏཿཀྲྀ་ཏེ། །ཀཱ་ལེ་ནཱིཔྡྷཾ་ས་མུཏྟཱི་དྱ་པྲཱཔྟསྟེ་ནི་ཛཱཾ་པུ་རིཾ། །པྲ་ཎ་མྱཱ་བེ་དྱ་ཏཏྦྲྀཏྟཾ་ད་དུརླེ་

གྱི། །སྤྱོད་པའི་ལུགས་ནི་མ་ལུས་སྨྲས། །དེ་ནས་དེ་ཡི་གཏམ་གྱིས་དེ། །སྔར་སྐྱེས་དགེ་བ་རྒྱས་པ་ཐོབ། །བཅོམ་ལྡན་སླད་དུ་གསོལ་བ་ཡི། །སྤྲིང་ཡིག་དེ་དག་རྣམས་ལ་བསྐུར། །དུས་ཀྱི་ཆུ་གཏེར་ཡང་དག་བསྒྲལ། །རང་གི་གྲོང་ཁྱེར་ཐོབ་ནས་དེས། །བདག་ཉིད་ཆེ་ལ་ཕྱག་འཚལ་ཏེ། །དེ་ཡི་

ཁཾ་མ་ཧཱཏྨཱ་ནེ། །བྷ་ག་བཱ་ན་པི་སརྦ་ཛྙཱཿཔཱུརྦེ་མེ་བ་བི་བྷཱ་བྱ་ཏཏ། །མུཀྟཱ་ལ་ཏཱ་ཡཱཿཀྲྀ་པ་ཡཱ་སྭ་ཡཾ་ལེ་ཁ་མ་བ་ཙ་ཡ་ཏ། །ཨ་ཧོ་སྨ་ར་ཎ་མེ་བ་ཏེ་ཀི་མ་པི་པུ་ཎྱ་ཨཏྤ་ཏཾ་བྷ་བ་ཏི་བྷ་བ་བྷཻ་ཥ་ཛཾ་

གཏམ་བཤད་སྤྲིང་ཡིག་ཕུལ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་གྱིས། །དེ་ནི་མངོན་ཉིད་མཁྱེན་གྱུར་ཀྱང་། །མུ་ཏིག་འཁྲི་ཤིང་ལ་བརྩེ་བས། །རང་ཉིད་ཀྱིས་ནི་སྤྲིང་ཡིག་བཀླགས། །ཀྱེ་མ་བསོད་ནམས་ཚོང་ཟོང་དག་གི་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་

เล่ม ๑๗๐ · หน้า 76b

བྱ་ས་ན་ཏཱ་པ་ཏྲྀཥྞཱ་པེ་ཧཾ། །བྷ་ག་བནྨ་ཡ་ཀ་ཐཱ་ཀྲ་མོ་པ་ན་ཏ་སམྦི་དཱ་སྭཱ་ད་བྷཱུཿས་ཨེ་ཥ་བྷ་ག་བནྨ་ཧཱ་ན་མྲྀ་ཏ་སཾ་བི་བྷཱ་གོ་མ་མ། །ཨི་ཏི་སཾ་ཀྵིཔྟ་ལེ་ཁཱརྠཾ་བི་བྷཱ་བྱ་བྷ་

སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱི་རིམ་པས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །དེ་ལྟར་མདོར་བསྡུས་སྤྲིང་ཡིག་དོན། །བཅོམ་ལྡན་རང་

ག་བན་སྭ་ཡཾ། །ཨཱི་ཥཏ་སྨི་ཏ་ཏྭི་ཥ་ས་ཏྭ་པྲ་ཀཱ་ཤ་མ་ད་ཤ་དྷི་ཤཾ། །ཏ་ཏཤྩི་ཏྲ་ཀ་ར་ཤཀྱཱཾ་པྲ་བྷ་པཱ་ཏཱ་ནུ་པཱུ་རི་ཏཾ། །བྷ་ག་བཱན་པྲཱ་ཧི་ཎོཏྟ་སྱཻ་ནྱ་ཏཱཾ་སྭ་པྲ་ཏི་མཱཾ་པ་ཊེ། །སུ་ནཿཔྲ་བ་ཧ་ནཱ་རཱུ་ཌྷཱ་

གིས་རྟོགས་གྱུར་ནས། །ཅུང་ཟད་འཛུམ་པའི་འོད་ཟེར་གྱིས། །ཕྱོགས་ཀྱི་སེམས་ཅན་རབ་གསལ་མཛད། །དེ་ནས་འོད་ཚོགས་རྗེས་རྒྱས་ཤིང་། །རི་མོ་མཁན་གྱིས་མི་ནུས་པའི། །རང་གི་སྐུ་གཟུགས་རས་ལ་བཀོད། །བཅོམ་ལྡན་གྱིས་ནི་དེ་ལ་སྤྲིངས། །དེ་ཡི་བཀའ་ཡིས་ཕྱི་ནས་ཡང་། །ཚོང་

བ་ནི་ཛ་སྟེ་ཏད་ཛྙ་ཡཱ། །ཨ་བཱ་སྱ་སིཾ་ཧ་ལ་དྭཱི་བཾ་ཏ་སྱཻ་པ་ཌ་མ་དཪྴ་ཡན། །ཧེ་མ་སིཾ་ཧཱ་ས་ན་ནྱསྟེ་པ་ཊེ་དྲྀཥྚྭ་ཏ་ཐཱ་ག་ཏཾ། །ཛ་ནསྟནྨ་ཡ་ཏཱ་དྷྱཱ་ན་དེ་ཀཱི་བྷཱ་བ་མི་བ་ཡ་ཡཽ། །ཨ་དྷསྟཱ་ཏ་ལི་ཁི་ཏནྟ་སྨིན་

པ་དེ་དག་གཟིངས་ལ་ཞོན། །སིང་ག་ལ་ཡི་གླིང་ཕྱིན་ནས། །དེ་ལ་ཐང་སྐུ་རབ་ཏུ་བསྟན། །གསེར་གྱི་སེང་གེའི་ཁྲི་བཀོད་པའི། །རས་ལ་དེ་བཞིན་གཤེགས་མཐོང་ནས། །དེ་ལས་བྱུང་བའི་བསམ་གཏན་གྱིས། །སྐྱེ་བོ་དགོངས་པ་གཅིག་བཞིན་གྱུར། །དེ་ཡི་འོག་ན་བྲིས་པ་ནི། །བསོད་ནམས་

เล่ม ๑๗๐ · หน้า 77a

པུ་ཎྱཱ་བྲཱ་སྱ་མ་དྲྀ་ཤྱ་ཏ། །ཏི་སྲཿཤ་ར་ཎྱཱ་ག་ཏ་ཡཿཔཉྩ་ཤིཀྵཱ་པ་དཱ་ནི་ཙ། །པ་སྲ་ཏཱི་ཏྱ་ས་མུཏྤ་དཿསཱ་ནུ་ལོ་མ་བི་པཪྻ་ཡཿ། །ཨཱ་ཪྻ་ཥྚཾ་གསྟ་ཐཱ་མཱརྒཿཔ་ར་མཱ་མྲྀ་ཏ་ནིརྦྷ་

ཀྱིས་འཐོབ་མཐོང་གྱུར་པ། །སྐྱབས་སུ་འགྲོ་བ་གསུམ་དག་དང་། །བསླབ་པའི་གནས་ནི་ལྔ་ཡང་ངོ་། །ལུགས་ལས་འབྱུང་དང་ལྡོག་བཅས་པའི། །རྟེན་ཅིང་འབྲེལ་པར་འབྱུང་དང་བཅས། །དེ་བཞིན་འཕགས་ལམ་ཡན་ལག་བརྒྱད། །མཆོག་གི་བདུད་རྩིས་རྫོགས་གྱུར་

རཿ། །སྭ་ཡཾ་གྷ་ག་བ་ཏཱ་ནསྟཾ་ཏ་སྱོ་པ་རི་སུ་བྷཱ་ཥི་ཏཾ། །པཱ་བྷཱཿསེ་བྷ་བ་ནཱ་ལཱི་ནབྷྲཱ་ཛིཥྞུ་ཀ་ན་ཀཱ་ཀྵ་རཾ། །བི་ཥ་མ་བི་ཥ་ཡཱ་ལོ་ལ་བྱཱ་ལཱ་བ་ལཱི་བ་ལ་ཡཱ་ཀུ་ལཱཏ་ཏ་རུ་ཎ་ཏི་མི་རཱནྣིཥྦཱ་མྱ་སྨཱཏ་པྲ་

པའོ། །དེ་ཡི་སྟེང་དུ་ལེགས་བཤད་ནི། །གསེར་གྱི་ཡི་གེ་རབ་མཛེས་པར། །དགོངས་པ་མཉམ་གཞག་བཅོམ་ལྡན་འདས། །རང་གི་བཀོད་པས་མཛེས་གྱུར་པ། །སྐྱེ་དང་འཆི་བའི་ཉོན་མོངས་ཀྱིས་བཏབ་གདུང་བ་དྲག་པོ་རབ་རྒྱས་དག །མི་བཟད་ཡུལ་ནི་གཡོ་བའི་སྦྲུལ་གྱི་འཕྲེང་བས་

མོ་ཧཱ་གྲྀ་ཧཱཏ། །ཛ་ན་ན་མ་ར་ཎ་ཀླེ་ཤཱ་བེ་ཤཱ་པྲ་བྲྀཏྟ་པྲ་ཐུ་བྱ་ཐཱ་བྲ་ཛ་ཏ་ཤ་ར་ཎཾ་བཽདྡྷཾ་དྷརྨྨཾ་ནཱ་ཏྲ་བྷ་བཱཏ་བྷ་ཡཾ། །ཛི་ན་པྲ་ཀྲྀ་ཏི་ཀྲྀ་ཏིཾ་པུ་ཎྱཾ་པ་ཤིནྟཱ་པཱརྠི་བཱཏྨ་ཛཱ། །ཨ་ནཱ་དི་ཀཱ་ལོ་

དཀྲིས་ཤིང་དཀྲུགས་གྱུར་པ། །རབ་རིབ་རབ་རྒྱས་རབ་རྨོངས་ཕུག་གི་ཁང་པ་འདི་ལས་ཕྱིར་ཐོན་ལ། །སངས་རྒྱས་ཆོས་ལ་སྐྱབས་སུ་སོང་ཞིག་དེར་ནི་སྲིད་ལ་འཇིགས་པ་མེད། །དག་བྱེད་རྒྱལ་བའི་སྐུ་གཟུགས་ལ། །ས་ཡི་བདག་པོའི་བུ་མོས་བལྟས། །ཐོག་མེད་དུས་ནས་

เล่ม ๑๗๐ · หน้า 77b

པ་ཙཻ་ཏཱཾ་མུ་མཽ་ཙཱ་ཛྙཱ་ན་བཱ་ས་ནཱཾ། །པྲཱཾ་ཤུཥྐ་བཏ་ཀཱཉྩ་ན་ཀཱནྟ་ཀཱ་ཡཾ་སུ་སྐནྡྷ་མཱ་ཛཱ་ནུ་བྷཱུ་ཛཱ་བྷི་རཱ་མཾ། །དྷྱཱ་ནཱ་བ་དྷཱ་ཏྭཱརྷ་ནི་མཱི་ལི་ཏཱཀྵཾ་ལཱ་བ་ཎྱ་དྷཱ་རཱ་ཡི་ཏ་ཏུཾ་ག་ནཱ་སཾ། །སྭ་བྷཱ་བ་གྷ་བྱ་པྲ་བེ་

བསགས་པ་ཡི། །མི་ཤེས་བག་ཆགས་བཏང་བར་གྱུར། །རབ་མཐོ་གསེར་ཞུན་ལྟ་བུར་མཛེས་པའི་སྐུ། །ཕྲག་མཛེས་དཔུང་བ་པུས་མོའི་བར་མངོན་དགའ། །བསམ་གཏན་ལ་ཆགས་ཕྱེད་ནི་ཟུམ་པའི་སྤྱན། །མཛེས་སྡུག་རྒྱུན་བཞིན་རབ་ཏུ་མཐོ་བའི་ཤངས། །ངོ་བོ་ཉིད་ཀྱིས་མཛེས་པར་རྟོགས་

བྷཱ་ས་མཱ་ནཾ་པྲ་ལམྦ་ནིརྦྷཱུ་ཥ་ཎ་ཀརྞ་པཱ་ཤཾ། །བཱ་ལ་པྲ་བཱ་ལཱ་རུ་ཎ་བལྐ་ལཱཾ་ཀཾ་སཾ་སཀྟ་སནྡྷྱཱ་བྷྲ་མི་བ་དྲིཾ། །ཏྲི་ཥཱ་དི་ཤཱཾ་ཤི་ལ་མི་བཱ་དི་ཤནྟ་མཱ་ནནྡ་དཱ་ནོདྻ་ཏ་བགྷྲ་ཙནྟྲཾ། །ཀྵ་མཱ་གུ་ཎཾ་ཀྵྨོ་མི་བ་ཤིཀྵ་

བྱ་བ། །རྒྱན་མེད་སྙན་གྱི་ཞགས་པ་རིང་དུ་འཕྱང་། །ཐུན་མཚམས་སྤྲིན་ཆགས་ལྷ་ཡི་རི་བོ་བཞིན། །ལོ་འདབ་གསར་པ་ལྟར་དམར་ན་བཟས་མཚན། །འོད་ཀྱི་ཕྱོགས་ལ་ཚུལ་ཁྲིམས་སྟོན་པ་བཞིན། །ཞལ་གྱི་ཟླ་བས་ཀུན་དགའ་སྦྱིན་པར་བརྩོན། །བཟོད་པའི་ཡོན་ཏན་ས་ལ་སློབ་པ་བཞིན། །

ཡནྟཾ་པུ་ཎྱོ་ཙི་ཏཱཾ་སཱ་སུ་བྷ་གཾ་བི་ལོ་ཀྱ། །པྲ་ཎཱ་མ་པཪྻནྟ་ཀ་པོ་ལ་ཙུམྦི་ཀརྞྱོཏྤ་ལཱ་དྲིཿཔ་རི་བརྟྟ་ནེ་ན། །ནི་ར་སྱ་ནིཿསཱ་ར་ཤ་རཱི་ར་ཏྲྀཥྚི་ས་ཏྱཱ་ནུ་བྷཱ་བཾ་པ་ར་མཾ་པྲ་པེ་དེ། །སྲོ་ཏཿས་མཱ་པཏྟི་ཕ་ལ་པྲ་ཀཱ་ཤ་

བསོད་ནམས་ལས་སྐྱེས་སྐལ་བཟང་ལན་གསུམ་དུ། །བསྐོར་ནས་བཏུད་པས་རྣ་བའི་ཨུཏྤལ་དག །འཕྱང་བ་མཁུར་ཚོས་ལ་རེག་དེས་མཐོང་ནས། །སྙིང་པོ་མེད་པའི་ལུས་ལ་བལྟ་བ་སྤངས། །བདེན་པའི་མཐུ་ནི་དམ་པ་སྐྱེས་པར་གྱུར། །རྒྱུན་དུ་ཡང་དག་ཞུགས་པའི་འབྲས་བུ་དག །རབ་ཏུ་

เล่ม ๑๗๐ · หน้า 78a

མཱ་སཱ་དྱ་སཱ་ཏ་ཏྲ་ཀྵ་ལབྡྷ་བོ་དྷིཿ། །བི་ཙིཏྟ་ཡནྟཱི་སུ་ག་ཏ་པྲ་བྷཱ་བཾ་ས་མ་བྷྱ་དྷཱཏ་བིསྨ་ཡ་ཧཪྵ་བྷཱུ་མིཿ། །ཨ་ཧོ་མ་ཧཱ་མོ་ཧ་ཏ་མོ་ཧ་རེ་ཎ་དཱུ་རསྠི་ཏེ་ནཱ་པི་ཏ་ཐཱ་ག་ཏེ་ན། །པྲ་ས་ཧྱ་གྷཱ་སྭདྤ་པུ་ཥཱརྤི་ཏེ་

གསལ་བྱས་དེ་ཚེ་བྱང་ཆུབ་ཐོབ། །དེ་ཡིས་བདེ་གཤེགས་མཐུར་ནི་རྣམ་བསམས་ཤིང་། །ཡ་མཚན་དགའ་བའི་ས་ཡིས་མངོན་པར་སྨྲས། །ཀྱེ་མ་རྨོངས་པའི་མུན་ཆེན་འཕྲོག་བྱེད་པའི། །དེ་བཞིན་གཤེགས་པ་འོད་དང་ལྡན་པའི་སྐུ། །རིང་དུ་གནས་ཀྱང་རྣམ་པར་རྒྱས་པ་ཡི། །དཔལ་

(ཡ་‚ཡཾ་)བི་ཀཱ་ཤ་ལཀྵྨཱིཿཀུ་ཤ་ལམྦུ་ཛ་སྱ། །ཏཱིརྞོ་བྷ་བཿསཏྤྲ་ཎི་དྷ་ན་མཱཔྟཾ་པྲ་བནྟ་ཡནྟཿཀ་ར་ཎཾ་ཀྵ་ཎེ་ན། །ཨ་ཧོ་ནུ་ཏྲྀཥྞཱ་པ་རི་ཏཱ་པ་ཤཱནྟྱཻ་ས་མུཙྪ་ལནྟཱི་བ་ཤ་མཱ་མྲྀ་ཏཽ་གྷཱཿ། །ཨི་ཏྱུཀྟྭ་སཱ་བྷ་ག་བ་ཏེ་མུཀྟ་རཏྣ་ནྻུ་པ་ཡ་ནཾ། །བི་ཏཱིདྱ་

འདི་དགེ་བའི་ཆུ་སྐྱེས་དག་ལ་སྟེར། །སྐད་ཅིག་གིས་ནི་སྲིད་བསྒྲལ་དམ་པ་ཡིས། །སྨོན་ལམ་ཐོབ་ཅིང་ནང་གི་བྱེད་རབ་དང་། །ཀྱེ་མ་སྲེད་པའི་ཡོངས་གདུང་ཞི་བའི་སླད། །ཞི་བའི་བདུད་རྩིའི་ཆུ་བོ་རབ་འཕྱུར་བཞིན། །འདི་བརྗོད་དེ་ཡིས་བཅོམ་ལྡན་ལ། །མུ་ཏིག་རིན་ཆེན་རྣམས་ཀྱི་སྐྱེས། །དགེ་འདུན་

སཾ་གྷ་པཱུ་ཛཱ་ཡཻ་བི་ས་སརྫ་བ་ཎིགྫ་ནཾ། །ཏེ་མ་ཧོ་ད་དྷི་མུཏྟཱི་བྱ་པྲཱཔྟཱ་བྷ་ག་བ་ཏོནྟི་ཀཾ །ཏནྨུཀྟ་རཏྣ་ནི་ཀ་ར་པྲ་ཎ་མྱ་སྨཻ་བྱ་བེ་ད་ཡན། །བ་ཎིགྦྷིཿཀ་ཐི་ཏཱཾ་ཤྲུ་ཏྭཱ་ཏཏྐ་ཐཾ་ཏ་ཏྲ་བྷིཀྵུ་ཎཱ། །ཨཱ་ནནྡ་ནཱམྣཱ་པྲྀཥྚཽ་ཐ་བ་

མཆོད་སླད་ཚོང་པ་ཡི། །སྐྱེ་བོ་ལ་བསྐུར་བཏང་བར་གྱུར། །དེ་དག་ཆུ་གཏེར་ཆེ་སྒྲོལ་ནས། །བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན། །དེ་ཡིས་མུ་ཏིག་རིན་ཆེན་ཚོགས། །ཕྱག་འཚལ་ནས་ནི་དེ་ལ་ཕུལ། །དེར་ནི་ཚོང་པས་དེ་ཡི་གཏམ། །བཤད་པ་ཐོས་ནས་དགེ་སློང་ནི། །ཀུན་དགའ་བོ་ཞེས་བྱ་བས་དྲིས། །དེ་ནས་

เล่ม ๑๗๐ · หน้า 78b

བྷཱ་ཥེ་བྷ་ག་བཱན་ཛི་ནཿ། །ཡཱ་སཽ་པུ་རཱ་རོ་ཧི་ཏཱ་ཁྱཱ་དཱ་སི་ཤཱཀྱཱ་གྲྀ་ཧ་བྷ་བཏ། །སཻ་བ་མུཀྟཱ་ལ་ཏཱ་ཛཱ་ཏཱ་སཏྐརྨྨ་པྲ་ཎི་དྷཱ་ན་ཏཿ། །ཨ་བྷཱུད་མ་ཧཱ་དྷ་ནོ་ནཱ་མ་བཱ་རཱ་ཎ་སྱཱཾ་བ་ཎི་ཀ་པུ་རཱ། །ཏ་སྱ་རཏྣ་པ་ཏཱི་ནཱ་མ་པཏྣཱི་པུ་ཎྱོ་

བཅོམ་ལྡན་རྒྱལ་བས་གསུངས། །གང་འདི་ཤཱཀྱའི་ཁྱིམ་དུ་སྔོན། །རོ་ཧི་ཏ་ཞེས་འབངས་མོར་གྱུར། །དེ་ཉིད་མུ་ཏིག་འཁྲི་ཤིང་དུ། །སྨོན་ལམ་དམ་པའི་ལས་ཀྱིས་སྐྱེས། །ནོར་ཆེན་ཞེས་པའི་ཚོང་པ་ནི། །བཱ་རཱ་ཎ་སཱིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབ་བསོད་ནམས་ཅན། །རིན་ཆེན་ལྡན་

ཅི་ཏཱ་བྷ་བཏ། །སཱ་པ་ཏྱཽ་པཉྩ་ཏཱ་ཡཱ་ཏེ་ནིཿཔུ་ཏྲཱ་སྟཱུ་པ་ཤེ་ཁ་རེ། །པཱུ་ཛཱཾ་ཀྲྀ་ཏྭཱ་མ་ཧཱ་ཧཱ་རཾ་བྷཀྟི་ཡུཀྟཱ་ནྱ་བེ་ད་ཡཏ། །ཏེ་ན་པུ་ཎྱ་བི་པཱ་ཀེ་ན་སིཾ་ཧ་ལཱ་དྷི་པ་ཏེཿསུ་ཏཱ། །ཛཱ་ཏཱ་མུཀྟཱ་ལ་ཏཱ་སཻ་བ་པྲཱཔྟཱ་ཙ་པ་རི་ནིརྦྲྀ་

ཞེས་བྱ་བར་གྱུར། །བདག་པོ་ལྔ་པ་ཉིད་གྱུར་ཚེ། །བུད་མེད་དེ་ཡིས་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དེས་དེ་ཉིད། །སིང་ག་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །ཡོངས་སུ་མྱ་ངན་འདས་པའང་

ཏིཾ། །སཻ་བ་ཛནྨ་ནི་ཙཱ་ནྱསྨིནྣཻཤྭདྱ་མ་ད་མོ་ཧི་ཏཱ། །པཱུ་ཛྱཱ་དྷི་ཀྵེ་པ་ད་ཀྵ་བྷཱུཏ་དཱ་སཱི་ཏེ་ནཱ་ཏི་བཙྩ་རཾ། །ཛནྨ་ཏེ་ཛ་ནེ་ནོཔྟཾ་ཡདྻད་ཀརྨ་ཤུ་བྷཱ་ཤུ་བྷཾ། །ཏ་སྱ་ཏ་སྱ་ས་ཏད་རཱུ་པཾ་བྷུཾ་ཀྟེ་པ་རི་ཎ་ཏི་ཕ་ལཾ། །ནི་

ཐོབ། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་ལ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དང་མི་དགེའི་ལས་གང་གང་། །སྐྱེ་བའི་ཞིང་ལ་སྐྱེ་བོས་བཏབ། །དེ་དང་དེ་ཡི་རང་བཞིན་དེ། །ཡོངས་སུ་སྨིན་པའི་འབྲས་བུ་སྤྱོད། །དགེ་བ་

เล่ม ๑๗๐ · หน้า 79a

ཁི་ལ་ཀུ་ཤ་ལ་མཱུ་ལཱ་ཀཱིརྟི་པུཥྤ་ཛྭ་ལ་ཤྲཱི་ཤུ་བྷ་ཕ་ལ་བྷ་ར་སཱུ་ཏིརྡྷརྨ་བལླཱི་ན་རཱ་ཎཱཾ། །བྷ་བེ་ཏི་ཙ་བི་ཥ་བལླཱི་ཀིལྤི་ཥ་ཀླེ་ཤ་མཱུ་ལ་བྷྲ་མ་ཎི་པ་ཏ་ན་མོ་ཧཱ་ནནྟ་སཾ་ཏཱ་བ་ཧེ་ཏུཿ། །

མཐའ་དག་རྩ་བ་གྲགས་པའི་མེ་ཏོག་དཔལ་རབ་འབར། །ལེགས་དཔྱད་འབྲུ་ཡི་ཚོགས་བསྐྱེད་ཆོས་ཀྱི་འཁྲི་ཤིང་མི་རྣམས་ཀྱིས། །སྡིག་དང་ཉོན་མོངས་རྩ་བ་འཁྲུལ་ཞིང་ལྟུང་དང་རྨོངས་པ་དང་། །མཐའ་ཡས་ཡོངས་སུ་གདུངས་གྱུར་དུག་གི་འཁྲི་ཤིང་དག་ཀྱང་ཡིན། །

སནྟཔྟེ་སྨིན་ཁ་ར་ཏ་ར་མ་རུ་སྥཱ་ར་སཾ་སཱ་ར་མཱརྒེ་པཱ་པཾ་པཱ་པ་ཏྱ་ཛ་ཏ་ཛ་ན་ཏཱཿསཀྟ་ཏཱི་བྲཱ་ནུ་ཏཱ་སཾ། །པུ་ཎྱཾ་པུ་ཎྱཾ་ཀུ་རུ་ཏ་ས་ཏ་ཏཾ་པུ་ཎྱ་པཱི་ཡཱུ་ཥ་པིཀྟཱཿཔུ་ཎྱེ་ཙྪཱ་ཡཱ་ཏ་ཏུ་ཏ་ལ་བྷུ་བཿཤཱི་ཏ་ལཱཿཔུ་ཎྱ་

རབ་རྩུབ་མྱ་ངམ་དུ་གསལ་འཁོར་བའི་ལམ་ནི་ཤིན་ཏུ་གདུང་བ་འདིར། །དྲག་པོར་རྗེས་སུ་གདུང་ལྡན་སྡིག་པ་སྡིག་པ་བོར་ཅིག་སྐྱེ་བོ་དག །རྟག་ཏུ་བསོད་ནམས་བསོད་ནམས་མཛོད་ཅིག་བསོད་ནམས་བསྟེན་པ་རྣམ་དག་གི །བསོད་ནམས་བདུད་རྩིས་བྲན་པའི་བསོད་ནམས་གྲིབ་བསིལ་

བྷཱ་ཛཱཾ། །ཨི་ཏི་སཏྤྲ་ཎི་དྷཱ་ན་སྱ་ཕ་ལཾ་ཀ་ཐ་ཡ་ཏ་སྭ་ཡཾ། །བྷི་ཀྵུ་ཎཱ་མུ་པ་དེ་ཤ་ཡཾ་བྷེཀྟྱེ་བྷ་ག་བཱ་ཏཱ་ཀྲི་ཏཿ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་མུཀྟཱ་

ཤིང་གི་ས་གཞི་བསིལ། །དེ་ལྟར་སྨོན་ལམ་དམ་པའི་འབྲས། །བཤད་པ་ཡིས་ནི་གདམས་ངག་འདི། །དགེ་སློང་རྣམས་ནི་གུས་པའི་སླད། །བཅོམ་ལྡན་རང་གིས་མཛད་པ་ཡིན། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་

เล่ม ๑๗๐ · หน้า 79b

ཡ་ཏཱ་བ་དཱ་ནཾ་སཔྟ་མཿཔལླ་ཝཿ།། །།ཀྲྀ་ཏཱ་པ་ཀཱ་རེ་པི་ཀྲྀ་པཱ་ཀུ་ལཱ་ན་ཀྲཱུ་རེ་པྱ་ལམ་པལླ་ཀོ་མ་ལཱ་ནི། །དྭོ་ཥོཥྨ་ཏཔྟེ་པྱ་ཏི་ཤཱི་ཏ་ལཱ་ནི་བྷ་བནྟི་ཙིཏྟཱ་ནི་བི་དཱ་ཤ་ཡཱ་ནཱཾ། །པུ་རཱ་སུ་ར་པུ་

ཤིང་ལས་མུ་ཏིག་འཁྲི་ཤིང་གི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བདུན་པའོ།། །།བསམ་པ་རིག་པ་རྣམས་ཀྱི་ཐུགས་དག་ནི། །གནོད་པ་བྱེད་པ་ལ་ཡང་སྙིང་རྗེ་རྒྱས། །དྲག་པོར་གྱུར་པ་ལ་ཡང་འདབ་ལྟར་མཉེན། །ཞེ་སྡང་ཚ་གདུང་ལ་ཡང་ཤིན་ཏུ་བསིལ། །གྲོང་ཁྱེར་རྒྱལ་པོའི་

རོ་དཱ་རེ་པུ་རེ་རཱ་ཛ་གྲྀ་ཧཱ་བྷི་དྷེ། །ཤྲཱི་གུཔྟཱ་ཁྱོ་གྲྀ་ཧ་པ་ཏིརྦ་བྷཱུ་དྷ་ན་དོ་ས་མཿ། །དྲྀཔྟཿསུ་ཛ་ན་བི་དྭེ་ཥཱི་གུ་ཎེ་ཥུ་གི་ར་ཏཱ་ད་རཿ། །ས་དཱ་དྷ་ན་མ་དཱ་དྷྨ་ཏཿས་ཛ་ཧཱ་ས་མ་ཏིཾ་པ་ཏཱཾ། །ཀ་ཋི་ནེ་ཥྭ་ཏི་བ་ཀྲེ་

ཁབ་ཅེས་པ། །ལྷ་ཡི་གྲོང་ལྟར་རྒྱ་ཆེར་སྔོན། །ཁྱིམ་བདག་དཔལ་སྦས་ཞེས་བྱ་བ། །ནོར་སྦྱིན་ལྟ་བུ་བྱུང་བར་གྱུར། །སྐྱེ་བོ་ལེགས་ལ་སྡང་ཞིང་དྲེགས། །ཡོན་ཏན་རྣམས་ལ་གུས་པ་བཏང་། །རྟག་ཏུ་ནོར་གྱིས་རྒྱགས་མྱོས་ཏེ། །དམ་པ་རྣམས་ཀྱི་བློ་ལ་རྒོད། །སྲ་ཞིང་ཤིན་ཏུ་འཁྱོག་པ་དང་། །

ཥུ་ཤཱུ་ནྱེ་ཥུ་མུ་ཁ་རེ་ཥུ་ཙ། །ཤཾ་ཁི་ཥྭི་བ་ཁ་ལེ་ཥྭེ་ལཀྵྨཱིརྟཱ་ཀྵི་ཎྱ་མཱ་ཤྲི་ཏཱ། །ཏི་ཀ་དཱ་ཙི་ཏ་གུ་རུརྫྙཱ་ཏི་པུ་ཏྲཿཀྵ་པ་ཎ་ཀཿཁ་ལཿ། །མི་ཐཿསྭཻ་རཾ་ཀ་ཐཱ་སཀྟཿཔུ་ཎྱ་དྭེ་ཥཱ་ད་བྷ་ཥ་ཏ། །ཡ་ཨེ་ཥ་གྲྀ་དྷྲ་ཀཱུ་ཊཱ་ཁྱེ་གི་

སྟོང་ཞིང་མུ་ཅོར་སྒྲོག་པ་ཡི། །དུང་ཉིད་ལ་བཞིན་མི་བསྲུན་ལ། །དཔལ་འབྱོར་ཡོན་དུ་སྟེན་པར་བྱེད། །དེ་ལ་ནམ་ཞིག་ཟད་བྱེད་པ། །བླ་མ་མི་བསྲུན་གཉེན་གྱི་བུས། །དབེན་པར་དམན་པའི་གཏམ་ལ་ཆགས། །བསོད་ནམས་དག་ལ་སྡང་ལས་སྨྲས། །གང་འདི་བྱ་རྒོད་སྤུངས་ཞེས་པའི། །རི་ལ་

เล่ม ๑๗๐ · หน้า 80a

རཽ་བྷི་ཀྵུ་ཤ་ཏེརྦྲྀ་ཏཿ། །སརྦ་ཛྙ་ཀཱིརྟྱོ་སུ་ག་ཏ་སྟྲི་ཛ་ག་ཏ་པཱུ་ཛྱ་ཏཱཾ་ག་ཏཿ། །ནཻ་བཱ་སྱ་པྲ་ཏི་བྷཱཾ་ཀཱཉྩིཏ་བྷ་བྱཱ་མུ་པ་ལ་བྷཱ་མ་ཧེ། །ནཱི་ཏཿཀིཾ་ཏཱུནྣ་ཏིཾ་མཱུརྑཻརྦྷ་ག་བཱན་བྷ་ག་བཱ་ནི་

དགེ་སློང་ལྔ་བརྒྱས་བསྐོར། །བདེ་གཤེགས་ཀུན་མཁྱེན་ཞེས་གྲགས་ཤིང་། །འགྲོ་གསུམ་མཆོད་བྱ་ཉིད་གྱུར་པ། །འདི་ཡི་རྫུ་འཕྲུལ་མཆོག་དག་ནི། །ཅི་ཡང་བདག་གིས་མ་དམིགས་ཏེ། །འོན་ཀྱང་བླུན་པོས་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཞེས་མཐོ་བ་

ཏི། །ཨ་བི་ཙཱཪྻཻ་བ་ས་ཏ་ཏཾ་པ་རོཀྟ་མ་ནུ་བྷཱ་ཥ་ཏེ། །ག་ཏཱ་ནུ་ག་ཏི་ཀཿཔྲ་ཡཿཔྲ་སིདྷི་ས་ར་ཎོ་ཛ་ནཿ། །བྲ་ཏཱ་དི་ནི་ཡ་མསྟ་སྱ་དཾ་བྷ་ཨེ་བ་པི་བྷཱ་བྱ་ཏེ། །ཨསྣཱ་ཏི་མཽ་ན་ཀྲྀཏྨཏྶྱ་ནེ་ཀ་པ་ད་བྲ་ཏོ་བ་ཀཿ། །

ཐོབ། །རྟག་ཏུ་རྣམ་པར་མ་དཔྱད་ཉིད། །ཕ་རོལ་བརྗོད་པའི་རྗེས་སུ་བརྗོད། །སྐྱེ་བོ་ཕལ་ཆེར་གྲགས་པ་ཡི། །ལམ་དུ་སོང་བའི་རྗེས་སུ་འགྲོ། །དེ་ཡི་བརྟུལ་ཞུགས་ལ་སོགས་ཀྱིས། །ངེས་པ་ཚུལ་འཆོས་ཉིད་དུ་རྟོགས། །ཆུ་སྐྱར་མི་སྨྲ་རྐང་གཅིག་གིས། །བརྟུལ་ཞུགས་བཟུང་ནས་ཉ་རྣམས་ཟ། །

ཏསྨཱཏྟ་སྱོ་པ་ཧཱ་སཱ་ཡ་ཀྲྀ་ཡ་ཏཾ་ཀཱ་པི་བཉྩ་ནཱཾ། །མཱ་ཡཱ་མོ་ཧི་ཏཱ་དྷཱུརྟཱ་ནཱཾ་པ་རོ་པི་ཏུ་ཥྱ་ཏི། །ཨི་ཏི་ཏེ་ནོཀྟ་མཱ་ཀརྞྱ་ཤྲཱི་གུཔྟཿཀརྨ་མོ་ཧི་ཏཿ། །པ་ཏི་ཏུཾ་པཱ་ག་ཤྭ་བྷྲེ་ཡུཀྟྱཱ་ཏ་དུ་པ་དིཥྚ་ཡཱ། །

དེས་ན་ཉེ་བར་བགམ་པའི་སླད། །དེ་ལ་སླུ་བ་འགའ་ཞིག་བགྱི། །གཡོ་སྒྱུ་ཅན་རྣམས་སྒྱུ་མ་ཡིས། །རྨོངས་ནས་གཞན་ཡང་ཡོངས་སམ་འགྱུར། །དེ་ཡིས་དེ་སྐད་བརྗོད་ཐོས་ནས། །ལས་ཀྱིས་རྨོངས་པའི་དཔལ་སྦས་ནི། །སྡིག་པའི་གཡང་ལ་མཆོང་བའི་སླད། །དེ་ཡིས་བསྟན་པའི་རིགས་པ་ཡིས། །

เล่ม ๑๗๐ · หน้า 80b

པྲ་དཱིཔྟ་ཁ་དི་རཱཾ་གཱ་རཱ་པཱུརྞཾ་གཱུ་ཌྷཾ་ཁ་དཱཾ་གྲྀ་ཧེ། །ཀྲྀ་ཏྭཱ་པ་བི་ཥ་མ་ལུཉྩ་ཡ་ཡཽ་བྷ་ག་བ་ཏོནྟི་ཀཾ། །ཏེ་ན་མི་ཐྱཱ་བི་ཧི་ཏ་ཡ་བྷཀྟྱཱ་བྷོཀྟུཾ་ནི་མནྟྲི་ཏཿ། །བི་ཛྙཱ་ཡ་སརྦཾ་སརྦ་ཛྙཱསྟ་ཐེ་ཏི་པྲ་ཧ་ས་སྨི་ཏ། །

ཁྱིམ་དུ་གསང་དོང་སེང་ལྡེང་གིས། །སོལ་བ་རབ་འབར་གྱིས་ཁེངས་དང་། །དུག་ལྡན་ཟས་ཀྱང་བྱས་ནས་ནི། །བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་། །བརྫུན་གྱིས་བསྐྲུན་པའི་གུས་པ་ཡིས། །དེ་ཡི་ཟས་ལ་མགྲོན་དུ་སོང་། །ཐམས་ཅད་རྣམ་རིག་ཀུན་མཁྱེན་གྱིས། །དེ་བཞིན་ནོ་ཞེས་འཛུམ་བཅས་གསུངས། །

མི་ཋཱགྣི་ཡོ་ག་ཀུ་པི་ཏཱཾ་པཏྣིཾ་སདྡྷརྨ་བཱ་དཱི་ནཱིཾ། །གྲྀ་ཧེ་བ་བནྡྷ་ཤྲཱི་གུཔྟཿཤཾ་ཀི་ཏོ་མནྟྲ་བི་ཤྲ་བཱཏ། །ཨ་ཐ་བི་ཛྙཱ་ཏ་པྲྀ་ཏོ་པི་བྷ་ག་བཱན་སྭ་ཡ་མཱ་ཡ་ཡཽ། །བནྡྱ་མཱ་ནོ་ཛ་ག་བནྡྱཻ་ཤྩ་ཏུརྨུ་ཁ་མུ་ཁཻཿསུ་

དུག་དང་མེ་སྦྱོར་ལ་ཁྲོས་པའི། །ཁྱིམ་ཐབ་ཆོས་ནི་སྨྲ་བ་མོ། །གྲོས་ནི་ཟགས་སུ་དོགས་པ་ཡིས། །དཔལ་སྦས་ཀྱི་ནི་ཁྱིམ་དུ་བཅིངས། །དེ་ནས་སྤྱོད་ཡུལ་མཁྱེན་གྱུར་ཀྱང་། །འགྲོ་བས་ཕྱག་འོས་གདོང་བཞི་སོགས། །ལྷ་རྣམས་ཀྱིས་ནི་ཕྱག་འཚལ་ཞིང་། །བཅོམ་ལྡན་རང་ཉིད་གཤེགས་པར་

རཻཿ། །ཤྲཱི་གུཔྟ་སྱ་ཏ་མཱ་རཾ་བྷཾ་བི་བེ་ད་ན་ག་རེ་ཛ་ནཿ། །དིཀྵུ་དྷཱ་བ་ཏི་པཱ་པཱ་ནཱཾ་སུ་གུཔྟ་མ་པི་པཱ་ཏ་ཀིཾ། །ཏ་ཏཿཀཤྩི་ཏ་ས་མ་བྷྱེ་ཏྱ་བྷ་ག་བནྟ་མུ་པཱ་སི་ཀཿ། །ཨུ་བཱ་ཙ་ཙ་ར་ཎཱ་ནཱི་ནཤྩིནྟ་ཡན་ག་ཧ་ན་

གྱུར། །དཔལ་སྦས་ཀྱིས་ནི་བརྩམས་པ་དེ། །གྲོང་ཁྱེར་དག་ཏུ་སྐྱེ་བོས་རིག །སྡིག་ཅན་རྣམས་ཀྱི་སྡིག་པ་ནི། །ཤིན་ཏུ་སྦས་ཀྱང་ཕྱོགས་རྣམས་རྒྱུག །དེ་ནས་དགེ་བསྙེན་དག་ཅིག་ནི། །བཅོམ་ལྡན་འདས་ལ་མངོན་ཕྱོགས་ཏེ། །མེ་དང་དུག་ལ་སེམས་བྱེད་ཅིང་། །ཞབས་ལ་རབ་ཏུ་གཏུགས་

เล่ม ๑๗๐ · หน้า 81a

བི་ཥཾ། །མི་ཐྱཱ་ན་མྲཿཔྲི་ཡཱ་ལཱ་པཱི་གཱུ་ཌྷ་བ་ཧྣི་བི་ཥཱནྣ་དཿ། །པ་རི་ཧཱཪྻྻཿཔྲཏྣེ་ན་བྷ་ག་བནྣ་ཥ་དུརྫ་ནཿ། །ཀུཪྻཱ་ད་ནཱཪྻེ་ནཱ་ཤྭཱ་སི་ཀཱཪྻནྨ་དྷུཪྻ་མཱ་ཤྲཱི་ཏེ། །ཨནྟྲ་ཙྪེ་དཱི་པི་གཱིརྞོ་

ནས་སྨྲས། །རྫུན་གྱིས་ཕྱག་འཚལ་སྙན་པར་སྨྲས། །གསང་ནས་མེ་དང་དུག་ཟས་སྟེར། །བཅོམ་ལྡན་རབ་ཏུ་འབད་པ་ཡིས། །སྐྱེ་བོ་ངན་འདི་ཡོངས་གཏང་འོས། །དོགས་པས་སྙན་སྨྲ་ལ་བརྟེན་ནས། །འཕགས་པ་མིན་རྣམས་དབུགས་འབྱིན་བྱེད། །གང་ཕྱིར་སྦྲང་རྩིས་ཁ་

ཧི་མ་དྷུ་དིགྡྷ་མུ་ཁཿཀྵུ་རཿ། །ནཱ་ནྱ་སྟུ་ཏིཾ་གུ་ཎ་དྭེ་ཥྭི་ས་ཧ་ཏེ་གུ་ཎི་ནཱཾ་ཁ་ལཿ། །སནྟསྟུ་ཥྱནྟི་ཡེ་བ་ན་ཏེ་ན་ཀུ་པྱནྟི་དུརྫ་ནཱ། །ཏྭ་ཡཾ་ལོ་ཀ་ཏྲ་ཡེ་ནེ་ཏྲ་ཤ་ཏ་པཏྟྲ་བི་ཀཱ་ཤི་ནི། །ཨ་སྱ་རཱ་ཧོཿཔ་དཾ་པྲཔྟེ་ནཱནྡྷཱི་

བྱུགས་པའི། །སྤུ་གྲི་མིད་ན་རྒྱུ་མ་གཅོད། །ཡོན་ཏན་ལ་སྡང་མི་བསྲུན་པས། །ཡོན་ཏན་ཅན་གཞན་བསྟོད་མི་བཟོད། །གང་གིས་དམ་པ་དགེས་འགྱུར་ཉིད། །དེ་ཡི་སྐྱེ་བོ་ངན་པ་ཁྲོ། །འཇིག་རྟེན་གསུམ་གྱི་མིག་དག་ནི། །འདབ་བརྒྱ་རྣམ་པར་རྒྱས་བྱེད་ཁྱོད། །སྒྲ་གཅན་འདི་ཡི་གནས་ཐོབ་ན། །འགྲོ་

བྷ་བ་ཏི་ཀིཾ་ཛ་གཏ། །ཏཙྪུ་ཏྭཱ་བྷ་ག་བཱ་ནཱུ་ཙེ་ཀིཉྩི་ཏ་སྨི་ཏ་སི་ཏཱཾ་ཤུ་བྷིཿ། །ཏནྣི་ཀཱ་རོ་གྲ་ཏི་མི་རཾ་དཱུ་རཱཏ་པ་རི་ཧ་རནྣི་བ། །ན་མ་མཱཾ་གཾ་སྤྲྀ་ཤ་ཏྱགྣིཿཔྲ་བྷ་བ་ཏྱ་པི་བཱ་བི་ཥཾ། །པ་ར་དྭེ་ཥ་ད་རི་དྲ་ཎཱཾ་དོ་ཥོ་

བ་ལོང་བ་མིན་པ་ཅི། །དེ་ནས་བཅོམ་ལྡན་ཅུང་ཟད་ནི། །འཛུམ་པའི་ཟེར་དཀར་དག་གིས་དེའི། །གནོད་པ་མི་བཟད་རབ་རིབ་དག །རིང་ནས་ཡོངས་སུ་སེལ་བཞིན་གསུངས། །བདག་གི་ལུས་ལ་མེས་རེག་དང་། །དུག་གིས་ཀྱང་ནི་ཚུགས་པ་མིན། །གཞན་ལ་སྡང་བས་བས་དབུལ་རྣམས་ལ། །སྐྱོན་

เล่ม ๑๗๐ · หน้า 81b

པི་ནི་རུ་པ་དྲ་བཿ། །ཨ་རོ་ཥ་ཤཱི་ཏ་ལ་ཙེ་ཏཿསིཀྟཾ་ཡ་སྱ་ཤ་མཱ་མྲྀ་ཏཻཿ། །ཀིཾ་ཀ་རོ་ཏྱོ་ན་ལ་སྟ་སྱ་བི་ཥཾ་བཱ་བི་ཥ་ཡ་དྭི་ཥཿ། །བི་ཥཱ་ཡ་ཏེ་ཏུ་པཱི་ཡཱུ་ཥ་ཀུ་སུ་མཾ་ཀུ་ལི་ཤ་ཡ་ཏེ། །དྭོཥ་དྭོ་ཥ་ཏུ་ར་སྱཻ་བ་ཙནྡ་ནཾ་ད་ན་ཡ་

གྱིས་ཀྱང་ནི་ཉེར་འཚེ་མེད། །གང་གིས་སེམས་ནི་མི་ཁྲོ་བསིལ། །ཞི་བའི་བདུད་རྩིས་བྲན་གྱུར་པ། །དེ་ལ་མེ་ཡིས་ཅི་བྱ་སྟེ། །ཡུལ་གྱི་དགྲ་ལ་དུག་གིས་ཀྱང་། །ཞེ་སྡང་སྐྱོན་གྱིས་གཟིར་བ་ལ། །བདུད་རྩི་དུག་ཉིད་བཞིན་དུ་སྤྱོད། །མེ་ཏོག་རྡོ་རྗེ་བཞིན་དུ་སྤྱོད། །ཙནྡན་སྲེག་བྱེད་བཞིན་དུ་

ཏེ། །ཏིཪྻོགྻ་ནི་ག་ཏ་སྱཱ་པི་བོ་དྷི་ས་ཏྭ་པ་ད་སྠི་ཏེཿ། །ཀཱ་རུ་ཎྱཾ་མཻ་ཏྲི་མུཀྟ་སྱ་ནཱགྣིརྡ་ཧ་ཏི་བི་གྲ་ཧཾ། །པུ་རཱ་ཀ་ལིཾ་ག་ནྲྀ་པ་ཏིཿཁཎྜ་དྭཱི་པཱ་བྷི་དྷཾ་བ་ནཱི། །ད་དཱ་ཧ་མྲྀ་ག་སཾ་གྷཱ་ནཱཾ་སཾ་ཀྵེ་

སྤྱོད། །བྱང་ཆུབ་སེམས་དཔའི་གོ་འཕང་གནས། །སྙིང་རྗེ་བྱམས་པ་དག་དང་ལྡན། །དུད་འགྲོའི་སྐྱེ་གནས་སོང་གྱུར་ཀྱང་། །ལུས་ནི་མེ་ཡིས་མི་འཚིག་གོ །ཀ་ལིང་ཀ་ཡི་མི་བདག་སྔོན། །རི་དྭགས་ཚོགས་རྣམས་འཇོམས་པ་ལ། །ཡང་དག་བརྩོན་པས་དུམ་བུའི་གླིང་། །ཞེས་

པཱ་ས་ས་མུདྻ་ཏཿ། །ཀཱ་ན་ནེ་ཛྭ་ལི་ཏེ་ཏསྨིནྣེ་ཀསྟིཏྟི་རི་ཤ་བ་ཀཿ། །མཻ་ཏྲྱཱ་བོ་དྷིཾ་ས་མཱ་ལཾ་བྱ་ད་ཧ་ན་པྲ་ཤ་མཾ་བྱ་པཱཏ། །ཏསྨཱ་ད་དྲོ་ཧ་མ་ན་སཾ་ན་བྷ་ཕཾ་བི་དྱེ་ཏེ་ཀྭ་ཙིཏ། །ཤྲཱུ་ཡ་ཏཱཾ་ས་ཏྭོ་

པའི་ནགས་ཚལ་བསྲེགས་པར་གྱུར། །ནགས་ཚལ་རབ་ཏུ་འབར་བ་དེར། །བྱིའུ་ཏི་ཏི་རི་གཅིག་པུ། །བྱམས་པའི་བྱང་ཆུབ་ལ་དམིགས་པས། །སྲེག་བྱེད་རབ་ཏུ་ཞི་བར་བསྒྲུབས། །དེ་ལས་འཁུ་མེད་ཡིད་ལྡན་རྣམས། །གང་དུ་ཡང་ནི་འཇིགས་པ་མེད། །སྙིང་སྟོབས་ཕུན་སུམ་

เล่ม ๑๗๐ · หน้า 82a

ས་མྤཏྟེ་རི་ད་མ་ནྱཙྪ་ཀཽ་ཏུ་ཀི། །ཨ་བྲྀ་ཥྚི་བི་ཥ་མེ་ཀཱ་ལེ་མུ་ནཿཀ་སྱ་ཙི་དཱ་ཤྲ་མེ། །མ་ནུ་ཥྱ་ས་དྲྀ་ཤཱ་ལཱ་པཿཤ་ཤ་ཀཿསུ་ཙི་རཾ་སྠི་ཏཿ། །ཀྵུ་ཏ་ཀྵ་མམྨུ་ནི་མཱ་ལོཀྱ་ཕ་ལ་མུ་ལ་པ་རི་ཀྵ་ཡཱཏ། །ཨུ་

ཚོགས་པ་ཡིས། །དགེ་མཚན་འདི་དང་གཞན་ཡང་ཉོན། །ཆར་མེད་མི་བཟད་དུས་སུ་ནི། །ཐུབ་པ་འགའ་ཡི་བསྟི་གནས་ན། །མི་དང་འདྲ་བར་བརྗོད་པ་ཡི། །རི་བོང་ཞིག་ནི་ཡུན་རིང་གནས། །འབྲས་བུ་རྩ་བ་ཡོངས་ཟད་པས། །ལྟོགས་རིད་ཐུབ་པ་མཐོང་གྱུར་ནས། །བསམ་

བཱ་ཙ་ཙ་ལ་སཾ་ཀལྤསྟདྦྱ་ཐཱ་བྱ་ཐི་ཏཱ་ཤ་ཡཿ། །བྷ་ག་བཱན་མ་མ་མཱ་སེ་ན་སཾ་པྲ་ཏི་པྲཱ་ཎ་བརྟྟ་ནཾ། །ཀྲི་ཡ་ཏཱཾ་རཀྵ་ཎཱི་ཡཾ་ཏེ་ཤ་རཱི་རཾ་དྷརྨྨ་སཱ་དྷ་ནཾ། །ཨིཏྱུ་ཀྟྭཱ་དཱ་བ་ཤེ་ཥཱ་གྣཽ་བི་ཀྵེ་པ་ཤ་ཤ་ཀསྟ་ནུཾ། །བཱརྟ་མཱ་

པ་དེ་ཡི་གདུང་བས་གཟིར། གཡོ་མེད་ཀུན་ཏུ་རྟག་པར་སྨྲས། །བཅོམ་ལྡན་བདག་གི་ཤ་དག་གིས། །ད་ནི་སྲོག་གི་རྟེན་པོ་དག །མཛོད་ཅིག་ཆོས་ནི་སྒྲུབ་བགྱིད་པ། །ཁྱོད་ཀྱི་ལུས་ནི་བསྲུང་བར་འོས། །འདི་བརྗོད་ནགས་སྲེག་མཇུག་གི་མེར། །ཐུབ་པས་བྱམས་པས་ཡང་ཡང་དུ། །འབད་པ་

ནོ་པི་ཡཏྣཻ་ན་པྲ་ཎ་ཡཱཏ་མུ་ནི་ནཱ་མུ་ཧུཿ། །ཏ་སྱ་ས་ཏྭ་པྲ་བྷཱ་བེ་ན་ཛྭཱ་ལ་ཛྭཱ་ལཱ་ཀུ་ལོ་ན་ལཿ། །པྲ་ཡ་ཡཽ་མཉྫུ་ཤིཾ་ཛཱ་ན་བྷྲ་མ་རཱཾ་བྷཽ་ཛ་ཁཎྜ་ཏཱཾ། །སོ་པི་དི་བྱ་བ་པུ་སྟ་ཏྲ་ཀ་མ་ལེ་མ་ཧ་ཏི་སྠི་ཏཿ། །པྲ་ཎ་མྱ་མཱ་

ཡིས་ནི་བཟློག་གྱུར་ཀྱང་། །རི་བོང་གི་ནི་ལུས་པོ་འཕངས། །དེ་ཡི་སྙིང་སྟོབས་མཐུ་ཡིས་ནི། །འབར་བའི་ཚོགས་ཀྱིས་དཀྲིགས་པའི་མེ། །འཇམ་པའི་སྒྲ་སྒྲོགས་བུང་བ་ཅན། །པདྨོའི་རྫིང་བུར་རབ་ཏུ་གྱུར། །དེ་ཡང་ལྷ་ཡི་ལུས་ཀྱིས་དེར། །པདྨ་ཆེན་པོ་དག་ལ་གནས། །ཐུབ་པས་ཕྱག་འཚལ་

เล่ม ๑๗๐ · หน้า 82b

ནོ་མུ་ནི་ནི་བི་ད་དྷེ་དྷརྨདེ་ཤ་ནཱཾ། །ཨི་ཏི་བོ་དྷི་པྲ་བྲྀཏྟཱ་ནཱཾ་ན་བ་ཧྣེརྣ་བི་ཥཱཏ་བ་ཡཾ། །བྷ་ག་བཱན་ཀ་ཐ་ཡི་ཏྭེ་ཏི་ཤྲཱི་གུཔྟ་བྷ་བ་ནཾ་ཡ་ཡཽ། །ཏ་ཏྲ་ཏེ་ན་པྲ་བི་ཤྱཻ་བ་བི་ནི་ཀྵིཔྟེ་དཀྵི་ཎེ་པ་དེ། །བ་བྷཱུ་

ལྡན་པ་ལ། །ཆོས་རྣམས་རབ་ཏུ་བསྟན་པ་བྱས། །དེ་ལྟར་བྱང་ཆུབ་ཞུགས་པ་རྣམས། །འཇིགས་པ་མེས་མིན་དུག་གིས་མིན། །དེ་སྐད་གསུངས་ནས་བཅོམ་ལྡན་འདས། །དཔལ་སྦས་ཀྱི་ནི་ཁང་པར་གཤེགས། །དེས་ནི་དེ་རུ་ཞུགས་ཉིད་ན། །ཞབས་ནི་གཡས་པ་བཞག་པ་ཡིས། །མེ་ཡི་དོང་ནི་

བཱགྣི་ཁ་དཱ་མཉྫུ་གྲྀ་ཛཏ་བྷྀཾ་ག་ས་རོ་ཛ་ནཱི། །དྲྀཥྚོ་པ་བིཥྚཾ་ཤྲཱི་གུཔྟཾ་སྠཾ་ས་རོ་རུ་ཧ་བ་སྟི་རེ། །ཏད་དྲྀཥྚི་ནཥྚ་ཀཱ་ལུ་ཥྱཿསྲོ་བཱ་ཙ་ཙ་ར་ཎཱ་ན་ཏཿ། །བྷ་ག་བཱ་ན་མ་མ་པཱ་པ་སྱ་ཀྵནྟ་བྷྱཽ་ཡཾ་བྱ་ཏི་ཀྲ་མཿ། །མོ་ཧཱནྡྷེ་

མཚོ་སྐྱེས་ཅན། །བུང་བ་འཇམ་སྒྲོགས་ལྡན་པར་གྱུར། །མཚོ་སྐྱེས་ཁྲི་ལ་བཞུགས་པ་དེ། །དཔལ་སྦས་ཀྱིས་ནི་མཐོང་གྱུར་ནས། །དེ་མཐོང་སྡིག་པ་ཉམས་པ་ཡིས། །ཞབས་ལ་བཏུད་དེ་རབ་ཏུ་སྨྲས། །བཅོམ་ལྡན་བདག་ནི་སྡིག་ཅན་གྱིས། །རིམ་ལས་འདས་འདི་བཟོད་པར་བགྱི། །གཏི་མུག་

པ་ཏི་ཏཾ་རུ་ཙྱ་ཀཱ་རུ་ཎྱ་མ་དྷི་ཀཾ་ས་ཏཱཾ། །མ་མཱ་ཀ་ལྱཱ་ཎ་མི་ཏྲེ་ཎ་ཡོ་ཡཾ་པཱ་པ་པ་ཐེ་ཀྲྀ་ཏཿ། །ཨུ་པ་དེ་ཤཿཔྲ་མོ་ཧེ་ཎ་ཏ་ཏྲ་ཏྲཱ་ཎཾ་བྷ་བཏ་སྨྲྀ་ཏིཿ། །བི་ཥ་དིགྡྷ་ར་སཾ་སརྦྦཾ་བྷོ་ཛྱཾ་ཏེ་ཀལྤི་ཏམྨ་ཡཱ། །ཨ་ཧོ་

གིས་ལོང་ལྟུང་ཆགས་ལ། །དམ་པ་རྣམས་ནི་ཐུགས་རྗེས་ལྷག །བདག་ནི་མི་དགེའི་བཤེས་གཉེན་དག །རབ་ཏུ་རྨོངས་པས་སྡིག་པ་ཡི། །ལམ་ལ་ཉེ་བར་གདམས་པ་བྱས། །དེ་ལ་ཁྱོད་ཉིད་དྲན་པ་སྐྱབས། །ཁྱོད་ཀྱི་ཟས་དང་བཏུང་བ་ཀུན། །བདག་གིས་དུག་གིས་བསྒོས་པ་བྱས། །ཕྱི་ནས་

เล่ม ๑๗๐ · หน้า 83a

མ་མཻ་བ་སཾ་ཀྲཱནྟཾ་པཤྩཏྟཱ་པ་མ་ཡཾ་བི་ཥཾ། །ཨི་ཏི་ཤྲུ་བཱ་ཎཱཾ་ཤྲཱི་གུཔྟཾ་སཱ་ཤྲུ་ནེ་ཏྲ་ཀྲྀ་པཱ་ནི་དྷིཿ། །དྲྀཥྚྭཱ་བ་བྷཱ་ཥེ་བྷ་ག་བཱན་བྷིཀྵུ་སཾ་གྷ་སྱ་ཤྲི་ཎྭ་ཏཿ། །བི་ཥཱ་དམྨཱ་ཀྲྀཿཐ་སཱ་དྷོ་ན་བ་

གདུང་བའི་རང་བཞིན་དུག །ཀྱེ་མ་བདག་ཉིད་ལ་རང་ལ་འཕོ། །འདི་བརྗོད་དཔལ་སྦས་མཆི་མ་དང་། །བཅས་པའི་མིག་ལ་སྙིང་རྗེའི་གཏེར། །བཅོམ་ལྡན་འདས་ཀྱིས་གཟིགས་ནས་གསུངས། །དགེ་སློང་དགེ་འདུན་ཉན་པར་བྱེད། །ལེགས་པ་ཡི་མུག་མ་བྱེད་ཅིག །བདག་

ཡཾ་བི་མུ་ཁཱ་སྟྭ་ཡི། །གྷོ་ར་བཻ་ར་བི་ཥ་ཏྱ་གཱཏ་ན་བཱསྨཱན་ཏཱ་པ་ཏེ་པི་ཥི། །བཱ་རཱ་ཎ་སྱཱཾ་བུ་རཱ་ཤྲཱི་མཱན་བྲ་ཧྨ་དཏྟོ་བྷ་བཏ་ནྲྀ་པཿ། །ཨ་བྷཱུ་ད་ནུ་པ་མཱ་ནཱ་མ་ཏ་སྠ་པྲ་ཎ་ས་མཱ་ཤྲི་ཡཱ། །སུ་བརྞྞ་བྷཱ་ས་སཾ་ཛྙ་སྱ་ཏ་ཏ་པུ་རཱནྟ་

ཅག་ཁྱོད་ལ་ཕྱིར་མ་ཕྱོགས། །འཇིགས་རུང་ཁོན་གྱི་དུག་སྤངས་པས། །ངེད་ལ་དུག་གིས་གནོད་པ་མེད། །ཁྱོད་ནི་བཱ་རཱ་ཎ་སཱིར་སྔོན། །དཔལ་ལྡན་མི་བདག་ཚངས་བྱིན་གྱུར། །དེ་ཡི་སྲོག་དང་མཉམ་པ་ཡི། །དགའ་མ་དཔེ་མེད་མ་ཞེས་པའོ། །དེ་ནས་དེ་ཡི་གྲོང་ཁྱེར་མཐའི། །ནགས་གནས་རྨ་

བ་ན་སྠི་ཏེཿ། །ར་བམྨ་ཡཱུ་ར་རཱ་ཛ་སྱ་སཱ་ཀ་དཱ་ཐཱ་ཤྲྀ་ཎོ་ཏ། །སཱ་ཏ་སྱ་ཤཔྟ་མཱ་ཀརྞྱ་བཻ་རེ་བཱི་ཎཱ་སྲ་ནོ་པ་མཾ། །ཀི་མེ་ཏ་དི་ཏི་ས་པྲཙྪ་ན་ར་ནཱ་ཐི་ས་ཀཽ་ཏུ་ཀཱ། །རཱ་ཛ་བདྡྷ་ནཱསྟསྨིནྣ་སྟི་རཏྣ་ཙྪ་དཾ་ཤི་ཁཱི། །མ་

བྱའི་རྒྱལ་མོ་ནི། །གསེར་དུ་སྣང་བ་ཞེས་པའི་སྒྲ། །དེ་ཡིས་ནམ་ཞིག་ཐོས་པར་གྱུར། །གླིང་བུ་པི་ཝང་གདངས་ལྟ་བུ། །དེ་ཡི་སྒྲ་ནི་ཐོས་གྱུར་ནས། །དགེ་མཚན་ལྡན་པས་འདི་ཅི་ཞེས། །མི་ཡི་མགོན་ལ་དེ་ཡིས་དྲིས། །རྒྱལ་པོས་སྨྲས་པ་ནགས་མཐའ་འདིར། །རིན་ཆེན་སྒྲ་ལྡན་རྨ་བྱ་ཡོད། །གང་

เล่ม ๑๗๐ · หน้า 83b

དྷུ་རཾ་བྷུ་བ་ན་བྱཱ་པི་ཡ་སྱཻ་ཏཏ་ཀཎྛ་ཀཱུ་ཛི་ཏཾ། །ཨི་ཏི་ཤྲུ་བཱ་ཎོ་ནྲྀ་པ་ཏིསྟཏྶནྡཪྴ་ན་མརྠི་ཏཿ། །པྲེ་མ་པྲ་ཡཏྣཻཿཔྲེ་མ་སྱཱ་པྲ་ཧ་སན་བུ་ན་ར་བྲ་བཱིཏ། །དཪྴ་ནི་དུརླ་བྷཾ་མུགྡྷེ་ཏཏ་བི་དྷཱཏ་བྷཱུ་ཏ་རཱུ་པི་ཎ། །

གིས་མགྲིན་ནས་བསྒྲགས་པ་འདིས། །འཇིག་རྟེན་རྣམས་ནི་སྙན་པས་ཁྱབ། །དེ་སྐད་སྨྲས་པའི་མི་བདག་གིས། །ཤིན་ཏུ་མཛའ་སྡུག་རབ་འབད་པས། །དེ་མཐོང་དོན་དུ་གཉེར་བ་ལ། །རབ་ཏུ་དགོད་ཅིང་ཡང་སྨྲས་པ། །དེ་ལྟའི་ངོ་མཚར་གཟུགས་ཅན་རྣམས། །མཛེས་མ་མཐོང་བ་རྙེད་པ་དགའ། །

ཏ་ཐཱ་པི་ཡ་དི་ནི་རྦནྡྷཿཀྲྀ་ཡ་ཏེ་ཏཏ་པ་རི་ཤྲ་མཿ། །ཨི་ཏྱུཀྟྭཱ་ནྲྀ་པ་ཏིསྟ་སྱ་གྲ་ཧ་ཎ་ཛཱ་ལཱ་ཛི་བི་ནཿ། །བྱ་སྲི་ཛནྟཏྶཾ་པྲཱ་པྟཻ་བི་དྷཱ་ཡ་བ་དྷ་སམྦི་དིཾ། །བ་ཤཱི་ཀྲྀ་ཏོ་ན་བེ་ཥྭེ་བ་མོ་ཧ་དཀྵཱི་པ་རཱིཀྵ་ཡཱ། །ཨ་ནུ་རཱ་གཱ་ཧ་ཏཿསྟྲཱི་

དེ་ལྟ་ན་ཡང་འབད་པ་ན། །དེ་ལ་ཡོངས་སུ་ངལ་བ་བྱ། །དེ་སྐད་བརྗོད་ནས་མི་བདག་གིས། །རྒྱ་ཡིས་འཚོ་བ་དེ་གཟུང་ཕྱིར། །མ་ཐོབ་ན་ནི་གསོད་པ་དག །ཡང་དག་རིག་པར་བྱས་ནས་བཏང་། །ཡོངས་སུ་སྤྱོད་པའི་མིག་རྨོངས་པས། །དབང་དུ་བྱས་པ་མི་ཤེས་ཉིད། །བུད་མེད་རྗེས་ཆགས་ཀྱིས་བཅོམ་

བྷི་ར་ཀཱརྨཱ་ཎྱ་པི་ཀཱ་དྱ་ཏེ། །པྲཱཔྟཱ་ནཱཾ་པྲ་ཎ་ཡཱཏ་བཏྣྱཿཔཽ་དྷཱ་ཡཱཿཔཱ་ད་བཱི་ཋ་ཏཱཾ། །ཨཱིཪྵ་ཡཻ་བ་བི་ན་ཤནྟི་དྷཱི་དྷྲྀ་ཏི་སྨྲྀ་ཏི་ཀཱིརྟ་ཡཿ། །ཏ་ཏཿཤཱ་ཀུ་ནི་ཀཻ་ནྱསྟཱཿཔཱ་ཤ་བནྡྷཿཔ་དེ་པ་དེ། །པྲ་བྷ་བོདྦརྷི་

པས། །བྱ་བ་མིན་པ་རྣམས་ཀྱང་བྱེད། །མཛའ་ལས་མ་རུངས་ཁྱིམ་ཐབ་ཀྱི། །རྐང་པའི་སྟེགས་སུ་གྱུར་རྣམས་ཀྱི། །བློ་དང་དགའ་བྲན་གྲགས་པ་རྣམས། །ཕྲག་དོག་གིས་བཞིན་རྣམ་པར་ཉམས། །དེ་འོག་བྱ་བས་གནས་གནས་སུ། །ཞགས་པས་བཅིང་བ་བཀོད་པ་རྣམས། །རྨ་བྱའི་རྒྱལ་མོའི་

เล่ม ๑๗๐ · หน้า 84a

རཱ་ཛ་སྱ་བྱ་ཤཱིཪྻནྟ་པ་སཾ་ཏ་ཏཿ། །དུཿཁི་ཏཱ་ན་ཡཏྣ་བཻ་ཕ་ལྱཱཏ་བྷཱི་ཏཱནྣྲྀ་པ་ཏི་ཤ་བ་ནཱཏ། །མ་ཡཱུ་ར་རཱ་ཛསྟཱན་དྲྀཥྚཱ་ཀ་རུ་ཎཱ་ཀུ་ལ་ཏཾ་ཡ་ཡཽ། །ས་ཙིནྟ་ཡ་ད་ཧོ་བྷཱི་ཏཱཿཀྵྨཱ་པ་ཏེཿཀྲཱུ་ར་ཤཱ་ས་

མཐུ་ཡིས་ནི། །ཀུན་ཏུ་རྣམ་པར་ཆད་པར་གྱུར། །འབངས་འབྲས་མེད་ལས་སྡུག་བསྔལ་ཞིང་། །མི་བདག་བཀའ་ཡིས་འཇིགས་གྱུར་ཏེ། །མཐོང་ནས་རྨ་བྱའི་རྒྱལ་མོ་ནི། །སྙིང་རྗེ་འཁྲུགས་པ་ཉིད་དུ་གྱུར། །དེ་ཡིས་བསམས་པ་ཁོ་མོ་དག །འཆིངས་པར་མ་གྱུར་ས་བདག་

ནཱཏ། །མད་བནྡྷཱ་ན་བི་སམྦཱ་དཱདྦ་ར་ཀཱ་ཛཱ་ལཱ་ཛཱི་བི་ནཿ། །ཨི་ཏི་སཾ་ཙིནྟྱ་ཀྲྀ་པ་ཡཱ་སྤཥྜ་བཱ་དྭི་བི་སྲྀ་ཛྱ་ཏཱ་ན། །ནྲྀ་པ་མཱ་ནཱ་ཡྻ་ཏད་བེཤྨ་ཏེ་ནཻ་བ་ས་ཧི་ཏོ་ཡ་ཡཽ། །ས་ཏ་ཏྲཱནྟཿསུ་རེ་ནི་ཏྱཾ་ས་བྷཱཪྻེ་ཎ་མཾ་ཧཱི་བྷཱུ་ཛཱ། །པཱུ་ཛྱ་

གི །བཀའ་ནི་དྲག་པོའི་འཇིགས་གྱུར་པ། །ཀྱེ་མ་སྡུག་པ་རྒྱ་ཡིས་འཚོ། །དེ་ལྟར་བསམས་ནས་སྙིང་རྗེ་ཡིས། །གསལ་བས་སྨྲས་ཏེ་དེ་བཏང་ནས། །མི་བདག་བཀུག་སྟེ་དེའི་ཁྱིམ་དུ། །དེ་ཉིད་དང་ནི་ལྷན་ཅིག་སོང་། །ཕོ་བྲང་ནང་དེར་རྟག་ཏུ་དེ། །ས་བདག་བཙུན་མོར་བཅས་པ་ཡིས། །མཆོད་

མཱ་ན་པ་རི་ཙ་ཡཱ་ཨུ་བཱ་ས་བི་སྲྀ་ཏཱ་ད་རཿ། །སྣིགྦྷ་སྱཱ་མཱཾ་བུ་ད་ཏེ་ཥུ་པཱ་ལཱི་ལ་མ་ཎི་བེཤྨ་སུ། །ཙི་ཏྲ་པ་ཏྲ་རུ་ཙཱ་ཙཀྲེ་སཾ་སཀྟེནྡྲ་ཡུ་དྷ་བྷྲ་མཾ། །ཨ་ཐ་དིག་ཛ་ཡ་ཡཱ་ཏྲ་ཡཾ་ཀ་དཱ་ཙིད་བ་སུ་དྷཱ་དྷི་པཿ། །ཡ་ཡཽ་

ཅིང་ཡོངས་སུ་འདྲིས་པ་ལས། །གུས་པ་རྣམ་པར་སྤྲོ་ཞིང་གནས། །མཐོན་མཐིང་ནོར་བུའི་ཁང་བ་ནི། །འཇམ་ལྡན་ཆུ་འཛིན་འོད་དེ་ལ། །འདབ་མ་མཛེས་བཀྲ་དབང་པོའི་གཞུ། །ཆགས་པ་ལྟ་བུར་འཁྲུལ་པ་བྱས། །དེ་ནས་དེ་ཡི་རིམ་གྲོ་ལ། །གུས་དང་བཅས་པས་ལྷ་མོ་བསྐོས། །ཕྱོགས་

เล่ม ๑๗๐ · หน้า 84b

ཏ་དུ་པ་ཙཱ་རཱ་ཡ་དེ་བཱི་མཱ་དི་ཤྱ་སཱ་ད་རཿ། །ཏ་ཏཤྩཱ་ནུ་པ་མཱ་དེ་བཱི་པ་ཏྱཽ་ཡཱ་ཏེ་བྲ་མཱ་དི་ནཱི། །རཱུ་པ་ཡཽ་བ་ན་དརྦཱནྡྷཱ་ནཱ་ལུ་ལོ་ཀེ་ཀུ་ལ་སྠི་ཏིཾ། །ཏ་རུ་ཎཾ་པྲེ་ཀྵྱ་རཱ་གི་ཎྱཱསྟ་སྱཿཀཾ་དརྦ་བི་བླ་བེ། །བྷཱུ་ཡ་

ལས་རྒྱལ་བའི་བགྲོད་པ་ལ། །ནམ་ཞིག་ས་ཡི་བདག་པོ་སོང་། །དེ་ནས་ལྷ་མོ་དཔེ་མེད་མ། །བདག་པོ་སོང་བས་བག་མེད་ཅིང་། །གཟུགས་དང་ལང་ཚོའི་དྲེགས་པས་ལོང་། །རིགས་ཀྱི་ལུགས་ནི་མཐོང་མ་གྱུར། །གཞོན་ནུ་འབངས་ལ་ཆགས་ལྡན་མ། །འདོད་པས་རྣམ་པར་བསླད་མ་དེའི། །ངོ་ཚ་ཤིན་ཏུ་

པ་ལཾ་བྷ་བྷཱི་ཏེ་བ་ལཛྫཱ་དཱུ་ར་ཏ་རཾ་ཡ་ཡཽ། །མ་ལི་ནཿཀུ་ཌི་ལསྟཱིཀྵྞཿཀརྞ་སཾ་སྤཪྴ་ནོ་ཙི་ཏཿ། །ཙ་བ་ལཤྩ་པ་ལཱཀྵཱི་ནཱཾ་སུ་དྲྀ་ཤཱཾ་ས་དྲྀ་ཤཿཀྲ་མཿ། །བི་བི་དྷཽནྨ་ད་ཀཱ་རི་ཎྱཿསཾ་སཱ་ར་མ་ཀ་རཱ་ཀ་རེ། །ཙ་རནྟི་པྲཱ་ཎ་ཧཱ་རི་ཎྱཿ

རིང་སོང་སྟེ། །ཡང་ཡང་དམིགས་པས་འཇིགས་པ་བཞིན། །དྲི་མ་ལྡན་ཞིང་གྱ་གྱུ་རྣོ། །རྣ་བ་དག་ལ་རེག་པར་བཟོད། །གཡོ་བ་གཡོ་བའི་མིག་ཅན་དང་། །མིག་ནི་ལེགས་པ་རིམ་པ་མཚུངས། །འཁོར་བ་ཆུ་སྲིན་འབྱུང་གནས་སུ། །རྣམ་པ་མང་པོས་མྱོས་བྱེད་ཅིང་། །སྲོག་འཕྲོག་ནག་པོ་བརྩེགས་པ་

ཀཱ་ལ་ཀཱུ་ཌ་ཙྪ་དཱཿསྟྲི་ཡཿ། །ཀུ་སུ་མཱཏ་སུ་ཀུ་མཱ་ར་སྱ་ཀྲུ་ར་སྱ་ཀྲ་ཀ་ཙཱ་ད་པི། །ཀོ་ཛཱ་ནཱ་ཏི་པ་རིཙྪ་དཾ་སྟཱི་ཎཱཾ་ཙི་ཏྲ་སྱ་ཙ་ཏ་སཿ། །བ་ཧུ་རཀྟཱི་ཕྲི་ཡཱཾ་ཀཎྛེ་ཀྲྀ་ཏྭཱ་ཡེ་ཡཱནྟྲི་ནིརྦྲྀ་ཏི། །ཤཱི་ཏ་ལཱཾ་བི་མ་ལཱཾ་སྣགྡྷིཾ་

ཡི། །རི་མོ་བུད་མེད་རྣམ་པ་རྒྱུ། །མེ་ཏོག་པས་ཀྱང་ཤིན་ཏུ་འཇམ། །སོག་ལེ་བས་ཀྱང་ཤིན་ཏུ་རྩུབ། །བུད་མེད་སེམས་ནི་བཀྲ་བ་དག །སུ་ཡིས་ཡོངས་སུ་གཅོད་པ་ཤེས། །མང་ཆགས་དགའ་མས་མགུ་བྱས་ནས། །གང་གི་དགའ་བར་བགྲོད་བྱེད་དེ། །བསིལ་ཞིང་དྲི་མེད་འཇམ་པ་ཡིས། །

เล่ม ๑๗๐ · หน้า 85a

ཁཌྒ་དྷཱ་རཱཾ་པི་བིནྟ་ཏེ། །སཱ་ཙིནྟ་ཡཏ་སྠི་ཏིཾ་ཤ་ལྱ་མ་ཡཾ་མནྟཿཔུ་རེ་མ་མ། །མ་ཡཱུར་རཱ་ཛཿཤཱི་ལ་ཛྙཿཔུ་རཱུ་ཥཱ་ལཱ་པ་བེཥྚི་ཏཿ། །ཀ་ཐ་ཡི་ཥུ་ཏྱ་བ་ཤྱཾ་མེ་བྲྀཏྟ་མེ་ཥ་མ་ཧཱི་པ་ཏེཿ། །ནི་སྭཾ་

རལ་གྲིའི་རྣོ་རྒྱུན་འཐུང་བར་བྱེད། །དེས་བསམས་བདག་གི་ཕོ་བྲང་ན། །རྨ་བྱའི་རྒྱལ་མོ་ཚུལ་ཁྲིམས་ཤེས། །སྐྱེས་བུའི་ལུགས་བཞིན་ཀུན་བརྗོད་པ། །ཟུག་རྔུ་འདི་ནི་གནས་པར་གྱུར། །བདག་གི་སྤྱོད་འདི་ས་བདག་ལ། །གདོན་མི་ཟ་བར་འཆད་པར་འགྱུར། །ལས་ནི་

ཀརྨ་ཀྲྀ་ཏཾ་ཏཱ་བ་དཱ་དྷཱ་ནཱ་ཀིཾ་ཀ་རོ་མྱ་ཧཾ། །ཨསྠཾ་པ་རེ་ཛྙི་ཏ་ཛྙ་ཧཱི་མརྨ་ཛྙོ་སཽ་བི་དགྡྷ་དྷཱིཿ། །ཛཱ་ཏཱ་མེ་ཀྲྀ་ཏ་པཱ་པཱ་ཡཱཿཤཾ་ཀཱ་ནི་ཤྩི་ཏ་ནེ་ཥྭ་པེ། །ཨི་ཏི་སཾ་ཙིནྟྱ་སཱ་ཏ་སྱ་བི་ཥཾ་བྷོ་ཛ་ནཾ་ད་དཽ། །རཱ་ག་མཏྟཱཿཁ་ལཱ་

སྨད་འོས་རེ་ཞིག་བྱས། །ད་ནི་བདག་གིས་ཅི་ཞིག་བྱ། །འདི་ནི་གནས་ཤེས་མཆོག་གི་བློ། །ཕ་རོལ་ཟུར་གྱིས་འཛིན་ལྟ་ཞིག །བདག་གིས་བྱས་པའི་སྡིག་པ་ཡིས། །དོགས་པ་སེམས་མེད་རྣམས་ལའང་སྐྱེ། །དེ་ལྟར་བསམས་ནས་དེ་ཡིས་ནི། །དེ་ལ་དུག་ལྡན་བཟའ་བ་བྱིན། །ཆགས་མྱོས་མི་བསྲུན་

ཡཏྟཱཿཀིཾ་ཀིཾ་ཀུརྦྦནྟི་ན་སྟྲི་ཡཿ། །ཏེ་ཡོ་པཱ་ཙཪྻ་མཱ་ཎ་སྱ་པ་བི་ཥེཿཔཱ་ན་བྷོ་ཛ་ནེ། །བི་བྲྀདྡྷཱ་བརྷི་རཱ་ཛ་སྱ་རུ་རུ་ཙེ་རུ་ཙི་རཱ་རུ་ཙིཿ། །སྭ་སྠ་མཱ་ལོཀྱ་ཏཾ་དི་བཱི་ར་ཧ་སྱོདྦྷེ་ད་སཾ་ཀཾ་ཏཱ། །ཤ་ནཻཿཤོ་ཀ་མ་

དབང་གྱུར་པའི། །བུད་མེད་ཅི་དང་ཅི་མི་བྱེད། །དེ་ཡིས་ཉེ་བར་སྦྱར་བ་ཡི། །བཟའ་དང་བཏུང་བ་དུག་ལྡན་གྱིས། །རྨ་བྱའི་རྒྱལ་མོ་རྣམ་རྒྱས་ཤིང་། །མདངས་བཟང་ཡིད་འོང་མཛེས་པར་གྱུར། །ལྷ་མོས་རྣལ་ནས་དེ་མཐོང་ནས། །གསང་བ་རབ་མཆེད་དོགས་པ་ཡིས། །དལ་བུ་དལ་བུས་མྱ་ངན་

เล่ม ๑๗๐ · หน้า 85b

ཡ་གྲ་པཱ་ཏྲསྟཱ་ཏ་ཏྱཱ་ཛ་ཛཱི་བི་ཏཾ། །ཨེ་བཾ་ཏ་སྱ་བི་ཥེ་ཎཱ་པི་ནཻ་པ་གླཱ་ནི་ར་ཛཱ་ཡ་ཏ། །མ་ཧཱ་ཏཱཾ་ཙིཏྟ་བཻ་མ་ལྱཾ་ནི་རྦི་ཥི་ཀུ་རུ་ཏེ་བི་ཥཾ། །རཱ་གཽ་བི་ཥཾ་བི་ཥཾ་མོ་ཧོ་དྭེ་ཥཤྩ་བི་ཥ་མཾ་བི་ཥཾ། །བུདྡྷོ་དྷརྨ་སྟ་ཐཱ་སཾ་གྷཿ

གྱི། །ནད་ཀྱིས་བཟུང་ནས་སྲོག་བཏང་གྱུར། །དེ་ལྟར་དེ་ཡི་དུག་གིས་ཀྱང་། །ནད་དང་ལྡན་པ་ཉིད་མ་གྱུར། །ཆེན་པོ་རྣམས་ཀྱི་སེམས་ཡངས་པ། །དུག་གིས་དུག་མེད་ཉིད་དུ་བགྱིད། །འདོད་ཆགས་དུག་ཡིན་གཏི་མུག་དུག །ཞེ་སྡང་དག་ཀྱང་མི་བཟད་དུག །སངས་རྒྱས་ཆོས་དང་དེ་བཞིན་དུ། །

ས་ཏྱཾ་ཙ་པ་ར་མཱ་མྲྀ་ཏཾ། །གྷོ་རཾ་བི་ཥཾ་སྲྀ་ཛ་ཏི་མོ་ཧ་མ་ཧཱམྦུ་རཱ་ཤི་གྷོ་རཾ་བི་ཥཾ་སྲྀ་ཛ་ཏི་རཱ་ག་མ་ཧོ་རཱ་གཤྩ། །གྷོ་རཾ་བི་ཥཾ་སྲྀ་ཛ་ཏི་བཻ་ར་བ་ནཱ་བ་ནིཤྩ་ཛནྨ་ཀྲ་མོ་སྟི་བི་ཥ་མ་སྱ་བི་ཥ་པེ་ནཱ་ནྱེཿ། །

དགེ་འདུན་བདེན་པ་བདུད་རྩིའི་མཆོག །གཏི་མུག་ཆུ་ཚོགས་ཆེན་པོ་འཇིགས་སུ་རུང་བའི་དུག་རྣམས་སྤྲོ། །ཆགས་པའི་ལྟོས་འགྲོ་ཆེན་པོ་འཇིགས་སུ་རུང་བའི་དུག་རྣམས་སྤྲོ། །སྡང་བའི་ནགས་ཀྱི་ཕྲེང་བ་འཇིགས་སུ་རུང་བའི་དུག་རྣམས་སྤྲོ། །མི་བཟད་དུག་རྣམས་སྐྱེ་བའི་རིམ་པ་གཞན་ནི་ཡོད་མ་ཡིན། །

དྷརྨྨ་ཀཱ་མ་ཀྲྀ་ཏ་བཱ་ནཻ་བ་མེ་བཱ་ནྱཱ་ཛནྨ་ནི། །ཤྲཱི་གུཔྟོགྣི་ཁཱ་དཱཾ་སཾ་པི་ཏ་སྱཱ་བྷཱུཏ་ས་ཏ་སྱཀྟི་ནཱི། །ཨི་ཏྱུཀྟྭ་བྷ་ག་བཱན་ས་མྱཀྐ་རུ་ཎཱ་ལོ་ཀཱ་ནཱཾ་བུ་བྷིཿ། །ཙ་ཀཱ་ར་བཱི་ཏ་ར་ཛ་སཾ་ཤྲཱི་གུཔྟ་ཤཱས་ནོནྨུ་ཁཾ། །ཀ་ལི་

འདི་བཞིན་སྐྱེ་བ་གཞན་ལ་ཡང་། །དཔལ་སྦས་ཀྱིས་ནི་མེ་ཡི་དོང་། །ཆོས་ནི་འདོད་མ་དེ་ལ་བྱས། །དེ་ཡང་འཕྲལ་ལ་པད་ལྡན་གྱུར། །དེ་སྐད་བརྗོད་ནས་བཅོམ་ལྡན་འདས། །ཡང་དག་སྙིང་རྗེས་གཟིགས་པའི་ཆུས། །བསྟན་པ་དག་ལ་མངོན་ཕྱོགས་པའི། །དཔལ་སྦས་རྡུལ་དང་བྲལ་བ་བྱས། །དེ་ནས་དཔལ་

เล่ม ๑๗๐ · หน้า 86a

ཀུ་ཤ་ལཿཤྲཱི་གུཔྟོ་ཐ་པྲ་ཀཱ་ཤ་བ་དཱཔྟ་ཡེ་ཤ་ར་ཎ་ག་མ་ནཱ་ནྱེ་བ་ཏྲཱི་ཎི་སྨ་རན་བི་མ་ལ་སྨྲྀ་ཏིཿ། །ཛི་ན་པ་རི་ཙ་ཡཱཏ་པུ་ཎྱ་ལེ་བྷེ་པ་ཏཱཾ་ཧི་ལོ་ཀ་ནཾ་བྷ་བ་ཏི་མ་ཧ་ཏེ་ཀ་ལྱཱ་ཎཱ་ཡ་པྲ་མོ་ད་སུ་ཁཱ་ཡ་ཙ། །

སྦས་དགེ་བ་ཤེས་པས་རབ་ཏུ་གསལ་བའི་གནས་ཐོབ་ཕྱིར། །དྲི་མེད་དྲན་པས་སྐྱབས་སུ་འགྲོ་བ་གསུམ་ཉིད་དྲན་གྱིས་གཞན་མ་ཡིན། །རྒྱལ་དང་ཡོངས་སུ་འདྲིས་པས་བསོད་ནམས་འཐོབ་སྟེ་གང་ཕྱིར་དམ་པ་རྣམས། །མཐོང་བར་གྱུར་པ་དགེ་བ་ཆེ་དང་རབ་ཏུ་དགའ་དང་བདེ་བའི་སླད། །

ཤྲཱི་གུབྟ་སྱ་ནི་ཀཱ་ར་ཀིལྦི་ཥ་ཛུ་ཥོ་པྱཱ་ཛྙཱ་ན་མོ་ཧཱ་པ་ཧཿཀྲྀ་ཏྭཱ་བ་ཤྱ་མ་ནུ་གྲ་ཧེ་ཎ་བྷ་ག་བཱན་ཀཱ་རུ་ཎྱོདྻ་ཏཿ། །བྷཱིཀྵུ་ཎཱཾ་བྷ་བ་སཾ་ཀྵ་ཡཱ་ཡ་བི་ད་དྷེ་ནི་རྦཻ་ར་ཏཱ་ཤཱ་ས་ནཾ་ཡེ་ནཻ་ཏ་ན་བྷ་བནྟི་བནྡྷ་བྷ་

མི་ཤེས་རྨོངས་པ་སེལ་བའི་བཅོམ་ལྡན་འདས་ནི་སྙིང་རྗེ་བསོད་ནམས་ལ་བརྩོན་པས། །གནོད་བྱེད་སྡིག་པ་བསྟེན་པའི་དཔལ་སྦས་ཀྱང་ནི་འབད་པས་རྗེས་སུ་བཟུང་བྱས་ནས། །འཆིང་བའི་ཁང་པར་ཡང་སྲིད་འདུད་པ་འདི་དག་རྣམས་སུ་གང་གིས་མི་འགྱུར་བ། །སྲིད་པ་ཡང་དག་གཞི་ལ་སླད་དགེ་སློང་

བ་ནེ་བྷཱུ་ཡོ་བྷ་བ་གྲནྠཱ་ཡ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཤྲཱི་གུཔྟཱ་བ་དཱ་ན་མ་ཥྚམ་པལླ་བཿ།། །།དྷ་ནྱཱ་ནཱ་མ་ཤི་བཾ་བི་བྷརྟི་ཤུ་བྷ་ཏཱཾ་བྷ་

རྣམས་ལ་ཁོ་ན་དང་བྲལ་བའི་བསྟན་པ་བསྒྲུབས། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་དཔལ་སྦས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱད་པའོ།། །།སྐལ་ལྡན་རྣམས་ལ་མི་ཤེས་པ་ནི་ལེགས་པའི་

བར་འདིར་འབད་པའི་སྐད་དོད་ཡིག་འབྲུ་གསུམ་ཆད་བ་མ་དཔེ་རྣམས་ལས་མ་རྙེད་པར་ཨ་པ་ཤྱཾ་གྱི་ཨ་ཤྭ་དང་མཚམས་སྦྱར་ཤྱཾ་གྱི་ཀླད་སྐོར་མ་སྲོག་མེད་ལ་ཨ་ནུའི་ཨ་དྲངས་པའི་དངོས་བསྟན་པ་ཤྱ་མའི་འབྲུ་གསུམ་པོ་འདི་འདར་ལོས་གསར་དུ་བཅུག་པ་རྒྱ་དཔེ་རྙེད་ན་དཔྱད།

เล่ม ๑๗๐ · หน้า 86b

བྱ་སྭ་བྷ་བོདྡྷ་བ་མཱུརྑཱ་ཎཱཾ་ཀུ་ཤ་ལཾ་པྲ་ཡཱ་ཏྱ་ཧི་ཏ་ཏཱ་མི་ཏྱེ་ཥ་ལཀྵྨཿཀྲ་མཿ། །ནཱི་ཤཱི་གྷནྟི་མི་རཱནྡྷྱ་མཽ་ཥ་དྷི་བ་ན་སྱཱ་ཏྱནྟ་ཀཱནྟི་པྲ་ད་མེ་དཙྩཽ་ལུ་ཀ་ཀཱུ་ལ་དྲྀཥྚ་ཧ་ཏ་ཡེ་སརྦ་ཏྲ་མེ་ཏྲམྨ་ཧཿ། །པུ་ར་

རང་བཞིན་ལས་བྱུང་དགེ་ཉིད་གྱུར། །རྨོངས་པ་རྣམས་ལ་དགེ་བ་མི་ཕན་ཉིད་འགྱུར་འདི་ནི་རིམ་པ་འདི་ཡིས་མཚོན། །མཚན་ཕྱེད་སྨག་རུམ་མུན་པ་སྨན་གྱི་ནགས་ལ་མཆོག་ཏུ་མཛེས་པ་རབ་ཏུ་སྟེར། །གང་ཡང་ཉི་མའི་གཟི་བྱིན་འུག་པའི་རིགས་ཀྱི་མིག་ནི་ཀུན་ཏུ་ཉམས་པར་བྱེད། །ས་

རཱ་ཛ་གྲྀ་ཧཱ་བྷི་ཁྱེ་བིམྦི་སཱ་ར་སྱ་བྷཱུ་པ་ཏེཿ། །ཨ་བྷཱུཏ་པཽ་ར་སུ་བྷ་དྲཱ་ཁྱཱཿཔ་རི་པཱུརྞ་གྲྀ་ཧ་སྠི་ཏེཿ། །མཽརྑྱཱཏ་མོ་ཧ་པྲ་པལླ་སྱ་སརྦ་དཪྴ་ན་བི་དྭི་ཥཿ། །ཏ་སྱ་ཀྵ་པ་ཎ་ཀེ་ཥྭེ་བ་བ་བྷཱུ་བཱ་བྷྱཱ་བྷི་ཀ་ད་རཿ། །ཏ་སྱ་

བདག་གཟུགས་ཅན་སྙིང་པོ་ཡི། །གྲོང་ཁྱེར་རྒྱལ་པོའི་ཁབ་ཅེས་པ། །རབ་བཟང་ཞེས་པའི་གྲོང་ཁྱེར་བ། །ཡོངས་རྫོགས་ཁྱིམ་ན་གནས་པ་བྱུང་། །ལྟ་བ་ཀུན་ལ་རྣམ་སྡང་ཞིང་། །གཏི་མུག་རབ་ཏུ་རྒྱས་པ་དེས། །རྨོངས་ལས་ཟད་བྱེད་པ་ཉིད་ལ། །མངོན་པར་གུས་པ་ལྷག་པར་གྱུར། །དེ་ཡི་ཆུང་

པ་ཏྱ་བ་ཏྭི་ནཱ་མ་ཛཱ་ཡཱ་ཏི་ཛ་ན་ཤཱ་ལི་ནཱི། །གརྦྷེ་མཱ་དྷ་ཏུ་པཱུརྞེནྡུ་བིམྦཾ་པཽ་རཱནྡ་རི་བ་དི་ཀ །ཀ་ལནྡ་ཀ་ནི་བཱ་པཱ་ཁྱཱ་བེ་ཎུ་ཀཱ་ན་ན་སཾ་ཤྲ་ཡཿ། །ཀ་དཱ་ཙི་ཏ་བྷ་ག་བཱན་བུདྡྷ་པྲཱཔྟཿཔིཎྜཱ་ཡ་ཏད་གྲྀ་ཧཾ། །པཱུ་ཛཱཾ་ས་

མ་ཆོ་རིགས་ཅན། །བདེན་ལྡན་མ་ཞེས་བྱ་བ་ཡིས། །མངལ་བཟུང་ཟླ་བ་ཉ་བ་ཡི། །དཀྱིལ་འཁོར་ཤར་གྱི་ཕྱོགས་ཀྱི་བཞིན། །ཀ་ལན་ད་ཀའི་གནས་ཞེས་པ། །འོད་མའི་ཚལ་དུ་ཡང་དག་གནས། །སངས་རྒྱས་བཅོམ་ལྡན་བསོད་སྙོམས་ལ། །ནམ་ཞིག་དེ་ཡི་ཁང་པར་གཤེགས། །དེ་ནི་ཆུང་མར་

เล่ม ๑๗๐ · หน้า 87a

བྷཱཪྱ་ཀྲྀ་ཏྭཱསྨཻ་པ་ཏཾ་ས་པྲཙྪ་སཱ་ད་རཿ། །གརྦྷེ་སྠི་ཏ་མ་པ་ཏྱཾ་ལཏ་ཀིཾ་རཱུ་པཾ་ཏ་བྷ་བི་ཥྱ་ཏི། །སཽ་བ་དཏ་སཾ་པ་དཾ་བྷུ་ཛྱ་པུ་ཏྲསྟེ་དི་བྱ་མཱ་ནུ་ཥིཾ། །པྲ་བྲ་ཛྱ་ཡཱ་ཤཱ་ས་ནེ་མེ་སཾ་ཡུཀྟོ་མུཀྟི་མེ་ཥྱ་ཏི། །ཡཱ་ཏི་བྷ་

བཅས་པ་ཡིས། །དེ་ལ་མཆོད་བྱས་གུས་བཅས་པས། །བུ་ནི་མངལ་ན་གནས་གང་དེ། །ཅི་ཡི་གཟུགས་འགྱུར་དེ་ལ་དྲིས། །དེ་ཡིས་བཀའ་སྩལ་ཁྱོད་ཀྱི་བུ། །ལྷ་མིའི་ཕུན་སུམ་ཚོགས་སྤྱད་ནས། །ང་ཡི་བསྟན་ལ་རབ་བྱུང་ནས། །ཡང་དག་ལྡན་པས་གྲོལ་བར་འགྱུར། །དེ་སྐད་གསལ་

ག་བ་ཏི་སྤཥྚ་མི་ཏྱཱ་དི་ཤྱ་ནི་ཛ་ཤྲ་མཾ། །ཨ་བྷྱཱ་ཡ་ཡཽ་གྲྀ་ཧ་པ་ཏེརྦྷཱུ་རི་ཀཿཀྵ་པ་ཎོ་གྲྀ་ཧཾ། །བྷ་ག་བཏ་བྷཱུ་ཥི་ཏཾ་ཏདྟུ་སུ་བྷ་དྲེ་ཎ་ནི་བེ་དི་ཏུཾ། །ཤྲུ་ཏྭཱ་ཀྵ་པ་ཎ་ཀཿཀྵི་པྲཾ་མ་བྷཱུཏ་དྭེ་ཥཱ་བི་ཥཱ་ཀུ་ལཿ། །ག་ཎ་ཡི་

བར་བཀའ་སྩལ་ནས། །བཅོམ་ལྡན་རང་གི་གནས་སུ་གཤེགས། །ཁྱིམ་བདག་ཁང་པར་ཟད་བྱེད་པ། །བྷུ་རི་ཀ་ནི་མངོན་པར་འོངས། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེ། །རབ་བཟང་གིས་ནི་སྨྲས་པར་གྱུར། །ཟད་བྱེད་པས་ཐོས་མྱུར་བར་ནི། །ཁོང་ཁྲོའི་དུག་གིས་འཁྲུགས་པར་གྱུར། །ཤིན་ཏུ་ཡུན་

ཏྭཱ་ས་སུ་ཙི་རཾ་གྲ་ཧ་ཛྙཱ་ན་ཀྲྀ་ཏ་ཤྱ་ཡཿ། །ཡཾ་དེ་བོཀྟཾ་བྷ་ག་བ་ཏཱ་པྲཤྣེ་པ་ཤནྟ་ཐཱ་བི་དྷཾ། །སོ་ཙིནྟ་ཡེ་ད་ཧོ་ས་ཏྱ་མུཀྟནྟེ་ན་ན་པཾ་ཤ་ཡཿ། །ཏཏ་པྲ་བྷ་བོ་པ་མ་དཱ་ཡ་ཀིནྶྭ་ས་ཏྱཾ་བ་དཱ་མྱ་ཧཾ། །ཏ་སྱ་

རིང་དེས་བརྩིས་ནས། །ངལ་བས་གཟའ་ནི་ཤེས་བྱས་ཏེ། །དྲིས་ལན་བཅོམ་ལྡན་གྱིས་གསུངས་གང་། །དེ་ལྟའི་རྣམ་པ་ཁོ་ནར་མཐོང་། །དེས་བསམས་ཀྱེ་མ་ཐེ་ཚོམ་དག །མེད་པར་དེ་ཡིས་བདེན་པར་བརྗོད། །འོན་ཀྱང་དེ་ཡིས་སྨྲས་པའི་དངོས། །གཞིལ་སླད་བདག་ནི་མི་བདེན་བརྗོད། །བདག་གི་

เล่ม ๑๗๐ · หน้า 87b

སརྦ་ཛྙ་ཏཱཾ་བིཏྟི་སུ་བྷ་དྲོ་ཡ་དི་མཏ་གི་རཱ། །ཏ་དེ་ཥ་ཀྵ་པ་ཎ་ཤྲདྡྷཱཾ་ཏྱཀྟྱ་ཏི་ཤྲ་མ་ཎཱ་ད་རཱཏ། །ཨི་ཏི་སཾ་ཙི་ཏྱ་པཱ་མཪྴཿས་སུ་བྷ་དྲ་མ་བྷཱ་ཥ་ཏ། །ཨ་ས་ཏྱམེ་ཏཏ་ཀ་ཐི་ཏཾ་ཏེ་ན་སརྦ་ཛྙ་མཱ་ནི་ནཱ། །མ་ནུ་ཥྱཿཀ་

ཚིག་གིས་རབ་བཟང་གིས། །གལ་ཏེ་ཀུན་མཁྱེན་དེ་རིག་ན། །དེ་ལས་དགེ་སྦྱོང་ལ་གུས་འདིས། །ཟད་བྱེད་ལ་དད་གཏོང་བར་འགྱུར། །དེ་ལྟར་བསམས་ནས་ཁྲོ་ལྡན་པ། །དེ་ཡིས་རབ་བཟང་དག་ལ་སྨྲས། །ཀུན་མཁྱེན་ང་རྒྱལ་ཅན་དེ་ཡིས། །འདི་དག་མི་བདེན་པ་ཉིད་བརྗོད། །ལྷ་ཡི་ཕུན་ཚོགས་

ཐ་མཱསྣོ་ཏི་དེ་བཱརྷཱ་དི་བྱ་བཾ་བ་དཾ། །པྲ་བྲ་ཛྱཱ་ཀིཾ་ཏུ་པ་ཏྱེ་བ་ཀརྟུནྟེ་ནཱ་སྱཱ་ཙིནྟི་ཏཱ། །ཀྵཱི་ཎཿཀྵུ་དུ་པ་ཏཔྟོ་ཙཱ་ཡ་སྱ་ནཱསྟྱ་ནྱ་ཏོ་ག་ཏིཿ། །ཏ་སྱ་ཏ་སྱ་སུ་བྷིཀྵཱརྷཾ་ཤ་ར་ཎཾ་ཤྲ་མ་ཎ་བྲ་ཏཾ། །པ་ཤྱཱ་མྱ་ཧཾ་གྲྀ་ཧ་པ་

ལྷ་ལ་འོས། །མི་ཡིས་ཇི་ལྟར་ཐོབ་པར་འགྱུར། །འོན་ཏེ་རབ་བྱུང་ལྡན་ཉིད་ན། །དེ་ཡི་འདི་ནི་བསམ་པར་བྱ། །དབུལ་དང་ལྟོགས་པས་གདུངས་པའམ། །གང་ལ་འཚོ་ཐབས་གཞན་མེད་པ། །སྐྱ་རྒྱལ་འོས་པ་དེ་དེ་ཡིས། །སྐྱབས་ནི་དགེ་སྦྱོང་བརྟུལ་ཞུགས་ཡིན། །ཁྱིམ་བདག་བདག་གིས་མཐོང་བ་

ཏེ་བྲ་མཱ་ཎཾ་ཡ་དི་མངྦ་ཙཿ། །པྲ་ཏྱུ་ཏཱ་ཡཾ་ཤི་ཤུརྫཱ་ཏཿཀུ་ལཾ་སཾ་ཏཱ་པ་ཡིཥྱ་ཏི། །ཨི་ཏྱུ་དཱིརྱ་ཀྵ་པ་ཎ་ཀེ་པཱ་ཏེ་གྲྀ་ཧ་པ་ཏི་ཤྩི་རཾ། །བི་ཙཱརྱ་བི་ད་དྷེ་ཏཱཾ་ཏཱཾ་ཡུཀྟིཾ་གརྦྷ་ནི་པཱ་ཏ་ནེ། །ཡ་དཱ་དྲ་བྱ་པྲ་ཡོ་གེ་ཥཱ་ནཻ་

ནི། །གལ་ཏེ་བདག་གི་ཚིག་ཚད་ན། །བཟློག་པར་བྱིས་པ་འདི་སྐྱེས་པས། །རིགས་ནི་ཡོངས་སུ་གདུང་བར་འགྱུར། །འདི་བརྗོད་ཟད་བྱེད་པ་སོང་ཚེ། །ཁྱིམ་བདག་གིས་ནི་ཡུན་རིང་དུ། །རྣམ་པར་དཔྱད་ནས་མངལ་ལྟུང་སླད། །སྦྱོར་བ་དེ་དང་དེ་དག་བསྒྲུབས། །གང་ཚེ་རྫས་ཀྱི་སྦྱོར་བ་ཡིས། །མངལ་ནི་

เล่ม ๑๗๐ · หน้า 88a

བ་གརྦྷེ་པ་རི་ཙྱུ་ཏཿ། །ཏ་དཱ་སྱཻ་པཏྣཱི་མ་བ་དྷཱི་དེ་ཀཱནྟེ་ཧ་ཋ་མརྡ་ནཻཿ། །ཏ་ཏཿཤཱི་ཏ་བ་ནཾ་ཏ་སྱཱཾ་ཤྨ་ཤཱ་ནཾ་ཏེ་ན་པཱ་པི་ན། །པྲ་པི་ཏཱ་ཡཱཾ་ཀྵ་པ་ཎཱ་ཀསྟདྦཱརྟྟཱ་ནནྡི་ཏ་ཛ་གུཿ། །ཨ་ཧོ་བ་ཏཱ་བོ་སརྦ་ཛྙཿཤི་

ཡོངས་སུ་མ་གཡོས་ཉིད། །དེ་ཚེ་འདི་ཡིས་བདེན་པར་ནི། །ཆུང་མ་དྲག་པོས་མཉེས་ཏེ་བསད། །དེ་ནས་སྡིག་ཅན་དེ་ཡིས་དེ། །བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །རབ་ཏུ་བསྐྱལ་ཚེ་ཟད་བྱེད་པ། །དེ་ཡིས་གཏམ་ཐོས་དགའ་ནས་སྨྲས། །ཨ་ཧོ་ཀྱེ་མ་ཀུན་མཁྱེན་འདིས། །བྱིས་པ་

ཤོ་ས་ཏྱཾ་ཏ་དུཀྟ་བཱན། །སཻ་ཡཾ་སཱུ་ནོ་ར་ཛཱ་ཏེ་སྱཱ་ཛ་ན་ནཱི་པཉྩ་ཏཱཾ་མ་ཏཱ། །ཨི་ཡཾ་སཱ་ཤྲཱིཿཤི་ཤོ་དི་ཥྱཱནྟེ་ནོཀྟཱ་དི་བྱ་མ་ནུ་ཥི། །ཨི་ཡཾ་ཙ་སཱ་སྱ་པྲ་བྲ་ཛྱཱ་ཡཏྐུཀྵཽ་ནི་དྷ་ནཾ་ག་ཏཿ། །ཨི་ཏེ་ཏེ་ཥཾ་པྲ་བ་དེ་ན་སོ་པ་ཧཱ་མེ་ན་སརྦ་ཏཿ། །ཤྨ་ཤཱ་

ལ་བརྗོད་དེ་བདེན་ལྡན། །བུ་ནི་མ་སྐྱེས་མ་དག་ནི། །ལྔ་པ་ཉིད་གྱུར་འདི་དེ་ཡིན། །དེ་ཡིས་བརྗོད་པའི་བྱིས་པ་ཡིས། །ལྷ་མིའི་དཔལ་མཆོག་དེ་ནི་འདི། །འདི་ཡི་རབ་བྱུང་དེ་ཡང་འདི། །གང་ཞིག་དཀུར་ནི་ཤི་གྱུར་པའོ། །དེ་སྐད་དེ་དག་རབ་སྨྲ་ཞིང་། །ཉེ་བར་དགོད་པས་ཐམས་ཅད་ནི། །དུར་ཁྲོད་བལྟ་

ན་དཪྴ་ནཱ་ཡཻ་བ་བ་བྷཱུ་བ་ཛ་ན་སཾ་ག་མཿ། །ཨ་ཏྲཱནྟ་རེ་དི་བྱ་དྲྀ་ཤཱ་གྷ་ག་བཱན་བྷཱུ་ཏ་བྷཱ་བ་ནཿ། །སརྦྦཾ་བི་ཛྙཱ་ཡ་ཏདྦུདྡྷཿཔྲ་ད་དྷྱཽ་པ་སྨི་ཏཿཀྵ་ཎཾ། །ཨ་ཧོ་མོ་ཧཱ་ནུ་བནྡྷེ་ན་དཱུ་ར་སྠཻ་ར་པི་དེ་ཧི་ནཱཾ། །ཨཱ་ལོ་

བ་ཁོ་ནའི་ཕྱིར། །སྐྱེ་བོ་ཡང་དག་འདུས་པར་གྱུར། །སྐབས་དེར་སངས་རྒྱས་བཅོམ་ལྡན་འདས། །འབྱུང་པོ་དགོངས་པས་ལྷ་ཡི་ནི། །སྤྱན་གྱིས་དེ་སྐད་ཀུན་མཁྱེན་ནས། །འཛུམ་པ་དང་ལྡན་སྐད་ཅིག་བསམས། །ཀྱེ་མ་གཏི་མུག་གིས་བཅིངས་པས། །རྨོངས་པ་རིང་དུ་གནས་པས་ཀྱང་། །ལུས་ཅན་

เล่ม ๑๗๐ · หน้า 88b

ཀཤྪཱ་དྱ་ཏེ་མཱུརྑཻརྨེ་གྷཻ་རི་བ་ཀཱ་རི་བྷིཿ། །ཤུ་བྷཾ་ཀྵ་ཡ་པ་ཡ་ཏཱ་ཏེ་ན་ཀྵ་པ་ཎེ་ན་ས་མུགྡྷ་དྷཱིཿ། །ཨ་ཧོ་གྲྀ་ཧ་པ་ཏི་པཱ་པཱ་ད་ཀཱརྱ་མ་པི་ཀཱ་རི་ཏཿ། །ཨི་ཏི་སཾརྩིནྡྱ་བྷ་ག་བཱན་སྭ་ཡཾ་བྷིཀྵུ་ག་ཎཻརྦྲྀ་ཏཿ། །ཡ་ཡཽ་ཤཱི་ཏ་བ་ནཾ་

རྣམས་ལ་སྣང་བ་སྒྲིབ། །སྤྲིན་གྱི་རྣམ་པར་འགྱུར་བས་བཞིན། །ཀྱེ་མ་དགེ་བ་ཟད་བྱེད་པའི། །ཟད་བྱེད་པ་དེ་སྡིག་པ་ལས། །ཁྱིམ་བདག་དམན་པའི་བློ་ཅན་ལས། །བྱ་བ་མིན་པ་བྱེད་དུ་བཅུག །ཅེས་བསམས་སྙིང་རྗེ་རབ་རྒྱས་པའི། །བཅོམ་ལྡན་རང་ཉིད་དགེ་སློང་གི །ཚོགས་ཀྱིས་བསྐོར་ནས་

ཀྵི་པྲཾ་ཤྨ་ཤཱ་ནཾ་ཀ་རུ་ཎཱ་ཀུ་ལཿ། །ཤྨ་ཤཱ་ན་ཙཱ་རི་ཀཱཾ་ཛྙཱ་ཏྭཱ་རཱ་ཛཱ་བྷ་ག་བ་ཏཿསྭ་ཡཾ། །བིཾ་བི་སྭ་རཿས་ཧཱ་མཱ་ཏྱཻསྟཱ་ནེ་བ་བྷཱུ་བ་མཱ་ཡ་ཡཽ། །ཏ་ཏཿས་ཏ་ཏྲ་ཛཱ་ཡཱ་ཡཱཾ་ནཾ་ཀྵིཔྟཱ་ཡཾ་ཙི་ཏཱ་ན་ལེ། །ཀུ་ཀྵིཾ་བྷི་ཏྭཱམྦུ་ཛཱ་པཱི་ནཿཤི་

མྱུར་བར་ནི། །བསིལ་བའི་ཚལ་གྱི་དུར་ཁྲོད་གཤེགས། །བཅོམ་ལྡན་རང་ཉིད་དུར་ཁྲོད་ན། །རྒྱུ་བ་ཤེས་ནས་རྒྱལ་པོ་ནི། །གཟུགས་ཅན་སྙིང་པོ་བློན་དང་བཅས། །ས་དེ་ཉིད་དུ་འོངས་པར་གྱུར། །དེ་འོག་རབ་བཟང་ཆུང་མ་ནི། །སྲེག་པའི་མེ་ལ་བཅུག་པ་དང་། །ཆུ་སྐྱེས་ལ་གནས་བྱིས་པ་དག །དཀུ་བརྟོལ་

ཤུཿསུཪྻ་ཨི་བོདྻ་ཡཽ། །ཛཱ་ལི་ཏཱ་ན་ལ་མདྷྱ་སྠཾ་ཏཾ་ཀཤྩིནྣཱ་གྲ་ཧཱིདྻ་དཱ། །ཏ་ད་ཛ་ན་ས་མཱུ་ཧ་སྱ་ཧཱ་ཧཱ་ཀཱ་རཽ་མ་ཧཱ་ན་བྷཱུ་ཏ། །ཏ་ཏ་སྠཾ་པཾ་ཏྲ་མཱ་བིདྡྷཱ་ག་ཏིཿསུ་ག་ཏ་ཤ་ས་ནཱཏ། །ཀུ་མཱ་ར་བྷྲྀ་ཏྱོ་ཛ་གྲཱ་ཧ་ཛཱི་བཱ་ཁྱ་ཀུ་མཱ་ར། །

ཉི་མ་བཞིན་དུ་འཐོན། །མེ་འབར་དབུས་ན་གནས་པ་དེ། །གང་ཚེ་སུས་ཀྱང་མ་བླངས་པ། །དེ་ཚེ་སྐྱེ་བོའི་ཚོགས་རྣམས་ཀྱིས། །ཧཱ་ཧཱ་ཞེས་པ་ཆེན་པོར་གྱུར། །དེ་ནས་བདེ་བར་གཤེགས་པའི་བཀས། །འཚོ་བྱེད་ཅེས་པའི་གཞོན་ནུ་བསོས། །རྨོངས་པ་ལྟ་བུ་རང་འགྲོ་ཡིས། །གཞོན་ནུ་འོད་ལྡན་དེ་བླངས་གྱུར། །

เล่ม ๑๗๐ · หน้า 89a

ཛི་ནཱ་བ་ལོ་ཀ་ནེ་ནཻ་བ་བཱ་ལ་ཀ་གྲ་ཧ་ཎ་ཀྵ་ཎེ། །ཨ་བྷཱུཙྩི་ཏཱ་ན་ལནྟ་སྱ་ཧ་རི་ཙནྡ་ན་ཤཱི་ཏ་ལཱཿ། །ཛཱི་བནྟཾ་ཛྭ་ལ་ནཱནྨུཀྟཾ་རུ་ཙི་རཾ་བཱིཀྵྱ་དཱ་ར་ཀཾ། །བཻ་ལཀྵྱེ་ཎ་ཀྵ་པ་ཎ་ཀཱཿཀྵ་ཎཾ་ཏསྠུ་མྲྀ་ཏཱ་ཨི་བ། །ཏ་ཏཿ

རྒྱལ་བས་གཟིགས་པ་ཉིད་ཀྱིས་ནི། །བྱིས་པ་རབ་ཏུ་ལེན་པའི་ཚེ། །རོ་སྲེག་མེ་དག་དེ་ལ་ནི། །ཧ་རི་ཙནྡན་ལྟར་བསིལ་གྱུར། །བྱིས་པ་འཚོ་ཞིང་མེ་ལས་གྲོལ། །རབ་ཏུ་མཛེས་པ་མཐོང་གྱུར་ནས། །སྐྱེངས་པས་ཟད་བྱེད་པ་རྣམས་ནི། །སྐད་ཅིག་ཤི་བ་བཞིན་དུ་གནས། །དེ་ནས་

སུ་བྷ་དྲཾ་བྷ་ག་བཱན་སརྦ་བྷཱུ་ཏ་ཧི་ཏེ་ར་ཏཿ། །བ་བྷཱ་ཥེ་བིསྨ་ཡོཏ་བྷྲཱནྟཾ་པུ་ཏྲོ་ཡཾ་གྲྀ་ཧྱ་ཏཱ་མི་ཏི། །ས་ཏུ་དོ་ལཱ་ཀུ་ལ་མ་ཏིཿཀིཾ་ཀ་རོ་མཱི་ཏི་སཾ་ཤ་ཡཱཏ། །ཀྵ་པ་ཎཱ་ནཱཾ་མུ་ཁཱ་ནྱེ་བ་ཤིཀྵཱ་ཡཻ་ཀྵ་ཎ་མཻ་ཀྵྱ་ཏ། །ཏེ་ཏ་

རབ་བཟང་ཡ་མཚན་གྱིས། །རྣམ་པར་འཁྲུལ་ལ་བཅོམ་ལྡན་འདས། །འབྱུང་པོ་ཀུན་ཕན་ལ་དགྱེས་པས། །བུ་འདི་བླང་བར་གྱིས་ཞེས་གསུངས། །དེ་ཡང་ཐེ་ཚོམ་དག་ལས་བློ། །ཅི་བྱ་སྙམ་པའི་ཁྱོགས་ལ་འཕྱང་། །ཟད་བྱེད་རྣམས་ཀྱིས་བཞིན་དག་ལ། །བསླབ་པའི་སླད་དུ་སྐད་ཅིག་བལྟས། །དེ་ལ་

མཱུ་ཙུ་ན་བཱ་ལོ་ཡཾ་གྲཱ་ཧྱཿཤྨ་ཤཱ་ན་བཧྣི་ཛཿ། །ཡ་ཏྲཱ་ཡཾ་ཏིཥྛ་ཏ་བྱཀྟཾ་ན་བྷ་བ་ཏྱེ་བ་ཏངྒྲྀ་ཧི། །ཨི་ཏི་ཏེ་ཥཱཾ་གི་ར་མཱུརྑཿས་ཛ་གྲཱ་ཧ་ན་ཏཾ་ཡ་ཏ། །ཏ་དཱ་ཀྵི་ཏི་པ་ཏིརྦཱ་ལ་མཱ་ད་དེ་ཛི་ན་ཤཱ་ས་ནཱཏ། །ཛྱོ་ཏིརྨ་ཌྷྱཱ་དཱ་བཱཔྟ་

དེས་སྨྲས་དུར་ཁྲོད་ཀྱི། །མེ་སྐྱེས་བྱིས་པ་འདི་མི་བླངས། །གསལ་བར་གང་དུ་འདི་གནས་པ། །དེ་ཁྱིམ་བརླག་པ་ཉིད་དུ་འགྱུར། །དེ་སྐད་དེ་དག་ཚིག་གིས་དེ། །རྨོངས་པས་གང་ཚེ་དེ་མ་བླངས། །དེ་ཚེ་རྒྱལ་བའི་བཀའ་ཡིས་ནི། །ས་ཡི་བདག་པོས་བྱིས་པ་བླངས། །མེ་དང་མཚུངས་པའི་འོད་ལྡན་པ། །

เล่ม ๑๗๐ · หน้า 89b

སྱཏེ་ཥཱཾ་ས་དྲི་ཤ་ཏྭ་ཥ། །ཛྱོ་ཏི་ཛ་ཨི་ཏི་ནཱ་མཱ་སྱ་ཙ་ཀཱ་ར་བྷ་ག་བཱན་སྭ་ཡཾ། །ཏ་སྱ་བྲ་བརྡྷ་མཱ་ན་སྱ་བྷཱུ་བཱ་ལ་བྷ་བ་ནེ་ཤི་ཤོཿ། །དེ་ཤཱནཱ་ར་ག་ཏཿཀཱ་ལེ་མཱ་ཏུ་ལཿས་མུ་པཱ་ཡ་ཡཽ། །ས་བི་དི་ཏྭཱ་སྭ་སུ་བྲྀཏྟཾ་ནི་དྷ་ནེ་པུ་ཏྲ་

གསལ་བས་དེ་རྣམས་བར་ཁྱབ་པས། །དེ་ཡི་མིང་ནི་མེ་སྐྱེས་ཞེས། །བཅོམ་ལྡན་ཉིད་ཀྱིས་མཛད་པར་གྱུར། །ས་སྐྱོང་ཁང་པར་བྱིས་པ་ནི། །རབ་ཏུ་བསྐྱེད་པར་གྱུར་པ་དེའི། །ཞང་པོ་ཡུལ་གཞན་སོང་བ་དག །དུས་ཀྱིས་ཡང་དག་འོངས་པར་གྱུར། །དེ་ཡིས་སྲིང་མོ་ཤི་བ་དང་། །བུ་སྐྱེས་སྤྱོད་ཚུལ་རིག་གྱུར་

སྱ་ཏྱེ་ཥཱཾ་སོགས་ཕྱེད་སྔ་མའི་རྐང་པ་གཉིས་པའི་བོད་སྐད་མི་འདུག་པ་ཟ་ཧོར་བནྡེས་བསྒྱུར་བ་སླང་མ་དཔེ་རྙེད་ན་དཔྱད།

ཛམྣི། །ཀོ་པཱཏ་སུ་བྷ་དྲ་མ་བྷྱེ་ཏྱ་ཀཾ་བ་མཱནཿས་མ་བྷྱ་དྷཱ་ཏ། །མཱུརྑ་ཀྵ་པ་ཎ་བྷཀྟེ་ན་ཏཏ་གི་རཱ་ཧ་ཏ་ཡོ་ཥི་ཏཱ། །ཏྭ་ཡཱ་ཏྱཀྟ་སྭ་པུ་ཏྲེ་ཎ་ཀིནྣཱ་མ་སུ་ཀྲྀ་ཏ་ཀྲྀ་ཏཾ། །ནིཤྩེ་ཏ་ནཱཿསྭ་བྷ་བེ་ན་པ་ར་མཾ་ཏྲ་པ་མུཏྠི་ཏཱཿ། །ཧ་སནྟོ་

ནས། །ཁྲོ་བས་འདར་ཞིང་མངོན་ཕྱོགས་ཏེ། །རབ་བཟང་ལ་ནི་ཡང་དག་སྨོས། །རྨོངས་པ་ཟད་བྱེད་ལ་གུས་ཤིང་། །དེ་ཡི་ཚིག་གིས་ཆུང་མ་བསད། །ཁྱོད་ཀྱིས་རང་གི་བུ་དོར་ན། །ལེགས་བྱས་མིང་ནི་ཅི་ཞིག་བྱས། །རང་བཞིན་གྱིས་ནི་སེམས་མེད་ཅིང་། །གཞན་གྱི་སྔགས་ཀྱིས་ཀུན་ཏུ་སླད། །སྐྱེ་བོ་ངན་པ་

པེ་བི་ནི་གྷྲནྟི་བེ་ཏཱ་ཌཱ་ཨི་བ་དུརྫ་ནཿ། །ཨ་དྷུ་ནཻ་བ་ན་གྲྀཧྞཱ་པི་ཡ་དི་ར་ཛ་གྲྀ་ཧཱཏ་སུ་ཏཾ། །ཏཏྟེ་སྟྲཱི་བ་བྷ་མུངྒྷུ་ཥྱ་ཀཱ་ར་ཡཱ་མྱརྠཾ་ནི་གྲ་ཧི། །ཨི་ཏྱུཀྟསྟེ་ཏཏ་བྷཱི་ཏྱཱ་པ་བྷཱུ་པ་ཏི་གྲྀ་ཧཱཏ་སུ་ཏཾ། །ཨཱ་ནི་ནཱ་ཙི་རཱཏ་མུཀྟ་

དགོད་ན་ཡང་། །རྣམ་པར་འཇོམས་བྱེད་རོ་ལངས་བཞིན། །གལ་ཏེ་རྒྱལ་པོའི་ཁབ་ནས་བུ། །ད་ལྟ་ཉིད་དུ་མི་ལེན་ན། །བུད་མེད་བསད་པ་བསྒྲགས་ནས་དེ། །ཁྱོད་ནོར་ཆད་པས་གཅོད་དུ་འཇུག །དེ་ཡིས་དེ་སྐད་བརྗོད་པ་དེས། །འཇིགས་ནས་ས་བདག་ཁབ་ནས་བུ། །ལེན་དུ་བཅུག་པས་ས་བདག་ནི། །

เล่ม ๑๗๐ · หน้า 90a

མ་ཀཱ་མེ་ན་མ་ཧཱི་བྷུ་ཛེ། །ཏ་ཏཿསུ་བྷ་དྲེ་ཀཱ་ལེ་ན་ཀཱ་ལ་སྱ་བ་ཤ་མཱ་ག་ཏེ། །ཨ་བྷཱུཏ་ནི་དྷིརྦི་བྷཱུ་ཏཱི་ནཱཾ་ཛྱོ་ཏིཥྐཱརྐྐ་ཨི་བ་ཏྭི་ཥཱཾ། །ཨརྠི་ཀལྤ་དྲུ་མཿཔྲཱ་པྱ་སམྤ་དཾ་དི་བྱ་མཱ་ནུ་ཥཱཾ། །ས་བུདྡྷ་དྷརྨྨ་སཾ་གྷ་

འདོད་དང་ལྡན་པས་རིང་ནས་གཏད། །དེ་ནས་རབ་བཟང་དུས་ཀྱིས་ནི། །དུས་ཀྱི་དབང་དུ་སོང་བར་གྱུར། །མེ་སྐྱེས་རྣམ་པར་འབྱོར་པའི་གཏེར། །འོད་ཀྱིས་ཉི་མ་བཞིན་དུ་གྱུར། །སློང་བ་རྣམས་ཀྱི་དཔག་བསམ་ཤིང་། །ལྷ་མིའི་ཕུན་སུམ་ཚོགས་པ་ཐོབ། །སངས་རྒྱས་ཆོས་དང་དགེ་

ཥུ་ཤ་ར་ཎྱེ་ཥྭ་ཀ་ར་ཏོ་མ་ཏིཾ། །ཏཏ་བྷཀྟུ་པ་ན་ཏཾ་དི་བྱ་རཏྣ་སཾ་ཙ་ཡ་མད་བྷུ་ཏཾ། །པ་ད་དཽ་བྷི་ཀྵུ་སཾ་གྷེ་བྷྱཿཔུ་ཎྱ་རཏྣརྫ་ནོདྻ་ཏཿ། །ཏསྱ་དེ་བ་ནི་ཀཱ་ཡེ་བྷྱཿསཱཤྩཪྻཱ་བི་བི་དྷརྡྭ་ཡཿ། །སྭ་ཡ་མེ་བཱ་ཡ་ཡཱུརྦེཤྨ་

འདུན་གྱི། །སྐྱབས་ལ་དེ་ཡི་བློ་གྲོས་བྱས། །དེ་ལ་གུས་པས་ཉེར་བསྐྲུན་པ། །རྨད་བྱུང་ལྷ་ཡི་རིན་ཆེན་ཚོགས། །བསོད་ནམས་རིན་ཆེན་སྒྲུབ་བརྩོན་དེས། །དགེ་སློང་དགེ་འདུན་རྣམས་ལ་ཕུལ། །ཆུ་གཏེར་ཆེར་ནི་ཆུ་བོ་བཞིན། །དེ་ལྟའི་ཁྱིམ་དུ་ལྷའི་རིས་ལས། །རྣམ་མང་ཕུན་ཚོགས་ངོ་མཚར་

མ་ཧོ་ད་དྷི་མི་བཱ་པ་གཱཿ། །ཏྲྀ་ཎེ་རཏྣེ་ཙ་པ་མ་དྷཱིརྦྷ་ག་བཱན་པི་ཏདྒྲྀ་ཧེ། །ཙཀྲ་ཏ་ད་ནུ་རོ་དྷོ་ན་རཏྣ་སཱ་ཏྲ་པ་རི་གྲ་ཧི། །ས་དི་བྱ་བསྟྲ་ཡུ་ག་ལཾ་ཡ་ཤ་སཱ་མུ་པ་མཱ་ཀྵ་མཾ། །པྲཱ་པ་པུ་ཎྱ་པ་ན་ཀྲཱི་ཏཾ་ནི་ཛཾ་གཱི་ལ་

ཅན། །རང་ཉིད་ཁོ་ན་འོངས་པར་གྱུར། །དེ་ཡི་ཁྱིམ་དུ་བཅོམ་ལྡན་འདས། །རྩྭ་དང་རིན་ཆེན་མཚུངས་བློས་ཀྱང་། །དེ་ཡི་ངོར་ནི་རིན་པོ་ཆེའི། །སྣོད་ནི་ཡོངས་སུ་བཟུང་བར་མཛད། །དེས་ནི་ལྷ་ཡི་གོས་ཟུང་དག །རང་གི་ཁྱིམ་བཞིན་དྲི་མ་མེད། །གྲགས་པ་རྣམས་ཀྱི་དཔེར་བཟོད་པ། །བསོད་ནམས་ཟོང་

เล่ม ๑๗๐ · หน้า 90b

མི་བཱ་མ་ལཾ། །ཀ་དཱ་ཙི་ད་ཐ་ཏད་བསྟྲཾ་སྣཱ་ནཱརྡྲཾ་ནྱསྟ་མཱ་ཏ་པེ། །ས་མཱི་ར་ཎེ་ནཱ་པ་ཧྲྀ་ཏཾ་ནྱ་པ་ཏཏ་མཱུརྡྷྣི་བྷཱུ་པ་ཏེཿ། །བི་ལོ་ཀྱཱ་པཱུརྦྦ་ཏུ་ཙི་རཾ་ཛྱོ་ཏིཥྐ་སྱ་ཏ་དཾ་ཤུ་ཀཾ །དི་བྱཤྲཱི་བི་སྨི་ཏོ་རཱ་ཛཱ་ཏྲི་ཎཾ་མེ་ནེ་ནི་ཛ་ཤྲི་

གིས་མྱོས་ནས་ཐོབ། །དེ་ནས་ནམ་ཞིག་དེ་ཡིས་གོས། །བཀྲུས་ནས་བརླན་པ་ཉི་འོད་བཀོད། །ཡང་དག་གཡོ་བས་རབ་བསྐྱོད་ནས། །ས་ཡི་བདག་པོའི་སྤྱི་བོར་ལྷུང་། །མེ་སྐྱེས་དེ་ཡི་གོས་དག་ནི། །སྔོན་མེད་རབ་མཛེས་མཐོང་གྱུར་ནས། །ལྷ་ཡི་དཔལ་ལ་ཡ་མཚན་པའི། །རྒྱལ་པོ་རང་དཔལ་རྩ་བཞིན་

ཡཾ། །བྷོཀྟུཾ་ནི་མནྟྲི་ཏཿཔྲཱ་པྱ་ཏ་སྱ་རཏྣ་མ་ཡཾ་གྲྀ་ཧཾ། །ནྲྀ་པ་ཏིཿསྭརྒ་མཱ་ཛྙཱ་སཱི་ཛྱོ་ཏིཥྐ་བྷ་བ་ནེསྠི་ཏཿ། །ཨ་ཐ་ཀཱ་ལེ་ན་བྷཱུ་པཱ་ལཿཔུ་ཏྲེ་ཎཱ་ཛཱ་ཏ་ཤ་ཏྲཱུ་ཎཱ། །ཙྪདྨ་ལཱ་རཱ་ཛྱ་ལུབྡྷེ་ན་དྷརྨ་ཤི་ལོ་ནི་པཱ་ཏི་ཏཿ། །

སེམས། །ཟས་ལ་མགྲོན་གཉེར་མི་ཡི་བདག །མེ་སྐྱེས་ཁྱིམ་ན་གནས་པས་དེའི། །རིན་ཆེན་རང་བཞིན་ཁང་པ་དག །མཐོང་ནས་མཐོ་རིས་ཡིན་པར་སེམས། །དེ་ནས་དུས་ཀྱིས་ས་སྐྱོང་ནི། །ཆོས་ཀྱི་ངང་ཚུལ་མ་སྐྱེས་དགྲ། །བུ་ནི་རྒྱལ་སྲིད་ལ་ཆགས་པའི། །གཡོ་ཡིས་ངེས་པར་བཀྲོངས་པར་གྱུར། །

ཨ་ཏཱི་ཏེ་སད་གུ་ཎེ་རཱཛྙི་ཏསྨིན་ཀྲྀ་ཏ་ཡུ་གོ་པ་མོ། །ཨ་དྷརྨ་ཨི་བ་བ་པྲཱ་པ་རཱ་ཛྱཾ་རཱ་ཛ་བ་རཱཏ་མ་ཛཿ། །ས་བྷཱུ་བྷྲྀདྡུརླ་བྷཾ་དྲྀཥྚྭཱ་ཛྱོ་ཏིཥྐ་སྱ་གྲྀ་ཧེ་ཤྲི་ཡཾ། །ཏ་མུ་བཱ་ཙ་སེ་མ་བྷྱེ་ཏྱ་མ་ཏ་པི་ཏྲཱ་ཏྭཾ་བི་བརྡྷི་ཏཿ། །བྷྲ་ཏཱ་ཏ་བཱ་

རྒྱལ་པོ་ཡོན་ཏན་དམ་པ་ཅན། །རྫོགས་ལྡན་ལྟ་བུ་དེ་འདས་ཚེ། །རྒྱལ་པོ་མཆོག་གི་བུ་དེ་ཡིས། །ཆོས་མིན་བཞིན་དུ་རྒྱལ་སྲིད་ཐོབ། །མེ་སྐྱེས་དག་གི་ཁྱིམ་གྱི་དཔལ། །ས་བདག་ལ་དཀོན་དེས་མཐོང་ནས། །ཡང་དག་མངོན་པར་སོང་སྟེ་སྨྲས། །ཁྱོད་ནི་ཕ་མས་རྣམ་པར་བསོས། །ཁྱོད་དང་ཕ་སྤུན་

เล่ม ๑๗๐ · หน้า 91a

ཧཾ་དྷརྨྨེཎ་བི་བྷ་བཱརྡྷཾ་པྲ་ཡཙྪ་མེ། །ན་ཙེ་བྷཱ་ག་དྷ་ན་དྲོ་ཧཱཏ་ཀ་ལི་རེ་བ་པྲ་ཛཱ་ཡ་ཏེ། །ཨི་ཏྱུཀྟེསྟེ་ན་ཀཽ་ཊི་ལྱཱཏ་ཛྱཽ་ཏིཥྐཿཀྲཱུ་ར་ཀཱ་རི་ཎཱ། །རཏྣ་པཱུརྞི་གྲྀ་ཧ་ཏསྨིན་ད་ཏྭཱ་པྲ་ཡཱཏ་པ་རཾ་གྲྀ་ཧཾ། །སཱ་དི་བྱ་རཏྣ་རུ་

ཆོས་དག་གིས། །འབྱོར་པ་ཕྱེད་ནི་བདག་ལ་སྩོལ། །གལ་ཏེ་མིན་ན་ནོར་སྐལ་ལ། །འཁུ་ལས་རྩོད་པ་ཉིད་རབ་སྐྱེ། །གྱ་གྱུས་སྡང་བར་བྱེད་པ་དེས། །དེ་སྐད་བརྗོད་པས་མེ་སྐྱེས་ནི། །ཁང་པ་རིན་ཆེན་གྱིས་གང་བ། །དེ་ལ་བྱིན་ནས་ཁྱིམ་གཞན་སོང་། །ལྷ་ཡི་རིན་ཆེན་ཡིད་འཕྲོག་

ཙི་ར་སྥི་ཏཱ་ལོ་ཀོ་པ་ཀཱ་རི་ཎཱི། །ཛྱོ་ཏིཥྐཱ་མེ་པཱ་ནུ་ཡ་ཡཽ་ཤྲཱིཿཔྲ་ཏི་བྷེ་བ་དི་བཱ་ཀ་རཾ། །པུ་ནྱསྟཀྟཱ་པི་བཱ་སམྤཏ་སཔྟ་ཀྲྀ་ཏྭཿཔྲ་བྷཱ་བ་ཏཱི། །ཛྱོ་ཏིཥྐ་མ་སྤྲྀཥྚ་ནྲྀ་བ་སཱ་དྷྲཱི་བ་ཏི་མི་བ་ཡ་ཡཽ། །སརྦ་ཐཱ་ཧ་ར་ཎོདྻུ་ཀྟཾ་ད་

རྒྱས། །འཇིག་རྟེན་ཕན་བྱེད་དཔལ་འབྱོར་དེ། །མེ་སྐྱེས་ཁོ་ནའི་རྗེས་སུ་འབྲང་། །ཉིན་མོར་བྱེད་ལ་འོད་ཟེར་བཞིན། །ཡང་ཡང་མེ་སྐྱེས་ཀྱིས་སྤངས་ཀྱང་། །ཕུན་ཚོགས་དེ་ནི་ལན་བདུན་དུ། །མེ་སྐྱེས་ཅན་སོང་མི་བདག་གིས། །མ་རེག་ཆུང་མ་ཁྱོ་ཅན་བཞིན། །ཆོམ་རྐུན་ལ་སོགས་རིགས་པ་ཡིས། །

སྱུ་ཙཽ་རཱ་དི་ཡུཀྟི་བྷིཿ། །ཛྱཽ་ཏིཥྐཿཀུ་པི་ཏ་ཛྙཱ་ཏྭཱ་ནི་རྦིརྞཿས་མ་ཙིནྟ་ཡཏ། །ཨ་པུ་ཎྱ་པ་རི་པཱ་ཀེ་ན་པྲ་ཛཱ་ནཱཾ་ཛ་ན་ཀོ་པ་མཿ། །སཱཾ་ཡཱ་ཏ་སྨྲྀ་ཏེ་ཤེ་ཥ་ཏྭཾ་རཱ་ཛཱ་བཱཏྤ་ལྱ་པེ་ཤ་ལཿ། །ཀཽ་ནྱསྟཏ་ས་དྲྀ་ཤོསྨིནྣིརྦྱ་

རྣམ་པ་ཀུན་ཏུ་འཕྲོག་བརྩོན་ཅིང་། །ཁྲོས་པར་ཤེས་ནས་མེ་སྐྱེས་ནི། །ཡིད་བྱུང་གྱུར་པས་ཡང་དག་བསམས། །སྐྱེ་རྒུའི་བསོད་ནམས་མ་ཡིན་པ། །ཡོངས་སུ་སྨིན་པས་ཕ་ལྟ་བུ། །རྒྱལ་པོ་མཉེས་གཤིན་ཡངས་པ་ནི། །དྲན་པའི་ལྷག་མ་ཉིད་དུ་གྱུར། །འདི་ན་ཟོལ་མེད་དྲང་པོ་ལ། །སྐྱེ་རྒུ་

เล่ม ๑๗๐ · หน้า 91b

ཛ་ཤ་ར་ལེ་པྲ་ཛཱཿ། །པི་ཏ་རི་བ་ཀྀ་ཏཱ་ཤྭཱ་པཿསུ་ཁ་རཱ་ཏྲི་ཥུ་ཤེ་ར་ཏེ། །དྷ་ནི་ནསྟྲྀ་ཎ་བཏ་པྲཱ་བྱཱཿཔྲ་པྱནྟེ་རཏྣ་བད་བུ་དྷཱཿ། །ཨ་མྲྀ་ཏཱ་ད་པི་དུཿཔྲཱ་པཿསཽ་ཛ་ནྱ་ཤ་ར་ལོ་ཛ་ནཿ། །ནཱིརྦྱ་ཛ་པཻ་དགྡྷྱ་ཛུ་ཥཱ་མ་མུགྡྷ་ཤ་ར་

དབུགས་ཕྱུང་ཕ་མ་བཞིན། །མཚན་མོ་བདེ་བར་ཉལ་བྱེད་པ། །དེ་དང་མཚུངས་པ་གཞན་པ་སུ། །ནོར་ལྡན་རྩྭ་བཞིན་བསྒྲུབ་པར་བྱ། །བློ་གྲོས་རིན་ཆེན་བཞིན་དུ་ཐོབ། །སྐྱེ་བོ་དམ་པ་དྲང་པོ་ནི། །བདུད་རྩི་བས་ཀྱང་རྙེད་པ་དཀའ། །ཟོལ་མིན་མཁས་པས་བསྟེན་པ་དང་། །རྨོངས་མིན་དྲང་པོའི་

ལཱཏྨ་ནཱཾ། །ཨ་ནུདྡྷ་ཏོནྣ་ཏཱ་ནཱཾ་ཙ་བི་ར་ལཾ་ཛནྨ་ཏཱ་དྲྀ་ཤཱཾ། །ཨ་དྷུ་ནཱ་དྭེ་ཥ་དུརྦྲྀཏྟཿཔྲ་བྲྀཏྟ་ནི་ཀྲྀ་ཏི་ནྲྀ་པཿ། །པཱ་པ་པཱ་ཀེ་ན་ལོ་ཀཱ་ནཱ་མ་ཀཱ་ལི་ཀ་ལི་རཱ་ག་ཏཿ། །མི་ཏྲེ་ཛ་ག་ཏི་ཡཱ་ཏེསྟཾ་ཏསྨིན་བྷཱ་སྭ་ཏི་བྷཱུ་པ་

བདག་ཉིད་དང་། །མ་བརྩིགས་མཐོན་པོ་ཉིད་དག་ཀྱང་། །དེ་ལྟར་སྐྱེས་པ་ཤིན་ཏུ་ཉུང་། །ད་ནི་མི་བདག་ཞེ་སྡང་གིས། །ཚུལ་ངན་གནོད་བྱེད་ལ་རབ་ཞུགས། །འཇིག་རྟེན་རྣམས་ཀྱི་སྡིག་སྨིན་གནས། །དུས་མིན་རྟག་ཏུ་རྩོད་ལྡན་འོངས། །འགྲོ་བར་ས་བདག་འོད་ལྡན་པ། །བཤེས་གཉེན་དེ་ནི་ནུབ་པའི་

ཏཽ། །དོ་ཥོ་ད་ཡཿཔྲ་བྲྀདྡྷོ་ཡ་མནྡྷ་ཀཱ་ར་ཡ་ཏཏྶུ་ཏཿ། །ནཱུ་ནཾ་པ་ཏཱ་མ་ཏཱི་ཏཱ་ནཱཾ་ནིཥྐཱ་ར་ཎ་སུ་ཧྲིཏ་ཁ་ལཿ། །ཡད་བྲྀཏྟ་པ་རཿབྷཱ་གེ་ན་ཡ་ཤསྟེ་ཥཱཾ་པྲ་ཀཱ་ཤ་ཏེ། །ཏསྨཱ་དི་ཡཾ་པ་རི་ཏྱ་ཛྱཱ་ནྲྀ་པ་ཏྱ་དྷིཥྛི་ཏཱ་མ་ཧཱི། །

ཚེ། །དེ་སྲས་སྐྱོན་སྐྱེད་མཚན་མོ་ནི། །མུན་པའི་སླད་དུ་རབ་ཏུ་རྒྱས། །མི་བསྲུན་དམ་པ་འདས་རྣམས་ཀྱིས། །རྒྱུ་མེད་སྙིང་སྡུག་ཡིན་ནམ་སྙམ། །གང་ཞིག་སྤྱོད་ཚུལ་གཞན་ཆ་ལས། །གྲགས་པ་དེ་དག་རབ་གསལ་བྱེད། །དེ་སླད་མི་བདག་ངན་པ་ཡིས། །བྱིན་བརླབས་ས་འདི་ཡོངས་གཏང་འོས། །

เล่ม ๑๗๐ · หน้า 92a

ཀཱ་ལེ་ཀ་ལཽ་ཀྵི་ཏཱི་ཤེ་ཙ་ཛ་ནཱ་ནཱཾ་ཛཱི་བི་ཏཾ་ཀུ་ཏཿ། །བ་ར་པ་རི་ཙ་ཡོ་དཱ་རཱ་དཱ་རཱཿས་ཏཱཾ་གུ་ཎཱ་ནཱཾ་གུ་ཎཱཿཀུ་ལ་མ་བི་ཀ་ལཾ་བྷ་བྱཱ་བྷཱུ་ཏིཪྻ་ཤཿཤ་ཤི་སནྣི་བྷཾ། །སྠི་ཏི་ས་མུ་ཙི་

རྩོད་ལྡན་དུས་ཀྱི་ས་དབང་ལ། །སྐྱེ་བོ་རྣམས་ནི་ག་ལ་འཚོ། །མཆོག་ཏུ་ཡོངས་འདྲིས་ཡིད་འོང་ཆུང་མ་དམ་པ་རྣམས་ཀྱིས་རབ་སྦྱངས་ཡོན་ཏན་དང་། །འཆོལ་པ་མིན་པའི་རིགས་དང་ལེགས་ལྡན་ས་བདག་རི་བོང་ཅན་མཚུངས་གྲགས་པ་དང་། །ལུགས་ལ་ཡང་དག་

ཏཾ་བྲྀཏྟཾ་བིཏྟཾ་ནི་མིཏྟ་མ་ནཱ་པ་དཱཾ་གུ་ཎ་པ་ཏི་ནྲྀ་པེ་སརྦཾ་བྷ་བ་ཏྱ་བི་པཾ་ཥྵུ་ལཾ། །དྷརྨ་དྲུ་མ་སྱ་དྷ་ན་མཱུ་ལ་ས་མུརྒ་ཏ་སྱ་ནི་རྡོ་ཥ་ཀཱ་མ་ཀུ་སུ་མ་པྲཱ་པ་རོ་ཛྭ་ལ་སྱ། །ལོ་ཀཿསུ་ཁཱ་

འོས་པའི་སྤྱོད་ཚུལ་དག་དང་ཕོངས་མེད་རྒྱུ་ཡི་ནོར་རྣམས་ཏེ། །མི་བདག་ཡོན་ཏན་ལྡན་ན་སྐྱེས་བུ་རྣམས་ཀྱིས་ཐམས་ཅད་རྣམ་བསླད་མིན་པར་འགྱུར། །ཆོས་ཀྱི་རྩ་བ་ནོར་གྱི་ལྗོན་པས་ཡང་དག་བསྐྱེད་གྱུར་པ། །སྐྱོན་མེད་འདོད་པ་རྣམས་ཀྱིས་མེ་ཏོག་རྒྱས་ཤིང་རབ་འབར་བ། །བསོད་ནམས་འབྲས་བུ་བདེ་

ནི་ཀི་ལ་པུ་ཎྱ་ཕ་ལཱ་བྷུཀྟེ་ཧ་ཏཱ་ན་ཙེ་ཏ་ཀུ་ནྲྀ་པ་ཏིརྦི་ནིརྤཱ་ཏཾ་བཱ་ཏཿ། །ཀ་ལིཿཀཱ་ལཿཔ་ཏིརྦཱ་ལ་སྟཏ་པྲ་ཏཱ་པཤྩི་ཏཱ་ན་ལ། །ཨ་ཀཱ་ལ་པི་པླ་པོཏྟཱ་ལ་ཁ་ལ་བེཏྟཱ་ལ་སཾ་ཀུ་ལཿ། །པྲྀ་ཏིརྦི་ཥཎྜཱ་ཁིནྣཱ་དྷཱིཿ

བ་ངེས་པར་འཇིག་རྟེན་ལོངས་སྤྱོད་དེ། །རྣམ་པར་ལྟུང་བྱེད་རྒྱལ་ངན་རླུང་གིས་གལ་ཏེ་མ་བཅོམ་ནའོ། །རྩོད་ལྡན་དུས་དང་བདག་པོ་བྱིས། །དེ་ཡིས་རབ་གདུང་བསྲེག་པའི་མེ། །དུས་མིན་རྣམ་བསླད་རབ་ཏུ་དྲག །མི་བསྲུན་རོ་ལངས་ཚོགས་ཀྱིས་གང་། །དགའ་བ་ཡིད་བྱུང་བློ་གྲོས་བསྐྱོད། །བདེ་

เล่ม ๑๗๐ · หน้า 92b

སུ་ཁ་ཤྲཱི་ཡ་ཏ་ཡོ་བ་ནཱཾ། །ཨ་ཐུ་ནཱ་བི་བྷ་བཱ་བྷོ་གེ་བྷོ་ག་ཡོ་གེ་ན་མེ་རུ་ཙིཿ། །དྷ་ནཾ་བྷཱུ་མིརྒྲྀ་ཧཾ་དཱ་རཿསུ་ཏཱ་བྷྲྀ་ཏྱཱ་པ་རིཙྪ་དཱཿ། །ཨ་ཧོ་ནི་ར་བ་དྷིཿཔུཾ་སཱཾ་མཱ་དྷི་བྱཱ་དི་པ་རི་གྲ་ཧཿ། །ཡ་ཐཱ་ཡ་ཐཱ་བི་བརྡྷནྟེ་གྲཱིཥྨོཥྨཱ་བི་

བའི་དཔལ་གྱི་ལང་ཚོ་སོང་། །ད་ནི་འབྱོར་པ་ལོངས་སྤྱོད་རྣམས། །སྤྱོད་དང་ལྡན་ལ་བདག་མི་སྲེད། །ནོར་དང་ཁྱིམ་དང་ཆུང་མ་དང་། །བུ་དང་གཡོག་པོ་ཡོ་བྱད་རྣམས། །མཐའ་མེད་ནད་དང་གདུང་བ་སྟེ། །ཀྱེ་མ་སྐྱེས་བུའི་ཡོངས་འཛིན་ནོ། །སོ་གའི་ཚ་བ་མི་བཟད་དཔལ། །ཇི་ལྟ་ཇི་ལྟར་རྣམ་

ཥ་མཱཿཤྲི་ཡཿ། །ཏ་ཐཱ་ཏ་ཐཱ་ཛྭ་ལ་ཏྱེ་བ་ཏྲྀཥྞ་ཏཱ་པཿཤ་རཱི་རི་ཎཱཾ། །པྲ་བྲྀདྡྷི་ར་པི་བིཏྟཽ་གྷཻ་རཱ་ཛནྨོ་པཱརྫི་ཏཻ་རྣྲྀ་ཎཱཾ། །ལ་བ་ཎཱནྡྷཻ་རི་བ་ཛ་ལཻརྦི་བྲྀཥྞྱཾ་ནཻ་བ་ཛཱ་ཡ་ཏེ། །ནཱསྟི་ནཱསྟཱི་ཏྱ་སཾ་ཏོ་ཥཱད་ཡ་ཨེ་བ་དྷ་ནི་ནཱཾ་ཛ་པཿ། །

འཕེལ་བ། །དེ་ལྟ་དེ་ལྟར་ལུས་ཅན་རྣམས། །སྲེད་པའི་ཡོངས་སུ་གདུང་བ་འཕེལ། །སྐྱེ་བ་ཀུན་ཏུ་ཉེར་བསྒྲུབས་པས། །ནོར་གྱི་ཚོགས་པ་རབ་རྒྱས་ཀྱང་། །ལན་ཚྭའི་མཚོ་ཡི་ཆུ་ཡིས་བཞིན། །མི་རྣམས་སྲེད་བྲལ་ཉིད་མ་ཡིན། །གང་ཞིག་ནོར་ལྡན་(ཚོག་‚ཆོག་)མི་ཤེས། །མེད་དོ་མེད་དོ་ཞེས་ཟློས་པ། །

པུ་ནརྦྷ་བེ་བྷ་བེཏ་ཀོ་བ་ས་ཨེ་བ་པྲ་ཤ་མཱདྻ་དི། །ཀེཾ་བིཏྟཻ་རྡུརྣི་མིཏྟེཿཀ་ལི་ཀ་ལ་ཧ་མོ་ཧ་ལོ་བྷཱ་ནུ་བྲྀཏྟཻཿཀིཾ་བྷོ་གཻརྦི་པ་ཡོ་གཻརྦྱ་ས་ན་ཤ་ཏ་པ་ཏ་ནཱ་བྷྱཱ་པ་སཾ་སཀྟ་རོ་གཻཿ། །ཀིཾ་བཱ་མི་ཐྱཱ་བྷི་མཱ་ནཻ་རྣར་

གལ་ཏེ་དེ་ཡིས་རབ་ཞི་ན། །ཡང་སྲིད་དག་ཏུ་སུ་ཞིག་འགྱུར། །རྩོད་དང་འཐབ་མོ་རྨོངས་དང་ཆགས་པ་ཆེན་པོ་རྗེས་སུ་འབྲང་བའི་ལྟས་ངན་ནོར་གྱིས་ཅི། །རྒུད་པ་བརྒྱར་ལྟུང་ཡང་དག་ཆགས་པས་ནད་སྐྱེད་འབྲལ་བར་འགྱུར་པའི་ལོངས་སྤྱོད་དག་གིས་ཅི། །ཡིད་ཉམས་གཡོག་ལ་མི་བདག་ཁེངས་

เล่ม ๑๗๐ · หน้า 93a

པ་ཏི་ས་ད་ན་པྲཱཔྟ་སེ་པཱ་བ་མཱ་ནཻ་རསྨིན་བཻ་རཱ་གྱ་མེ་བ་ཀྵ་ཡ་ས་མ་ཡ་བྷ་ཡེ་བྷོ་གྱ་མཱ་རོ་གྱ་ཡོ་གྱཾ། །ཨ་ཏི་ཀྲཱནྟེ་ཀཱ་ལེ་སྭ་ཛ་ན་སུ་ཧྲྀ་དཱ་ལོ་ཀ་བི་མ་ལེ་ས་མཱ་པནྣེ་མོ་ཧ་པྲ་བ་ལ་ཀཱ་ལུ་ཥྱ་མ་

པ་ཐོབ་པའི་མངོན་པའི་ང་རྒྱལ་དག་གིས་ཅི། །འདིར་ནི་ཆགས་བྲལ་ཁོ་ན་འཇིག་དུས་འཇིགས་པར་ནད་མེད་ལོངས་སྤྱོད་དག་ཏུ་འོས་པ་ཡིན། །རང་གི་སྐྱེ་བོ་སྙིང་སྡུག་དྲི་མེད་སྣང་བའི་དུས་ནི་འདས་གྱུར་ཅིང་། །ལྷག་པར་མི་བསྲུན་སྡིག་པས་རྒྱས་པའི་རྨོངས་པ་ཡང་དག་འོངས་པ་

ལི་ནེ། །སུ་ཁཱ་ཤྭཱ་སཿཔུཾ་སཱཾ་པྲ་ཤ་མ་པ་ལི་ལ་སྣཱ་ཏ་མ་ན་སཱཾ་པ་རི་ཏྱཀྟ་ཡཱ་སེ་བི་ཛ་ན་བ་ན་བཱ་སེ་པ་རི་ཙ་ཡཿ། །ཨི་ཏི་སཾ་ཙིནྡྱ་པ་ཙི་རཾ་པ་རཾ་བཻ་རཱ་གྱ་མ་ཡ་ཡཽ། །དུཿཁཾ་མོ་ཧཱ་ཡ་མཱུརྑཱ་ཎཱཾ་བི་བི་

ན། །ངལ་དུབ་ཡོངས་བཏང་སྐྱེ་བོ་མེད་པའི་ནགས་ཀྱི་གནས་ལ་ཡོངས་འདྲིས་པས། །ཡིད་ནི་རབ་ཞིའི་ཆུས་བཀྲུས་སྐྱེས་བུ་རྣམས་ཀྱི་བདེ་བའི་དབུགས་འབྱིན་ཡིན། །དེ་ལྟར་ཡུན་རིང་དེ་བསམས་ནས། །མཆོག་ཏུ་འདོད་ཆགས་བྲལ་བར་གྱུར། །སྡུག་བསྔལ་རྨོངས་པའི་གཏི་མུག་དང་། །བློ་ལྡན་

ཀཱ་ཡ་ཙ་དྷཱི་མ་ཏཱཾ། །ས་ད་ཏྭཱ་སརྦྦ་མརྠི་བྷྱཿཔྲ་ཡ་ཡཽ་སུ་ག་ཏཱ་ཤྲ་མཾ། །ཤྲཱི་ཤྲྀཾ་ཁ་ལཱ་བྷིཿཀྲྀ་ཥྱཾ་ན་དྷི་ས་ཏྱ་སུ་ཁོནྨུ་ཁཱཿ། །ཡ་དཻ་བ་རཱ་ཛ་ཧཾ་སེ་ན་སྨཪྻ་ཏེ་ཤུ་ཙཾ་མ་ནཱ་སཾ། །ས་དཻ་བཱསྨཻ་བ་སུ་མ་ཏཱི་ས་ར་

རྣམས་ཀྱིས་རྣམ་འབྱེད་སླད། །སློང་རྣམས་ལ་དེས་ཀུན་བྱིན་ནས། །བདེ་གཤེགས་གནས་སུ་རབ་ཏུ་སོང་། །གང་ཕྱིར་བདེན་པའི་བདེར་མངོན་ཕྱོགས། །དཔལ་གྱི་ལྕགས་སྒྲོག་གིས་མི་ཁུགས། །གང་ཚེ་ངང་པའི་རྒྱལ་པོ་ནི། །རྫིང་བུ་གཙང་མ་དྲན་པ་ན། །དེ་ཚེ་ནོར་གྱི་བློ་གྲོས་མ། །རོ་ལྡན་ལ་ཡང་ད་མི་

เล่ม ๑๗๐ · หน้า 93b

སཱི་བི་ན་རོ་ཙ་ཏེ། །ཡཱ་ཏེ་དུཿས་ཧ་མོ་ཧ་དྷཱུ་མ་མ་ལི་ནེ་བྷོ་གཱ་ནུ་རཱ་གཱ་ན་ལེ་སནྟོ་ཥཱ་མྲྀ་ཏ་ནིརྫྷ་རེ་ཎ་མ་ན་སི་པྲཱཔྟ་ཤ་ནཻཿཤཱེ་ཏ་ཏཱཾ། །ནེ་ཏཱཿཔཱ་ན་མ་དོ་ཏུ་རཾ་ག་བི་ཙ་ལདྡྷཱ་རཱཾ་ག་ནཱ་བྷཾ་གུ་ར་བྷྲུ་བྷཾ་ག་ཀྵ་ཎ་སཾ་ག་མཱཿ

སྲེད། །ལོངས་སྤྱོད་དག་ལ་རྗེས་ཆགས་མེ་ནི་བཟོད་དཀའ་རྨོངས་པའི་དུ་བ་འཁྱིམས་གྱུར་པ། །ཆོག་ཤེས་བདུད་རྩིའི་རྒྱུན་གྱིས་ཡིད་ལ་བསིལ་བ་ཉིད་ནི་དལ་བུས་ཐོབ་གྱུར་ན། །བཏུང་བས་མྱོས་ཤིང་རབ་རྒྱུག་རྣམ་པར་གཡོ་རྒྱུན་ན་ཆུང་གཡོ་བའི་སྨིན་འཁྱོག་ཅན། །སྐད་ཅིག་འགྲོགས་པའི་དཔལ་མོ་

ཤ་མ་བ་ཏཱཾ་ཀུརྦནྟི་བིགྷྣཾ་ཤྲི་ཡཿ། །སརྦ་ཛྙ་ཤཱ་ས་ན་བི་ནཥྚ་བྷ་བཱ་དྷྭ་ཀཥྚཿཔྲ་བྲ་ཛྱ་ཡཱ་བི་མ་ལ་མེ་བཾ་པ་དཾ་པྲ་བིཥྚཿ། །སཱ་བྲཱ་བྱ་སརྦ་ཤ་མ་ཏཱ་མ་ས་མ་པྲ་ཀཱ་ཤ་ནིརླླ་ཀྵ་མོཀྵ་ག་མ་ནཱ་ཡ་མུ་

འདི་དག་ཞི་ལྡན་རྣམས་ཀྱི་བགེགས་ནི་བྱེད་མ་ཡིན། །སྲིད་པའི་ལམ་གྱི་སྡུག་བསྔལ་རྣམ་ཉམས་ཐམས་ཅད་མཁྱེན་པའི་བཀའ། །དྲི་མེད་ཉིད་ཀྱི་གནས་སུ་རབ་ཏུ་བྱུང་བས་རབ་ཏུ་ཞུགས། །ཞི་བ་ཉིད་ནི་ཐམས་ཅད་ཐོབ་ནས་མཉམ་མེད་རབ་གསལ་ཞིང་། །མཚོན་བྲལ་ཐར་པར་འགྲོ་བའི་སླད་དུ་ཐུབ་

ནིརྦ་བྷཱུ་བ། །ཏཾ་བོ་དྷི་སིདྡྷི་མཱ་ལོཀྱ་ཛྱོ་ཏིཥྐ་སྱ་ས་བིསྨ་ཡཻཿ། །བྷི་ཀྵུ་བྷིརྦྷ་ག་བཱན་བྲྀཥྚཿསྲཱགྦྲྀཏྟཱནྟ་མ་བྷཱ་ཥ་ཏ། །ཛནྨ་ཀྵེ་ཏྲ་ཤ་ཏོཔྟཱ་ནཱཾ་བཱི་ཛཱ་ནཱ་མི་བ་ཀརྨྨ་ཎཱཾ། །བྷུ་ཛྱ་ཏེ་ཕ་ལ་སམྤཏྟི་ར་བིཾ་སཱ་བཱ་དི་

པར་དེ་གྱུར་ཏེ། །མེ་སྐྱེས་བྱང་ཆུབ་གྲུབ་པ་དེ། །མཐོང་ནས་ཡ་མཚན་ལྡན་པ་ཡི། །དགེ་སློང་གིས་དྲིས་བཅོམ་ལྡན་གྱིས། །སྔོན་གྱི་སྤྱོད་པའི་མཐའ་རྣམས་གསུངས། །སྐྱེ་བའི་ཞིང་བརྒྱ་ལ་བཏབ་པའི། །ས་བོན་ལྟ་བུའི་ལས་རྣམས་ཀྱིས། །འབྲས་བུ་ཕུན་ཚོགས་སྐྱེ་བོ་རྣམས། །འཆོལ་པ་མེད་པར་

เล่ม ๑๗๐ · หน้า 94a

ནི་ཛ་ནཻཿ། །རཱ་ཛྙོ་བནྡྷུ་མ་ཏཿཔུཪྻཾ་བནྡྷུ་མ་ཏྱཾ་མ་ཧཱ་ཡ་ཤཿ། །ཨ་བྷུ་ད་ནཾ་ག་ནོ་ནཱ་མ་ཤྲཱི་མཱན་གྲྀ་ཧ་པ་ཏི་པུ་རཱ། །ཤསྟཱ་ཐ་ས་མྱཀྶཾ་བུདྡྷོ་བི་པ་ཤྱཱི་ནཱ་མ་ཏཱཾ་པུ་རཱིཾ། །ཛ་ན་ཙཱ་རི་ཀ་

སྤྱོད་པར་གྱུར། །རྒྱལ་པོ་གཉེན་དང་ལྡན་པ་ཡིས། །གྲོང་ཁྱེར་གཉེན་ལྡན་དག་ཏུ་སྔོན། །ཁྱིམ་བདག་བསམ་པ་ཆེན་པོ་ནི། །དཔལ་ལྡན་མ་བསྡམས་ཞེས་བྱ་བྱུང་། །དེ་ནས་སྟོན་པ་རྫོགས་སངས་རྒྱས། །རྣམ་གཟིགས་ཞེས་པ་གྲོང་ཁྱེར་དེར། །དེ་དག་རྣམས་ཀྱིས་ལེགས་

ཡཱ་པྲཱཔྟཱཿཀ་དཱ་ཙིཏ་སུ་ཀྲྀ་ཏཻཿཔ་ཏཱཾ། །དྭཱ་ཥཥྛི་བྷིཿས་བྷིཀྵུ་ཎཱཾ་ས་ཧ་སྲཻཿཔ་རི་བཱ་རི་ཏཱཿ། །ཤྲདྡྷ་ཡཱ་ནཱཾ་ག་ནེ་ནཻ་ཏྱ་པྲ་ཎ་མྱོ་པ་ནི་མནྟྲི་ཏཿ། །སརྦོ་པ་ཀཱ་ར་ནཻསྟེ་ན་ཏྲཻ་མཱ་སིམ་པ་རི་བཱ་རི་ཏཿ། །ཡ་ཐཱ་ཏ་

བྱས་ཀྱིས། །ནམ་ཞིག་ལྗོངས་ནི་རྒྱུ་ཞིང་གཤེགས། །དེ་ནི་དགེ་སློང་སྟོང་ཕྲག་དག །དྲུག་ཅུ་གཉིས་ཀྱིས་ཡོངས་བསྐོར་བར། །མ་བསྡམས་པ་ཡིས་དད་ནས་ཕྱིན། །ཕྱག་འཚལ་ནས་ནི་མགྲོན་དུ་གཉེར། །དེ་ཡིས་ཡོ་བྱད་ཐམས་ཅད་ཀྱིས། །ཟླ་གསུམ་རིམ་གྲོ་བགྱིད་པ་ཉིད། །ཇི་ལྟ་དེ་ལྟར་རྒྱལ་པོས་

ཐཻ་བ་རཱ་ཛྙཱ་པི་པྲ་ཎི་པ་ཏྱ་ནི་མནྟྲི་ཏཿ། །བྷོ་གཻཿསྶརྡྷཱ་ནུ་བནྡྷེ་ན་བ་ཏཱ་བྷྱཱ་མ་དྷི་བཱ་སི་ཏཿ། །ཨ་ནཾ་ག་ནེ་ན་ས་པོ་རཱརྷཻརྦྷཱུ་པཱ་ལཱརྷཻཤྩ་བྷུ་ཛཱ། །ག་ཛ་དྷྭ་ཛ་མ་ཎི་ཙྪ་ཏྲ་ཙཱ་མ་རོ་དཱ་ར་ཡཱ་ཤྲི་ཡཱ། །ཏཾ་དྲྀཥྚྭཱ་པཱུ་ཛི་

ཀྱང་། །ཕྱག་འཚལ་བས་ནི་མགྲོན་དུ་གཉེར། །གྲོང་པ་ལ་འོས་མ་བསྡམས་པས། །ས་སྐྱོང་ལ་འོས་ས་བདག་གིས། །དེ་དག་འགྲེན་པས་རྗེས་བསྒྲུབས་པའི། །ལོངས་སྤྱོད་ཀྱིས་དེ་ལྷག་གནས་བྱས། །གླང་པོ་རྒྱལ་མཚན་ནོར་བུ་གདུགས། །རྔ་ཡབ་རྒྱ་ཆེའི་དཔལ་འབྱོར་གྱིས། །རྒྱལ་པོས་མཆོད་པ་

เล่ม ๑๗๐ · หน้า 94b

ཏཾ་རཱཛྙཱ་ཙིཏྟཱརྟྟ་བྷཱུ་ད་ནཾ་ག་ནཿ། །ཏ་སྱ་ས་ཏྭཱ་བ་དཱ་ཏ་སྱ་པཀྵ་པཱ་ཏཱི་ཤ་ཏ་ཀྲ་ཏུཿ། །ཙ་ཀཱ་ར་དི་བྱཱ་ཡ་ལཀྵྨྱཱ་སྭ་ཧཱ་ཡྻཾ་ཛི་ན་པཱུ་ཛ་ནེ། །ས་ཏ་ཡཱ་དི་བྱ་ཡཱ་བྷཱུ་ཏྱཱ་བྷ་ག་བནྟ་མ་པཱུ་ཛ་ཡ་ཏ། །ཡ་དཱ་གྲེ་

དེ་མཐོང་ནས། །མ་བསྡམས་བསམ་པ་འཁྲུགས་པར་གྱུར། །སྙིང་སྟོབས་དཀར་བར་གྱུར་པ་དེའི། །རྒྱལ་བ་མཆོད་ལ་སྟོང་གྲོགས་ནི། །ཕྱོགས་བདག་མཆོད་སྦྱིན་བརྒྱ་པ་ཡིས། །ལྷ་ཡི་དཔལ་འབྱོར་རྣམས་ཀྱིས་བྱས། །དེ་ཡིས་ལྷ་ཡི་འབྱོར་པ་དེས། །བཅོམ་ལྡན་འདས་ནི་མཆོད་གྱུར་པ། །གང་མདུན་འཁོར་

བར་འདིར་འོད་ཟེར་གྱི་སྐད་དོད་ཡིག་འབྲུ་བཞི་ཆད་པ་མ་དཔེ་རྣམས་ལས་མ་རྙེད་པ་བྷཱ་ན་བཱ་ཀཾ་ཞེས་པ་འདི་འདར་ལོས་གསར་དུ་བཅུག་པ་རྒྱ་དཔེ་རྙེད་ན་དཔྱད།

ཙཀྲ་བརྟྟཱི་ཤྲཱི་ལཛྫཱ་བྷཱ་ཇ་ན་ཏཾ་ཡ་ཡཽ། །རཏྣཻརྣྱ་ཀྵ་ཏ་ཙནྡྲ་སཱུཪྱ་བྷཱ་ན་བཱ་ཀཾ་ཀཱིར་ཎཻ་རཱ་བ་ཎཱ་བྷཻ་ར་མླཱམྦ་ར་གནྡྷ་མཱ་ལྱ་ཤ་བ་ལཻཿཀལྤ་དྲུ་མཱ་ཎཱཾ་ཕ་ལཻཿ། །བྷཀྟི་པྲ་ཧྲ་ཤཱ་ཙཱི་པི་ལཱ་ས་ཙ་ལ་ནཱ་ཧེ་ལོཙྪྭ་སཙྩཱ་

ལོས་སྒྱུར་བའི་དཔལ། །ངོ་ཚ་ཡིས་ནི་སྣོད་ཉིད་གྱུར། །ཉི་ཟླའི་འོད་ཟེར་ཉམས་བྱེད་རིན་ཆེན་རྣམས་དང་ས་སྲུང་འོད་ལྡན་གླང་པོ་དང་། །དྲི་མེད་གོས་དང་སྤོས་འཕྲེང་ཁྲུས་དང་དཔག་བསམ་ཤིང་གི་འབྲས་བུ་རྣམས་དག་གིས། །བདེ་སོགས་གུས་བཏུད་རོལ་པས་གཡོ་ཞིང་དལ་བུས་རྔ་ཡབ་དག་ནི་རབ་

མ་རཾ་ཏེ་ནཱ་བྷྱརྩི་ཏ་མཱ་ཀ་ལ་སྱ་སུ་ག་ཏཾ་ལཛྫ་ན་ཏོ་བྷཱུཏ་ནྲྀ་པཿ། །ཨི་ཏི་བ་ཧུ་ཏ་རཾ་བྷཀྟྱཱ་ཤཱསྟུཿཕ་ལཾ་ཡ་ད་ནཾ་ག་ནཿཤུ་བྷ་པ་རི་ཎ་ཏོཿཔུ་ཎྱོ་དཱ་རཿཔུ་རཱ་ས་མ་པཔྟ་བཱན། །བི་མ་ལ་མ་ན་པསྟ་སྱཻ་བཱ་

བསྐྱོད་པར། །དེ་ཡིས་བདེ་གཤེགས་མངོན་མཆོད་མཐོང་ནས་མི་ཡི་བདག་པོ་ངོ་ཚས་དམན་པར་གྱུར། །དེ་ལྟར་སྟོན་པ་ལ་གུས་དགེ་བ་ཡོངས་སྨིན་འབྲས་བུ་རབ་མང་དག །གང་ཞིག་བསོད་ནམས་རྒྱ་ཆེན་མ་བསྡམས་པས་སྔོན་ཡང་དག་ཐོབ་གྱུར་ཅིང་། །དྲི་མེད་ཡིད་ལྡན་དེ་ཡིས་སྐད་ཅིག་སྨོན་

เล่ม ๑๗๐ · หน้า 95a

སཽ་ཀྵ་ཎ་པྲ་ཎི་དྷཱ་ན་ཏཿཔ་ར་ཨི་པ་ར་བིརྫྱོ་ཏིཥྐོ་བྷཱུཏ་པ་ཨེ་བ་པ་ད་ཤྲི་ཏཿ། །ཨི་ཏྱཱ་ཧ་བི་མ་ལ་ཛྙཱ་ན་པྲ་ཀཱ་ཤི་ཏ་ཛ་གཏྟྲ་ཡཿ། །པྲ་ཎི་དྷཱ་ནོ་བ་དེ་ཤཱ་ཡ་བྷིཀྵུ་ཎཱཾ་བྷ་ག་བཱན་ཛི་ནཿ། །ཨི་ཏི་

ལམ་ཉིད་ལས་དེ་ཉིད་ནི། །མཆོག་གི་ཉི་མ་བཞིན་དུ་དཔལ་འབྱོར་གྱི་གནས་མེ་སྐྱེས་འདིར་གྱུར་ཏོ། །འགྲོ་གསུམ་དྲི་མེད་ཡེ་ཤེས་ཀྱིས། །རབ་ཏུ་གསལ་མཛད་བཅོམ་ལྡན་འདས། །རྒྱལ་བས་དགེ་སློང་རྣམས་ལ་ནི། །སྨོན་ལམ་གདམས་ངག་དེ་སྐད་གསུངས། །ཞེས་པ་དགེ་

ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་ད་ན་ཀལྤ་ལ་ཏཱ་ཡཱཾ་ཛྱོ་ཏིཥྐཱ་བ་དཱ་ནཾ་ནཱ་མ་ན་བ་མ་པལླ་བཿ།། །།ཙཾ་ཕོ་པཱནྟེ་བི་མ་ལ་ན་ལི་ནཱི་ཏཱི་ར་པཪྻནྟ་བཱ་སཱི་ཤཱསྟཱ་པཱུརྦེ་པ་ཀ་ལ་བྷཱུ་བ་

པའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་མེ་སྐྱེས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དགུ་པའོ།། །།འཇིག་རྟེན་མཐའ་དག་ཉེ་བར་གཟུང་སླད་རབ་ཞུགས་སྟོན་པ་དག་ནི་སྔོན། །གྲོང་ཁྱེར་ཙམ་པ་དང་ཉེ་དྲི་མེད་པདྨའི་

ནཱ་ནུ་གྲ་ཧཱ་ཡ་པྲ་བྲྀཏྟཿ། །ཀྲྀཥྚ་སྤརྴཱ་བ་ག་ཏི་རུ་ཙི་ནཱ་བྷིཀྵུ་ཎཱ་ནནྡ་ནཱམྦཱ་གརྦྷཱ་རོ་བྷཱཏ་པྲ་བྷྲྀ་ཏི་ཛ་ན་ཏཱ་ཛནྨ་པྲྀཏྟིཾ་ཛ་ག་ད། །ཤུཀླཻཿཀྲྀཥྞཻཿཤ་བ་ལ་རུ་ཙི་བྷིརྡེ་ཧི་ནཱཾ་ཀརྨ་སཱུ་ཏྲཻཤྩི་ཏྲཾ་ལོ་ཀེ་བ་ཧུ་ཏ་ར་ཤཾ་

རྫིང་ངོགས་འགྲམ་ན་བཞུགས། །ཀུན་དགའ་བོ་ཞེས་བྱ་བ་རེག་ན་བདེ་བའི་འོད་ལྡན་དགེ་སློང་གིས། །དྲིས་ནས་མངལ་བརྩམས་ལ་སོགས་སྐྱེ་བོའི་ཚོགས་ཀྱི་སྐྱེ་བའི་སྤྱོད་ཚུལ་གསུངས། །འཇིག་རྟེན་དུ་ནི་དཀར་ནག་འདྲེན་མའི་འོད་ཅན་ལས་སྐུད་ཀྱིས་བཀྲ་བའི། །ལུས་ཅན་རྣམས་ཀྱི་སྐྱེ་བའི་གོས་ནི་རབ་

เล่ม ๑๗๐ · หน้า 95b

དྲྀ་ཤྱ་ཏེ་ཛནྨ་བསྟྲཾ། །ཛཱིརྞ་སྱཱ་པི་བྱ་པ་ན་མ་ལི་ན་སྣེ་ཧ་ལི་ནཿཔྲ་ཡཏྣེ་ཡ་སྱ་ཏྱནྟཾ་ཙེ་ར་པ་རི་ཎ་ཏིརྣེ་བ་ནིཪྻཱ་ཏི་རཱ་གཿ། །པུཾ་སཿཤུ་ཀྲཾ་པི་ག་ལི་ཏ་དྷྲྀ་ཏེ་རཱརྟ་པཾ་ཡོ་ཥི་ཏཤྩ་སྤཪྴ་བེ་ཤ་བྱ་ཏི་ཀ་ར་ཛྲྀ་ཥོཿ

མང་གནས་སྐབས་མཐོང་གྱུར་ཏེ། །ཤིན་ཏུ་འབད་པས་གང་ཞིག་ཡུན་རིང་ཡོངས་སྒྱུར་སྲུལ་པོར་གྱུར་མོད་ཀྱང་། །གདུང་བའི་དྲི་མ་སྣུམ་ཆགས་ཚོན་ནི་མེད་པ་ཉིད་དུ་འགྱུར་མ་ཡིན། །སྐྱེས་པ་བུད་མེད་དག་ཀྱང་འཛིན་པ་རྣམ་ཉམས་རེག་པར་ཞུགས་བྱས་ཤིང་། །སྦྱོར་བ་བསྟེན་པའི་ཁུ་བ་ཟླ་མཚན་ཡང་དག་

སཾ་ག་མེ་སཾ་ནི་པཱ་ཏཱཏ། །ཨེ་ཀཱི་བྷཱུ་ཏཾ་པྲ་ཛ་ཏི་ནི་ཡ་མཱཏ་ཀ་སྱ་ཙི་བཱི་ཛ་བྷཱ་བཾ་པོནྟེསྟསྨིན་བྷ་བ་ཏི་ས་ཧ་སཱ་པཾ་ནི་ཀཱ་ཤེ་ཡ་ཡཱགྣེཿ། །རཱ་གོངྒཱ་རཿསྥཱ་ཊི་ཀ་ཤ་ཀ་ལཾ་མེ་གྷ་མམྦྷོ་དྷི་པཱ་ཐཿཔུཥྤ་མོ་དསྟི་ལ་ཀ་མི་བཱ་ཤ་ནཻཿ

འགྲོགས་ལ་ལྟུང་གྱུར་པ། །གཅིག་ཏུ་གྱུར་ཅིང་ངེས་པ་འགའ་ལས་ས་བོན་དག་གིས་དངོས་པོར་གྱུར། །སུ་ཞིག་ཁོང་དེར་འཕྲལ་ལ་འཇུག་སྟེ་དཔེར་ན་བསྲུབས་པའི་མེ་བཞིན་ནོ། །ཤེལ་དུམ་དག་ལ་ཚོན་གྱིས་རབ་དབྱེ་སྤྲིན་ལ་ཆུ་ཡི་གཏེར་གྱི་ཆུ། །ཏིལ་ལ་མེ་ཏོག་དྲི་བཟང་གསེར་ལ་མེ་ཡིས་གདུངས་བཞིན་

ཀཱནྩ་ནཾ་བཱགྣི་ཏཱ་པཿ། །སོ་ཡཾ་གརྦྷཾ་བི་ཤ་ཏི་ནི་ཡ་ཏཻ་ར་སྱ་སཾ་ལཀྵྱ་བྲྀཏྟིརྒཱ་ཡུརྒནྡྷཻ་རི་བ་བ་ཧུ་བི་དྷཻཿཀརྨ་བྷིརྦཱ་སྱ་མཱ་ནཿ། །ཏསྨིན་སུཀྵྨ་ཀྲ་མ་པ་རི་ཎ་ཏིརྨཱི་ན་བཪྻུཥྚ་ཀ་སོ་ནཱ་ནཱ་ཀཱ་ར་པྲ་ཙུ་ར་ར་ཙ་ནཱ་ཙི་ཏྲ་རཱུ་པོ་

དལ་བུ་ཡིས། །དྲི་རྣམས་ཀྱིས་བཞིན་རྣམ་པ་མང་པོའི་ལས་ཀྱིས་བསྒོས་པར་གྱུར་པའི་རླུང་། །སྤྱོད་ཚུལ་བྱེད་པོ་ཡིས་ཀྱང་ཡང་དག་མི་མཚན་འདི་དེ་ནང་དུ་འཇུག །དེར་ནི་ཕྲ་བའི་རིམ་པས་ཡོངས་སུ་འགྱུར་ཞིང་རང་བཞིན་གྱིས་བཙིར་འདིར། །ཇི་སྲིད་དུས་སུ་རྣམ་པར་འགྱུར་བ་མེད་པ་བཞིན་དུ་

เล่ม ๑๗๐ · หน้า 96a

སྱ་ལཀྵྱཿ། །ཀཾ་ཙི་ཏ་ཀཱ་ལཾ་བ་ཧ་ཏི་བི་ཀྲྀ་ཏིཾ་ནིརྦི་ཀཱ་རཱ་ཡ་མཱ་ནཱ་མཱ་ཡཱུཿརཱཎྜི་ཛ་ལ་མ་ཡ་ཨི་བ་བྱཀྟ་བྷཀྟིརྨ་ཡཱུ་རཿ། །ཏ་ཏྲཱ་དྷཱ་ནཱཏ་གྷ་ན་ཀ་ལ་ལ་ཏཱ་ཤ་ལྱ་པ་ཤྱཱ་དྱ་བ་སྠཱ་ཏྱཀྟྭཱ་ཏཱསྟཱ་ཛ་ཋ་ནི་ཏེ་ནོཥྨ་

རྣམ་འགྱུར་འཛིན། །རྣམ་པ་སྣ་ཚོགས་རབ་མང་བཀོད་པ་བཀྲ་བའི་གཟུགས་ནི་མི་མཚོན་ཏེ། །རྨ་བྱའི་སྒོ་ང་ཆུ་ཡི་རང་བཞིན་རྨ་བྱའི་རྣམ་པར་མི་གསལ་བཞིན། །དེར་ནི་མེར་མེར་ནུར་ནུར་ནར་ནར་གོར་གོར་ལ་སོགས་གནས་སྐབས་བཟུང་། །དེ་དང་དེ་དག་ལྟོ་ཡིས་བསྐྱེད་པའི་དྲོད་ཀྱིས་སྨིན་ཅིང་

ཎཱ་པ་ཙྱ་མཱ་ནཿ། །པཱུརྞིཾ་མཱ་སཻརྣ་བ་བྷི་ར་ཐ་བཱ་བརྟ་ཀརྨ་ཀྲ་མོ་པཽ་ཀླེ་ཤཾ་བྷུཀྟེ་ཀི་མ་པི་བི་ཁ་མི་དུཿཁ་སཾ་ཛྙཱ་པྲ་པནྣཿ། །ཀཱ་ལྱ་བྲྀཏྟཱཏ་སྭ་ཡ་མི་པ་ཕ་ལཾ་བི་ཙྱུ་ཏཾ་ཀརྨྨ་པཱ་ཀཱཏ་ཏཏྐཱ་ལོཏྠཻ་ར་བི་ཧ་ཏ་ཛ་བཻཿཔྲེ་རི་

བཏང་བྱས་ནས། །ཟླ་བ་རྫོགས་པའམ་ཡང་ན་དགུ་ཡིས་འཁྱིལ་པའི་ལས་ཀྱི་རིམ་པ་འདི། །སྡུག་བསྔལ་འདུ་ཤེས་རབ་ལྡན་ཅི་ཡང་རུང་བའི་མི་བཟད་ཉོན་མོངས་སྤྱོད། །དུས་སུ་ཡུ་བ་དག་ལས་འབྲས་བུ་རང་ཉིད་ལྟུང་བཞིན་མངལ་སྨིན་པས། །དེ་དུས་ལངས་པའི་མ་ཡི་རླུང་ནི་མི་དམན་མགྱོགས་པས་

ཏཿཔླ་ཏི་བཱ་ཏེཿ། །ལཀྵྱ་བྷྱཱ་པཱ་ཡ་ཏ་ན་ས་ཙི་བཻ་རཱ་ཙི་ཏཿཀརྨ་བནྡཻརྣིཪྻ་ཏྱཾ་ཏཿཤ་ར་ཨི་བ་དྷ་ནུཪྻནྟྲ་ནིཪྻནྟྲ་མུཀྟཿ། །ཨུཏྟཱ་ན་སྱཿཔ་ར་ལ་ར་ས་ནཤྩུ་བུ་ཀཱ་གྲཾ་ལི་ཧཱ་ནོ་ནསྟཾ་མཱ་ཏུཿབི་བ་ཏི་ཡ་ད་སཽ་ནཻ་

རབ་བསྐུལ་ནས། །མཚོན་ཆ་གོམས་པའི་གནས་ཀྱི་གྲོགས་པོ་འཆིང་བའི་ལས་ཀྱིས་རྫོགས་གྱུར་པ། །གཞུ་ཡི་འཁྲུལ་འཁོར་བཀང་ནས་བཏང་བའི་མདའ་བཞིན་ནང་ནས་ཕྱིར་འཐོན་འགྱུར། །གན་རྐྱལ་ཁ་གདངས་རོ་འཛིན་དྲག་པོས་ནུ་ཏོག་རྩེ་ལ་འཛིན་བྱེད་ཅིང་། །མ་ཡི་ནུ་ཞོ་འཐུངས་པས་གང་འདི་རྣ་བས་

เล่ม ๑๗๐ · หน้า 96b

བ་ཀརྞེ་ནཱ་ནཱཀྵྞ། །ཛནྨཱ་བྷྱཱ་ས་བྱ་པ་ན་བ་ཏ་ནཱ་ཡཱ་ས་སཾ་བཱ་ས་ལཱི་ནཱ་སཱ་ཏ་སྱཱ་གྲེ་ས་ཀ་ལ་ཀ་ལ་ནཱ་དེ་ཤི་ནཱི་བ་པཱ་ནཻ་བ། །སྱུ་ཏཻ་རནྟརྦི་བི་ཥ་ཡ་སྭཱ་ད་སཾ་བཱ་ད་བྷེ་དཻརྦྱཱསྟཿསུཔྟཻརྦི་ཥ་པ་ཨི་བ་བྱཀྟ་ཏཾ་ཏུ་

མིན་ཞིང་མིག་གིས་མིན། །སྐྱེ་བར་གོམས་པའི་གདུང་བས་བསྐྱེད་པའི་ཉོན་མོངས་གནས་པའི་རོལ་པ་དེས། །དེ་ཡི་མདུན་དུ་སྤྲོས་པ་མཐའ་དག་སྟོན་བྱེད་བག་ཆགས་ཁོ་ནའོ། །རྣམ་མང་ཡུལ་གྱིས་ཉམས་མྱོང་བསྐྱེད་པའི་དབྱེ་བས་གྲུབ་པ་ནང་ཁྱབ་པ། །གསལ་བར་སྐུད་པ་རབ་ཏུ་རྒྱས་པར་ལེགས་སྦྱར་པད་རྩེའི་

པྲ་ཏཱ་ནཻཿ། །མཱུ་ཌྷཿསོ་ཐ་པྲ་ཀྲྀ་ཏི་པ་ཙི་བཻ་རེནྡྲི་ཡཻརྡཏྟ་སཾ་ཛྙཿསྟ་ནྱཱ་ལཱ་པཱ་ཀྲྀ་ཏི་པ་རེ་མ་མ་སྤཪྴ་ནཻརྦིཏྟི་དྷཱ་ཏྲཱིཾ། །ཧསྟཱ་ཀཪྵེཿཤ་ཡ་ན་བ་པ་ནཱ་གྷཪྵ་ཎཻཿཔཱི་ཌྱ་མཱ་ནཿསྠཱ་ནེ་སྠ་ནེ་ཏ་ར་ལི་ཏ་ཏ་ནུཿཀཱི་ཊ་ཀཻརྦྷ་ཀྵྱ་

ཆ་ཤས་བཞིན། །དེ་ནས་རང་བཞིན་དབང་པོའི་གྲོགས་ཀྱིས་འདུ་ཤེས་བྱིན་པའི་རྨོངས་པ་དེ། །ནུ་མའི་དོན་དུ་བརྗོད་ཅིང་ཡོངས་སུ་མཉེ་བའི་རེག་པས་མ་མ་རིག །མལ་སྟན་གོས་རྣམས་ལག་པས་བསྐྱོད་པའི་འདར་བྱེད་དག་གིས་མནན་པ་དང་། །གནས་དང་གནས་སུ་ཡ་ཡོར་འགྱུར་ལུས་སྲོག་ཆགས་རྣམས་ཀྱིས་

མཱ་ཎཿ། །ནི་ཏྱཱ་ཀྲནྡཱི་བ་ཙ་ན་བི་ར་ཧཱཏ་ཀཱ་ཡ་ཀཱིཾ་ཀླེ་ཤཻ་ལཾ་ཀནྦོ་བྲཱུ་ཏེ་བི་ཥ་མ་བི་པ་དཱ་མཱསྤ་ད་ཏྭཾ་པྲ་ཡཱ་ཏཿ། །པཱི་ཏོ་དྭནྟེཤྪུ་རི་ཏ་པ་ད་ནཿཔྲོཙྪ་ལཏ་ཀྵཱི་ར་སྟུ་རཻ་རུཏྟཱ་ནོ་རསྟ་ལ་ནི་པ་ཏི་ཏཻ་རུཀྵི་ཏོ་ལཀྵྱ་ཏེ་སཽ། །མཱ་ཡཱ་བ་

ཟོས་གྱུར་པས། །རྟག་ཏུ་ངུ་ཞིང་ཚིག་དང་བྲལ་བས་ལུས་ཀྱི་ཉོན་མོངས་བརྒྱུད་མ་ནི། །སུ་ལ་སྨྲ་སྟེ་མི་བཟད་རྒུད་པ་ཉིད་ཀྱི་གནས་སུ་རབ་ཏུ་འགྱུར། །ལྟུང་བ་སྐྱུགས་ཤིང་རབ་འཐོབ་འོ་མའི་ཚོགས་ཀྱིས་བཞིན་ནི་སྦགས་གྱུར་ཏེ། །གན་རྐྱལ་བྲང་གི་དབུས་སུ་ལྷུང་བས་མཚན་པས་བྲན་པར་གྱུར་པ་འདི། །སྒྱུ་མའི་བུད་

เล่ม ๑๗๐ · หน้า 97a

དྷཱཿསྨ་ར་ཎ་ཧ་ར་ཎ་པྲཽ་ཌྷ་ཀེ་ལཱི་བི་ལཱ་སེ་ཧ་པེ་ནེ་བལྥུ་རེ་ཏ་རུ་ཙི་ནཱ་ནིརྦྷཱ་ར་བྱཱཔྟ་ཀཱ་ཡཿ། །སོ་ཐ་པྲཱཔྟེ་ལི་པི་པ་རི་ཙ་ཡེ་ཧེ་ལ་ཡཱ་དཏྟ་ཧསྟེཿསཾ་སཱ་རེསྨིནྣ་བི་ཙ་ལ་ཏ་ཡཱ་བནྡྷ་ལེ་ཁྱ་ཀྲི་ཡཱ་སུ། །ཛནྨཱ་

མེད་ལ་འགྲོགས་མཆོག་ཏུ་རྩེ་དགའི་རོལ་པ་དྲན་པ་ལས། །དགོད་པའི་འོད་ཟེར་ཤིན་ཏུ་གསལ་བས་རབ་ཏུ་ཁྱབ་པ་བཞིན། །དེ་བས་དེ་ནི་རྩེ་བས་ཡིག་འཕྲེང་ཡོངས་འདྲིས་དག་ལ་ལག་གཏད་ཐོབ། །འཁོར་བ་འདིར་ནི་གཡོ་མེད་འཆིང་བའི་རྩིབས་ཀྱི་རི་མོའི་ལས་དག་ལས། །རང་

བརྟཾ་ནི་ཛ་མི་བ་ལ་ཁན་དཱིརྒྷ་མོ་ཀཱ་ར་མཱ་དཽ་བརྒེ་བརྒེ་བི་ར་ཏི་མ་ཏིཾ་བྷོ་ག་སརྒེ་ནི་བིཥྚཿ། །པྲཱཔྟཿཔྲཛྙཱཿཀ་ཐ་མ་པི་ག་ལདྦཱ་ལ་བྷཱ་བ་པྲ་མོ་ཧཿཀ་མོཏྶུ་ཀྱཱཏ་པུ་ན་ར་པི་པ་རི་ཡཽ་བ་ནེ་ནཥྚ་སཾ་ཛྙཿ། །

གི་སྐྱེ་བའི་འཁོར་མོ་རིང་དུ་འབྲི་བཞིན་ཨོཾ་ཡིག་ལ་སོགས་པ། །སྡེ་དང་སྡེ་ལ་བློ་གྲོས་རབ་གསལ་ལོངས་སྤྱོད་སྤྲོས་པ་ངེས་པར་འཇུག །ཇི་ཞིག་ལྟར་ཡང་བྱིས་པའི་དངོས་པོའི་རབ་རྨོངས་བྲལ་ནས་ཤེས་རབ་འཐོབ། །སླད་ནས་ཀྱང་ནི་ལང་ཚོ་དར་ལ་འདོད་པས་རབ་བསླང་འདུ་ཤེས་ཉམས། །

ནིསྶཱ་རེ་ཥུ་བྱ་པ་ན་བི་ལ་སད་མེ་གྷ་སཽ་དཱ་མི་ནཱི་ནཱཾ་བ་དྷྭ་ཏྱསྠཱཾ་སྠི་ར་ཏ་ར་དྷི་ཡ་ཡཽ་ཥི་ཏཱཾ་བི་བྷྲ་མེ་ཥུ། །བཱ་ཙི་ཤྲོ་ཏྲཾ་བ་པུ་ར་བི་ཙ་ལཱ་ལིཾ་ག་ནེ་ཥྭཾ་ཛ་ནཱ་ནཱཾ་གྷཱ་ཎཾ་བཀྵཾ་པ་བ་པ་རི་མཱ་ལེ་སྭ་ད་ནཾ་ཏད་ར་སེ་ཙ། །པཱ་ཏྲི་ཀུརྦྦན་

སྡུག་བསྔལ་མཛེས་པའི་སྤྲིན་གློག་བུད་མེད་རྣམས་ཀྱི་རྩེ་དགའ་རོལ་པ་དག །སྙིང་པོ་མེད་ལ་རབ་ཏུ་བརྟན་པའི་བློ་ཡིས་མངོན་པར་འདོད་པ་བཅིངས། །བུད་མེད་རྣམས་ཀྱི་ཚིག་ལ་རྣ་བ་ལུས་ནི་གཡོ་མེད་འཁྱུད་པ་ལ། །ཁ་ཡི་ཆང་གི་དྲི་ལ་སྣ་དང་དེ་ཡི་རོ་ལ་མྱོང་བྱེད་དང་། །བཞིན་ལ་མིག་ཀྱང་སྣོད་

เล่ม ๑๗๐ · หน้า 97b

དྲྀ་ཤ་མ་པི་མུ་ཥེ་སུཔྟ་སརྦ་ཀྲི་ཡོ་པཽ་དྷཏྟེ་མ་ཏྲཾ་སྟ་ནུ་པ་རི་ཎ་ཏཱཾ་ནཱི་སརྦེན་ཏྲི་ཡཱ་ཎི། །དྭེཥྚི་སྣིགྡྷཾ་པ་རི་ཙི་ཏ་པ་རི་དྭེ་ཥ་ཤཱི་ལཿསཀཱ་མཱི་བཾ་ཙྪ་ཏྱ་ནེཾ་ན་བ་ན་བ་ར་པཿཔ་པྲ་ཡོཏྣ་ནྱ་ཀཱ་མཱཾ། །ཨི་ཏྱ་

དུ་བགྱིས་ནས་བྱ་བ་ཐམས་ཅད་བསྙལ་བ་འདི། །ལུས་ནི་ཡོངས་སུ་འགྱུར་བའི་དབང་པོ་ཐམས་ཅད་(ཆོད་‚ཚོད་)དག་འཛིན་པ་བཞིན། །སྡང་ལ་མཛའ་ཞིང་ཡོངས་སུ་འདྲིས་ལ་ཡོངས་སྡང་ངང་ཚུལ་འདོད་ལྡན་དེ། །གསར་པ་གསར་པ་ལ་ཆགས་འབད་བཅས་གཞན་གྱིས་འདོད་མ་གཞན་དག་འདོད། །དེ་ལྟར་

ནྱོ་ནྱཱ་ནུ་ཙི་ཏ་ཙ་རི་ཏཱ་ལཀྵ་བཻ་ལཀྵྱ་པཀྵུ་ཧཱ་སྱཱ་ཡཻ་བ་པྲ་ཀྲྀ་ཏི་བི་ར་པ་ཤྩི་ཏྲ་ཏཾ་ཏྲོ་སྱ་ཀཱ་མཿ། །ཨ་སྱཱ་དྷཱ་རེ་བི་ཥ་ཡ་ཛ་ལ་དྷཽ་མཛྫ་ཏེཿསཛྫ་ཏཤྩ་བྷྲཥྚ་སྱ་པྲ་ཏི་ཧ་ཏེ་ག་ཏེཿཀུཉྫ་ར་སྱེ་བ་ཀམྦེ། །ཀིཾ་ཀརྟ་བྱཱ་

ཕན་ཚུན་རིགས་མིན་སྤྱོད་པ་མཚོན་ནས་སྐྱེངས་པ་མཐོང་གྱུར་པ། །འདི་ཡི་འདོད་པ་རང་བཞིན་རོ་བྲལ་བཀྲ་བའི་རྒྱུད་འདིས་བཞད་སླད་ཉིད། །ཉིན་ཞག་དག་ནི་ཉུང་ཞིག་གནས་པའི་ལང་ཚོས་ལོང་བར་བྱས་གྱུར་ཅིང་། །འདམ་ལ་གླང་པོ་བཞིན་དུ་ཡུལ་གྱི་ཆུ་གཏེར་དག་ནི་མཐའ་དེ་ལ། །བྱིང་ཞིང་མཐའ་ལ་

བ་ག་ཏི་ར་ཧི་ཏཱ་ཛཱ་ཡ་ཏེ་མོ་ཧ་མཱུརྩྩ་ནཱི་ཏ་སྱཱནྡྷྱཾ་ཀ་ཏི་པ་ཡ་དི་ན་སྠཱ་ཡི་ནཱ་ཡཽ་བ་ནེ་ན། །ཡཱ་བཏ་ཁ་ལཾ་བྷྲ་མ་ཏི་ཙ་ལ་ཏི་པྲི་ཡ་ཏཻ་ཛྲྀཾ་བྷ་ཏེ་སཽ་སྨེ་རཾ་སྨེ་རཾ་བ་ད་ཏིཾ་ད་ནཱ་ལིམ་གི་ཏཻ་རཾ་ག་བྷཾ་གཻཿ། །ཏཱ་བཏྟ་སྱོ་པ་

རབ་ལྷུང་འགྲོ་བ་དག་ནི་རབ་ཏུ་ཉམས་པ་འདི། །ཅི་ཞིག་བྱ་ཞེས་ངེས་པའི་ཤེས་པ་དང་བྲལ་རྨོངས་པས་བརྒྱལ་བར་འགྱུར། །ཇི་སྲིད་འདི་ནི་རྩེ་ཞིང་འཁྱམས་དང་གཡོ་དང་དགའ་དང་གླལ་བ་དང་། །འདོད་པས་འཁྱུད་པའི་ལུས་ནི་འཁྱོག་པས་འཛུམ་ཞིང་འཛུམ་ཞིང་སྨྲ་བྱེད་པ། །དེ་སྲིད་དེ་ཡིས་སྟེང་དུ་

เล่ม ๑๗๐ · หน้า 98a

རི་པ་རི་པ་ཏ་ཏྱ་བཱ་ཀཱ་ལ་པྲ་མུཀྟཱཾ་པྲ་ལེ་ཡཱ་ལཱི་དྷ་བ་ལ་པ་ལི་ཏ་ཙྪདྨ་ནཱ་བ་དྷྱ་མཱ་ནཱ། །ཀཱ་ལེ་ཀཱ་ལེ་ཀྵ་ཎ་ཀ་ལ་ན་ཡ་མོ་ཧི་ནི་དྲཱ་བ་སེ་ན་པྲཱཔྟཾ་ནཱསྨིན་བ་སུ་ཥི་སུ་ཥི་སུ་ཀྲྀ་ཏ་ནཻ་བ་དཏྟཾ་ན་

དུས་ཀྱིས་རབ་འཕངས་གསོད་རྟགས་མེ་ཏོག་འཕྲེང་། །ཁ་བའི་འཕྲེང་བ་ལྟར་དཀར་སྐྲ་དཀར་ཟོལ་གྱིས་ཡོངས་སུ་འབབ་པ་ཉིད། །གཏི་མུག་གཉིད་ལ་ཆགས་པས་དུས་དང་དུས་ལ་སྐད་(ཅག་‚ཅིག་)ལྟར་ཤེས་ཤིང་། །ལུས་འདིར་ལེགས་བྱས་མ་ཐོབ་བྱིན་པ་ཉིད་མིན་སྤྱད་པ་ཉིད་

བྷུཀྟཾ། །ཨིརྠཾ་ཙཽ་རཻ་རི་བ་ས་མུ་ཥི་ཏ་ཤྩིནྟ་ཡཏྱེ་བ་དུཿཁཱ་ཏ་སཾ་མཱུ་ཌྷཱ་ནཱ་མ་ནུ་ཤ་ཡ་ཕ་ལཿཔཱ་བ་སཱ་དཿཔྲ་མཱ་དཿ། །ཏསྨིན་ཡཱ་ཏེ་ལ་ལི་ཏ་བ་ནི་ཏཱ་པུཥྤ་བལླཱི་བཱ་སནྟེ་དུཥྐརྨཱཔྟ་དྲ་བི་ཎ་ཏུ་ལ་ཡཱ་ཡཽ་བ་ནེ་སྭ་སྣ་ཀལྤེ། །

མིན་པའི། །རྒྱུ་འདིས་དེ་ནི་རྐུན་པོས་བརྐུས་བཞིན་སྡུག་བསྔལ་དག་ལ་སེམས་པ་ཉིད། །ཀུན་ཏུ་རྨོངས་པ་རྣམས་ཀྱིས་ཉམས་ཉེས་བག་མེད་འགྱོད་པའི་འབྲས་བུ་ཅན། །ལས་ངན་གྱིས་ཐོབ་ནོར་དང་མཚུངས་པས་ལང་ཚོ་རྨི་ལམ་དུ་རྟག་པ། །བུད་མེད་འཇོ་སྒེག་སོས་ཀའི་མེ་ཏོག་འཁྲི་ཤིང་སོང་བ་དེ་ཡི་ཚེ། །

ནཥྚ་ཤེ་ཥ་པྲ་ཀྲྀ་ཏི་ར་ཁི་ལཻཿཁེ་དི་ཏྲཾ་གཻརྦི་རཀྟཻ་རཱ་ཛྱ་བྷྲཾ་པེ་ན་བྲྀ་བ་ཨི་བ་སུ་ཁཾ་པོ་ཐ་ཤོ་ཙ་ཏྱ་ཏཱི་ཏཱཾ། །ཨཱ་ཡུརྣཱི་ཏཾ་ན་ཙ་པ་མུ་ཙི་ཏཾ་ཡཱ་ཙ་ཀཱ་ཡོ་པ་ནཱི་ཏཾ་ནཱ་པྻུནྣཱི་ཏཾ་དི་ཤི་དི་ཤི་ཡཱ་ཤཿསཏྤ་ཐཾ་ན་པྲ་

ཡན་ལག་མ་ལུས་སྐྱོ་ཞིང་ཆགས་དང་བྲལ་བས་རང་བཞིན་མཐའ་དག་ཉམས། །རྒྱལ་སྲིད་ལས་ཉམས་མི་བདག་བཞིན་དེ་དེ་ནས་བདེ་བ་འདས་པས་གདུང་། །བདག་གི་ཚེ་བཏང་སློང་བ་རྣམས་ལ་ཡང་དག་འོས་པའི་སྦྱིན་མ་བཏང་། །ཕྱོགས་ཕྱོགས་རབ་ཏུ་གྲགས་པའང་མ་བསྐྲུན་ལེགས་པའི་ལམ་ན་མ་

เล่ม ๑๗๐ · หน้า 98b

ཏཱི་ཏི། །པྲཱི་ཏཾ་ཡཙྙཱ་བི་ཥ་མ་དྷི་མ་ཏཾ་སྥཱི་ཏ་སཾ་ཏཱ་པ་ཤཱི་ཏཾ་བྷཱི་ཏཱཾ་པཱ་བཱ་ཏ་ཀི་མ་པི་ན་མ་ཡཱ་ཡཏྟ་དེ་བ་པྲ་ཎཱེ་ཏཾ། །ཀྭཱ་སཽ་ཧེ་མ་དྲུ་མ་རུ་ཙི་ཧ་རཱ་ཧཱ་རི་ཎཱི་ཡཽ་བ་ན་ཤྲཱི་ཀཱ་ཡཿཀྭཱ་ཡཾ་ཀྲྀ་མི་ཧ་ཏ་ཏ་རུ་པྲཱ་ཡ་བིཙྪཱ་ཡཱ་

རྟོགས་ཤིང་། །སློང་བའི་དུག་འཐུངས་ཚ་དང་གྲང་བ་ཡོངས་སུ་རྒྱས་པར་ལྷག་པར་ཐོབ། །སྡིག་ལས་ཅི་ཡང་འཇིགས་པར་མ་གྱུར་གང་ཞིག་དེ་ཉིད་ཁོ་ན་བགྱིས། །གསེར་གྱི་ལྗོན་པའི་འོད་འཕྲོག་ཡིད་འཕྲོག་ལང་ཚོའི་དཔལ་ནི་གང་ན་སྟེ། །སྨིན་ཞིང་མཛེས་བྲལ་སྲིན་བུས་བཅོས་པའི་ཤིང་མཚུངས་ལུས་

པཱ་ཀཿ། །དཱུ་རཱ་དེ་ཏཱཿཔ་རི་ཀྲྀ་ཏ་དྲྀ་ཤ་ཀཽ་ན་ལཱི་ནཾ་ཏ་རུ་ཎྱཿཤུཥྐཾ་ཤི་ཏཾ་ཏུ་ར་མི་བ་བ་ནེ་བཱ་ན་རཾ་མཱཾ་བ་དནྟི། །སོ་ཡཾ་ཀཱ་ཡཿཤྲ་ཡ་ཏི་བི་ལ་ཡཾ་ནེ་བ་མཱ་ཡཱ་ཏི་ཀཱ་ཡ་ཤྲསྟཱཿསརྦེ་ད་ཤ་ན་མ་ཎ་ཡསྟེ་ཙ་

འདི་ག་ལ་ཞིག །ན་ཆུང་འདི་དག་མིག་གིས་རིང་ནས་ཡོངས་སྤོང་ཟུར་ན་ཞེན་གྱུར་པ། །བདག་ལ་ནགས་ཀྱི་སྤྲེའུ་བསྐམས་ཤིང་འཁྱགས་པས་འཁྲུགས་པ་བཞིན་ཞེས་སྨྲས། །ལུས་འདི་རྣམ་པར་འཇིག་པ་བསྟེན་ཏེ་སྒྱུ་མའི་ཚོགས་ནི་མ་ཡིན་ཉིད། །སོ་ཡི་ནོར་བུ་ཀུན་དང་སྐྲ་དེ་ལྷུང་སྟེ་སྐྱོན་ནི་མ་ཡིན་

ཀེ་ཤཱ་ན་དོ་ཥཱཿ། །གཱ་ཏྲོཏྶཱ་ཧེ་པྲ་ཧ་ར་ཏི་མ་རུན་ནཻ་བ་མོ་ཧ་པྲ་རོ་ཧེ་ཀྵཱི་ཎ་སྱེ་ཡཾ་ཤ་ཡ་ན་ཤ་ར་ཎ་སྱཱ་པི་ཏྲྀཥྞཱ་ཀྵ་ཡཱ་མེ། །བཾ་ཙིནྟྱེ་ཏི་པྲ་སྲྀ་ཏ་བི་ཥ་མ་ཤྭཱ་ས་ཧིཀྐཱ་དི་ཏེ་པཽ་པ་དྱ་སྟྱཀྟུཾ་ཙི་ར་པ་རི་ཏི་ཏཱ་མུདྻཏོ་ལོ་

ཉིད། །ལུས་ཀྱི་བརྩོན་འགྲུས་རླུང་ནི་རབ་ཏུ་སྟོར་ཏེ་གཏི་མུག་མྱུ་གུ་མིན། །མལ་སྟན་ལ་བརྐྱངས་ཟད་པར་གྱུར་ཀྱང་བདག་གི་སྲེད་པ་ཟད་མ་ཡིན། །དེ་ལྟར་བསམས་ནས་མི་བཟད་དབུགས་བརྩེགས་ཧིག་སོགས་རབ་ཏུ་རྒྱས་གྱུར་པས། །འདི་ནི་ཡུན་རིང་འདྲིས་པའི་འཇིག་རྟེན་སྤྱོད་ཚུལ་འཕྲལ་

เล่ม ๑๗๐ · หน้า 99a

ཀ་ཡཱ་ཏྲཾ། །མཱུ་ཀཱི་བྷཱུ་ཏཿསཱ་ཛ་ན་བི་ར་ཧཾ་དྷྱཱ་ཡ་ཏི་དྷྭསྟ་དྷཻཪྻཿཤཀྟིཙྪེ་ཏཱ་དྲྀ་ཎ་མི་བ་མ་ཧཏ་པྲཱཔྟ་ཀཱ་ལོ་ད་རི་དྲཿ། །བྷཱུ་མྀཾ་གེ་ཧཾ་བ་སུ་པ་རི་ཛ་ནཾ་བུ་ཏྲ་དཱ་རཱ་དི་ཙཱ་ནྱནྟཱ་བཏྟཱ་བཏྐ་ལ་ཡ་ཏི་

ལ་གཏོང་རྩོམ་སྟེ། །ལྐུགས་གྱུར་རང་གི་སྐྱེ་བོ་དང་བྲལ་སེམས་ཤིང་ནུས་པ་ཆད་པ་ལས། །བསྟན་པ་ཉམས་གྱུར་དུས་ལ་བབ་པ་དབུལ་བ་བུ་ལོན་ཆེན་པོ་བཞིན། །རེ་ཞིག་ས་དང་ཁང་པ་ནོར་དང་གཡོག་འཁོར་བུ་དང་ཆུང་མ་དང་། །སྲོག་ནི་མཐར་ཐུག་དུས་སུ་བློ་ཡིས་དེ་

དྷི་ཡཱ་པྲཱ་ཎཱ་པཪྻནྟ་ཀཱ་ལེ། །ཡཱ་བཛྫནྨ་ནྱ་པི་པུ་ན་ར་ཙཾཽ་སྣེ་ཧ་མོ་ཧཱ་ནུ་བནྡྷཻསྟཻསྟཻ་རནྟཿཀྲྀ་ཏ་པ་རི་ཙ་ཡསྟནྨ་ཡཱི་བྷཱ་པ་མེ་ཏི། །དུཿཁཾ་དུཿས་ཧ་པཱ་པ་ཀརྨྨ་ཛ་ནི་ཏཾ་ཀུམྦྷི་ས་ཧ་པྲཱནྟ་རེ་བྷཱུཀྟྭ་རཽ་ར་བ་ཀཱ་ལ་སཱུ་ཏྲ་

སྙེད་གཞན་ཡང་བསམས་བྱས་པ། །ཇི་སྲིད་སྐྱེ་བ་ལ་ཡང་འདི་ཉིད་སླད་ནས་ཆགས་རྨོངས་འཆིང་བ་དག །དེ་དེས་ནང་དུ་ཡོངས་སུ་འདྲིས་བྱས་དེ་ཡི་རང་བཞིན་ངོ་བོར་འགྲོ། །ཟངས་ཆེན་སྟོང་ཕྲག་ནང་དུ་སྡིག་ལས་ཀྱིས་བསྐྱེད་བཟོད་པར་དཀའ་བའི་སྡུག་བསྔལ་དག །སྤྱད་ནས་ངུ་འབོད་ཐིག་

ན་ར་ཀེཥྭཱ་བརྟ་ཏེ་ཡོ་ནི་ཥུ། །ཡདྦཱ་པུ་ཎྱ་ཀ་ནཱརྫི་ཏཾ་སུ་ཁ་པ་དཾ་ཏ་ད་སཾ་ཀྵ་ཡེ་དུཿཁ་དཾ་པཱ་ནཱ་གཱ་མི་ཕ་ལཔྟ་ཡེ་བི་མ་ལ་དྷཱིསྟསྨཱཏ་ས་མཱ་དྷཱི་ཡ་ཏཾ། །ཨི་ཏི་བྷཱི་མ་བྷ་བཱཾ་བྷོ་དྷི་སནྟཱ་ར་ཎ་ཀྲྀ་ཏ་

ནག་དམྱལ་བ་རྣམས་ཀྱི་སྐྱེ་གནས་དག་ཏུ་འཁོར་གྱུར་ཅིང་། །གང་ཡང་བསོད་ནམས་ཆས་བསྒྲུབས་བདེ་བའི་གནས་དེ་ཡང་དག་ཟད་ནས་སྡུག་བསྔལ་སྟེར། །དེ་སླད་ཕྱིར་མི་འོང་བཅས་འབྲས་ཐོབ་སླད་དུ་དྲི་མེད་བློ་ཡིས་ཏིང་འཛིན་མཛོད། །སེམས་ཅན་རྣམས་ཀྱི་དགེ་ཐོབ་སླད། །དེ་སྐད་སྲིད་པའི་ཆུ་གཏེར་

เล่ม ๑๗๐ · หน้า 99b

པྲ་ཏཿ། །ས་མཱ་དི་དེ་ཤ་བྷ་ག་བཱན་ས་ཏྭཱ་ནཱཾ་ཀུ་ཤ་ལཱསྟ་ཡེ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་གརྦྷ་བ་ཀྲནྟི་ད་ཤ་མ་པལླ་ཝཿ།། །།

ནི། །འཇིགས་རུང་ལས་སྒྲོལ་བརྟུལ་ཞུགས་མཛད། །བཅོམ་ལྡན་འདས་ཀྱིས་ཡང་དག་བཤད། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་མངལ་ནས་འབྱུང་བ་བསྟན་པའི་ཡལ་འདབ་སྟེ་བཅུ་པའོ།། །།

ཏེ་ཀེ་པི་ས་ཏྭ་ཧི་ཏ་སནྣི་ཧི་ཏཱ་ནུ་ཀཾ་པཱ་བྷ་བྱ་བྷ་བནྟེ་བྷུ་བ་ནེ་བྷ་བ་ཏཱི་ཏི་བྷཱ་ཛཱཾ། །བཱཏྶ་ལྱ་བེ་ཤ་ལ་དྷི་ཡཿཀུ་ཤ་ལཱ་ཡ་པུཾ་སཱཾ་ཀུརྦྷནྟི་ཡེ་པ་ར་མ་ནུ་གྲ་ཧ་མཱ་གྲ་ཧེ་ཎ། །ནྱ་གྲོ་དྷཱ་རཱ་

གང་ཞིག་མཉེས་གཤིན་བྱམས་པའི་བློ་ཡིས་དགེ་བའི་སླད་དུ་ནི། །སྲིད་པའི་འཇིག་རྟེན་སྐྱེས་བུ་རྣམས་ཀྱིས་མཆོག་ཏུ་རྗེས་འཛིན་དག །འབད་པས་མཛད་པ་དེ་དག་སེམས་ཅན་རྣམས་ལ་སྙིང་རྗེ་དང་། །རྗེས་སུ་བརྩེ་བས་ཉེ་བར་གནས་པའི་ལེགས་ལྡན་སུ་ཞིག་ལགས། །སེར་སྐྱའི་

མ་ནི་ར་ཏཾ་དྲཥྚུ་ཀ་པི་ལ་བཱསྟུ་ནི། །བྷ་ག་བཱནྟཾ་ཡ་ཡཽ་མནྡཿཤཱཀྱ་རཱ་ཛ་སུ་ཏཿཔུ་རཱ། །ནཻཥྐྲ་མྱ་དེ་ཤ་ནཱ་མནྟྲ་ཀ་ཐཱནྟེ་པུ་རཿསྠི་ཏཾ། །ཨུ་བཱ་ཙ་བྷ་ག་བཱན་པྲཱི་ཏྱཱ་པྲ་བྲ་ཛྱ་གྲི་ཧྱ་ཏཱ་

གཞི་ལ་ནྱ་གྲོ་དྷའི། །ཀུན་དགའ་རར་བཞུགས་བཅོམ་ལྡན་འདས། །བལྟ་ཕྱིར་ཤཱཀྱའི་རྒྱལ་པོའི་བུ། །དགའ་བོ་སོང་བར་གྱུར་ཏེ་སྔོན། །ངེས་འབྱུང་གཏམ་དང་གྲོས་དག་གིས། །གཏམ་མཐར་མདུན་ན་གནས་པ་ལ། །རབ་ཏུ་བྱུང་བ་མཛོད་ཅིག་ཅེས། །བཅོམ་ལྡན་དགྱེས་པས་

เล่ม ๑๗๐ · หน้า 100a

མི་ཏི། །པྲ་སཱ་དྱ་བྷི་ནི་དྱཱ་སྱ་ཏཾ་ནནྡཿཔྲ་ཏྱ་བྷཱ་ཥ་ཏ། །བྷ་ག་བན་པུ་ཎྱ་ལ་བྷཱ་པི་པྲ་པྲ་ཛྱཱ་བྷ་མ་ཏཱ་ན་མེ། །ཏ་བོ་པ་སྠ་ཡ་ཀོ་བྷཱུ་ཏྭཱ་བྷིཀྵུ་སཾ་གྷཾ་ཡ་ཐཻཔྶི་ཏཻཿ། །སརྦོ་

བཀའ་སྩལ་ཏོ། །དེ་ཡི་དྲིན་ལ་མངོན་དགའ་ནས། །དགའ་བོས་དེ་ལ་ལན་གསོལ་པ། །བཅོམ་ལྡན་བསོད་ནམས་འཐོབ་མོད་ཀྱང་། །རབ་བྱུང་བདག་ནི་མངོན་མི་འདོད། །ཁྱོད་ཀྱི་ཉེ་གནས་སུ་གྱུར་ནས། །ཡོ་བྱད་ཅི་ལྟར་བཞེད་ཀུན་གྱིས། །རེ་

པ་ཀ་ར་ཎཻསྟཱ་བཏ་བྷཀྵྱཱ་པ་རི་ཙ་རཱ་མྱ་ཧཾ། །ཨི་ཏྱུཀྟྭ་རཏྣ་མུ་ཀུ་ཊཾ་སྤྲྀཥྚ་སྟཏྤཱ་ད་པི་ཀ་ཛཿ། །རཱ་ཛ་པུ་ཏྲཿསྭ་བྷ་བ་ནཾ་ཡ་ཡཽ་ཛ་ཡཱ་ས་མུཏྶུ་ཀཿ། །ས་པུནྡ་རཱི་ས་མཱ་སཱ་དྱ་ད་ཡི་ཏཱཾ་ར་ཏི་པུནྡ་རིཾ། །

ཞིག་དགེ་སློང་དགེ་འདུན་ལ། །གུས་པས་བདག་ནི་རིམ་གྲོ་བགྱིའོ། །འདི་བརྗོད་རིན་ཆེན་ཅོད་པན་གྱིས། །དེ་ཡི་ཞབས་པད་ལ་རེག་ནས། །རྒྱལ་པོའི་བུ་ནི་བཙུན་མོ་ལ། །ཆགས་པས་རང་གི་ཁྱིམ་དུ་སོང་། །དེ་ནི་མཛེས་མ་ཡིད་འོང་མ། །དགའ་ཞིང་མཛེས་དང་ཡང་དག་ཕྲད། །

བི་ཛ་ཧཱ་ར་བ་རོདྻཱ་ནཾ་མུ་ཧཱུརྟྟ་བི་ར་ཧཱ་ས་ཧཿ། །ཏ་ཏཿཀ་དཱ་ཙི་ཏ་བྷ་ག་བཱན་པྲ་ཀྲྀ་ཏྱཻ་བ་གུ་ཎི་པྲི་ཡཿ། །སྭ་ཡཾ་ནནྡ་སྱ་བྷ་བ་ནཾ་བྷི་ཀྵུ་སཾ་གྷཻཿས་ཧཱ་ཡ་ཡཽ། །སཱ་ནནྡ་བ་ད་ནཿཀྲྀ་ཏྭནནྡསྟཏྤ་

ཡུད་ཙམ་འབྲལ་བར་མི་བཟོད་པས། །སྐྱེད་ཚལ་མཆོག་ཏུ་རྣམ་པར་རོལ། །དེ་ནས་ནམ་ཞིག་རང་བཞིན་གྱིས། །ཡོན་ཏན་ལྡན་དགྱེས་བཅོམ་ལྡན་འདས། །དགེ་སློང་ཚོགས་དང་བཅས་པ་དག །དགའ་བོའི་ཁྱིམ་དུ་རང་ཉིད་གཤེགས། །ཀུན་དགའི་བཞིན་ལྡན་དགའ་བོ་ཡིས། །དེ་ཡི་

เล่ม ๑๗๐ · หน้า 100b

ད་བནྡ་ནཱཾ། །ཏ་མ་ཧཱ་དྷཱ་ས་ནཱ་སི་ནཾ་པཱུ་ཛ་ཡི་ཏྭཱ་བྱ་ཛི་ཛྙ་པཏ། །ཀེ་ཥཱཾ་པུ་ཎྱ་པྲ་རོ་ཧཱ་ཎཱཾ་པ་རི་བཱ་ཀོ་ཡ་མཱི་དྲི་ཤཿ། །ཀྲྀ་ཏོ་ཡཾ་ཡད་བྷ་ག་བཏཱ་དཪྴ་ནཱ་ནུ་གྲ་ཧཿསྲ་ཡཾ། །སྥ་ར་ཎཾ་ཤྲ་བ་

ཞབས་ལ་ཕྱག་འཚལ་ཞིང་། །ཆེར་འོས་སྟན་ལ་བཞུགས་དེ་ལ། །མཆོད་པ་བྱས་ནས་རིམ་གྲོ་བསྐྱེད། །གང་ཞིག་བཅོམ་ལྡན་རང་ཉིད་ཀྱིས། །གཟིགས་པས་རྗེས་སུ་བཟུང་བྱས་པ། །འདི་འདྲ་བསོད་ནམས་མྱུ་གུ་རྣམས། །གང་ཞིག་ཡོངས་སུ་སྨིན་པའི་འབྲས། །བདག་ཉིད་ཆེན་པོ་རྣམས་

ཎཱཾ་བཱ་པི་དཪྴ་ནཾ་བཱ་མ་ཧཱཏྨ་ནཱཾ། །སེ་ཡཾ་ཀུ་ཤ་ལ་བལླཱི་ནཱཾ་མ་ཧ་ཏཱི་ཕ་ལ་སནྟིཿ། །ཨ་སྱ་མཻ་ཏྲ་སྱ་མ་ཧ་ཏསྟྭ་དཱ་ལོ་ཀཱ་སྱ་དཪྴ་ནཱཏ། །ཧྲི་ད་ཡཱཔྫ་བི་ཀ་ས་ཤྲཱིཿཀ་སྱ་ནཱ་མ་ན་ཛཱ་ཡ་ཏེ། །ད་ན་ད་པི་པྲི་ཡ་ཏ་རཾ་པུ་ཎྱཱ་དཱ་

དྲན་ནམ། །ཐེས་པ་དང་ནི་མཐོང་གྱུར་པ། །འདི་དེ་དགེ་བའི་འཁྲི་ཤིང་གི། །འབྲས་བུ་ཆེན་པོ་དག་གི་རྒྱུན། །ཁྱོད་ཀྱི་སྣང་བ་བྱམས་པ་ནི། །ཆེན་པོར་གྱུར་པ་འདི་མཐོང་ནས། །སྙིང་གི་ཆུ་སྐྱེས་རྒྱས་པའི་དཔལ། །སུ་ཞིག་གིས་ནི་མི་བསྐྱེད་འགྱུར། །བདག་ཉིད་ཆེ་རྣམས་མཐོང་བ་ནི། །སྦྱིན་པ་བས་ཀྱང་

པི་མ་ཧཱ་ཕ་ལཾ། །ས་ད་ཙཱ་ར་ད་པི་ཤླ་གྷྱཾ་མ་ཧ་ཏཱཾ་ཀི་ལ་དཪྴ་ནཱཾ། །ཨི་ཏི་ཏ་སྱ་བྲུ་བཱ་ཎ་སྱ་བྷཀྟི་པྲ་ཎ་ཡ་སེ་ཤ་ལཾ། །ཨ་བྷི་ནནྡ་པུ་རཿཔཱུ་ཛཱཾ་བྷ་ག་བཱན་གནྟུ་མུདྻ་ཡཽ། །ཨ་ནུ་བཱ་བྲ་ཛ་ཏཾ་ནནྡཿསྭཙྪ་

ཤིན་ཏུ་དཀའ། །བསོད་ནམས་པས་ཀྱང་འབྲས་བུ་ཆེ། །སྤྱོད་བཟང་པས་ཀྱང་བསྔགས་པར་འོས། །དེ་སྐད་བརྗོད་དེའི་གུས་པ་དང་། །མཛའ་ཞིང་བྱམས་པ་ཉིད་དག་དང་། །སྔོན་དུ་མཆོད་ལ་མངོན་དགྱེས་ནས། །བཅོམ་ལྡན་འདས་ནི་གཤེགས་པར་བརྩོན། །དགའ་བོ་དེ་ཡི་རྗེས་འབྲང་བ། །རང་གི་གསེར་

เล่ม ๑๗๐ · หน้า 101a

ཀ་ན་ཀ་བྷཱ་ཛ་ནེ། །བ་རོ་པ་ཙཱ་ར་མ་དཱ་ཡ་མ་དྷུ་རཾ་སྭ་མི་བ་ཤ་ཡཾ། །པཤྩེདྤྲ་ཛ་ནྟ་མཱ་ལོ་ཀྱ་བྷཀྟྱ་བྷ་ག་བ་ཏཿཔ་ཏི། །ན་རཻ་ཀྵྱ་ཏ་ཀ་ཊཱཀྵེ་ཎ་པུནྡ་རི་བི་ར་ཧཱ་ས་ཧཿ། །གུ་རཱུ་ཎཱ་མ་གྲེ་སཱ་ས་ར་

གྱི་སྣོད་དུ་ནི། །མཆོག་གི་ཉེར་སྤྱད་དངར་པོ་དག །རང་གི་བསམ་པ་བཞིན་དུ་བླངས། །བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ། །གུས་པས་བདག་པོ་བགྲོད་མཐོང་ནས། །འབྲལ་བ་མི་བཟོད་མཛེས་མ་ཡིས། །ཟུར་མིག་གིས་ནི་ངེས་པར་བལྟས། །བླ་མ་རྣམས་མདུན་མིག་གི་འགྲོས་

ལ་ཏ་ར་ལཱ་ལོ་ཙ་ན་ག་ཏིཾ་བི་ཧཱ་ཡེ་བ་ཏྱ་སྲཱཾ་ཙི་ཏ་མུ་ཀུ་ལི་ཏཱ་ཀྵཱི་པྲི་ཡ་ཏ་མཾ། །ནི་རཱི་ཀྵྱཱ་ལ་ཀྵྱཱཾ་ཡ་ཏ་ཀྵ་ཎ་མ་བ་ན་ཏཱ་བྷཱུཏྟ་ད་དྷི་ཀཾ་ན་གནྟ་བྱཾ་ནཱ་ཐེ་ཏྱ་བ་ད་དི་བ་མཽ་ནཱ་ད་བ་ཙ་ནཾ། །ནནྡཿཔྲ་ཎ་ཡིཾ་ནི་དྲྀཥྚཱ་སོཙྪཱ་སཱཾ་ཙ་

ནི་དྲང་ཞིང་རབ་ཏུ་གཡོ་བ་དག །ཡངས་པ་ཉིད་ཀྱིས་ཟུར་མིག་རབ་མཛེས་ཅུང་ཟད་བྱེ་བས་མཛེས་པའི་མཆོག །བལྟ་བྱ་བལྟས་ནས་གང་ཞིག་སྐད་ཅིག་ཏུ་གྱུར་དེ་ཕྱིར་ལྷག་པར་ནི། །འགྲོ་བར་མི་བྱ་མགོན་པོ་ཞེས་ནི་ཐུབ་པ་ཚིག་མེད་གསུངས་པ་བཞིན། །མཛའ་མོ་ཤུགས་རིངས་ལྡན་པ་ལ། །དགའ་བོ་

ལི་ཏཱ་ན་ནཱཿ། །ཨ་ཡཱ་མཱ་ལ་ཏ་ཨེ་བཱ་ཧ་མི་བི་ཙཱ་རཱ་དི་ཏྱ་བྷཱ་ཥ་ཏ། །ཏ་ཏཿསྭ་མཱ་ཤྲ་མཾ་པྲཔྟཾ་བྷ་པནྟཾ་ཀྲྀ་ཏཱཉྫ་ལིཿ། །བྲ་ཛཱ་མི་སྭ་གྲྀ་ཧནྟཱ་བ་ད་ཏྱཱ་ཧ་བི་ར་ཧཱ་ས་ཧཿ། །ཏ་ཏ་སྟ་མཱ་ས་ནཱ་སཱི་ནཿཔྲ་ཎ་ཏཾ་བྷ་ག་པཱ་ན་པུ་རཿ། །

བཞིན་ནི་ཕྱིར་ཕྱོགས་ནས། །བདག་ནི་རིང་པོར་མི་ཐོགས་པར། །འོང་བ་འདི་ཉིད་ཅེས་རབ་སྨྲས། །དེ་ནས་བཅོམ་ལྡན་རང་ཉིད་ཀྱི། །གནས་སུ་བྱོན་ལ་ཐལ་སྦྱར་ནས། །རེ་ཞིག་རང་ཁྱིམ་མཆིའོ་ཞེས། །འབྲལ་བ་བཟོད་པ་མེད་པས་སྨྲས། །དེ་ནས་ཁྲིར་བཞུགས་བཅོམ་ལྡན་གྱི། །མདུན་དུ་རབ་ཏུ་བཏུད་དེ་ལ། །

เล่ม ๑๗๐ · หน้า 101b

ཨུ་བཱ་ཙ་ས་སྨིཏ་ཀེ་ཡཾ་ག་མ་ནེ་སཾ་པྲ་ཏི་ཏྭ་ཡཱ། །བི་ཥ་ཡཱ་སྭཱ་ད་སཽ་ཧཱ་རྡ་སཾ་མོ་ཧཱ་དྷི་ཙེ་ཏ་སཾ། །ཨ་ཧོ་གྲྀ་ཧ་སུ་ཁ་སྭེ་བ་ནི་རྦེ་ད་བི་མུ་ཁཱ་མ་ཏིཿ། །གུ་ཎཱ་བྷ་ར་ཎ་མེ་བཱ་ཡུརྦི་བེ་ཀཱ་བྷ་ར་ཎ་གུ་ཎཿ། །པྲ་ཤ་མཱ་བྷ་ར་ཎ་ཤྩ་

འཛུམ་དང་བཅས་གསུངས་ད་ལྟ་ཉིད། །མྱུར་བར་འགྲོ་བ་འདི་ཅི་ཞིག །ཡུལ་གྱི་རོ་ལ་གཅགས་པ་ཡི། །ཀུན་རྨོངས་ཀྱིས་གཟིར་སེམས་ལྡན་རྣམས། །ཀྱེ་མ་ཁྱིམ་གྱི་བདེ་ཉིད་ལ། །ཡིད་འབྱུང་ལས་ནི་ཕྱིར་ཕྱོགས་བློ། །ཚེ་ཡི་རྒྱན་ནི་ཡོན་ཏན་ཏེ། །ཡོན་ཏན་རྒྱན་ནི་དབེན་པའོ། །འདི་ཡི་རྒྱན་ནི་རབ་ཞི་སྟེ། །ཞི་

སཽ་བཻ་རཱ་གྱཱ་བྷ་ར་ཎཿཤ་མཿ། །ཏཛྫ་ཌྱཾ་ཏ་ད་ས་ཧྱ་ཤ་ལྱ་ཤ་ལ་ཀཾ་ནྱསྟཾ་སུ་ཧྲྀཙྩེ་ཏ་སི་པྲཱཛྙེསྟངྒ་ཎི་ཏཾ་བི་ཙཱ་ར་ས་མ་ཡེ་བཻ་ཕ་ལྱ་མེ་བཱ་ཡུ་ཥཿ། །ཡ་དྦཻ་རཱ་གྱ་པི་བེ་ཀ་ཤུ་ནྱ་མ་ན་ས་མེ་ཏེ་ས་ཤཱུ་ནཱཾ་ཡ་ཐཱ་ཡཱནྟྱ་ཡཱནྟི་ཙ་ཙཀྲ་ནེ་མེ་ཙ་ལ་

བའི་རྒྱན་ནི་ཆགས་བྲལ་ལོ། །སྙིང་སྡུག་སེམས་ལ་བཀོད་པའི་བླུན་པོ་དེ་དང་བཟོད་དཀའི་ཟུག་རྔུའི་དུམ་བུ་སྟེ། །བློ་ལྡན་རྣམས་ཀྱིས་དེ་ནི་རྣམ་པར་དཔྱད་ཚེ་ཚེ་ནི་འབྲས་བྲལ་ཉིད་དུ་བརྩིས། །གང་ཡིད་ཕྱུགས་བཞིན་ཆགས་བྲལ་དབེན་པ་ཡིས་སྟོང་མཚན་ཉིད་མེད་པ་རྣམས་དག་གིས། །སྐད་ཅིག་འདི་དག་འོང་

ནཻརྣི་ལཀྵ་ཎ་ནཱཾ་ཀྵ་ཎཿ། །པུ་ཎྱཾ་ས་ཏྭ་བ་ཏཱཾ་ཤྲུ་ཏམྨ་ཏི་མ་ཏཱཾ་ཤི་ལཾ་ཙ་བི་དྱཱ་བ་ཏཱཾ་སརྦཾ་བྷཱ་གྱ་བ་ཏཱཾ་སུ་ཁཾ་ཤ་མ་བ་ཏཱཾ་ནཻ་བ་ཀྭ་ཙི་དུརླ་བྷི། །དུཥྤྲཱ་དྷསྟུ་ས་མཔྟ་བསྟུ་བ་ས་ཏེཿསྭལྤཾ་ཤ་ཀེ་པྱཱ་ཡུ་

དང་འགྲོ་བ་ཡང་ནི་འཁོར་ལོའི་མུ་ཁྱུད་གཡོ་བ་བཞིན། །སྙིང་སྟོབས་ལྡན་པའི་བསོད་ནམས་བློ་ལྡན་གྱིས་ཐོས་རིག་བྱེད་ལྡན་པའི་ཚུལ་ཁྲིམས་དང་། །སྐལ་ལྡན་དག་གི་ཐམས་ཅད་ཞི་ལྡན་རྣམས་ཀྱི་བདེ་བ་འགྱུར་ཡང་རྙེད་དཀའི་མིན། །མཐའ་དག་དངོས་པོའི་རྟེན་གྱུར་ཚེ་ནི་ཤིན་ཏུ་ཆུང་བའི་ཆ་ཡང་རྙེད་

เล่ม ๑๗๐ · หน้า 102a

ཥསྟདྱ་སྱ་ཀྵ་ཡ་མེ་ཏི་ནི་སྥ་ལ་ཏ་ཡཱ་ཤོ་ཙྱཱ་ཡ་ཏསྨཻ་ན་མཿ། །བཱ་མཱ་བརྟྟེ་བི་ཥ་ཡ་ཛ་ལ་དྷོ་པུརྞ་ལཱ་བ་ཎྱ་ས་རེ་དརྤྱོཏྤ་པྱདྦི་ཥ་མ་མ་ཀ་རཾ་ཀོདྦྷ་བ་ཀྵོ་བ་བྷྱ་མཱ་ནེ། །ནི་ཏྱཱ་སནྣ་པྲ་ཙ་ལ་བི་ར་ཧ་

དཀའ་སྟེ། །འབྲས་མེད་ཉིད་ཀྱིས་གང་གིས་ཟད་འགྱུར་མྱ་ངན་འོས་པ་དེ་ལ་ཕྱག་འཚལ་ལོ། །ཡུལ་གྱི་ཆུ་གཏེར་གཡོན་མའི་ཀློང་འཁྱིལ་འཇོ་སྒེག་ཆུ་ཡིས་གང་གྱུར་པ། །དྲེགས་པ་མི་བཟད་ཆུ་སྲིན་རབ་ལངས་མཚན་མ་འཁྲུགས་པ་རབ་བསྐྱེད་ཅིང་། །ལྷག་པར་འབྲལ་བའི་རྟ་གདོང་

བྲལློ་པདྦཱ་ཌ་བགྣཽ་པུཾ་སཱཾ་སེ་ཏུསྟ་ར་ཎ་ས་ར་ཎཻ་ཏཱི་བྲ་བཻ་རཱ་གྱ་མེ་བ། །ཏསྨཏ་གྲི་ཧཱ་ཎ་པྲ་བྲ་ཛྱཾ་རཱ་ཛ་པུ་ཏྲ་ཛི་ཏེནྡྲི་ཡཿ། །ཨེ་ཏཱཿསྟྲི་ཡ་ཨི་བ་ཀྵི་པྲཾ་ས་མཱ་ག་སུ་ཁཱཿཤྲི་ཡཿ། །ཀྲྀ་ཡ་ཏཱཾ་ཀུ་ཤ་ལཱ་ཡཻ་བ་བྲཧྨ་

མེ་ནི་རབ་འབར་རྟག་ཏུ་གནས་པ་ལ། །སྐྱེས་བུ་རྣམས་ནི་སྒྲོལ་ལམ་ཆགས་བྲལ་དྲག་པོ་ཁོ་ན་བསྡམས་པའི་སྟེགས། །དེ་སླད་རབ་བྱུང་གཟུང་བར་མཛོད། །རྒྱལ་པོའི་སྲས་ནི་དབང་པོ་ཐུལ། །བུད་མེད་བདེ་དང་དཔལ་འབྱོར་འདི། །མྱུར་དུ་ཡང་དག་འགྲོགས་པ་བཞིན། །དགེ་བ་ཉིད་སླད་ཚངས་པ་ཡི། །སྤྱོད་པ་

ཙཪྻ་པ་རི་གྲ་ཧཿ། །ཏྱ་ཛ་ཏཱ་མེ་ཥ་ནིཿསཱ་ར་གྲྀ་ཧ་སཾ་སཱ་ར་དུརྒྲ་ཧཿ། །ཨི་ཏི་ཤྲུ་ཏྭ་བྷ་ག་བ་ཏཿཀ་རུ་ཎཱ་བྷ་ར་ཎཾ་བ་ཙཿ། །པྲ་ཏྱ་བྷཱ་ཥ་ཏ་ཏནྣནྡཿཔཱུཛྱ་པྲ་ཎ་ཡ་ཡནྟྲི་ཏཿ། །ས་དཱ་བྷ་བ་དུ་པཱ་ཡཻ་བ་པྲ་བྲ་ཛྱ་བྷ་ག་

ཡོངས་སུ་བཟུང་བར་མཛོད། །འཁོར་བ་སྙིང་པོ་མེད་པའི་ཁྱིམ། །གདོན་ངན་འདི་ནི་གཏང་བར་མཛོད། །བཅོམ་ལྡན་གསུང་ནི་སྙིང་རྗེ་ཡིས། །བརྒྱན་པ་འདི་སྐད་ཐོས་གྱུར་ནས། །དོན་གཉེར་མཆོད་འོས་ཀྱིས་གདམས་པའི། །དགའ་བོས་དེ་ལ་ལན་གསོལ་པ། །རྟག་ཏུ་ཁྱོད་ཉིད་བསྙེན་པ་ཉིད། །བཅོམ་ལྡན་བདག་

เล่ม ๑๗๐ · หน้า 102b

བཱནྨ་མ། །བྷི་ཀྵུ་སཾ་གྷཽ་པ་ཀཱ་རཱརྷེ་གྲྀ་ཧ་ཨེ་བཱ་ད་ར་པ་རཾ། །ཨི་ཏྱུ་ཀྟྭཱ་བྷ་ག་བ་བཱཀྱ་མ་ཏི་ཀྲཱནྟུ་མ་ནཱི་ཤྭ་རཿ། །ཀྲི་ཥྱ་མཱ་ཎཿཔྲི་ཡཱ་པྲེསླ་སོ་བྷཱུདྡོ་ལཱ་ཀུ་ལཱ་ཤ་ཡཿ། །པུ་ནཿཔུ་ནཤྩ་ཀཱ་རཱ་སྱ་བྷ་ག་བཱན་བྲ་ཏ་དེ་ཤ་

གི་རབ་བྱུང་ཡིན། །དགེ་སློང་དགེ་འདུན་རིམ་གྲོར་ནི། །འོས་པའི་ཁྱིམ་ལ་མཆོག་ཏུ་གུས། །དེ་སྐད་སྨྲས་ནས་བཅོམ་ལྡན་གསུང་། །བསྒོམ་བྱའི་དབང་ཕྱུག་མིན་པ་དང་། །དགའ་མ་ལ་དགས་དྲངས་པས་འདིའི། །བསམ་པ་ཁྱོགས་ལ་ཕྱང་མོ་ཡུག །ཡང་དང་ཡང་དུ་བཅོམ་ལྡན་གྱིས། །འདི་ལ་བརྟུལ་ཞུགས་ཉེར་

ནཱཾ། །ཨུ་པ་ཀཱ་རོདྻ་ཏཱཿསཾ་ཏཤྩིནྟ་ཡནྟཾ་ན་ཡོ་གྱ་ཏཱཾ། །ཡ་དཱ་ནེཙྪ་ཏི་ནནྡསྟཱཾ་པྲ་བྲཥྐཱ་མ་ཛེ་ཏིནྡྲི་ཡཿ། །ཏ་དཱ་སྱ་བྷ་ག་བདྦཱ་ཀྱ་ས་པ་ཏཏ་བ་པུ་ཥི་སྭ་ཡཾ། །མུཎྜཿཀཱ་ཥཱ་ཡ་པརྞྞ་ནཿཔཱ་ཏྲ་བཱ་ཎཿཏ་ཏ་ཀྵ་ཎ། །བ་བྷཽ་ཙ་མཱི་ཀ་ར་རུ་ཙིརྨ་ཧཱ་

བསྟན་མཛད། །ཕན་པར་བརྩོན་པའི་དམ་པ་རྣམས། །མི་འོས་པ་ཉིད་མི་བསམ་མོ། །དབང་པོ་མ་ཐུལ་དགའ་བོ་ནི། །གང་ཚེ་རབ་བྱུང་མི་འདོད་པ། །དེ་ཚེ་དེ་ཡིས་ལུས་ལ་དེ། །བཅོམ་ལྡན་གསུང་གིས་རང་ཉིད་ལྷུང་། །དེར་ནི་དེ་ཚེ་ངུར་སྨྲིག་གོས། །མགོ་ཟླུམ་ལག་ན་ལྷུང་བཟེད་ཅན། །སྐྱེས་བུ་ཆེན་པོའི་མཚན་རྣམས་

པུ་རུ་ཥ་ལཀྵ་ཎཻཿ། །ས་ཤ་ས་ནཱཛྫི་ན་སྱཱ་བྷཱུ་དཱ་ར་ཎྱ་བིཎྜཿཔཱ་ཏི་ཀཿ། །ཨ་གཱ་རཱ་ད་ནཱ་གཱརྱ་ཏཱཾ་པྲ་ཡཱ་ཏཿཔཱཾ་ཤུ་ཀཱུ་ལི་ཀཿ། །པྲི་ཡཱ་མུ་བཱ་ཧ་ས་ཏ་ཏཾ་ཤྱཱ་མཾ་པྲ་བྲ་ཛི་ཏོ་པི་ས། །ཤ་ཤཱ་ཀ་ཨི་བ་སཾ་བཀྟཾ་ཧྲྀ་ད་ཡེ་ལཱཉྪ་

ཀྱིས། །གསེར་གྱི་འོད་ཟེར་ལྟ་བུར་མཛེས། །དགོན་པ་པ་དང་བསོད་སྙོམས་པར། །རྒྱལ་བའི་བཀའ་ཡིས་དེར་གྱུར་ཏོ། །ཁྱིམ་ལས་ཁྱིམ་ནི་མེད་ཉིད་དང་། །ཕྱག་དར་ཁྲོད་པ་ཉིད་དུ་གྱུར། །དེ་ནི་རབ་ཏུ་བྱུང་གྱུར་ཀྱང་། །སྙིང་ལ་ཡང་དག་གཅགས་པ་ཡིས། །སྔོ་བསངས་དགའ་མ་རྟག་ཏུ་འཛིན། །ཟླ་བའི་མཚན་མ་

เล่ม ๑๗๐ · หน้า 103a

ནཙྪ་བིཾ། །མ་ན་སཿསྥ་ཌི་ཀ་སྱཻ་བ་ན་བིདྨཿཀེ་ན་བརྟྨ་ནཱ། །རཱ་གཿཀོ་པི་བི་ཤ་ཏྱནྟརྣཱ་པེ་ཏེ་ཀྵ་ལི་ཏོ་པི་ཡཿ། །བི་ར་ཧ་པཱཎྜུ་ར་རུ་ཙིཿསཾ་སཀྟཱ་རུ་ཎ་ཙཱི་བ་རཿ། །ས་སནྡྱ་བྷྲ་ད་ལཾ་ཀ་སྱ་ཛ་ཧཱ་ར་ཤ་

མཛེས་པ་བཞིན། །གང་ཡང་སེམས་ཀྱི་ཆགས་པ་དག །བཀྲུས་ཀྱང་འདག་པ་མིན་པ་གང་། །ལམ་ནི་གང་ནས་ལམ་དུ་ཞུགས། །ཤེལ་གྱི་བཞིན་དུ་མི་ཤེས་སོ། །བྲལ་བས་སྐྱ་བོར་གྱུར་པའི་འོད། །ཆོས་གོས་དམར་པོ་ཡང་དག་ཆགས། །དེ་ནི་ཐུན་མཚམས་སྤྲིན་དུམ་གྱིས། །མཚན་པའི་

ཤི་ནིཿཤྲི་ཡཾ། །བི་ཙ་རན་བི་ཧ་རན་ཀྵ་མཿས་བི་སྨྲི་ཏ་དྷྲི་ཏིརྦ་ནེ། །ཛནྨ་བི་དྱ་མ་ནཾ་ག་སྱ་ན་བི་ས་སྨཱ་ར་སུནྡ་རཱི། །སཾ་པཱུརྞ་ཙནྡྲ་བ་ད་ནཱ་བ་ད་ན་དྷྱཱ་ན་ནིཤྩ་ལཿ། །ཨ་ཙིནྟ་དྷཙྩི་རཾ་ཏཏྟ་དུ་པ་བི་ཤྱ་ཤི་ལཱ་ཏ་ལེ། །

ཟླ་བའི་དཔལ་འཕྲོག་གྱུར། །ནགས་ན་རྒྱུ་ཞིང་རོལ་བྱེད་ལ། །རིད་ཅིང་འཛིན་པ་བརྗེད་པ་དེ། །ལུས་མེད་སྐྱེ་བའི་རིག་བྱེད་ཀྱིས། །མཛེས་མ་དག་ནི་བརྗེད་མ་གྱུར། །རྡོ་བའི་གཞི་ལ་བསྡད་ནས་ནི། །ཡོངས་རྫོགས་ཟླ་བའི་བཞིན་རས་ཀྱི། །བཞིན་ལ་བསམ་གཏན་གཡོ་མེད་ཀྱི། །ཡུན་རིང་དག་ཏུ་དེ་དེ་བསམས། །

ཨ་ཧེ་བྷ་ག་བཱ་ཏཱ་པྲེ་ཥ་ཀྲྀ་ཏོ་ཡཏྣ་ད་ནུ་གྲ་ཧཿ། །ནཱ་ཡཱ་ཏི་མ་མ་བཻ་མྱ་ལྱཾ་རཱ་གཱ་དྷིཥྛི་ཏ་ཙེ་ཏ་སཿ། །ཤྲུ་ཏཾ་སཾ་སཱ་ར་ཙ་རི་ཏཾ་ནིཿསཾ་ག་བྲ་ཏ་མཱ་ཤྲི་ཏཾ། །ཏ་ཐཱ་པི་མྲྀ་ག་ཤ་བཱ་ཀྵཱིནྣ་བིསྨ་ར་ཏི་མེ་མ་

ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི། །འབད་པས་རྗེས་བཟུང་འདི་དག་ཀྱང་། །ཆགས་པས་བྱིན་བརླབས་བདག་གི་སེམས། །དྲི་མ་དང་བྲལ་ཉིད་མི་འགྱུར། །འཁོར་བའི་སྤྱོད་ཚུལ་ཐོས་གྱུར་ཅིང་། །གྲོགས་མེད་བརྟུལ་ཞུགས་བསྟེན་མོད་ཀྱང་། །རི་དགས་གཞོན་ནུའི་མིག་ཅན་མ། །བདག་གི་ཡིད་ལ་བརྗེད་པ་

เล่ม ๑๗๐ · หน้า 103b

ནཿ། །ཀཱནྟྭ་ཀུཾ་ཀུ་མ་ལགྣ་རཱ་ག་སུ་བྷ་གེ་གཱ་ཏྲེ་ཀྲི་ཏཾ་ཙཱི་བ་རཾ་ཏཏྶི་ན་སྟ་ན་མཎྜ་ལ་པྲ་ཎ་ཡི་ནཱ་པཱ་ཏྲཾ་དྷྲྀ་ཏམྤཱ་ཎི་ནཱ། །རཱ་ག་ཡཾ་མ་མ་བརྷ་ཏེ་སྱ་ཡ་དི་བཱ་ནྱཱ་སྱེ་བ་བྲིདྡྷིཿཔ་རཾ་ཡདྦོ་དྷི་བྱ་བ་དྷཱ་ན་བྷཱུ་ཏ་མ་ནི་

མེད། །(མཛས་‚མཛེས་)མའི་གུར་གུམ་གྱིས་རེག་ཆགས་པའི་སྐལ་བཟང་ལུས་ལ་སྣམ་སྦྱར་ལེགས་པར་བགོས། །དེ་ཡི་ནུ་རྒྱས་དཀྱིལ་འཁོར་རབ་ཏུ་ཉེད་པའི་ལག་པས་ལྷུང་བཟེད་ལེགས་པར་བཟུང་། །གང་ཞིག་བྱང་ཆུབ་གེགས་སུ་གྱུར་པ་དེ་ལ་དམིགས་པའི་ཉིན་མཚན་བསམ་གཏན་ཅན། །བདག་གི་ཆགས་པ་དག་ནི་

ཤཾ་དྷྱཱ་ནཾ་ཏ་ད་ལཾ་བ་ནཾ། །ཀྵ་ཎེ་ན་མཱཾ་པྲཱཔྟ་མ་བེ་ཧི་མུགྡྷྭེ་ཏཱ་མེ་བ་མུཀྟྭ་ག་མ་ནེ་པུ་རསྟཱ་ཏ། །ཨ་ཧོ་མ་ཡཱ་དཪྴ་ན་བིགྷྣི་བྷཱུ་ཏཾ་པཤྩཱཏ་ཀྲྀ་ཏགྷྣ་བྲ་ཏ་མེ་ཏ་དཱཏྟཾ། །ནོ་གནྟ་བྱ་མི་ཏི་པྲ་ཀམྤ་ཏ་ར་ལཱ་བཱཀྱ་ཡ་དུ་ཙེ་ན་ས་

གལ་ཏེ་འཕེལ་ན་མཆོག་ཏུ་རིགས་པ་ཉིད་དུ་འཕེལ། །མཛེས་མ་སྐད་ཅིག་གིས་ནི་བདག་འོང་ཞེས། །སྔོན་ནི་དེ་ལ་དེ་ལྟར་འོང་བར་བརྗོད། །ཀྱེ་མ་ཕྲད་པའི་བགེགས་གྱུར་བརྟུལ་ཞུགས་འདི། །བྱས་པ་མི་གཟོ་བདག་གིས་ཕྱི་ནས་བླངས། །གང་དེའི་རབ་ཏུ་འདར་ཞིང་གཡོ་བའི་ཚིག་གིས་འགྲོ་བར་མི་བྱ་ཞེས་སྨྲས་ཤིང་། །བླ་

སཾ་ཏྱ་ཛྱ་བྱ་ཛ་ནཾ་སྠི་ཏེ་གུ་རུ་ཛ་ནེ་ཛ་གྲཱ་ཧ་པཎྤཱཾ་ཙ་ལཾ། །ཡཏྤ་དེ་ན་ལི་ཁནྣ་པི་ཀྵི་ཏེ་ཏ་ལཾ་མཱ་མཻཀྵ་ཏཱ་ལ་ཀྵི་ཏཱ་ཏེ་ནཱ་ཏྱཾ་ནི་ཥེ་དྷ་མུགྡྷ་བི་དྷི་ན་བརྡྷཱནྟ་ཡཱ་མེ་མ་ནཿ། །མདྦི་ཡུཀྟཱ་ན་སཱ་ནུ་ནཾ་ཤེ་ཏེ་ཤོ་ཀ་པྲ་ལཱ་པི་ནཱི། །

མའི་སྐྱེ་བོ་གནས་ཚེ་གང་ཞིག་རླུང་ཡབ་དོར་ཏེ་ཐུ་བ་ནས་ཀྱང་བཟུང་། །གང་ཞིག་རྐང་པས་ས་ལ་འདྲི་ཞིང་མཐོང་བ་མིན་ཡང་བདག་ལ་ཟུར་མིག་མཚོན། །དགག་པ་མཆོག་ཏུ་མཛེས་པའི་རིམ་པ་དེ་ཡིས་བདག་གི་ཡིད་ནི་དེ་ཡིས་བསྡམས། །བདག་བྲལ་རི་དགས་མིག་ཅན་དེ། །འཇུག་ངོགས་ངུར་པ་མོ་བཞིན་དུ། །

เล่ม ๑๗๐ · หน้า 104a

སུ་ལི་ནེ་ཙཀྲ་བཱ་ཀཱི་བ་ཧརྨྱེ་ཧ་རི་ཎ་ལོ་ཙ་ན། །ཧཱ་པྲི་ཡེ་ཏྱཀྟ་ས་ཏྱེ་ན་ཀི་ཏ་བེ་ནེ་བ་ཀེ་བ་ལཾ། །ཤྲི་ཏཾ་ཏྭཙྩིཏྟ་ཙཽ་རེ་ཎ་བི་ཐྱཱ་བྲ་ཏ་མི་དམྨ་ཡཱ། །ཏཀྟྭ་བྲ་ཏ་མི་དནྟཱ་བཏ་གཙྪཱ་མི་དཱ་ཡི་ཏཱཾ་ཀཾ །ཨ་ནུ་རཱ་གཱགྣི་ཏབྟཱ་ནཾ་ཏ་

བ་གམ་ཅན་ན་མྱ་ངན་དག །སྒྲོག་ཅིང་མི་ཉལ་ཡོད་དམ་སྙམ། །ཀྱི་ཧུད་དགའ་མ་གཡོ་ཅན་གྱིས། །འབའ་ཞིག་པ་བཞིན་བདེན་པ་བཏང་། །ཁྱོད་ཀྱི་སེམས་ཀྱི་ཆོམ་རྐུན་ངས། །རྫུན་གྱི་བརྟུལ་ཞུགས་འདི་ལ་བརྟེན། །རེ་ཞིག་བརྟུལ་ཞུགས་འདི་བཏང་ནས། །མཛེས་མའི་གན་དུ་འགྲོ་བར་བྱ། །གང་ཕྱིར་ཆགས་པའི་མེས་གདུངས་

པསྟཱ་པོ་ཧི་དུཿས་ཧཿ། །རཱ་ཛ་པུ་ཏྲཱི་ཙི་རཱ་ཡཱ་ཏཾ་ནྲྀ་ཤཾ་ས་མ་བ་ལོཀྱ་མཾ། །མནྻུ་ནཱ་ན་བ་ལགྣེ་ན་ན་ཛཱ་ནེ་ཀིཾ་ཀ་རི་ཥྱ་ཏེ། །ན་སརྦ་ཏྲ་བི་ཀཱ་རཱ་ཡ་ནི་ཀཱ་རཿཔྲེ་མ་དུཿས་ཧཿ། །དུརྣི་པཱ་རོ་བྷ་བ་ཏྱེ་བ་སྣེ་ཧ་ལི་ནོ་ར་ཛཿ

པའི། །དཀའ་ཐུབ་གདུང་བ་བཟོད་པར་དཀའ། །སྡིག་ཅན་ཡུན་རིང་ནས་འོངས་པ། །བདག་མཐོང་རྒྱལ་པོའི་བུ་མོ་དེ། །གསར་དུ་སྐྱེས་པའི་ཁྲོ་བ་ཡིས། །ཅི་བྱེད་པར་འགྱུར་ཡོངས་མི་ཤེས། །མཛའ་ལ་ཆགས་པའི་རྡུལ་གྱི་ཆ། །གནོད་ཅིང་དགའ་མེད་བཟོད་དཀའ་བ། །ངེས་པར་ཟློག་པ་དཀའ་བ་ཉིད། །ཀུན་ཏུ་རྣམ་འགྱུར་

ཀ་ནཿ། །ཡསྨིན་ཀྵ་ཎེ་བྷ་ག་བ་ཏཱ་པ་ཤྱ་མི་ར་ཧི་ཏཾ་བ་ནཾ། །མ་ཡཱ་ཏ་དེ་བ་གནྟ་བྱ་གྲྀ་ཧ་མ་ཏྱེ་ཥ་ནིཤྩ་ཡཿ། །ཨསྨིནྣེ་བ་ཤི་ལཱ་པཊྚེ་རུ་ཙི་རཻརྒི་རི་དྷཱ་ཏུ་བྷིཿ། །ལི་ཁ་མི་ཏཱཾ་ཤ་ཤི་མུ་ཁཱི་སཾ་པྲ་ཏྱཱ་ལམྦ་ནཾ་དྷྲི་ཏེཿ། །ཨ་ཐ་བཱ་ཀ་ཐ་

ཉིད་ཀྱིས་བསླད། །གང་གི་དུས་ན་བཅོམ་ལྡན་གྱིས། །ནགས་འདི་བཏང་བར་མཐོང་གྱུར་པ། །དེ་ཚེ་ཁོ་ན་བདག་ཁྱིམ་དུ། །འགྲོ་བར་བྱ་ཞེས་འདི་ངེས་སོ། །ད་ནི་དགའ་བའི་དམིགས་རྟེན་དུ། །རྡོ་ཡི་གླེགས་བུ་འདི་ཉིད་ལ། །རི་ཡི་ཁམས་ནི་ཡིད་འོང་གི། །ཟླ་བཞིན་མ་དེ་བདག་གིས་བྲིས། །ཡང་ན་གང་གིས་མཛེས་

เล่ม ๑๗๐ · หน้า 104b

མཱ་ལེ་ཁྱ་བི་ཥ་ཡཾ་ཡཱ་ཏི་སཱ་པྲི་ཡཱ། །སོནྡཪྻྻ་བིནྡ་བོ་ཡ་སྱཱཿསུ་དྷཱ་ཀུ་བ་ལེནྡ་བཿ། །དྲྀཥྚི་རྨུདྡྷ་ཀུ་རཾ་གཱི་ཙ་ལ་ད་ལི་བྱཔྟོཏྤེ་ལཱ་བརྟི་ནི་ལཱ་བ་ཎྱོ་ད་དྷི་ཀུ་ལ་བི་དྲུ་མ་བ་ནཾ་བིམྦཱ་དྷ་རོ་གྲ་ཏྭེ་ཥཿ། །ནིརྡོ་ཥཱ་མྲྀ་ཏ་རསྨི་སཱ་རྠ་ཤ་ར་

སྡུག་ཐིགས། །བདུད་རྩིའི་ཨུཏྤལ་ཟླ་བ་འདྲ། །མཛེས་མ་དེ་ནི་རི་མོ་ཡི། །ཡུལ་དུ་ཇི་ལྟར་འགྲོ་བར་འགྱུར། །ཡིད་འཕྲོག་རི་དྭགས་མིག་ནི་བུང་བ་གཡོ་བས་ཁྱབ་པའི་ཨུཏྤལ་འཁྱིལ་བ་བཞིན། །འཇོ་སྒེག་ཆུ་གཏེར་འགྲམ་དུ་བྱུ་རུའི་ནགས་ལྟར་མཆུ་ནི་བིམ་པའི་འོད་རབ་གསལ། །གང་ཡང་ཁ་ཡི་འོད་དེ་སྐྱོན་མེད་བདུད་རྩིའི་

ཎིཿསཱ་ཀཱ་པི་བཀྟྲདྻུ་ཏིཿཔུནྡཪྻ་ཀ་ཐ་མེ་ཏི་ཙི་ཏྲ་པཱ་ད་བཱི་མཤྩཪྱ་པཱ་རཾ་བ་པུཿ། །ཨི་ཏེ་ས་ཙིནྟྱ་པ་ཤ་ནཻ་ར་ལི་ལེ་ཁ་ཤི་ལཱ་ཏ་ལེ། །པུནྡ་རཱི་མ་ཀ་ཐ་མ་སྱ་ཤྲུ་སྣཱ་ཏ་ཀཾ་པཱཾ་ཀུ་ལཱཾ་གུ་ལིཿ། །ས་སཾ་ཀལྤ་ས་མུད་གཱིརྞྞཾ་པྲ་ཏི་བིམྦ་

ཟེར་གྱི་དོན་མཐུན་དག་གི་ལམ། །མཛེས་མ་ལུས་ནི་ངོ་མཚར་སྙིང་པོ་རི་མོའི་ལམ་དུ་ཇི་ལྟར་འགྲོ་བར་འགྱུར། །འདི་བསམས་དེ་ཡིས་རྡོ་གཞི་ལ། །མཆི་མས་བཀྲུས་ཤིང་འདར་བ་ཡིས། །འཁྲུགས་པའི་སོར་མོས་ཇི་ལྟར་ཡང་། །མཛེས་མ་དག་ནི་དལ་བུས་བྲིས། །དེ་ཡིས་རྟོག་པས་གསལ་བྱས་པའི། །གཟུགས་

མི་བཱ་ཤྲི་ཏཱཾ། །ཀྲྀ་ཏྭ་པུ་རཿཔྲི་ཡ་ཏ་མཱ་མ་ཙཱ་དརྦཱཥྤ་གངྒ་དཿ། །པྲི་ཡཱ་མཱ་ལི་ཁྱ་ཧཾ་ནི་ཁི་ལ་སུ་ཁ་པྲྀཥྚི་ན་ཡ་ན་ཡོརྣ་པ་ཤྱ་མྱུདྦཱཥྤཿཀྵ་ཎ་མ་པི་ཤ་རཙྩནྡྲ་བ་ད་ནཱཾ། །ཨ་ཡཾ་ནྟུ་ནཾ་ཏ་ནྭཱི་བི་ར་ཧ་ན་པེ་ཀྵུ་བྲ་ཏ་

བརྙན་ལྟ་བུ་ལ་བརྟེན་པར། །སྔོན་དུ་བྱས་ནས་མཛེས་མ་ལ། །མཆི་མས་འཛེར་འཛེར་སྐད་དུ་སྨྲས། །མིག་གཉིས་མ་ལུས་བདེ་བའི་ཆར་རྒྱུན་སྟོན་ཀའི་ཟླ་བའི་བཞིན་རས་ཅན། །མཛེས་མ་བདག་གིས་བྲིས་ཏེ་མིག་ཆུས་རྒྱས་པས་སྐད་ཅིག་ཀྱང་མ་མཐོང་། །གཟུགས་ཅན་མ་དང་བྲལ་ལ་ལྟོས་མེད་བརྟུལ་ཞུགས་ལྡན་པ་

เล่ม ๑๗๐ · หน้า 105a

བ་ཏཿསྥུ་རནྟ་བཿཤ་པཿཀི་མ་པི་མ་མ་པཱ་བཱ་དུཿཔ་ན་ཏཿ། །ཕུལླཱཾ་བྷོ་ཛ་བ་ན་ཏྭི་ཥཱ་སྤྲྀ་ཧ་དྭ་ཤཱ་སཀྟཱ་སུ་ཏཱ་ཡཾ་བ་པུསྟཱཏྐ་ལོ་པ་ག་ཏཱནྟ་རཱ་ཡ་ཛ་ནི་ཏཿཀོ་པཿས་མུཏྤྲྀ་ཛྱ་ཏཱཾ། །ཧཾ་ཧོ་པུནྡ་རི་དེ་ཧི་མེ་པྲ་ཏི་བ་ཙ་ཏ་ཀིཾ་མཽ་

བདག་ལ་ནི། །སྡིག་ལས་ཅི་ཡང་གདུང་བ་རབ་བསྐྱད་དམོད་པ་ཟུག་པ་མ་ཡིན་ནམ། །རྒྱས་པའི་ཆུ་སྐྱེས་ནགས་ཀྱི་འོད་འདྲ་དགའ་བའི་མིག་གིས་རྗེས་སུ་ཆགས་པའི་ལུས། །དེ་ཡི་དུས་ན་ཉེ་བར་གྱུར་པའི་བར་ཆད་ཀྱིས་བསྐྲུན་ཁྲོ་བ་ཡང་དག་ཐོང་། །ཀྭ་ཡེ་མཛེས་མ་བདག་ལ་ཚིག་ལན་བྱིན་ཅིག་མི་སྨྲ་བར་

ན་མཱ་ལནྤ་སེ་ས་ཏྱཾ་ཏྭནྨ་ཡ་རཱ་ག་ཙཱི་བ་ར་མི་བཾ་ཙིནྟ་བྲ་ཏཾ་མེ་བྲ་ཏཾ། །ཨི་ཏི་བྲུ་བ་ཎཾ་ཏཾ་དྲྀཥྚྭཱ་དཱུ་རཱ་དཱ་ལི་ཁི་ཏཾ་མ་ནཾ། །པཱ་སཱུ་ཡཱ་བྷི་ཀྵཱ་བོ་བྷྱེ་ཏྱ་བྷ་ག་བན་ཏཾ་བ་བྷཱ་ཥི་ཏེ། །བྷ་ག་བན་དུརྦི་ནཱི་ཏ་སྱ་བཱདྶ་ལྱཱ་དེ་བ་

ནི་ཅི་ལ་འདུག །བདེན་པར་བདག་ཀྱང་ཁྱོད་ལ་ཆགས་པའི་ཆོས་གོས་འདི་བསམ་བརྟུལ་ཞུགས་བརྟུལ་ཞུགས་སོ། །དེ་སྐད་སྨྲ་ཞིང་བུད་མེད་དག །བྲིས་པ་རིང་ནས་མཐོང་གྱུར་ནས། །ཁྲོ་ལྡན་དགེ་སློང་རྣམས་ཀྱིས་ནི། །བཅོམ་ལྡན་འདས་ལ་མངོན་ཕྱོགས་སྨྲས། །བཅོམ་ལྡན་ཁྱེད་ཀྱིས་མ་དུལ་ལ། །མཉེས་གཤིན་

ཀེ་བ་ལཾ། །ཤུ་ནཿཀུ་སུ་མ་མཱ་ལེ་བ་པྲ་བྲ་ཛྱེ་ཡཾ་ཏྭ་ཡརྦི་ཏཱ། །ཨཱ་ལེ་ཁྱ་པུནྡ་རཱི་མ་ཁ་ནནྡ་སྭཻ་རཾ་ཤི་ལཱ་ཏ་ལེ། །ཏཏྤྲ་ལཱ་བ་ཛ་བཱ་སཀྟྱ་དྷྱཱ་ནཱ་ལམྦ་ན་ཏཱཾ་ག་ཏཿ། །ཨེ་ཏ་དཱ་ཀརྞྱ་བྷ་ག་བཱནྣནྡ་མཱ་ཧཱཡྻ་ཀཱ་ན་ནཱཏ།

འབའ་ཞིག་པ་ཉིད་ལས། །རབ་ཏུ་བྱུང་བ་འདི་བྱིན་ཏེ། །ཁྱི་ལ་མེ་ཏོག་འཕྲེང་བ་བཞིན། །མཛེས་མ་བྲིས་ནས་དགའ་བོ་ནི། །རྡོ་བའི་གཞི་ལ་དལ་བུ་ཡིས། །དེ་བརྗོད་བཟླས་པ་ལ་ཆགས་ཤིང་། །བསམ་གཏན་ལ་ནི་དམིགས་པར་འགྱུར། །དེ་དག་ཐོས་ནས་བཅོམ་ལྡན་གྱིས། །དགའ་མ་བྲལ་བའི་རྨོངས་གྱུར་པའི། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด